| Wylie | e-texts produced with BDRC’s OCR application |
གཏན་ལ་ཕབ་པ། ། ། @།། རྒྱ་གར་སྐད་དུ། ཤྲཱི་དེ་བི་ཀ་པྲ་མ་རཱ་ཛ་ཏན་ཏྲ་ཀཱ་ལི། བོད་སྐད་དུ། དཔལ་ལྷ་མོ་ནག་མོའི་བསྟོད་པཾ་རྒྱལ་པོའི་རྒྱུད། རིག་སྔགས་དང་གསང་སྔགས་ཀྱི་མངའ་བདག་དཔལ ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རི་རབ་ཀྱི་རྩེ་མོ་རྩུབ་འགྱུར་གྱི་ཚལ་ཆེན་པོ་ན་བཅོམ་ལྡན་འདས་དཔལ་དྲུག་པོ་ཆེན་པོ་ཕྱག་ན་རྡོ་རྗེ་ལུས་བསྐལ་པའི་མེ་ལྟར ་འབར་བ། སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ། ཉི་མ་སྟོང་གི་གཟི་བརྗིད་དང་ལྡན་ནས་བཞུགས་སོ།། འཁོར་ནི་བརྒྱ་བྱིན་དང་། ཤ་ཟ་དང་། སྲིན་པོ་དང་། མ་མོའི་ཚོགས་བྱེ་བ་དུང་ཕྱུར་གྱིས་བསྐོར་ཏེ་བཞུགས་སོ།། ་དེའི་ཚེ་ན་དཔལ་ཕྱག་ན་རྡོ་རྗེ་པད་མའི་གདན་ལ་བཞུགས་ཏེ་བཀའ་སྩལ་པ། ངའི་འཁོར་དུ་གཏོགས་པའི་ལྷ་མ་སྲིན་སྡེ་བརྒྱད་ཉོན་ཅིག། འདོད་པའི་ཁམས་འདི་ན་བདུད་ཀྱི་མ་གཤིན་རྗེའི་སྲིང་མོ་ཞེས་བྱ ་རྒྱལ་ཚབ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་འཛིན་པག་ཤ་ཡོད་ཀྱིས། ཁྱེད་ཀྱིས་དེ་ལ་མཆོད་པ་གྱིས་ཤིག། བསྟོད་པ་གྱིས་ཤིག། ངས་ཀྱང་ཁྱོད་ལ་བྱིན་གྱིས་བརླབ་བོ་ཞེས་བཀའ་སྩལ་པ ་དང་། འཁོར་གྱི་ནང་ནས་ལྷའི་དབྱེ་བོ་བརྒྱ་བྱིན་སྟན་ལས་ལངས་ཏེ་དཔལ་ལྷ་མོ་ནག་མོ་ལ་དགེ་བ་བཅུའི་སྒོ་ནས་བསྟོད་པ། སྔོན་འདས་བསྐལ་པ་དང་པོའི་ཕ་རོལ་ན།། དགེ་བཅུའི་ལས་ལ་སེམས་རབ་ཆེར ་སྦྱངས་ནས། ། ལམ་གྱི་ཁྱད་པར་གོང་མ་རབ་རྫོགས་ཀྱང་།། མཐོ་རིས་སྐྱེས་པ་རྣམས་ལ་དགེ་བ་བཅུའོ།། ཚུལ་གྱིས་དོན་མཛད་ཕྱི་རོལ་སྒྱུར་བ་ཡི།། དཔལ་ལྡན་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད།། འདས་པའི ་དུས་ན་སྲོག་གཅོད་རབ་སྤངས་པས། ། སྐུ་ཚེ་རིང་ཞིང་གཟུགས་བྱད་བུན་སུམཚོགས།། གཞན་གྱི་ལན་ཆགས་གནོད་པའི་རྐྱེན་དང་ལྡན།། འཆི་བདག་འཇོམས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། མ་བྱིན ་ལེན་སྤངས་ཚུལ་ལ་རབ་སྦྱངས་པས། ། བསོད་ནམས་ཚོགས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས།། གཏེར་གྱི་ལོངས་སྤྱོད་མི་འགྲིབ་རབ་བརྟན་བརྙེས།། སྦྱིན་པའི་གཏེར་འཆང་ཁྱོད་ལ་ཕྱག་འཚལ་བསྟོད།། ་མི་ཚངས་སྤྱོད་པའི་དཀའ་རྣམས་སྲུང་བ་དང་།། མངལ་གྱི་གྲོང་ཁྱེར་དམན་ལས་རྣམ་པར་འཕགས།། སྲིད་པའི་འདོད་ཆགས་རིང་དུ་སྤངས་པ་སྟེ། དགེ་སྦྱོང་ཆེན་མོ་ཁྱོད་ལ་ཕྱག་འཚལ་བསྟོད།། ཉོན་མོངས་བརྫུན ་ཚིག་སྦྱངས་པའི་རྣམ་སྨིན་གྱིས། ། གསུང་གི་དངོས་གྲུབ་འཇིག་རྟེན་འདུལ་བའི་གཙོ།། གསུང་མཆོག་རྣམ་དག་བརྙེས་པའི་རང་བཞིན་ཏེ།། བདེན་པར་གསུང་བ་ཁྱོད་ལ་ཕྱག་འཚལ་བསྟོད། ་ཕྲ་མའི་སྐྱོན་སྤངས་མི་ཕྱེད་འཁོར་དང་ལྡན།། ཉིད་ལ་རྣམ་པར་དུལ་བའི་འཁོར་གྱིས་བསྐོར།། ལྷ་དང་ལྷ་མིན་བདེན་པས་འདུལ་མཛད་མ།། དཀར་མོའི་འཁོར་ཚོགས་ཁྱོད་ལ་ཕྱག་འཚལ་བསྟོད།། ངག ་འཁྱལ་སྤངས་པའི་ཡོན་ཏན་སྦྱིན་པ་ཡིས། ། ཏིང་འཛིན་རྩེ་གཅིག་མི་གཡོ་བར་ཆད་སྤངས།། དགོས་འབྲེལ་ཚུལ་གྱིས་བསྟན་པ་སྐྱོང་མཛད་མ།། བྱིས་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། ང་རྒྱལ ་ཁོངས་སེམས་སྤངས་པའི་ཡོན་ཏན་གྱིས། ། ཞི་བའི་ཚིག་འཇམ་ལྷ་མོ་དབྱངས་སྙན་མ།། ཚིག་རྩུབ་གཤེ་བའི་གཉེན་པོ་བྱེད་པ་སྟེ།། ངག་རྩུབ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་སྟོད།། རང་སེམས་བརྣབ ་སེམས་སྤངས་པའི་ཁྱད་པར་ནི། ། འཛིན་པའི་རྣམ་རྟོག་རྣམ་པར་སྤངས་པའི་རྟགས།། བདག་མེད་རྟགས་སུ་སེང་གེས་རྣ་བ་བརྒྱན།། བརྣབ་སེམས་སྤངས་པ་ཁྱོད་ལ་ཕྱག་འཚལ་བསྟོད།། གཟུང་བའི་ཡུལ་ལ ་གནོད་སེམས་རྣམ་པར་སྤངས། ། ཕྱི་རོལ་ཡུལ་འདི་གཉིས་མེད་ཆོས་སུ་གཟིགས།། གང་ལ་གནོད་སེམས་ཡང་དག་སྤངས་པའི་རྟགས།། སྦྲུལ་གྱི་རྣ་རྒྱན་ཅན་ལ་ཕྱག་འཚལ་བསྟོད།། ལོག་པར་ལྟ་བའི་ཆོས་ཕྱོགས་རྣམ ་སྤངས་ཏེ། ། སངས་རྒྱས་ཆོས་ལས་འཁྲུངས་པའི་གཟུགས་བརྙན་ཁྱོད།། ལྟ་བ་རྣམ་པར་དག་པའི་ངང་ཚུལ་ཅན།། སྤྲོས་བྲལ་དོན་དམ་ཉོན་ལ་ཕྱག་འཚལ་བསྟོད།། འཇིག་རྟེན་འདི་ན་ལས་གཉིས་དག་མ་དག ་མ་དག་མི་དགེ་བཅུ་ལས་ངན་སོང་གྲུབ། ། དག་པའི་དགེ་བ་བཅུ་ལས་མཐོ་རིས་གྲུབ།། ལས་འདི་དགེ་བ་དང་པོར་རབ་སྦྱངས་པས།། གོང་ནས་གོང་མའི་ས་ལ་རབ་གནས་ཀྱང་།། དགེ་བ་བཅུ་ཡི་རྟགས་ནི་དམན་པའི་ཞིང ་འདིར་བསྟན། ། གདུག་པའི་ངང་ཚུལ་ཅན་གྱིས་འགྲོ་བ་འདྲེན་མཛད་མ།། བསྟོད་པར་འོས་པ་ཁྱོད་ལ་ཕྱག་འཚལ་བསྟོད།། དེ་ནས་དཔལ་ལྷ་མོ་ནག་མོ་ཆེན་མོ་ལ།། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་ཀྱིས ་ལམ་རྣམ་པ་ལྔའི་ཚུལ་གྱིས་བསྟོད་པ། ། དམ་པ་རྣམས་ཀྱིས་བགྲོད་པའི་ཁྱད་པར་ནི།། ཚོགས་ཀྱིས་སྦྱངས་ནས་དོན་དམ་མཐོང་བ་ཡིས།། གཉེན་པོ་ཡེ་ཤེས་རིམ་པར་སྒོམ་པ་ལ།། མཐར་ཕྱིན་པ་ལ་གཤེགས ་པའི་དོན་མཆོག་ལགས། ། དེ་བས་ལྷ་མོ་ཁྱོད་ཀྱི་མཚན་ཉིད་ནི།། འདི་ལྟར་རབ་ལྡན་ཁྱོད་ཀྱི་ཁྱད་པར་ཏེ།། དང་པོའི་ཚོགས་ལས་ཡང་དག་རབ་བསགས་པས།། དང་པོས་ལས་སྦྱོར་བའི་ཏིང་འཛིན་བརྙེས།། རབ་ཏུ་དགའ ་བའི་ས་ལདོན་དམནི། ། རྣམ་པར་མེ་རྟོག་སྐྱེ་མེད་ཚུལ་གྱིས་གཟིགས།། དཔལ་ལྡན་བྱང་ཆུབ་སེམས་དཔའི་ཁྱད་པར་ནི།། རང་སེམས་ས་གཉིས་དགའ་རབ་བརྟན་ནས།། དེ་བཞིན་ས་གསུམ་དག་པའི་ཕ་མས་། ་རང་སེམས་བཞི་པའི་སལ་ཆེར་བསྒོམས་པས།། ལྔ་པའི་སལ་བསམ་གཏན་པ་རོལ་སོན།། རང་སེམས་དྲུག་པའི་ས་ལ་ཆེར་སྦྱངས་པས།། བདུན་པ་ལ་ནི་ཐབས་ཀྱི་ཕ་རོལ་སོན།། རང་སེམས་བརྒྱད་པ་ཉིད་ལ་ཆར ་བསྒོམས་པས། ། དཔལ་ལྡན་ལྷ་མོ་ནན་མོ་སྨོན་ལམ་ཉིད།། དགུ་པ་ལ་ཡང་སྟོབས་ཀྱི་ཡོན་ཏན་སྒྲུབ།། དེ་ཡི་སྟོབས་ཀྱིས་ཡེ་ཤེས་འཕེན་པར་འགྲུབ།། འདི་དག་རྣམ་པར་རྫོགས་པར་བྱས་ནས་ནི།། སངས་རྒྱས ་ལ་སྨིན་པའི་སྨོན་ལམ་ཅན། ། ས་བརྒྱད་ནོན་པས་གཞོན་ནུའི་ཚུལ་འཆང་མ།། འགྲོ་བ་འདུལ་ཕྱིར་དྲག་མོའི་ཚུལ་སྟོན་ཅིང་།། གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། བདག་ཀྱང་ཁྱོད་ཀྱི་ལམ་ལྟར་མྱུར་འགྲུབ ་ཤོག། དེ་ནས་མི་འམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་གྱིས་དཔལ་ལྷ་མོ་ནག་མོ་ཆེན་མོ་ལ་གཉིས་སུ་མེད་པའི་སྒོ་ནས་བསྟོད་པ།། དཔལ་ལྡན་ལྷ་མོ་གཉིས་སུ་མེད་པ་སྟེ།། དོན་དམ་སྤྲོས་བྲལ་ཆོས་ཉིད་འདི་ལས་བརྩལ། ་དོན་དམ་ཀུན་རྫོབ་གཉིས་སུ་མེད་པ་བདེན།། འཁོར་བ་མྱང་འདས་གཉིས་སུ་མེད་པས་ཟབ།། སེམས་ཅན་སངས་རྒྱས་གཉིས་སུ་མེད་པས་འཕགས།། ལས་དང་རྣམ་སྨིན་གཉིས་སུ་མེད་པས་བསྟོད།། རྒྱུ་དང་འབྲས་བུ ་གཉིས་སུ་མེད་པས་སྨིན། ། ཡུལ་དང་ཡུལ་ཅན་གཉིས་མེད་གཅིག་གི་དང་།། སྤྲོས་དང་སྤྲོས་མེད་དོན་དམ་དབྱིངས་ཀྱིས་བསྡུས།། བསོད་ནམས་ཡེ་ཤེས་གཉིས་མེད་ཚོགས་ཆེན་ཏེ།། མཐོང་དང་དམ་པ་གཉིས་མེད ་དག་པས་བསྟོད། ། བདག་དང་གཞན་གྱི་ཆོས་ནི་ངང་ཚུལ་གཅིག། གཟུང་དང་འཛིན་པ་གཉིས་མེད་ཟབ་མོའི་མཐུ།། མཐོ་རིས་ངན་སོང་གཉིས་བྲལ་དག་པའི་ཞིང་།། བཟང་ངན་གཉིས་མེད་རང་བཞིན་གཅིག་གིས་བསྟོད།། ་བསྐྱེད་མེང་རྫོགས་པ་གཉིས་མེད་ལྡན་གྲུབ་མཆོག། སེམས་དང་ཕུང་པོ་གཉིས་མེད་སེམས་ཉིད་དེ།། སྒྲུབ་དང་བསྒྲུབ་པ་གཉིས་མེད་གྲུབ་པའི་དང་།། བདག་གཞན་གཉིས་མེད་ཚུལ་མཆོག་གཅིག་གིས་པ་ང་། @ ་དང་ཡུམ་མཁའ་གཉིས་མེད་བྱང་ཆུབ་སེམས། ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན།། སྟོང་དང་མི་སྟོང་གཉིས་མེད་ཞི་བའི་དང་།། གུར་དང་འགྱུར་མེད་རྩོལ་བྲལ་ཕྱག་འཚལ་བསྟོད།། སྒྲ་ཚིག་གཉིས་མེད ་བརྗོད་པ་མེད་པའི་ངང་། ། ལུས་ངག་གཉིས་མེད་སེམས་ཉིད་གཅིག་གི་ཚུལ།། རྩོལ་བྱེད་རྩོལ་བྱ་གཉིས་མེད་དོན་གཅིག་པས།། རྣམ་པར་སྤྲོས་མེད་དོན་དམ་དབྱིངས་ཀྱིས་བསྟོད།། མུ་སྟེགས་སངས་རྒྱས་གཉིས་མེད་ཚུལ་གཅིག ་པས། ། དབྱིངས་དང་ཡེ་ཤེས་གཉིས་མེད་དོན་རྟོགས་ཏེ།། སྲིད་དང་རྣམ་གྲོལ་ཡང་དག་དོན་གཅིག་པས།། ཐམས་ཅད་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད།། ཕྱི་དང་ནང་མེད་གཉིས་མེད་སེགཤེས་དང་།། སེམས་ལྡན་སེམས་མེད་རྣམ ་དག་ཞི་བའི་ཚུལ། ། སྣང་དང་མི་སྣང་གཉིས་མེད་གཉིས་ཀྱིས་མཐོང་། གཉིས་མེད་དོན་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད།། འདི་དག་རྣམས་ནི་དོན་དམ་ཟབ་མོའི་ཚུལ།། སྤྲོས་པ་མེད་པའི་དོན་དམ་འབྲེལ་པ་སྟེ། འདི ་རྣམས་ལྷ་མོ་ཁྱོད་ཀྱི་ཐུགས་ལ་གསལ། ། འདི་ལྟར་བསྟོད་པས་བདག་ཀྱང་ཁྱོད་ལྟར་ཤོག། དེའི་ཚེ་དེའི་དུས་ན་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པས་དཔལ་ལྷ་མོ་ལ་ཕྲིན་ལས་ཀྱི་སྒོ་ནས་བསྟོད་པ།། སེམས་ཉིད་ཕྲིན ་ལས་རྣམ་བཞིའི་ཁྱད་པར་ནི། ། སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད།། དོན་དམ་སྤྲོས་བྲལ་ཁ་དོག་གཟུགས་ཀྱང་མེད།། ཀུན་རྫོབ་སྒྱུ་མ་ཙམ་དུ་རང་གི་སེམས།། འཐུན་པར་བསྟན་པའི་ཞི་བ་དཔལ་ལྷ ་སོ། ། མཛད་ཞི་འགྱུར་ཞི་བའི་ངང་ཚུལ་ཅན།། ཞི་བའི་འཁོར་གྱིས་བསྐོར་བའི་གཙོ་མོ་ན།། རྟགས་ཀྱི་སུ་མདོག་དཀར་མོ་ཤིན་དུ་དང་།། ཀུན་ཧཱུ~ཾ་ཞི་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། བདག་གི་དགྲ་དང་ནད་རྣམས ་ཞི་བར་མཛོད། ། འཐུན་པར་བསྟན་པའི་རྒྱས་པའི་དཔལ་ལྷ་མོ།། རྒྱས་མཛད་ཅེས་འགྱུར་རྒྱས་པའི་ངང་ཚུལ་ཅན།། རྒྱས་པའི་འཁོར་གྱིས་བསྐོར་བའི་གཙེམ་ནི།། རྟགས་ཀྱི་སྐུ་མདོག་སེར་མོ་ཤིན་དུ་བརྗིད། ་ཀུན་དུ་རྒྱས་མཛད་མ་ལ་ཕྱག་འཚལ་བསྟོད།། བདག་གི་བསོད་ནམས་ཡེ་ཤེས་རྒྱས་པར་མཛོད།། འཐུན་པར་བསྟན་པའི་དབང་གི་དཔལ་ལྷ་མོ།། དབང་མཛད་དབང་གྱུར་དབང་གི་དང་ཚུལ་ཅན།། དབང་གི ་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། ། རྟགས་ཀྱི་སྐུ་མདོག་དམར་མོ་ཤིན་དུ་བརྗིད།། ཀུན་དུ་དབང་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། བདག་གི་ནད་དང་དགྲ་རྣམས་དབང་དུ་མཛོད།། འཐུན་པར་བསྟན ་པའི་དྲག་མོ་དཔལ་ལྷ་མོ། ། དྲག་མཛད་དྲག་འགྱུར་དྲག་མོའི་ངང་ཚུལ་ཅན།། དྲག་མོའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི།། རྟགས་ཀྱི་སྐུ་མདོག་ནག་མོ་ཤིན་དུ་བརྗིད།། ཀུན་དུ་དྲག་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། ་བདག་གི་ནད་དང་དགྲ་རྣམས་དྲག་མོས་སོད།། ཁྱོད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ལ།། འདི་ལྟར་འཛིན་ཉིད་ཅིར་ཡང་སྣང་བ་ནི།། ཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་པ་ལགས།། བདག་ཀྱང་ལས་བཞི་རང་བཞིན ་ལྷུན་གྲུབ་ནས། ། ཁྱོད་ལྟར་གཞན་གྱི་དོན་ལ་བརྩོན་པར་ཤོག།། ། དེ་ནས་དཔལ་ལྷ་མོ་ནག་མོ་ལ་ཀླུའི་རྒྱལ་པོ་དགའ་བོས་སྐུའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ།། གསང་སྔགས་རྣལ་འབྱོར་གྲུབ་པའི་བདག་ཉིད་མ།། ཡོན ་ཏན་རྣམས་ཀྱི་སྐུ་མདོག་ཕྱག་མཚན་ནི། ། དོན་དུ་སྣང་བ་མེད་ཀྱང་གདུལ་བྱའི་ཕྱིར།། རྟགས་ཀྱི་ཕྱག་རྒྱ་འདི་ལྟར་བསྟན་པའོ།། ཁམས་གསུམ་གདུལ་ཕྱིར་གདན་དུ་བོང་བུ་ཞོན།། མྱ་ངན་མི་འདའི་རྟགས་སུ་ལྷགས་སྒྲོག ་མདའ། བདག་དོན་ལྷུན་གྲུབ་གླང་ཆེན་ཀོ་བས་བརྒྱན།། གཞན་དོན་ཕུན་སུམ་ཚོགས་ཕྱིར་རེ་ལྡེས་དཀྲིས།། བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་རྒྱས་གསལ།། ཤེས་རབ་རྟོགས་ཕྱིར་ལྟེ་བ་ཉི་མས་བརྒྱན།། དུག ་གསུམ་སྟོང་པོ་གཅོད་པའི་རལ་གྲི་དང་། བསོད་ནམས་གཏེར་གྱི་ཕྱག་མཚན་ནེའུ་ལ་བསྣམས།། དབང་དྲག་རྫོགས་ཕྱིར་རལ་པ་ཁམ་ནུག་སག། ཉོན་མོངས་འདྲེན་ཕྱིར་རྣོ་དཔལ་མཆེ་བ་གཙིགས།། འཁོར་བལྡགས་ལ ་བདར་ཕྱིར་རྐན་སྒྲ་གདེབ། ། གདུག་པ་ཞེས་ལ་གནོན་ཕྱིར་སྡང་མིག་བགྲེད།། ཐམས་ཅད་དབང་དུ་སྡུད་ཕྱིར་སྤྱན་རྩ་དམར།། སྙོམས་པའི་ཚོགས་མཆོག་མི་འགྱུར་སྐུ་མདོག་གནག། མ་མོ་འདུལ་ཕྱིར་དུར་ཁྲོད་རྒྱན་གྱིས ་བརྒྱན། ། སྐུ་གསུང་ཐུགས་ལྡན་རྟགས་ཀྱི་ཕྱག་རྒྱ་ཁ་ཊྭཱཾ་གསོར།། སྐུ་གསུམ་རྫོགས་བྱེད་ཐོད་པའི་ཕྲེང་བས་བརྒྱན།། དྲག་པོ་མྱུར་མགྱོགས་བསྟན་ཕྱིར་ཚུབ་མས་བརྒྱན།། ཉོན་མོངས་སྲེག་ཕྱིར་མེ་ཕུང་ནང་ན་བཞུགས། ་འདོད་ཁམས་བསྐྱད་ཕྱིར་ཡོངས་འདུ་ཤིང་ལ་བརྟེན།། ལྷ་མ་ནི་འདུལ་ཕྱིར་རྫོང་གི་བརྒ་བཟློག་མ།། དཔའ་བརྟན་བསྟན་ཕྱིར་སྟག་གེ་ཤམ་ཐབས་བསྡམས།། བསྟན་པ་བསྲུང་ཕྱིར་དྲག་མོའི་ཆ་དུགས་རྫོགས།། ང་རྒྱལ ་དབང་སྡུད་བདག་མེད་སྒྲ་སྒྲོགས་ཕྱིར། ། ཐབས་ཀྱི་སྤྱན་ཆ་གཡས་པ་སེང་གེས་བརྒྱ་ན།། ཞེ་སྡང་དབང་འདུལ་དྲུག་ཆེན་འདུལ་བའི་ཕྱིར།། ཤེས་རབ་སྙན་ཆ་གཡོན་པ་སྦྲུལ་གྱིས་བརྒྱན།། འདུ་བྱེད་མི་རྟག་རྟགས་སུ ་དྲིལ་བུ་སྒྲོགས། ། ཆགས་ཕྱིར་རྔམ་མཛད་རག་ཏའི་རྦ་ཀློང་འཐུང་།། དམ་ཚིག་སྲུང་ཕྱིར་ཞིང་ལྤགས་རྒྱན་དུ་མཛད།། ཐ་དད་པས་རྣམས་འདུལ་ཕྱིར་རྨ་བྱའི་འཕྲུ།། ཉོན་མོངས་སྒྲིབ་པའི་ཚོགས་རྣམས་རབ་སྦྱངས་ནས། ་ཡེ་ཤེས་རིག་པའི་ཚོགས་རྣམས་ཤར་བའི་ཕྱིར།། རང་བཞིན་གནས་མཆོག་བྱང་ཤར་མཚམས་ན་བརྟེན།། དབུ་མའི་ས་ལ་གནས་ཕྱིར་དྲེའུ་ལ་ཞོན།། ཉོན་མོངས་གདུག་པ་འདུལ་ཕྱིར་མ་ཡི་ཚུལ།། མཁའ་འགྲོ་མ ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། ། ། དེ་ནས་གྲུལ་བུམ་གྱི་རྒྱལ་པོ་སྦྲུལ་མགོ་དགུ་པས་དཔལ་ལྷ་མོ་ལ་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པ།། དོན་དམ་གཉིས་མེད་བྱང་ཆུབ་སེམས་ཡིན་ཡང་།། སྲིད་གསུམ་གདུལ་ཕྱིར ་རྟགས་ཀྱི་ཕྱག་རྒྱ་ནི། ། རང་སེམས་རྣམ་དག་དྲག་པོའི་གཞལ་ཡས་ཁང་།། རག་ཏ་ཁྲག་གི་རྒྱ་མཚོ་འཁྱིལ་པ་ལས།། ཀེང་རུས་ཟོད་ཕྲེང་ཞིང་གི་ལྤགས་པས་བརྒྱན།། སྐུ་མདོག་གནག་ལ་རབ་འཇིགས་ཁྲོ་མོ་རྒྱལ།། ་སྔོན་མོ་རལ་པ་བཅིངས་མའི་སྤྲུལ་པ་འགྱེད།། སྐུ་ཡི་སྤྲུལ་པ་དཔལ་ལྡན་རེ་མ་ཏི།། གྲུ་གསུམ་སེར་ནག་ཞལ་གྱི་དབྱིངས་སུ་བཞེངས།། ཡོན་ཏན་རྒྱས་མཛད་སེར་མོ་མཁའ་ལ་བཞད།། ཕྲིན་ལས་རྒྱས་པ་ཐམས ་ཅད་ཉེ་བར་མཛོད། ། གསུང་གི་སྤྲུལ་པ་དཔལ་ལྡན་ར་མ་ཏི།། གྲུ་གསུམ་དམར་ན་གཞལ་གྱི་དབྱིངས་ནས་བཞེངས།། དམར་མོ་ཆེན་མོ་དམར་ཆེན་གཏུམ་མ་སྟེ།། དབང་གི་ཕྲིན་ལས་ཐམས་ཅད་གྲུབ་པར་མཛོད། ་སྐུ་གསུང་ཐུགས་ལྡན་སྤྲུལ་པ་རྒྱ་མཚོ་མ།། དྲག་པོ་འཇོམས་མཛད་བདུད་དཔུང་ཟིལ་གྱིས་གནོན།། འགྲོ་དྲུག་སྒྲོལ་མཛད་སེམས་ཅན་ཀུན་གྱི་མ།། བསྟན་པརྒྱས་མཛད་མ་ལ་ཕྱག་འཚལ་བསྟོད།། བདག་གི་ལུས ་ངག་ཡིད་གསུམ་བྱིན་གྱིས་རློབས། ། དེ་ནས་དཔལ་ལྷ་མོ་ལ་ལྔ་མ་ཡིན་གྱི་རྒྱལ་པོ་ཐག་ཟངས་རིས་ཀྱིས་དོན་དམ་པའི་སྒོ་ནས་བསྟོད་པ།། སྤྲོས་བྲལ་འོད་གསལ་ཡང་དག་ཞི་བའི་ངང་།། ཐུགས་ཀྱི་ཐུགས་མཆོག ་རྣམ་དག་བདེན་པའི་ཡུམ། ། གདོད་ནས་གཉིས་མེད་ནམ་མཁའི་སྙིང་པོ་ནི།། དཔལ་ལྡན་ཁྱོད་ཀྱི་རང་བཞིན་ཁྱད་པར་གསལ།། འདི་ལྟར་རྣམ་དག་བརྗོད་མེད་ངོ་བོ་ལ།། བྱིས་པ་རྣམས་ཀྱིས་བསྟོང་བ་བྱེད་པ་ལྟུང་། ་ཐུན་པོ་རྣམས་ཀྱིས་དངོས་པོར་རབ་བརྟགས་ནས།། གཟུགས་ཅན་ཚུལ་དུ་གང་ཞིག་བསྟོད་པའི་ཚིག། རྒྱལ་བའི་དོན་སྤངས་ཐུགས་ཆུང་ཁྱོད་ཉིད་ལ།། ཚིག་དང་ཡི་གེའི་སྒོ་ནས་བསྟོད་པ་རྣམས།། ནམས་ཀྱང་གྲོལ ་བར་འགྱུར་བའི་ཆོས་ཉིད་མིན། ། གདོད་ནས་གཉིས་མེད་བདེ་ཆེན་མ་རྟོགས་པར།། ཁྱོད་ཀྱི་སྨོན་ལམ་རྟགས་ཀྱི་ཆོ་འཕྲུལ་ལ།། དེན་དུ་བཟུང་ནས་གང་ཞིག་བསྟོད་པ་རྣམས།། ཁྱོད་ལ་རྟེན་ནས་ཐམས་ཅད་ལྟུང་བར་འགྱུར།། ་གང་ཞིག་སྐྱེ་བ་མེད་པར་ཤེས་པ་དང་།། གདོད་ནས་གཉིས་མེད་སྙིང་པོ་བསྒོམ་ནུས་ན།། གང་ཟག་དེས་ནི་ཁྱོད་ཉིད་བསྟོད་པ་ཡིན།། ཁྱོད་ཀྱི་གཟུགས་དང་ཁ་དོག་འཛིན་པ་ཡིས།། བསྐལ་པ་གྲངས་མེད་འདས་པར་རབ་བསྡུས ་ཀྱང་། ། ཁྱེད་ཀྱི་གཟུགས་དང་ཁ་དོག་མཐོང་མི་ནུས།། གང་ཞིག་གཟུགས་སུ་མི་འཛིན་རྣམས་ཀྱིས་མཐོང་།། སྒྲ་དང་ཚིག་དང་བརྗོད་པ་ཐམས་ཅད་ཀྱིས།། ཁྱེད་ན་པོས་ཀྱང་བསྐལ་བར་མི་ཐོས་ཏེ།། འདི་དག་སྤངས་པར ་རྣལ་འབྱོར་དེ་ཡིས་ནི། ། ཁྱོད་ཀྱང་ཐོབ་ལ་དེ་ཡང་ཁྱོད་ཀྱིས་ཐོས།། གང་ཞིག་ལུས་ངག་དགེ་བས་ཁྱོད་བསྒྲུབ་པའི།། བླུན་པོ་དེ་ཡིས་ནམས་ཀྱང་ཁྱོད་ཉིད་སྤངས།། ལུས་ངག་སྤངས་པའི་སེམས་ཀྱིས་ཁྱོད་མཆོད་ནས།། མཆོད་ན ་དངོས་གྲུབ་དེ་ཡིས་སྟེར་ཐོབ་འགྱུར། ། ཁྱོད་ནི་རྒྱལ་བ་མང་པོའི་ཡོན་ཏན་སྡུད།། ཆོས་ཀྱི་དབྱིངས་ན་རྒྱལ་བ་རྣམས་དང་མངབ།། ཟབ་མོ་དབུ་མའི་རང་བཞིན་སྟོན་པའི་ཕྱིར།། མི་མཇེད་འཇིག་རྟེན་ཤིན་དུ་རྩུབ་པ་འདིར།། ཕྱི་རོལ ་ཚུལ་གྱིས་ཐམས་ཅད་འདྲེན་མཛད་མ། ། ཁྱོད་ཀྱི་སྐུ་ནི་འདི་ལྟར་རབ་རྟགས་པ།། སྒྲིབ་པ་མང་པོ་སྟོང་ཉིད་དང་དུ་གཤེགས།། སྟོང་ཉིད་དམ་པ་སྟོང་པ་ཡང་དག་ཁྱོད།། སྟོང་པ་གཉིས་མེད་ཤེས་པ་རྣམས་ཀྱིས་བསྟོད།། འདི་ལྟར ་བསྟོད་ན་བསྟོད་པར་འགྱུར་གྲང་བས། ། ཁྱོད་ནི་བསྟོད་པའི་ཡུལ་ཅན་མ་ཡིན་ཡང་།། བྱིས་པ་དྲང་ཕྱིར་དོན་ལ་འདི་ལྟར་བསྟོད།། དེ་ནས་ནམ་མཁའ་ལྡིང་གི་རྒྱལ་པོ་རྡོ་རྗེ་གསེར་མིག་ཅན་གྱིས་དཔལ་ལྷ་མོ་ལ་བསྟོད་པ།། དཔལ་ལྡན ་ལྷ་མོ་དཔག་པར་དཀའ་བའི་དོན། ། ཐབས་ཀྱི་ཆོ་འཕྲུལ་ནམ་མཁའི་མཁའ་ལ་སྤྱོད།། བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ།། སྒོ་གསུམ་རྡུལ་སྙེད་དབྱངས་ཀྱིས་ཕྱག་འཚལ་བསྟོད།། བདག་གིས་ཁྱོད་ནི་མཆོད་པས་མ ་བསླབས་ཀྱང་། ། དཔལ་ལྡན་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར།། འདོད་པའི་ཡོན་ཏན་མཁའ་ལ་ཆར་བབ་པས།། མཆོད་པའི་ཚོགས་འདས་དབང་པོ་རྒྱས་གྱུར་ཅིག། དཔལ་ལྡན་ཁྱོད་ནི་དགེ་སྡིག་དབང་པོ་སྟེ།། བདག་གི་ལུས་ངག་ཡིད ་ཀྱི་སྡིག་པའི་ཚོགས། ། ཁྱོད་ཀྱི་ཐད་དུ་འགྱོད་པས་རབ་བཤགས་ན།། ཐུགས་རྗེའི་ཤུགས་ཀྱིས་སྒྲིབ་པ་བྱང་བར་མཛོད།། ཁྱོད་ཀྱི་ཁྱད་པར་ཡོངས་སུ་འཕགས་པ་ནི།། འགྲོ་བའི་དོན་མཛད་བདག་དོན་ཕུན་སུམ་ཚོགས།། དགའ ་འཐུན་ཕྲག་དོག་མེད་པའི་སྤྲོས་པ་ནི། ། རྗེས་སུ་ཡི་རང་ཁྱོད་ཀྱི་རྒྱུད་ལ་འབུལ།། འདི་ལྟར་ཡོན་ཏན་ལྡན་པའི་སྐུ་མཆོག་ནི།། ནག་མོ་བཟང་མོ་འཇིགས་པའི་མཐུ་སྟོབས་ཀྱིས།། ཕྱོགས་བཅུ་དུས་གསུམ་ཀུན་དུ་འགྲོ་དོན་ལ། ་སྒྱུ་འཕྲུལ་དྲ་བའི་ཚུལ་གྱིས་བསྐུལ་བར་སྤོབས།། ཡང་དག་ཁྱེད་ཀྱི་ཡོན་ཏན་སྐུ་མཆོག་ནི།། གདུག་པ་འདུལ་ཞིང་བསྟན་པ་སྲུང་བའི་ཕྱིར།། སེམས་ཅན་ཟད་པར་མ་གྱུར་བར་དུ་ནི།། མྱ་ངན་མི་འདའ་བཞུགས་པར ་གསོལ་བ་གདབ། ། འདི་ལྟར་ཕྱག་འཚལ་མཆོད་ནས་བཤགས་པ་དང་། རྗེས་སུ་ཡིད་རང་བསྐལ་ཞིང་གསོལ་བཏབ་ནས།། དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ཏེ།། ཐམས་ཅད་ཚོགས་རྫོགས་བྱང་ཆུབ་ཆེན་པོར་བསྔོ།། དེ་ནས ་དཔལ་ལྡན་ལྷ་མོ་ནག་མོ་ལ་ནམ་མཁའི་ལྷ་བྲུན་རྣམས་ཀྱིས་བསྟོད་པ། ། བསྐལ་བ་མེ་ལྟར་འབར་བའི་ཀློང་དཀྱིལ་ན།། རླུང་ནག་དགུ་པའི་ཀློང་འཁྱིལ་ཕོ་བྲང་ནས།། མ་ཅིག་འདོད་པའི་ཁམས་ཀྱི་དབང་ཕྱུག་མ།། བདུད་ཀྱི་ཡུམ་ལ ་གཤིན་རྗེའི་ལྕམ་ཅིག་མ། ། དཔལ་ལྡན་ལྷ་མོ་ནག་མོ་རེ་མ་ཏི།། ནག་མོ་ཟ་བྱེད་རྔམ་པའི་མཆེ་བ་ཅན།། མཐིང་ནག་གཅེར་བུ་ཁྲག་གི་རལ་པ་ཅན།། ཁྱོད་ཀྱི་སྐུ་མདོག་ནག་མོར་བཞུགས་པ་ནི།། དོན་དམ་དབྱིངས་ལ་བསྐྱོད་པ་མེད་པའི ་རྟགས། ། དབུ་སྐྲ་གཡས་ནས་གཡོན་དུ་འཁྱིལ་བ་ནི།། ཡུམ་གྱི་མཁའ་ལ་སྤྲུལ་པ་འགྱེད་པའི་རྟགས།། དབུ་གཙུག་རལ་པ་གཅིག་ཏུ་ལཁྱིལ་བ་ནི།། དོན་དམ་དགོངས་སྤྱོད་གཅིག་ཏུ་མཛད་པའི་རྟགས།། རལ་བའི་གསིབ་ནས་མེ ་རྟག་འགྲོ་བ་ནི། ། ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་རྟགས།། དབུལ་ཐོད་རྣོན་ཕྲེང་བབཅིངས་པ་ནི།། ཐུ་བརྗེས་སཱལ་སུས་འགྲོ་དོན་མཛད་པའི་རྟགས།། གཡས་ན་སེང་གེ་མཆོད་པ་ནི།། སྨན་མོ་ཐམས་ཅད་ཟིལ་གྱིས ་གནོན་པའི་རྟགས། ། གཡོན་ནི་སྦྲུལ་མགོའི་གདེངས་ཀ་འབྱར་བ་ནི།། ཞེ་སྡང་མ་སྤངས་དབྱིངས་སུ་དག་པའི་རྟགས།། སྙན་ཆག་སེར་གྱི་དྲིལ་བུ་འཁྲོལ་བ་ནི།། སངས་རྒྱས་ཀུན་ལ་བསྙེན་སྒྲུབ་བྱེད་པའི་རྟགས།། སྨན་རྩ་དམར་ལ ་སྡང་མིག་བགྲང་བ་ནི། ། སྲིད་གསུམ་རྣལ་འབྱོར་དམ་ཚིག་བྱར་བྱེད།། ཞལ་གྱི་དྲག་པོ་ཧེ་མ་ཁྲང་གདེངས་པ་ནི།། བསྟན་པ་འཇིག་པའི་རུ་དྲ་སྒྲོལ་བའི་རྟགས།། རྡོ་གདུག་མཆེ་བཟུར་གསུམ་གཙིགས་པ་ནི། བསྒྲལ་བའི ་ཞིང་བཅུས་ལ་སྒྲོལ་བའི་རྟགས། ། སྐུལ་ཞིང་ལྤགས་གཡང་གཞི་གསོལ་བ་ནི།། ཡང་དག་ཆོས་དང་དོན་དང་ལྡན་པའི་རྟགས།། གླད་ཆེན་ཀོ་རློན་སྣམ་ཕྱེད་དཀྲིས་པ་ནི།། ཐེག་པ་མཆོག་གི་དོན་དང་ལྡན་པའི་རྟགས།། རེ་ལྡེ་ནག་པོས ་སྔམ་བྱེད་དཀྲིས་པ་ནི། ། འཇིག་རྟེན་འདིན་ཆེ་བཙན་ལྡན་པའི་རྟགས།། ལྟེ་བ་ཁུང་ནས་ཉི་མ་འཆར་བ་ནི།། སྡུག་བསྔལ་རྒྱ་མཚོ་གཏིངར་ནས་སྐེམས་པའི་རྟགས།། སྤྱི་བོ་གཙུག་ནས་ཟླ་བ་འཆར་བ་ནི།། དུག་གསུམ་མ་རིག་མུན ་བསེལ་བའི་རྟགས། ། ཞབས་ལ་དབང་གི་ལྕགས་སྒྲོག་འཁྱིལ་བ་ནི།། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རྟགས།། ཕྱག་གཡས་ཤད་ལང་ནག་པོ་བསྣམས་པ་ནི།། སྡུག་བསྔལ་སྐྱེ་ཤི་རྩད་ནས་གཅོད་པའི་རྟགས།། ཕྱག ་གཡོན་ཐོད་རློན་དམར་ཆེན་འཐུང་བ་ནི། ། འཁོར་བའི་སྡུག་བསྔལ་ཁྲག་ལྟར་འཐུང་བའི་རྟགས། བོར་བུགཔ་པ་བྱིན་ཕྱོགས་ཞོན་པ་ནི་། ལོག་པར་ལྟ་བའི་སེམས་ཅན་སྒྲོལ་བའི་རྟགས།། སྲིན་པོའི་ཨག་མས་སྔ་རུ་བྱས་པ་ནི།། སྲིན་ཡུལ ་ལང་ཀ་བུ་ར་འདུལ་བའི་རྟགས། ། སྤྲུལ་ནག་ཆུན་པོས་གོང་སྦེད་བྱས་པ་ནི།། ཞེ་སྡང་དབང་གིས་བགེགས་རིགས་འཇོམས་པའི་རྟགས།། རུས་སྦལ་ནག་པོའི་ཕེག་བུ་བཏང་བ་ནི།། ཀླུ་བདུད་ནག་པོ་དམ་ལ་བཏགས་པའི ་རྟགས། ། སྔ་ཤ་གཡས་པ་བདུད་ཀྱི་ཁྲིམ་པ་མ་ནི།། དམ་ཚིག་ཉམས་པ་ཁྲམ་ལ་འདེབས་པའི་རྟགས།། བྱི་ཤར་ནད་ཀྱི་རྒྱལ་པ་བཏགས་པ་ནི།། བསྟན་པ་འདི་ལ་གནོད་པའི་དགྲ་བོལ།། ནདཀ་འབེབས་ཤིང་དལ་ཁ་སྦྱར་བའི ་རྟགས། ། དོན་དམ་བཅུད་ཀྱི་རྟགས་སུ་ཞག་གི་ཟེར་རིས་བཏང་།། ཐུགས་རྗེ་ཆགས་པའི་རྟགས་སུ་རག་ཏའི་ཐིག་ལེས་བརྒྱན།། འདུལ་བྱེད་ཕྲིན་ལས་རྟགས་སུ་ཐལ་བའི་མཚན་མས་བཏབ།། མ་མོ་འབུམ་ཕྲག་བྲིན་དུ ་འཁོལ་བ་ནི། ། ཁམས་གསུམ་ཁྱབ་པར་ཕྲིན་ལས་མཛད་པའི་རྟགས།། མ་ཅིག་ཁ་ནས་མེ་འབར་རྒྱ་མཚོ་སྐེམས།། ལག་ན་རྡོ་རྗེ་འཕྱར་བས་རི་རབ་ཚེག་བོར་འཕེན།། བདག་གིས་བརྩོན་པར་ལྷ་མོ་ཁྱོད་ལ་བསྟོད།། དེ་ནས་ཡང། ་གཤིན་རྗེན་ག་པོས་དཔལ་ལྷ་མོ་ལ་ཆེ་བའི་ཡིན་ཏན་གྱི་སྒོ་ནས་བསྟོད་པ།། ལྷ་མོ་དཔ་ལ་ལྡན་མཔར་བགྲོན་ག་མ་ཁྱོད་ལན།། ན་དུ་ཏིལ་མར་བྱས་བྱུགས་ལན་ཕྲག་ཅགས་།། ཉན་ནས་བསྙུངས་ཤིང་མལུག། ་མང་པོ་འཆང་བྱེད་མ།། རྒྱུན་དུ་རྐང་སྒྲོགས་ལྕགས་ལ་བྱས་པ་གཅིག་གིས་རྐང་ལ་མཛེས་པར་བརྒྱན་པ་སྟེ།། མཚན་མོ་བོང་བུ་ཞོན་ནས་འགྲོ་བ་དེ་ནི་ནག་མོ་ཁྱོད་ཉིད་ཡིནི་པར་ཤེས།། རལ་བས་བདག་ཉིད་མཛེས་པར་བརྒྱན ་ཁྱོད་ཀྱི་སྤྱོད་པ་མཚོ་ཆེན་དོན་དག་སུ་ཡིས་ཤེས། ། འཁོར་བ་འཛག་པའི་ཚེ་ན་མི་རུས་དག་ལ་ཁྲག་དང་ཞག་འཛག་དུབ་འཐུལ་པ་ན།། ནག་མོ་མཆེ་བ་མི་བཟད་ཁྱོད་ཀྱི་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་དུ་ཞུགས་པར་འགྱུར།། ་ལྷ་མོ་ལག་ན་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་གྲུབ་པའི་རྣལ་འབྱོར་ཅན་དུ་དུར་ཁྲོད་དགྱེས།། ཁྱོད་ནི་གཡོག་བཅས་མྱ་ངན་མེད་ཅིང་འཆི་བའི་འཇིགས་པ་མེད་པར་དྲིལ་བུའི་སྒྲ་ཡང་སྒྲོགས།། ཁྱོད་ནི་དཔའ་བོ་དག་གི་མགོ ་བཅད་གཡུལ་དུ་མཚོན་གྱིས་བསད་པའི་མགོ་ཕྲེང་ལག་ན་ཐོགས་ཤིང་གར་ཐབས་སྐོར་ཞིང་ལག་པ་བརྐྱང་བསྐུམ་ཆེ། ། རྐུབ་ཚེས་ཆེ་ལ་ཀླུ་དབང་ག་ཤིབས་པའི་སྐེ་རགས་བཅིངས་ཤིང་ལག་ན་མདུང་དང་བ་དན ་ཐོགས། ། ཁྲག་གི་ཆང་གིས་ར་རོ་མྱོས་ཏེ་མིག་རྩད་དམར་པོར་བྱས་ནས་མཚན་མོ་དུར་ཁྲོད་རྒྱུ་བ་འབྱུང་པོ་ཐལ་ཆེན་ཀུན་གྱིས་མཐོང་།། རྐང་པའི་གོས་ནི་ཀཽ་རློན་མཚན་པས་དྲངས་པས་སྣམ་གྱི་བྱེད་ནི་རེ་ལྡེས ་དཀྲིས། ། མི་ཡེ་རྒྱུ་མ་སར་པའི་སྦུབས་ཀྱིས་ཞལ་གྱི་ཟླ་བ་བརྒྱན་ཅིང་ཁྲག་དགག་གི་ཚེམ་བུས་ཐིག་ལེ་རབརྒྱན།། མི་ཡི་ཤལ་སོ་སོར་ཆེ་མཆེ་མ་ཐ་ཡིན་མི་རོ་དག་གི་ཅོད་པན་མགོ་ལ་བརྒྱན་པ་སྟེ།། བདག་ལ་སྐྱོབ་པ ་དྲག་མོ་མི་ཤ་ཐེགས་པ་ཁྱོད་ནི་སྔ་ནས་མ་མཐོང་གཟོད་མཐོང་ན། ། བདུད་དང་སྲིན་མོ་མ་མོ་རྣམས་ཀྱང་མིག་རྩ་རིག་རིག་ངས་ཞིང་ཁྱོད་ལ་འདུད།། ལྷ་མོ་བཟང་མོ་ལུས་མདོག་གནག་ཅིང་བཟོད་པར་དགའ་བ་ཁྱོད་ལ་བརྒྱ། ་བྱིན་ལ་སོགས་པས།། བསྟོད་པ་བྱེད་པའི་གཤིན་རྗེའི་རྒྱལ་པོ་ཉིད་ཀྱང་རྟག་ཏུ་འདུད།། ལྡན་མས་དང་ནི་འགྲོ་བ་མ་ལུས་མཇུག་བཏུལ་བས་ན་ན་པ་ཡ་གཅིག་ལ།། བྲང་གིས་འགྲོ་བ་སྦལ་མགོ་གདེངས་ཀ་སྟོང་དང་ལྡན ་འང་གཅིག་གིས་རྒྱབ་ནས་རྒྱན་དུ་བྱས། ། ཡ་གཅིག་ལ་ནི་སེང་གེ་མཚུངས་མེད་ཐོགས་ཤིང་རྒྱ་མཚོ་སྐོར་ཞིངས་གཞི་གནོན་པས་སྟེང་གི། ཕྱོགས་ནས་རྩུ་བའི་ཉིམ་ཟླ་བ་ལྷ་མོ་ཁྱོད་ཀྱི་སྟེ་ནས་འཆར་ཞིང་སྲིད་གསུམ ་ཟིལ་གྱིས་གནོན། ། རྒྱ་མཚོ་ཀློང་ནས་མེ་འབར་ཆུ་རྣམས་སྐེམས་པར་བྱེད་པར་ནུས་པའི་བུད་མེད་ཐམས་ཅད་ཞི་མཛད་མ།། ལྷ་ཆེན་སྐུ་དང་འཚམ་པར་བཞུགས་པའི་དཀའ་བཟློག་ནག་མོ་མི་ནད་ཐུགས་ནང་ཀུན་ལ ་འཇིགས་པ་མེད། ། མ་གཅིག་ཁྱོད་ཉིད་ལ་ནི་བདག་ནི་གུས་པར་ཕྱག་འཚལ་མཆོད་ཅིང་བསྟོད་པར་བགྱི།། དེ་ནས་དཔལ་ལྷ་མོ་ནག་མོ་ལ་བྲམ་ཟེ་མཆོག་སྲེད་ཀྱིས་ཀུན་རྫོབ་ཀྱི་བདེན་པ་བརྟེན་པར་བསྟོད་པ།། མ་ཅིག ་ལྷ་མོ་དཔལ་ལྷ་མོ། ། རྡོ་རྗེ་ལྷ་མོ་ནག་མོ་ཆེ།། མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད།། བདག་གི་བཙུན་པར་ཁྱོད་བསྟོད་ཀྱིས།། བཀྲ་ཤིས་མཆོག་གྲུབ་སེམས་གཏེར་གནས།། ཡིད་མྱུར་གཟུགས་ཆེན་ཀུན་དུགགྶ། ་མ་མོར་གྲགས་ཤིང་འཇིག་རྟེན་སྐྱོང་།། དཔལ་བརྟུལ་དྲག་སྤྱོད་བརྩོན་འགྲུས་ཆེ།། འཐབ་མོ་གཡུལ་ལས་རྟག་ཏུ་རྒྱལ།། གཤིན་རྗེའི་སྲིང་མོ་ཡིན་པར་བསྟོད།། གོས་སུ་དར་གོས་སྔོན་པོ་གསོལ།། སྡུག་དང་མི ་སྡུག་ཆ་ལུགས་འཆང་། ། སྨན་མིག་མཐོང་ན་མི་སྡུག་ཀུན་དུ་སྡང་།། དད་ཅིང་ཚོགས་པའི་མི་རྣམས་སྡུད།། རེས་འགའ་རི་བྲག་ཟབ་མོར་གནས།། རེས་འགའ་ཚལ་དང་ཤིང་ལ་གནས།། རེས་འགའ་དུར་ཁྲོད་དབུས ་ནི་གནས། ། ལྷ་མོའི་གནས་རྟེན་དེ་རུ་འཆའ།། གནས་དེ་རཾ་དེང་ཚལ་དགན་དུ།། རྟག་དུ་ལྷ་མོ་ཁྱོད་བསྟོད་ན།། དེསས་དགོངས་པ་སྐོང་བར་བྱེད།། བདག་གིས་རྟག་ཏུ་བསྟོད་བྱས་ན།། བདག་གི་བསམ་པ་གྲུབ་པ ་མཛོད། ། རྨ་བྱའི་སྒོ་ལ་རྒྱལ་མཚན་བྱས།། གང་ཞིག་རྟག་བསྟེན་སྲུང་བར་བྱེད།། གནག་ལུག་ཕྱུགས་རྣམས་འཕེལ་བར་བྱེད།། སེང་གེ་སྟག་དང་སྤྱང་གི་ཡིས།། རྟག་ཏུ་ཀུན་ནས་བསྐོར་ནས་ཀྱང་།། རྡོ་རྗེ་དྲིལ་ཆེན ་སྙན་པར་སྒྲོགས། ། བྱིན་ཏེ་དྲིལ་ཆེན་སྙན་པར་སྒྲོགས།། ལན་འགའ་ལག་ན་ཏྲི་ཤུལ་ཐོགས།། ལན་འགའ་ཉི་ཟླའི་རུ་མཚོན་འཕྱར།། མར་གྱི་ཚེས་དགུ་བཅུ་གཅིག་ན།། དེ་ཡི་དུས་སུ་མཆོད་བྱས་ན།། ལྷ་མོ་ཁྱོད་ལས་ལྷག་པ ་མེད། ། བདུད་འདུལ་ལྷ་མིན་སྲིང་མོར་སྟོན།། དགྲ་དང་འཐབ་ཚེ་རྒྱལ་བར་བྱེད།། བུད་མེད་ནང་ན་མཆོག་ཡིན་ཏེ།། ཚིག་དབང་འཇིག་རྟེན་མགོན་པོ་འདྲ།། རྒྱལ་པོའི་ཁབ་ན་པད་མ་འདྲ།། ཞལ་བཟངས་ཟླ་བ་ཉ་བ་འདྲ།། ཆུ་ལ་རྒལ ་ན་གྲུ་ཟམ་འདྲ། ། ཕོངས་པ་རྣམས་ཀྱི་གཉེན་བཤེས་འདྲ།། ལྷ་དང་ལྷ་མིན་གཡུལ་འགྱེད་ཚེ།། ལྷ་མོ་ཁྱོད་ཀྱི་ལྟེ་བ་ལ། ལྷ་རྣམས་ཀུན་གྱི་རྫོང་བཅས་ནས།། ལྷ་དམག་དཀར་པོ་རྒྱལ་བར་བྱས།། ལྷ་མ་ཡིན་རྣམས་ཕམ་པར ་བྱེད། ། ལག་ན་མདུང་དམར་ཆེམས་སེ་ཆེམས།། རུ་མཚོན་བ་དན་མེ་ལྟར་འབར།། དགྲ་འདུལ་གཡུལ་ཟློག་ཁྱེད་ལ་བསྟོད།། དེ་ནས་དྲང་སྲོང་ཆེན་པོ་ཀཽཎྜི་ནྱས་དཔལ་ལྷ་མོ་ལ་དཔེ་བྱད་ཀྱི་སྒོ་ནས་བསྟོད་པ།། འཇིག་རྟེན་གཙེ་ལ ་རྟག་ཏུ་གུས་ཕྱག་འཚལ། ། མི་རྣམས་ནང་ན་ཁྱོད་ནི་རྟག་ཏུ་མཆོག་ཡིན་ཏེ།། འཇིག་རྟེན་གསུམ་པོ་ཐམས་ཅད་ཁྱོད་ལ་བསྟོད།། བྱད་བཞིན་སྡུག་མཛེས་ཀུན་གྱིས་བལྟ་བར་མོས།། ཡོན་ཏན་རྣམ་པ་སྣ་ཚོགས་ལུས་རབ་བརྒྱན།། ་མིག་ཡངས་འདམ་སྐྱེས་སྔོན་པོའི་མདབ་མ་འདྲ།། བསོད་ནམས་ཡེ་ཤེས་སྣང་བ་གྲགས་པས་བརྒྱན།། དཔེར་ན་རིན་ཐང་མེད་པའི་ནོར་བུ་འདྲ།། དེང་བདག་པད་མོ་ཁྱོད་ལ་བསྔགས་པས་ཀྱང་།། སེམས་ལ་བསམ་པ་ཐམས ་ཅད་འགྲུབ་པར་འགྱུར། ། ཡང་དག་ཡེ་ཤེས་གྱ་ནོམ་བཀྲ་ཤིས་པ།། པད་མ་ལྟ་བུར་ཤིན་ཏུ་རྣམ་པར་དག། ལུས་མདོག་རབ་མཛེས་ཀུན་གྱི་ལྟ་བར་མོས།། མཚན་མ་ཡོན་ཏན་རྣམ་པ་སྣ་ཚོགས་བརྒྱན། དྲི་མེད་ཡེ་ཤེས་རྣམ་དས ་རབ་མཛེས་པ། ། དྲན་པ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར།། ཅི་ལྟར་སེང་གེ་གཅན་ཟན་མཆོག་གྱུར་བཞིན།། བསྔགས་བསྟོད་ཚིག་ནི་འདི་ལས་འབྱུང་བ་ཡིས།། བསམ་པའི་དངོས་པོ་ཐམས་ཅད་གྲུབ་པར་ཤོག་ཅེས་བསྟོད་དོ།། དེ་ནས ་དཔལ་ཕྱག་ན་རྡོ་རྗེས་འདུས་པ་རྣམས་ལ་བཀའ་སྩལ་བ། ། ཁྱེད་ཀྱིས་དཔལ་ལྷ་མོ་ལ་བསྟོད་པ་ལེགས་སོ།། ད་ཡང་བསྟོད་པ་འདི་དག་གི་དོན་བསྒོམས་ཤིག། ཡིད་ལ་རྟག་ཏུ་ཟློས་ཅིག། ལྷ་མོ་འདི་ལ་བསྟོད་པ་ནི་ངལ་བསྟོད་པ་ཡིན་ནོ།། ་སངས་རྒྱས་ཐམས་ཅད་ལ་བསྟོད་པ་ཡིན་ནོ།། ལྷ་མོ་དེས་ཀྱང་མི་འདི་སྲུང་བར་བྱེད་དོ།། སྐྱོབ་པར་བྱེད་དོ།། ཅི་འདོད་པའི་དངོས་གྲུབ་སྟེར་རོ།། ཞེས་བཀའ་སྩལ་པ་དང་། འཁོར་དེ་རྣམས་རབ་ཏུ་དགའ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ ་ལ་རྒྱན་གྱི་ཆར་ཆེན་པོ་ཕབ་ནས་སོ་སོའི་གནས་སུ་འཁོད་དོ། ། བསྟོད་པའི་རྒྱལ་པོའི་རྒྱུད་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཤྲཱི་དེ་བི་ཀཱ་ལི་ཨཥྚ་ཤ་ཏ་ཀ། བོད་སྐད་དུ། དཔལ་ལྷ་མོ་ནག་མོའི་མཚན ་