| Wylie | e-texts produced with BDRC’s OCR application |
དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་རོ་ལངས་བདུན་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་བི་ཤུད ་དྷ་སིང་ཧ་དང་། བར་དེ་ཡེ་ཤེས་སྙིང་པོ་སྡེས་བསྒྱུར། རྒྱ་གར་གྱི་མཁན་པོ་བི་དྱ་ཀ་ར་སིང་ཏ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། སུ་རུ་བ་ནཱ་མ་དྷ་ར་ཎཱི། ་བོད་སྐད་དུ། སུ་རུ་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ན་མཿསུ་རུ་བ་ཡ་ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་སཾ་མྱ་ཀ་སཾ་བུད་དྷ་ཡ། ཏདྱ་ཐཱ། ཨོཾ་སུ་རུ་སུ་རཱ་པྲ་སུ་རུ་པྲ་སུ་རུ། ་ཏ་ར་ཏ་ར། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། སྨ་ར་སྨ་ར། སན་ཏ་ར་པ་ཡ་སན་ཏ་ར་བ་ཡ། སརྦཔྲ་ཏ་དཱ་ནཱཾ་སྭཱ་ཧཱ།། གཟུངས་འདི་ཆུ་དང་བཅས་པའི་ཟན་ལ་ལན་བདུན་ཡོངས་སུ་བཟླས་ཏེ་ལག་པ་གཡོན་པས་སེ་གོལ་གྱི་སྦྲུལ་ན་གསུམ་དུ་བྱས ་ནས་ཡི་དགས་ཐམས་ཅད་ལ་དབེན་པའི་ས་ཕྱོགས་སུ་སྦྱིན་པར་བྱ་ཞིང་། འདི་སྐད་ཀྱང་བརྗོད་པར་བྱ་སྟེ། སྐབས་ཚོལ་བ་དང་གླགས་ལྟ་བ་རྣམས་དེངས་ཤིག། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ཡི་དགས་རྣམས ་ལ་བཟའ་བ་འདི་བདག་གིས་སྦྱིན་པར་བགྱིའོ་ཞེས་པའོ། ། ཟས་མ་ཟོས་པའི་སྔོན་རོལ་ཉིད་དུ་སྦྱིན་པར་བྱའོ།། དེ་ལྟར་ན་ཡི་དགས་ཐམས་ཅད་ལ་འབྲས་བྲེ་བོ་ཆེ་རེ་རེའི་བཟའ་བ་སོ་སོར་བྱིན་པར་འགྱུར་རོ།། དེ་ལྟར་བྱས་ན ་སྐྱེ་བ་ནས་སྐྱེ་བར་ཡང་ཉམ་ཆུང་བར་མི་འགྱུར་རོ། ། དབུལ་པོར་མི་འགྱུར་རོ།། སྟོབས་ཆེ་བ་དང་། མཛེས་པ་དང་། མཐོང་ན་དགའ་བ་དང་། ཕྱུག་ཅིང་ལོངས་སྤྱོད་ཆེ་བར་འགྱུར་རོ།། ཚེ་རིང་ཞིང་ནད་མེད་པ་དང་། མྱུར་དུ་བླ་ན་མེད་པ ་ཡིད་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། ། ཤི་འཕོས་ནས་ཀྱང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ།། གཟུགས་ལེགས་ཤེས་བྱ་བའི་གཟུངས་རྫོགས་སྷོ།། ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཨོཾ་ཛྙཱ་ན་བི་ལོ་ཀི་ཏི་ས་མན་ཏ་སྥར་ནར་ཤྲཱི་བྷ་བ་ས་མ་ཡ་མ་དཱ་མ་ཎི་དུ་རུ་རུ་རུ་ཧྲིད་ཡ་ཛྭ་ལ་ནི་ཧཱུཾ། འབབ་ཆུའམ། མཚོའི་འགྲམ་དུ་འདུག་སྟེ། ལག་པ་གཡས་པའི་ཁྱོར་བར་ཆུ་ཐུགས་ལ། ་ཡེ་ཤེས་ཀར་མདའི་སྙིང་པོ་འདི་ལན་བདུན་བཟླས་ཏེ། ཆུ་ཁྱོར་བ་བདུན་འབབ་ཆུའམ། ཆུར་གཏོར་ན་སངས་རྒྱས་ཀྱི་སྤྱན་རས་གཟིགས་པའི་ཡི་དགས་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལྷའི་ཁ་ཟས་ཀྱི་རོ་དང་། བཏུང་བའི་རོ་མཆོག ་དང་ལྡན་པ་འཐོབ་ཅིང་ཡི་དགས་རེ་རེ་ལ་ཡང་ཁ་ཟས་དང་། བཏུད་བ་ཡུལ་མ་ག་དྷའི་བྲེ་བདུན་བདུན་གྱིས་ཚིམ་པར་བྱས་པར་འགྱུར་ཞིང་། ཆུ་དེ་འཐུངས་པ་ཙམ་གྱིས་དེ་དག་ཐམས་ཅད་ཡི་དགས་ཀྱི་སྐྱེ་གནས་ལས་མཐར་ཅིང་བདེ་འགྲོ ་མཐོ་རིས་ཀྱི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ། ། སྐྱེས་པ་འམ། བུད་མེད་དམ། ཁྱེའུ་འམ། བུ་མོ་འམ། གཞན་ཡང་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་རི་དགས་སམ། བྱ་འམ། ཆུ་ན་གནས་པ་ལ་སོགས་པ་གང་གིས་ཆུ་དེ་འཐུངས ་བ་དེ་དག་ཐམས་ཅད་སྡིག་པ་དང་། སྒྲུབ་པ་ཐམས་ཅད་བྱང་ཞིང་། བདེ་འགྲོའི་ལམ་དུ་འགྲོ་བར་འགྱུར་རོ།། ཡེ་ཤེས་སྐར་མདའི་སྙིང་པོ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨ་མྲི་ཏ་བྷ་བ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། ་བདུད་རྩི་འབྱུང་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱང་ཆུབ་ཀྱི་ཤིང་དྲུང་ན། ་འཁོར་རྣམ་བཞི་དང་། ལྷ་དང་། མི་རྣམས་ཀྱིས་བསྐོར་ནས་བཞུགས་སོ།། དེ་ནས་འཁོར་རྣམས་ཀྱི་ནང་ནས་ཁྱིམ་བདག་བཟང་སྐྱོང་གིས། བཅོམ་ལྡན་འདས་ཀྱི་འཁོར་རྣམ་པ་བཞི་དང་། རིགས་དྲུག་གི་སེམས་ཅན་ཐམས་ཅད ་ལ། སྤོས་དང་། སྨན་དང་། ཞལ་ཟས་ཀྱི་མཆོད་པ་ཆེན་པོ་བཤམས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཟའ་བ་དང་། བཅའ་བ་དང་། བཏུང་བ་འདི་རྣམས་སེམས་ཅན་རྣམས་ཀྱི་དོན ་