| Wylie | e-texts produced with BDRC’s OCR application |
བའི་ཕྱིར་ཡོངས་སུ་རྒྱས་པར་སྟོན་ཅིག་དང་། བསོད་ནམས་ཚད་མེད་པ་ཐོབ་པར་འགྱུར་རོ།། ཡི་དགས་ཁ་ནས་མེད་འབར་བ་ལ་སྐྱབས་མཛད་པའི་གཟུངས་རྫོགས་སྷོ།། བོད་སྐད་དུ། འཇུར་འགེགས་ཞེས་བྱ ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། སར་སྣ་ལས་ཆེར་ལྷག་པ། གཞན་གྱི་ལ་འཇུར་འགེགས་བྱས་པའི་ཉེས་པའི་འབྲས་བུ་འདི་ལྟ་སྟེ། འཕགས་པ་ཤཱ་རིའི་བུ་དང་། འཕགས་པ་མོད ་གལ་གྱི་བུ་གཉིས་པས་མཐའ་ཅིག་ན། སོ་སོར་རྟོག་པའི་ཤེས་རབ་ཡིད་ལ་བྱེད་ཅིང་ཡོད་པ་ལས། ཉི་མའི་གུང་ལ་གཉིས་པོས་ཁམས་སད་དུ་མཆིས་པའི་ས་ན་ཡི་དགས་མོ་ལུས་སྡེ་ལ་སྐམ་པ། ཁོག་ཁོག་ཟེར་བ། སྐྲ་འཛིངས་པ། མིག ་དམར་ལ་མི་གཡོན་དུ་ཡོ་བ་མ་མཆུ་རིང་ལ་གཡས་སུ་ཡོ་བ། སྐེ་དང་། རྐང་ལག་ཤིན་དུ་ཕྲལ་རིང་བ། ལག་པ་ཁུ་ཚུར་བསྡམས་པའི་སེན་མོས་ཐ་ཀར་ཐུག་ནས་སེན་མོ་སྔོ་ཟད་དེ་ཡོད་པ།། ཁ་ནས་སྒྲ་རྣམ་པ་ལྔ་སྒྲོགས་པ་ནི་འདི་ལྟ་སྟེ། ་དགོས་ན་ཞེས་བྱ་བ་དང་། མེད་ན་ཞེས་བྱ་བ་དང་། མ་སྦྱིན་ཅིག་ཞེས་བྱ་བ་དང་། སྟེར་ན་ཡང་ཆེ་ཆེས་པར་འོང་ངོ་ཞེས་བྱ་བ་དང་། དེ་ཙམ་ཆེས་ཀྱིས་ཕྲི་ལ་བྱིན་ཞེས་བྱ་བ་དང་། ལྔ་བརྗོད་པ། སྤྱི་ཟིང་བྱེད་པ་ཅིག་དང་ཕྲད་པ་ལས། དེར ་གང་ཟག་གཉིས་པོ་དེས་བསམས་པ། དགོན་པ་བས་གྲོང་ཡུལ་ཐག་ཉེལ་ཟས་མོད་པས་གྲོང་ཁྱེར་དུ་ཕྱིན་ཏེ་བསླངས་པས་དཀར་གསུམ་དང་། མངར་གསུམ་དང་། འབྲས་དང་། ནས་ཀྱི་ཟན་ལ་སོགས་པ་བཟའ་བ་དང་། བཏུང་བ ་མང་དུ་རྙེད་ནས་ཡི་དགས་ཀྱི་དྲུང་དུ་ཁྱེར་ཏེ། ཕྱིན་ནས་བཏབས་པས་མི་ལེན་པར་གོང་གི་སྒྲ་རྣམ་པ་ལྔ་སྒྲོགས་ཤིང་བྲོས་སོ།། དེར་གང་ཟག་གཉིས་པོ་དེས་ཤིན་དུ་མ་དགའ་ནས་ཡི་དགས་མོ་དེའི་སེམས་སུ་སོང་ནས ་གཞན་ཡིད་ལམ་དྲན་ཏེ། བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པ་ཅན་དུ་དེ་མ་ཐག་བྱིན་ཏེ། ཞབས་ལ་ཕྱག་བཙལ་བས་འཁོངས་ནས་ཐང་ཆད་དེ་དྲི་བ་མ་སྤོབས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ ་ཁྱེད་ཅི་ཉེས། དྲི་བ་ཡོད་ན་དབུགས་བྱུང་ལ་དྲིས་ཤིག་ཅེས་གསུངས་སོ།། བཅོམ་ལྡན་འདས་ལགས་བདག་ཅག་ནི་ཤིན་དུ་མ་དགའ་སྟེ། ཉིད་ལ་ཁོད་ཡུས་ཆེ་ནས་འཁྱམས་པ་ལགས་སོ།། བཀའ་སྩལ་པ། ཙི་ལས་གྱུར། སྨྲས་པ། ་ར་། ཤཤིཞིསནི་པས་མཐའ་ཞིག་ན། བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པ་སོ་སོར་རྟོག་པ་ཡིད་ལ་བྱེད་པ་ལས་རྒྱང་རིང་པོར་འཆག་ཏུ་ཕྱིན་པ་ལས་ཡི་དགས་མོ་ལུས་པོ་སྔོ་ལ་སྐམ་པ། ཁོག་ཁོག་ཟེར་བ། སྒྲ་འཛིངས་པ། ་མིག་དམར་ལ་གཡོན་དུ་ཡོ་བ། མ་མཆུ་རིང་ལ་གཡས་སུ་ཡོ་བ། སྐེ་དང་རྐང་ལག་ཤིན་དུ་ཕྲ་ལ་རིང་བ། ལག་པས་ཁུ་ཚུར་བསྡམས་པའི་སེ་ན་མོས་ཐད་ཀར་ཐུག་ནས་སྔོ་ཟད་དེ་བ། ཁ་ན་ས་སྒྲ་རྣམ་པ་ལྔ་སྒྲོགས་པ་འདི ་ལྟ་སྟེ། དགོས་ན་ཞེས་བྱ་བ་དང་། མེད་ན་ཞེས་བྱ་བ་དང་། མ་བྱིན་ཅིག་ཅེས་བྱ་བ་དང་། སྟེར་ན་ཡང་མཆེ་ཆེས་པར་འོང་ངོ་ཞེས་བྱ་བ་དང་། དེ་ཙམ་ཆེས་ཀྱིས་ཕྲི་ལ་བྱིན་ཅེས་བྱ་བ་དང་ལྔ་བརྗོད་པ། སྤྱི་ཟིང་བྱེད་པ་ཅིག་དང ་ཕྲད་ནས། བདག་ཅག་གཉིས་ཀྱིས་བསམས་པས་དགོན་པ་བས་གྲོང་ཡུལ་ཐག་ཉེ་ལ་ཟས་མོད་པས་གྲོང་ཁྱེར་དུ་བྱིན་ཏེ་བསླངས་པས་དཀར་གསུམ་དང་། མངར་གསུམ་དང་། འབྲས་དང་། ནས་ཀྱི་ཟན་ལ་སྩོགས་པ་བཟའ་བ་དང ་བཏུང་བ་མང་དུ་རྙེད་ནས་ཡི་དགས་མོ་དེའི་དྲུང་དུ་ཁྱེར་ནས་བསྟབས་པས། ཁ་ནས་གོང་གི་སྒྲ་རྣམ་པ་ལྔ་བརྗོད་ཅིང་གང་བྱིན་པ་མི་ལེན་པར་བྲོས་ཏེ་ཐལ་ན་འདི་ཅི་ལས་གྱུར་པ་དང་། འདི་ལ་སྨན་པའི་ཐབས་ཅི་མཆིས་ཞུ་རུ ་མཆིས་པ་ལགས་སོ། ། བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་ནི་ཤིན་དུ་ལེགས་སོ།། དེས་བཤད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུད་ཤིག། དེ་ཅི་ལས་གྱུར་ན་ལུས་སྡེ་ལ་སྐམས་པ་ནི་རང་གིས་ཟ་མ་ཕོད་པ་ལས་གྱུར ་འོ། ། རྦ་ན་གཞན་དང་སྤྱད་པལ་བ་གགས་ས་ས་བྱས་པ་ལས་ཟུང་ཏོ། ག་ཟུལས་མས་ཅ་ག་བྲག་པན་གཞནས་བྱུན་པདག་ལ་རྒྱས་ས་ནས་ཅན། ཅེས་བྱས་པ་དང་། རངགས་ཀྱ་ཆུ ་ཡོད་པ་ལས་གྱུར་ཏོ། ། སྐྲ་འཛིངས་པ་ནི་ཀུན་གྱི་ཡིད་དུ་མི་འོང་བ་བྱས་པ་ལས་གྱུར་ཏོ།། མིག་དམར་བ་ནི་འདོད་ཆགས་ཀྱིས་ཡོངས་སུ་རྒྱས་པ་ལས་གྱུར་ཏོ།། གཡོན་དུ་ཡོབ་ནི་མིག་མི་ལེགས་པར་གཞན་ལ་བལྟས་པ་ལས་བྷར། ་མཧཱ་རི་ལ་གཡས་སུ་ཡོ་བ་ནི་སྟེར་ན་ཡང་ཆེས་པར་འོང་ཞེས་བྱས་པ་ལས་གྱུར་ཏོ།། ཁ་ནས་རྣམ་པ་ལྔ་སྒྲོགས་པ་ནི་བྱེད་པ་རྒྱུ་འཐུན་པའི་འབྲས་བུ་སྟེ། སྔོན་བརྗོད་པའི་བག་ཆགས་བཏས་པ་ལས་གྱུར་ཏོ།། དེ་ལྟ་བུའི ་ལས་ཀྱི་དབང་གིས་གཞན་ཅི་བྱིན་ཡང་ཕན་པར་མི་འགྱུར་ཏེ། ཆུ་གཅིག་པུ་ལས་རང་གིས་སྦྱིན་ནུས་པ་མ་ཡིན་ཏེ། གཞན་གྱི་ཚུལ་འཇུར་འགེགས་མ་བྱས་པས་ད་ལྟ་ཡང་ཆུ་གཙང་མ་ཙམ་པས་མ་རེག་པ་ལ་སྔགས་ལན ་གཅིག་བཏབ་སྟེ། སེ་གོལ་ལན་གཅིག་གཏོགས་ཏེ་བྱིན་ན་དེའི་རྒྱུད་གྲོལ་ཞིང་འདོད་པ་ཚིམ་པར་འགྱུར་རོ།། དེ་འདི་ལྟ་སྟེ། ཨོཾ་ཛ་ལ་མི་དམ་སརྦ་པྲེ་ཏ་བྷྱཿསྭཱ་ཧཱ། གསོལ་བ་དེའི་འབྲུ་དོན་བཤད་དུ་གསོལ།། བཀའ་སྩལ་པ། ་ཨོཾ་ནི་ཡེ་ཤེས་ལྔའི་རང་བཞིན་ཏེ་དོན་དམ་པའོ།། ཛྭལ་འདོད་པ་མེ་ལྟར་འབར་བའོ།། མིད་མ་ནི་མིའི་རྒྱུད་ཀྱིས་སེར་སྣ་དང་འཇུར་འགེགས་བྱས་པའོ།། སརྦ་ནི་ད་ལྟ་བུའི་ལས་ལས་གྱུར་པ་ཐམས་ཅད་དོ།། པྲ་ཏ་ནི་ཡི་དགས ་ཀྱི་སྣང་པོཏེ། ། ད་ལས་ཀྱི་རྒྱུད་སྨིན་པའི་དོན་ཏོ།། བྷ་ནི་ལས་དང་ཕྲུག་བསྔལ་བྱང་བར་བྱ་བའི་དོན་ཏོ།། སཱ་ཧཱ་ནི་ལས་དང་སྡུག་བསྔལ་བཀྲེས་སྒོམ་བྱང་བར་གྱུར་ཅིག་པའོ།། དམྱུར་དུ་སོང་ལ་དེ་ལྟར་གསོས་ཅིག་ཅེས་གསུངས ་པས། ། དེ་ནས་གཉིས་ཀྱིས་མྱུང་དུ་ཕྱིན་ནས་དེ་བཞིན་དུ་བགྱིས་པས་གཟོད་དགའ་ནས་ལོངས་སྤྱོད་ཅིང་ལུས་བག་བླན་ནི། དེ་ནས་ཆོས་སྟོན་ལབབ་ནས་གཉིས་པོ་ར་མོས་བྱས་ཏེ། ཤཱ་རིའི་བུས་བཤོས་གསོལ་ནས། གཅིག། ་གསོལ་དུ་སྩལ་ཏེ། ཆབ་བྱིན་པས་ཡང་གོང་བཞིན་བརྗོད་དེ་ཐོས་སོ།། ཡང་གཉིས་ཀྱིས་ཡིད་མཆེས་ནས་བཅོམ་ལྡན་འདས་ལ་ཞུར་མཆིས་སོ།། བཅོམ་ལྡན་འདས་ལགས། བདག་ཅག་གིས་གསུངས་པ་བཞིན་པ་བྱས ་ལགས་པས། གསོ་རུབཏུབ་པར་གདའ་བལ་ཆོས་སྟོན་ཡུལ་དུ་དོགས་ནས་འཚལ་ནས་ཡང་སྔར་བརྗོད་ཅིང་ཟོས་ནས་ཡང་ཞུ་དྲ་མཆིས་སོ།། བཀའ་སྩལ་བ་ངོན་ཁྱོད་ཀྱིས་ན་བར་དུ་ཙམ་པ་ལས་བས་ལན་པ་ཡིན་གྱིས་ལ། ་པ་ཁྲུས་ལ་གཟོད་བྱིན་ཅིག། དེའི་དྲུང་དུ་འགྲོ་མི་དགོས་ཏེ་འདི་ཉིད་ཀྱིས་བཏུབ་པོ་ཞེས་གསུངས་སོ།། དེ་གཉིས་ཀྱིས་ཁྲུས་བགྱིས་ཏེ། ཆུ་སྦྱིན་སྩལ་པ་ས་ཡི་དགས་མོ་དེ་ཉིད་དུ་འོངས་ནས་ཅུང་ཟད་ན་མདངས་དང་ལྡན་པར་གྱུར ་ཏོ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་བུའི་ཆུ་སྦྱིན་འདི་ནི་འདིར་མ་ཟད་དེ་དུས་ཐམས་ཅད་དུ་ཡང་ཡི་དམ་དུ་གྱིས་ལ་ཐོར་ཅིག། གཞན་ལ་ཡང་རྒྱ་ཆེར་སྤེལ་ཅིག། དེ་ཅིའི་ཕྱིར་ཞེ་ན། འདིའི་ཕན་ཡོན ་ནི་དཔག་ཏུ་མེད་དེ་ཚད་ལས་འདས་སོ། ། མདོ་ཙམ་བརྗོད་ན་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཀྱི་མི་ཕྱུག་པོ་རྣམས་ལ་སྦྱིན་པ་བྱས་པ་བས་དབུལ་པོ་འགའ་ཞིག་ལ་སྦྱིན་པ་བྱས་ན་དེའི་བསོད་ནམས་བརྒྱའི་ཆར་ཡང་མི ་ཉེསྟེ། དེ་ཅི་སྟེ་ཞེ་ན། ཕྱུག་པོ་རྣམས་ནི་ང་རྒྱལ་ཏེ་དྲེགས་པ་དང་རྒྱགས་པས་གནས་ངན་ལེན་སྤྲོ་བར་བྱེད་དོ།། འཇིག་རྟེན་གྱི་ཁམས་ཀྱི་དབུལ་པོ་རྣམས་ལ་སྦྱིན་པ་བྱས་པ་བས་ཡི་དགས་འགའ་ཞག་ལ་སྦྱིན་པ་བྱས ་ན་དེའི་བསོད་ནམས་བརྒྱའི་ཆར་ཡང་མི་ཉེའོ། ། དེ་ཅི་སྟེ་ཞེ་ན། དཔྲལ་པོ་རྣམས་ལ་ནི་འབད་དུ་ཡོད། བཙལ་དུ་ཡོད་དོ།། བསླང་དུ་ཡོད་དོ།། ཡི་དགས་ལས་ཀྱིས་དེ་ལྟ་བུ་དག་མ་ཡིན་གྱི། མ་བསྔོས་ན་ཁ་དུ་ཆུད་ཀྱང་དྲུག ་ཆེན་པོར་འགྱུར་རོ། ། འཇིག་རྟེན་གྱི་ཁམས་ཀྱི་ཡི་དགས་ལ་སྦྱིན་པ་བྱས་པ་བས་འཇུར་འགེགས་ཡི་དགས་ཅིག་ལ་ཆུ་བྱིན་ན་དེའི་བསོད་ནམས་བརྒྱའི་ཆར་ཡང་མི་ཉེའོ།། དེ་ཅི་སྟེ་ཞེ་ན་ཡི་དགས་དེ་དག་ལ་ནི་དམིགས་པས ་ཚིམ་པ་དང་། བཤམས་པས་ཚིམ་པ་དང་། བསྔོས་པས་ཚིམ་པ་དང་། རིག་པས་ཚིམ་པ་དང་། རྗེས་ཀྱིས་ཚིམ་པ་དང་། བཤལ་བས་ཚིམ་པ་ཡོད་དེ། ལས་ཀྱི་རིམ་པ་བཞིན་ནོ།། འཇུར་འགེགས་ནི་གཞན་བཀག་པའི ་ལས་ཀྱིས་སྔགས་དང་། ཕྱག་རྒྱ་དང་། དམིགས་པ་གཞན་གྱིས་མི་ཐོག། རྫས་ཐམས་ཅད་ལ་འཐམས་ཏེ་བཀག་པས་རྫས་གཞན་མི་མྱོང་།། གཞན་གྱི་ཆུ་གཅིག་པུ་མ་བཀག་པ་ས། ཏུགཅང་ཙམ་པས་མ་རེག་པ་ལས་དང ་མེད། རང་གི་རྒྱུད་ཞི་བར་བྱེད་པའི་སྔགས་དང་། ཕྱག་རྒྱ་སེ་གོལ་གཅིག་མིན་པ་གཞན་གང་གིས་ཀྱང་ཐོབ་པར་མི་ནུས་སོ།། སེ་གོལ་གཅིག་ཏུ་བཞག་པ་ཅི་ཞེ་ན། གཉིས་སུ་གྱུར་ན་གཞན་གྱི་སྒྲར་གྱུར་ནས་མེ་ཐོབ།། དེས་ན་རང ་གི་གོ་པ་བསྐྱེད་པ་སྒྲ་གཅིག་ཏུ་ངེས་པའོ། ། འདི་ནི་བར་ཆད་ཀྱིས་མི་ཚུགས་པ་དང་། ནད་ཉུང་བ་དང་། ཚེ་རིང་བ་དང་། ལོངས་སྤྱོད་དང་ལྡན་པ་དང་། ཡིག་མཆུས་པ་རྣམས་འབྱེད་པར་བྱེད་པ་དང་། མདངས་ཉམས་པ་རྣམས ་གསལ་བར་བྱེད་པ་དང་། འདི་གཞན་ལ་སྤེལ་ན་རྒྱུད་གྲོལ་ནས་ཡི་དགས་ཀྱི་རྒྱུན་ཆད་དེ་མཐར་མངོན་པར་རྫོགས་པར་འཚང་རྒྱའོ།། དེ་སྐད་ཅེས་བཀའ་སྩལ་ནས། རིགས་ཀྱི་བུ་དེ་དག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ ་མངོན་པར་བསྟོད་དོ། ། །། འཇུར་འགེགས་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །། ཞུ་ཆེན་གྱི་ལོ་ཙྪ་བ་བཱན་དེ་ཡེ་ཤེས་སྡེས་བསྒྱུར་ཏེ་གཏན་ལ་བབ་པའོ།། @#།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ་