CLOSE WINDOW

Q314: 'phags pa gser can zhes bya ba'i gzungs
Wyliee-texts produced with BDRC’s OCR application

སྔགས་རྫོགས་སོ། ། རྒྱ་གར་སྐད་དུ། ཨཱརྱ་ཥཱ་ན་ཀ་བ་ཏི་ནཱ་མཧཱ་ར་ཎཱི། བོད་སྐད་དུ་འཕགས་པ་གསེར་ཅན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས ་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྷས་མ་ལྟ་བུ་ན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདྲ ་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གཡུལ་ངོར་མཆིས་ཏེ་གཡུལ་འགྱེད་པ་ན། ལྷ ་མ་ཡིན་གྱི་སྐུ་དང་། རིག་སྔགས་རྣམས་དང་གསང་སྔགས་དང་། སྨན་དག་གིས་ཕམ་པར་གྱུར་པ་མཁྱེན་ལགས་སམ། བཅོམ་ལྡན་འདས་བདག་ཅག་རྗེས་སུ་གཟུང་བ་དང་། བདག་ཅག་ལཞུགས་པརྩེ་བ་དང་། ལྷ་མ་ཡིན་རྣམས་ཀྱི་སྒྲ་དང་། རིག་སྔགས་དང་གསང ་སྔགས་དང་། སྨན་རབ་དུ་གཞོམ་པ་དང་། རབ་ཏུ་གཞིག་པའི་སླད་དུ་རྣམ་པར་རྒྱལ་བ་ཆེན་པོའི་གསང་སྔགས་ཆེན་པོ་ལེགས་པར་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀཽ་ཤི ་ཀ་དེ་དེ་བཞིན་ནོ། ། ལྷ་མ་ཡིན་དང་གཡུལ་སྤྲད་པ་ན་རིག་སྔགས་རྣམས་དང་གསང་སྔགས་རྣམས་དང་། སྨན་རྣམས་ཀྱིས་ཕན་པ་དེ་དེ་བཞིན་ཏེ། ཀཽ་ཤི་ཀ་སྙིང་བརྩེ་བའི་ཕྱིར་ང་འདིར་རིག་སྔགས་བརྗོད་པར་བྱ་སྟེ་སྒྲ་ཐམས་ཅད་རེངས་པར་བྱེད་པ། རིག ་སྔགས་ཐམས་ཅད་ཟློག་པ། གསང་སྔགས་ཐམས་ཅད་རེངས་པར་བྱེད་པ། འཐབ་པ་དང་རྩོད་པ་དང་། འཚང་འབྲུ་བ་དང་། ཐབ་མོ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། གསང་སྔགས་དང་། སྨན་ཐམས་ཅད་གཅོད་པའི་རིག་སྔགས་བཤད ་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རིག་སྔགས་ཆེན་པོ་གསེར་ཅན་བཀའ་སྩལ་པ་གང་བསྐལ་པ་གྲངས་མེད་པ་གསུམ་དུ་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་ཆུབ་དང་། གཅེར་བུ་པ་རྣམས་ཀྱིས་ངན་དུ་བསམས་ཤིང་བར ་ཆད་དུ་བྱས་པ་ལས་ངས་དེ་ཚུན་ཆད་སྒྲ་དང་ལྡན་པ་རྣམས་ཀྱི་རིག་སྔགས་ཐམས་ཅད་བཟློག་ནས་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ཏེ། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་གྲུ་བ་དང་། གཅེར་བུ་པ་དང་འཚེ་བ་རྣམས་ཀྱི་སྐུ་དང ་རིག་སྔགས་དང་གསང་སྔགས་དང་། སྨན་དང་བདུད་ཀྱི་སྡེ་ཐམས་ཅད་རབ་ཏུ་འཇོམ་པའི་རེག་པ་ཆེན་མོ་དེ་ངས་བཤད་པར་བྱས་ཀོ་ཤི་ཀ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་གསང་སྔགས་ཆེན་པོ་རྣམ་པར་རྒྱལ་བ་ཆེན་མོ ་ཟུང་ཤིས། བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ཀྱི་ལྷར་ཉན་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེར་གསྔགས་ཆེན་མོ་གསེར་ཅན་འདི་དག་བཀའ་སྩལ་ཏོ།། ཏཿཐཱ། ཨོཾ་ཧཱི་ནི་ཧི་ནི། ཏེ་ལེ ་ཧ་ལེ་ཧི་ལི། མི་ལི་མི་ལཾ། ཧི་ལི་མི་ལེ། ནི་ཧེ་ནི་ཧེ། ནི་ཧེ་ར་པི་ནཾ། ཀཱནཱ་ནཱ་པ་ནེ། ལོ་ཀཱ་མཱ་ཏེ་བྷཱུ་ཏེ་ནཱུཀྲ་ཏ་མན་ཏྲ། མ་དྷི་ཀྲེ་ཏེ། བ་དེ་བེ་དེ་བེ་ཏ་མན་ཏྲ། ཨ་དྷི་ཀྲེ་ཏེ། ཧ་ན་ཧན། ཧ་ས་ཧ་ས། རྐྱེན་དུ་ཙྪིན་དྷ། བྷིན་དྷ་བིན་དྷ། བྷ་ག་བ་ཏེ། ཛ་ཡི་བི་ཛ་ལ། ཛ་མ་བྷ་ནི། ཙྪ ་བྷ་ནི། བན་དྷ་ནེ། པོ་ཧ་ནི། ཨ་མོ་གྷ་ཤ་ག་ཏི་དྷཱ་ར་ཎཱི། གྲི་ཎ་གྲི་ཎ། ཀཱ་ཌ་མ་མཱ་ན་སི། ཛ་མ་བྷ་ཡ་ཛ་མ་བྷ་ཡ། བྷཉྩ་ཡ་བྷཉྩ་ཡ། སྟ་མ་བྷ་ཡ་སྟམ་བྷ་ཡ། བན་དྷ་ཡ་བན་དྷ་ཡ། མོ་ཧ་ཡ་མོ་ཧ་ཡ། ལྷའི་སྒྲ་དང་། ཀླུའི་སྒྲ་དང་། གནོད་སྦྱིན་གྱི་སྒྲ་དང་། སྲིན་པོའི་སྒྲ་དང་། ན ་མཁའ་ལྡིང་གི་སྐུ་དང་། དྲི་ཟའི་སྐུ་དང་། ལྷ་མ་ཡིན་གྱི་སྒྲ་དང་། མི་འམ་ཅིའི་སྒྲ་དང་། ལྟོ་འཕྱེ་ཆེན་པོའི་སྒྲ་དང་། རིག་སྔགས་འཆང་གི་སྒྲ་དང་། རིག་སྔགས་འཆང་གྲུབ་པའི་རྒྱལ་པོའི་སྐུ་དང་། དྲང་སྲོང་གི་སྐུ་དང་། སེམས་ཅན་རིག་སྔགས་འཆང་ཐམས་ཅད ་ཀྱི་སྐུ་དང་། འཐུང་པོའི་སཱུ་དང་། སཱུ་ཐམས་ཅད། ར་ལ་ར་ལ། རད་ཛ་རད་ཛ། དྷུ་མ་དྷུམ། དྷུ་དྷུ་མ། རཱ་བ་རཱ་ག་རཱ་བ་ན་ན་ཙཀྲཱན་ཏན། གཱ་ན་ཐ་ནི། ཧ་ན་ཧ་ན། སརྦ་བི་དྷ། ཤ་ཏྲཱུཾ་ནཱཾ། སྟམ་བྷ་ཡ། བྷ་ཡུན་སྟ་མ་བྷ་ཡ། སཱུ་རྱཱན་སྟམ་བྷ་ཡ། སོ་ནམ་སྟ་མ་བྷ་ཡ། བ་རུཎཱ ་ན་སྟམ་བྷ་ཡ། ཨ་ག་ནི་ན་སྟམ་བྷ་ཡ། ཨུད་ད་ཀན་དྷི་ཏི་དྷི་དི། དྷཱ་ར་ནཱི་བཱ་ཤ་ཧ་སྟེ། བེཥྚ་ཡ་བཱ་ཤ་ནེ། གང་དག་བདག་ལ་ཕྱིར་རྒོལ་བ་རྣམས་དང་། དགྲ་རྣམས་དང་། སྡང་བ་དང་རབ་ཏུ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། འཐབ་པ་དང་རབ་ཏུ་འཐབ་པ ་དད་མི་ཕན་པར་འདོད་པ་ཐམས་ཅད། ཧ་ན་ཧ་ན། ད་ཧ་ད་ཧ། བ་ཙ་བ་ཙ། བྷཉྩ་ཡ་བྷཉྩ་ཡ། ཛཾ་བྷ་ཡ་ཛ་བྷ་ཡ། སྟམ་བྷ་ཡ་སྟམ་བྷ་ཡ། བྷན་དྷ་ཡ་བྷན་དྷ་ཡ། མོ་ཧ་ཡ་མོ་ཧ་ཡ། མ་ཧཱ་མོ་ཧ་ནི། བྷ་ག་བ་ཏི་སྭཱ་ཧཱ། བདག་འཇིགས་པ་དང་གནོད་པ་དང་། ནད་འགོ ་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་པཊ་སྭཱ་ཧཱ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འམ། རྒྱལ་པོ་འམ། རྒྱལ་པོའི་བློན་པོ་ཆེན་པོ་གང་ལ་ལ་ཞིག་གསེར་ཅན་གྱི་རིག་སྔགས་འདི་རྗེས་སུ་དྲན་པར་བྱེད་ན་དེ་ལ་ཕ་རོལ ་གྱི་འཇིགས་པ་མི་འབྱུང་ངོ་། ། དེའི་སྡེ་ལ་ཕ་རོལ་གྱི་དམག་ཚོགས་ཀྱིས་མི་ཚུགས་སོ།། ལྷས་མ་ཡིན། ཀླུས་མ་ཡིན་གནོད་སྦྱིན་གྱིས་མ་ཡིན། སྲིན་པོས་མ་ཡིན།། དྲི་ཟས་མ་ཡིན། ལྷ་མ་ཡིན་གྱིས་མ་ཡིན་ནམ་མཁའ་ལྡིང་གིས་མ་ཡིན། མི་འམ་ཅི་ཡིས་མ།། ། ་ཡིན། རིག་སྔགས་འཆང་གིས་མ་ཡིན། མཁའ་འགྲོ་མས་མ་ཡིན། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར།། རིག་སྔགས་དང་། གསང་སྔགས་དང་སྨན་རྣམས་ཀྱིས་མི་ཚུགས། ཕ་རོལ་གྱི་དམག་ཚོགས་གིས་མི་ཚུགས། པ ་རོལ་གྱི་དམག་ཚོགས་ཀྱིས་འཆི་བའི་དུས་བྱེད་པར་མི་འགྱུར། ལུས་ལ་མཚོན་གྱིས་མི་ཚུགས། ལུས་ལ་མེ་དང་ཆུ་དང་། དུག་དང་། རིག་སྔགས་དང་། གསང་སྔགས་དང་། སྨན་རྣམས་ཀྱིས་མི་ཚུགས་སོ།། གང་གིས་སྡིག་པ་བྱས་པ་དང་། བྱེད་དུ ་བཅུག་པ་དང་། རྗེས་སུ་ཡི་རང་བ་དེ་ཉིད་སླར་འབབ་པར་འགྱུར། དེ་ཉིད་དུ་སླར་འགྲོ་བར་འགྱུར་རོ།། ཀཽ་ཤི་ཀ་དེ་ལྟ་བས་ན་དད་པའི་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་རིག ་སྔགས་འདིས་ཆུ་ལ་ལན་བདུན་བཟླས་ཏེ་བདག་གི་ལུས་ལ་བླགས་ན་བདག་གི་ལུས་བསྲུངས་པར་འགྱུར་རོ། ། འཇིགས་པ་ཐམས་ཅད་དང་གནོད་པ་ཐམས་ཅད་དང་། ཡམས་ཀྱི་ནད་དང་། ནད་འགོ་བ་ཐམས་ཅད་དང་། རིག་སྔགས་ཐམས་ཅད ་དང་། གསང་སྔགས་དང་། སྨན་ཐམས་ཅད་དང་། བྱད་ཐམས་ཅད་ལས་ཤིན་དུ་འདའ་བར་འདོད་པས་གསེར་ཅན་གྱི་རིག་སྔགས་འདི་ངན་པར་བྱའོ།། རྒྱལ་པོ་འམ་རྒྱལ་པོའི་བློན་པོ་ཕ་རོལ་གྱི་དམག་ཚོགས་གཞོམ་པ་དང་། ཕ་རོལ་གྱི་དམག ་ཚོགས་གདུལ་བར་འདོད་པས་གསེར་ཅན་གྱི་རིག་སྔགས་འདི་དྲན་པར་བྱའོ། ། ལན་བདུན་བཟླས་ཏེ་མདུད་པ་བདུན་བོར་བའི་སྲད་བུ་གདགས་པར་བྱ་བ་འམ། ཆུ་ལ་ལན་བདུན་བཟླས་པས་བདག་བསྲུང་བར་བྱའོ།། འཇིགས་པ་ཐམས ་ཅད་ལ་ཐོགས་པ་མེད་པའི་གཟུངས་ཡི་གེ་ར་བྲིས་ཏེ་བཅང་བར་བྱ་མགུལ་དུ་གདགས་པར་བྱའོ། ། ཡི་གེར་བྲིས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གཡུལ་དུ་ཞུགས་ན་དགེ་བ་དང་བདེ་བར་ཐར་པར་འགྱུར་རོ།། རིག་སྔགས་འདིའི་སྟོབས ་ཀྱིས་ནང་མི་དང་གཡོག་འཁོར་དང་། སྡེ་དང་བཅས་ཏེ་དགེ་བ་དང་བདེ་བར་རྒལ་བར་འགྱུར་རོ།། མ་གྲུབ་པ་རྣམས་ཀྱང་གྲུབ་པར་འགྱུར་རོ།། རིག་སྔགས་རེངས་པར་བྱེད་པར་འདོད་པས་སྲད་བུ་དཀར་པོ་ལ་ལན་བདུན་བཟླས་ཏེ་མདུད་པ་བདུན་བོར་ན ་བཅིངས་པ་དང་རེངས་པར་བྱས་པར་འགྱུར་རོ། ། སྤུ་རེངས་པར་བྱེད་པར་འདོད་པས་དུར་ཁྲོད་ཀྱི་ས་ལ་ལན་བདུན་བཟླས་ཏེ་གཏོར་ན་སྤུ་རེངས་པར་བྱས་པར་འགྱུར་རོ།། འགྱེད་པའི་ཚེ་ཁ་ལྐུག་པར་བྱེད་པར་འདོད་པས། ཟིན་ཐིག་ལ་ལན་བདུན ་བཟླས་ཏེ་འཆོས་ན་སྨྲ་བ་ཐམས་ཅད་ཀྱི་ལན་ཐེབས་པར་འགྱུར་རོ། ། ཀླག་པར་བྱ་ཁ་ཏོན་དུ་བྱ། བརྗོད་པར་བྱ་སྟེ་བརྗོད་པ་ཙམ་གྱིས་སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། གང་གིས་བྱས་པར་གྱུར་པ་དང་། གང་གིས་བསམས་པར ་གྱུར་པ་དེ་ཉིད་ལ་སླར་འགྲེའོ། ། སྲ་དབུ་བཏགས་སམ་ཆུས་པ་དག་བསྲུང་བ་བྱས་ན་དེའི་ལུས་ལ་རིག་སྔགས་དང་། གསང་སྔགས་དང་། སྨན་ཐམས་ཅད་ཀྱིས་མི་ཚུགས་སོ།། མ་གྲུབ་པ་རྣམས་གྲུབ་པར་འགྱུར་རོ།། དེའི་དོན་ཐམས་ཅད་ཀྱང ་འཐུན་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ལྷའི་དབང་པོ་བརྒྱ་བྱིན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་གསར་ཅན་ཞེས་བྱ་བའི་གཟུངས ་རྫོགས་སྷོ། ། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ། 6།། རྒྱ་གར་སྐད་དུ་ཀ་རུ ་