| Wylie | e-texts produced with BDRC’s OCR application |
སྔགས་པས་བསྒྲུབ་བྱའི་སྔགས་བལྟས་ལ་དུས་གསུམ་དུ་བརྒྱད་བརྒྱ་བཟླས་པ་བྱའོ།། ཇི་ལྟར་རྙེད་པའི་བཅོམ་ལྡན་འདས་མ་ནོར་རྒྱུན་མའི་གཟུངས་ཀྱི་རྟོག་པ། རྫོགས་སྷོ།། །། @།། རྒྱ་གར་སྐད་དུ། ་ཤྲཱི་མ་ཧཱ་ཀཱ་ལ་ཏན་ཏྲ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་རྒྱུད། དབང་གི་རྟ་མཆོག་སྐུ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཤར་ལྷོའི་དུར་ཁྲོད་ཆེན་པོ་ཧ་ཧ་དྲག་ཏུ་རྒོད་པའི ་གནས་ཤིང་ཙན་དན་གྱི་ནགས་ཚལ་རབ་ཏུ་དགའ་བའི་མིང་ཞེས་བྱ་བ་མི་མ་ཡིན་ཕོ་མོ་མང་པོ་འདུས་པའི་ཕོ་བྲང་དུ། དཔལ་ནག་པོ་ཆེན་པོ་ཞེས་བྱ་བ་བི་ནཱ་ཡ་ཀ་ལ་སོགས་ཏེ། དེ་ཚལ་བར་གདུགས་པ་ཅན ་རྣམས་ཀྱི་དབུས་ན་སྐྱེས་འགྲོ་སེམས་ཅན་རྣམས་ཀྱི་སྲོག་དབུགས་ལ་དབང་བྱེད་པའི་ནག་པོ་ཆེན་པོ་ཞེས་བྱ་བ་ཅིག་ཡོད་དེ། དེའི་ཚེ་དེའི་དུས་ན་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་མཐར་བྱེད་པའི་རྟའི་རྒྱལ་པོ ་ཞེས་བྱ་བ་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའི་འཁོར་གྱིས་བསྐོར་ཏེ། དྲེགས་པ་ཅན་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ལྗགས་ཀྱུའི་ཕྱག་རྒྱ་བཅས་ནས། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་ཧཱུ~ཾ་བཧཱུཾ་ཧྲལ་ཧུ་པྲ་དྷཱུ ་ཞེས་བརྗོད་པས། དུར་ཁྲོད་ཧ་ཧ་དྲག་དུ་རྒོད་པའི་གནས་ནག་པོ་ཆེན་པོ་རང་དབང་མེད་པར་མཐར་བྱེད་རྟའི་རྒྱལ་པོའི་མངོན་དུ་བྱུང་སྟེ་ལས་ཅི་བྱ་ཟེར་ཞིང་རང་རྟགས་སྲོག་གི་སྙིང་པོ་འདི་མདོངས་གསོལ་དུ་ཕུལ་བ། ཨོཾ་བཛྲ ་མ་ཧཱ་ཀཱ་ལ་ཀྵི་ཀྵེ་ཏྲ་པིགྷ་ནན་བི་ནཱ་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་ཞེས་ཕུལ་ལོ། ། དཔལ་ནག་པོ་ཆེན་པོའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་རྒྱལ་པོ་མིག་མི་བཟང་གིས་མཐར་བྱེད་རྟའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ་སྩལ་ཏོ།། ཨེ་མ་པད་མ་ཁྲོས་པའི་བདག། ནག་པོ་ཆེན་པོ་དྲག་ཤུལ་ཅན།། གསང་པའི་སྒྲུབ་པ་བཤད་དུ་གསོལ།། མགོན་པོ་བསྒྲུབ་པར་བྱ་བ་གང་།། གསད་ཅིང་ལུས་སྲོག་དབྱེ་བ་དང་།། མ་གྲུབ་ཤིས་བསྟན་པ་དང་།། མགོན ་པོའི་རྟགས་དང་སེར་བ་རྣམས། ། རྟ་མཆོག་ཆེན་པོས་བདག་ལ་གསོལ།། ཞེས་ཞུས་པས་དེ་ནས་པད་མ་ཁྲོས་པ་ཡིས།། ནག་པོའི་སྒྲིབ་ཐབས་ཆེད་དུ་བརྗོད།། དམ་ཚིག་ལྡན་པའི་སྔགས་པ་ཡིས།། སངས་རྒྱས་བསྟན་པ ་སྲུང་སྐད་དུ། གཟའ་གང་ཆེས་གྲངས་ཤིས་པ་ལ།། དུར་ཁྲོད་ལ་སོགས་ཤིང་གཅིག་ཏུ།། བསོད་ནམས་ཚོགས་ནི་བསགས་བྱས་པ།། ནག་པོ་ཆེན་པོ་བསྒྲུབ་པར་བྱ།། ཕུང་པའམས་ནག་དག་ལ་ནི།། སྟེགས་བུ་རྫ ་བནི་བྱས་ནས་ནི། ། དྲི་སྲས་ཁྲག་གས་ཆག་རྫག་བྱ།། དབུས་སུ་གྲུ་ག་སུམ་ཐལ་མལྡན།། བྷི་ལ་པད་མའདབ་བརྒྱད་བྲི།། དེ་དབུས་ཐོད་དེན་ནང་དུ་ནི།། ཤ་ལཱ་སྙི་རྫས་བརྒྱན་པའི།། གཏོར་མ་བ་ཤོས་བུ་ཞུག་ང་། ་དེ་ལ་མདའ་གཟུགས་དམར་ནག་དང་།། གྲི་སྙིང་རྩ་ཀ་ལི་ཡང་གཟུགས།། དེ་ཉིད་མགོན་པའི་རྟེན་དུ་བཞག། ཌ་མ་རུའི་ལྤགས་པའི་ནང་།། མགོན་པའི་སྲོག་སྔགས་བྲི་བར་བྱ།། ལྔའི་ནང་དུ་བླ་རྡོས་དྲིལ།། བོས་དང་རྐུན་གདོང་། ་གཏང་བར་བྱ།། དཀོན་མཆོག་སྤྱིལ་མཆོད་པ་བཤམ།། དེ་ནས་པད་མར་བདག་བསྒོམས་ལ།། ཐུགས་ཀའི་སྐྱི་ལས་འོད་འབྲོས་པས།། བླ་མ་སངས་རྒྱས་ལ་སོགས་པ།། རང་གི་མདུན་དུ་བསམ་བྱས་ལ།། མཛོད་པ་རྣམ་ལ ་དབུལ་བར་བྱ། ། རྣམ་དག་བདུན་གྱི་འོག་ཏུ་ནི།། ཚད་མེད་བཞི་པོ་བསྒོམ་པར་བྱ།། བཏང་སྙོམས་ལ་སོགས་པ་རི་ཏྲི།། པད་སྟེངས་ཡི་གེ་ཧཱུཾ་ལས་ནི།། ནག་པོ་ཞལ་གཅིག་ཕྱག་དྲུག་པ།། གྲི་གུག་ཕྲེང་བ་ཌ་མ་རུ།། ཐོད་པ་མདུང ་དང་ཞགས་པ་བསྣམས། ། གཡས་གཡོན་རིམ་པས་བསྣམས་པའོ།། སྤྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན།། སྐུ་སྨད་པ་ཏི་ཁྲ་བོ་གསོལ།། སྟེགས་ལྤགས་ཞིང་གི་ཤམ་ཐབས་ཅན།། གཏུམ་པོ་སྤྱན་གསུམ་མཆེ་བ་གཙིགས།། ་དཔྲལ་བར་དྲིའི་ཐིག་ལེས་བརྒྱན།། སྤྱི་གཙུགས་མི་བསྐྱོད་སྦྲུལ་སྐུ་བརྟེན།། དེ་ལྟར་བདག་མདུན་གསལ་བསྒོམས་ནས། སྤྱན་དྲངས་མཆོད་དང་བཟླས་པ་བྱ།། གཏོར་མ་པཱུ་ཛ་ལ་སོགས་པས།། ནག་པོ་ཆེ་ལ་སྦྱིན་པར་བྱ།། ་མན་པའི་ཐུགས་ཀའི་སྤྲུལས་ན།། མུགས་མིགས་ག་ས་སེནས་པཟླང་།། ཁ་གཤེས་བཟླས་པ་བྱ།། མ་བརྣམ་རྣས་བགྷྣཱནན་པན་པ་།། དེམྦྷ་ཅེས་ནི་བརྗོ་པས།། ན@ ་པའི་རྟགས་རྣམས་འབྱུང་། ། དཔལ་ནག་པོ་ཆེན་པོའི་རྒྱུད་ལས་བསྟེན་ཅིང་བསྒྲུབ་པའི་ལེལ་སྟེ་གཉིས་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། སངས་རྒྱས་བསྟན་པ་པཤིག་པ་དང་།། རྣལ་འབྱོར་པར་ཆད་བྱེད་པ ་རྣམས། ། ནག་པོ་ཆེན་པོས་བསྒྲལ་འདོད་ན།། སྟེགས་བུ་གྲུ་བཞི་བྱས་ནས་ཀྱང་།། དྲག་པོ་ཨེ་ཡི་ནང་དུ་ནི། ཕོ་མོ་རབས་ཆད་ཐོད་པའི་ནང་།། གཟུགས་ནི་སྤྲ་ཚིལ་དག་ལ་བྱ།། མིང་རུས་དག་ནི་བཀོད་ནས་ཀྱང་།། ་གསང་དང་ན་བསྐབས་དང་སྦྱར།། མགོན་པོའི་མ་དང་དམ་རྫས་རྣམས།། ཁ་དང་ཁ་ལ་དགོད་པར་བྱ།། བག་ཟོད་ནང་དུ་བྲན་རྫས་བླགས།། རྟག་གཏོར་གྱུར་གཏོར་གཡས་དང་གཡོན།། གསང་སྔགས་འདི་ཡིས་གསང ་བྱ། ཨོཾ་བཛྲ་མ་ཧཱ་ཀཱ་ལཀྵི་ཀྵི་ཏྲ་བི་གྷ་ནན་བི་ནཱ་ཡ་ཀ་ཧཱུཾ་ཧཱུཾ་ཕཊ།། ཨོཾ་མ་ཧཱ་ཀྵ་ལ་ཡ་ཤཱ་ས་ན་ཨ་པ་ཀ་རི་ཎེ་ཥ་ཨཱ་པ་ཥྚི་མ་ཀྵ་ལོ་ཡཾ་ཨེ་ད་ར་ད་ན་ཏྲ་ཡ་ཨུ་པ་ཀ་རི་ཎེ་ཡ་དཱི་པྲ་ཏིཛྙཱསླྀ་རི་ས་ཏདྷཱ་ཨི་ད་དུཥྚ་ན་ཁ་ཁ་ཁཱ་ཏི་བཱ ་ཧི། མཱ་ར་མཱ་ར་ཋིཪྵ་གྲིཧྞ། བན་དྷ་བན་དྷ། ཧ་ན་ཧ་ན། ད་ཧ་དཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་དགྲ་བོ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་བི་ནཱ་ཡ་ཀ་བི་ལ་ས་ཏྲ་བི་ཏྲི་ཧཱུ་ཛ་སི་མ་བུ་བི་ནཱ་ཡ་ཀཾ་ཨ་མུ་ཀ་པྲེ་སྲོག་ཧུར་ཐུམས་ཛ་མཱ་ར ་ཡརྦད། ། དྲག་སྔགས་བཟླས་ཤིང་ཐུན་གྱིས་ཟབ།། ཞག་བདུན་པར་དུ་སྒྲ་མི་བྱ།། དེ་ལ་རྟགས་རྣམས་རྫོགས་པར་འགྱུར།། དཔལ་ནག་པོ་ཆེན་པོའི་རྒྱུད་ལས་ལུས་སྲོག་དབྱེ་བའི་ལེའུ་སྟེ་གསུམ་པའོ།། ་དེ་ནས་ཡང་དག་བཤད་བྱ་བ།། ལས་མཐའ་སྦྱིན་སྲེག་དག་གིས་བཏུལ།། གྲུ་གསུམ་དབུས་སུ་གདུག་པའི་ཤིང་།། དབུས་སུ་ནག་པོ་འཁོར་བཅས་བསྐྱེད།། ལིང་ཀ་གཏོར་མ་དམ་རྫས་རྣམས་དང་། ནག་པོའི་ཞལ་དུ ་དཔྲལ་བར་བྱ། ། སྔགས་འདི་བཟླས་ཤིང་བསྲེག་པར་བྱ།། ཨག་ནེ་ཛྭལ་ར་ལས་རྫོགས།། ཐལ་བ་རླུང་དམར་དག་ལ་བསྐུར།། ཨ་མོ་གྷ་ནི་མྱུར་དུ་ཀློག། དཔལ་ནག་པོ་ཆེན་པོའི་རྒྱུད་ལས་མཐའ་བརྟུལ་བའི་ལེའུ་སྟེ ་བཞི་པའོ། ། །། དེ་ནས་ཡང་དག་བཤད་བྱ་བ།། དེ་ལྟར་བསླབས་ཀྱང་མ་གྲུབ་ན།། གཅིག་དང་གཉིས་ལ་ནན་ཏན་བསྐྱེད།། དེ་ལྟར་བྱས་ཀྱང་མ་གྲུབ་ན།། ས་གསུམ་ཁྲག་གསུམ་དུག་གསུམ་ལ།། ཁྲུ་གང་བའི ་། ། ཐུག་པ་མ་། ། ཀྵཱ། སྐས་ད་། 5་། ས་སྤྱ་ས་ཤཱ་རྫུན ་ཅིད་སྔགས་འདི་བནས། ། ཨོཾ་བཛྲ་ག་དྷཏ་མ་ཀྵི་བ་དྷ་ལས་མ་རྣཾས་ཡ་ཧཱུ~ཾ)་ས་ནཱ་བ་ནན་ནྟ་ཥྚྲཱི་ཛྫ་ལ་ཀྵ་ཉྫས་འོ།། དེག་བརྗོད་ཅིང་ལྡན་གྱིས་ཟག།། དེ་ལ་རྟགས་རྣམས་རྫོགས་པ་དང་ནས་གས ་ག་བྱ། ། ཟི་སུ་བླ་རྡོ་དམ་རྫས་རྣམས།། སྤོས་ཆུས་བཀྲུ་ཞིང་སྔགས་འདི་བཟླས།། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵི་ཀྵེ་ཏྲ་བིགྷ་ནན་བི་ནཱ་ཡ་ཀ་ཧཱུཾ་ཧཱུ~ཾ་ཕཊ་སོས་སོས་སྭཱ་ཧཱ།། དེ་སྐད་བྱས་ལ་གནས་སུ་ནི།། མགོན་པོའི་གཟུགས་ཀྱང ་སྤོས་ཆུས་བཀྲུ། ། གྲུ་གསུམ་དབུས་སུ་བླངས་བྱས་ལ།། དགྲ་བོའི་མིང་རུས་སྙིང་ཁར་གཞུག། ཞག་བདུན་བསྒྲུབས་ལ་དགྲ་ལ་བསྐྱལ། ཨ་མོ་གྷ་ནི་མྱུར་དུ་བཀླག། དཔལ་མགོན་པོ་ནག་པོའི་རྒྱུད་ལས་མ་གྲུབ་ན ་སྤོགས་པའི་ཆོ་ག་དང་གསོ་བའི་ལེའུ་སྟེ་ལྔ་པའོ། ། །། དེ་ནས་ཡང་དག་བཤད་བྱ་བ། བྱ་ནག་འཕུར་ཞིང་ལྡིང་བ་དང་།། མོན་པ་ཨ་ཙ་ར་དང་ནི།། དགེ་བ་ཤེས་པན་དེ་སློབ་དཔོན་དང་།། འོད་དང་སྒྲ་དང་ཁང་པ་འཚེགས།། ་མགོན་པོའི་མུ་དག་དངོས་སུ་མཐོང་།། དགྲལ་དམག་དྲངས་སེམས་ཅན་བསད།། མི་ནག་བདག་ལ་སྙིང་སྟོབས་དང་།། མཛེ་བོ་དང་ནི་སྤང་པོ་དང་།། བྱ་ནག་ཐང་ལ་ལྟུང་བ་འབྱུང་།། དཔལ་མགོན་པོ་ནག་པོའི་རྒྱུད་ལས ་རྟགས་ཀྱི་རིམ་པའི་ལེའུ་སྟེ་དྲུག་པའོ། ། །། དེ་ནས་ཡང་དག་བཤར་བྱ་བ།། སེར་པ་དབབ་པའི་ལས་བྱན།། མོན་ནམ་མཛེ་ཅན་ཐོད་པ་རུ།། འཁོར་ལོ་རྩིབས་བཞི་བྲིས་ནས་ཀྱང་།། རིགས་ལྔ་ཀྵ་ཡིས་བོན་དགོད།། ་རྩིབས་མཚན་སེར་སྲུ་མིང་རུས་དང་།། ཡུལ་དུ་པོབ་ཅེས་བྱ་བ་བྲི།། དེ་མཐར་འཁོར་ལོ་རྩིབས་དགུ་ལ།། དྲེགས་པའི་སྔགས་དག་བྲི་བར་བྱ།། རྒྱབ་ཏུ་གང་ཡིན་ཡུལ་མིང་དང་།། རླུང་གི་སྙིང་པོ་བྲི་བར་བྱ།། བདག ་ཉིད་པད་མ་ཁྲོས་པར་བསྒོམ། ། གསང་སྔགས་འདི་ཡིས་གནད་ལ་བོར།། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵཾ་ཀྵེ་ཏྲ་བིགྷྣ་ནན་བི་ནཱ་ཡ་ཀ་ཧཱུཾ་ཧཱུཾ་ཕཊ། ནཱག་སྙིང་གཟེར། པུ་དུར་ཐུམས་ཛ་པྲོ་ཤར་ཧྲི་ལ་བྷྱོ།། དེ ་སྐད་ཅེས་ནི་རབ་བརྗོད་ལ། ། ཉུངས་དཀར་ཉུངས་ནག་སྐེ་ཚེ་དང་།། ཁྲག་དང་དུག་གིས་ཐོད་པར་བྲབ།། ལོ་འབྲས་རླུང་ཁྱེར་རྟགས་བྱུང་ན།། དགྲ་ཡི་ཡུལ་དུ་དབབ་པར་བྱ།། གལ་ཏེ་འཇིག་རྟེན་ཟུང་པའོ།། དཔལ ་མགོན་པོ་ནག་པོའི་རྒྱུད་ལས་སེར་བ་དབབ་པའི་ལེའུ་སྟེ་བདུན་པའོ། ། །། དེ་ནས་ཡང་དག་དེས་གསུངས་པ།། ཨེ་མ་འཁོར་འདུས་ངོ་མཚར་ཅན།། མ་འོངས་དམ་ཅན་སྒྲུབ་བྱེད་ན།། དམ་ཚིག་ལ་གནས ་སྡོམ་པ་གཟུང་། ། གཏོར་མ་དག་ལ་བརྩོན་པར་བྱ།། དམ་རྫས་བླ་རྡོ་ལུས་ལ་བསྲེལ།། ཞེས་གསུངས་པས་རྒྱལ་པོ་མིག་མི་བཟང་ལ་སོགས་པའི་འཁོར་རྣམས་ཡིད་རང་ནས་ནག་པོ་ཆེན་པོས་བསྟན་པ ་བསྲུང་བར་ཁས་བླངས་ནས་མི་སྣང་བར་གྱུར་ཏོ། ། དཔལ་ནག་པོ་ཆེན་པོའི་རྒྱུད་ལས་ལེའུ་བརྒྱད་པ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་ཨ་མོ་གྷ་བཛྲ་དང་། བོད་ཀྱི་ལོ་ཙྪ་བ་ཕུར་བུ་འོད་ཀྱིས་བསྒྱུར་བའོ།། ་