CLOSE WINDOW

Q34: dpal rin chen phreng ba'i rgyud kyi rgyal po
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤཱི་རང་ན་མཱ་ལེ་ཏན་ཏྲ་རཱ་ཛཱ། བོད་སྐང་དུ། དཔལ་རིན་ཆེན་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ།། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། ལྷ་མོས་གསོལ་བ་རྡོ་རྗེ་འཛིན།། དཔལ་ལྡན་འཁོར་ལོ་སྡོམ་པ་རུ། ་རིན་ཆེན་ཕྲེང་བའི་དོན་མ་རྟོགས།། ཁྱོད་ཀྱིས་བདག་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་ལྷ་མོ་སྤྱན་བཟངས་རིང་།། དཔལ་ལྡན་འཁོར་ལོ་སྡོམ་པ་རུ།། མ་གསུངས་ང་ཡིས་ཁྱོད་ལ་བཤད། ་རིན་པོ་ཆེ་ནི་རྣམ་པ་གསུམ།། དེ་ཡི་ཕྲེང་བའང་རྣམ་པ་གསུམ།། དང་པོ་སྣོད་ཀྱི་རིན་པོ་ཆེ།། གཉིས་པ་བཅུད་ཀྱི་རིན་པོ་ཆེ།། སྣོད་བཅུད་གཉིས་དང་རང་བཞིན་བྲལ།། དེ་ནི་རིན་ཆེན་གསུམ་པ་ཡིན།། ལྷ་མོས་གསོལ་པ་བཅོམ ་ལྡན་འདས། ། རྣམ་པ་གསུམ་དུ་གསུངས་པ་ལས།། དེ་རྣམས་རིན་ཆེན་ཇི་ལྟར་ལགས།། དེ་ཡི་ཕྲེང་བ་ཇི་ལྟར་ལགས།། དེ་རྣམས་སུ་མི་སྤྱོད་ཡུལ་ལགས། བཅོ་ལྡན་འདས་ཀྱིས་ཀའ་སྩལ་བ། དང་པོ་སྣོད་ཀྱི་ན་པོ་ཆེ།། རྣམ་པ་ལྔ་རུ་ཤེས་པར་བྱ།། ག་ག་རི་ནི ་དཀར་པོ་ཆེ། ། མི་བསྐྱོད་པ་ཡིས་བྱིན་བརླབས་ཏེ།། དབྱིབས་ནི་ཟླ་གམ་ལྟ་བུ་ལ།། རབ་ནི་དང་བའི་སྒོ་དང་ཙམ།། འདི་ནི་རིན་ཆེན་འབར་བ་སྟེ།། པ་ད་ཀ་ར་ར་དཀར་ལུག་མོ་ཡི།། འོ་མ་སྐུ་ཞིང་སྤངས་པ་དང་།། མི་བསྐྱོད་པ་ལ་མཆོད་པར་བྱ།། དེ ་ནས་སྤྱི་བོར་གདགས་པའོ། ། མཆོད་པའི་བྱེ་བྲག་ཀུན་ལ་བྱ།། ཤར་གྱི་གདོན་རྣམས་ཐུབ་པ་དང་།། གང་ལ་ཡོད་པ་དེ་ལ་སྐྱོབ།། འབྲིང་ནི་གཞན་སྐྱེས་སྦོམ་པོ་ཙམ།། འདི་ནི་རིན་ཆེན་དགེ་བ་སྟེ།། དངུལ་ཆུ་རྣམ་པ་གཉིས་བླུགས་ལ།། རྐྱེན་གྱི ་རྫས་རྣམས་ཚང་བ་དང་། ། ཁ་ཡི་ནང་དུ་གཞུག་པ་སྟེ།། རོ་མའི་འཁོར་ལོ་ལྕེས་མནན་ལ།། དེ་ནས་ངལ་གྱིས་བསྐྱོད་པ་དང་།། གསང་བའི་རྡོ་རྗེ་སྣ་རྩ་རུ།། བདེ་བ་ཆེན་པོ་སྐྱེས་ཙམ་ན།། རོ་མའི་འཁོར་ལོར་དོག་པ་མིནན།། དཔེར་ན་སྣ ་གྱི་ཤ་ཟོས་པ། ། མགོ་བོ་མནན་པས་ཕྱིའུ་འབྱུང་། དེ་བཞིན་གནན་པས་བྱང་ཆུབ་སེམས།། སྣ་རྩ་ལས་ཀྱང་གྱེན་ལ་ལྡོག། ཏིལ་དང་ཏིལ་མར་བཞིན་དུ་གནས།། ཁྱད་པར་བདེ་བ་གྱེན་ལ་སྐྱེ།། བདེ་བ་སྟེར་ཕྱིར་རིན་པོ་ཆེ།། དེ་ཡི ་དུམ་ཕྲེང་བར་བཤད། ། ཐ་མ་སྐྱེས་པའི་ཁྲོ་བོ་ཙམ།། ར་ཨར་ལ་སོགས་སྨན་ལྔ་དང་།། སྤྱི་བོའི་གཙུག་དུ་གཏགས་གྱུར་ན།། ལུས་ཀྱི་གཉེར་མ་ཟད་པར་བྱེད།། དེ་ནས་ཡང་དག་གཉིས་པ་ཡང་།། བཻ་དཱུརྱ་ནི་སྔོན་པོ་སྟེ།། རིན་ཆེན་འབྱུང ་ལྡན་བྱིན་རླབས་ཏེ། ། དབྱིབས་ནི་སོགས་ཀ་ལྟ་བུ་སྟེ།། རབ་ཀྱི་ཚད་ནི་གླང་པོའི་མིག། འདི་ནི་རིན་ཆེན་མུ་གུ་སྟེ།། དང་པའི་སྒོ་ང་ལྡོང་རོས་དང་།། སྤང་ཤམ་དང་གསུམ་སྦྱར་ནས།། དེས་བདུགས་རྣ་བ་གཡས་སུ་གདགས།། ལྷོ་ཡ~ཾ ་གདོན་རྣམས་ཐུབ་པར་གསུངས། ། གང་ལ་ཡོད་པ་དེ་ལ་སྐྱོག། འབྲིང་ནི་དང་བའི་སྒོ་ང་ཙམ།། འདི་ནི་རིན་ཆེན་ཨེ་ར་ཎ་ཌ།། ག་བུར་རག་ཏ་དངུལ་ཆུ་གསུམ།། དེ་ཡི་ནང་བླུགས་ལྕེ་རྐོག་ཏུ།། གྱེན་ཐུར་གཉིས་ནི་སྣ་དང་འཇུག། དེ་ཡིས་བྱང ་ཆུབ་སེམས་བཟུང་སྟེ། ། མགལ་མེའི་འཁོར་ལོ་བཞིན་དུ་གནས།། ཐ་མ་དྱེའུའི་སྒོང་ཆད་ཙམ།། ཨ་རུ་ར་དང་སྐྱུ་རུ་ར།། བ་རུ་ར་དང་ལྡོང་རོས་རྣམས།། བསྲེས་ཏེ་ལུས་ལ་བྱུགས་བསྐུས་ཏེ།། འདི་ནི་དྷན་དྷ་ཀས་བུ་ར།། ལུས་ཀྱི་སྲིན་བུ ་འབྱེད་པར་བྱེད། ། དེ་ནས་ཡང་དག་གསུམ་པ་ཡང་།། པད་མ་རག་ཏ་དམར་པོ་སྟེ།། དབྱིབས་ནི་ཟླུམ་པོ་ལྟ་བུ་ལ།། འོད་དཔག་མེད་ཀྱིས་བྱིན་བརླབས་ཏེ།། རབ་ནི་ཀར་ཤ་པ་ནི་སྟོང་།། གུར་གུམ་ག་བུར་ལྔ་སྦྱར་ལ།། དེ་ལ་བསྐུ་ཞིང་བྱུག་པ ་བྱའོ། ། ལྟེ་བའི་དབུས་སུ་བཞག་ལ་བཅིང་།། འདི་ནི་རད་ན་ཀེ་རུ་ར།། ནུབ་ཀྱི་གདོན་རྣམས་ཐུབ་པར་གསུངས།། འབྲིང་ནི་ཀར་ཤ་པ་ནེ་སྟེ།། འདི་ནི་ར་ད་ན་ཀ་ར་སྟེ།། མར་དང་སིལ་ཧཱ་སྦྲང་མ་ཡང་།། བཟོ་རུ་བྱས་པའི་དངུལ་ཆུ ་རྣམས། ། དེ་ཡི་ནང་བླུགས་ལྟེ་བར་མནན།། འདི་ཡིས་བྱང་ཆུབ་སེམས་བཟུང་སྟེ།། ཆུ་ལ་ཆུ་བཞག་ཇི་བཞིན་ནོ།། ཐ་མ་ཀར་ཤ་པ་ནི་སྟེ།། འབྲས་བུ་གསུམ་དང་རུ་ཏ་དང་།། མར་གྱི་སྙིང་པོ་དང་སྦྱར་ཏེ།། སྤྱི་བོའི་གཙུག་ཏུ་སྔ ་བ་དང་། ། འདི་ནི་རདན་དྷེ་བས་ར།། སྐྲ་དཀར་མེད་པ་བྱེད་པའོ།། དེ་ནས་ཡང་དག་བཞི་པ་ཡང་།། དེ་ནི་མར་རྐང་ལྗང་ཀུ་སྟེ།། དབྱིབས་ནི་གྲུ་བཞི་ལྟ་བུ་སྟེ།། དོན་ཡོད་གྲུབ་པར་བྱིན་བརླབས་ཏེ།། རབ་ནི་བེ་ཅོན་དབྱུག་པ་ཙམ།། ་འདི་ནི་རང་ནོ་ག་ག་ནི།། རྩ་བ་ལྔ་དང་ཡན་ལག་བཅས།། བསྐུས་ལ་རྣ་བ་གཡོན་དུ་གདགས།། འདི་ཡིས་བྱང་གི་གདོན་རྣམས་ཐུབ།། འབྲིང་ནི་བྱ་མོའི་སྒོ་ང་ཙམ།། མ་ཧཱ་དེ་བ་ཨུ་མཱ་དེ།། གཉིས་ཀྱི་ག་བུར་རག་ཏ་ཡཱི། ་བྱུགས་ལ་ལྟེ་བའི་ནང་དུ་བཞུག།། ག་བུ་ར་སིཧླ་གཉིས་ཀ་འཛིན།། ཐ་མ་གཞན་སྐྱེས་སྒོང་ཙམ།། ལྡོང་རོས་སེར་པོ་གསེར་དང་གསུམ།། མན་ཆ་གཅིག་ནི་སྦྱིན་ནས་ནི།། འདི་ནི་ཨ་རུ་ན་ར་སྟེ།། སྲིན་བུ་མི་སྐྱེ་བདེ་དང་ལྡན། ་འདི་ནི་རད་ན་སན་ད་ཧ།། དེ་ནས་ཡང་དག་ལྔ་པ་ཡང་།། ཁ་དོག་དབྱིབས་ནི་དུ་མར་སྣང་།། རྣམ་པར་སྣང་མཛད་བྱིན་བརླབས་ཏེ།། དོན་རྣམས་སོ་སོ་དུ་མ་བྱེད།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། མ་འོངས་སོ་སོ་སྐྱེ་བོ་ཡིས།། ། ་རིན་ཆེན་གནས་རྣམས་གང་ལས་བཙལ།། རིན་ཆེན་མི་འཚལ་ཇི་ལྟར་ལགས།། རིན་པོ་ཆེ་ནི་ཇི་ལྟར་བརྟག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྒྱ་མཚོ་ཆེན་པོའི་ཕྱི་རོལ་ན།། རིན་པོ་ཆེ་ཡི་གླིང་ཡོད་དེ།། དེ་ཡི་གནས། ་ནས་བཙལ་བར་བྱ།། གཞི་ཡང་རིན་ཆེན་གནས་རྣམས་ནི།། གསེར་དངུལ་ལ་སོགས་རྡོ་རྣམས་ཀྱི།། གནས་ནི་ཀུན་ན་ཡོད་པར་གསུངས།། རིན་ཆེན་ཤེས་པ་རྣམ་པ་ལྔ།། དང་པོར་རྒྱུད་རྣམས་ཐམས་ཅད་ལ།། རྨོངས་པ་མེད ་པས་ཤེས་པ་དང་། ། བླ་མའི་མན་ངག་ཤེས་པས་ཐོབ།། གཉིས་པ་རྣལ་འབྱོར་བཅས་པས་ཤེས།། གསུམ་པ་རྒྱུད་ཀྱི་མན་ངག་ལ།། ཞུགས་པའི་ཚོང་དཔོན་ཆེན་པོས་ཤྲེ།། བཞི་པ་ཡོན་ཏན་ཀུན་ལྡན་པའི།། རྒྱལ་པོ་ཆེན་པོ་དེས ་ཤེས་སོ། ། ལྔ་པ་རྣལ་འབྱོར་མཁས་པ་དང་།། རྒྱལ་པོ་དང་ནི་འབྲེལ་བ་ཡི།། གསེར་མགར་མཁས་པས་རྟོགས་པར་འགྱུར།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། དང་པོའི་མན་ངག་ཇི་ལྟར་ཡིན།། གཉིས་པ་རྣལ་འབྱོར་ཇི ་ལྟར་ལགས། ། གསུམ་པ་རྒྱུད་ནི་ཇི་ལྟར་ལགས།། བཞི་པའི་ཡོན་ཏན་ཐམས་ཅད་དམ།། ལྔ་པ་འབྲལ་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་མན་ངག་ཤེས་པ་ཡང་།། རིན་ཆེན་ངོ་བོ་ཅིག་ཉིད་ལ།། ་ཡོན་ཏན་དུ་མ་ཤེས་པ་སྟེ།། དཔེར་ན་རྫས་ཀྱི་པ་ལམ་བཞིན།། རྡུལ་མི་འབྲིང་བིགས་ལ་སོགས།། དུམ་ཤེས་པ་མན་ག་ཡིན།། རྣལ་འབྱོར་ཤེས་པ་རྩེ་གཅིག་སྟེ།། དེ་ཡིས་ཐམས་ཅད་ཤེས་པ་ཡིན།། རྒྱུད་ཀྱི་དོན་དུ ་ཤེས་པ་ཡི། ། ཚེང་དཔོན་དེ་ཡིས་ཤེས་པ་ཡིན།། སྔགས་དང་རྒྱུད་ལ་སོགས་པ་ཡི།། ཡོན་ཏན་ཀུན་ལྡན་རྒྱལ་པོ་ཤེས།། རྒྱལ་པོ་རྣལ་འབྱོར་དང་འབྲེལ་བའི།། ས་འོག་གསེར་གྱི་རླངས་པ་ཤེས།། གསེར་དགར་དོ་ཡིས་ཤེས་པའོ།། ་རྟག་པ་རྣམ་པ་གཉིས་ཡིན་ཏེ། མངོན་སུམ་དང་ནི་མཚན་མ་སྟེ། རྡོ་རྗེ་ཕ་ལ་མ་ལ་སོགས་དང་།། ་ཨེ་རན་དྷ་ལ་སོགས་པ་ཡི།། མངོན་སུམ་གཏན་ལ་ཕབ་པ་ཡིན།། མ་ཧཱ་ནི་ལ་ལ་སོགས་པ།། གདོན་རྣམས་ཐུབ་ཅིང་ལྷ་རྣམས་སྐྱོབ།། དམ་ཚིག་ཉམས་པ་གསོབ་དང་།། ཚེ་རྣམས་རིང་བ་ལ་སོགས་སོ།། དང་པོར་གདོན་གྱི ་མཚན་མ་ནི། ། མཁས་པས་བརྟག་ཅིང་ཤེས་པར་བྱ།། དེ་ནས་གདོན་གྱི་མཚན་མ་ལ།། དེ་ཉིད་ཆོ་ག་ཚུལ་བཞིན་བྱ།། དེ་ནས་ཆུ་མིག་གཙང་མ་རུ།། གཏོར་མ་བཏང་ལ་ཆུ་གཙང་བླང་།། གསེར་དངུལ་སྣོད་དུ་ཆུ་བླུགས་ལ།། ལྷ་འམ ་ཀླུ་འམ་གདོད་སྦྱིན་སོགས། ། མཚན་མ་གཉིས་ཀྱི་མཎ་ཌ་ལ་ལ།། རྣལ་འབྱོར་པ་ཡིས་གཞག་པར་བྱ།། གོམ་པ་གསུམ་གྱིས་གཙང་བར་བྱ།། གཡོན་གྱི་མཎ་ཌལ་ཐོག་ཏུ་ནི།། ཆུ་ཡི་ནང་དུ་མེ་ལོང་བཞག། ཕྱི་རུ་གཏོར་མ་ཆ་གཅིག ་གཞག། ནང་དུ་ཡེལ་བ་དཀར་པོས་གཙང་།། དེ་རུ་ཚོགས་དང་བཀྲ་ཤིས་བཞག། རྣལ་འབྱོར་ཡན་ལག་ཁྲུས་བྱས་ལ།། ལྷ་ཡི་རྣལ་འབྱོར་རྫོགས་པ་དང་།། ཁྲོ་བོས་དྲག་ཏུ་མཚམས་ཅད་ལ།། སྦོམ་པོ་ཁྲེ་མོ་ལྷ་རུ་བསྒོམ།། དེ་ཡིས ་རིན་ཆེན་དང་པོ་བཟུང་། ། དེ་ནས་སོར་བཞིའ་ཕྱང་དུ་གཞུག། ཐུབ་པམ་མི་ཐུབ་ལ་སོགས་པ།། མཁས་པས་བརྟགས་ཤིང་ཤེས་པར་བྱ།། དབྱིབས་དང་ཁ་དོག་རིན་པོ་ཆེ།། ཡོན་ཏན་མེད་པ་ག་ལ་སྲིད།། དཔེར་ན་བུ་གཅིག་སྐྱེས་གྱུར་ན། ་ཨུ0f7f།། པ་མེད་པ་ཡང་གལ་སྲིད།། དེ་བས་མཁས་པས་བཏག་པར་བྱ།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། གསེར་དངུལ་ལ་སོགས་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གསེར་ནི་རྣམ་པ་གཉིས ་ཡིན་ཏེ། ། རང་བཞིན་དང་ནི་བཟོར་བྱས་ཡིན།། རང་བཞིན་གྱིས་ནི་འཆི་བསླུ།། བཟོར་བྱས་པ་ནི་རྣམ་པ་གཉིས།། གསེར་འགྱུར་གསེར་གྱི་རྒྱན་ཡིན་ཏེ།། བརྡར་བའི་གསེར་གྱིས་སྲིད་པ་འགེགས།། ལོ་དང་ཟླ་བ་ཟླ་བ་བྱེད།། མཁའ ་པས་བརྟགས་ཤིང་ཤེས་པར་བྱ། ། དངུལ་ལ་སོགས་པ་དེ་བཞིན་ཏེ།། མདོར་ན་སྣང་ཞིང་སྲིད་པའི་རྫས།། ཐམས་ཅད་རིན་པོ་ཆེ་ཡིན་ཏེ།། མན་ངག་ཅན་གྱིས་ཤེས་པར་བྱ།། དེ་ནས་བཅུད་ཀྱིས་རིན་པོ་ཆེ།། ལུས་ཀྱི་རི་རབ་ལྷུན་པོ་ལ།། རིན ་ཆེན་གསེར་གྱི་དབྱེ་བ་ཡང་། ། ཐབས་དང་ཤེས་རབ་རིན་པོ་ཆེ།། ཤེས་རབ་རྩ་ཡི་རིན་པོ་ཆེ།། ཐབས་ནི་བྱང་ཆུབ་སེམས་ཡི་ནོ།། དམར་དང་གདང་བ་ཤེས་རབ་སྟེ།། དཀར་དང་གདང་བ་ཐབས་སུ་གསུངས།། ཨ་བ་དྷཱུ་ཏཱི་རིན་ཆེན་ལས།། ཐིག ་ལེ་དུ་མ་ཕྲེང་བ་ཡིན། ། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། ཨ་བ་དྷཱུ་ཏཱི་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཨ་བ་དྷཱུ་ཏིའི་རང་བཞིན་ལས།། སྟེང་དུ་སྒོ་ལྔ་ཡང་དག་གནས།། བར་དང་འོག་ཏུ་དེ་བཞིན་ཏེ།། བསྐྱེད ་རང་རྫོགས་དང་རང་བཞིན་ལས། ། ཡོན་ཏན་སྐྱོན་གྱི་མཚན་ཉིད་དོ།། བདེ་ཆེན་ཐིག་ལེ་ཧཾ་ཡིན་ནོ།། ཨོཾ་དང་ཧཱུཾ་དང་ཨཱཿདང་བཞི།། བདེ་བ་ཆེན་པོའི་འཁོར་ལོ་རུ།། སྐུ་གསུང་ཐུགས་དང་བདེ་བ་ཆེ།། འབར་བ་བཞི་རུ་ཡང་དག་བཤད།། ་སྐུ་གསུང་ཐུགས་དང་བདེ་བ་ཆེ།། མགྲིན་བ་དུ་ནི་འཇུག་པ་བཞི།། སྙིང་ཀར་ཡང་ནི་འཛག་པ་བཞི།། སྤྲུལ་པ་རུ་ཡང་དེ་བཞིན་ཏེ།། ཆོས་ཀྱི་སྐུ་ནི་རིན་ཆེན་ལ།། སྟོང་པ་བཅུ་དྲུག་ཕྲེང་བར་བཤད།། དེ་ནས་ཤིན་དུ་གསང་བའི་དོན།། ་པད་མ་རྡོ་རྗེ་གཉིས་པ་ཡང་།། ཨ་བ་དྷཱ་ཏཱི་རིན་པོ་ཆེ།། ཨ་ཕཊ་ཨེ་དང་བཾ་དང་བཞི།། གསང་བའི་ཐིག་ལེ་བཞི་རུ་བཤད།། ཨ་ནི་མེ་ལོང་ལྟ་བུ་སྟེ།། ཕཊ་ནི་བྱ་བ་ནན་ཏན་ཡིན།། ཨ་ནི་སོ་སོར་རྟོག་པ་སྟེ།། བཾ་ནི་མཉམ་ཉིད་ཡེ་ཤེས་སོ།། ་རིན་ཆེན་ཆོས་དབྱིངས་ཡེ་ཤེས་ཏེ།། རྣམ་པར་ཐར་དང་སྟོང་པ་དང་།། མཚན་དང་དེ་བཞིན་དཔེ་བྱད་རྣམས།། ཨ་ནི་འཁོར་ལོ་འབྱུང་བ་བཞི།། ཕཊ་ཀྱི་གནས་སུ་ཡེ་ཤེས་ལྔ།། ཨེ་ཡི་གནས་སུ་སྙོམས་འཇུག་དགུ།། བཾ་གི ་གནས་སུ་ལྔ་བཅུ་བརྒྱད། ། དེ་ཁོ་ན་རུ་ཤེས་པར་བྱ།། ཀྵ་ཨོཾ་ཨེ་ཏ་ས་བོན་བཞིའོ།། ཡོན་ཏན་སྐྱོན་གྱི་མཚན་ཉིད་ཀྱིས།། ཀུན་ལ་ཁྱབ་ཅིང་ཤེས་པར་བྱ།། ལྷ་མོས་གསོལ་བ་བཅོམ་ལྡན་འདས།། འདི་ཡིས་གདོན་རྣམས ་ཇི་ལྟར་ཐུག། ཁྱང་སེམས་དགག་པ་ཇི་ལྟར་ལགས།། སྐྲསྐུ་དཀར་གཉེར་མ་ཇི་ལྟར་ཞི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྣམ་པར་རྟོག་པ་གདོན་ཡིན་ཏེ།། མཚན་དང་དཔེ་བྱད་སྤང་བ་དང་།། ཕུང་པོ་ལྔ་ནི་བདུད་རྩི་ལྔ།། ་སྐྱེ་མཆེད་དེ་ནི་ལྔ་རུ་འགྱུར།། ཁམས་རྣམས་རྟེན་གྱི་ངོ་བོ་སྟེ།། དེ་རྣམས་རྟེན་རྩའི་ངོ་བོ་སྟེ།། རྣམ་རྟོག་སྤོང་ཕྱིར་རིན་པོ་ཆེ།། བྱང་ཆུབ་སེམས་དགག་རིམ་པ་ཡང་།། གཡས་བརྐྱང་བས་ནི་ཐབས་ཀྱིས་ཏེ།། གཡོན་གྱིས ་རབ་རྩ་མདུང་དགག། སགས་ནམ་མཁའ་དགག་པར་བྱ།། ཟླུམ་པོས་གསང་བའི་སྣ་རྩེར་དགག། ལ་ལཱ་ན་དང་ར་ས་ན།། ཨ་བ་དྷཱུ་ཏཱི་ནང་ཆུད་པ།། དེ་ནི་ནམ་མཁའ་ཟླུམ་པོ་སྟེ།། དཔེར་ན་སྦྲུལ་གྱི་ལྕེ་གཉིས་ལ།། དུག་དང་སྨན ་ནི་ཡོད་པ་བཞིན། ། གཞན་ཡང་འདུག་སྟངས་བྱེ་བྲག་གིས།། དགག་པའི་སྦྱོར་བ་ཤེས་པར་བྱ།། དགག་པ་སྲོག་དང་རྩོལ་བའི་རྟེན།། དེ་ལྟར་དབུས་སུ་གནས་པ་དང་།། རིམ་ནས་རིམ་པར་གྱེན་ལ་དྲང་།། སྐད་ཅིག་ནས་བཟུང ་ལོ་ཡི་བར། ། སྐྲ་དཀར་གཉེར་མིང་རང་བཞིན་དཀག། གང་ལ་རྟེན་པ་དེའི་ཚང་།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། དབུས་སུ་གནས་པ་ཇི་ལྟར་ལགས།། རིམ་ནས་རིམ་དུ་ཇི་ལྟར་དྲང་།། ། བཅོམ་ལྡན་འདས་ཀྱི ་བཀའ་སྩལ་པོ། ། ཐབས་ཞེས་བྱ་བ་རྟག་པའི་མཐའ།། ཤེས་རབ་ཞེས་པ་ཆད་པའི་མཐའ།། སྙོམས་པར་འཇུག་པ་དབུ་མའི་དོན།། གཡས་ཀྱི་སྲོག་ནི་རྟག་པའི་མཐའ།། གཡོན་གྱི་རྩོལ་བ་ཆད་པའི་མཐའ།། དེ་གཉིས་གནས་པ ་དབུ་མ་འདོན། ། འོམ་རྟག་པའི་བྱང་ཆུབ་སེམས།། རྒྱང་མཁྲག་ནི་ཆ་པའོ།། ཀུན་དྷ་མ་དྲུག་གནས་པ།། དེ་ནི་དབུ་མར་ཤེས་པར་བྱ།། མཆོག་ག་དགའ་བ་རྟག་པའི་མཐའ།། བྲལ་པའི་དག་བང ་པའི་མཐའ། ། ལྷན་ཅིག་དགའ་བ་དབུ་མར་བཤད།། ཨོཾ་དང་ཧཱུ~ཾ་ནི་མཐའ་གཉིས་ཏེ། ཨཱཿཡི་རྣམ་པ་དབུ་མར་གནས།། ཨཱ་ལི་ཀཱ་ལི་མཐའ་གཉིས་ཏེ།། མ་ནི་ཡི་གེ་དབུ་མ་ཡིན།། སྐྱེས་པ་བུད་མེད་མཐའ་གཉིས་ཏེ།། མ་ནིང ་གཉིས་སུ་མེད་པར་གསུངས། ། འདི་ནི་འགོག་བ་ཟུང་དུ་འཇུག། དེ་ནི་གནས་པ་དབུ་མའི་དོན།། ཤེས་རབ་ཕ་རོལ་ཕྱིན་པ་རུ།། འབྲེལ་བཟུང་དུ་འཇུག་པར་གསུངས།། བྱ་བའི་རྒྱུད་དང་རྣལ་འབྱོར་རྒྱུད།། སྣང་བཟུང་དུ་འཇུག ་པར་གསུངས། ། དཔལ་ལྡན་གསང་བ་འདུས་པ་རུ།། སྟེང་སྒོའི་རླུང་ལ་ཟུང་དུ་འཇུག། ཤེས་རབ་རྣལ་འབྱོར་བླ་མ་རུ།། སིཧླ་ག་བུར་ཟུང་དུ་འཇུག། རིམ་ནས་རིམ་དུ་དྲང་བ་ཡང།། གསང་བའི་འཁོར་ལོ་ཨ་ལ་ནི།། བདེ་བ་རྫོགས ་པའི་ཚད་བསྟན་པ། ། པད་མ་རྡོ་རྗེ་འགས་པ་སྙམ།། དེ་ནི་ཡོངས་སུ་རྫོགས་པའི་ཚད།། དེ་ནས་གསང་བའི་འཁོར་ལོ་ནས།། བདེ་ཆེན་འཁོར་ལོའི་བར་དུ་དྲང་།། དང་པོ་དེ་ལྟར་ཤེས་པར་བྱ།། དེ་ལྟར་སེམས་ནི་བསྟན་འགྱུར་ན།། ་བདེ་བ་ཆེན་པོའི་འཁོར་ལོ་ནས།། གསང་བའི་སྡེ་རྩེ་བར་དུ་དྲང་།། ལྷ་མོས་གསོལ་བ་བཅོམ་ལྡན་འདས།། བཅུད་ཀྱི་རིན་ཆེན་གང་ན་གནས།། དེ་ནི་ཤེས་པ་སུ་ཡིས་ཤེས།། དེ་ཡི་བརྟག་པ་ཇི་ལྟར་ལགས།། བཅོམ་ལྡན་འདས། ་ཀྱིས་གསུལ་པ། སྤྱི་ཚོངས་པའི་བུགནས། གསང་པའི་འཁོར་ལོ་ཡན་ཆད་དུ།། ཨ་བ་དྷཱ་ཏཱི་ཙན་དན་གནས།། ལ་ལཱ་རས་སྦྲུལ་ལྟར་གནས།། གཞན་རྣམས་པ་ཐག་ཁུག་པར་གནས།། འདི་རྣམས་རང་བཞིན་ཀུན་ལ་གནས།། རྩ་དང་འཁོར ་ལོ་འདི་རྣམས་ནི། ། དེ་བཞིན་གཤེགས་པའི་སྙིང་པོར་གསུངས།། ཕྱི་ཡི་རྩ་དང་ནང་གི་རྩ།། བསང་བ་དེ་བཞིན་མཐར་ཐུག་པའི།། མན་ངག་ཡོད་པས་ཤེས་པར་གསུངས།། རྟག་པ་རྣམ་པ་གཉིས་སུ་བསྟན།། དང་པོ ་ལུས་ཀྱི་རྟག་པ་སྟེ། ། གཉིས་པ་དག་ཏུ་ཤེས་པར་བྱ།། ལུས་ལ་སྨྱེ་དང་བྱེ་བྲག་གཉིས།། རླུག་རླུང་གི་རང་བཞིན་ཏེ།། ཡན་ལག་ཟུང་བ་ཆུ་འི་ཁམས།། ཡན་ལག་རྒྱས་པས་ཡི་ཁམས།། སྤང་ཞེང་ཆེ་བ་མེ་ཡི་ཁམས།། སྣཚོགས ་དུམནམ་མཁའི་ཁམས། ། སྤྱི་རུ་དཀར་བཅུའི་ཁམས།། དམར་བ་མི་དུ་ཤེས་པར་བྱ།། སེར་ན་ད་བཞིནས་ཡི་ཁམས།། སྔོན་དྲུང་དུ་ཤེས་པར་བྱ།། ཡང་ན་དྲུང་གི་ཁམས་ཡིན་ཏེ།། དྲོད་རྣཔས་ཆེན་མེ་ཡི་ཁམས།། བརྟན་ནམ ་ཡི་ཁམས་སུ་གསུངས། ། ཆུ་ཁམས་ཆེན་ཆུ་ཡི་ཁམས།། དེ་རྣམས་ཀུན་ལྡན་ནམ་མཁའི་ཁམས།། འཇུག་པ་བདེ་ཆེན་ས་ཡིན་ཏེ།། ལྡོག་པ་སྤྲུལ་པ་ཆུ་རུ་གསུངས།། རྣལ་འབྱོར་རྒྱུད་ནི་བྱེ་བྲག་གིས།། སེམས་ཀྱི་གནས་སུ་ཤེས ་བར་བྱ། ། ཤུ་ཀྲ་རླུང་ལ་སིཧླ་མེ།། སྤྲུལ་དང་ཆོས་སུ་ཁ་སྦྱར་ཡིན།། གཞན་ཡང་མཁས་པས་ཤེས་པར་བྱ།། དེ་ནས་བྱེ་བྲག་གསུངས་པ་ཡིན།། དབྱིབས་དང་ཁ་དོག་མཚན་མ་གསུམ།། ཀུན་ལ་མཁས་པས་ཤེས་པར་བྱ།། ་དང་པོར་དབྱིབས་ཀྱི་བརྟག་པ་ཡང་།། དཔྲལ་བའི་དབྱིབས་ལ་རྣམ་པ་བཞི།། གྲུ་བཞི་ཟླུམ་པོ་ཟླ་ག་མ་དང་།། གྲུ་གསུམ་དུ་ཡང་ཤེས་པར་བྱ།། དཀར་པོ་ལ་སོགས་དེ་དང་འདྲ།། རྣ་བ་ནས་བཟུང་རྐང་པའི་བར།། ཀུན་ལ་རྟག ་ཅིང་ཤེས་པར་བྱ། ། སྐད་ནི་པྲ་དང་སྦོམ་པ་དང་།། རིང་དུ་འདོན་དང་འཐུང་བ་དང་།། འདར་བ་ལ་སོགས་བྱེ་བྲག་རྣམས།། མཁས་པས་རྟག་ཅིང་ཤེས་པར་བྱ།། རྟགས་དེས་རྟག་པའི་མཚན་མ་ནི།། རྣམ་པ་གསུམ་དུ་ཤེས་པར། ་བྷ།། འདོད་ཆགས་སུ་དང་ན་སྡང་ཐུགས།། མུན་པ་གསུང་དུ་ཤེས་པར་བྱ།། དང་པོ་འདོད་ཆགས་དབྱེ་བ་ཡང་།། ཡར་དྲོམར་ངོམཚམས་དང་གསས།། དབྱིབས་དང་ཁ་དོག་ནང་གསུམ་ལ།། མཁས་པ་འདོད་པ་སྐྱེབ་བ་ཅ། ་ཉེན་པར་བནི་དང་མཚན་པར་བཞི།། དེ་བཞིན་སྐད་ཅིག་ཐང་ཅིག་རྣམས།། མཁས་པས་རྟག་ཅིང་ཤེས་པར་བྱ།། མིག་འཛུམ་པསྡུ་ལྡང་ལ་སོགས།། དབྱིབས་ཀྱི་འདོད་པའི་སྐྱེ་བའི་རྟགས། འདོད་པའི་གཟུགས་ལྡན་རུང་། ་ཞིག་དམར།། སྣ་བུག་དཀར་ལ་སོགས་པ་དང་།། སྐད་འདིར་ཁ་ནི་སྐམ་ལ་སོགས།། འདོད་པ་སྐྱེ་བའི་བརྟགས་སུ་བཤད།། གཞན་ཡང་འདོད་བ་རྒྱས་པའི་རྟགས།། ཁ་དོག་དབྱིབས་ལ་རྟག་པར་བྱ།། སྲ་བྱིར་འདོད ་པས་ཡི་ཁམས། ། ཆུ་ལ་སོགས་པ་དེ་བཞིན་ནོ།། གསུང་དང་ཐུགས་ལའང་ཤེས་པར་བྱ།། ལྷ་མོས་གསོལ་པོ་བཅོམ་ལྡན་འདས།། འདོད་ཆགས་ཞེས་པ་ཇི་ལྟར་ལགས།། དེ་ཡི་ཆེན་པོ་ཇི་ལྟར་ལགས།། ཞེ་སྡང་ལ་སོགས་ཇི་ལྟར། ་ལགས།། སྐུ་གསུང་ཐུགས་ནི་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འདོད་ཆགས་ཉོན་མོངས་འཁོར་བ་སྟེ།། གབ་པའི་གསང་བ་མ་རྟོགས་པར།། སྦས་པའི་གསང་བ་ལ་ཞེན་ནས།། སྲིད་པའི་ས་བོན་མི ་ཟད་པས། ། དཔེར་ན་རྒྱུད་ཀྱི་མདའ་བཞིན་དུ།། འབྲས་བུ་མནར་མེད་དམྱལ་བར་སྐྱེ།། ཆེན་པོ་མི་རྟོག་རང་བཞིན་ཏེ།། འབྲས་བུ་གཉིས་མེད་ཡེ་ཤེས་སྐྱེད།། འདོད་ཆགས་ཞེས་པ་སྤང་བྱ་སྟེ།། དེ་ཡི་ཆེན་པོ་གཉེན་པོར་གསུངས།། ་འདོད་ཆགས་ཞེས་པ་མེ་ཏོག་སྟེ།། དེ་ཡི་ཆེན་པོ་དྲི་དང་འདྲ།། གཞན་ཡང་བྱེ་བྲག་ཤེས་པར་བྱ།། ཞེ་སྡང་ལ་སོགས་གོང་དང་འདྲ།། ཐམས་ཅད་རྟེན་བསྐུ་རུ་བརྟེན།། བརྗོད་པ་དང་བྲལ་གསུང་དུ་བསྟན།། རྣམ་རྟོག་བྲལ་བ ་ཐུགས་སུ་ཤེས། ། རྣམ་རྟོག་ཆུང་ཞིང་གཏོང་པོད་ཆེ།། བླ་མ་ལ་གུས་སྙིང་རྗེ་ཆེ།། གཞན་ཡང་བྱེ་བྲག་ཀུན་ཤེས་པ།། འདི་ལ་བསྟན་གྱི་ཀུན་ལ་གསང་།། བླ་མ་ཡོན་ཏན་ཀུན་ལྡན་ཞིང་།། དབང་དང་མན་ངག་འབྲེལ་ཤེས་དང་།། ་གསང་བའི་དོན་ལམ་རྨོངས་ཤིང་།། ཐུགས་རྗེ་ཆེན་པོ་དང་ལྡན་པས།། ཆོས་ལ་སེར་སྣ་མེད་པ་དང་།། གསལ་ལ་གསོང་པོར་སྨྲ་བ་དང་།། རིགས་བྱས་ཀུན་གྱིས་བཀུར་བ་དང་།། ལས་ཀྱི་ཕྱག་རྒྱ་འཆང་བ་དང་།། དམ་ཚིག་དང ་ལྡན་བླ་མ་སྟེ། ། འདི་ལ་བཀུར་གྱི་ཐམས་ཅད་ལ།། བསྙེན་ཅིང་བཀུར་བར་བྱ་བ་མིན།། དེ་ནས་རིན་ཆེན་གསུམ་པ་ནི།། གཉིས་མེད་ལྷན་ཅིག་སྐྱེས་པ་སྟེ།། རྟོག་བྲལ་སྤྲོས་པ་མེད་པ་ཡིན།། དེ་རྟོགས་རིན་ཆེན་ཕྲེང་བའོ།། ་མེས་གསོལ་པ་བཅོམ་ལྡན་འདས།། གབ་པ་ཞེས་པ་ཇི་ལྟར་ལགས།། དེ་ཡི་འབྲས་བུ་ཇི་ལྟར་སྨིན།། སྲས་པ་ཞེས་པ་ཇི་ལྟར་ལགས།། དེ་ཡི་འབྲས་བུ་ཇི་ལྟ་ལགས།། བཅོམ་ལྡན་འདས་ཀྱིས་གཀའ་སྩལ་པ།། གབ་པ་ཞེས་པ ་ཡེ་ཤེས་ཏེ། ། སུམ་ཅུ་རྩ་བདུན་སྐུ་གསུང་ཐུགས།། ཆོས་དང་ལོངས་སྤྱོད་སྦྲུལ་སྐུ་གསུམ།། དགའ་བ་བཞི་རུ་མདོར་བསྡུས་པ།། དམིགས་པའི་རྐྱེན་ནི་གསང་བའོ།། བདུན་དང་ལྡན་ཕྱིར་ཆེན་པོའོ།། སུམ་ཅུ་རྩ་བདུན་ལ་སོམ ་པའི། ། གཉེན་པོ་སྟོབས་ཀྱི་མ་ཞུགས་པར།། སྦས་པ་པད་མ་རྡོ་རྗེ་གཉིས།། སྙོམས་པར་ཞུགས་ན་འདོད་པ་སྟེ།། འདི་ནི་རྐུན་མོ་མ་རུངས་པ།། དཔེར་ན་ལྗོན་ཤིང་རྩ་བ་ལས།། ཡལ་ག་མེ་ཏོག་ཐམས་ཅད་སྐྱེས།། ཉོན་མོངས་རྩ་བ ་འདོད་ཆགས་ལས། ། དུག་གསུམ་ལ་སོགས་ཐམས་ཅད་དེ།། སྦས་པའི་གསང་བ་འཁོར་བ་སྟེ།། གབ་པ་མྱ་ངན་འདས་པར་གསུངས།། འཁོར་བ་མནར་མེད་དམྱལ་བ་དང་།། དུར་ཁྲོད་བརྒྱད་པོ་དྲེགས་པ་ཅན། སྙིང་རྗེ་མེད་ཅིང་ཤ ་ཁྲག་ཟ། ། ཤིང་རྟའི་འཁོར་ལོ་བཞིན་དུ་གནས།། མྱ་ངན་འདས་པ་སྐུ་གསུམ་སྟེ།། སྐྱོབ་པ་མྱ་ངན་འདས་གྱུར་ཀྱང་།། འཁོར་ལོ་འཁོར་བའི་ཚུལ་དུ་ནི།། ཚོགས་ཀྱི་ཤུགས་ཀྱི་མཐུ་ཡིས་སུ།། སེམས་ཅན་དོན་ལ་ཡང་དག་འཇུག ་ཆོས་སུ་སྤྲོས་བྲལ་ནམ་མཁའ་བཞིན། ། སྐུ་གཉིས་སྤྲིན་དང་ཆར་ལྟ་བུ།། སྐུ་གཉིས་སེམས་ཅན་དོན་མཛད་པ།། སེམས་ཅན་ལས་དང་སྨོན་ལམ་སྟོབས།། དེ་ཡི་སྟོབས་ཀྱིས་སྣང་བ་ལས།། ཡང་དག་ཉིད་ལ་སྣང་རྒྱུ་མེད། ་སྐུག་སུམེ་དེ་ཉིད་བནི་བཅུ་འདོན།། དྲར་ཁྲོད་ལ་སོགས་པར་དུ་ཤེས།། ཅུན་གཉིས་ཆོས་སྨྲའི་བ་།། བརྒྱད་ནི་གཟུགས་སུ་གཉིས་ཀྱི་བད།། གཞན་ཡང་བརྣ་མི་བྲི་བྲག་ནི།། སྦོམ་པོ་གས་པའི་རྗེའི་བ་།། མ ་གསང་བའི་པད་མའི་བརྡ། ། སྒུར་དང་དྲང་བ་ཡོན་ཏན་གྱོན།། འཛུབ་མ་ལ་རྟེན་མཐའ་ཆུང་ནི།། ང་ལ~ཾ་གམ་དུ་ཚུར་ཤོག་ཡིན།། མཐོ་བོལ་ཏེན་འཛུབ་མོ་པར།། ཁྱོད་ཀྱི་གན་དུ་འགས་ཡིན།། མཐེ་བོར་འདྲ་བ་གཉིས་བུར་གསུམ ་ནི། ། བྷ་ག་རྒྱས་སམ་དྲི་བ་ཡིན།། བྷ་ག་རྒྱས་པ་ཟླུམ་པར་སྟོན།། བདེ་བའི་གནས་སུ་འདུ་བ་ཡང་།། སྲོད་དམན་མ་གུང་ཐོ་རངས་གསུམ།། འཛུབ་ཚིགས་དང་པོ་ནས་བཟུང་ནས།། ཐ་མའི་བར་དུ་བརྡ་ཡིན་ནོ།། སྐུ་གསུང ་ཐུགས་ཀྱི་བྱིན་རླབས་ཀྱིས། ། ལན་གསུམ་བར་དུནན་ཏན་གནང་།། གཞན་ཡང་བརྡ་ཡི་བྱེ་བྲག་རྣམས།། རྒྱུད་རྣམས་ཀུན་དུ་མ་གསུངས་པ།། གནས་ནི་ཐབས་ཀྱི་འདུག་སྟངས་སོ།། ཉེ་གནས་ཤེས་རབ་འདུག་པར་གསུངས།། ཞིང་ན ་ཐབས་ཀྱི་བཟའ་བའི་ཚིགས། ། དེ་བཞིན་ཤེས་རབ་ཉེ་བའི་ཞིང་།། འདུ་བ་ཐབས་ནི་འང་བ་སྟེ།། ཤེས་རབ་འང་བ་ཉེ་འདུ་ཡིན།། ཚན་རྡོ་ཐབས་ཀྱི་སྤྱན་དང་རྒྱུན།། ཤེས་རབ་དེ་བཞིན་ཉ་ཚན་ཏོ།། དུར་ཁྲོད་ཐབས་ཀྱི་རྣམ་རྟོག་བྲལ། ་བཞིན་ཤེས་རབ་ཉེ་དུར་ཁྲོད།། གཞན་ཡང་བརྡ་ཡི་བྱེ་བྲག་རྣམས།། ཁ་དོག་དེ་བཞིན་དབྱིབས་དང་ཡང་།། ཡན་ལག་ཚུལ་ལས་ཤེས་པར་བྱ།། དེ་ནས་ལྷ་མོ་ལས་སོགས་པས་མཆོད་པ་སྣ་ཚོགས་པས་མཆོད་ནས་མི་སྣང་བར་གྱུར་ཏོ།། ་ད་ལ་ན་ཆེན་ཕྲེང་བའི་རླུང་ཀྱི་རྒྱལ་པ་ཆེན་པོ་གསང་པའི་ཡང་གསང་བ་སྟེ།། རང་བཞིན་བྱས་གཔང་བརྫོགས་སྷོ།། རྒྱག་ཀྱིམ་པན་པ་ན་ཅན་རྡོ་རྗེ་དང་། ལོ་བ་དགེ་སློང་ཤཱཿ་ཡེ་ཤེས་ས་བསྡུ་ཙང་ཐུབ་ཏེ། ་ལ་ཕབ་པའོ།། སླད་ཀྱིས་ཀྱང་དཔེ་སྦྱི་ན་ལ་གཟུགས་ནས་བཅོས་པའོ།། 5།། རྒྱག་སྐད་དུ། ཤྲཱིམདྷ་ས་མཱ་མ་ཏན་ཛ་རཱ་ཛྙཱ་ན་མ། བོད་སྐ་དུ། དཔལ་དམ་ཚིག་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱབ།། འཇས་དཔལ ་