CLOSE WINDOW

Q337: tshogs kyi bdag po chen po'i rgyud ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མ་ཧཱ་ག་ན་བ་ཏི་ཏན་ཏྲ་ནཱ་མ། བོད་སྐད་དུ། ཚོགས་ཀྱི་བདག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། དེ་ནས་དཔལ་ལྡན་ཚེགས་བདག་ཆེ། ཕྱག་འཚལ་དཔལ་ལྡན་ཚོགས་བདག་ཅེས ་གཟུགས་བསྟན་མཎྜཌལ་གྲུ་བཞིར་བཞག། ཟླ་བ་དྲུག་དུ་མཆོད་པར་བྱ།། ལྷ་ཡི་འཁོར་ལོ་སྒྱུར་བ་དང་། ཚེ་འདི་ཉིད་ལ་སྐལ་པ་མཉམ།། བསོད་ནམས་ཆེན་པོ་ཐོབ་པར་འགྱུར། ལོངས་སྤྱོད་ལྷ་དང་མཉམ་པ་དང་། ཚེ་ཡང་རིང་བའི ་མཆོག་ཏུ་འགྱུར། མི་ལ་སོགས་པ་དབང་དུ་འགྱུར། ལྷའི་བུ་ཡང་བྲན་བཞིན་འགྱུར། བདག་གི་བསྒོ་བ་ཉན་པར་འགྱུར། ཀླུ་ཡང་དེ་ཡི་བསྒོ་བ་ཉན། བྲན་བཞིན་ལས་རྣམས་བྱེད་པར་འགྱུར། ལྷ་ཡི་ལོངས་སྤྱོད་མངའ་རིས་ལས། ་འདོད་པའི་ལོངས་སྤྱོད་འབྱུང་བར་འགྱུར། དངོས་གྲུབ་སྒྲུབ་པའི་སྐལ་པ་ཅན།། གདུལ་བྱའི་དབང་གིས་སྐུ་སྤྲུལ་པ། ལྷ་ཆེན་ཚོགས་བདག་ཆེན་པོས་བྱ། དངོས་གྲུབ་དམ་པ་མཆོག་སྒྲུབ་ན། མཐ་སྟོབས་ཕྲན་སུམ་ཚོགས་ལྡན་ནིང ་ལོངས་སྤྱོད་ཡིད་བཞིན་འཕེལ་བར་བྱེད། འཇིག་རྟེན་ཕན་མཛད་ལྷ་ཡི་ལྷ། གང་གིས་མཆོད་པ་དངོས་གྲུབ་ཡོན། ལྷ་ཆེན་ཚོགས་ཀྱི་བདག་པོའི་རྒྱུད་ལས་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་དབེན་པའི ་གནས་སུ་ནི། དཀྱིལ་འཁོར་གྲུ་བཞི་དག་བྱ་སྟེ། བའི་ལྕིབས་ལེགས་པར་བྱུག། འཇམ་ཞིང་མཉེན་ལ་དབུས་མཐོ་བའི། དབུས་སུ་ཚོགས་བདག་སྐུ་གཟུགས་བཞུགས། མེ་ཏོག་དཀར་པོས་དེ་ལ་གཏོར། བདག་ཉིད་གཅེར་བུར་བྱུང ་བྱས་ཏེ། ལོག་འདྲེན་གཟུགས་ཀྱིས་ཡང་དག་མཆོད།། བ་ར་ཏ་ག་ཟླ་བ་དྲུག། ཉིན་རེ་བཞིན་དུ་དུས་གསུམ་དུ།། གསང་སྔགས་བརྒྱ་ནི་རྩ་བརྒྱད་བཟླས།། ཡིད་ལ་རེ་བ་ཐམས་ཅད་རྫོགས།། བསམ་པ་ཐམས་ཅད་འགྲུབ་པར་འགྱུར། ཨོཾ ་ནི་བཀྲ་ཤིས་དཔལ་དང་ལྡན། ། གསང་སྔགས་མགོ་ལ་བཞག་པར་བྱ།། ཡིད་བཞིན་ནོར་བུ་ལྟ་བུ་ཡི། དངོས་གྲུབ་སྟེར་བྱེད་ཡི་གེ་ཡང་། དེ་འོག་གྲལ་ལ་བཞག་པར་བྱ། ཉི་མ་ལྟ་བུའི་ཡི་གེ་ཡང་། དེ་ཡི་རྗེས་ལ་ཀླག་པར་བྱ། དེ་བཞིན ་གཤེགས་པའི་མཚན་དང་པོ། ཡི་གེ་མཆོག་ནི་བླང་བར་བྱ།། གསལ་བྱེད་ཡི་གེ་དང་པོ་ཡང་། དེ་ཡི་འཇུག་དུ་བརྗོད་པར་བྱ།། རིན་ཆེན་ཡི་གེ་སཱ་ཞེས་བྱ། ལས་ཀྱི་ཡི་གེ་ཧཱ་ཞེས་བྱ། དངོས་གྲུབ་འདོད་པས་གསང་སྔགས་བཟླས།། ལྷ་ཆེན ་དངོས་གྲུབ་སྒྲུབ་པའི་རྒྱུད་ལས་ལྷའི་དངོས་གྲུབ་ཀྱི་གསང་སྔགས་བསྟན་པའི་ལེའུ་སྟེ་གཉིས་པའོ། ། ། དེ་ནས་ཚོགས་ཀྱི་བདག་པོ་བཤད། ཚོགས་ཀྱི་བདག་པོ་སྐུ་མདོག་དཀར།། གླང་པོ་ཆེ་ཡི་མགོ་བོ་ཅན།། མཆེ་བ་ཡ་གཅིག་ཆག ་པ་དང་། ཕྱག་གཡས་ལ་ཕུག་བསྣམས་པ། བྱི་ལའི་གདན་ལ་བཅིབས་པ། རིན་པོ་ཆེས་སྐུ་བརྒྱན་པ། ཟླ་བ་ཚེས་པས་དབུ་བརྒྱན་པ། འོད་གསལ་བ། འོད་ཟེར་འཕྲོ་བ། མདོག་བཟང་བ། ཁ་དོག་བཟང་བ། གསུས་པ་ཆེ་བ། ་རྒྱན་གྱིས་སྤང་པའོ།། དངོས་གྲུབ་སྒྲུབ་པའི་རྒྱུད་ལས། ཚོགས་ཀྱི་བདག་པོ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་སྐར་མ་རྒྱལ་གྱི་ཉིན་པར་མེ་ཏོག་དཀར་པོ་བླངས་ཏེ། ཚོགས་ཀྱི་བདག་པོའི་སྐུ་གཟུགས་བྲིས་ཏེ། ་དོག་དཀར་པོ་གླང་པོ་ཆེའི་དབུ་ཅན། ཕྱག་གཡས་ན་ལ་ཕུག་བསྣམས་པ།། གཡོན་ན་རིན་པོ་ཆེའི་ནོར་བུ་བསྡམས་པ། གསུམ་པ་ཆེ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟླ་བ་དང་བྱི་ལའི་ཁྲི་ལ་བཞུགས་པ་མཁས་པས་བྱའོ།། དེ་ལ ་དཀྱིལ་འཁོར་གྱི་དབུས་སུ་བདག་ལ་ཞལ་ཕྱོགས་པར་བཞག་ལ། བདག་ཉིད་ལོག་འདྲེན་གྱི་གཟུགས་ཀྱིས་ཡང་དག་པར་མཆོད་དོ།། ཚོགས་ཀྱི་བདག་པོ་ཞལ་ཅིག་ཕྱག་བཞི་པ་སྒྲུབ་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་དབང་ལྡན་གྱི་མཚམས ་སུ་ཚོགས་ཀྱི་བདག་པོ་དཀར་པོ་གླང་པོ་ཆེའི་མགོ་ཅན། བྱི་ལ་ལ་ཞོན་པ། མིག་གསུམ་པ། ཟླ་བ་ཕྱེད་པ་འཛིན་པ། གཡས་ན་ལ་ཕུག་དང་དགྲ་འཛིན་པ། གཡོན་པ་ཏྲི་ཤུ་ལ་དང་ཐོད་པ་འཛིན་པའོ།། ལག་པ་གཡོན་པ་ཁུ་ཚུར ་བཅངས་པའི་འཛུབ་མོ་དང་གུང་མོ་རྐྱང་ལ་འཛུབ་མོ་བཀུག་ལ་གུང་མོའི་ཚིགས་སུ་བཟུང་བར་བྱ་བ་ནི་ཚོགས་ཀྱི་བདག་པོའི་ཕྱག་རྒྱའོ། ། ཚོགས་ཀྱི་བདག་པོའི་ཕྱག་རྒྱ་བསྟན་པའི་ལེའུ་སྟེ་ལྔ་པའོ།། དེ་ནས་གསང་སྔགས་བསྟན་པ་ནི་ཨོཾ ་ནི་དཔལ་ལྡན་མགོ་ལ་བཞག། དེ་ནས་ཡིད་བཞིན་ནོར་བུ་ནི།། རིན་པོ་ཆེ་ཡི་ཡི་གེ་བྲི།། སྡེ་ཚན་གསལ་བྱེད་དང་པོ་ཡང་།། དེ་ཡི་རྗེས་སུ་བྲི་བར་བྱ།། དེ་བཞིན་གཤེགས་པའི་མཚན་དང་པོ།། དབྱངས་ཡིག་བརྒྱད་པས་མཛེས་པར་བྱ། གསལ་བྱེད ་དང་པོ་ཡི་གེ་ཡང་། བློ་ཡིས་བླངས་ཏེ་ཡིད་ཀྱིས་བྲི། སྡེ་ཚན་གསུམ་པའི་གསུམ་པ་ལ། དང་པོའི་བཞི་པ་སྦྱར་བར་བྱ། སྡེ་ཚན་བདུན་པའི་གསུམ་པ་ལ། གསུམ་པའི་དང་པོས་འོག་ཏུ་སྦྱར། ཡིད་བཞིན་ནོར་བུའི་ཡི་གེ་ལ། བཞི་པའི་ལྔ་པ་ཟླ་ལ་བཞན ་དབྱངས་ཡིག་གསུམ་པས་བརྒྱན་པར་བྱ། བཞི་པའི་གསུམ་པས་དེ་ནས་བརྗོད། དངོས་གྲུབ་བསྒྲུབ་པའི་ཡི་གེ་ནི། དེ་ཡི་རྗེས་ལ་བྲི་བར་བྱ།། གསང་སྔགས་དྲག་པོའི་ཡི་གེ་ཡང་། ཀུན་གྱི་མཐར་ནི་བརྗོད་པར་བྱ། གསང་སྔགས་འདི་ཡི ་དངས་ཐུབ་ནི། འཇིག་རྟེན་དབང་ཕྱུག་ཉིད་ཀྱིས་བྱིན། དགོས་པ་ཐམས་ཅད་ཐུབ་པར་འགྱུར།། ཚོགས་བདག་ཆེན་པོའི་གསང་སྔགས་བརྟན་པའི་ལེའུ་སྟེ།། དྲུག་པའོ།། དེ་ནས་གཞན་ཡང་གསུངས་པ་ན། དངོས་གྲུབ་ཐམས་ཅད་སྲུ ་ཡི་མཚན་ཀྱིགསང་སྔགས་ཞེས་བྱ་བའི། ངས་གྲུབ་སྒྲུབ་པའི་སྙིང་པོ་ནི།། པལ་དང་ཡ~ཾ་ག་ཡིག་ས།། སོཞེས་བྱ་བ་མགོལ་བཞག། ཡིདི་བཞིན་ནོར་བུའི་ཡིག་ལས། ཉིསའི་ཡིག་ག་ཏུག་ས།། རྩཱ་སུ་ཡིག་པའི་འོན་ཀྱི། ་ཐིག་ལེ་ནཱ་དས་བརྒྱན་པར་བྱ།། མཚན་གྱི་དང་པོའི་ཡི་གེ་ནི།། དེ་ཡི་རྗེས་ལ་བརྗོད་པར་བྱ།། བཞི་པའི་ལྔ་པ་དེ་ནས་སྦྱར།། ལྔ་པའི་དང་པོ་བྲི་བར་བྱ།། དེ་བཞིན་གཤེགས་པའི་མཚན་དང་པོ།། འབྱུང་བ་རླུང་གི་ཡི་གེ་ཡང་།། དབྱངས་ཡིག་བརྒྱ ་པས་བརྒྱན་པ་ནི། ། དེ་ཡི་རྗེས་ལ་བྲི་བར་བྱ།། ཞི་བའི་ཡིག་འབྲུ་གཉིས་པ་ཡང་།། ཀུན་གྱི་མཐར་ནི་བརྗོད་པར་བྱ།། མཚན་གྱི་གསང་སྔགས་ཞེས་བྱ་བ།། འདོད་པ་ཐམས་ཅད་གྲུབ་བྱེད་ཡིན།། མཚན་གྱི་གསང་སྔགས་བསྟན་པའི་ལེའུ་སྟེ། ་བདུན་པའོ།། ། དེ་ནས་གཞན་ཡང་གཤད་པར་བྱ།། ། སྐར་མ་རྒྱལ་གྱི་ཉན་པར་ནི།། མེ་ཏོག་དཀར་པོའི་རྩ་བ་བླང་།། ཙན་དན་དཀར་པོ་དག་ལས་ནི།། ཚོགས་ཀྱི་བདག་པོའི་སྐུ་གཟུགས་ནི།། མཐེ་བོང་གི་ན་ཚད་ཙམ་བྱ།། གསུས་པ་ཆེ་ལ་ཕྱག ་བཞི་པ། ། མཁས་པས་བྱས་ཏེ་ལེགས་པར་བྱ།། རིན་པོ་ཆེ་ཡི་སྣོད་དུ་གཞུག། དཀར་ཆེན་མངོན་པར་གསལ་བའི་ཚེ།། ནང་གི་ཆ་རིས་སྐུ་ཁྲུས་གསོལ།། གསལ་ཞིང་དངས་ལ་ཡིད་དུ་འོང་།། དྲི་དང་ལྡན་པའི་བུམ་པ་ཡིས།། མེ་ཏོག་དཀར་པོའི་དྲི་ཡིས་ནི ་འདག་ཚལ་ལྡན་པས་ཁྲུས་བྱའོ། ། དེ་ནས་དེ་མ་ཐག་ཏུ་ནི།། དཀྱིལ་འཁོར་དབུས་སུ་སྤྱན་དྲངས་ལ།། མེ་ཏོག་དཀར་པོ་དབུལ་བར་བྱ།། ལ་ཕུག་ལ་ངུར་བཅས་པ་ཡི།། གཏོར་མ་ཆེན་པོའང་དེ་ནས་དབུལ།། སྤོས་དང་དྲི་དང་མར་མེ་དང་།། ལྷ་བཤོས་དག་གིས ་མཆོད་པར་བྱ། ། གསང་སྔགས་འདིས་ལ་ཕུག་དང་།། ལ་དུ་དང་ཆུ་དང་། དཀར་གསུམ་གཏོར་མས་ཚོགས་ཀྱི་བདག་པོ་ལ་ཕུལ་ཏེ།། སྤོས་དང་མེ་ཏོག་རྣམས་ཀྱང་དབུལ།། དེ་ལྟར་བྱས་ན་ཕྱིས་འགེགས་བྱེད་པར་མི་ནུས་སོ།། ཚོགས་ཀྱི་བདག་པོ ་མཆོད་པའི་ལེའུ་སྟེ་བརྒྱད་པའོ། ། ། དེ་ནས་ལ་ཕུག་ཞེས་བྱ་བ།། རོ་བརྒྱད་ལྡན་པའི་ཉུངས་མ་ཏེ།། ཟས་རྣམས་ཀུན་གྱི་མཆོག་ཀྱང་ཡིན།། རོ་མཆོག་བརྒྱད་དང་ལྡན་པ་ཡིན།། ཁ་དང་སྦྱར་དང་ག་བ་དང་།། མངར་དང་ཚ་དང་། ་ལན་ཚྭ་རོ།། བཞན་དང་བྲོ་མཆོག་ཆེ་བ་ཡིན།། ནད་སྔ་བརྒྱད་ཀྱི་གཉེན་པོ་ཡིན།། མཁྲིས་པ་བད་ཀན་འདུས་པ་དང་། ཁྲག་དང་ཆུ་སེར་མ་ཆུབ།། དྲུང་དང་རིམས་ནད་ཀུན་ལ་ཕན། དེ་འདྲ་བྱུང་བའི་ཁཟས་མེད།། ལྷ་རྣམས ་མཆུ་ཡང་འགུལ་དངོས་གྲུབ་འགྲུབ་པའི་ཞལ་ཟས་ཡིན། ། ཚོགས་ཀྱི་བདག་པོ་མཆོད་པར་བྱ།། ལ་རུ་ཞེས་བྱའི་ཞལ་ཟས་ནི།། མངར་གསུམ་འབྲས་བུ་གསུམ་པ་ནི།། དེ་བཞིན་ཞིམ་པའི་སྤོས་ཀྱིས་བྲན།། བགཟན་གྱི་ནི་རིལ་བྱ།། འོ་མམ ་དུ་བཙོས་བྱས་ལ། ། ཚོགས་པའི་གཏོར་མ་ཆེན་པོ་བྱ།། མར་དང་ཁུར་བ་མངར་གསུམ་དང་།། འཐུན་པའི་ཞལ་ཟས་སྣ་ཚོགས་ཀྱིས།། ཚོགས་བདག་ཆེན་པོ་མཆོད་པར་བྱ།། དེ་ལྟར་ཚོགས་ཀྱི་བདག་པོ་ལའོ།། ཚོགས་ཀྱི་བདག་པོའི་སྐུ་གཟུགས ་ལག་པ་གཡས་པའི་མཐིལ་དུ་བཞུགས་པ། ། སེམས་གཞན་དུ་མ་ཡེངས་པར་བཟླས་བརྗོད་འབུམ་བྱས་ལ།། ལ་ཕུག་ལ་སྔགས་ཀྱིས་བཏབ་སྟེ། ཚོགས་ཀྱི་བདག་པོ་མཆོད་ན། ཚེ་འདི་ཉིད་ལ་འཁོར་ལོ་སྒྱུར་བའི་རྒྱལ་པོ་དང་བསོད་ནམས ་མཉམ་པར་འགྱུར་རོ། ། མེ་ཏོག་དཀར་པོས་མཆོད་ན་རྒྱལ་པོ་ལ་སོགས་པས་ཕམ་པར་མི་འགྱུར་རོ།། རྒྱལ་པོ་ལ་སོགས་པ་སྒྲུབ་པར་འགྱུར་རོ།། རྒྱལ་པོ་དང་བློན་པོ་ལ་སོགས་པ་བདག་གིས་དབང་དུ་འདུས་པར་འགྱུར་རོ།། དངོས ་གྲུབ་སྒྲུབ་པའི་ཞལ་ཟས་བསྟན་པའི་ལེའུ་སྟེ་དགུ་པའོ། ། དེ་ནས་ཆོག་བཤད་པར་བྱ།། དངུལ་ཞེས་བྱ་བའི་རིན་ཆེན་ལ།། ཚོགས་བདག་ཆེན་པོའི་གཟུགས་བྱས་ཏེ།། ཡིད་བཞིན་ནོར་བུ་ལག་ན་ཐོགས།། དཀྱིལ་འཁོར་ཆེན་པོ ་གང་ཚ། ། རིན་ཆེན་མེ་ཏོག་དཀར་པོ་དཀྲམ།། གསང་སྔགས་འབུམ་དུ་བཟླས་བྱས་པས།། ནད་དང་སྡུག་བསྔལ་ཞི་བར་འགྱུར།། ཤེལ་དང་དུང་ལས་ཚོགས་པདག་སྐུ།། མཁས་པས་ཇི་ལྟར་འབྱོར་པར་བྱ།། སྡུག་བསྔལ་ཐམས ་ཅད་སེལ་བར་འགྱུར། ། རིན་ཆེན་ཤེལ་ལས་ཚོགས་བདག་སྐུ།། མཐེ་བོང་གི་ན་ཚད་ཙམ་བྱ།། སེ་ན་པྲ་ཞེས་བྱ་བའི་སྔགས།། རིག་པ་འབུམ་དུ་བཟླས་བྱས་ཏེ།། ཤེལ་གྱི་སྐུ་དེ་ཁྲུས་བྱས་ནས།། སྐར་མ་རྒྱལ་གྱི་ཉིན་པར་ནི།། བདག་ཉིད ་ཤར་དུ་ཁ་བལྟས་ནས། ། གོས་དཀར་གྱོན་ཏེ་ཁྲུས་བྱས་ལ།། ཐལ་སྦྱར་ཡིད་ཀྱིས་གསོལ་བ་གདབ།། བདག་ལ་གནོད་པའི་བགེགས་གང་ཡིན།། ཤེལ་གྱི་སྐུ་དེ་མེ་ལོང་སྟེང་།། མི་གཡོ་མི་འགུལ་རབ་ཏུ་བཞུགས།། བདག་ཉིད་ཁྲུས ་བྱས་ཤར་དུ་བལྟ། ། ཛར་པ་དང་རྐུན་མ་ནི།། གང་ཡིན་མེ་ལོང་ནང་དུ་འབྱུང་།། དེ་ཚེད་དེ་ཡི་ངོས་ཟིན་འགྱུར།། ཚོགས་བདག་ཤེལ་གྱི་སྐུ་དེ་ནི།། མཆོད་པར་བ་གནས་གང་ལེགས་བྱས་ལ།། ནཱ་ག་ཀུ་རུ་ཞེས་བྱ་བའི།། རིག་པ་འབུམ་དུ་བཟླས། ་བྱས་ན།། ནད་དང་སྡུག་བསྔལ་གྱིས་ཉེན་ལ།། སྐུ་དེ་བསྟན་པ་ཙམ་གྱིས་ནི།། ནད་རྣམས་ཐམས་ཅད་སོས་པར་འགྱུར།། སྡུག་བསྔལ་ལས་ཀྱང་ཐར་བར་འགྱུར།། ཞི་བ་ཆེན་པོའི་ཆོ་ག་ཡིན།། རིན་ཆེན་གསེར་ཞེས་བྱ་བ་ལ།། ཚོགས་བདག ་ཆེན་པོའི་སྐུ་བྱས་ཏེ། ། རྒྱལ་གྱི་ཉིན་པར་མིག་ཕྱེ་ནས།། མཆོད་དང་རབ་ཏུ་གནས་པ་བྱ།། བར་ཞེས་བྱའི་གསང་སྔགས་ནི།། འབུམ་ཕྲག་གཅིག་ཏུ་བཟླས་པ་ཡིས།། སྐུ་གཟུགས་བཞུགས་པའི་ཁྱིམ་དེར་ནི།། ནོར་རྣམས་ཐམས་ཅད་འཕེལ ་པར་འགྱུར། ། གསེར་གྱི་ཚོགས་བདག་མཐོང་བ་ཡིས།། བགེགས་རྣམས་ཐམས་ཅད་ནོར་འབུལ་འགྱུར།། བགེགས་ཀྱི་གནོད་པ་མི་ནུས་ཏེ།། རྒྱལ་པོ་བཞིན་དུ་མཆོད་པར་འགྱུར།། གསེར་གྱི་ཚོགས་བདག་གནས་པ་ཡི།། ས་ཕྱོགས་རིན ་ཆེན་ཆར་པ་འབེབས། ། གསེར་གྱི་ཚོགས་ཀྱི་བདག་པོ་ལ།། བགེགས་ཀྱི་རྒྱལ་པོ་ཐམས་ཅད་ཀྱིས།། ནོར་རྣམས་ཐམས་ཅད་འབུལ་བ་ཡིན།། བདག་ཉིད་ཕུན་སུམ་ཚོགས་པར་འགྱུར།། ཚོགས་ཀྱི་བདག་པོའི་སྐུ་གཟུགས་མཆོག། བྱས ་པའི་ཡོན་ཏན་རྣམས་ལ་ནི། ། གནོད་སྦྱིན་རྣམས་ཀྱིས་གཏེར་ཁ་འབྱེད།། སྐྱེ་བ་འདི་དང་ཕྱི་མ་ལ།། རྟག་ཏུ་ཡོ་བྱད་འཕེལ་བར་འགྱུར།། ནོར་གྱི་བདག་པོ་རྣམ་ཐོས་བུས།། རྒྱལ་པོ་བཞིན་དུ་བསྙེན་བཀུར་བྱེད།། དེ་ནས་དཔལ་ལྡན་ཚོགས ་བདག་གི། ། སྐུ་གཟུགས་དཀྱིལ་འཁོར་གྲུ་བཞིར་བཞག། བྷ་ག་ཞེས་བྱའི་གསང་སྔགས་ནི།། བཟླས་པ་འབུམ་དུ་བྱས་པ་ཡིས།། ཚེ་དེ་ཉིད་ལ་དངོས་གྲུབ་ནི།། ཅི་འདོད་པ་ནི་སྦྱིན་པར་མཛད།། ལྷའི་རྒྱལ་པོའི་མངའ་ཐད་ནི། ་སྒྲུབ་པ་པོ་ལ་སྩོལ་བར་མཛད།། ཤིན་དུ་ཐུགས་རྗེའི་བདག་ཉིད་པས།། དཔལ་ལྡན་ཚོགས་བདག་ཐུགས་རྗེ་ཅན།། ཐུགས་རྗེའི་ཕུང་པོས་དབུལ་བ་སྐྱོབ།། ནོར་ལྷ་ཆེན་པོའི་བདག་ཉིད་འདི།། དར་རམ་རས་ལ་ལེགས་བྲིས་ཏེ།། རྒྱལ་གྱི་ཉིན་པར ་སྤྱན་ཕྱེ་ནས། ། གང་གི་ཁྱིམ་དུ་བཞུགས་པ་དེའི།། ས་ཕྱོགས་དེ་ནི་བཀྲ་ཤིས་འགྱུར།། ཟངས་ལ་ཚོགས་བདག་ཆེན་པོའི་སྐུ།། མཁས་པས་ལེགས་པར་བཟོས་བྱས་ཏེ།། ཙན་དན་དམར་པོས་བྱུག་པའི་སར།། མན་ཌ་ལ་སྟེང་དུ་ལེགས་པར་བཞག། བན་དུ ་ཀའི་མེ་ཏོག་དང་། ། པད་མ་རཱ་ག་རིན་ཆེན་དང་།། མེ་ཏོག་དམར་པོ་ཀུན་གྱིས་མཆོད།། བྲུ~ཾ་ཞེས་བྱ་བའི་རིག་སྔགས་བཟླས།། རྒྱལ་པོའི་བུ་མོ་དབང་དུ་འགྱུར།། ལྷའི་བུ་མོ་ཀླུ་མོ་དང་།། མི་འམ་ཅི་ཡི་བུ་མོ་དང་། བྲམ་ཟེའི་བུ་མོ་མཚན་ལྡན་མོ།། མཆོག་དུ ་གཟུགས་བཟང་གུས་པར་འགྱུར། ། བྲན་མོ་བཞིན་དུ་བགོ་བ་ཉན།། དེ་ལ་སོགས་པ་མཐའ་ཡས་མཆོག། སུ་གཟུགས་དགལ་བརྟེན་ཏེ་འགྲུབ།། མཆོད་པ་ཙམ་གྱིས་འབྱུང་བ་ཡིན།། གཞན་ཡང་ཚོགས་བདག་ཆེན་པོའི་སུ།། རིན་པོ་ཆེ་ཡི་རྒྱུ་ལས་བྱས ་དཀྱིལ་འཁོར་སྟེད་དུ་བཞུགས་བྱས་ཏེ། ། དད་ན་སིད་དྷི་ཞེས་བྱ་བའི།། རིག་པ་འབུམ་དུ་བཟླས་པར་བྱ།། ས་འོག་གཏེར་རྣམས་སྟོན་པར་འགྱུར།། ཅི་དགའ་བར་ཡང་སྤྱོད་པར་འགྱུར།། ཚོགས་བདག་ཆེན་པོའི་རྒྱུད་ལས་རྒྱལ་པོ་ལ་སོགས ་བསྒྲུབ་པའི་ལེའུ་སྟེ་བཅུ་པའོ། ། ། དེ་ནས་དཔལ་ལྡན་ཚོགས་བདག་ཆེ།། དྲག་པོ་ཆེན་པོ་དྲག་ཤུལ་ཅན།། སངས་རྒྱས་ཐུགས་ལ་བྱོལ་སོང་དབུ།། གླར་ཆེན་གཞོན་ནུས་ཞལ་བརྒྱན་པ།། སྤྱན་གསུམ་མཆེ་བ་བཞི་དང་ལྡན།། ཕྱག་བཞི་ཞབས ་བཞི་ཀླུ་ཆེན་གདན། ། དང་པོ་མཆེ་བ་དཀར་པོ་འཛིན།། དེ་འོག་ཞགས་པ་གཡོན་པ་ན།། དགྲ་སྟ་ཁ་དྷི་རྩེ་གསུམ་འཛིན།། འཐིང་ཀ་གསུམ་པ་མཆེ་བའོ།། དེ་ལྟ་བུ་ཡི་ཚོགས་བདག་སྐུ་ཁར་བ་ཁྲོ་ཆུ་དག་ལ་བྱ།། རྒྱལ་གྱི་ཉིན་པར་རབ་ཏུ་གནས།། ་དེ་ནས་བསྒོམ་ཞིང་སྒྲུབ་པ་ནི།། དཀྱིལ་འཁོར་བྱ་བའི་ས་བརྟག་པ།། ལེའུ་ཚེ་དགུ་པའི་དཀྱིལ་འཁོར་བྲི།། སྒོ་དང་སྒོ་ཀླུང་ལྡན་པར་བྱ།། དབུས་སུ་པད་མ་མདབ་བརྒྱད་ལ།། ཚོགས་བདག་ཆེན་པོས་བསྒྲུབ་བྱ་མནན།། ཟླ་བའི་གདན་ལ་ཡུམ་དང་ནི་གཉིས ་སུ་མེད་པར་དགོད་པར་བྱ། ། དེའི་མིང་ཨ་རྩི་ཀ་རི་སྟྭཾ།། རྡོ་རྗེ་ཕྲག་གདོད་མ་ཞེས་བྱ།། དགྲ་སྟ་བན་ད་ལག་ན་ཐོགས།། ཁྲག་གིས་བཀང་བ་གཅོ་ལ་སྟོག།། ཤར་གྱི་ལེའུ་ཚེ་སེར་པོ་ལ།། ཁམས་གསུམ་གྱི་བདག་པོ་ལ་ཐུག་དང་གྲི་འཛིན་པའོ།། ལྷོ་ཕྱོགས་ཀྱི་ཡེ ་འུ་ཚེ་སྔོན་པོ་ལ། ། གནོད་སྦྱིན་ཆེན་པོ་རྡོ་རྗེ་མཆུ།། མ་ཧཱ་དེ་བའི་གདོང་ཅན་དབྱུག་ཏོ་དང་ཐོབ་འཛིན་པ་ནག་པོའོ།། ནུབ་ཕྱོགས་ཀྱི་ལེའུ་ཚེ་དམར་པོ་ལ་གནོད་སྦྱིན་གྱི་རྒྱལ་པོ་སྤྲིན་གྱི་བདག་ཅེས་བྱ་བ་དམར་པོ་ཆུས་གང་བའི་སྤྲིན་ཕུང་དང་།། ཞགས་པ ་འཛིན་པའོ། ། བྱད་ཕྱོགས་ཀྱི་ལེའུ་ཚེ་ལྗང་གུ་ལ་གནོད་སྦྱིན་གྱི་བདག་པོ་ནོར་གནས་ཞེས་བྱ་བ་ལྗང་གུ་དབྱུག་ཐོ་དང་རིན་པོ་ཆེའི་ཁ་ཊྭཱ~ཾ་ག་ཐོགས་པའོ།། བྱང་ཤར་གྱི་ལེའུ་ཚེ་དཀར་པོ་ལ་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ་གླང་པོའི་གདོད་མདུད་རྩེ་གསུམ་པ ་དད་ལ་ཕུག་ཐོགས་པ་ནག་པོའོ། ། ཤར་ལྷོའི་ལེའུ་ཚེ་དམར་པོ་ལ་ཡི་དགས་ཀྱི་བདག་པོ་དྲག་པོ་ཞེས་བྱ་བ་དགྲ་སྟ་དང་ཐོད་པའི་རིལ་པོ་ཐོགས་པ་ནག་པའོ།། ལྷོ་ནུབ་ཀྱི་ལེའུ་ཚེ་ནག་པོ་ལ་སྤྲིན་གྱི་སྒྲོན་མ་ཞེས་བྱ་བ་སྤྲིན་ཕུང་དང་། གློག་གི་འོད་དུ་བཅས་པ་ལག ་གཉིས་ཀྱིས་ཐོགས་པའོ། ། བྱང་ནུབ་ཀྱི་ལེའུ་ཚེ་ནག་པོ་ལ་བགེགས་ཀྱི་རྒྱལ་པོ་ལོག་འདྲེན་སྣ་ཡོན་ཞེས་བྱ་བ་གླང་པོ་ཆེའི་སྣ་ཅན་རྩེ་གསུམ་དང་ཐོད་པ་སྐམ་པོའི་ནང་དུ་ལ་ཕུག་དང་ཤས་བཀར་བ་ཐོགས་པའོ།། ལྷ་རྣམས་ལ་ཀླུའི་རྒྱལ་པོ ་བརྒྱད་བཀའ་ཉན་པ་ནི་ཀླུའི་རྒྱལ་པོ་ཨ་བ་ལ་དང་། བ་རུ་ཎ་དང་། དུད་སྐྱོང་དང་། འཇོག་པོ་དང་། རིགས་ལྡན་དང་། མཐའ་ཡས་དང་། པད་མ་དང་། པད་མ་ཆེན་པོ་རྣམས་སོ།། ཤར་གྱི་སྒོར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་།། ལྷོ་སྒོར་འཕགས་སྐྱེས ་པོ། ནུབསྐོར་སྤྱན་མི་བཅད།། བྱང་སྲོང་ན་མ་ཐོས་སྲས་རྣམས་སུ་མདོག་དཀར་བ་དང་།། སྔོ་བ་དང་། དམར་བ་དང་། ལྔ་དགུར་ཤེས་པར་བྱའོ།། ལག་ན་ནོར་བུ་རིན་པོ་ཆེ་རེ་རེ་རལ་གྲི་རི་ར་འོ།། འདི་རྣམས་ཀྱི་ཆུང་མ་ནི་མི་ཟའོ།། འདི་ལྟར་བྲིས ་བའི་བྱིང་ཤར་དུ་གསང་བའི་དཀྱིལ་འཁོར་གྲུ་གསུམ་ལ། ། དེའི་ནང་དུ་དགྲ་བོའི་གཟུགས་སྦ་ཚིལ་ལས་བྱས་པ་རིང་བ། གནག་པ། སྐྲ་ཟེད་པ། ཏིལ་མར་གྱིས་བླུགས་ཏེ། སྙིང་ཀར་མིང་རུས་བྲིས་ལ་གཞུག་གོ།། དེའི་སེར་རོ་སྭ་ལས་བྱས ་བའི་ཐག་པ་གདགས་སོ། ། དེ་ལྟར་བྱས་ནས་གནོད་སྦྱིན་ཆེན་པོ་བརྒྱད་ལ།། ལ་དུ་དཔལ་ཕུག་དང་བཅས་པའི་གཏོར་མ་དང་། གནོད་སྦྱིན་ཆེན་པོ་བརྒྱད་ལ་ཉ་ཤ་དང་། སྒོག་རྩོད་དུ་སྦྱར་བའི་དམར་གྱི་གཏོར་མ་རེ་རེ་བ་ཤམ།། ཀླུ་ཆེན་པོ་བརྒྱད ་ལ་གཏོར་མ་ཆེ་བ་གཅིག་དང་། ། རྒྱལ་པོ་ཆེན་པོ་བཞི་ལེ་རེ་རེ་བྱ།། གལ་ཏེ་མ་འབྱོར་ན་ཆེ་བ་གཅིག་བྱ།། ལྷ་བཤོས་རེ་རེ་དབུལ་བར་བྱའོ།། གཞན་ཡང་དྲག་པོའི་རྗེས་སྤྱང་ཀའི་ཐོད་པ་དང་། ཟེར་ནག་པོ་དང་། སྐེ་ཚེ་དང་། ཡུངས་དཀར་དང་། ཡུངས་ནག ་གཞག་པར་བྱའོ། ། ཚོགས་བདག་ཆེན་པོའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་གཞན་ཡང་བཤད་པར་བྱ། བསྒོམ་པའི་རིམ་པ་འདི་ལྟ་བུ་མ་བྱུང་འབྱུང་བར་མི་འགྱུར་བས། ཤིན་ཏུ་གསང་སྟེ་བསྒྲུབ་པར་བྱ། ཡ་ཡི་རང་བཞིན ་སྟོང་པ་ལས། སྣང་བ་རང་བཞིན་ཧཱུཾ་དང་ནི། ཡ་ཚོགས་བརྒྱད་པའི་ས་བོན་འབྱུང་། མིག་གི་སྔགས་ལས་རབ་ཏུ་བསྐྱེད།། ཁྲོ་བོའི་སྤྲུལ་པས་སྟོང་གསུམ་བཀང་།། འོད་བསྡུས་ཐོག་མའི་ཧཱུཾ་ལ་འདུས།། ཚོགས་ཀྱི་བདག་པོ་ཆེན་པོ་དེ།། འགྲོ་བའི་དོན། ་དུ་བཞེངས་པ་ནི།། བྲེ་བོ་ཆེན་པོ་འཇིགས་པའི་གཟུགས།། ཡུམ་དང་འཁོར་ཡང་རྫོགས་པར་བསྐྱེད།། པུ་བརྒྱད་ཀླུ་བརྒྱད་སེམས་དཔའི་ཚུལ།། རྒྱལ་པོ་དེ་བཞིན་ཁྲོ་བོའི་ཚུལ།། ཡི་གེ་བྷེ་དང་མིང་ལས་བསྐྱེད།། འོད་ཟེར་ཚུལ་གྱིས་སྨན ་དྲངས་ལ། ། ཛ་དང་ཛ་ཡིས་འཕྲོ་འདས་དང་།། ཧཱུཾ་དང་ཧཱུཾ་གི་གསང་སྔགས་དང་། ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས་ལ།། ནུས་པའི་མཐུ་དང་ལྡན་པར་བྱ།། མཆོད་དང་གཏོར་མ་བསྟབ་པར་བྱ།། པཱ་ལི་གྲི་ཧྞཱ་ཁ་ཡི་སྔགས།། སྙིང་པོ་དག་དང་སྦལ ་བར་བྱ། ། བསྒོམ་པའི་རིམ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་གསང་སྔགས་རྒྱལ་པོ་ནི།། དབྱངས་ཡིག་གསལ་བྱེད་དག་ལ་བ་ཏུ།། དང་པོ་བཞི་པ་དེ་རྗེས་བྲི།། བཞི་པའི་ལྔ་པ་གྲལ་ལ་བཞག། ཡིད་བཞིན་ནོར་བུ་ཡི་གེ་དང་།། ད་ཡི་རྫས ་སུ་བསམ་པར་བྱ། ། དེ་བཞིན་གཤེགས་པའི་མཚན་དང་པོ།། དེ་ཡི་རྗེས་སུ་བརྗོད་པར་བྱ།། དེ་ལ་དབྱངས་ཡིག་བརྒྱད་པས་བརྒྱན།། དགུག་པའི་ཡི་གེ་དག་དང་ནི།། འབྱུང་བ་རླུང་གི་ཡི་གེ་ལ།། དབྱངས་ཡིག་གཉིས་པ་སྦྱར་བ་ཡིས།། རྒྱལ་བའི། ་རྒྱལ་པོ་ཞེས་བྱའོ།། ཡིད་བཞིན་ནོར་བུའི་ཡི་གེ་ལ།། དབྱངས་ཡིག་གཉིས་པར་སྦྱར་བར་བྱ།། ཉི་མ་ཡི་ནི་ཡི་གེ་དང་།། བཞི་པའི་ལྔ་པ་དེ་ནས་བྲི།། དེ་ལ་དབྱངས་ཡིག་བརྒྱད་པས་བརྒྱན།། གཉིས་པའི་བཞི་པའི་ཡི་གེ་ལ།། དབྱངས་ཡིག་བཞི ་པས་བརྟན་པར་བྱ། ། ལྔ་པའི་བཞི་པའི་ཡི་གེ་ལ།། གསུམ་པའི་ལྔ་པ་སྦྱར་བར་བྱ།། བཞི་པའི་དང་པོའི་ཡི་གི་ལས།། དབྱངས་ཡིག་བཞི་པས་བརྒྱན་པར་བྱ།། འབྱུང་བ་རླུང་གི་ཡི་གེ་ལ།། དེ་ཡི་འོག་ཏུ་སྦྱར་བར་བྱ།། རིན་པོ་ཆེ་ཡི་ཡི་གེ་དང་།། ལས་ཀྱི ་ཡི་གེ་མཐའ་མར་བརྗོད། ཆེས་པག་ཆེན་པོའི་རྩ་བའི་སྔགས།། འདོད་པ་ཐམས་ཅད་སྒྲུབ་བྱེད་ཡིན།། གནོད་སྦྱིན་བརྒྱད་ཀྱི་གསང་སྔགས་ནི།། ཞེས་བྱ་བ་ལ་སོགས་པ།། ཡ་ཡ་ཞེས་བྱ་ལ་སོགས་དང་།། བཾ་ཞེས་བྱ་བ་ལ་སོགས་དང་།། བིན་ལ། ་ཀ་ཞེས་བྱ་བ་ལ་སོགས་པ་དང་།། བྷཻ་ར་ཞེས་བྱ་བ་ལ་སོགས་པ་དང་།། ཧཱུཾ་ཞེས་བྱ་བ་དང་ཏྲི་ཞེས་བྱ་བ་སྟེ་བརྒྱད་ལ་ཧཱུཾ་དང་།། ཕཊ་ཀྱིས་མཐའ་བརྟེན་པའི་སྲོག་གི་སྙིང་པོའོ།། ཀླུའི་སྔགས་ནི་མིང་ལས་སྐྱེད།། ཨོཾ་དང་ཧཱུ~ཾ་ཕཊ་ལྡན་པར་བྱ།། རྒྱལ་པོ ་ཆེན་པོའི་གསང་སྔགས་ནི། ། བྷི་ཞེས་བྱ་བ་དང་། བྷི་ཞེས་བྱ་བ་དང་། བྷ་ཞེས་བྱ་བའི་སྔགས་སུ་འགྱུར་རོ།། གནོད་སྦྱིན་ཆེན་པོ་རྣམས་ཀྱི་གསང་སྔགས་འབྱུང་བའི་ལེའུ་སྟེ་བཅུ་གསུམ་པའོ།། ། བསྒྲུབ་བྱ་དགུག་པའི་སྔགས་ནི་ཡ་དང་། ཀྵ་དང་ཀ་དང ་མ་དང་ཧཱ་དང་བྷཻ་ར་བྷཻ། ཏྲི་དང་རཱ་དང་ཙ་དག་གིས།། ཤེ་ཏྲཱ་ནཱ་ཛེ་ནི་ཛ་ཞེས། ལན་གྲངས་མང་དུ་བཟླས་པར་བྱའོ།། གནོད་སྦྱིན་བརྒྱད་ཀྱི་གབང་སྔགས་ཀྱིས།། དགྲ་བོའི་བླ་རྡོ་བླང་བར་བྱ།། དེ་ནས་བླ་རྡོ་སྲེག་པར་བྱ།། དེ་ནས་བླ་རྡོ་གནས་པར་བྱ།། སྦད་པའི་གསང ་སྔགས་རྒྱལ་པོ་ནི། ཡ་དང་ཀྵ་དང་ཀ་དང་ལ།། མ་དང་ཧ་དང་བྷེ་ར་བྷེ། དེ་བ་ཡ་ཊཱ་ཡ་མ་དང་། ནཱ་ག་ནཱ་ག་ཐུམ་རིལ་ཡང་། ཆེ་གེ་མོ་དགྲ་བོ་ཐུ་མ་རེ་ལེ་ཡ།། ཡ་ཡ་ཅེས་བསྐུལ་བར་བྱ།། དེ་ནས་གསང་བའི་གསང་སྔགས་ནི།། མ་དང་ཧཱ་དང་བྷཻ་ར་བྷེ།། ཡཀྵ་ལ ་སོགས་གོང་དང་འཐུན། ། དེ་རྗེས་འདི་སྐད་བརྗོད་པར་བྱ།། ན་ཤ་ཡན་ལན་གཉིས་སོ།། ཤ་མ་ཊར་ན་ཙུར་ན་རྡལ་ལ།། ཌཱག་ཡ་ཀ་ཏྲ་མ་ཡ། ཧན་ཙག་རིམ་པ་གཉིས།། བི་ན་ལག་ཇི་ན་ཏ།། ཏན་ཏ་ཀར་དེ་ནས་བརྗོད། ་ཆེ་ག་མོ་མཱ་ར་ཡ་ཞེས་པ།། ཧཱུ~ཾ་ཏྲཱ~ཾ་ཕཊ་ཕཊ། དྲག་པོས་གསང་བ་སྔགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། དེ་ནས་ཡང་ནི་དྲག་པོའི་སྔགས།། ཨོཾ་བྷིགྷྣ་བྷི་བ་བྷི་སརྦ་བིདྱ་བི་ཤ་ཡ་ཧྲི་ད་མི་ཏ་ཡ། ཧཱུ~ཾ་ཙི་དྲཱ་པ་ཏུ། དྲ་མ་རུ་ཏ་ཡ། ཧ་ན་ཧ་ན། ་གྲིཧྞ་གྲིཧྣ།། པ་ཙ་པ་ཙ། བྷཱ་ཧྨ་བྷཱ་ཧྨ། བཱ་ཧཱ་ཡ་བྷཱ་ཧྨ་ཡ།། ཧཱུཾ་ཧཱུ~ཾ་ཕཊ་ཕཊ། ཁ་བ་འམ་ཡང་ན་ཟངས་དག་ལ།། ལོར་འདྲེན་ཆེན་པོའི་གཟུགས་བྱས་ལ།། དེ་ལ་རབ་གནས་མཆོད་པ་བྱ།། དགྲ་བོའི་གཟུགས་བརྙན་འོག་ཏུ་གཞུག ་ཚོགས་ཀྱི་བདག་པོའི་སྟན་དུ་བྱ། ། དགྲ་དེ་འཆི་བར་ཐེ་ཚོམ་མེད།། ཡང་ནི་སྦྱོར་བའི་ལས་རྣམས་ནི།། དགོས་པ་ཆེན་པོ་འདི་གསུངས་སོ།། ཚོགས་ཀྱི་བདག་པོའི་སྐུ་ཙན་དན་ནམ་རིན་པོ་ཆེ་ལ་བྱས་ཏེ།། རབ་གནས་བྱས་ལ་མཆོད་པ ་ཕུལ་ཏེ། ། སེར་བ་གཅོད་པར་འདོད་ན་སེར་བའི་བདག་པོ་རླུང་ལྷ་དང་ཆུ་ལྷའི་གཟུགས་བྱས་ཏེ། སྤྲིན་གྱི་གཟུགས་དང་།། འབྲུག་གི་གཟུགས་བྱས་ལ་ཚོགས་ཀྱི་བདག་པོའི་གདན་དུ་གནན་པར་བྱའོ།། བདག་ཉིད་ཀྱིས་ཀྱང ་མནན་པར་བསམས་ཏེ། ཧི་ཀ་ཙན་ཏྲ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ན་སེར་བ་ཆོད་པར་འགྱུར་རོ།། ཡུངས་དཀར་ཡང་ཕྱོགས་སུ་གཏོར་བར་བྱའོ།། སེར་བ་འབེབས་པར་འདོད་ན།། ཆུ་དང་སྤྲིན་གྱི་མན་ཌ་ལ་མངོན་པར ་བྲིས་ཏེ། ཚོགས་བདག་ཆེན་པོ་འབྲུག་ལ་ཞོན་པར་བསྒོམས་ཏེ།། བདག་གི་བཀའ་ཉན་པར་བསམ། གསང་བའི་རྫས་སུ་བྱ་བ་ལ།། ལྕགས་ཕྱེ་གསེར་ཕྱེ་ཟངས་ཕྱེ་རྣམས།། གནམ་ཆུ་འབྲས་ཀྱི་ཕྱེས་སྦྲུས་ཏེ ་སེར་བ་ཅི་ཙམ་འདོད་པའི་དབྱིབས་ཆེ་ཆུང་བྱས་ལ་ཁྲག་གིས་ཐུགས་ལ་བདྲན་དང་བདུན་ཕྲག་མང་དུ་བྱས་ཏེ། ། ཀཀ་ཀི་ཀུའི་ཐོད་པའི་ནང་དུ་ཐུགས་ཏེ། སྤྲིན་གྱིས་དགབ་པར་བྱའོ།། ཀ་ཀའི་ཐོད་པ་ལ་སྔགས་བྲི་བར་བྱའོ།། ་རིམ་པ་གསམ་སོ།། རྐྱེན་གྱི་རྣས་ཀྱང་གཞག་པར་བྱུ།། བྷ་བྷྱཿ་ག་ཤེས་བྱ་བ་ལ་སོགས་པའི་སྔགས་འབུམ་ཐག་ག་ཅིག་བཟླས་པ་དང་།། ཀཀ་ཟང་པ་འནང་དུས་རབ་དངས་སུག་སུ་མ་འམ་བདུན་རྣམ་བརྒྱད ་བྱུང་བ་དང་། ། དགྲའི་ཡུལ་དུ་བསྐྱལ་ཏེ་སྔགས་བཟློག་ནས་བཟླས་པས་འབབ་བོ།། གལ་ཏེ་མ་བབས་ན་ཚོགས་ཀྱི་བདག་པོའི་སྐུ་དབུ་ཐུང་ལ་བསྟན།། ཞབས་གྱེན་ལ་བསྟན་པ་དགྲ་པོའི་ཡུལ་གྱི་དབུས་སུ་སྲའོ།། མོད་ལ ་སར་བའབབ་སྟེ། བྱ་ཀ་ལན་དཀའི་སྒོང་ང་ཙམ་དང་། དབྱིབས་དམར་པོ་ཤ་བའི་ཚིག་འབྲས་ཙམ་པ་ཡུན་རིང་པོར་འབབ་བོ།། ལོ་ཏོག་འཇོམས་པའི་སྔགས་ནི་བྲུཾ་ཞེས་པས་བྱའོ།། དེ་གཅོད་པར་འདོད་ན་ནི་སྲུ་དང་ཀ་ཀི་མ་བྱུང ་བར་ལ་ཉི་མ་རེ་རེར་འབབ་པས་དབྱུང་བར་བྱའོ། ། ཚོགས་ཀྱི་བདག་པོའི་སྐུལ་མཆོད་པ་དབུལ་བར་བྱའོ།། གསང་སྔགས་ཀྱང་དབུ་ཞབས་མ་ནོར་བར་རིན་པོ་ཆེའི་ཕྲེང་བ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། སྐུ་ཁྲུས་གསོལ་བ ་བདག་གི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་སུ་གསོལ་ལོ། ། དེ་ལ་སོགས་པ་མཐའ་ཡས་མཆོག། ཚོགས་ཀྱི་བདག་པོས་བྱེད་པ་ཡིན།། ཕྱག་འཚལ་དཔལ་ལྡན་ཚེགས་བདག་དགྱེས།། ཕྱག་འཚལ་དཔལ་ལྡན་ཚོགས ་བདག་ཆེ། ། ཕྱག་འཚལ་དཔལ་ལྡན་ཞི་ཁྲོ་ཆེ།། དངོས་གྲུབ་འབྱུང་བའི་རྒྱུད་ལས་ཚོགས་ཀྱི་བདག་པོ་ལ་བསྟོད་པའི་ལེའུ་སྟེ་བཅཝ་ལྔ་པའོ།། །། ཚོགས་ཀྱི་བདག་པོའི་རྒྱུད་དངོས་གྲུབ་འབྱུང་བ་ཞེས་བྱ་བ། རྫོགས་སྷོ།། །། ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་ཤཱི་ཛྙཱ་ནས། འཇིག་རྟེན་དངོས་གྲུབ་ཆེད་དུ་ནི།། རྒྱ་གར་ཡུལ་ནས་བསྣམས་ནས་བྱོན།། རྒྱལ་བའི་འབྱུང་གནས་གཏད་པ་ཡིན།། རྒྱུད་འདི་བསམ་པ་འགྲུབ་པ་ཡིན།། ་