| Wylie | e-texts produced with BDRC’s OCR application |
ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། །། རྒྱ་གར་སྐད་དུ། ཀྲོ་དྷ་བི་ཛ་ཡ་ཀལྤ་གུ་ཧྱ་ཏན་ཏྲ། བོད་སྐད་དུ། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད། བཅོམ་ལྡན་འདས་འཇམ་པའི་དབྱངས་པ་ཕྱག་འཚལ་ལོ།། དེ་ནས་འཛམ ་པའི་དབྱངས་ཀྱི་ནི། ། ཁྲོ་བོ་འདི་མིང་གཤིན་རྗེ་གཤེད།། མཚོན་ཆ་མེ་ལྕེ་འབར་བས་འཁྲུགས།། དྲག་ལ་མཐུ་རྩལ་དྲག་ལྡན་པ།། དེ་མཐོང་ནས་ནི་ཁྲོ་བོ་གཞན།། ཐམས་ཅད་ཀྱི་ནི་ལག་ཆ་ཤོར།། དེ་བཞིན་དུ་ནི་འཇིག་རྟེན་པའི།། ལྷ ་རྣམས་ལུས་ཀྱིས་འདུད་པར་བྱེད། ། གཞན་ཡང་ཐལ་མོ་སྦྱར་བྱས་ཏེ།། སྐྲག་ནས་བསྟོད་པ་མང་པོ་བྱེད།། ལྷ་རྣམས་མང་པོ་ཇི་སྙེད་ཀུན།། འཇམ་དཔལ་ཁྲོ་བོའི་གཟི་བརྗིད་ཀྱིས།། གཟིར་བཞིན་དུ་ནི་རབ་སྨྲས་པ།། བཅོམ་ལྡན ་བདག་ཅག་སངས་རྒྱས་དང་། ། ཆོས་དང་དགེ་འདུན་སྐྱབས་མཆིས་ཀྱིས།། རབ་ཏུ་མི་བཟད་འཇིགས་པའི་གཟུགས།། གཟི་བརྗིད་འབར་བས་ཕྱོགས་ཁྱབ་པ།། ཁམས་གསུམ་འཁྲུགས་པར་མཛད་པ་མཐོང་།། གང་ཚེ་ལྷ་དང་ལྷ་མིན ་རྣམས། ། སྐྲག་ནས་སྐྱབས་སུ་དོང་བ་ན།། དེ་ཚེ་འཇམ་པའི་དབྱངས་ཀྱི་ནི།། ཁྲོ་བོ་སླར་ཡང་ཞི་བར་འགྱུར།། གཤིན་རྗེ་གཤེད་ཅེས་བྱ་བ་ཡི།། ཁྲོ་བོ་ཆེན་པོ་ཞི་བ་ལ།། དེ་ནས་སྐྱབས་སུ་དོང་བ་ཡི།། ལྷ་རྣམས་ཀུན་གྱིས་ཞུས་པ་ནི།། ་ཁྱོད་ཀྱི་བརྩོན་འགྲུས་མཆོག་འཚལ་བས།། ཅི་ལྟ་བུར་ན་མཉེས་པར་བགྱི།། ཅི་ལྟར་ཡང་ནི་དད་པར་འགྱུར།། བདག་ཅག་ཐེ་ཙོམ་ཆེན་པོ་མཆིས།། ཁྲོ་བོས་ལྷ་རྣམས་ཚིག་གསན་ནས།། གཤིན་རྗེ་གཤེད་ཀྱིས་བཀའ་སྩལ་པ།། ་ལྷ་རྣམས་ཐམས་ཅད་ཁྱོད་ཉོན་ཅིག། ང་ནི་དུས་གསུམ་སྔོན་དུ་འབྱུང་།། སངས་རྒྱས་ཀུན་གྱི་སྔོན་དུ་བྱུང་།། ང་ནི་དུས་གསུམ་ཕྱིས་ཀྱང་འབྱུང་།། ང་ནི་དུས་གསུམ་ད་ལྟར་འབྱུང་།། ང་ནི་ལྔ་བརྒྱ་ཐ་མའི་ཚེ།། ངའི་བསྟན་པ་འབྱུང་བར ་བྱེད། ། བསྟན་པ་ཐམས་ཅད་ནུབ་པའི་ཚེ།། ང་ཡི་བསྟན་པ་འབྱུང་བར་བྱེད།། ལས་ངན་མཚམས་མེད་བྱེད་པའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང་།། ཟས་ངན་ལྕི་བ་ཟ་བའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང་།། གོས་ངན་དུག་ཧྲུལ་གྱོན ་པའི་ཚེ། ། དེ་ཚེ་ང་ཡི་བསྟན་པ་འབྱུང་།། ང་ནི་དུས་གསུམ་འབྱུང་བའི་སྐུ།། བསྟན་པ་ཐམས་ཅད་ནུབ་པའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང་།། ཇི་ལྟ་བུར་ནི་ཞིང་འགྱུར་ཡང་།། ད་ནི་ཐམས་ཅད་ཞི་བའི་སྐུ།། ཇི་ལྟ་བུར་ནི་ཁྲོས་གྱུར་ཡང་།། ་ཐམས་ཅད་ཁྲོས་པར་ཡི་སུ།། གཟི་བརྗེད་ཆེན་པོ་ཁྱེད་རྣམས་ཀུན།། གང་ཚེ་གསུམ་ལ་སྐྱབས་སོང་བ།། དེ་ཚེང་ཡི་མི་བཟད་པ།། ཁྲོ་བོ་ཡིད་ལ་གནས་པར་བགྱིས།། དཀོན་མཆོག་གསུམ་ནི་གནས་པ་དང་། ་ད་མི་བཀའ་ཡང་བསྲེད་པ་དང་།། སེམས་ཅན་ཀུན་ལ་སྙིང་བཅིའི་ཕྱིར།། ང་ཡི་ཡིད་ནི་ནི་འཐུར་གྱིས།། ཁྱེད་རྣམས་སྐྱབས་སུ་དོང་བ་ཡི།། བྱང་ཆུབ་སེམས་དང་ལྡན་པ་ཡིས།། ཐམས་ཅད་དོན་ནི་བསྒྲུབ་པའི་མཆོག། ་འདུན་བཅཝ་བདུན་པོ།། ང་མི་སྣང་པོ་ཡིད་ལས་བྱུང་།། སྐྲརྣམས་ཀུན་གྱིས་གཟུང་བར་གྱིས།། གཤིན་རྗེག་ཤེད་པ་བདག་ཉིད་ཀྱི།། སྙིང་པོ་རབ་ཀྲུགསུངས་པན།། དེ་ནས་ས་ནི་གསོས་པར་བྱུར།། རྣ་མཚོལ་ན་རབ ་འཁྲུགས། ། གནོད་སྦྱིན་དང་ནི་སྲིན་པོ་དང་།། ཤ་ཟ་ལ་སོགས་ཕུང་བར་གྱུར།། ལྷ་རྣམས་ཀུན་ནི་ཕྱག་འཚལ་ཞིང་།། ཡན་ལག་ཀུན་ནས་སྤུ་ལངས་ནས།། གཤིན་རྗེ་གཤེད་པོ་ཁྲོ་བོ་ཡི།། ཁྲོ་བོ་སྙིང་པོ་དེ་གཟུང་ངོ་།། དེ་ནས་དམ ་ཆོས་བསྲུང་བའི་ཕྱིར། ། ཁྲོ་བོ་རྣམ་པར་རྒྱལ་བ་ཡི།། རྟོག་པ་འདི་ནི་དེ་དག་ལ།། གཤིན་རྗེ་གཤེད་ཀྱིས་རྒྱས་པར་གསུངས།། དེ་ནས་ཁྲོ་བོ་རྣམ་རྒྱལ་གྱི།། རྟོག་པ་ཁྲོ་བོ་ཉིད་ཀྱིས་གསུངས།། སྙིང་རྗེ་བྱང་ཆུབ་སེམས་ལྡན་པའི།། ་ལྷ་རྣམས་ཀྱིས་ཐོས་དགའ་གྱུར་ནས།། དཀོན་མཆོག་གསུམ་ནི་བསྲུང་བའི་ཕྱིར།། སོ་སོ་ཡི་ནི་རྟོག་པ་བཤད།། དེ་དག་གི་ནི་རྩ་བའི་རྒྱུད།། ཁྲོ་བོ་ཉིད་ཀྱིས་རབ་གསུངས་པ།། ཁྲོ་བོ་རྣམ་རྒྱལ་ཞེས་བྱ་འདི།། འཇིག་རྟེན་འདས ་དང་འཇིག་རྟེན་པས། ། སྔོན་ནས་ཕྱག་བྱས་ཁྲོ་བོ་ཡི།། ཞལ་ནས་ཇི་བཞིན་ཐོས་ནས་ཀྱང་།། ཁྲོ་བོ་ཉིད་ཀྱིས་གསུངས་པ་ཡི།། རྒྱུད་འདི་བྱང་ཆུབ་སེམས་རྣམས་ཀྱིས།། སྙིང་རྗེས་དེ་བཞིན་རྒྱས་པ་དང་།། རྣམ་པ་མང་པོར་བྱིན ་གྱིས་བརླབས། ། འཇམ་དཔལ་གྱི་རྩ་བའི་རྟོག་པ་ཁྲོ་བོ་རྣམ་པར་རྒྱལ་བ་ལས་རྒྱུད་འབྱུང་བ་ཞེས་བྱ་བའི་སྐབས་ཏེ་དང་པོའོ།། །། དེ་ནས་ཁྲོ་བོ་རྣམ་པར་རྒྱལ།། འཇམ་དཔལ་ཁྲོ་བོས་བཤད་པ་ཡི།། རྟག་པ་རྨངད་དུ་བྱུང ་བའི་མཆོག། མདོར་ནི་རབ་ཏུ་བཤད་པར་བྱ།། དེ་ལ་འདིའི་དཀྱིལ་འཁོར་ནི།། དངོས་གྲུབ་ཐམས་ཅད་སྦྱིན་མཛད་པའི།། འཇིག་རྟེན་གསུམ་པོ་འཁྲུགས་པར་མཛད།། ཡི་དགས་མང་པོ་ཞེས་བྱའོ།། ཐམས་ཅད་དུ་ནི་དཀྱིལ་འཁོར། ་འདི།། གནས་ན་གང་དུ་འགྲུབ་པར་འགྱུར།། སྔགས་པས་ཐོག་མ་ཉིད་དུ་ནི།། དེ་ཡི་གནས་ནི་བརྟག་པར་བྱ།། ཤིང་གཅིག་པ་འམ་དུར་ཁྲོད་དང་།། ཁྱིམ་སྟོང་དང་ནི་བཞི་མདོ་དང་།། མཆོད་རྟེན་དང་ནི་མུ་གཉིས་དང་།། ཐིབས་པོ ་གཏོང་བ་ལམ་སྲང་རྙིང་། ། སྐྱེད་མོས་ཚལ་དང་རི་ཡི་རྩེ།། ཆུ་ཡི་འགྲམ་དང་ནགས་ཚལ་དང་།། ཡང་ན་མཚོ་ཡི་འགྲམ་དང་ནི།། ལྷ་ཆེན་གྱི་ནི་གནས་ཀྱང་རུང་།། བ་ལང་ལྷས་སམ་གཡུལ་གྱིས།། ཁྱད་པར་དུ་ནི་ཡུལ་གཙང་བར།། ་གང་དུ་ཡིད་ནི་དགའ་བར་ཡང་།། དེས་ནི་དཀྱིལ་འཁོར་རབ་ཏུ་བྱ།། དེ་ནས་རིག་འཛིན་ནན་ཏན་གྱིས།། ས་ནི་ཡང་དག་སྦྱང་བྱ་སྟེ། བ་ཚ་མེད་ཅིང་མ་གས་པ།། མཉམ་ཞིང་ཟུག་རྔུ་མེད་པ་ལ།། ཤར་དང་བྱང་ནི་མཐོ་བ་དང་།། ཁ་དོག་སྣུམ ་བ་ལྷག་པར་བཟང་། ། བ་ལས་བྱུང་བ་རྣམ་ལྔ་དང་།། ལྡན་པ་ཡི་ནི་ལྕི་བས་བྱུག། ཅི་རིགས་པར་ནི་བྱུགས་ནས་ཀྱང་།། སློབ་དཔོན་གྱིས་ནི་ཁྲུས་བྱས་ནས།། སྨྱུང་བ་བྱས་ཏེ་མཉམ་བཞག་ནས།། ཁྲོ་བོའི་བསུང་བས་བྱིན་གྱིས་བརླབ།། ་ཡི་དགས་བལ་ཆེན་ཞེས་བྱ་བའི།། དཀྱིལ་འཁོར་གསུང་མཆོག་ནུབ་མོ་བྲི།། ཟར་མའི་རས་སམ་རས་བལ་ལས།། ཐིག་སྐུད་གསུམ་སྒྲིལ་མཛེས་པ་ཡི་ས།། གྲཝ་བཞི་དང་ནི་སྒོ་བཞི་པར།། མཁས་པས་དཀྱིལ་འཁོར་ཐིག་བཏབ་སྟེ ་ཐོག་མར་ཤར་དང་བྱང་ནས་ནི། ། ལྷོ་དང་ནུབ་ཀྱི་བར་དུའོ།། ཐིག་སྐུད་དེ་ནི་ཕྱོགས་མཚམས་ནས།། དེ་ནས་ཀྱང་ནི་དྲང་བར་བྱ།། ཤར་དང་ལྷོ་ཡི་མཚམས་དང་ནི།། ནུབ་དང་བྱང་གི་མཚམས་དག་ཏུ།། ཐིག་གིས་རབ་ཏུ་ཚད་བྱས་སྟེ། ་གྲུ་བཞི་པོར་ནི་ཐིག་གདབ་པོ།། རིམ་པ་གཅིག་པ་མཛེས་པ་ལ།། སྒོ་བཞི་དག་གིས་མཛེས་པར་བྱ།། ལྷོ་ཕྱོགས་ཀྱི་ནི་སྒོ་ཕྱེ་ལ།། ལྷག་མ་རྣམས་ནི་གཅད་པར་བྱ།། དཀྱིལ་འཁོར་དང་ནི་མཚམ་པ་ཡི།། དབུས་སུ་པད་མ་བྲི་བར ་བྱཱ། ། ཁད་མ་དང་ནི་ཕྱོགས་བཞི་སྒོ།། ཐེ་ཙོམ་མེད་པར་མཉམ་པར་བྱ།། མཛེས་བྱེད་སྒོ་ཡི་ཕྱེད་དུ་བྱ།། འགྲམ་པ་འདབ་མའི་ཚད་དང་མཉམ།། ཉེ་བ་ཡི་ནི་མཛེས་བྱེད་ཀྱང་།། མཛེས་བྱེད་དང་ནི་འདྲ་བར་བྱ། ་ཆོ་ག་བཞིན་དུ་དཀྱིལ་འཁོར་ཏེ།། ཀུན་དུ་ཐིག་ནི་བཏབ་ནས་ཀྱང་།། བྱི་ནས་ཚུལ་བཞིན་རིག་འཛིན་གྱིས།། དུར་ཁྲོད་ཐལ་བས་བྲི་བ་ནི།། རྟག་ཏུ་ཤེར་བྱང་ལ་སོགས་པའི།། གྲཝ་ཡི་ནང་ནི་དེ་དག་ཏུ།། མཁས་པས་བེ་ཅོན་ཕྱག་རྒྱ་བྲི།། ་ཕྱོགས་ཀྱི་སྒོར་ནི་ཡི་དགས་བཞག། གཞན་ཡང་ཡི་དགས་ལྔ་པ་ནི།། པད་མའི་སྟེང་དུ་བསམ་པར་བྱ།། དེ་བཞིན་ཕྱི་སྒོའི་ནང་དག་དང་།། བླུགས་རྣམས་དེ་དག་ཐམས་ཅད་དུ།། མི་རོ་མགོ་མེད་ཡི་དགས་རྣམས།། དྲང་ཁྲོད་ཐལ ་བས་དངར་ཏེ་བྲི། ། དེ་ཕྱིར་ཡི་དགས་ཕལ་ཆེན་ཡིན།། ཁྲུ་གང་ལ་སོགས་རིམ་པ་ནས།། ཁྲུ་བརྒྱད་པ་ཡི་བར་དུ་སྟེ།། དེ་ལས་ལྷག་པར་ཡོད་མི་བྲི།། རྟག་ཏུ་བདག་ཉིད་མཆོད་པ་ནི།། ཁྲུ་གང་པ་ནི་བྲི་བར་བྱ།། ཞི་བ་དང་ནི་རྒྱས་པ་དང་།། ་མི་རྒྱལ་སྒྲུབ་པ་ཁྲུ་དོར་བསྟན།། སེམས་ཅན་ཀུན་ནི་བསྐྲད་པ་དང་།། དེ་བཞིན་གནིག་ལ་ཁྲུ་གསུམ་པ།། ཁྲུ་བཞི་དབང་དང་འགུག་པ་ཡི།། ལས་རྣམས་ཀྱི་ནི་མཆོག་ཏུ་གསུངས།། ཁྲུ་ལྡནད་དང་མི་ནད་དང་།། དགྲ་རྣམས་མེད་པར་བ# ་བའི་མཆོག། ཁྲུ་དྲུག་བགེགས་རྣམས་ཐམས་ཅད་དང་།། གདོན་རྣམས་ངེས་པར་ཟློག་པར་བྱེད།། ཁྲུ་བདུན་པ་ནི་ལྷ་ཡི་རྣམས།། དབང་དང་འགུག་པའི་ལས་རྣམས་བྱེད།། ཁྲུ་བརྒྱད་པ་ནི་དངོས་གྲུབ་ཀུན།། སྦྱིན་བྱེད་མཆོག་ཏུ་ཤེས། ་པར་བྱ། དེ་ལྟར་ཅི་རིགས་བྲིས་ནས་ནི།། དེ་ནས་བཙང་མས་ཉེ་རེག་བྱ།། ཆུ་ཡི་ཕྱིར་ནི་ཆུ་ཡི་སྣོད།། ཆུས་ནི་རབ་ཏུ་དགང་བར་བྱ།། དེ་བཞིན་མེ་ཏོག་དོན་དུ་ཡང་།། མེ་ཏོག་སྡུག་གུ་དྲི་ཞིམ་དང་།། མེ་ཏོག་ཕྲེང་བས་སྣོད་མཆོག་གཞན།། ལེགས ་པར་དགང་ཞིང་མཛེས་པར་བྱ། ། དྲི་ཡི་དོན་དུ་བྱ་བ་ནི། ཙན་དན་དཀར་པོ་དམར་པོ་བླང་། ཨ་ག་རུ་དང་སྦྱར་བ་ཡི།། གུ་གུལ་བདུག་པ་དེ་བཞིན་ནོ།། མར་མ་མར་གྱི་མར་མེ་དང་།། མཁས་པས་སྙིང་པོ་འཇམ་པའོ།། དྲག་པོ་ཡི་ནི་ལས་དག་ལས། ་མེམི་ཡི་ཚིལ་གྱིས་བྱ་བར་བཤད།། གཏོར་མཉ་དང་ཤ་ལ་སོགས།། རྒྱུར་ཐུག་ལས་སོགས་ལྷག་པར་དབུལ།། དེ་ལྟར་དེར་ནི་ཚིགས་བསགས་ནས།། དེ་ནས་རིག་སྔགས་འཆང་བ་ཡིས།། སངས་རྒྱས་ཀུན་ལ་ཕྱག་བྱས་ཏེ།། བྱང་ཆུབ་སེམ། ་ལ་དམིགས་ནས་ནི།། མི་རོ་ཡི་ནི་ལས་རྣམས་དག། གལ་ཏེ་འདྲི་བར་མི་ནུས་ན།། ཡི་དགས་པ་ལ་ཆེན་དབུས་དག་ཏུ།། པད་མ་སྔར་བྲིས་གང་ཡིན་པ།། དེ་ཡི་སྟེང་དུ་ཡི་དགས་ནི།། མཁས་པས་ཡིད་ཀྱིས་བསམ་པར་བྱ།། ཡི་དགས་ཀྱི་ནི་སྔམ ་མཆོག་གིས། ། བསམ་པ་དག་ནི་བྱས་ནས་ཀྱང་།། གྲཝ་ཡི་བ་ཅོན་བཞི་པོ་ཡང་།། སྔགས་ཉིད་ཀྱིས་ནི་བསམ་པར་བྱ།། གལ་ཏེ་འདྲི་བར་ནུས་ན་ནི།། སྔགས་ཉིད་སྟེང་དུ་གཞག་པར་བྱ།། སྒོ་ཡི་ཡི་དགས་བཞི་པོ་ཡང་།། གལ་ཏེ་བྲེ་བར་མ་ནུས ་ན། དེ་བཞིན་ཡི་དགས་འཛིན་སྔགས་ཀྱིས།། བྱིན་གྱིས་རློབ་པར་གསུངས་པ་སྟེ།། དེ་ཡི་ནང་དུ་རང་སྔགས་ཀྱིས།། བྱིན་གྱིས་རློབ་པར་བྱ་བའི་ཕྱིར།། རྐང་ལག་མགོ་བོ་དཔུང་པ་དང་།། དེ་བཞིན་གཞན་ཡང་དཔུང་བ་དང་།། གཞན་ཡང་དེ ་བཞིན་ལག་པའི་ཕྲེད། ། ཐོད་པ་ཀང་རུས་མི་ལྤགས་རྣོན།། རོ་ཡི་འཕྲེང་བ་བསམ་པར་བྱ།། དེ་ཡི་ནང་དུ་རང་སྔགས་ཀྱིས།། བྱིན་གྱིས་རློབ་ཅུ་གཟུག་པར་བྱ།། དེ་ལྟར་ཆོག་བཞིན་བསམས་ནས།། མཇུག་ཏུ་ཁྲོ་བྲོ་གཤིན་རྗེག་ཤེད། ་སྔགས་བརྗོད་པས་ནི་སྤྱན་དྲངས་ནས།། རང་གི་སྙིང་པོས་བཞུགས་སུ་གསོལ།། ཁྲོ་བོ་འཁྲུགས་པ་འཇིགས་མཛད་པ།། སྤུ་ནི་མེ་ལྕེ་འབར་བ་འདྲ།། གཟི་བརྗིད་འཕགས་པ་བསམ་པ་ནི།། སྐུ་མདོག་སྟང་ཟིལ་བཅག་འཕྲོ་འདྲ།། ་ཞལ་དྲུགས་ཡང་ཁམ་པར་འདུག། སྨིན་མཁམ་པ་མིག་ཀྱང་སེར།། སྤྱན་གསུམ་མིག་ནི་ཟླུམ་པ་སྟེ།། ཕྱག་ནི་བཅུ་གཉིས་པ་ཡི་གཟུགས།། དེ་བཞིན་ཡི་དགས་སྟེང་ན་བཞུགས།། ཞབས་དྲུག་གིས་ནི་མཛེས་པར་བྱས།། ་ཧྲཱིཤྲཱིལ་རལ་གྲི་དབྱུག་དགྲ་སྟ།། སྦྱིན་པའི་ཕྱིར་ནི་ཕྱག་བརྐྱང་བ།། ལྕགས་ཀྱུ་ཡི་ནི་མཚོན་ཆ་དག། གཡས་པའི་ཕྱག་ན་དེ་བཞིན་བསྣམས།། དེ་བཞིན་གཡོན་པའི་དྲུག་པོ་ཡང་།། ཐོད་པ་མདུང་ཐུང་མདའ་བོ་ཆེ།། མཛུབ་མོ ་བསྔགས་ཤུགས་པ་པསྣམས། ན་གངསས་པར་ཨུ0f7f།། མམགཏན་དང་སྙམ་པ་དང་།། མདགས་ཟ་པས་རྣས་པ་ན།། གགགགས་པ་ན་པ་གསོལ།། ཡང་རྡུལ་གས། ་ཁྱིམཆེ།། ཞལ་གྱི་དབྱིབས་ནི་དུ་མ་སྟེ།། སྒྲ་ནི་རྒྱ་མཚོ་འཁྲུགས་པ་འདྲ།། ཞལ་གཅིག་བཞད་ཅིང་ཞལ་གཅིག་ཞེ།། ཞལ་གཅིག་འཇིགས་པར་བགྲད་པའི་ཞལ།། ཞལ་གཅིགཞལ་ནི་གདངས་པ་སྟེ།། ལྗགས་ཀྱང་བསྐྱོད་པར ་མཛད་པ་དང་། ། ཞལ་གཅིག་ཞན་ནི་མཆེ་བ་གཙིགས།། དེ་ལྟར་སྙིང་པོས་ལེགས་པར་ནི།། སྤྱན་དྲངས་མཆོད་ཡོན་དབུལ་བར་བྱ།། དེ་ནས་དྲི་དང་སྦྱར་བའི་ཆུས།། མཆོད་ཡོན་ཆོ་ག་བཞིན་ཕུལ་ནས།། ཡི་དགས་ཀྱི་ནི་སྤྱི་བོར་ཡང་།། ་མེ་ཏོག་དམར་པོ་བཞག་པར་བྱ།། བློ་ཆེན་གྱི་ནི་ཁྲོ་བོ་ལ།། དེ་ནས་ཙན་དན་དམར་པོ་དབུལ།། དྲི་ཡི་འོག་ཏུ་མེ་ཏོག་རྣམས།། ཙན་དན་གྱིས་ནི་གཏོར་བ་དབུལ།། མེ་ཏོག་མེ་ཏོག་ཕྲེང་བ་རྣམས།། མེ་ཏོག་སྔགས་ཀྱིས་དབུལ་བར་བྱ།། ་མེ་ཏོག་སྔགས་ཀྱིས་རིམ་བཞིན་དུ།། མེ་ཏོག་ཆོ་ག་བཞིན་ཕུལ་ནས།། རང་གི་སྙིང་པོ་སྔགས་ཀྱིས་ཀྱང་།། ཁྲོ་བོ་ཡི་ནི་སྤྱི་བོ་དང་།། ཁྲོ་བོ་གཙོའི་སྙིང་ཀར་ནི།། སྙིང་པོ་རྣམ་པར་དགོད་པར་བྱ།། འཚོགས་མར་དེའི་འཚོགས་མ་དང་།། དེ་ཡ~ཾ ་གཙུག་ཏུ་སྤྱི་གཙུག་གནག། དེ་ཡི་ལུས་ལ་གོ་ཆ་དང་།། མཚོན་ཆའི་ཚོགས་ལ་མཚོན་བཞག་སྟེ།། འདི་སྐད་བསྟན་པ་འདི་དག་ནི།། མེ་ཏོག་དག་གིས་དགོད་པར་བྱ།། དེ་ལྟར་ཅི་རིགས་མཆོག་ནས་ཀྱང་།། བདུག་པ་རང་གི་སྔགས་ཀྱིས ་དབུལ། ། དེ་ནས་མར་མེ་རབ་འབར་བ།། ཕྱོགས་བརྒྱད་དུ་ཡང་དགོད་པར་བྱ།། འབྱུང་པོའི་གཏོང་མ་ཁྲོ་བོ་ལ།། ཕུལ་ནས་ཡི་དགས་ཕལ་ཆེན་གྱི།། ཕྱི་རོལ་དུ་ནི་མཁས་པ་ཡིས།། སྨེ་གཏོར་རྣམས་ནི་སྦྱིན་པར་བྱ།། ཁྲོ་བོ་གཙོ་ལ་དེ ་ཕྱོགས་ཏེ། ། དེ་ནས་ཡང་ནི་བདུག་པ་འབུལ།། དེ་ཡི་ཕྱི་རོལ་ཆུ་བཅས་སྣོད།། མེ་ཏོག་གིས་ནི་བཀང་སྟེ་བཞག། ཚོ་གས་ཁྲུས་ཀྱི་བསུད་པ་ཡི།། སློབ་མ་དག་ནི་བོས་ནས་ཀྱང་།། སྔགས་ཀུན་གྱིས་ནི་གཟི་བསྐྱེད་ལ།། ཁྲོ་བོ་ཡི་ནི ་སྙིང་པོ་ཡིས། ། ལག་གཉིས་མེ་ཏོག་བྱིན་ནས་ནི།། གོས་ཀྱིས་གདོང་ནི་གཡོགས་པར་བྱས།། དཀོན་མཆོག་གསུམ་ནི་དྲན་བྱས་ལ།། སློབ་དཔོན་གྱིས་ནི་བཞུགས་པར་བྱ།། རང་གི་སྙིང་པོས་མེ་ཏོག་ཉིད།། དཀྱིལ་འཁོར་དུ་ནི ་གཏོར་དུ་གཞུག། དེ་ནས་བེ་ཅོན་ཞེས་པ་ཡི།། ཕྱག་རྒྱ་སྔགས་པས་དེ་ལ་བསྟན།། དཀོན་མཆོག་གསུམ་ནི་གསང་བ་ཡི།། དམ་ཚིག་དེ་ལ་སྦྱིན་པར་བྱ།། དེ་ནས་གྲུབ་པར་བྱ་བའི་ཕྱིར།། སྔགས་པས་ཆུ་དང་མེ་ཏོག་གིས།། ་བོའི་གཙོ་བོའི་གསང་སྔགས་དག། དབང་བསྐུར་ནས་ནི་དེ་ལ་སྦྱིན།། དེ་ནས་ཁྲོ་བོ་སྙིང་པོ་ཡིས།། ཆོ་ག་བཞིན་དུ་དབང་བསྐུར་ནས།། མེ་ཏོག་བདུག་པའི་ཕྲེང་བ་ཡིས།། སྙིང་པོ་དེ་ལ་སྦྱིན་པར་བྱ།། ཁྲོ་བོ་ཡི་ནི་སྙིང ་པོ་མཆོག། དེ་ནས་དེ་ལྟར་མནོས་ནས་ནི།། དེ་ནས་བླ་མ་ཕྱག་བྱས་ནས།། ཅི་ནུས་སྦྱིན་པས་མཆོད་པར་བྱ།། སྔགས་པས་བླ་མ་མཆོད་བྱས་ནས།། དངོས་གྲུབ་ཐོབ་འགྱུར་གཞན་དུ་མིན།། སློབ་མ་སྙིང་པོ་བྱིན ་ནས་ཀྱང་། ། ཕྲེང་བ་ཙན་དན་ལ་སོགས་པས།། མཆོད་ནས་དེ་ཡི་འོག་ཏུ་ནི།། ཕྱི་རོལ་དུ་ནི་སྔར་བཞག་པའི།། དྲི་ཆུ་ལ་སོགས་བཀང་བའི་སྣོད།། དེ་བླངས་མཆོད་ཡོན་ཕུལ་ནས་ནི།། འཇམ་དབྱངས་ཁྲོ་བོ་མི་ཟད་པཱི། ་མཐུ་རྩལ་དྲག་པོ་གཤེགས་སུ་གསོལ།། བཞུད་ནས་ཀྱང་ནི་ཡོན་ཆུ་དེ།། དཀྱིལ་འཁོར་ལ་ཡང་དབུལ་བར་བྱ།། རྒྱ་ཆེས་ཡི་དཀྱིལ་འཁོར་ན།། དངོས་གྲུབ་མཚུངས་མེད་འདོད་པ་ཡི།། རིག་སྔགས་འཆང་གིས་དེ་ལྟར་ནི། ་མཆོད་པ་རྟག་ཏུ་ལེགས་པར་བྱ།། དེ་ནས་དངོས་གྲུབ་ཐོབ་པར་འགྱུར།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་རིམ་པར་ཕྱེ་བ་སྟེ། ་གཉིས་པའོ།། །། དེ་ནས་གཞན་ཡང་གསང་སྔགས་རྣམས་འབྱུང་སྟེ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཔྲེ་ཏ་མུ་ཁ་ཁ་ད་ཀྵ་སྭཱ་ཧཱ། དབུས་ཀྱི་ཡི་དགས་ཀྱིའོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ་ཀྲོ་དྷ་བི་ཛ་ཡ། ཨག་ནིར ་ཛྭ་ལི་ཏི་ཛི་ཧེ་པྲེ་ཏེ་ཤྭ་རི་ཧཱུཾ་ཕཊ། འདི་ནི་གྲཝའི་བེ་ཅོན་བཞིའི་སྔགས་སོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿོཾ་པྲ་ཏ་ཐོང་ལཿ། ཡ་ཧཱུཾ་ཕཊ། ཤར་གྱི་སྒོའི་ཡི་དགས་ཀྱིའོ།། ཨོཾ་པྲེ་ཏ་བིགྷྣཱ་ན་ཏཀ། ་ཧཱུཾ་ཕཊ། ལྷོ་སྒོའི་ཡི་དགས་ཀྱིའོ།། ཨོཾ་པྲེ་ཏ་ཛཱ་ལ་ཧཱུཾ་ཕཊ། ནུབ་ཀྱི་སྒོའི་ཡི་དགས་སོ།། ཨཱཀྵི་པྲ་པྲེ་ཏོད་ཀ་ཏ་ཧཱུཾ་ཕཊ། བྱང་སྒོའི་ཡི་དགས་ཀྱིའོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཔྲེ་ཏ་མཱ་ལེ་བི་ཀྲི་ཏེ། པྲེ་ཏ་མཱ་ལེ་བི་ཀྲི་ཏེ། གུ་ཧྱ་པེ ་ཙིཀ། མུ་ཁི་སརྦ་ར་ཀྵོ་པ་ཛྙཱ་ཥྚོ་ཧཱུཾ་ཕཊ། ཡི་དགས་ཕྲེང་བའི་འོ།། འདི་ནི་ཡི་དགས་ཀྱི་དཀྱིལ་འཁོར་གྱི་སྔགས་ཀྱི་ཚོགས་སོ།། ད་ནི་ཁྲོ་བོ་གཤིན་རྗེ་གཤེད་སྤྱན་དྲངས་པ་ལ་སོགས་པའི་སྔགས་ལ་སོགས་པ་འབྱུང་ངོ་།། ཨོཾ་ན་མོ ་བུདྡྷ་དྷཱརྨ་སཾ་གྷེ་བྷྱཿཀྲོ་དྷ་བ་ར་བི་ར་སརྦ་མ་ཡེ་ན། ཨཱ་གཙྪ་ཨཱ་གཙྪ། ཨོ་ཨཱཿཧཱུཾ། ཨི་དམ་པྲེ་ཏ། ཨ་ས་ན་ཎ། པྲེ་ཏོ་ད་ག་ཏ་ན་རཀྵ་རཀྵ་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེར་སྤྱན་དྲང་བའི་སྔགས་སོ།། ཨོཾ་ཛྭ་ལ་ཛཱ་ལ་ཏི་བི། ་གྲ་ཧ་ཧཱུཾ་ཕཊ། གོ་ཆའིའོ།། ཨོཾ་ཨ་ཀྲོ་དྷ་ཀཱ་ཡ་མཱན་ཏ་ཀ་ཧ་ན་མ་ཐ་བན་དྷཱ་ཧཱུཾ་ཕཊ། འདི་ནི་ཁྲོ་བོའི་རྒྱལ་པོ་གང་གིས་རྟོག་པ་འདི་ཡིན་པ་དེའི་སྔགས་ཡིག་གེ་འབྲུ་བཅུ་བདུན་པའོ།། ཨོཾ་ཨཱཿཧཱུཾ། དེ་ཉིད་ཀྱི་སྙིང་པོའོ།། ཨོཾ་ཀཱ་ལ་ཧཱུཾ་ཕཊ། ་མཆོགས་མའིའོ།། ཨོཾ་ཡ་མཱན་ཏ་ཀ་ཨེ་ཀ་བཱི་ར་ཧཱ། སྤྱི་གཙུག་གིའོ།། ཨོཾ་བི་བ་ས་སཱ་ཏཱ་ན་ཏ་ཀ་ཧཱུཾ། མཚོན་ཆའིའོ།། འདི་ནི་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཀྱི་ཡན་ལག་ལྔ་པའོ།། ཨོཾ་ཨ~ཾ་ཀ་བཱི་ར་ཡ་མཱན་ཏ་ཀ་བི་ས་ར་སྭཱ་ཧཱ། ་མཆོད་ཡོན་འབུལ་བའི་སྔགས་སོ།། ཨོཾ་བྷི་མཱན་ཏ་ཀ་ཏེ་ཙེ་བི་ལིང་ནི་སྭཱ་ཧཱ། ལྷ་བཤོས་ཀྱི་སྔགས་སོ།། ཨོཾ་བཱ་ཀ་ཙིཏྟ་ཤོ་ནི་ཏྲི་རཏྣ། སོ་གྷན་དྷ་བི་གྲ་ཧེ་སྭཱ་ཧཱ། དྲིའི་སྔགས་སོ།། ཨོཾ་དི་བྱེ་སྲེག་མ་ལྱ་དྷཱ་རི་ནཻ་སྭཱ་ཧཱ། མེ་ཏོག་གི་སྔགས ་སོ། ། ཨོཾ་ཙི་ཏཾ་དུ་པ་བྲི་ཡཱ་ཡ་སྭཱ་ཧཱ། བདུག་པའི་སྔགས་སོ།། ཨོཾ་དཱི་བྱ་ཛྙེ་ཏིཥྛ་སྟེ་སྭཱ་ཧཱ། མར་མེའི་སྔགས་སོ།། ཨོཾ་སརྦ་ཨ་མི་ཤེ་བྷྱཿབ་ཧ་རི་ཎེ་སྭཱ་ཧཱ། སྨེ་གཏོར་ཐམས་ཅད་ཀྱི་སྔགས་སོ།། ཨོཾ་དི་བྱ་ན་ནེ་བྷོ་ཛི་ནཾ། ཧ་ར་ཧ་ར ་དྲྀ་དྲྀ་ཁཱ་ཧི་སྭཱ་ཧཱ། གཏོར་མ་ཐམས་ཅད་འབུལ་བའི་སྔགས་སོ།། ཨོཾ་ཁུ་ཁུ་ནི་པྲེ་ཏོང་ཀ་ཏ་པྲེ་ཏ་མ་ལེ་ལ་ལི་ནི། མཱ་མཱ་ཀླེ་དྷཀླེ་དྷ་པྲི་པྲཱི་ཏི་ཤི་པྲེ་དྲི་དྲི་དྲྀ་དྲ་ལུ་ལུ་ནི་གྲིན་བ་ལི་སྭཱ་ཧཱ། ཡི་དགས་མང་པོའི་དཀྱིལ་འཁོར་གྱི་གཏོར ་མའི་སྔགས་སོ། ། འཇམ་དཔལ་གྱི་རྩ་བའི་ཆོ་གཞིབ་མ་ཐོ་བོ་རྣམ་པར་རྒྱལ་བ་ལས་ཡི་དགས་ཕལ་པོ་ཆེའི་དཀྱི་ལ་ཁོར་གྱི་སྔགས་རིམ་པར་བྱེ་བ་སྟེ་གསུམ་པའོ།། །། དེ་ནས་གཞན་ཡང་འཇམ་དབྱངས་ཀྱི། ་ཁྲོ་བོ་དཔའ་བོ་གཅིག་པུ་ནི།། ཚད་མེད་གཟི་བརྗིད་བདག་ཉིད་ཆེ།། དེ་ཡི་ཕྱག་རྒྱ་བཤད་པར་བྱ།། ཐོག་མར་དཀོན་མཆོག་གསུམ་པོ་ཡི།། དམ་ཚིག་མངོན་པར་བསྟན་བྱས་ནས།། ལག་པ་གཡས་པ་ཆོ་ག་བཞིན།། ལེགས ་པར་རབ་ཏུ་བཅིང་བར་བྱ། ། རིག་འཛིན་དག་གིས་རྟག་པར་ནི།། ལག་པའི་སོར་མོ་ཐམས་ཅད་ཀྱིས།། མཐེ་བོ་ལེགས་པར་སྦས་པ་ནི།། རབ་ཏུ་བསྡམས་པ་བཟང་པོ་བཅིང་།། ཆོ་ག་ཞེས་པའི་བེ་ཅོན་རྒྱ།། སྙིང་པོ་སྔགས་སམ ་ལོགས་ཤིག་ཏུ། ། སྔགས་པ་ཕྱག་རྒྱ་སྔགས་ཀྱིས་བཅིང་།། གཞན་དུ་ནམ་ཡང་མི་བཅིང་ངོ་།། ཨོཾ་ན་མོ་བུད་དྷ་དྷརྨཱ་སཾ་གྷེ་ཨོཾ་སརྦ་ཏ་ཐཱ་ག་ཏྭེ་ཀྲོ་དྷ་བི་ཛ་ཡ། ཨག་ནི་རཛྭ་ལི་ཏ་ཛི་ཧཱ། པྲེ་ཤི་ར་ཧཱུཾ་ཕཊ། བེ་ཅོན་གྱི་ཕྱག་རྒྱ་དང་སྔགས་སོ།། ་ཕྱག་རྒྱ་གཅིག་པུར་གྱུར་པ་འདི།། ཁྲོ་བོའི་སྙིང་པོ་སྔགས་འབར་བྱེད།། མཚོན་ཆ་མ་ལུས་པ་ཡི་གཙོ།། བདུད་རྣམས་ཐམས་ཅད་ཞི་བར་བྱེད།། ཇི་ལྟར་དཀྱིལ་འཁོར་དུ་བྲི་བ།། དེ་ཡི་ཚི་ག་བཤད་པར་བྱ།། བེ་ཅོན་དབྱིག་པ་ལྟ ་བུའི་ཚུལ། ། འདི་ནི་བེ་ཅོན་ཞེས་པར་གྲགས།། ཁྱད་པར་དུ་ནི་དེ་ཡི་རྩེར།། ཡི་དགས་མགོ་བོ་མཁས་པས་བྲིས།། ཡི་དགས་མང་པོ་རྟག་ཏུ་བྲི།། དེ་ལས་གཞན་དུ་ནམས་ཀྱང་མིན།། རིག་འཛིན་གྱིས་ནི་ཆོ་ག་བཞིན།། རྒྱ་འདི ་དུར་ཁྲོད། ཐལ་བས་བྲི།། ཡང་ན་འདི་ཉིད་ལོགས་ཤིག་ཏུ།། གང་གི་ཚེ་ན་བསྒྲུབ་འདོད་པ།། སྒྲུབ་པ་དངོས་གྲུབ་འདོད་པ་ཡི།། རང་གིས་དཀྱི་འཁོར་དག་ཏུ་བྲི།། དེ་ནས་ཕྱག་རྒྱ་བསྒྲུབ་པ་ཡི།། དཀྱིལ་འཁོར་འདིར་ནི ་བཤད་པར་བྱ། ། སྔ་མ་བཞིན་དུ་གྲུ་བཞི་པ།། ཡི་དགས་ཕལ་ཆེར་འདིར་ཡང་བྲི།། དེ་ཡི་དབུས་སུ་བེ་ཅོན་བཞག། ཕྱོགས་བརྒྱད་རྣམས་སུའང་དེ་བཞིན་ནོ།། ཕྱག་རྒྱ་དགུ་དང་ལྡན་པ་ཡི།། ཕྱག་རྒྱའི་དཀྱིལ ་འཁོར་ཞེས་ཀྱང་བྱ། ། དེ་བཞིན་དུ་ནི་ལྷོ་ཡི་སྒོ།། བྱེ་སྟེ་དེ་ནས་མཆོད་པ་བྱ།། ཕྱག་རྒྱ་སྔགས་ནི་མ་ལུས་པ།། ཁྲོ་རྒྱལ་རང་གིས་སྡེལ་མ་བྱ།། དེ་ཡིས་འདིར་ནི་མཆོད་གྱུར་ལ།། རིམ་གྱིས་གསང་བའི་མཆོད་བྱས་འགྱུར།། ཨོཾན་མོ ་བུད་དྷ་དྷརྨ་སཾ་གྷེ་བྷཿོཾ་ཨཱ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛ་ཡ། ཨག་ནི་ར་ཛྭ་ལི་དཱ་པྲ་ཏ་ཤི་ར་ཧཱུཾ་བ་ཊ་ཧཱཾ། འདི་ནི་ཁྲོ་བོའི་རྣམ་པར་རྒྱལ་བའི་གོང་དུ་བཅུག་པའི་བེ་ཅོན་གྱི་ཕྱག་རྒྱའི་སྔགས་སོ།། འདི་ལས་ཐམས་ཅད་བསྒྲུབ་པར་བྱའོ།། ་དེ་ནས་དངོས་གྲུབ་ཀུན་གྱི་མཆོག། ཁྲོ་བོའི་གཙོ་བོ་དེ་ཁོ་ན།། གསང་བའི་མཆོད་དང་ལྡན་པ་ཡི།། བེ་ཅོན་བསྒྲུབ་པ་བཤད་པར་བྱ།། སྙིང་པོ་ཟེ་བ་མཛེས་པ་ཡི།། པད་མ་འདབ་མ་བརྒྱད་བྱས་ལ།། འདབ་མ་རྩེ་མོའི་ཕྱོགས ་བརྒྱད་དུ། ། བེ་ཅོན་ཁྲོ་བོའི་བར་བཅུག་བྲི།། དབུས་སུ་དགུ་པ་བཞག་ནས་ནི།། གཞན་རྣམས་ཤར་ཕྱོགས་ནས་བརྩམས་ཏེ།། བསྐོར་བའི་ཚལ་དུ་གོ་རིམས་བཞིན།། མེ་ཏོག་དག་གིས་བཞག་པར་བྱ།། བེ་ཅོན་ཀུན་གྱི་ས་བོན་ཧཱུཾ། ་ཡི་དགས་སྤྱི་བོར་བཞག་པར་བྱ།། ཐོག་མར་ཨོཾ་དང་ལྡན་བྱས་ཏེ།། ཨོཾ་དང་ནམ་མཆོད་པར་འགྱུར།། ཨཱཿའདི་ཁྲོ་བོ་རྣམ་རྒྱལ་གྱི།། ས་བོན་དམ་ཚིག་ཡིན་པར་བཤད།། ཨོཾ་ན་མོ་བུད་དྷ་དྷརྨཱ་སཾ་གྷེ་བྷྱཿ།། སངས་རྒྱས་ཀུན་གྱིས ་མངོན་པར་བསྟོད། ། བེ་ཅོན་རྣམས་ནི་ཐམས་ཅད་ཀྱང་།། རང་གི་དམ་ཚིག་བསྐུལ་བར་ལྡན།། ཐམས་ཅད་རང་གི་དམ་ཚིག་ལྡན།། དེ་བཞིན་གཤེགས་པའི་རིགས་ལས་བྱུང་།། བསྐུལ་བ་ཚིག་ནི་རབ་ལྡན་ཞིང་།། ཁྲོ་བོའི་ལྟ་བས་བརྟགས་པ ་དང་། ། རང་རང་རྟགས་ཀྱིས་བསྐུལ་ན་ནི།། དེ་མ་ཐག་ཏུ་ལས་བྱེད་འགྱུར།། ཨཱཿའདི་ཁྲོ་བོ་རྣམ་རྒྱལ་གྱི།། ཁྲོ་བའི་ལྟ་བས་བལྟས་པའོ།། རང་གི་དམ་ཚིག་དང་ལྡན་པ།། ཧཱུཾ་དང་ལྡན་པ་བསྐུལ་བ་གཞན།། ཞི་བ་རྒྱས་པ་དབང་དང་དགུག ་དབྱ་བ་དང་བསླང་བ་རྣམས། ། གསང་བའི་མཚད་པའི་ལྟུར་བ་ཡིག།། དགགས་མ་དངན་བཤད་པར་བྱ།། དེ་ས་ག་མར་ལག་སོ།། དེ་ལས་གཞན་པ་སྔགས་འཕེལ་བྱར། ཞི་གཤེགས་པའི་དམ་ཅིག་ཉི།། སུམ་པ ་ཡིན་པར་ཡོངས་སུ་བསྒྲགས། ། བནི་བ་དངས་གྲུབ་སྟེར་བྱའི་ཕྱིར།། འདི་ནི་ཐུགས་ལ་བསྐུལ་བ་ཚིག། ཨོཾ་སམཏ་ཐཱག་ཏ་ཞེས་བརྗོད་པ་སྔགས་ཀྱི་བདག་ཉིད་དོ།། མཇུག་གི་དྷུ་ནི་ཁྲོ་བོ་ལ།། སྔགས་ནི་འཕེལ་བར་བྱེད་པར་བཤད།། དེ་ལས ་གཞན་ནི་ཁྱད་པར་དུ། ། རང་གིས་བསྐུལ་བའི་ཚིག་གིས་བྱེད།། དབང་དུ་བྱ་བར་འདོད་པས་ནི།། རང་གི་ང་བ་སྨོས་པར་བྱ།། ལྷ་དབང་དབང་དུ་བྱོས་ཤིག་ཅེས།། བརྗོད་ནས་ཐ་མར་སྭཱ་ཧཱ་སྦྱར།། ཞི་བའི་ཕྱིར་ནི་བསྐུལ་བ་ཉིད།། མཇུག་ཏུམ ་ཥ་ཊ་བརྟག་པར་བྱ། ། དེ་བཞིན་གཤེགས་རིགས་ལས་བྱུང་བའི།། དཔལ་ནི་མཚུངས་མེད་འདོད་པ་ཡིས།། བསྐུལ་བའི་ཚིག་གིས་མཇུག་ཏུ་ཡང་།། ན་མཿསྭཱ་ཧཱ་རྟག་ཏུ་སྦྱར།། རྒྱས་པའི་ཕྱིར་ནི་སྔོན་བཞིན་དུ།། བསྐུལ་ནས་བཻ་ཥི་ཊ་སྦྱར་བར་བྱ།། ་རྒྱས་ཕྱིར་བསྐུལ་བའི་ཐོག་མ་དང་།། ཐ་མར་ཁྲོ་བོའི་ཧཱུཾ་ཡང་སྦྱར།། གསང་བ་ལ་ནི་ཕཊ་ཅེས་པ།། འབར་བ་འདི་ལ་ལྷག་པ་ཡིན།། རིགས་རྣམས་བརླག་པར་བྱ་བ་ལ།། ཧཱུ~ཾ་དབུས་ཁྲོ་དང་ལྡན་པའི་ཕཊ།། དེ་བཞིན་བསྐྲད་དང་བསྐུལ་བ་ཡི།། མགོ་དང ་མཇུག་དུ་ཧཱུ~ཾ་གཞག་གོ། ། ཡང་དག་འབར་བའི་ཕཊ་ཀྱང་གཞན། གསང་བའི་མཆོད་པའི་ཆོ་གར་གྲགས།། དེ་ལྟར་མཆོད་པའི་རིམ་པ་དེར།། བེ་ཅོན་དགུ་ནི་བྱས་པར་འགྱུར།། གསང་བའི་མཆོད་པའི་སྦྱོར་བ་ཡིས།། བདུག་པ་མེ་ཏོག་དེ་བཞིན་དྲི། ་དེ་བཞིན་གཏོར་མ་མར་མེ་དང་།། བཟླས་པ་མེད་ཀྱང་འགྲུབ་པར་འགྱུར།། དབང་དྲ་བྱ་དང་དབྱེ་བ་དང་།། བསྐྲད་དང་གསང་ལ་སོགས་པ་ནི།། ཇི་སྐད་གསུངས་པའི་ཚུལ་དག་དང་།། དེ་ལྟར་སྦྱོར་བ་དེ་འདྲ་ལས།། ཚེ་གྲངས་དག་དང་སྐར་མ་དང་།། ་སྨྱུང་བ་དག་ཀྱང་བྱ་མི་དགོས།། གསང་བའི་མཆོད་པའི་ཆོ་ག་ཤེས།། ཕྱག་རྒྱའི་དཀྱིལ་འཁོར་ལེགས་བྱས་ལ།། ཁྲུས་བྱས་ཁྲུས་ནི་མ་བྱས་རུང་།། ཇི་ལྟར་འདོད་པ་རང་དགར་སྤྱོད།། ཅི་ཡང་རུང་བའི་གཏོར་མ་དང་།། ལོ་མ་མེ་ཏོག་འབྲས་བུས ་ཀྱང་། གང་དག་གཤིན་རྗེ་གཤེད་པོ་ཡི།། སྙིང་པོ་ཕྱག་རྒྱ་མཆོད་བྱེད་ལ།། བྱང་ཆུབ་སེམས་དང་ལྡན་འགྱུར་ཞིང་།། རབ་ཏུ་གུས་ན་ཟླ་དྲུག་གིས།། དེ་ནི་ཇི་འདོད་དགོས་པ་རྙེད།། ཇི་ལྟར་འདོད་པའི་ལས་ཀྱང་བྱེད།། ཛྲ ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས་བེ་ཅོན་གྱི་ཕྱག་རྒྱའི་དཀྱིལ་འཁོར་གསང་བའི་མཆོད་པ་རིམ་པར་ཕྱེ་བ་སྟེ། བཞི་པའོ།། །། དེ་ནས་བེ་ཅོན་ཕྱག་རྒྱ་ཡི།། ཇི་སྐད་གསུངས་པ་དེ་དག་བསྒྲུབ།། དེ་ཡི་དཀྱིལ་འཁོར ་གཉིས་པའང་གཞན། ། དཀྱིལ་ན་ཡི་དགས་ཤེས་བྱ་བ།། བསྒྲུབ་པས་མཚན་མོ་དུར་ཁྲོད་དུ།། དུར་ཁྲོད་དག་གི་ཐལ་བ་ཡིས།། ཁྲུ་བཞི་པ་ལ་སྒོ་བཞི་བྲི།། མི་རོའི་རོ་སྨད་དག་དང་ལྡན།། བླ་རེ་རྔ་ཡབ་མེ་ལོང་དྲིལ།། མེ་ཏོག་ཕྲེང་བས་མཛེས་པར།། ་བྱ།། ལྷ་རྫས་ཡི་དགས་མང་པོ་མངང་།། ཐོད་པ་བརྒྱད་ཀྱིས་རྣམ་པར་སྤྲས།། ཕྱིས་ནི་བེ་ཅོན་ཕྱག་རྒྱ་ཡང་།། མགོ་མེད་རོ་ཡི་སྟེང་དུ་བྲི།། དཀྱིལ་ན་ཡི་དགས་ཞེས་བྱ་བའི།། ཐམས་ཅད་གྲུབ་བྱེད་དཀྱིལ་འཁོར་འདི།། ཁྲོ་བའི་གཙོ་བའི ་ཕྱག་རྒྱ་ཡིས། ། མཆོད་པ་ཇི་སྐད་གསུངས་པ་བྱ།། སླེ་གཏོར་ཐམས་ཅད་བྱིན་ནས་ནི།། གཙང་མགོ་ཆ་བགོས་ནས་ཀྱང་།། འབུམ་ཕྲག་གཅིག་ནི་སྔར་བསྙེན་པ།། བྱས་ནས་འདི་ནི་བརྩམ་པར་བྱ།། ཐུགས་ཆེན་དག་ནི་ཁྲག་གས་ཀྱང་།། ་ཤིས་པའི་ཐོད་པ་བཀང་ནས་ཀྱང་།། དེ་བཞིན་མེ་ལས་བྱུང་བའི་ཤ། ཕྱག་རྒྱ་ལ་ནི་དབུལ་བར་བྱ།། ཕྲུགས་ཆེན་གྱི་ནི་ཚིལ་བུ་ལས།། མར་མེ་འབར་བ་བྱས་པ་དག། དེ་ཡི་ཕྱི་རོལ་ཕྱོགས་བརྒྱད་དུ།། སྔགས་བསྲུང་དེ་ལ་དབུལ་བར་བྱ།། ་ཆོག་ཤེས་པས་དེ་ལྟ་བུར།། བྱས་ནས་མཇུག་ལ་བསྒྲུབ་པར་བྱ།། དཔལ་ལྡན་གོས་ནི་དམར་པོ་གྱོན།། ཙན་དན་དམར་པོས་བསུས་ནས་ནི།། ཅུང་ཟད་དག་ཀྱང་མི་བྱེད་པར།། མར་གྱི་བརྒྱད་ལ་གཅིག་བྲུས་བྱ།། དཔའ་ལ་སེམས་དྲག ་མཐུ་ལྡན་པའི། ། གྲོགས་ནི་གསུམ་དང་ལྷན་ཅིག་ཏུ།། སྒྲུབ་པ་བློ་ལྡན་སེམས་སྟོབས་ཅན།། དབང་པོ་ལེགས་པར་བསྡམས་པ་ཡིས།། ཡི་དགས་ཀྱི་ནི་དཀྱིལ་འཁོར་དུ།། སྒྲུབ་པ་ལ་ནི་འཇུག་པར་འགྱུར།། དེ་ནས་མཚན་མོ་རྒྱ ་བཅིངས་ཏེ། ། བརྟན་པར་འདུག་ལ་ལེགས་པར་བཟླས།། བགེགས་རྣམས་སྣ་ཚོགས་མཚན་གཅིག་ཏུ།། འབྱུང་སྟེ་དེ་ལས་རྒྱལ་བར་བྱ།། དེ་ལྟར་སྲིན་པོའི་ཚོགས་ཆེན་ལས།། རྒྱལ་ནས་ཕྱག་རྒྱ་འགྲུབ་པར་འགྱུར།། མི་འགྲུབ་པ་ཡི་ལས། ་ནམས་ཀྱང་།། དེ་ནས་ཐོགས་པ་མེད་པར་བྱེད།། འཇམ་པའི་དབྱངས་ཀྱི་ཁྲོ་བ་ཡིས།། བསྐུལ་ནས་འདིར་ནི་དགས་པ་མེད།། ཧ་ན་བ~ཾ་སྥོ་ཏ་པཉྫ་པཊྚ་ཞེས།། བསྐུལ་བའི་ཐ་མར་ཧཱུཾ་བརྗོད་ཅིང་།། གཡོན་བརྐྱང་བ་ཡི་ཚུལ་གནས་ནས། ་ཁྲོས་པས་རི་རྩེ་བགྲོད་དཀའ་དང་།། རབ་ཡང་ཐོག་ས་གང་དང་།། པུ་ཤུ་ལང་པ་མང་རབ་དག། སྐད་ཅིག་གིས་ནི་རྙིལ་བར་བྱེད།། དྷ་ར་བི་སྭོཏ་བཉྫ་ཞེས།། བསྐུལ་བའི་མཇུག་ཏུ་ཧཱུ~ཾ་བརྗོད།། རི་མོ་དང་ནི་མང་པོ་དང་།། དེ་བཞིན་ལྷ་མིན་མ ་དག་དང་། ། དེ་བཞིན་ས་དང་གཞན་དག་དང་།། ཇི་ལྟར་འདོད་པ་འགས་པར་བྱེད།། པ་ཙ་བི་དྷཱ་ན་སཾ་ཤོ་ཞེས།། བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ན།། ཕྱག་རྒྱ་འདི་ཡིས་ཆུ་རྣམས་ནི།། ཐོགས་པ་མེད་པར་སྐམས་པར་བྱེད།། མཚོ་ཆེན་དང་ནི་ཆུ་བོ ་དང་། ། རྒྱ་མཚོ་དག་ཀྱང་སྐམས་པར་བྱེད།། སྟམ་བྷ་ཡ་ཞེས་ལན་གཉིས་བརྗོད།། ཐ་མར་ཧཱུཾ་དང་དེ་བཞིན་མུ།། དེ་ནས་དེ་ཡི་མཇུག་ཏུ་ཧཱུཾ།། སེ་ན་སྟམ་བྷ་ཞེས་སྦྱང་ན།། པ་ཙ་བི་དྷཱ་ན་ས་ཡ་ཤོ་ཥ་ཡ་ཤོ་ཥ་ཡ་ད་ཧཱུཾ་ཕཊ།། རི་མོ་ལ་ནི་གནས། ་པ་བཞིན།། ངེས་པར་མྱུར་དུ་གནོན་པར་འགྱུར།། ཐ་མར་ཧཱུཾ་བཞག་དེ་ནས་དྲི།། ཀྵོ་བྷ་ཡ་ཞེས་ལན་གཉིས་བརྗོད།། དེ་ཡི་ཐ་མར་ཡི་གེ་མ།། མཁས་པ་དག་གིས་སྦྱོར་བ་ནི།། དཔུང་རྣམས་འཁྲུག་པར་འགྱུར་བ་ལ།། ཁྲོས་ན་པོ ་མཚར་ཅི་ཞིག་ཆེ། ། ཐ་མར་ཧཱུཾ་དང་ག་བཞག་ལ།། དེ་ནས་ཏིཥྛ་ཏིཥྛ་གཞག། སྔགས་པས་གལ་ཏེ་སྦྱར་ན་ནི།། ཆོ་ག་འདི་ནི་གླང་པོ་གནོན།། ཧ་ན་བི་དྷྭན་ས་མ་ཡ།། བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ཅིང་།། དེ་བཞིན་ཐ་མར་ཕཊ་བརྗོད་ན། ་དཔུང་དག་རབ་ཏུ་འཆི་བར་འགྱུར།། ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས།། བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ན།། དཔུང་རྣམས་ཕན་ཚུན་འཁྲུག་པར་ནི།། ཐོགས་པ་མེད་པར་རབ་ཏུ་འགྱུར།། ཐ་མར་ཧཱུཾ་དང་དེ་བཞིན་ཕཊ།། དྲིང་དྲིང་ཛ་ཛ་དྲིང་དྲིང་དག། ་ངེས་པ་དག་ཏུ་སྦྱར་ན་ནི།། སྔགས་པ་ཁྲོ་དང་ལྡན་པ་ཡིས།། ཁྲག་གི་ཆར་འབབ་བྱེད་པར་གསུངས།། ཐ་མར་ཧཱུཾ་བརྗོད་ཧ་ཧ་ཧྭཱ་ཏཱ་བེ་ཏ་ལི་ཕཊ།། ཅེས་བདག་གིས་བྱ།། སྔགས་པ་དཔའ་དང་ལྡན་པ་ཡིས།། བསྐུལ་ནས ་མྱུར་དུ་རྨོངས་པར་འགྱུར། ། ཐ་མར་ཧཱུཾ་བཛྲོད་ཧ་ཧ་ཧ།། དེ་བཞིན་ཨན་ད་ཡ་དང་ཕཊ།། བསྐུལ་བ་འདི་དག་དང་ལྡན་ན།། འགྲོ་བ་དག་དང་ལྡན་ན་ནི།། འགྲོ་བ་དག་ནི་ལྡོངས་པར་བྱེད།། ཐ་མར་ཧཱུཾ་བརྗོད་དེ་ནས་ཧཱུཾ།། དེ་བཞིན་དྲིང་དྲིང་ཛ་ཛ ་གཞག། ཐ་མར་དྲིང་དང་ཕཊ་ལྡན་ན།། འགྲོ་བ་དེ་མ་ཐག་ཏུ་འབེབས།། ཁྲོ་བོ་ཆེན་པོ་འདི་ཡི་ནི།། ཕྱག་རྒྱ་དེ་ལྟར་གྲུབ་གྱུར་ན།། དེ་ཚེ་ལས་རྣམས་ཐམས་ཅད་ནི།། ཡིད་ཀྱིས་བསྐུལ་བ་ཙམ་གྱིས་བྱེད།། བྱང་ཆུབ་སེམས་དཔའི་ཐམས ་ཅད་ཀྱི། ། དམ་ཚིག་རབ་ཏུ་སྐོར་བ་ཡིན།། སྒྲུབ་པ་གང་དང་གང་འདོད་པ།། དེ་ནི་ཐོགས་པ་མེད་པར་བྱེད།། གལ་ཏེ་དེར་ནི་མ་གྲུབ་ན།། འདི་ཡི་སྔོན་དུ་བསྙེན་པ་ནི།། ཆོ་ག་བཞིན་དུ་འབུམ་བྱས་ལ།། དེ་ནས་བློ་ལྡན་བསྒྲུབ་ལ་འཇུག། ་དེ་ཚེ་དེ་བཞིན་གཤེགས་པ་ཡི།། སྔ་མའི་དམ་ཚིག་བསྐུལ་བ་བཞིན།། དེ་ནས་སླར་ཡང་སྔགས་རྣམས་ལ།། ཐོགས་པ་མེད་པར་དེ་བཞིན་སྦྱར།། ཕྱག་འཚལ་བ་དང་ཀུན་ཏུ་ལྡན།། དེ་ཡི་ཐོག་མར་ཨོཾ་གཞག་ལ།། ཨོཾ་ཞེས་བྱ་བ ་གཞན་ཡང་གཞག། ཨ་ཞེས་བྱ་བ་གཉིས་པའོ།། དེ་ཡི་ཚིག་གི་མཇུག་ཏུ་ཧཱུཾ།། གཞག་སྟེ་དེ་ནས་ཚིག་རྣམས་ཀུན།། དེ་ལྟར་ཀྲོ་དྷ་བི་ཛ་ཡ། ཨག་ནི་ར་ཛྭ་ལི་ཛི་ཧ་ཏ་ཤྲཱི།། ཚིག་རྣམས་གཞན་ནི་བརྗོད་པར་བྱ།། དེ་ནས་དེ་ཡི་ཐ་མར་ཧཱུཾ། ་དེ་བཞིན་ཚིག་གི་ཐ་མར་ཨོཾ།། མཐའ་མར་ཨཱ་གཞག་དེ་ཡི་མཐར།། ཧཱུཾ་དང་སཽ་ཊི་ལག་གཉིས་བསྒོམ།། པྲ་བུ་ཏ་ཞེས་ལག་གཉིས་བསྒོམ།། དེ་ནས་དེ་བཞིན་གཤེགས་པ་ཡི།། བཀའ་ལུང་གི་ནི་ཕྱག་རྒྱ་དེ།། གཟིར་ནས་རང་གིས ་བཟླས་བརྗོད་བྱ། ། དེ་ལྟར་བཟླས་བརྗོད་འབུམ་བྱས་ནས།། ཁྲོ་བོ་ཆེན་པོ་དེ་ཡིས་ནི།། ཀུན་ལ་ཅི་རིགས་བསྐུལ་ནས་སུ།། ལས་རྣམས་ཐམས་ཅད་བསྒྲུབས་པར་བྱ།། ཁྲོ་བོ་གཙོ་བོ་དེ་ཡི་ནི།། བཀའ་བཞིན་བྱེད་དེ་གཞན་དུ་མིན།། ་གང་གིས་སྔོར་དུ་བསྐྱེད་བྱས་པ།། དེ་ཡིས་བསྐུལ་བའི་ཆོག་ནི།། ཇི་སྐད་གསུངས་པའི་ལས་རྣམས་ལ།། མ་གྲུབ་ན་ནི་ངས་པར་སྦྱར།། གཞན་དུ་སྔགས་ནི་གཟིར་བྱས་ན།། བདག་ཉིད་ངེས་པར་འཆི་བར་འགྱུར།། ཁྱད་པར་དུ་ནི། ་དཔའ་བོ་ཡི།། ཁྲོ་བའི་གཙོ་བོའི་སྙིང་པོ་ནི།། ཕྱག་རྒྱ་འདི་ནི་གཟིར་བྱས་ན།། འགྲོ་བ་མ་ལུས་འཁྲུག་པར་འགྱུར།། སྔགས་འདི་གང་དུ་བཟླས་པ་དེར།། འཇིག་རྟེན་འཇིག་རྟེན་ལས་འདས་པ།། དེ་དག་ཀུན་གྱི་ལུས་རྣམས་ནི།། དོགས།། ་པ་མེད་པར་འཇིག་པར་འགྱུར།། ཕྱག་རྒྱ་འདི་ཡིས་གཟིར་གྱུར་ན།། དཔག་ཚད་བདུན་གྱི་དཀྱིལ་འཁོར་ན།། གཞན་གྱི་སྔགས་རྣམས་གང་ཡོད་དང་།། དགྲ་རྣམས་དྲེགས་པ་མེད་པར་བྱེད།། འབྱུང་པོ་སྐྲག་པར་བྱེད་པ་དང་།། དེ་བཞིན། ་ལྷ་རྣམས་འགུག་པར་བྱེད།། ཁྲོ་བོ་རབ་ཏུ་དགའ་བར་བྱེད།། གཤིན་རྗེ་གཤེད་པོའི་མཐུ་ཡང་སྐྱེད།། ཡི་དགས་རོ་ལངས་རིགས་དག་ནི།། དེ་བཞིན་རབ་ཏུ་འཇིགས་པར་གསུངས།། བྱད་དང་གནོད་པ་སྐྲག་པ་ཡང་།། རབ་ཏུ ་བསྐུལ་ན་འཇིག་པར་བྱེད། ། བགེགས་རྣམས་ཐམས་ཅད་འཇིག་པར་བྱེད།། འཆི་བ་ཐམས་ཅད་མེད་པར་བྱེད།། ཕོངས་པ་ཐམས་ཅད་མེད་བྱེད་ལ།། བེ་ཅོན་ཕྱག་རྒྱ་དྲག་པོར་བསྒྲགས།། དགྲ་དང་དེ་བཞིན་གནན ་དག་ཀྱང་། ། སྐྱེ་བོ་དག་ལ་འདི་བཅིངས་བསྟན།། གཤིན་རྗེ་གཤེད་པོ་སྦྱར་ན་ནི།། དེ་ཡི་མོད་ལ་སྲོག་ཀྱང་འཕྲོག། མདོར་ན་སྙིང་པོ་ཕྱག་རྒྱ་ཡི།། ཆོ་ག་རང་ཤིས་དམ་ཚིག་ཅན།། ཁྲོ་བོའི་ཞལ་ནས་གསུངས་པ་འདི།། གསད་པར་རབ ་ཏུབསྟན་པ་ཡིན། ། སྔགས་པས་ཁྲོ་བོའི་གཙོ་བོ་ནི།། གཤིན་རྗེ་གཤོད་པོ་གཅིག་དཔའ་བའི།། སྙིང་པོ་ཕྱག་རྒྱ་བེ་ཅོན་དང་།། སྙིང་པོ་དག་གི་སྦྱར་བར་བྱ།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས ་བེ་ཅོན་གྱི་ཕྱག་རྒྱའི་ཆོ་ག་ཞིབ་མོ་རིམ་པར་ཕྱེ་བ་སྡེ་ལྔ་པའོ། ། །། དེ་ནས་ཡི་གེ་བཅུ་བདུན་པའི།། རྩ་བའི་སྔགས་ནི་གང་ཡིན་པ།། དེ་ཡི་ཕྱག་རྒྱ་གཞན་དག་ཀྱང་།། རོ་ལངས་ཞེས་ནི་བྱ་བ་ཡོད།། གཤིན་རྗེ་གཤེད་པོ ་དྲག་བརྩོན་པའི། ། སྙིང་ནི་དགའ་བྱེད་གསང་བའོ།། སྔགས་པ་དག་གིས་གང་དག་ཏུ།། བཅིངས་པ་དེར་ནི་བྱིན་རློབ་པ།། རོ་ལངས་ཅེས་བྱའི་ཕྱག་རྒྱ་འདི།། ཁྲོ་བོས་གསུངས་པ་བཤད་པར་བྱ།། དུང ་ཁྲོང་དག་གི་ཐམས་ཅད་ནི། ། གང་ལ་རྟག་ཏུ་རག་ལུས་པའོ།། དེ་ནས་ལག་པ་གཉིས་ཀ་ཡིས།། སོར་མོ་ཕན་ཚུན་བསྣོལ་བྱས་ཏེ།། སོར་མོ་གུང་མོ་བཤིབས་ཏེ་བསྒྲེང་།། མཛུབ་མོ་གཉིས་ཀྱིས་སྲིན་ལག་གཉིས།། མཐེ ་བོང་གཉིས་ཀྱིས་སྲིན་ལག་གཉིས། ། ལེགས་པར་བཟུང་ནས་དགུག་པར་བྱ།། མཐེའུ་ཆུང་གཉིས་ཀྱང་ནང་དུ་དགུག། དེ་བཞིན་དུ་ནི་མཐེ་བོང་གཉིས།། ཕན་ཚུན་བསྣོལ་ཏེ་བརྐྱང་བར་བྱ།། ཤེས་རབ་ཅན་གྱི་ས་རོ་ལངས ་འདི། རྟག་ཏུ་ཚུལ་བཞིན་ཁྲོ་བོས་བསྟན།། ཁྲོ་བོ་གཙོ་བོའི་གསང་སྔགས་གང་།། ཡི་གེ་བཅུ་བདུན་ལེགས་གསུངས་པ།། དེ་ཉིད་འདི་དང་སྦྱར་བར་བྱ།། རོ་ལངས་ཕྱག་རྒྱ་ལྡན་པ་སྟེ།། བདག་ཉིད་འདོད་པ་ཐམས་ཅད་སྟེ།། ཧ་ཧང ་གྱུར་པའི་དཀྱིལ་འཁོར་དུ། ། ཆོ་ག་བཞིན་དུ་སྦྱར་བར་བྱ།། ཧ་ཧར་གྱུར་པའི་དཀྱིལ་འཁོར་ནི།། ཁྲོ་བོ་འབར་བྱེད་བཤད་པར་བྱ།། ཚིག་བཞིན་དུ་ནི་སྦྱར་བར་བྱ།། ཡི་དགས་ཕལ་ཆེན་བཤད་པ་བཞིན།། འདི་ཡང་གྲུ་བཞི་ལྷམ་པར་བྱ།། ཁྱད ་པར་དག་ཏུ་ཕྱོགས་ཀུན་དུ། ། མཁས་པས་མོ་ནི་སྤར་བར་བྱ།། ཁྲུ་བརྒྱད་ལྷག་ཆད་མེད་པར་ནི།། ཆོ་ག་བཞིན་དུ་བྲི་བར་བྱ།། སྒོ་སྒོ་དག་ཏུ་གསལ་ཤིང་གིས།། ཕྲག་པའི་ཡི་དགས་ཁྲག་ཅན་བཞག། དབུས་སུ་མགོ་དང་བྲལ་བ་ཡི།། མི་རོར ་སྨད་གསལ་བར་གཞག། ཡི་དགས་ཕལ་ཆེན་དཀྱིལ་འཁོར་བཞིན།། ཐ་མར་ཡི་དགས་ཕྲེང་བ་དགོད།། ཁྲོ་བོ་ཡི་ནི་གཙེ་བའི་སྔགས།། མཚོགས་མ་སྤྱི་གཙུག་ལ་སོགས་མེད།། ཡི་གེ་བཅུ་བདུན་བློ་ལྡན་གྱིས།། མགོ་མེད་རོ་ཡི ་སྟེང་དུ་བཞག། ཞལ་དྲུག་པ་ལ་ཞབས་ཀྱང་དྲུག། དེ་བཞིན་ཕྱག་ནི་བཅུ་གཉིས་པ།། རབ་ཏུ་འབར་བ་དྲག་པོའི་གཟུགས།། སྔ་མ་བཞིན་དུ་གཞག་པར་བྱ།། ཡི་དགས་མང་པོ་སྦྱར་བ་ནི།། སྔ་མ་བཞིན་དུ་གཞག་ནས་ཀྱང་།། མེ་ཏོག ་བདུག་པ་ཕྲེང་ལ་སོགས། ། སྔགས་དེས་དེ་ལ་མཆོད་པར་བྱ།། འདི་ནི་གཏོར་མ་ཤ་ཆེན་དུ།། གསུངས་པས་གཞན་གྱིས་མི་བྱའོ།། ཁྲག་གི་གཏོར་མའི་ཆོག་དང་།། དེ་བཞིན་བདྲུག་པ་ཀུན་སྨེ་བའི།། དེ་ནས་དཔལ་ལྡན་རེག་འཛིན་གྱིས།། ་རོལངས་ཕྱག་རྒྱ་བཅིངས་ནས་ནི།། གཏོར་མ་མེ་ཏོག་དབུལ་ལ་སོགས།། རྣམ་པ་ཀུན་དུ་ཁྲོ་བོས་བྱ།། དཀྱིལ་འཁོར་གྱི་ནི་ཁར་ཡུག་གི།། ཕྱོགས་བརྒྱད་དག་དུ་མང་མེ་དགོད།། དྲར་ཁྲོད་དག་གི་མགས་དུ་མ་འམ།། ཡང་ན་གསལ་ཤིང་ང།། ་གིས་ཟང་།། སེང་སྟེང་དག་གི་གཟར་བུ་ཡིས།། ཚིལ་ཆེན་དགལ་ལན་བདུན་དུ།། ཕྱོགས་མེལ་བསྲེགས་ནས་ནི།། དེ་ནས་ཁྲོ་བོ་བསྒྲུབ་པར་བྱ།། དེ་ལ་མངོན་དུ་བསྙེན་པ་དང་།། བཟླས་པ་དང་ནི་བསྡམས་པའང་མེད།། ག་འཛིན་ཉིད ་ཀྱི་སེམས་སྟོབས་ཉིད། ། འདི་ཡི་རྒྱུར་ནི་ཤེས་པར་བྱ།། ལྷོ་ཕྱོགས་སྒོར་ནི་ནན་ཏན་ཏུ།། རྨ་མེད་པ་ཡི་རོ་བཞག་སྟེ།། སྙིང་ཀར་རོ་ལངས་རྒྱ་བཞག་ལ།། དེ་ལ་རབ་ཏུ་བསྐོར་བར་བྱ།། དེ་ནས་ཁྲོ་བོ་ཆེན་པོ་ཡིས།། ཤིན་དུ་བཀྲུས་ཤིང་ལེགས་པར ་བརྒྱ་ན། ། དྲི་དང་མེ་ཏོག་དམར་སྔོན་གྱིས།། ལེགས་པ་དག་ཏུ་མཆོད་ནས་ཀྱང་།། མཁས་པས་རོ་ལངས་ཕྱག་རྒྱ་ཡིས།། ཐོག་མར་བདག་ཉིད་བསྲུང་བར་བྱ།། གཤིན་རྗེ་གཤེད་བྱེད་ཡན་ལག་ལྔ།། དེ་བཞིན་ལུས་ལ་སྦྱར་བར་བྱ།། དཔའ་བོ ་མཐུ་ཆེན་བདག་ཉིད་ཀྱིས། ། རལ་གྲི་ལག་པར་བླངས་ནས་ནི།། དཔའ་བོའི་རྐང་པ་གཡོན་པ་ཡིས།། དེ་ཡི་སྙིང་ཀང་མནན་ནས་ནི།། ཁྲོ་བོ་ཡི་ནི་གཙོ་བོ་ཡི།། ཡི་གེ་བཅུ་བདུན་སྔགས་བཟླས་སོ།། ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མཱན་ཏ་ཀ། ཧ་ན་མ་ཐ ་ཉྩ་ཧཱུཾ་ཕཊ། ། འདི་ནི་རྩ་བའི་སྔགས་ཡི་གེ་འབྲུ་བཅུ་བདུན་པའོ།། དེའི་སྔགས་དྲག་པོས་བསྐུལ་བ་དང་།། ཡི་དགས་དེ་ནི་གཡོ་བར་འགྱུར།། ཧ་ཧར་གྱུར་པ་འཁྲུགས་པ་དང་།། དེ་བཞིན་ཧ་ཧའི་སྒྲ་ཡང་འབྱིན།། དེ་ནས་བདག་གིས་ལངས་པ་ལ།། ་མཚོན་ཆ་རྣོན་པོ་འབར་བ་ཡིས།། བཅད་པའི་ཤ་དང་ཁྲག་བཅས་པའི།། མཆོད་ཡོན་དེ་ལ་དབུལ་བར་བྱ།། རིག་པ་འཛིན་པ་དེ་ཡི་ནི།། སེམས་ཀྱི་དྲོད་ནི་དེས་ཤེས་ནས།། མཆོད་ཡོན་བླངས་ཏེ་དཀྱིལ་འཁོར་ནི།། ཧ་ཧར་གྱུར་པ་འཇིགས ་པར་བྱེད། ། དེ་ནས་བདག་ཉིད་ཆེན་པོ་དེའི།། འཇིགས་སུ་རུང་བའི་གཟུགས་མཐོང་ནས།། གཤིན་རྗེ་གཤེད་པོ་དཔའ་བོ་ཡི།། རོ་ལངས་ཕྱག་རྒྱ་བསྟན་པར་བྱ།། དེ་ནས་གཤིན་རྗེ་གཤེད་པོ་ནི།། ཡི་དགས་ལུས་ལ་གནཱ། ་པ་དེས།། རོ་ལངས་ཉིད་ཀྱི་རྒྱ་མཐོང་ནས།། རིག་པ་འཛིན་པ་དེ་ཡི་ནི།། སེམས་དྲོད་རིག་ནས་འདོད་པའི་མཆོག། སྦྱིན་པར་བྱེད་ལ་གདོན་མི་ཟ།། ཁྲོ་བོ་རྒྱལ་པོ་སླར་གཤེགས་ནས།། མི་རོ་ས་ལ་འགྱེལ་བར་འགྱུར།། དེ་ཡི་ལུས་ནི་དེ ་ཉིད་ཀྱང་། ། གསེར་དུ་འགྱུར་བ་གདོན་མི་ཟ།། དེ་ཚེ་གྲོགས་པོ་རྣམས་དང་ཡང་།། སེམས་ཅན་རྣམས་ལ་ཅི་བདེར་སྦྱིན།། བདག་ཉིད་ཆེན་པོ་དཔའ་བོ་ཡི།། སྒྲུབ་པ་བཤད་པ་འདི་ཡིན་ཏེ།། སེམས་ནི་རབ་ཏུ་དཔའ་བོས་བྱའི།། ངན་སོང ་གཞན་གྱིས་ཡོད་མི་བྱ། ། སེམས་གཞན་པ་ཡི་སྒྲུབ་པ་པོས།། ཁྲོ་བོའི་རྒྱལ་པོ་དེ་བསྒྲུབས་ན།། དེ་ནི་ལངས་ནས་མྱུར་བར་ནི།། གྲོགས་དང་བཅས་པ་གསོད་པར་འགྱུར།། རོ་ལངས་ཕྱག་རྒྱ་མི་ཤེས་ན།། དེས་ནི་ཅི་ལྟར་དྲག་འགྱུར་ཀྱང་།། ་ཁྲོ་བོའི་རྒྱལ་པོ་དེ་ཡིས་ནི།། སྒྲུབ་པ་པོ་ནི་བསད་པར་འགྱུར།། རིག་འཛིན་མཆོག་གིས་གང་དག་ཏུ།། དེ་བཞིན་གཤེགས་པའི་དམ་ཚིག་གིས།། བརྒྱན་ཅིང་ཁྲོ་བོ་བསྐུལ་བ་ཡིས།། རོ་ལངས་ཕྱག་རྒྱ་བཅིངས་པ་དེར།། གདོན་མི་ཟ་བར ་ཁྲོ་བོ་ནི། ། ལེགས་པར་བྱིན་གྱིས་རློབ་པར་འགྱུར།། མྱུར་དུ་མཆོག་ཀྱང་སྩོལ་བར་མཛད།། འགོ་བར་གྱུར་པ་གདོན་མི་ཟ།། ཨོཾ་ན་མོ་བུད་དྷ་དྷརྨ་ས~ཾ་གྷེ་བྷྱོཿ་ཀྲོ་དྷེ་ཀ་ཡ་མཱན་ཏ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུ~ཾ་བེ་བཱ་བི་ར་ཥཱ་རཥཱ་མཱན་ཏ་ཐཱ་ག་ཏོ།། ་ཨཱནྡྲ་པ་ཡ་ཏི་སྭཱ་ཧཱ།། དེ་བཞིན་གཤེགས་པའི་དམ་ཚིག་གི་བཀས་བརྒྱན་པ།། རོ་ལངས་ཀྱི་ཁྲོ་བོའི་ཕྱག་རྒྱའི་སྔགས་སོ།། ཧ་ཏར་གྱུར་པའི་དཀྱིལ་འཁོར་དུ།། རོ་ལངས་ཕྱག་རྒྱ་རང་སྔགས་དང་།། ལྡན་ན་མྱུར་དུ་ཁྲོ་བོ་ནི།། ་བྱིནི་གྱིས་རློབ་པར་མཛད།། དཔའ་བོ་ངག་གི་སྦྱོར་བར་ནི།། སྔར་བསྙེན་ལ་སོགས་བྱེད་ན་ཡང་།། སྒྲུབ་པ་པོར་ནི་འདོད་པ་བཞིན།། ཁྲོ་བོ་ངེས་པར་མྱུར་དུ་འགྲུབ།། ཡང་ན་རོ་ལངས་ཕྱག་རྒྱ་འདི།། སྐྱེས་བུ་སེམས་ནི་མི་དཔའ་བས།། ། ་ཧ་ཧར་གྱུར་པའི་དཀྱིལ་འཁོར་དུ།། བདག་ཉིད་ཀྱིས་ནི་དམ་ཚིག་གིས།། མཁས་པས་བཟུང་ནས་བཟླས་པར་བྱ།། འདི་ཉིད་ཀྱིས་ཀྱང་དབང་བསྐུར་ནས།། ཅི་ལྟར་ནུས་པས་གང་རུའང་རུང་།། ཁྲོ་བོ་མཆོག་གིས་རི་མོ་འམ།། དཀྱིལ་འཁོར་ཆོ་ག ་བཞིན་བྱས་པ་འམ། ། དེ་བཞིན་སྐུ་གཟུགས་གཞན་ཡང་རུང་།། ཡིད་དང་དབང་པོ་བསྡམས་བྱས་ནི།། ཐོག་མར་ཅིག་འབུམ་བཟླས་པར་བྱ།། དེ་ལྟར་སྔོན་དུ་བསྙེན་པ་ནི།། ཅི་ལྟར་འདོད་པར་བྱས་ནས་གདོང་།། ཕྱིས་ནས་སྨྱུང་བ་བྱས་པ་དེ།། རོ་ལངས ་ཕྱག་རྒྱ་བསྒྲུབ་ལ་འཇུག། ཧ་ཧར་གྱུར་པའི་དཀྱིལ་འཁོར་ནི།། ཆོ་ག་བཞིན་དུ་དུར་ཁྲོད་བྲི།། ཡང་ན་སེམས་ནི་མི་དཔའ་བས།། དུར་ཁྲོད་ཐལ་བས་ཁྱིམ་དུ་བྲི།། ཁྱིམ་དེ་སྟོང་པ་ཡིན་ཡང་རུང་།། གལ་ཏེ་ཁྱིམ་དེ་མི་སྟོང་ན།། ཧ་ཧར་གྱུར་པ་མཐོང་བ་དང་།། ་ཞག་བདུན་ལོན་མ་ཐག་ཏུ་འཇིག། དེ་ནས་ཡི་དགས་མང་པོ་ལས།། གསུངས་པའི་མཆོད་པ་ཅི་རིགས་བྱས།། དེ་ནས་ལྷོ་ཕྱོགས་སྒོར་འདུག་སྟེ།། བྱང་གི་ཕྱོགས་སུ་ཁ་བལྟས་ལ།། རང་གི་དམ་ཚིག་ལས་གསུངས་པའི།། རོ་ལངས་ཕྱག་རྒྱ་བཅིངས། ་ཏེ་བཟླས།། ཟླ་བ་མར་གྱི་ཚེས་བརྒྱད་ལ།། བློ་ལྡན་ཆོ་ག་ཤེས་པ་ཡིད།། མཚན་མ་བསྟན་ཅིང་འདུག་ནས་ནི།། ཉི་མ་ཤར་གྱི་བར་དུ་བཟླས།། དེ་ནས་ཁྲོ་བོས་དགོངས་པ་ཡིས།། རོ་ལངས་ལྷ་མོ་འགྲུབ་པར་འགྱུར།། ཁྲོ་བོ་ལྷ་ཡི་སྔགས་དག་དང་།། ་བསྐུལ་བའི་ཚིག་ནི་མཆོག་རྣམས་ཀྱིས།། ཇི་སྐད་གསུངས་པའི་ལས་རྣམས་ནི།། ཐམས་ཅད་དེ་ནས་བྱེད་པར་འགྱུར།། བེ་ཅོན་ཞེས་བྱ་ཕྱག་རྒྱ་ལའང་།། དེ་དག་ཉིད་ལ་མྱུར་དུ་སྦྱར།། སྦྱར་ན་དོགས་པ་མེད་པར་ཡང་།། འདི་ནི་དེ་དག་བྱེད་པར ་འགྱུར། ། རོ་ལངས་ཕྱག་རྒྱ་སྒྲུབ་པ་བྲི།། སྔགས་པ་རྣམས་ལ་འདིར་གསུངས་སོ།། དེ་ནི་ཞན་པའི་སེམས་རྣམས་ཀྱིས།། སྒྲུབ་པ་དག་ནི་གསུམ་པ་འབྱུང་།། ཆོ་ག་བཞིན་དུ་སྔར་བཤད་པའི།། ཡི་དགས་མང་པོ་དེ་ཚེ་བྲི།། གང་ཡང་རུང་བར་ཨུ0f7f ་རིགས་པར། ། སྔགས་དེ་རྣམས་ཀྱིས་སྦྱར་བར་བྱ།། དེ་ནས་ཡི་དགས་མང་པོ་ཡིས།། དཀྱིལ་འཁོར་བསྟན་སྡུག་པ་འདི།། ཁྱིམའམ་ཡང་ན་གཞན་ཡང་རུང་།། དེར་ནི་དཀྱིལ་འཁོར་བྲིས་ནས་ནི།། དེ་དབུས་ཡི་དགས་སྤྱི་བོ་ལ།། རོ་ལངས་མ ་ན་འདི་གཀྲུག། ཎ་ཐ་ལ་གགས་ལྟུད་པ།། གན་ན་གའ་བྱེད་པ། བངས་སྣང་བ་ག་དྷཱ།། ང་ནས་དེ་ལ་ལྟར་བར་། ནས་ཡངས་པ་ས།། ན ་ཞི་བ་གཞན་ཡང་ཤེས་བྱས་ནས། ། ཅི་ལྟར་འདོད་པར་བཟླས་པར་བྱ།། ཨོ་ཨཱ་ཛུབ་ཏཱ་ལེ་ག་ཥ། མ་སྭཱ་ཧཱ། ར་ལངས་ཕྱག་རྒྱའི་སྙིང་པོ་འདི།། གང་ཡང་རུང་བར་ཅི་འདོད་པར།། བཅུར་བསྒྱུར་བ་ཡི་ནམ་གྲངས་སུ། ཆོག་བཞིན་དུ་བཟླས ་ནས་ནི། ། རྨད་དུ་བྱུང་བའི་ལས་རྣམས་ཀྱང་།། ཡིད་ཀྱིས་བསམས་པས་བྱེད་པར་འགྱུར།། གསང་བའི་རིག་སྔགས་དམ་པ་འདི།། ལས་རྣམས་ཐམས་ཅད་བྱེད་པའོ།། དེ་ནས་ང་ནི་འདི་ཡི་ལས།། ཁྲོ་བོ་རྒྱལ་པོ་ཉིད་ཀྱིས་ཀྱང་།། ཆོག་བཞིབ ་ལས་གང་གསུངས་པ། ། དེ་དག་མདོར་ནི་བཤད་པར་བྱ།། རྨུགས་དང་གནད་དང་རྨོངས་པ་དང་།། དེ་བཞིན་དབབ་པའི་ཆོ་ག་དང་།། དབང་དུ་བྱ་དང་བྱེད་པ་དང་།། གསད་པ་དང་ནི་བསྐྲད་པ་དང་།། ཕན་ཚུན་འཐབ་ཅིང་གསོད་པ་དང་།། དེ་བཞིན ་གཞན་ཡང་མིག་འཕྲུལ་དང་། ། ཞི་དང་རྒྱས་པར་སྦྱོར་བ་དང་།། དེ་བཞིན་དགའ་བར་བྱེད་པ་དང་།། དགུག་པར་བྱེད་པའི་ཆོ་ག་ཡང་།། མདོར་བསྡུས་ནས་ནི་བཤད་པར་བྱ།། རོ་ལངས་ཕྱག་རྒྱ་ལས་བསྒྲུབ་ཕྱིར།། ཆོ་ག་བཞིན་དུ་སྔར་བསྙེན་བྱས།། ་སོ་སོའི་དོན་རྣམས་བསྒྲུབ་པའི་ཕྱིར།། གོ་ཆ་འདི་ནི་རྣམ་པར་བརྩམ།། རྨ་བྱའི་མཇུག་མའི་སྒོ་དག་གིས།། མདོངས་རྒྱབ་མ་ངོར་སྦམས་ནས་ཀྱང་།། སེང་ལྡེང་ཡུ་བ་འཕན་མེད་པ།། བཟང་པོ་ཁྲུ་གང་ཚད་ལ་ནི།། བུ་མོས་བཀལ་བའི ་སྨད་པ་ཡིས། ། མཁས་པ་དག་གིས་བཅིང་བར་བྱ།། ཡུབ་དེ་ཡི་རྩ་བ་ལའང། མཆོད་རྟེན་བཟང་པོ་ལེགས་པར་བྱ།། ཐོ་བ་ལ་ནི་གིས་ཝང་གིས།། ཐོབས་མཐར་བྱེད་རོ་ལངས་བྲི།། མཁས་པས་མཆོད་རྟེན་འགཏུ་བནག། དེ་ནས ་ཟླ་བ་གཟས་ཟིན་པའི། ། ནུབ་མོ་ཡི་དགས་པཔ་ཆེན་གྱི།། དཀྱིལ་འཁོར་མཚོ་འགྲམ་ཟིས་ནས་བཟླས།། དེ་ནས་གྲུབ་ཕྱིར་སྔགས་པ་ཡིས།། མཇུག་མ་དེ་ལ་ཡིད་གཏད་ནས། ལག་པ་གཡོན་པས་བཟུང་ནས་ནི།། ཟླ་བ་དེ་ལ་བལྟ་ཞིང ་བཟས། སེམས་ནི་བདུད་ཀྱིས་མ་འཁྲུགས་པའི།། སེམས་དཔའ་ཆེན་པོ་ཁ་ཅིག་ག་དྲོད་དང་དུང་འཕྲུལ་འབར་བ་དག། མཇུག་མ་དེ་ལས་འབྱུང་བར་འགྱུར།། དྲོ་བར་ཐར་བ་མཐོང་ན་ནི།། བྱང་ཆུབ་སེམས་དཔའ་འདྲ་བ་ལས། ་སེམས་ཅན་རྣམས་ནི་ཐམས་ཅད་ལ།། དེས་ནི་ཕན་འདོགས་གནོད་པ་ནུས།། མཇུག་མ་བཟང་པོ་དེ་ལས་ནི།། དུ་བ་འབྱུང་བ་མཐོང་ན་ཡང་།། མྱུར་དུ་མི་སྣང་བར་ཡང་འགྱུར།། འདོད་པའི་གཟུགས་ཅན་ཡིད་འགྱོགས་བཞིན།། ནས་པ། ་དང་ནི་འཆི་བ་མེད།། གནོད་སྦྱིན་རྣམས་ནི་ཡོངས་སུ་བསྐོར།། སེམས་ཅན་ཆེན་པོ་དེ་ཡི་གཟིས།། གལ་ཏེ་དེ་ནི་འབར་འགྱུར་ན།། རིག་འཛིན་དཔལ་དང་ལྡན་པར་འགྱུར།། ནམ་མཁའ་ལ་ནི་མྱུར་དུ་འགྲོ།། བདེ་བ་ཀུན་དང་ལྡན་པ་ཡིས།། རིག ་འཛིན་རྣམས་ཀྱི་མཆོག་ཏུ་འགྱུར། ། གལ་ཏེ་ཟླ་བ་བཟས་བཏང་ལ།། དེ་ཚེ་གྲུབ་པར་མ་གྱུར་ནའང་།། མཇུག་མ་ལན་གཅིག་བསྐོར་བ་ཡིས།། དཔུད་རྣམས་གནོན་པའི་དངོས་གྲུབ་དང་།། གང་ཡང་རུང་བ་གཅིག་ཀྱང་གནོན།། མྱོས་པས་དྲེགས་པའི ་གླང་པོ་དང་། ། སྟག་དང་སེང་གེ་ཝ་རྣམས་དང་།། རྟ་དང་ཤིང་རྟ་བྱ་རྣམས་དང་།། གྲུ་དང་གྲུ་ཆེན་བཞོན་པ་རྣམས།། བསྐོར་ན་ཐམས་ཅད་གནོན་པར་བྱེད།། མནན་པ་དག་ལས་ཐར་བར་ཡང་།། མཇུག་མ་འདིས་ནི་གདོན་མི་ཟ།། དེ་ནས་གཞན་ཡང་རོ།། ་ལངས་ཀྱིས།། རྨུགས་པར་བྱ་བ་གསང་བར་བཤད།། དེ་ནས་ཚིལ་ཆེན་བླངས་ནས་ནི།། དེ་ཡང་ཐོད་པའི་ནང་དུ་བཞག། ཨ་ཤྭ་མར་དམར་པོ་ཡི།། ཤིང་བལ་འཇམ་པོའི་སྙིང་པོ་བྱ།། གདོལ་པའི་མེ་ཡིས་འབར་བྱས་ན།། ཉི་མ་ཟླ་བ་གཟས་ཟིན ་ཚེ། ། ཐོད་པའི་དུད་བབླངས་ནས་ནི།། ཟླ་བ་འམ་ཡང་ན་ཉི་མདག། བཏང་བའི་བར་དུ་བཟླས་པར་བྱ།། ཡང་ན་ཨནའི་ཤིང་བལ་ལས།། དེ་ཡི་འོག་ཏུ་ལྕགས་ཐུར་གྱིས།། མིག་གཉིས་དག་ནི་བསླུ་བར་བྱ།། དེ་ལྟར་མིག་གཉིས་བསླུས་པ་ཡིས།། གས། ་དག་བལྟས་པ་དེ་དག་ནི།། རྨུགས་པར་འགྱུར་བར་གདོན་མི་བ།། དེ་ནས་གདོང་དགུས་བལྟས་ན་ནི།། སླང་ཡང་དེ་ལས་ཐར་བར་འགྱུར།། དེ་ནས་གཞན་ཡང་མོངས་པ་ནི།། རྨོངས་པར་བྱེད་པ་མཆོག་བཤད་དོ།། མརྒ་ག་ཅིག་གི་རྩ་བ་དང་། ་ཀ་ན་ཀ་ཡི་རྩ་བ་དང་།། ཨ་ཤྭ་མ་ར་རུ་རྟ་དང་།། མོ་ཧ་ནི་ཡི་རྩ་བ་དང་།། མ་ཧཱ་ན་ལའི་རྩ་བ་དང་།། ཤ་ར་བུ་ཀ་ར་ལྡན་བྱས་ཤིང་།། ཡི་དགས་མེ་ཏོག་རྙིང་པར་ལྡན།། མདུན་སོ་དག་དང་ལྡན་བྱས་ཏེ།། སྐྱེས་པ་དག་གམ་བུད་མེད ་ཀྱི། ། གསང་བའི་ལྤགས་པ་དང་ལྡན་པ།། བུ་མོ་འདོད་པ་མ་སྤྱད་པས།། མར་གྱི་བརྒྱད་ལ་ལེགས་པར་བརྟག། ཕྱིས་ནི་བུད་མེད་ཁྲག་དག་དང་།། བུང་བུའི་ཁུ་བས་སྡུ་བར་བྱ།། དུར་ཁྲོད་ཐལ་བ་དང་སྦྱར་ཏེ།། དེ་ནས་མར་གྱི་ཚེས་བརྒྱད་ལ།། ཐོག་མར ་ཡི་དགས་མང་བྲིས་ནས། ། རིག་པ་འཛིན་པས་མཚན་མོ་བཟླས།། སྟོང་རྩ་བརྒྱད་ནི་ལེགས་བཟླས་ནས།། དེ་ནས་རྫས་ནི་གྲུབ་པར་འགྱུར།། རྨོངས་པར་བྱེད་པའི་ཕྱེ་བ་འདི། སེམས་ཅན་ཀུན་ལ་སྦྱར་ན་ནི།། དེ་ནས་རྨོངས་པ་བྱེད་པར་འགྱུར།། འདི་ལ་ཐེ ་ཚེཆོམ་མི་བྱའོ། ། འཐབ་མོ་དང་ནི་རྩོད་པ་དང་།། རྒྱལ་པོ་གཡུལ་ངོ་ཆེན་པོ་ལ།། བདག་གི་ཕྱོགས་ནི་བསྲུང་བའི་ཕྱིར།། སྦྱོར་བ་ཤེས་པས་འདི་བསྐུལ་བའི།། བ་དན་དག་ཀྱང་སྦེང་ན་ནི།། དགྲ་རྣམས་ཀུན་དུ་རྨོངས་པར་འགྱུར།། བྱ་མ་འདི་ཡིས་རེག་ན་ནི།། ་དེམ་ཐག་ཏུ་མི་རྣམས་ཆོངས།། ཆུང་ཞུགས་ན་ནི་ཐར་བར་འགྱུར།། ངེས་པར་གཞན་དུ་མ་ཡིན་ནོ།། དེ་ནས་གཞན་ཡང་དབབ་པ་ཡི།། ཆོ་གའི་མཆོག་ནི་བཤད་པར་བྱ།། ཅི་ནས་འཐུང་པོ་ཐམས་ཅད་ནི།། མོང་ལ་འབབ་པར་འགྱུར་བའོ།། སྟག་གི་ལྤགས།། ་པ་དང་ལྡན་པར།། སྦྲུལ་གྱི་ཤུན་པ་བཏགས་ན་ནི།། དུག་དང་ཡུང་གི་རྩ་བ་དང་།། མོ་ཧ་ན་དང་མ་ལ་ཏི།། ར་ཡི་གཅིན་ལས་བརྟགས་ནས་ནི།། དེ་ནས་དེ་དག་རི་ལུར་བྱ།། ཙ་ན་ག་ཡི་འབྲུ་ཚད་ལ།། བདུན་ནམ་བརྒྱད་དམ་དགུའམ་ཡང་།། གཞན་ཡང་རི ་བོང་ཁྲག་དག་དང་། ། གུང་གུམ་ལས་སུ་བརྟགས་ནས་སུ།། བདུན་ནམ་བརྒྱད་དམ་དགུ་དག་ཏུ།། རི་ལུ་སྔ་མ་བཞིན་དུ་བྱ།། དེ་ནས་སྔ་མའི་རི་ལུ་ལ།། སྔགས་པས་ཐོད་པའི་སྣོད་ཏུ་གཞག། མར་གྱི་ཚེས་བརྒྱད་མཚན་མོ་ནི།། བརྒྱ་རྩ་བརྒྱད་དུ་བཟླས ་བར་བྱ། ། གུར་གུམ་ཅན་ནི་ཨ་རི་སྟའི།། སྣོད་ནི་གཙང་མར་བཞག་པར་བྱ།། དེ་བཞིན་སྟོང་རྩ་བརྒྱད་བཟླས་ཏེ།། རྩེ་མོ་རབ་ཏུ་སྦྱར་བར་བྱ།། སྔར་ནི་ལེགས་པར་བྱར་བྱས་པའི།། རི་ལུ་ཐ་མལ་བརྟག་པ་ལ།། བཏབ་ན་མྱུར་དུ་འབབ་པ་ནི།། རིང་སྔོ ་མི་ཐོགས་གཞན་དུ་མིན། ། བསམས་ནས་མྱུར་དུ་བཏང་བ་ནི།། དེ་ནས་གུར་གུམ་རི་ལུས་བྱ།། དེ་ནས་གཞན་ཡང་གྲུབ་པ་འདི།། དབང་དུ་བྱེད་པ་གང་གི་མཆོག། རིག་པ་འཛིན་པའི་ཡིད་ལས་འབྱུང་།། ལས་ཀྱི་ངེས་འགྱུར་བཤང་བར་བྱ།། ་རག་ཏ་ཞེས་ནི་འདིར་གྲགས་པ།། རྩ་བ་རག་ཏ་མུ་ལི་ཀ། དེར་བླངས་ཤར་བུ་ཀ་དང་།། མི་ལས་བྱུང་བའི་མདུན་སོ་དང་།། ཚུབ་མས་བཙུབས་པའི་ཤིང་ལེ་ནི།། ལྡིང་ཞིང་ལྷག་དང་བཅས་པ་དག། གཞོན་ནུ་མས་ནི་མཚན་མོ་བརྟག། བྱ་མ་མཆོག ་དེ་ལན་བདུན་དུ། ། བདག་གི་ཁུ་བས་སྨྲ་བར་བྱ།། དེ་ནས་བདག་གིས་སྦྱར་བ་དེ།། པད་མོ་སྙིང་པོ་ལ་བཞག་ལ།། གཙང་མས་མར་གྱི་ཚེས་བརྒྱད་ལ།། བློ་ལྡན་ལག་པས་བཟུང་ནས་ནི།། སྔགས་ཀྱིས་སྟོང་དུ་གདབ་པར་བྱ།། ཕྱེ་མའི་རྒྱལ་པོ་དབང ་བྱེད་པ། ། དེ་ནས་དངོས་གྲུབ་ཐོབ་པར་འགྱུར།། བཟའ་བ་འམ་བཏུང་བ་དག་ལ་སྦྱིན།། ཡང་ན་ཕྱེ་མ་གདབ་པར་བྱ།། ཡང་ན་རླུང་གྲི་ཕྱོགས་སུ་གཏང་།། ཡང་ན་གོས་ལ་ལན་གཅིག་གདབ།། ཡང་ན་བྱུང་བ་འམ་སོ་ཡི་རྩི།། གང་ཡང་རུང་བར་སྦྱར་ན་ནི།། ་དེ་ལ་འདིས་ནི་ལན་གཅིག་གིས།། མྱོས་ཤིང་དྲེགས་པའི་དགྲ་དང་ནི།། རྒྱང་ནས་ཀྱང་ནི་དབང་དུ་འགྱུར།། བྲན་བཞིན་དུ་ནི་ལེགས་པར་བྱེད།། ཕྱེ་མ་འདི་ཡིས་རེག་པ་ནི།། ཤི་ནའང་རྗེས་སུ་འབྲང་བར་འགྱུར།། གལ་ཏེ་རྒྱང་ནི་རིང་པོ་ནས།། ཕྱེ་མས ་རེག་པར་མི་འགྱུར་ན། ། དེ་ཡི་གཟུགས་བརྙར་བྱས་ནས་ནི།། ཕྱེ་མ་འདི་ཡིས་གདབ་པར་བྱ།། ཞག་བདུན་གྱིས་ནི་རིག་འཛིན་གྱི།། མིང་ནི་དེ་ཡིས་ཐོས་ནས་ཀྱང་།། བདག་དང་རང་ནི་ནོར་བཅས་པ།། གདོན་མི་ཟ་བར་དབང་དུ་འགྱུར།། དེ་ནས ་སྦྱོར་བ་འབའ་ཞིག་གིས། ། མངོན་པའི་ལས་དག་བཤད་པར་བྱ།། རྨ་བྱའི་མདོངས་ནི་བཟང་བ་དང་།། དེ་བཞིན་སྦྲུལ་གྱི་ཤུན་པ་དང་།། རྟ་དང་མ་ཧེ་སྤུ་དག་དང་།། ཀ་ན་ཀ་ཡི་ས་བོན་དང་།། ཨ་ཤྭ་མ་རིའི་མེ་ཏོག་དང་།། དེ་བཞིན་གླང་པོའི་པི་པི་ལི། ་འདི་རྣམས་ཐམས་ཅད་མཉམ་བྱས་ཏེ།། བྱི་བ་བྱི་ལའི་ཁྲག་ལས་བཏབ།། བདག་གིས་རི་ལུ་མཉམ་པར་བྱ།། བྱས་ནས་ཚེ་ག་ཤེས་པ་ཡིས།། མཚན་མོ་སྟོང་རྩ་བརྒྱད་དུ་བཟླས།། བྱི་བ་དང་ནི་བྱི་ལ་ཡི།། སྤུ་ཡི་བདུག་པས་བདུག་པར་བྱ།། དེ་ནས ་སྦྱོར་བ་ཤེས་པ་ཡིས། ། དེ་ལས་རི་ལུ་གཅིག་བླངས་ནས།། གང་དག་དབྱེ་བར་བྱ་བ་ནི།། དེ་དག་གཅིག་གི་སྤྱི་བོ་ལ།། རི་ལུའམ་ཡང་ན་ཕྱེ་མ་དག། དབྱེ་བར་བྱ་བའི་ཕྱིར་གདབ་བོ།། དབྱེ་བར་བྱེད་པའི་མཆོག ་འདི་ནི། ། ཁྲོ་བོ་ཉིད་ཀྱིས་གསུངས་པའོ།། དེ་ནས་འདི་ནི་གསད་བྱ་བ།། སྦྱོར་བའི་ཚུལ་བཞིན་ལེགས་སྦྱར་ན།། དོགས་པ་མེད་པར་འགྲུབ་འགྱུར་བ།། གསོད་བྱེད་མཆོག་ནི་བཤད་པར་བྱ།། མི་དབང་རྣམ་པ་དུ་མ་ཡིས།། དཀོན་མཆོག་གསུམ ་ལ་གནོད་བྱེད་པ། ། དེ་ལ་སྦྱོར་བ་འདི་སྦྱར་གྱི།། ངན་སོང་གཞན་ལ་མ་ཡིན་ནོ།། འདི་ནི་བྱང་ཆུབ་སེམས་ལྡན་ལ།། གྲུབ་པར་འགྱུར་གྱི་གཞན་དུ་མིན།། དེ་བཞིན་གཤེགས་པའི་དམ་ཚིག་འདི།། དངོས་གྲུབ་ཐམས་ཅད་སྟེར་བ ་ག་བཞིན་དུ་ལེགས་པར་གསུང་། ། གཞན་དུ་བྱས་ན་འགྲུབ་མི་འགྱུར།། དེ་བཞིན་གཤེགས་པའི་དངོས་གྲུབ་ཀུན།། འདོད་ན་སྲོག་ཆགས་ཕན་འདོད་པས།། འོག་དང་འཕུར་བའི་དངོས་གྲུབ་ཀྱང་།། བཤོལ་བ་མེད་པར་བསྒྲུབ་པར ་བྱ། ། ཁྲོ་དང་གཏུམ་པའི་སྤྱོད་པ་ཅན།། འདོད་ཕྱིར་གསོད་པར་འདོད་དེ་ལ།། དེ་བཞིན་གཤེགས་པའི་དངོས་གྲུབ་དག། རྨི་ལམ་དུ་ཡང་ག་ལ་འབྱུང་།། སྙིང་རྩེ་བཟོད་དང་དེ་བཞིན་བྱམས།། རང་བཞིན་གྱིས་ནི་སྙིང་རྗེ་ཅན།། ཇི ་སྐད་བསྟན་པའི་སྔགས་པ་ནི། ། བྱང་ཆུབ་སེམས་ཉིད་སེམས་བྱེད་ལ།། དེ་བཞིན་གཤེགས་པའི་དངོས་གྲུབ་ཀུན།། གདོན་མི་ཟ་བར་དེ་ལ་འགྲུབ།། གདུག་པ་རྣམས་ནི་འདུལ་བའི་ཕྱིར།། སྦྱོར་བ་འདི་ནི་ཀུན་དུ་གསུངས།། དཀོན ་མཆོག་གསུམ་ལ་ཆེར་གནོད་ལ། ། བྱ་བར་བཤད་ཀྱིས་གཞན་དུ་མིན།། སེམས་གདུག་བསྒྲུབ་པར་བྱ་བ་ཡི།། རྐང་པའི་རྗེས་ཀྱིས་བླངས་ལ།། དེ་ནས་གཙང་མའི་མ་ཧེ་ཡི།། བཅིན་གྱིས་དེ་ནི་སྦྲུས་ནས་ཀྱང་།། དེ་ཡི་གཟུགས ་བརྙན་བྱས་ནས་ནི། ། དུར་ཁྲོད་ཐལ་བས་འཕྲུལ་བ་ག། སོལ་བ་ཆེར་མ་རྣོན་པོ་དང་།། དེ་བཞིན་རུས་པ་ཕུབ་མ་དག། དེ་ཡི་སྙིང་ཀར་གདབ་པར་བྱ།། དེ་བཞིན་གཞན་ཡང་ལྟོ་བ་དང་།། རྣ་བ་སྣ་དང་མིག་དང་ཁ།། རབ་ཏུ་བཀང་ནས་གཡང ་སར་གཞག། རྐང་པ་གཡོན་པས་གནས་པར་བྱ།། དེ་ནས་རོ་ལངས་ཞི་བའི་སྔགས།། བྱིན་ཅི་ལོག་ཏུ་བཟློག་ཏེ་བཟླས།། བསྒྲུབ་པར་བྱ་བའི་མིང་སྨོས་ནས།། སྒྲུབ་པ་སྟོང་རྩ་བརྒྱད་བཟླས་ལ།། བཟློག་པའི་རིམ་པ་འདི་ཉིད་ཀྱིས།། པཊ ་གཉིས་དག་གི་བར་དུ་གཞུག། ལས་འདི་བྱས་པས་ངེས་པར་ནི།། བསྒྲུབ་པར་བྱ་བ་སྨོས་གྱུར་ནས།། ངེས་པར་འཆི་བདག་དབང་དུ་འགྱུར།། བློ་དང་ལྡན་པས་བསྒྲུབ་བྱ་ཡི།། དྲེགས་པ་དེ་ལྟར་བསལ་བྱས་ན།། ན་བ་ཀུན་གྱིས་བཏ ་པ་དེ། ། དེ་ནས་སླར་ཡང་ཐར་བར་བྱ།། གཞན་དུ་བྱས་ན་མོད་ལ་ནི།། ངེས་པར་འཆི་བདག་མདུན་དུ་འགྲོ།། དཀོན་མཆོག་གསུམ་ནི་བསྲུང་བའི་ཕྱིར།། གནོད་པར་བྱེད་པ་ཐམས་ཅད་ལ།། ནད་ལ་སོགས་པ་སྦྱར་ན་ཡང་།། འཆི་བར་འགྱུར་བ་འདི ་བཤད་དོ། ། དམ་ཚིག་ཤེས་ལ་མི་བྱ་སྟེ།། གལ་ཏེ་བྱས་ན་བདག་ཉིད་འཆི།། བསྐྲད་པར་བྱ་བའི་ཆོ་ག་ཡང་།། འཇམ་དབྱངས་རབ་ཏུ་དཔའ་བོ་ཡི།། ཁྲོ་བོ་ཉིད་ཀྱིས་ཇི་སྐད་དུ།། གསུངས་པ་དེ་ནི་བཤོད་པར་བྱ།། མེད་ལྡེང་ལས་བྱས་ཕུར ་བུ་ནི། ། སོར་བརྒྱད་ཙམ་དུ་བྱས་པ་ལ།། ཡུངས་མར་ཚབས་བླུགས་ནས་ནི།། དུར་ཁྲོད་ཐལ་བས་གདབ་པར་བྱ།། དེ་ནས་ཁྭ་ནི་རང་ཤི་བའི།། དེ་ཡི་ལྤགས་པས་དཀྲི་བར་བྱ།། སྒྲུབ་པས་ནུབ་མོ་ཕུར་བུ་དེ།། སྐུད་པ་དམར་པོས་བཅིངས ་ནས་ནི། ། དེ་ནས་རོ་ལངས་ཕྱག་རྒྱ་ནི།། སྐྲོད་གཅིག་པ་ཡི་ཚིག་ལྡན་པས།། བསྒྲུབ་པར་བྱ་བའི་མིང་སྨོས་ཏེ།། མཁས་པས་སྟོང་རྩ་བརྒྱད་བཟླས་པ།། དེ་ནས་སྐྲད་པར་འདོད་པ་ཡིས།། བསྒྲུབ་པར་བྱ་བའི་སྒོ་ཀར་ནི།། ཕུར་བུ་དེ་ནི ་གདབ་པར་བྱ། ། འདི་ནི་སྐྲོད་པའི་མཆོག་ཏུ་གསུངས།། འོན་ཀྱང་བརྒྱ་བྱིན་སྟོབས་ལྡན་པའི།། བསྒྲུབ་པར་བྱ་བ་འང་བསྐྲད་པར་འགྱུར།། དེ་ནས་གཞན་ཡང་གཅིག་ལ་གཅིག། འཐབ་དང་རྩོད་པ་བཤད་པར་བྱ།། དཀོན་མཆོག་གསུ ་ལ་གནོད་བྱེད་པར་འདི་ནས་ཅི་ལྟར་འདོད་པ་ནི། ། དེ་དག་རང་གི་ཕྱོགས་འཁྲུགས་པར།། སྔགས་པས་ཇི་སྐད་གསུངས་བཞིན་བྱ།། བ་ར་ཧི་དང་རུ་ཙི་ར།། བ་ཏྲ་དང་ནི་ཀེ་ཤི་ནི།། དེ་བཞིན་ཐ་མ་སུ་ཀ་རི།། རྫོགས་པའི་བྱང་ཆུབ་བཞུགས ་བཞུགས་པ། ། མཐུ་ཆེན་སྨན་ནི་འདི་རྣམས་ལས།། གང་ཡང་རུང་བ་གཅིག་བླངས་ཏེ།། ལོ་མ་རླུང་གིས་བཏབ་པར་སྦྱར།། དེ་བཞིན་བ་ལ་ཀ་ཏ་དང་།། གོས་སྐྲོད་ནག་པོ་ལྡོང་རོས་དག། འདི་དག་བཏགས ་ཏེ་ཕྱེ་མར་བྱ། ། མི་ཡི་ཚིལ་གྱིས་སྨྲས་ནས་སུ།། རོ་ལངས་སྟོང་རྩ་བརྒྱད་དུ་བཟླས།། ནམ་ལངས་པར་གྱུར་པ་དང་།། གདྲུག་པ་འཁྲུག་པར་བྱེད་ཅེས་བྱ།། གང་གིས་བསྣམས་ཏེ་དེ་དག་ནི།། རང་གི་ཕྱོགས་རྣམས་པན ་ཚུན་འཁྲུག། གཅིག་ལ་གཅིག་ཀྱང་འཐབ་པར་འགྱུར།། ཡུལ་འཁོར་དང་ནི་གྲོང་ཁྱེར་དང་།། དཔུང་ལ་གནོད་པ་བྱ་བའི་ཕྱིར།། ཕན་ཚུན་བསོད་པར་བྱ་བ་ལ།། གདུག་པ་འདི་ནི་སྦྱར་བར་བྱ།། ཕན་ཚུན་འཐབ་ཅིང་གསོད་པ་དག། ་ཅི་རིགས་བསྟན་པ་འདི་ཡིན་ནོ།། དེ་ནས་གཞན་ཡང་མིག་འཕྲུལ་གྱི།། ཆོ་ག་ཚུལ་བཞིན་བཤད་པར་བྱ།། དུར་ཁྲོད་དག་གི་ཐལ་བ་ཡིས།། མིག་འཕྲུལ་དངོས་པོ་འགྲུབ་པར་འགྱུར།། མི་ཐོད་བཟང་པོར་ཐལ་བ་དང་།། རི་བོང་དག ་གི་ཁྲག་བླགས་ཏེ། ། ཡི་དགས་ཕལ་ཆེན་དཀྱིལ་འཁོར་གྱི།། ཇི་སྐད་གསུངས་པ་བྲིས་པ་གཞག། དེ་ཡི་ནང་དུ་རོ་ལངས་ལ།། མཆོད་པ་ཆེན་པོ་བྱས་ནས་ནི།། དེར་ཡང་ལྷོ་ཕྱོགས་སྒོ་དག་ཏུ།། ཞུགས་ཐབ་ཏུ་ནི་མེ་བུས་ཏེ།། དེ་ནས ་ཐལ་བ་དེ་ལ་ནི། ། མར་གྱིས་བདུགས་ཏེ་སྦྱིན་སྲེག་བྱ།། དེ་ནས་ཐལ་བ་དེ་ལ་ཡང་།། སྟོང་རྩ་བརྒྱད་དུ་བཟླས་བྱས་ཏེ།། སྟོང་རྩ་བརྒྱད་པོ་དེ་ཉིད་ཀྱི།། ནམ་ལངས་པར་ནི་ངེས་པར་ཡང་།། མཁས་པས་མིག་འཕྲུལ་རྩེད་མོ་རྣམས།། ་ཐལ་བ་དེས་ནི་བྱེད་པར་འགྱུར།། མེ་ཏོག་དཀར་ལ་ཐལ་བ་དེས།། ལན་རེ་དག་ཏུ་བསླུས་ནས་ནི།། ནམ་མཁར་གཏོར་ན་ངེས་པར་ཡང་།། རྫོགས་པའི་སངས་རྒྱས་སྟོན་པར་འགྱུར།། ཐལ་བ་དེ་ཡིས་སྔ་མ་བཞིན།། མེ་ཏོག་སེར་པོ་ལ ་བསྐུས་ཏེ། ། དེ་བཞིན་ནམ་མཁའ་ལ་གཏོར་ན།། འདོད་ཆགས་བྲལ་བ་སྟོང་དག་དང་།། ཉིད་ཀྱིས་གནས་བཅས་སངས་རྒྱས་ཀུན།། སྟོན་པར་བྱེད་དེ་གཞན་དུ་མིན།། མེ་ཏོག་དཀར་པོས་འཇིག་རྟེན་པའི།། ལྷ་རྣམས་ཀུན་ཀྱང་སྔ་མ ་བཞིན། ། གང་དང་གང་གི་འདོད་པ་དག། ཡིད་ལ་བསམས་པས་སྟོན་པར་བྱེད།། མེ་ཏོག་སྔོན་པོས་དེ་བཞིན་དུ།། གནོད་སྦྱིན་སྲིན་པོ་སྔ་མ་བཞིན།། ཡི་དགས་མཁའ་འགྲོ་གྲུལ་བུམ་དང་།། ཡང་ན་གང་དང་གང་འདོད་པའོ།། ་ཆུ་ལས་ལན་བདུན་བཟླས་པ་ནི།། གྱེན་དུ་གཏོར་ནས་ངེས་པར་ཡང་།། མིག་འཕྲུལ་སླར་ཡང་བསྡུ་བར་བྱ།། ཡང་ན་ཁུ་ཚུར་བཅངས་པས་སོ།། ཁྭ་ཡི་སྒྲོ་བདུན་མི་རུས་ཀྱིས།། ཡུ་བ་དག་ལ་བཅིངས་ནས་སུ།། དེ་ལ་ཐལ་བ་དེ ་བསྐུས་ཏེ། ། མིག་འཕྲུལ་བསམས་ལ་ཅི་འདོད་པར།། ཚོགས་ཀྱི་ནང་དུ་བསྐོར་ནས་ནི།། མཚོ་དང་རྒྱ་མཚོ་རྒལ་བ་དང་།། དེ་བཞིན་ཁང་པ་ལི་བ་དང་།། གཡུལ་དང་འཁྲུག་ཅིང་འཆི་བ་དང་།། བལྟད་མོ་ཆེན་པོ་མཆོག་རྣམས་ནི།། རབ་ཏུ། ་སྦྱར་བ་སྟོན་པར་འགྱུར།། ཁུ་ཚུར་བཅས་པས་དེ་བཞིན་སྡུད།། ས་ཡི་འོག་ཀྱང་སྟོན་པ་དང་།། འགྲོ་བ་མང་པོ་འབུས་པ་དང་།། གྱེན་དུ་འགྲོ་དང་དེ་བཞིན་འཁྲུག། རང་གི་དཔུང་དང་རྒྱ་མཚོའང་འཁྲུག། མཇུག་མ་དེ་དང་ཐལ་བ་ཡིས།། ་གཞན་ཡང་གང་དང་གང་འདོད་པ།། དེ་དག་ངེས་པར་བྱེད་པར་འགྱུར།། ཁུ་ཚུར་བཅངས་པས་དེ་བཞིན་སྡུད།། དེ་ལྟར་མིག་འཕྲུལ་མདོར་བསྡུས་པ།། ཇི་སྐད་བཤད་པ་དེ་བཞིན་བྱ། རོ་ལངས་དེ་ཡི་ངོ་བོ་ཉིད།། ཞི་བའི་ཕྱིར་ནི་ཚུལ་བཞིན ་བཟླས། ། བདག་གམ་འོན་ཏེ་གཞན་ཡང་རུང་།། སྒྲུབ་བྱ་ཞི་བའི་ཚིག་སྨོས་ཏེ།། སྟོང་རྩ་བརྒྱད་དུ་བཟླས་བྱས་ནས།། མེ་ཏོག་དཀར་པོ་བཟང་པོ་ནི།། བསུང་ཞིམ་ཡིད་དུ་འོང་བ་དག། ཙན་དན་དཀར་པོ་ཆུས་བཏབ་ནས།། རྒྱ་མཚོར་འགྲོ ་བའི་ཆུ་ནང་དུ། ། ཞུགས་ནས་རེ་རེ་ལ་བཟླས་ཤིང་།། བརྒྱ་རྩ་བརྒྱད་ནི་དོར་བར་བྱ།། འོན་ཀྱང་བདག་གམ་གཞན་ཡང་རུང་།། མཚུངས་པ་མེད་པ་ཞི་བར་འགྱུར།། རྒྱལ་པོའི་ཡུལ་ལམ་ལྗོངས་དགགམ།། གྲོང་ངམ་ཡང་ན་གྲོང་ཁྱེར་དག། ་ཞི་བའི་ལས་དེ་བྱས་པ་ཡིས།། ཞི་བར་འགྱུར་བ་གདོན་མི་ཟ།། དེ་ནས་རྒྱས་པའི་ལས་རྣམས་ཀྱང་།། ཚུལ་བཞིན་དུ་ནི་བཤད་པར་བྱ།། མཆོད་རྟེན་ལ་མཆོད་སྣ་ཚོགས་པ།། བྱས་ནས་དེ་ཡི་མདུན་འདུག་སྟེ།། རོ་ལངས་ཕྱག་རྒྱ་ཆེན་པོ་ནི།། ་རྫོགས་སངས་རྒྱས་ཀྱིས་མཆོད་པ་བཟླས།། གལ་ཏེ་མཆོད་རྟེན་རིང་སྲེལ་ཅན།། ཡིན་ན་དེ་མ་ཐག་ཏུ་འགྱུར།། བསྒྲུབ་བྱའི་མིང་སྤོས་བཟླས་ན་ནི།། སྐྱེས་པ་བུད་མེད་རྒྱས་པར་འགྱུར།། དམ་ཆོས་མཆོད་རྟེན་མདུན་དུ་ནི།། ཆོ་ག ་བཞིན་དུ་ཁྲི་བཟླས་ན། ། ཅི་སྲིད་རྒྱས་པར་འགྱུར་གྱི་བར།། དེ་སྲིད་རྒྱས་ཕྱིར་རིམ་གྱིས་བཟླས།། དེ་བཞིན་གཤེགས་པའི་མཆོད་པ་དག། མཁས་པས་མཆོད་རྟེན་ཀུན་ལ་བྱ།། རིང་སྲེལ་ཅན་ལ་ཆོ་ག་བཞིན།། ཁྱད་པར་དུ་ནི་བཤད་པར་བྱ།། ཐོག ་མར་མཆོད་རྟེན་དྲུང་དུ་ནི། ། མཁས་པ་དག་གིས་དཀྱིལ་འཁོར་བྱ།། དེ་ནས་དེར་ནི་མེ་ཏོག་དག། ཤིན་དུ་ཡིད་འོང་དགྲམ་པར་བྱ།། མེ་མར་རབ་ཏུ་འབར་བ་བརྒྱད།། མཁས་པས་དེ་ལ་དབུལ་བར་བྱ།། ཤིན་དུ་ཡིད་འོང་ཆུ་དང་བཅས།། སྣ་ཚོགས་པ ་ཡི་བཤོས་ཕུལ་ནས། ། གུ་གུལ་བདུག་པ་ཕུལ་ནས་ནི།། བྱང་ཆུབ་སེམས་དང་ལྡན་པ་ཡིས།། དེ་བཞིན་གཤེགས་པ་ཐམས་ཅད་ལ།། ཁྲེ་སར་བཅས་པས་ཕྱག་བྱས་ནས།། མཆོད་རྟེན་ལ་ནི་མངོན་ཕྱོགས་ཏེ།། ཞི་དང་རྒྱས་ཕྱིར་བཟླས་པར་བྱ།། དམ་པའི ་ཆོས་ཀྱང་ཀླག་པ་དང་། ། དུས་དུས་སུ་ཡང་མཆོད་རྟེན་བྱ།། དེ་ལྟར་ཉིན་མཚན་བྱེད་བྱས་ན།། ཞི་བ་དག་དང་རྒྱས་པར་འགྱུར།། རྒྱས་པའི་ལས་ནི་བཤད་ཟིན་ཏོ།། གཞན་ཡང་སྒྲུབ་པ་པོ་ལ་ནི།། འཇིག་རྟེན་ཐམས་ཅད་ངེས་པར་ཡང་།། དགའ་བར ་འགྱུར་བ་བཤད་པར་བྱ། ། ཇི་ལྟར་མ་ལ་བུ་སྡུག་པ།། དེ་འདིར་དེ་བཞིན་གཞན་དུ་མིན།། མཁས་པ་ཡིས་ནི་གིའུ་ཝང་དག། ངེས་པར་བདག་གི་ཁྲག་དང་སྦྱར།། ལན་གྲངས་མང་དུ་སྦྱར་ནས་ཀྱང་།། མཁས་པས་དེ་ནི་ཐོད་པར་བཞག། དེ་ནས་ཟླ་བ་གཟག ་ཟིན་ཆེ། ། ཟླ་བ་ལ་ནི་མིག་བལྟས་ཤིང་།། བཏོང་གི་བར་དུ་ལེགས་པར་བཟླས།། ནང་པར་བདག་གི་དཔྲལ་བ་ལ།། ཐིག་ལེ་གཅིག་ནི་བྱས་ནས་ཀྱང་།། དེ་ནས་རྒྱལ་པོའི་འཁོར་དུ་འགྲོ།། འགྲོ་བ་དབང་བྱེད་སྦྱོར་བ་འདི།། མདོར་བསྡུས་ནས་ནི་བཤད་པ ་སྟེ། ། རྒྱུ་དང་མི་རྒྱུ་འཇིག་རྟེན་དག། མཐོང་བ་ཡིས་ནི་དགའ་བར་འགྱུར།། འདི་ནི་འཇིག་རྟེན་པ་རྣམས་ཀུན།། དགའ་བར་བྱེད་པ་བསྟན་པ་ཡི།། དེ་ནས་དགུག་པའི་ཆོ་ག་ཡང་།། འཇམ་དབྱངས་མགོན་པོ་གཅིག་པུ་ཡིས།། ཁྲོ་བོ་ཞལ་ནས་གསུངས། ་པ་དག། མདོར་བསྡུས་ནས་ནི་བཤད་པར་བྱ།། བུད་མེད་བུ་མོ་ཤི་སྑ་ལ།། མར་གྱི་བརྒྱད་ལ་ནན་ཏན་དུ།། ཞགས་པ་ལེགས་པར་བགལ་བྱས་ཏེ།། དེ་ནས་ཐོད་པའི་ནང་དུ་གཞུག། དེ་ནས་ཟླ་བ་གཟས་ཟིན་པར།། འགྱུར་བའི་བར་དུ་ཉིན ་རེ་བཟླས། ། ཟླ་བ་གཟས་ཟིན་གྱུར་པ་དང་།། ཆུ་འགྲམ་གཙང་མ་དག་ཏུ་ཡང་།། དེར་ནི་ཡི་དགས་ཕལ་ཆེན་གྱི།། དཀྱིལ་འཁོར་དེས་བྲིས་མཆོད་པ་བྱ།། ཁྲོ་བོའི་གཙོ་བོས་གསུངས་པ་ཡི།། རོ་ལངས་ཁྲོ་བོ་ལྡན་པ་ལ།། གཏོར་མ་རྒྱ ་ཆེན་བྱས་ནས་ནི། ། དེ་ནས་ཕྱི་རོལ་འབྱུང་པོ་ལའོ།། དེ་ནས་དེ་ལ་ལག་གིས་མནན།། མི་ཐོད་ནང་དུ་འདུག་པ་ཡི།། ཞགས་པ་ཅི་སྲིད་གཡོ་བའི་བར།། ཟླ་བ་ལ་བལྟས་བཟླས་བརྗོད་བྱ།། དེ་ནས་གྱེན་དུ་འཕར་ན་ནི།། བསྒྲུབས་པ་ལ་ནི་འགྲུབ ་ཅེས་བྱ། ། དེ་ཚེ་ཞགས་པ་བླངས་ནས་ནི།། འཇིག་རྟེན་ལྷ་རྣམས་སྐད་ཅིག་གིས།། བསམས་པས་དེ་ཡིས་དྲངས་ནས་ནི།། དེ་ནས་རིག་པ་འཛིན་པ་ཡི།། ཡིད་ཀྱིས་བསམས་སམ་ཚིག་གིས་ཀྱང་།། གང་དང་གང་འདོད་ལེགས་པར་བྱེད།། ་བརྒྱ་བྱིན་ལ་སོགས་ལྷ་རྣམས་ཀྱང་།། དེ་ཡི་བཀའ་བཞིན་ངེས་པར་བྱེད།། སྐད་ཅིག་གིས་ནི་ས་ནམ་མཁའ་ལས།། རྫུ་འཕྲུལ་ཆེ་དང་ལྡན་པ་དང་།། ཞགས་པ་དེས་ནི་དྲངས་ནས་སུ།། འདོད་པའི་མཆོག་ནི་རབ་ཏུ་དབུལ།། གནོད་སྦྱིན་བུ ་མོ་འམ་དྲི་ཟ་མོ། ། ཡང་ན་ལྷ་ཡི་བུ་མོ་དག། བདག་གི་དྲུང་ངུ་སྐད་ཅིག་གིས།། ཞགས་པ་དེས་ནི་དྲངས་ནས་སུ།། དེ་ནས་རིག་པ་འཛིན་མཆོག་གི།། ཡིད་དུ་འོང་བའི་ལས་རྣམས་བྱེད།། གལ་ཏེ་བསྒྲུབས་ན་དམན་པ་དག། འདོད ་པས་གདུངས་པར་གྱུར་པ་ནི། ། དེ་ཚེ་ཞགས་པ་དེ་ཉིད་ཀྱིས།། ལྷ་ཡི་ངོ་བོ་བཀུག་ནས་ནི།། དོགས་པ་མེད་པར་བསྟེན་པར་བྱ།། འདོད་པས་གདུངས་ཀྱང་བུད་མེད་མིན།། དགའ་དང་མྱ་ངན་གྱིས་གདུངས་ན།། ནད་དང་གཙོ་བོས་སྨ་ཕབ་པ།། ་གཅིན་དང་རྡུལ་དང་དྲི་མ་ཅན།། མི་ཡི་བུད་མེད་རྟག་ཏུ་སྤང་།། གལ་ཏེ་འདོད་པས་གདུངས་གྱུར་ན།། ལྷ་ཡི་བུད་མེད་བསྟེན་པར་བྱ།། འོན་ཏེ་སེམས་དཔའ་ཆེན་པོ་དེ།། དེ་ཚེ་བརྩེ་ལྡན་མ་ཡིན་ན།། ལྷ་ཡི་དབང་ཕྱུག་དགེ་བ་དང་།། གནོད ་སྦྱིན་གདུག་པ་དག་གིས་བཀོར། ། རང་གི་གཞལ་ཡས་ཁང་བཟངས་ན།། འདུག་ཅིང་གང་དུ་འདོད་པར་འགྲོ།། གཞལ་མེད་ཁང་ནི་བཟང་པོ་དག། ལྷ་རྣམས་དེ་ལ་རབ་ཏུ་དབུལ།། བཅུད་ཀྱིས་ལེན་ན་དུ་མ་དང་། ་དཔག་བསམ་ཤིང་གི་འབྲས་བུ་ཡང་།། ལྷ་ཡི་དབང་ཕྱུག་མཉམ་ལྡན་པ།། དོགས་པ་མེད་པར་ཐོབ་པར་འགྱུར།། བཀྲེས་བསྒོམ་ནད་ལས་ངེས་པར་ཐར།། རིག་པ་འཛིན་པ་ཀུན་གྱིས་མཆོད།། ཞགས་པ་འགུལ་ལམ། ་གཡོན་ནི།། དངོས་གྲུབ་འདི་འདྲ་ཐོབ་པར་འགྱུར།། འགྲེལ་ལ་མགོ་ལས་སམ་གཞན་པ་དག། གལ་ཏེ་གྲུབ་པར་མ་གྱུར་ན།། མ་གྲུབ་པ་ཡི་ཞགས་པས་ཀྱང་།། འཇིག་རྟེན་པ་ཡི་ལས་རྣམས་བྱ།། སྐྱེས་པ་འམ་ཡང་ན་བུད་མེད་དག། ཡིད་ལ། ་འདོད་པ་བསམས་ནས་ནི།། མཚན་མོ་ཞགས་པ་དེ་བརྐྱང་སྟེ།། དེ་ནི་དེ་ན་ཕྱོགས་སུ་བཟླས།། བསྒྲུབ་བྱ་མིང་ནི་ཚིག་དང་བཅས།། དེ་ནི་ཚིག་གི་མཇུག་དུ་སྦྱར།། ཞགས་པ་གང་ན་འདུག་པ་དེར།། ནམ་མཁའ་ལས་ནི་བྱ་བཞིན་དུ།། བདག་གི་དྲུང་དུ་སྐད ་ཅིག་གིས། ། ཐེ་ཙོམ་མེད་པར་འོང་བར་འགྱུར།། མི་དབང་སླས་དང་བཅས་པའམ།། ཡང་ན་སྐྱེ་བོ་ཕལ་པ་འམ།། བ་ལང་རྟ་དང་ཤིང་རྟ་དང་།། འབྲས་བུའི་མེ་ཏོག་གང་ཡང་རུང་།། དེ་བཞིན་འདོད་པའི་རྫས་དག་ཀྱང་།། མཐོང་བའམ་ཡང་ན་ཐོས ་པའང་རུང་། ། དེ་ཡི་མིང་ཚིག་བསྐུལ་བ་དག། དེ་ཚེ་དེས་ནི་འགུགས་པར་འགྱུར།། ཡུལ་གཞན་དག་ན་གནས་པ་ནི།། དཔག་ཚད་བརྒྱན་འདུག་པ་ཡང་།། དམ་ཚིག་དག་གིས་བསྐུལ་ན་ནི།། ཞགས་པ་འདིས་ནི་ངེས་པར་ཁུགས།། ཁྲོ་བོ་འཁྲུག་པ་རོ ་ལངས་སམ། ། ཁྲོ་བོ་རྣམ་རྒྱལ་ཆོ་ག་འདིར།། ཞགས་པས་གྲུབ་པའི་ལས་རྣམས་དང་།། མ་གྲུབ་གྲུབ་པ་གང་ཡིན་དེའི།། ལྷ་དང་ལྷ་མིན་གཉི་ག་དག། དགུག་པའི་ཆོ་གར་གསུངས་པ་སྟེ།། རོ་ལངས་མ་ཡི་ཆོ་ག་འདི།། ཚུལ་བཞིན་རིམ་པ་བཞིན ་དུ་བཤད། ། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས་རོ་ལངས་མའི་ཆོ་ག་ཞིབ་མོ་རྣམ་པར་ཕྱེ་བ་སྟེ་དྲུག་པའོ།། །། འདི་ནི་རོལ་དས་ཆོ་ག་མཆོག། རིག་པ་འཛིན་པ་རྣམས་ལ་ནི།། དངོས་གྲུབ་ཆེན་པོ་མཆོག་སྟེར་བ། ་ཚུལ་བཞིན་མདོར་བསྡུས་བཤད་པ་ཡིན།། དེ་ནས་ཁྲོ་བོ་ཆག་ནི།། ཞིབ་སོ་མད་དུབྱུང་བའི་མཆོག། ཁྲོ་བའི་པི་ད་མའི་ཞལ་ནས་ཐུང་།། ཡང་དག་རྨས་པར་བཤད་པར་བྱ།། སྔགས་ཀྱི་གྲངས་ནི་བཅུ་བདུན་པོ།། ཁྲོ་བ་ཉིད་ཀྱིས་གསུངས་པ ་གང་། ། ཐོས་པ་ཙམ་གྱི་མོད་ལ་ཡང་།། ལྷ་དག་ཟན་དུ་རྨོངས་འགྱུར་བ།། འཇམ་པའི་དབྱངས་ཀྱིས་ད་བསྔལ་བ།། ཁྲོ་བོ་དེ་ཉིད་འབར་བ་ཡི།། བཟླས་པའི་གྲངས་ནི་ངེས་པད།། ཆོ་ག་ཞིབ་མོ་འདི་བཤད་བྱ།། ཐོག་མར་དྲུག་འབུམ་བཟླས་པ་ནི།། ་སྔོན་དུ་བསྟན་པ་བྱས་པར་འགྱུར།། དེ་ནས་བུ་དོན་ཚིག་ཡིས།། ཕྱིས་ཀྱང་དྲུག་འབྲམ་བཟླས་པར་བྱ།། དེ་བཞིན་རི་ཅེར་འབུམ་བཟླས་ནས།། གྲུབ་པར་འགྱུར་ཏེ་གཞན་དུ་མིན།། ཕྱིས་ནི་མཁས་པས་ཅི་འདོད་པར།། སྒྲུབ་པ་ལ་ནི་འང། ་པར་བྱ།། དེ་ནས་ཁྲོ་བོ་རྣམ་རྒྱལ་གྱི།། སྔོན་དུ་བསྙེན་ལ་སོགས་པའི་རིམ།། སྒྲུབ་པ་པོ་ལ་ཕན་པའི་ཕྱིར།། ཆོ་ག་འདིར་ནི་བགོད་པར་བྱ།། གཅིག་ཏུ་དཔའ་བའི་ཁྲོ་བོ་ཉིད།། བདུད་རྣམས་ཐམས་ཅད་ཚར་གཅོད་པ།། དངོས་གྲུབ་ཐམས་ཅད་རབ་སྩོལ ་ཅིང་། ། འཚེ་བ་ཐམས་ཅད་འཇིག་མཛད་པ།། ཐོག་མར་ཁྲོ་བོ་རྒྱལ་པོ་ཡིས།། ཁྲུས་ཀྱི་ཆོ་ག་ཉིན་རེ་བྱ།། དེ་ནས་ཁྲོ་བོས་བསྐུལ་བ་ཡིས།། བསྲུང་བ་རང་གི་ལུས་ལ་བྱ།། བྷོ་ནི་ས་བོན་ལས་བྱུང་བའི།། ཡིད་ཀྱིས་པད་མོའི་སྟན་ལ་འདུག། བདག་ཉིད་དེ ་ཡི་སྟེད་དུ་ཡང་། ། ས་བོན་ཧཱུཾ་ལས་གྱུར་པའི་སྐུ།། བསྒོམ་པར་བྱས་ཏེ་བསྒོམ་ནས་ཀྱང་།། བདག་གི་སྤྱི་བོར་ཡི་གེ་ཨོཾ།། མིག་གཉིས་སུ་ནི་ཡི་གེ་ཨཱཿ།། བསྲུང་བར་བྱས་ཏེ་དེ་ནས་ཡང་།། སྔགས་ནི་ཡི་གེ་བཅུ་བདུན་པོ།། ཟློས་ཤི་ང་དེ་བཞིན ་གཤེགས་དྲན་ནས། ། རང་གི་ལུས་ལ་སྔར་བཀོད་པའི།། སྙིང་པོ་སྙིང་ཀར་གཞག་པར་བྱ།། དེ་ནས་ཁྲོ་བོའི་མཚོགས་མ་ཡིས།། བདག་གི་མཚོགས་མར་རེག་པར་བྱ།། ཁྲོ་བོས་གཙོ་བོའི་སྤྱི་གཙུག་ཀྱང་།། བྱིས་ནི་གཙུག་ཏུ་གཞག་པར ་བྱ། ། དེ་ནས་ལུས་ལ་ཆོ་ག་ཡང་།། ལག་པས་ཆོ་ག་བཞིན་དུ་བྱ།། དེ་ནས་བདག་གི་ལག་གཉིས་ལ།། བློ་དང་ལྡན་པས་མཚོན་ཆ་དགོད།། རང་གི་དམ་ཚིག་ལྡན་པའི་རྒྱ།། མཁས་པས་ཆོ་ག་བཞིན་བཅིངས་ནས།། ཁྲོ་བོ་གཙོ་བའི་རོ་ལངས་མ།། ་བདག་གི་སྙིང་ཀར་གཞག་པར་བྱ།། དེ་བཞིན་བེ་ཅོན་ཕྱག་རྒྱ་ཡང་།། ཤིན་དུ་དྲག་པོའི་མཚོན་ཆའི་གནས།། ལག་པ་གཡས་པས་བཅིངས་ནས་ནི།། ཐེ་བོའི་མཆོད་པ་འཇུག་པར་བྱ།། ཁྲོ་བོ་ཆོག་བཤད་བཞིན་བྱས།། འདོད ་པ་ཐམས་ཅད་སྩོལ་བར་མཛད། ། ཡི་དགས་པལ་ཆེན་དཀྱིལ་འཁོར་དང་།། གཞན་ཡང་རྟག་པར་སྐུ་གཟུགས་དང་།། ཅི་སྲིད་བསྟན་པའི་རི་མོ་ལ།། ཡིད་ཀྱི་མཆོད་པ་བྱ་བར་བསྒྲགས།། ལྷ་ཡི་མེ་ཏོག་དྲི་ཞིམ་དང་།། བིལ་བའི་ལོ་མ ་བཟང་པོ་དང་། ། སྤོས་ཆུ་དག་གི་ས་ལ་འམ།། ཡང་ན་སུ་གཟུགས་དག་ལ་མཆོད།། དགོས་པ་ཀུན་གྱི་དོན་བསྒྲུབ་པ།། སྐུ་གཟུགས་མཚན་ཉིད་བཤད་པར་བྱ།། སྔར་བསྙེན་ཆོ་ག་བཞིན་བྱས་ནས།། དེ་ནས་སྐུ་གཟུགས་བྱེད་དུ་གཞུག། གསེར ་རམ་ཡང་ན་དངུལ་ཡང་རུང་། ། དེ་བཞིན་ཁར་བ་འམ་ཟངས་ལ་བྱ།། ར་གན་ཨིན་ཏྲ་ནཱི་ལ་དང་།། འཆིང་བུ་ཤེལ་དང་རིན་ཆེན་ཏེ།། རྒྱལ་སྲིད་འདོད་པས་གསེར་ལ་བྱ།། ལོངས་སྤྱོད་འདོད་པས་དངུལ་ལ་བྱ།། ནད་རྣམས་འཇིག་ཕྱིར་ཁར ་བས་བྱ། ། ཟངས་ནི་འདོད་པ་རབ་ཏུ་སྟེར།། དགྲ་རྣམས་གཤིག་ཕྱིར་ར་གན་ཏེ།། རང་གི་ལོངས་སྤྱོད་འཕེལ་བའི་ཕྱིར།། ཨིན་ཏྲ་ནཱི་ལ་དག་ལས་བྱ།། མཆོག་དང་འདོད་པ་ཐམས་ཅད་སྟེར།། མཆིང་བུ་རྣམ་པ་སྣ་ཚོགས་པ།། ནོར་སྟེར་བར ་ནི་ཡོངས་སུ་བསྒྲགས། ། དྲི་མེད་ཤེལ་ལས་བྱས་ན་ནི།། ཞི་དང་རྒྱས་པའི་མཆོག་རྣམས་ཏེ།། རིན་ཆེན་ལས་བྱས་རལ་གྲི་དང་།། ས་འོག་ལྷ་ཡི་དངོས་གྲུབ་སྟེར།། ཐམས་ཅད་གྲུབ་པར་བྱ་བའི་ཕྱིར།། ད་ནི་ཚད་རྣམས་བཤད་པར་བྱ།། ་གསེར་ལས་སོར་བརྒྱད་ཙམ་བྱས་ཏེ།། མཆོད་ན་རྒྱལ་སྲིད་དཔལ་ཡང་འཐོབ།། ལོངས་སྤྱོད་རྟག་པར་འདོད་པ་ཡིས།། དངུལ་ལས་སོར་བཅུའི་ཚད་དུ་བྱ།། ཁར་བ་དེ་བཞིན་ནད་སེལ་བ།། སོར་གྲངས་བཅུ་དྲུག་ཚད་དུ་བྱ། ་སོར་ནི་ཉི་ཤུ་ཚད་དག་དུ།། ཟངས་ལས་བྱས་ཏེ་མཆོད་པར་བྱ།། ར་ག་ན་གི་ཡང་ཟངས་བཞིན་དུ།། སོར་ཟངས་ཉི་ཤུ་གཉིས་ཀྱི་ཚད།། ཨིན་ཏྲ་ནཱི་ལས་བྱས་པ་ཡང་།། སོར་གྲངས་བཅུ་དྲུག་ཚད་དུ་བྱ།། མཆིང་བུ་ལས་ནི་སོར་བརྒྱད་ཤྲི། ་ཤེལ་ལས་སོར་གྲངས་བཅུ་གཉིས་སོ།། རིན་ཆེན་སོར་ནི་བརྒྱད་པར་བྱ།། དེ་ལྟར་ཇི་སྐད་གསུངས་པ་ཡི།། སྐུ་གཟུགས་འདོད་པ་ཀུན་སྟོན་པའི།། དངོས་གྲུབ་འདོད་པས་ལེགས་པར་མཆོད།། ཡན་ལག་མ་ཉམས་གསལ་ལ་བཟང་།། ་པར་བཟེ་བོ་མཁས་པར་བྱ།། མཚན་ཉིད་སྔ་མ་རྣམས་དང་ལྡན།། མཚོན་ཆ་བཟང་པོས་རྒྱས་པར་བྱས།། ཡི་དགས་ལ་བཅིབས་ཞལ་ཡང་དྲུག། སྤྱན་གསུམ་འཇིགས་པར་གཟིགས་པའི་ཚུལ།། གཟི་ཅན་ཕྱག་བཟངས་བཅུ་གཉིས་པ། ་ཞབས་ནི་བསལ་བར་དྲུག་དང་ལྡན།། མི་མགོ་ཡི་དགས་ཕྲེང་བ་རྣམས།། སེ་རལ་ཁ་ཡི་ཐབས་སུ་ཐོགས།། གཡོན་བརྐྱང་པ་ཡི་ཚུལ་དུ་བཞུགས།། ན་བཟའ་སྟག་ལྤགས་གསོལ་བར་དགྱེས།། དེ་ལྟ་བུ་ཡི་སྐུ་གཟུགས་དག། སྔ་མའི་ཚུལ་དུ ་ཡོངས་རྫོགས་པར། ། ཅི་སྐད་གསུངས་པའི་ཁྲོ་བོ་འདི།། སྔགས་པས་གཟོབ་བྱེད་དུ་གཞུག། ཡང་ན་ཤིང་གི་སྙིང་པོ་ལས།། ཁྲོ་བོ་གཙོ་བོའི་སྐུ་གཟུགས་དག། ཅི་སྐད་གསུངས་པའི་མཚན་ཉིད་བཞིན།། བྱས་ནས་རྟག་ཏུ་མཆོད་པར་བྱ།། དེ་ནས་ཤིང ་ལས་བྱས་པ་ཡི། ། སྐུ་གཟུགས་ཚུལ་བཞིན་བཤད་པར་བྱ།། གཙང་མ་འདོད་པ་ཀུན་སྟེར་བ།། དེ་ཡང་དེ་བཞིན་སྦྱར་བར་བྱ།། རིག་འཛིན་ཀུན་གྱི་མཆོག་འདོད་ན།། ཙན་དན་ཤིང་ལས་བྱས་པ་ཡི།། སྐུ་གཟུགས་སོར་གྲངས་ཉི་ཤུའི་ཚད།། སྔགས ་པ་དག་གིས་བྱེད་དུ་གཞུག། ཙན་དན་དམར་པོའི་ཤིང་དག་ལས།། སོར་ནི་བཅུ་དྲུག་ཚད་དག་ཏུ།། འདོད་པ་ཐམས་ཅད་ཀུན་སྟེར་བའི།། སྐུ་གཟུགས་ལེགས་པར་བྱེད་དུ་གཞུག། ར་ཛ་ཨརྒའི་རྩ་བ་ལས།། བྱས་པ་འདོད་པའི་དོན་རྣམས་སྟེར ་སོར་གྲངས་བཅུ་བཞི་འཆད་དུ་ཤིས། ། བདེ་དང་ཕུན་སུམ་ཚོགས་ཀུན་འབྱུང་།། ཨ་ཤོ་ཀ་ཡི་སྙིང་པོ་ལས།། བཟོ་བོ་མཁས་པས་ལེགས་པར་བྱས།། སར་བ་སོར་ལྔའི་ཚད་དུ་གསུངས།། འདི་ནི་དབང་དུ་བྱེད་པར་བཤད།། དེ་བཞིན་ཏ་ལའི་ཤིང་དག་ལྔ། ་སོར་དྲུག་པར་ནི་བྱས་ན་ཡང་།། ལྷ་དང་ལྷ་མིན་བདག་པོ་དང་།། དེ་བཞིན་ཀླུ་རྣམས་འགུགས་པར་བྱེད།། ནག་གེ་སར་ཤིང་དག་ལས།། དེ་བཞིན་སོར་བདུན་ཚད་དུ་བྱ།། ནད་རྣམས་འཇིག་པར་བྱ་བ་དང་།། དགྲ་རྣམས་རྨོངས་པའི་ཕྱིར་བཤད ་པའོ། ། མཐོད་དག་ལས་བྱས་པ་ནི།། རྟག་ཏུ་སོར་གྲངས་བཅུགཉིས་གིས།། རང་བར་མི་ཐོགས་མཆོག་སྟེར་ཅིང་།། འདོད་པའི་དངས་གྲུབ་སྟེར།། མིཐོད་ལས་ནི་བྱས་པ་དག།། སྔར་བསྙེན་ལསོགས་མ་བྱས་པར།། ཅོད་པ ་འབ་ཤིག་བྱས་པས་ཀྱང་། ། དགོས་པའི་དོན་རྣམས་སྒྲུབ་པར་བྱེད།། སྐུ་གཟུགས་བཟང་པོའི་མཚན་ཉིད་དག། རྒྱས་པར་བཤད་པ་འདི་ཡིན་ནོ།། ཐོ་བོས་ཅི་གང་གསུངས་པ་བཞིན།། རི་མོའི་མཚན་ཅིང་བཤད་པར་བྱ།། མདོའི་གོས་བཟང་བཀྲུས་པ་ཡི།། ་མཁས་པས་ཁྲུ་ཚད་གང་དག་ལ།། མི་རོ་ཉིད་ཀྱི་སྒྲ་དག་གིས།། པིར་གྱིས་ལེགས་པར་བྲི་བར་བྱ།། ཚོན་གྱི་ཁ་དོག་ཀུན་མེད་པར།། རི་བོང་ཁྲག་གིས་བྲི་བར་བྱ།། ཡང་ན་དེ་ཡི་སྐུ་གཟུགས་ནི།། སྔ་མ་བཞིན་དུ་བཙག་གིས་བྲི།། ཁྲོས་ཤིང་འབར་བས་འཇིགས ་འཇིགས་ལྟར། ། གཡོན་བརྐྱང་བསྐུམ་པའི་ཚུལ་དུ་གནས།། ཞལ་དྲུག་དབུ་སྐྲ་གྱེན་དུ་བརྗེས།། སྲིན་མ་སེར་ཤིང་སྟན་ཡང་སེར།། སྤྱན་ནི་ཟླུམ་པོ་གསུམ་དང་ལྡན།། བཅུ་ག་ཉིས་ཕྱག་དང་ལྡན་པའི་སྐུ།། དེ་བཞིན་ཡི་དགས་སྟེང་ན་བཞུགས།། ཞབས་ནི་དྲུག ་གིས་མཛེས་པར་བྱས། ། གཡས་ཀྱི་ཕྱག་ན་མཆོག་སྦྱིན་ཅིང་།། རྩེ་གསུམ་རལ་གྲི་དགྲ་སྟ་དང་།། བེ་ཅོན་དང་ནི་ལྕགས་ཀྱུ་བསྣམས།། ཁྲོས་པའི་ཕྱག་གཡོན་བསྡིགས་པར་བྱེད།། ཕྱག་ན་ཤག་ཏི་ཐོ་མར།། གཡོན་པའི་ཕྱག་ན་དབྱུག་ཏོ་བསྣམས།། ཕྱག་ན ་ཐོད་པ་ཞགས་པ་བསྣམས། ། གཤིན་རྗེ་གཤེད་པོ་བྲི་བར་བྱ།། ན་བཟའ་སྟག་གི་ལྤགས་པ་གསོལ།། འཇིགས་པས་ཕ་རོལ་གནོན་པའི་ཞལ།། དེ་ཡི་མཆེ་བ་གཙིགས་པར་ནི།། མཁས་པས་རི་མོར་བྲི་བར་བྱ།། དེ་ནས་གློ་གཉིས་དག་ཏུ་ཡང་།། ཕྱག་རྒྱའི ་གཟུགས་དག་བྲི་བ་ནི། ། གཡས་སུ་སྐྱེས་པ་ཁྲོ་བོའི་གཟུགས།། ཁ་གདངས་པ་ནི་འཇིགས་འཇིགས་ལྷ།། གྱེན་དུ་སྒྲ་བརྗེས་རབ་ཏུ་སེར།། བེཙོན་ཕྱག་རྒྱ་མཚོན་ཆར་ཐོགས།། གཡས་བརྐྱང་བསྐུམ་པའི་ཚུལ་དུ་གནས།། སྡིགས་ཤིང་ཞམཅི་ཁྲོ་ག་ཅེར ་ཅན། ། ཞལ་དང་སྤྱན་ཡང་ཁྲོས་པའི་ཚུལ།། གཡོན་དུ་རོ་ལངས་མོ་བྲི་བ།། འབར་བའི་ཁ་ལ་གཟི་ཡང་ཆེ།། མིག་གསུམ་གདོང་གི་ཁྲོ་གཉེར་ཅན།། རབ་ཏུ་འཇིགས་པའི་ཁ་ཡང་གདངས།། གྱེན་དུ་སྐྲ་བརྫེས་གསུས་པོ་ཆེ།། གཏུམ་པོ་དུག་རྡུལ ་གོས་གྱོན་པ། ། དེ་བཞིན་ལག་ན་ཏྲི་ཤཱུལ་ཐོགས།། གཟི་ཆེན་རབ་ཏུ་བསྡིགས་པར་བྱེད།། ལུས་ནི་མེ་ལྕེ་འབར་བ་ལ།། གདོད་དང་མིག་ནི་ཁྲོས་པའི་ཚུལ།། བདེ་གཤེགས་སྲས་ཀྱི་བཀའ་ནོད་པ།། གསད་པའི་ཕྱག་རྒྱ་རི་མོ་འདི།། དབེན་པའི་གནས་སུ ་གཞག་པར་བྱ། ། ཆོག་ཤེས་པས་བེ་ཅོན་རྒྱ།། སུ་གཟུགས་འདི་ལ་བཟླས་པར་བྱ།། ཡང་ན་རོ་ལངས་ཕྱག་རྒྱ་ནི།། བཟླས་ནས་ཕྱག་རྒྱའི་དངོས་གྲུབ་འཐོབ།། དབེན་ཞིང་འདུ་འཛི་མེད་པར་ནི།། བཞག་ནས་ཉིན་རེ་མཆོད་པར་བྱ།། ཡང་ན་ཕྱག་རྒྱའི ་དཀྱིལ་འཁོར་དུ། ། རྟག་ཏུ་རི་མོ་འདི་བཀྲམ་སྟེ།། མཉམ་གཞག་དངོས་གྲུབ་འདོད་པ་ཡིས།། མཆོད་པ་དང་ནི་བཟླས་པ་བྱ།། བདག་གིས་ཕྱག་རྒྱ་སྒྲུབ་པ་ལ།། རི་མོ་ཚུལ་བཞིན་བཤད་པའོ།། དེ་ནས་གཤིན་རྗེ་གཤེད་པོ་ཡི།། རི་མོ་གཞན་ཡང་བཤད ་པར་བྱ། ། སྔར་བསྙེན་བྱས་པའི་འོག་ཏུ་ནི།། མི་རོའི་གོས་བཟངས་བསླུས་པ་ནི།། ཁྲུ་གང་ཚད་དུ་བྱས་པ་ལ།། ཚེན་རྩི་སྦྱིན་མེད་བཟང་པོ་ཡིས།། སྤྲིན་ནི་ནག་པོ་འདྲ་བ་ཡི།། ཁྲོ་བོ་དཔའ་བོ་གཅིག་པུ་ནི།། སྔ་མ་བཞིན་དུ་བྲི་བར་བྱ།། སྔར་བསྙེན ་བྱས་པའི་འོག་ཏུ་ནི། ། ཇི་ལྟར་རིགས་པར་བྲིས་ནས་ཀྱང་།། རབ་ཏུ་དབེན་པར་གཞག་ནས་སུ།། དེ་ནས་མཆོད་པའི་ཆོ་ག་བཞིན།། ཉིན་རེ་རྟག་ཏུ་མཆོད་ནས་ནི།། རབ་ཏུ་དབེན་པར་གཞག་ན་ཀྱང་། དེ་ཡི་འོག་ཏུ་བཟླས་པ་བརྩམ།། དེ་ནས་གཞན ་ཡང་བཟླས་པ་ཡི། ། ཆོ་ག་ཇི་སྐད་གསུངས་པ་བཤད།། རི་མོར་བགྲམ་ནས་མཆོད་བྱས་ཏེ།། དེ་བཞིན་གཤེགས་པ་ཀུན་མཆོད་ནས།། ཀུ་ཤའི་སྟན་ལ་འདུག་ནས་ནི།། མཉམ་པར་གཞག་ཏེ་མི་སྨྲ་བར།། རི་མོ་གཅིག་པོ་ལ་བལྟས་ཤིང་།། ་མངོན་མ་བྱ་བཞིན་པག་ས།། རཱ་དགཔ། མེ་ཕྲེད་པ་ཡིས།། ཅི་སྲིད་མིད་ནི་མི་སློབ་པ།། རྩེ་གཅིག་སེམས་ཀྱིས་བཟླས་བྱས།། སྐྱོན་བཟླས་པ་གཏང་བདབྱ།། ད་ལྟར་འབུམ་ཐག་གསུམ་བཟླས་ནས།། བསྟན་པ་བྱས་པའི་འོག་ཏད།། ན ་རི་ཁར་གནས་བཅས་ཏེ། ། རླུང་ཟ་ཞིང་ནི་བཟླས་བརྗོད་བྱ།། དངོས་གྲུབ་མཆོག་དག་འདོད་པ་ཡིས།། དེ་ནས་དེ་ཡི་བརྟུལ་ཞུགས་སྤྱད།། ཆོ་ག་ལས་གསུམ་མི་འདོད་ན།། སྔར་གསུངས་པ་ཡི་བཟླས་པ་ཡིས།། འབྲིང་དང་ཐ་མའི་དངོས་གྲུབ་དང་།། ་བརྟུལ་ཞུགས་མེད་པར་ལེགས་པར་ནི།། བསླབས་དངོས་གྲུབ་ཐོབ་པར་འགྱུར།། བརྟུལ་ཁྲུགས་དེས་ནི་མཆོག་ཀྱང་འགྲུབ།། དེ་ནས་གཞན་ཡང་འདིར་ནི།། དཔའ་བོ་ཞེས་བྱ་བ་རྟུལ་གྲགས་འབྱུང་།། ལམ་མི་ཟུར་དང་མེ ་སྨྲ་པ། ། སློངས་མོ་ཟ་ཞིང་དབང་པོ་བསྡམས།། སེང་ལྡེང་དབྱུག་པ་མདོམ་གང་བ།། སྲ་བ་བཟང་པོ་ཐོགས་ནས་སུ།། གཤིན་རྗེ་མཐར་བྱེད་བཟོ་བྱེད་ཅིང་།། བགྲོད་བཀའ་བའི་ལམ་ནས་འགྲོ།། ཁྲོ་བོ་དཔའ་བོ་བརྟུལ་ཞུགས་དག། དཔའ་བོ་གཟུགས ་སྲ་ཟླ་དྲུག་ཏུ། ། བསྒྲུབ་པ་གང་གིས་ཡང་དག་སྤྱོད།། དེ་ནི་དངོས་ཐུབ་མཆོག་ཀྱང་འཐོབ།། དཔལ་ལྡན་བརྟུལ་ཞུགས་སྤྱད་ནས་ནི།། དེ་ནས་སྒྲུབ་པ་ལ་ཞུགས་ནས།། གདོན་མི་ཟ་བར་དམ་པ་ཉིད།། དེ་ལྟར་དེ་ཉིད་མྱུར་དུ་འགྲུབ།། མི་བཟད ་བརྟུལ་ཞུགས་བཟང་བའོ། ། སྒྲུབ་པ་ལ་ནི་བདུད་ཀྱི་རརིས།། ལྷ་མོ་འདོད་པའི་གཟུགས་དག་དང་།། དེ་བཞིན་གཞན་གྱིས་ལུས་སུ་ནི།། རྣམ་པ་སྣ་ཚོགས་གཟུགས་དག་གིས།། དབང་པོ་བསྡམས་ལ་འཆང་བར་བྱེད།། དེ་དང་ལྷན་ཅིག་སྨྲ་མི་བྱ།། ཅུང ་ཟད་ཀྱང་ནི་ཆགས་མིཿ། ། བྱང་ཆུབ་སེམས་དང་མཉམ་ལྡན་པ།། ཁྲོ་བོ་ལ་གཞོལ་ཐོས་བྱེད་པ།། གལ་ཏེ་དེ་ལྟར་འགྲོབ་ན།། མི་བཟད་པ་ཡི་གཟུགས་དག་གམ།། གཞན་ཡང་ཤིན་དུ་ངོ་མཚར་བ།། བད་གཤེགས་པསམས་པས་མཐོང ་ན་ནི། ། དེ་དག་གིས་ནི་འཇིགས་མི་བྱ།། གདོནོན་དང་སྔགས་པར་བྱེད་ན་ནི།། བདེ་གཤེགས་ཀྱི་ནི་བཀའ་བཅོག་པ།། ཁྲོ་བདག་ཉིད་ནི་རྣམ་པར་འཇིག། བདེ་གཤེགས་བསམས་པ་བསྒོམས་པ་ཡིས།། རྡུལ་ཕོད་པ་ཡི་དཔའ་བོ་ཡིས།། ་བརྟུལ་ཐུགས་འདི་ནི་བསྙེན་བྱབ།། དཔའ་བོས་བྱ་ཡི་གཞན་དུ་མིན།། སྒྲུབ་པ་མཆོག་རྣམས་འདོད་པ་ཡིས།། ལྷ་ཡི་བཏུ་ལ་ཞུགས་གསུངས་པ་འདི།། ཇི་སྐད་གསུངས་པའི་ཚུལ་བཞིན་དུ།། ནན་ཏན་གྱིས་ནི་བསྟེན་པར་བྱ།། 2ཇམ ་དཔལ་གྱི་རྩ་བའི་ཆོ་གཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས་ཁྲོ་བོའི་བརྟུལ་ཞུགས་རིམ་པར་ཕྱེ་བ་བདུན་པའོ། ། །། ཅི་སྐད་གསུངས་པའི་གཟུགས་རྣམས་ལ།། མེ་ཏོག་ཇི་སྐད་བཤད་པ་བཞིན།། རྟག་ཏུ་གང ་ཞིག་མཆོད་བྱེད་ན། ། དགེ་བའི་བརྟུལ་ཞུགས་འདི་དག་དང་།། དེ་བཞིན་སྔོན་དུ་བསྙེན་པ་ཡང་།། དྲན་པ་ཙམ་ནི་འབའ་ཞིག་གིས།། ངེས་པར་དོད་དེང་ངག་ཉིད།། མཆོད་པས་མྱུར་དུ་འགྲུབ་པར་འགྱུར།། རྒྱལ་སྲིད་སྦྱིན་པའི་གཟུགས་ལ ་ནི། ། ཙན་དན་བུར་བུམ་ཨ་ག་པྲ།། ཅི་རིགས་པར་ན་ཐུགས་ནས་ཀྱང་།། ཨུད་པལ་པུན་ད་རིག་མཛེས།། ཙམ་པ་ཀདང་ས་ལི་ཀ། ཀེས་ནི་དྲིགམ་པས།། མཆོད་གས་བདུག་པ་མར་བཅས་པའི།། གུ་གྲལ་མཁས་པས་དཔྲལ ་བར་བྱ། ། དེ་ལྟར་བྱས་ན་ཁྱིམ་པས་ཀྱང་།། དེ་ལ་བསམ་ཞིང་བརྒྱད་བརྗོད་དེ།། ཅི་འབྱོར་པ་ཡི་མཆོད་པའི་བཤོས།། དེ་ཡི་སྤྱན་སྔར་དབུལ་བར་བྱ།། སྔར་བསྙེན་ལ་སོགས་མེད་ཀྱང་ཟ།། དེ་ལྟར་སྦྱོར་བས་ཟླ་དྲུག་གིས།། རྐུན་པོ ་དང་ནི་དགྲ་མེད་ཅིང་། ། ཐེ་ཙོམ་མེད་པར་རྒྱལ་སྲིད་ཐོབ།། མ་བསྒྲུབས་ན་ཡང་ཉིན་གཅིག་བཞིན།། མཆོད་པ་བྱས་པས་ཡུལ་རྙོད་འགྱུར།། ལས་འདི་གདོན་མི་ཟ་བར་ནི།། དེས་ནི་འབུམ་ནི་རྙེད་པར་འགྱུར།། ལོངས་སྤྱོད་སྦྱིན་པའི་གཟུམ ་ལ་ནི། ། ཙན་དན་གུར་གུམ་ཨ་ག་རུས།། བདག་གིས་ལེགས་པར་བསྡུས་ནས་ནི།། མེ་ཏོག་ཕྲེང་བས་རབ་ཏུ་མཆོད།། མེ་ཏོག་དཀར་པོའི་ཕྲེང་བ་ཡིས།། ཉིན་གཅིག་བཞིན་དུ་མཆོད་བྱས་ནས།། མར་དང་ལྡན་པའི་གྲ་གུལ་ལམ། ་ཀུན་དུ་རུ་ཡི་བདུག་པའང་དབུལ།། མེ་ཏོག་ཨ་ཏི་མུ་ཏ་ཀ། རེ་རེ་ཆོ་ག་བཞིན་བཟླས་ནས།། མཇུག་ཏུ་འབུམ་ནི་དཔལ་བར་བྱ།། དེས་ན་ལོངས་སྤྱོད་ཆེན་པོ་རྣམས།། དེ་ཡི་འཇུག་ཏུ་འབྱུང་འགྱུར་ཏེ།། འདི་ལ་སྤྱད་པ་དོགས་པ་མེད། ་ནད་སེལ་བ་ཡི་གཟུགས་ལ་ནི།། ཙན་དན་དམར་པོས་བསྐུས་ནས་ཀྱང་།། ཤ་ཏ་ཤིང་གི་བདག་པོ་དག། ཕུལ་ནས་མེ་ཏོག་གཙང་མ་ཡིས།། མཆོད་པའི་བཤོས་ནི་དབུལ་བར་བྱ།། མཇུག་ཏུ་ནང་སེལ་དང་ལྡན་པ།། ཁྲོ་བོའི་སྔགས་ནི ་དེ་བཟླས་ནས། ། བདག་གམ་ཕ་རོལ་པོ་དག་གམ།། སུ་ཡང་རུང་བའི་གཅོད་ཅན་ཡང་།། དེ་ནི་ཟམ་གཅིག་གིས་འཇོམས།། སྔར་བསྙེན་ལ་སོགས་མེད་ཀྱང་ཐ།། འདོད་དགུར་སྦྱིན་པའི་གཟུགས་ལ་ནི།། དེ་ལྟར་ཡང་ནི་མཆོད་བྱས་ན།། ་ཞི་བརྒྱས་པ་དབང་དང་དཀྲུག། དབྱེ་དང་བསྐྲད་དང་གསད་པ་དང་།། ཟློས་པས་འཇུག་ཏུ་ཁྱད་པར་དུ།། བསྐུལ་བའི་ཚིག་བཅུག་བསྒྲུབ་པར་བྱ།། གཞན་ཡང་གང་དག་འདོད་པ་ཡིས།། ཡིད་དང་འཐུན་པའི་འདོད་པའི་དོན།། དེ ་ཡང་དེ་ལྟར་ཡང་དག་བསྒྲུབ། ། སྐུ་གཟུགས་རབ་ཏུ་མཆོད་བྱས་ནས།། གང་དུ་ཅི་འདྲ་དེ་ལྟ་བུར།། གུས་པས་ཟླ་བ་དྲུག་བཟླས་ཏེ།། སྐུ་གཟུགས་ཉིན་གཅིག་བཞིན་དྲི་ན།། དེ་ལྟར་ཀུན་དུ་རབ་མཆོད་ནས།། རྟག་ཏུ་དེ་ཡི་བཟླས་པ་ནི། ་བློ་དང་ལྡན་པས་ཀུན་བྱས་ནས།། གྲུབ་པ་ཉིད་ནི་མ་ཐོབ་ཀྱང་།། དངོས་གྲུབ་ཕྲ་མོ་ཐོབ་པར་འགྱུར།། ཡང་ན་ཁྲོ་བོ་འམ་ཕྱག་རྒྱའང་རུང་།། དེ་ཚེ་བསྒྲུབ་པར་ནུས་ན་ནི།། དེ་ཡི་རི་མོ་གསུངས་པ་དང་།། ལྷ་ཡི་བརྟུལ་ཞུགས་དེས་ཀྱང་འགྲུབ།། ་དེ་ནས་གཞན་ཡང་བརྟུལ་ཞུགས་ཀྱི།། མཆོག་གིས་དངོས་གྲུབ་གང་ཡིན་པ།། ཆོ་ག་བཞིན་དུ་མདོར་བསྡུས་ཏེ།། རྒྱས་པར་བདག་གིས་བཤད་པར་བྱ།། དེ་ནས་ཁྲོ་བོ་གཙོ་བོ་ཡི།། རྩེ་གསུམ་ཤིན་དུ་གསལ་བསྒྲུབས་ན།། ཨུར ་མོའི་ལྕགས་ལས་བྱས་པ་ཡི། ། རྩེ་གསུམ་སོར་ནི་སུམ་བཅུ་པ།། རྣོལ་བཟང་ཞིང་རབ་ལེགས་པ།། ཐོག་མཆོག་བཞིན་བྱས་ནས།། རི་ཡི་རྩེ་མོར་འདུག་ནས་སུ།། རི་མོ་བཟང་པོ་དེ་བྲིས་ནས།། ཡི་དགས་མང་པོ་ཞེས་པ་ཡི།། ་དཀྱིལ་འཁོར་ཐལ་བས་ཚུལ་བཞིན་བྲི།། དེ་ནས་མཆོད་པ་རྒྱ་ཆེ་དང་།། ཉ་དང་ཤ་རྣམས་སྣ་ཚོགས་ཀྱིས། ཕྱོགས་ཀྱི་གཏོར་མ་ཀུན་དུ་བྱ།། ཚེས་གྲངས་ཉི་ཤུ་གསུམ་གྱི་དགོངས།། རྩེ་གསུམ་དཀྱིལ་འཁོར་མེ་ཏོག་ལ།། བཞག ་ནས་མེ་ཏོག་དག་གིས་མཆོད། ། ཙན་དན་དམར་པོས་ཀུན་བསྐུས་ཤིང་།། མེ་ཏོག་དག་གིས་ཐམས་ཅད་བརྒྱན།། ཆོ་ག་བཞིན་དུ་ལག་གིས་བཟུང་།། རི་མོ་ལ་ནི་མངོན་ཕྱོགས་འདུག། ཁྲོ་བོ་མཆོག་གི་སྔགས་དག་གིས།། ་གསུམ་པ་ལ་མཁས་པས་བཟླས།། དེ་ཡི་ཉེས་པ་སྦྱང་པའི་ཕྱིར།། བརྒྱ་རྩ་བརྒྱད་དུ་བཟླས་ནས་སུ།། ཁྲོ་བོ་མཆོག་གིས་སྔགས་དག་གིས།། དེར་ནི་མེ་ཡང་རབ་སྦར་ནས།། ཆོ་ག་བཞིན་དུ་རྩེ་གསུམ་ལ།། བདུག་པའི་སྦྱིན་སྲེག་སྟོང ་བྱས་ནས། ། ལག་པས་བསྒྲེང་སྟེ་གཟུང་ནས་སུ།། དཔའ་ཤིང་བརྟན་པའི་ཚུལ་དུ་གནས།། ཇི་སྲིད་མ་ལྟར་འབར་གྱུར་བ།། དེ་སྲིད་བློ་དང་ལྡན་པས་བཟླས།། རྩེ་གསུམ་འབར་བ་ཉིད་ཀྱིས་ན།། དེ་ནས་གྱེན་དུ་འབར་བར ་འགྱུར། ། སྔགས་ཀྱི་མཐུ་ཡིས་མིག་གསུམ་ལས།། འོད་ཀྱང་ཉི་མ་བཞིན་དུ་འཐུང་།། རིག་འཛིན་གཞན་རྣམས་ཐམས་ཅད་ཀྱང་།། དེ་ལ་མཆོད་ཅིང་དགའ་བར་བྱེད།། དབང་ཕྱུག་ཀུན་དང་རབ་ཅཝ་ལྡན།། འདོད་པའི ་གཟུགས་ཅན་ཡིད་བཞིན་འགྱུར། ། དེ་སྟེ་རྩེ་གསུམ་དུ་བ་འབྱུང་།། དེ་ནས་ལུས་ནི་མི་སྣང་འགྱུར།། འོན་ཏེ་དེ་ནི་ཚད་གྱུར་ན།། དཔུང་དང་ལྷ་མ་ཡིན་གྱི་གནས།། གཡུལ་ངོ་ཆེན་པོ་ལ་སོགས་པར།། འཇིགས་ཤིང་སྐྲག་པ་སྐྱེད ་བར་བྱེད། ། དེ་ལྟར་དང་པོ་སྒྲུབ་པའི་མཆོག། འདི་ནི་རབ་ཏུ་བཤད་པ་ཡིན།། དེ་ནི་རལ་གྲི་བཟང་པོ་ཡང་།། འདིར་ནི་བསྒྲུབ་པར་རབ་ཏུ་བཤད།། ཨུར་མོའི་ལྕགས་ལས་བྱས་པ་ཡི།། རལ་གྲི་སོར་ནི་སུམ་བཅུ་གཉིས།། ལེགས་པར་བྱས ་ཤིང་ཕན་བྱེད་ལ། ། གླང་པོའི་སོལ་དངོས་བྱས་ལ།། རི་ཡི་རྩེ་མོར་འདུ་གནས་སུ།། མཆོད་པ་ལ་སོགས་སྔོན་བཞིན་བྱ།། བདུག་པའི་སྦྱིན་སྲེག་བྱས་ནས་སུ། རལ་གྲི་ལག་པར་བཟུང་སྟེ་བཟླས།། སྔགས་པའི་ཆང་བས་བཟུང་ནས་ནི།། རབ་ཏུ ་སྡང་བ་འབང་བ་འབྱིན། ། འབར་བ་དེ་ནི་མཐོང་ནས་སུ།། རིག་འཛིན་མཆོག་ཏུ་དེ་འགྱུར་རོ།། དེ། དེ་ལས་དྲ་བ་འབྱུང་།། དེ་ནས་དོན་མི་སྣང་འགྱུར།། ཚ་བར་གྱུར་ན་དེ་བཞིན་དུ།། སྟོབས་ཆེན་རྐང་པ་མགྱོགས་པར་འགྱུར།། ལོ་བནྡྷ ་རབ་ཏུ་ཚང་བར་འཚོ། ། འདི་ལ་རྣམ་པར་སྤྱད་མི་དགོས།། གལ་ཏེ་འདི་ལམ་བརྟེན་ནས།། གྲུབ་པ་ཐོབ་པར་མགྱུར་ན།། རལ་གྲི་བརྩོན་འགྲུས་མཆོག་ལྡན་པས།། གཡུལ་དོར་བྱིན་ནས་ཐམས་ཅད་དུ།། མྱུར་ཞིང་མིང་ལ་ཉོན་མི ་མོངས། ། ཕམ་པ་མེད་པར་སྟོང་ཡང་ཐུབ།། རལ་གྲི་བསྒྲུབ་པ་བཤད་ཟིན་ཏེ།། ད་ནི་བེ་ཅོན་སྒྲུབ་པ་བཤད།། ཀོ་བི་ད་རའི་བེ་ཅོན་ནམ།། ཡང་ན་སེང་ལྡེང་དག་ལས་ནི།། གཤིན་རྗེའི་བེ་ཅོན་ལྟ་བུ་བཟང་།། སོར་ནི་བཞི་བཅུ་གཉིས་པ་བྱ། ་དེ་ནས་བློ་ཅན་དྲང་ཁྲོད་དུ།། གཏར་མཆོག་རྒྱ་ཆེན་བྱ།། བཅན་མཆོག་ལ་སྔོན་བཞིན་དུ།། བདུག་པའི་སྦྱིན་སྲེག་བྱས་ནསགོས་དམར་བགས་ཤིང་ཐལ་བ་དང་།། མ་ཏིག་དམར་བས་བརྟན་ནས་སུ།། བསྲེག་གན། ་དེར་འདུག་བེ་ཅོན་ལས།། ཅི་སྲིད་ཧ་ཧ་ཞེས་པ་དང་།། ལག་ན་བེ་ཅོན་འགུལ་བའི་བར།། དེ་སྲིད་ཆོ་ག་བཞིན་དུ་བཟླས།། དེ་ནས་དང་པོ་ཁྲོ་བོའི་བདག། དབང་ཕྱུག་ཀུན་དང་རབ་ལྡན་པ།། དེ་ཡི་བཅིབས་པ་མ་ཧེ་ལ།། ཞོན་ན ་མཁའ་ལ་འགྲོ་བར་འགྱུར། ། སྭ་ནི་ལུང་ལོ་འཁྱིལ་པ་སྡུག། བསྣུམ་ཞིང་མཐིང་ཀ་ལྟ་བུར་འགྱུར།། དུས་མཐའི་སྤྲིན་གྱི་ཁ་དོག་འདྲ་།། དེ་ཡི་ལུས་མཆོག་སྟོབས་ཀྱང་ཆེ།། གལ་ཏེ་ཁྲོ་བོ་དེ་འདོད་ན།། བེ་ཙོན་གྱིས་ནི་ལྷ་རྣམས་གསོད།། ་བེ་ཅོན་བསྒྲུབ་པ་བཤད་པ་ཡིན།། དེ་བཞིན་ལགས་པར་མདོར་བསྡུས་ནས།། དགྲ་སྟ་བཟང་པོ་བསྒྲུབ་པ་དག། དེ་བཞིན་བདག་གིས་བཤད་པར་བྱ།། སྔ་མ་བཞིན་དུ་ཨུར་མོ་ལས།། དགྲ་སྟ་བཟུང་པོ་བྱས་པ་ཡང་།། ཡུ་བ་སོར་ནི་བཅུ ་དྲུག་པ། ། དགྲ་སྟ་དེ་ནི་སོར་དྲུག་པ།། ཆོ་ག་སྔ་མ་བཞིན་བསྒྲུབ་ན།། དངོས་གྲུབ་དེ་དག་དེ་ཡིས་འཐོབ།། དེ་ནས་གཞན་ཡང་ལྗགས་ཀྱུའི་མཆོག། སྒྲུབ་པ་བདག་གིས་བཤད་པར་བྱ།། ཨུར་མོ་ལྕགས་ལས་བྱས་པ་ཡི།། ལྕགས ་ཀྱུ་སོར་ནི་བཞི་པར་བྱ། ། དེ་ཡི་ཡུ་བ་མཉམ་པ་ཡི།། སོར་ནི་བན་བརྒྱད་ཡོད་པར་བྱ།། ཉི་ཤུ་དགུ་ཡི་ཚེས་གྲངས་ལ།། ནུབ་མོ་མཆོད་པ་གཏོར་མ་བྱས།། རི་ཡི་རྩེ་ལ་འདུག་ནས་སུ།། ལྕགས་ཀྱུ་གོ་ཆ་བསྒྲུབ་པར་བྱ།། སེར་སྐྱ་ལས་བྱུང ་མར་དག་གིས། ། བདུག་པའི་སྦྱིན་སྲེག་བྱས་ནས་སུ།། ཇི་སྲིད་སྒྲོན་མ་བཞིན་འབར་བ།། དེ་སྲིད་ལག་པས་བཟུང་སྟེ་བཟླས།། དེ་ནས་དེ་ནི་ཐོགས་པ་ཡིས།། ཐེ་ཚོམ་མེད་པར་ནམ་ལངས་ན།། འོད་ནི་མེ་བཞིན་ཀུན་མུ་སྣང་།། གྱེན་དུ ་འབར་ཞིང་འགྲོ་བར་འགྱུར། ། འཇིག་རྟེན་པ་ཡི་ལྷ་རྣམས་ནི།། བྲན་གཡོག་བཞིན་དུ་དབང་དུ་འགྱུར།། དེ་བཞིན་གཤེགས་པའི་བཀའ་མཆོག་བཞིན།། བཀའ་ཡང་རབ་ཏུ་ཉན་པར་འགྱུར།། འོན་ཏེ་དེ་ཡི་ལྕགས་ཀྱུའི་མཆོག། རུ་བ ་འབྱུང་བར་འགྱུར་ན་ནི། ། དེ་ཚེ་དུ་བ་ཟུང་བ་ཡིས།། སྟོབས་ཆེན་ཐིབ་མའང་མི་སྣང་འགྱུར།། སྔགས་པ་བྱེ་བ་གསུམ་དུ་གསོན།། གནོད་སྦྱིན་རིག་འཛིན་རྣམས་ཀྱིས་མཆོད།། བདེ་བ་ཀུན་དང་རབ་ཏུ་ལྡན།། འདོད་པར་འབྱོར་ཞིང་། ་སྟོབས་ཀྱང་ཆེ།། ཁྲོ་བོ་སྔགས་ཀྱིས་མཐུ་སྟངས་ནས།། གལ་ཏེ་དེ་ནི་ཚེ་གྱུར་ན།། ནང་པར་བཀྲ་ཤིས་བྱས་ནས་སུ།། ལྗགས་ཀྱུ་བཟང་པོ་དེ་ཐོགས་ནས།། བཟླས་ན་བརྒྱ་བྱིན་ལ་སོགས་པའི།། ལྷ་རྣམས་འགུགས་པ་གདོན་མི་ཟ།། ་གནོན་སྦྱིན་རིག་འཛིན་ནམ་དག་དང་།། དེ་བཞིན་ལྟོ་འབྱེ་མི་འམ་ཅི།། ལྷ་མ་ཡིན་གྱི་བུ་མོ་དང་།། དེ་བཞིན་དྲི་ཟའི་བུ་མོ་དང་།། ཡི་དགས་རོ་ལངས་རིགས་རྣམས་དང་།། དེ་བཞིན་གཞན་ཡང་མྱོས་དྲེགས་རྣམས།། བཀུག་ནས ་བདག་གི་ལས་རྣམས་ནི། ། ཇི་ལྟར་འདོད་པ་བྱེད་དུ་གཞུག། གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན།། གྲུབ་པ་ཡི་ནི་རྫས་རྣམས་དང་། གཞན་ཡང་ཡིད་ལ་གང་འདོད་པ།། དེ་དག་ཐམས་ཅད་དེ་ལ་ནི།། ལྷ་དང་གནོད་སྦྱིན་ཚེགས ་ལ་སོགས། ། ཇི་སྙེད་པ་དག་འབུལ་བར་བྱེད།། དེ་ཡི་བཀའ་ནི་ཐམས་ཅད་ཀྱང་།། འཇིགས་པས་ངེས་པར་ཉན་པར་འགྱུར།། ངོ་མཚར་ཀུན་གྱིས་བརྒྱན་པ་ཡི།། དང་གིས་བཞོན་པས་ཡོངས་བསྐོར་ཅིང་།། གནས་དང་སྐྱེད་རྨོ ་ཚལ་མང་པོ། ། ངོ་མཚར་ཀུན་དང་རབ་ལྡན་པ།། ཁྱིམ་དང་སླས་ཀྱི་གནས་རྣམས་དང་།། འཇིག་རྟེན་མ་ལུས་སྟོན་པར་བྱེད།། རྫུ་འཕྲུལ་ཡོན་ཏན་ལོངས་སྤྱོད་ཀྱིས།། བསྒྲུབ་པ་པོ་ནི་དགའ་བར་བྱེད།། ཅི་སྲིད་ལུགས་ཀྱུ་འཆང་བའི་མི ་དེ་ཡི་བཀའ་ཡིས་ངེས་པར་རུ། ། གནོད་སྦྱིན་མ་དག་རང་རང་གི། འདོད་པའི་ལོངས་སྤྱོད་ཉེ་བར་སྦྱོར།། དེ་སྟེ་ལས་ཀྱི་སྐྱོན་དག་གིས།། ཚ་བ་ཙམ་དུ་མ་གྱུར་ནའང་།། ལུགས་ཀྱུ་དེ་ཉིད་འདིར་བཟུང་སྟེ།། ནད་པར་དབེན་པར་འདུག ་ནས་སུ། ། བུ་མོ་གང་གིས་མིང་བཅུག་སྟེ།། ཅི་སྲིད་འདོད་པ་བཟླས་ནས་ནི།། དཔག་ཚད་བརྒྱད་བརྒྱན་གནས་པ།། དེ་ནས་མྱུར་དུ་འོང་བར་འགྱུར།། བུ་མོ་འམ་ཡང་ན་ཁྱེའུ་ཡང་རུང་།། ཅི་ལྟར་འདུག་པ་མྱུར་དུ་འགྲུབ།། མེ་ཏོག ་འབྲས་བུ་བཞིན་དྲུག། ཤིང་ཏདང་ནི་ལྡན་གང་དག། མཐུབ་ན་ཡང་དག་པར་དུ།། དེ་ལ་སངས་པར་ཞུགས་པར་འགྱུར།། ད་ལྟར་ལྕགས་བུ་དཔཔ་འདི།། བསྒྲུབ་པ་དས་བཤད་བ་ཡིན། ་པའི་དངོས་གྲུབ་གང་ཡིན་པ།། དེ་ཡང་འདིར་ནི་བཤད་པར་བྱ།། རྩེ་གསུམ་རལ་གྲི་པོ་ཅོན་དང་།། དེ་བཞིན་དགྲ་སྟ་ལྕགས་བྷཱ་ཡི།། སྒྲུབ་པ་གང་དག་བཤད་པ་ཡི།། ལག་པ་གམས་པས་གཟུང་བར་བྱ།། ཐོད་པ་ལ་སོགས ་གཞན་རྣམས་ནི། ། ལག་པ་གཡོན་པས་བཟུང་བ་སྒྲུབས་ན།། དེ་ནས་དེ་དག་བཤད་པ་བཞིན།། དངོས་གྲུབ་ངེས་པར་ཐོབ་པར་འགྱུར།། ཤིང་ལས་ལེགས་པར་བྱས་པ་ཡི།། ཐོད་པ་སོར་ནི་ཉི་ཤུ་ག།། མཉམ་པར་རབ་ཏུ ་ལེགས་བྱས་ལ། ། ཉེས་པ་ཐམས་ཅད་རྣམ་སྤངས་པ།། རི་ཡི་རྩེ་མོར་འདུག་ནས་སུ།། མཆོད་དང་གཏོར་མའི་རིམ་པར་བྱས།། བདུག་པའི་སྦྱིན་བསྲེག་བྱས་ནས་སུ།། སྔགས་ཀྱང་བསྲུང་བ་མཐུ་བསྐྱེད་དེ།། ཐོད་པ་ལག་པ ་གཡོན་པས་བཟུང་། ། ལག་པ་གཡས་པས་བསྟེན་ནས་ནི།། དེ་ཡི་ཁ་ཡང་དགབ་པར་བྱ།། ཅི་སྲིད་དེ་ལ་འབར་བ་དང་།། དུ་བ་འམ་ཚ་བ་བྱུང་གི་བར།། དེ་སྲིད་སྔགས་ནི་བཟླས་པར་བྱ།། འབར་ནས་ནམ་མཁའ་འགྲོ་བར་འགྱུར།། ་འཇིག་རྟེན་གསུམ་གྱི་བདག་པོར་བཤད།། དུ་བ་འབྱུང་བར་གྱུར་ན་ཡང་།། དེ་བཞིན་ངེ་ས་པར་མི་སྣང་འགྱུར།། འོན་ཏེ་ཚ་བར་དེ་གྱུར་ན།། དེ་ཡི་ཚེ་ན་གང་བསམས་པ།། ཐོད་པ་དེ་ལས་འབྱུང་བར་འགྱུར།། དེ་ལ་རྣམ་པ་དཔྱད་མི ་དགོས། ། འོན་ཏེ་དེ་ནི་མགྲུབ་ན།། དེ་ནས་ས་ལ་མི་བཞག་པར།། དེ་ཡིསཐོང་བ་བླངས་ནས་སུ།། ཤིང་གི་ཁྲིལ་བཞག་པར་བྱ།། རས་ཀྱིས་གཡོགས་ཏེ་བཞག་ནས་སུ།། ཡིད་ལ་ཅི་འདོད་བསམ་པ་ཡིས།། ཟན་དང་བཟའ་དང ་བྱ་ན་རྣམས། ། གང་ཡང་རུང་བ་དེ་དག་ཉིད།། རས་གཡོགས་ལག་གིས་བཟུང་ནས་སུ།། སྟོང་རྩ་བརྒྱད་དུ་བཟླས་བྱས་ན།། གྲུབ་པ་ལ་ནི་ཉིན་རེ་ཞིང་།། དེ་ནས་གང་ཡང་རུང་བའི་ཟས།། བྱན་བཅངས་པས་ངེས་པ་རུ།། ཐོད་པ ་ངནང་གང་བར་འགྱུར། ། སེམས་ཅན་ནམས་ནི་གང་ལ་ཡང་།། བདུད་ཅི་བསན་སྦྱིན་པར་ཨུ0f7f།། རྡུལ་བཞིན་པ་ཡི་། ཏནཱ~ཾ། གརྦང་སྒྲ་རྒྱས་ཏེ་ཆུས་བཞིན་པརྦ།། ང་པ་བསྒྲུབ་པ་བཤད་པ་འདི་།། ལག་པ་སོན་པས་བཟུང ་བྱ། ། མདུང་ཐུང་རྣོན་པོ་ལེགས་བྱས་པ།། གཞོལ་བ་བང་བསྒྲུབ་པར་བྱ།། ཨུར་མོ་ལུགས་ལས་བྱས་པ་མཆོག། བཀྲ་ཤིས་སོར་ན་སུམ་བཅུ་གཉིས།། དེ་ནས་ཆོག་སྔ་མ་བཞིན།། ཆུ་འགྲམ་གཙང་མ་དག་ཏུ་ནི།། སྔོན་བཞིན་མཚན ་མོ་བསྒྲུབ་པར་བྱ། ། དངོས་གྲུབ་འབྲས་བུ་གསུམ་དུ་བཤད།། དེ་ལྟར་ཅི་སྐད་བཤད་པ་བཞིན།། མདའ་བོ་ཆེ་ཡང་མཁྭ་པྲ་བསྒྲུབ།། ཨུར་མོ་ལྕགས་ལས་བྱས་པའི་མཆོག། རབ་ཏུ་རྣོ་བ་སྔ་མ་བཞིན།། བདུག་པའི་སྦྱིན་སྲེག་བྱས་ནས་སུ། ་ཙན་དན་དམར་པོས་གདབ་པར་བྱ།། སྒྲུབ་པ་པོས་ནི་ཆོ་ག་བཞིན།། རི་ཡི་རྩེ་མོར་འདུག་ནས་ནི།། སྔ་མ་བཞིན་དུ་མཚན་མོ་བསྒྲུབ།། གྲུབ་ན་འབྲས་བུ་སྔ་མ་བཞིན།། ལག་པ་གཡོན་པའི་འཛུབ་མོ་ནི།། ལག་པ་གཡས་པས ་གཡོགས་ནས་སུ། ། ཆོ་ག་སྔ་མ་བཞིན་བྱས་ནས།། ཟླ་བ་གཟའ་ཡིས་ཟིན་པའི་ཚེ།། སྟན་གཅིག་པ་ལ་ལེགས་འདུག་ནས།། བློ་དང་ལྡན་པས་བཟླས་བྱས་ན།། དེ་ནས་མཛུབ་མོ་དེ་ལས་ནི།། གདོན་མི་ཟ་བར་འབར་བར་འགྱུར།། ་ཡང་ན་དུ་བ་རང་འབྱུང་བ་འམ།། དེ་ནས་ཚ་བར་འགྱུར་ཡང་སྲིད།། དེ་ནས་ངེས་པར་འབར་གྱུར་ན།། རིག་འཛིན་གོ་འཕང་ཐོབ་པར་འགྱུར།། དུ་བ་འབྱུང་བར་འགྱུར་བ་ལས།། དེ་བཞིན་མི་སྣང་འགྱུར་བར་བཤད།། དེ་ཚེ་རབ་ཏུ ་ཆར་བྱུར་ན། ། རྐང་པ་མགྱོགས་པརབ་ཏུ་འཐོབ།། དེ་སྣརེ་ལག་པ་གཡོན་པ་ཡི།། མཛུབ་མི་གྲུབ་པར་མ་ཐར་ཏེ།། དངོས་གྲུབ་ཉམས་ཀྱང་ངེས་པར་ནི།། ལས་རྣམས་སྣ་ཚོགས་བྱེད་པར་འགྱུར།། ཐོས་ནས་དེ་ཡིས་སྡིགས་ན་ནི། ་མི་དེ་ཇི་ལྟར་འདོད་པ་རུ།། དེ་མ་ཐག་ཏུ་འགྱེལ་བར་འགྱུར།། སྔགས་མཁན་དག་གིས་གསང་ནས་ཀྱང་།། དེ་ནས་ཤི་བར་གྱུར་པ་དེ།། དེ་ནས་ལག་པ་གཡས་པ་ཡིས།། ཅི་སྲིད་འདོད་པར་སློང་བར་བྱད་།། རབ་ཏུ་འཁྲུགས ་པའི་དབང་ཆེན་ཡང་། ། དེ་ནས་དེ་ཡིས་སྡིགས་པར་ནུས།། གླང་པོ་དང་ནི་ཏ་རྣམས་དང་།། ལྗོན་ཤིང་དང་ནི་ནགས་ཚལ་རྣམས།། རིང་པོར་མི་ཐོགས་འཇིག་པར་བྱེད།། རི་རྣམས་ཀུན་གྱི ་མོ་དག། རབ་ཏུ་བཟང་ཞིང་མཐོ་བ་ཡང་།། དེ་ནས་དེ་ཡི་མཛུབ་མོ་དེས།། རིང་པོར་མི་ཐོགས་སྙིལ་བར་བྱེད།། མཛུབ་མོ་དངོས་གྲུབ་ཅན་སྦྱིན་པའི།། གྲུབ་པའི་མཆོག་ནི་བཤད་པ་ཡིན།། དེ་ནས་གཞན་ཡང་ཞགས་པ ་ཡི། ། སྒྲུབ་པའང་འདིར་ནི་བཤད་པར་བྱ།། ཤི་བའི་སྒྲ་ལ་ཞགས་པ་ནི།། སྦོམ་ཞིང་ཡིད་དུ་འོང་བ་བྱ།། ཆོ་ག་སྔ་མ་བཞིན་བསྒྲུབ་ན།། དེ་ཡིས་དངོས་གྲུབ་དེ་ཉིད་འཐོབ།། ཤིང་ནི་རབ་ཏུ་བཟང་པོ་ལས།། དབྱུག་ཏོ་སོར ་ནི་བཅུ་དྲུག་བྱ། ། ལེགས་པར་གཞོགས་དང་ལེགས་བྲིས་པ།། བཟང་པོ་ཡིད་དུ་འོང་བྱས་ནས།། དེ་ཡི་མགོ་བོ་དག་ལ་ཡང་།། རབ་ཏུ་བཟང་པོའི་གསེར་གྱིས་དཀྲི།། དེ་ཡི་རྩེ་ལ་ནོར་བུ་ནི།། པད་མ་ར་གས་སྤྲས་པར་བྱ།། དེ་ནས ་ཚུལ་བཞིན་རི་རྩེ་ལ། ། ཆོ་ག་སྔོན་དུ་བཤད་པ་བཞིན།། མངོན་དུ་འཇུག་པའི་སྦྱིན་བསྲེག་བྱ།། སྒྲུབ་པ་པོ་ཡིས་ནུབ་མོ་བསྒྲུབ།། འབར་བ་དེ་ནི་བླངས་ནས་སུ།། ནམ་མཁར་འཛགས་པ་གདོན་མི་ཟ།། སྔ་མ་བཞིན་དུ་གྲུབ་རྣམས ་ཀྱི། ། གཙོ་བོར་གྱུར་ཅིང་འདོད་གཟུགས་ཅན།། དུ་བ་ཚ་ལ་སོགས་པས་ཀྱང་།། དེ་ཡི་འབྲས་བུ་སྔོན་བཞིན་འཐོབ།། མཚོན་ཆ་མཆོག་རྣམས་བསྒྲུབ་པ་ནི།། དེ་ལྟར་མདོར་བསྡུས་བཤད་པ་ཡིན།། དེ་ནས་ཆོ་ག་ལས་བྱུང ་བའི། ། དངོས་གྲུབ་གཞན་ཡང་བཤད་བྱ་སྟེ།། ཅི་ལྟར་ཁྲོ་བོ་མཆོག་གིས་ནི།། ཉིད་ཀྱིས་མདོར་བསྡུས་བཤད་པའོ།། ཡི་དགས་མང་པོ་ཞེས་བྱ་བའི།། དཀྱིལ་འཁོར་ཐོག་མར་བྲིས་ནས་སུ།། རྨ་མེད་པ་ཡི་རོ་སྤངས་ནས།། ་མཁས་པས་ཁྲུས་བྱས་ལེགས་པར་བརྒྱན།། མེ་ཏོག་སྤོས་ཀྱིས་མཆོད་ནས་སུ།། ཤ་དང་བཅས་པའི་གཏོར་མ་སྦྱིན།། ལས་ནི་དུར་ཁྲོད་དག་ཏུ་བྱ།། འདི་ནི་གཞན་དུ་ཡོད་མི་བྱ།། མེ་ཏོག་བཀྲམ་པའི་གནས་མལ་དུ།། ནུབ ་ཕྱོགས་སྒོ་ཕྱོགས་མགོ་བསྟན་བཞག། ཐོད་པ་བཟང་པོ་ཟས་མཆོག་གིས། རབ་ཏུ་བཀང་བ་བླངས་ནས་སུ།། ཟས་མཆོག་དག་གིས་ནང་དུ་ཡང་།། ཚིལ་ཆེན་དག་གིས་བླུགས་པར་བྱ།། མཁས་པས་དེ་དག་དེ་ཡི་ཚེ།། ཁྲོ་བ ་སྔགས་ཀྱིས་བཏབ་པ་ཡི། ། སྤྲིན་ཐུགས་བརྒྱ་ནི་ཚང་ཚང་དུ།། གཟར་བུས་མེ་ཡི་ཁར་བླུགས་ན།། ད་ཡོ་གྷ་ཡང་འབྱུང་བར་འགྱུར།། དེ་ནས་མཚོན་གྱིས་གཅད་པར་བྱ།། ལྕེ་ནི་རྩ་བར་བཅད་པ་ལས།། ཁྲོ་བོ་མཐུ་ཡིས་མུར ་བར་དུ། ། དེ་ནས་དེ་ཉིད་རལ་གྲིའི་གཟུགས།། བཟང་པོ་སུམ་བཅུ་རྩ་གཉིས་འགྱུར།། དེ་ནས་རལ་གྲི་བླངས་ནས་སུ།། གྲོགས་རྣམས་ལ་ནི་རི་རེ་སྦྱིན།། སྒྲུབ་པ་པོ་ཡིས་བླངས་ནས་ནི།། དེ་མ་ཐག་ཏུ་འགྲུབ་པར་འགྱུར།། རིག ་འཛིན་དེ་དག་ཐམས་ཅད་ཀྱིས། ། ཀུན་ཏུ་བཀུར་བའི་རྒྱལ་པོར་འགྱུར།། ཐོགས་པོ་དེ་རྣམས་དང་བཅས་པར།། བསྐལ་པ་བདུན་དུ་གནས་པར་འགྱུར།། ཡང་ན་མཁས་པས་དུར་ཁྲོད་དུ།། ཡི་དགས་མང་པོ་ཞེས་བྱ་བའི།། དཀྱིལ ་འཁོར་དེ་ནི་བྲིས་ནས་སུ། ། མཆོད་པ་ཇི་སྐད་གསུངས་པ་བྱ།། སྐྱེས་པ་བུད་མེད་ཤི་བ་ཡི།། རྨ་མེད་པ་ཡི་རོ་བླངས་ནས།། ལེགས་པར་ཁྲུས་བྱས་རྒྱན་གྱིས་བརྒྱན།། དཀྱིལ་འཁོར་དེ་ཡི་སྒོར་བཞག་སྟེ།། དེ་ཡི་སྙིང་ཀར ་དེ་འདུག་ནས། ། སྟོང་རྩ་བརྒྱད་དུ་བཟླས་པར་བྱ།། ཁྲོ་བོ་མཆོག་ཏུ་གྱུར་པའི་སྔགས།། ཡི་གེ་བཅུ་བདུན་སྟོང་རྩ་བརྒྱད།། དེ་བཟླས་ནས་ནི་དངོས་གྲུབ་ཐོབ།། མི་རོ་དེ་ནི་ལྡན་པར་འགྱུར།། མཆོད་ཡོན་ལེགས་པར་དབུལ ་བར་བྱ། ། དེ་ཡི་མགོ་ལ་ལག་གཡོན་གྱིས།། དེ་མ་ཐག་ཏུ་རེག་བྱས་ན།། ལྡོང་རོས་མེ་ཡི་མདོག་འདྲ་བ།། དེ་བས་བདག་ཉིད་ཅན་དེ་ཡི།། ཁ་ནས་མྱུར་དུ་འབྱུང་བར་འགྱུར།། སྒྲུབ་པ་པོ་ཡིས་དེ་བླངས་ཏེ།། ཡན་ལག་ཐམ ་ཅད་བསྐུས་ནས་ནི། ། བཙོ་མའི་གསེར་གྱི་མདོག་ཏུ་འགྱུར།། གྲོགས་རྣམས་ལ་ཡང་དེ་བཞིན་སྦྱིན།། དེ་མ་ཐག་ཏུ་དེ་དག་ཀུན།། བཙོམ་གསེར་གྱི་མདོག་ཏུ་འགྱུར།། ཅི་ལྟར་འདོད་པའི་གཟུགས་ཅན་འགྱུར།། རིག ་འཛིན་རྣམས་ནི་ཐམས་ཅད་ཀྱི། ། ཐོག་མར་འགྲོ་བར་དེ་དག་འགྱུར།། རྫས་རྣམས་ཐམས་ཅད་གྲུབ་པར་ནི།། གྲུབ་ན་དེ་ལ་དེ་ནས་ཡང་།། དཀོན་མཆོག་གསུམ་ལ་ཆ་གཅིག་དབུལ།། དེ་ནས་མཁས་ཐ ་བདག་ཉིད་བཀུར། ། ཐོགས་པོ་རྣམས་ནི་ཐམས་ཅད་ལའང་།། བྱིན་ནས་འདི་ནས་ནམ་མཁར་འཕྲེར།། རྫས་གཅིག་གྲུབ་པར་ཐར་བ་ལ།། ཆོ་ག་གཞན་ཡང་སྨད་ཟ་སྟེ།། རྔས་གཅིག་ཐུབ་པར་གྱུར་ན་ནི། ཀློག་མང་ཟག ་བྱས་ནས་སུ། ། དཀོན་མཆོག་གསུམ་མཆོག་བཞིན།། བདག་ཉིད་རབ་ཀྱང་དབུལ་བར་བྱ།། དེ་ཉིད་འོག་ཏུ་རྫས་ཀྱི་ཐ་།། ཐོགས་པོ་རྣམས་ལ་རིམ་བཞིན་དུ།། རྔས་དེ་བྱིན་ནས་འབྲང་བར་འགྱུར།། ཁྱིནས་ཆོག་འདི་རྣམས་སྣ། ་མ་བྱས་གྲུབ་ན་ཡང་།། དེ་ཡི་རྫས་ནི་འབྲོག་པར་འགྱུར།། དེ་བས་དངོས་གྲུབ་མཆོག་རྣམས་ལ།། ཀུན་ཏུ་ཅི་སྲིད་བཤད་བཞིན་བྱ།། དེ་ནས་གཞན་ཡང་ཨ་ཉྫན།། བཟའ་བ་བསྒྲུབ་པ་ཅི་བཞིན་པ།། དགོས་པ་ཐམས་ཅད་འགྲུབ་པའི་ཕྱིར།། ་དམ་པ་འདི་ནི་བཤད་པར་བྱ།། ཞག་གསུམ་སྦྱང་བར་འདུག་ནས་སུ།། དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི།། དེ་ནས་ཆོ་ག་སྔ་མ་བཞིན།། དེར་ནི་གཏོར་མའི་ལས་བྱའོ།། དེ་ནས་མ་རོ་བསྲེགས་པ་ཡི།། ཐལ་བས་བདག་ཉིད་བསྲུང་བར་བྱ།། ་དེ་ཡིས་བདག་ཉིད་བྱུགས་ནས་སུ།། ཐོགས་པོའི་མཆོག་ལྡན་དགའ་བདེས།། དེ་ཡིས་བདག་ཉིད་ཐུགས་ནས་སུ།། ཨ་ཛ་ན་ཡི་སྙིང་པོ་དེ།། གསལ་ཤིང་གིས་བསད་མགོ་ལ་གཞག། ཤི་བའི་གོས་ཀྱིས་གཡོགས་ནས་སུ།། ལག་པས ་བཟུང་སྟེ་བཟླས་བྱས་ཏེ། ། དངོས་གྲུབ་རྣམ་གསུམ་འབྱུང་བའི་བར།། བློ་ཅན་གྱིས་ནི་དེ་སྲིད་བཟླས།། ཚའམ་ཡང་ན་དུ་བ་འབྱུང་།། ཡང་ན་མེ་བཞིན་འབར་བར་འགྱུར།། དེ་ཡིས་མིག་དག་བསླུས་ན་ནི།། འབར་བས་ནམ་མཁར་འགྲོ ་བར་འགྱུར། ། དུ་བས་ལུས་ནི་མི་སྣང་བར།། གདོན་མི་ཟ་བར་འགྱུར་བར་བཤད།། ཚ་བར་གྱུར་ན་བལྟས་པ་ཡིས།། འགྲོ་བ་དག་ནི་གསོད་པར་འགྱུར།། སླར་ཡང་ལེགས་པར་གས་པ་ནི།། རིང་པོར་མི་ཐོགས་གདོན་མི་ཟ།། འདི་ལ། ་སྒྲུབ་པར་མགུར་ན་འང་།། མིག་དག་ལེགས་པར་བསྡུས་ན་ནི།། བཀས་པས་འགྲོ་བ་དབང་དུ་འགྱུར།། པུས་མོས་བཙུགས་ཤིང་མགོ་བོས་འདུད།། ཨ་ཛ་ན་ཡི་ཆོ་ག་བཞིན།། མཁས་པས་གེའུ་ཐང་བསྒྲུབ་པར་བྱ།། དངོས་ཐུབ་དག་ཀྱང ་དེ་བཞིན་བསྟན། ། མགྲུབ་འགྲོ་བ་དབང་དུ་འགྱུར།། ལི་ཁྲི་དང་ནི་བབལླ་དང་།། ལྡོང་རེས་དག་ཀྱང་དེ་བཞིན་ཏེ།། མཛན་ཡི་དབྱུང་བཞིན་དུ།། མཁས་བདག་གིས་བསྒྲུབ་པར་བྱ།། ཤི་བའི་གོས་ཀྱང་ཆོ་ག་བཞིན།། བསྒྲུབ་པ་གན ་ངག་དེ་བཞིན་དུ། ། ཐོ་བོ་ཉིད་ཀྱིས་གསུངས་པའི་སྔགས།། མདོར་བསྡུས་རབ་ཏུ་བཤད་པར་བྱ།། དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི།། མཆོད་པ་དང་ནི་གཏོར་མ་བྱ།། ཤི་བའི་གོས་དེ་བགོས་ནས་ནི།། ཆོག་ཤེས་པས་མཚན་མོ་བ ་དེ་ནས་གྲོང་དང་བཅས་པར། ། མཚན་མོ་རབ་ཏུ་འབར་འགྱུར་ན།། འབར་ཞིང་འབར་བས་ཡོངས་བསྐོར་ནས།། ནམ་མཁའ་དག་ལ་ལེགས་པར་འཕར།། གད་མོ་རབ་ཏུ་དགོད་པའི་སྒྲ།། འཇིག་རྟེན་སྐྲག་པར་བྱེད་པར་འབྱིན། ་རྟག་ཏུ་འདོད་པའི་གཟུགས་དང་ལྡན།། ཁྲོ་བོ་བཞིན་དུ་དེ་སྤྱོད་འགྱུར།། དེ་བཞིན་དུ་བ་བྱུང་ན་ཡང་།། གདོན་མི་ཟ་བར་མི་སྣང་བའི།། མཆོག་ཏུ་འགྱུར་བར་རབ་ཏུ་བཤད།། སྒྲུབ་པ་དེ་ཡི་གོས་དེ་ནི།། དེ་བཞིན་ཚ་བར་གྱུར་ན་ཡང་།། རྐང ་པ་མགྱོགས་ཤིང་སྟོབས་ཆེར་འགྱུར། ། ས་སྟེང་རྣམས་སུ་ཁྱབ་པར་འགྲོ།། ནད་མེད་ལོ་བ~ཾ་རྒྱ་འཚེ་བར་འགྱུར།། དེ་སྟེ་གྲུབ་པར་མ་གྱུར་ནའང་།། འགྲོ་བ་མ་ལུས་དབང་དུ་འགྱུར།། གང་རྣམས་མཐོང་ཞིང་དེ་བཞིན་ཏེ།། མཐོང་བ ་དེ་དག་བྲན་བཞིན་འགྱུར། ། གལ་ཏེ་འདི་དག་གནོད་སྦྱིན་མོ།། མི་ཡིས་སྒྲུབ་པར་འདོད་ན་ནི།། བ་ཏི་ཤིང་དྲུང་ཉམས་དགའ་བ།། དེ་ཚེ་དཀྱིལ་འཁོར་བྲིས་ནས་སུ།། སྐྲ་བཤིག་གོས་ཀྱང་མེད་བྱས་ལ།། ཟས་མཆོག་ལེགས་པར ་བཅོས་པ་ཡིས། ། ལྷུང་བཟེད་བཟང་པོ་ཡོངས་བཀང་ནས།། མར་གྱི་ངོ་ཡོ་མཚན་མོ་བསྒྲུབ།། དེ་ནས་ཆང་བུ་བདུན་ཕྱུང་སྟེ།། སྔགས་ཀྱིས་ལན་བདུན་བཏབ་ནས་སུ།། ལྷ་ཡི་བཟང་པོ་འདི་བཞེས་ཤེས།། བྱས་ནས་དེ་ཡི་རྒྱབ ་ཏྲ་དོར། ། དེ་ནས་གཞན་ཡང་ཆད་བུ་བདུན།། སྔགས་ཀྱིས་བཏབ་ཏེ་བཟའ་བར་བྱ།། ལྷ་ཡི་བཟང་མོ་ཞེས་བྱ་བ།། གྲུབ་པ་གནོད་སྦྱིན་ཀུན་གྱི་རྗེ།། འཁོར་རྣམས་མང་པོས་ཀུན་བསྐོར་ནས།། དེ་ནས་དེ་ཡི་འོད ་འབར་འགྱུར། ། དེ་ནས་ཁབ་ཀུས་དེ་ལ་ནི།། ། སྤོས་དང་མེ་ཏོག་མཆོག་ལྡན་པའི།། མཆོད་ཡོན་ཆུ་ཡི་དབུལ་བར་བྱ། ལེགས་འོངས་མེ་ཏོག་དག་ཀྱང་དབུལ། དེ་ནས་སྟན་བཟངས་ཉམས་དགའ་བར།། མེ་ཏོག་ལྡན་པ་ཕུལ་ན་ནི།། ད་ནི ་ཁྱོད་ཀྱིས་བདག་གྲུབ་སྟེ། ། བཀའ་བཞིན་བྱེད་ཅིང་དེ་བཞིན་དུ།། གཞན་དུ་མི་འགྱུར་བཀའ་ཉན་གྱིས།། བཀའ་སྩོལ་ཅིག་ཅེས་དེ་ལ་སྨྲ།། མ་འམ་ཡང་ན་སྲིང་མོ་འམ།། མཛའ་བོ་འམ་ཡང་ན་ཆུང་མར་འགྱུར།། མར་བརྗོད་པས་ནི ་ངེས་པར་ཡང་། ། དེ་ཡིས་ལྡོང་རོས་ལ་སོགས་པ།། གྲུབ་པའི་རྫས་ནི་མང་པོ་དག། གདོན་མི་ཟ་བར་དེ་ལ་སྟེར།། སྲིད་མོས་མེ་ཏོག་འབྲས་བུ་དང་།། བདུད་རྩི་མཆོག་དང་གསེར་འགྱུར་རྩི།། རྟག་ཏུ་སྒྲུབ་པ་པོ་དེ་ལ།། གདོད་མི་ཟ ་བར་སྟེར་བར་འགྱུར། ། མཛའ་མོར་གྱུར་ཅིག་ཅེས་སྨྲས་ནས།། མཚན་མོ་ལྡིང་ཁང་མཆོག་རྣམས་དང་། ཡིད་དུང་གཞན་རྣམས་ཀྱང་། དག་ཉིད་དགའ་བསྟེན་པར་བྱེད།། ཆུང་དུ་ཆུད་མ་སྡུག་བདག། དཔག་ཚད་བརྒྱ་ནས་ཁྲིད་དེ་འོང་།། གཞན་ཡང་སྒྲུབ ་པ་པོ་དེ་ལ། ། དེས་ཤིང་འདོད་དང་འགའ་བ་སྟེར།། དེཿ་དེ་ལ་ཆུང་མར་སྨྲས།། འདོད་པའི་གཟུགས་ཅན་རྣམ་པར་མཛེས།། དབང་ཕྱུག་ལོངས་སྤྱོད་ཐམས་ཅད་ཀྱིས།། གྲུབ་པ་དེ་ནི་དགའ་བར་བྱེད།། ངེས་ཤིང་འདོད་པ་དགའ་བ ་སྟེང། ། འཛུམ་ཞིང་སྲིཊ་འཛེམ་དང་།། དབང་ཕྱུག་ལངས་སྤྱོད་ཐམས་ཅད་ནི།། སྒྲུབ་པ་ཅི་སྲིད་འདོད་པ་སྤྱོད།། གལ་ཏེ་མངལ་ནས་སྨྲས་པ་ཡི།། ཤ་ཟ་མོ་དག་བསྒྲུབ་འདོད་ན།། སྒྲུབ་པ་པོ་ལ་དེ་ཡི་ལས།། དེ་དག་འདི་ནི་བཤད ་པར་བྱ། ། ཤླེ་ཤྭ་ཀ་ཏའི་ཤིང་དྲུང་ནི།། གཙང་མར་དཀྱིལ་འཁོར་བྲི་བར་བྱ།། མཆོད་པ་ཆེན་པོ་བྱས་ནས་སུ།། གཏོར་མ་ལས་ཀྱང་སྔོན་བཞིན་བྱ།། དེར་ནི་དུར་ཁྲོད་ཤིང་དག་གིས།། སྔགས་པས་མེ་ནི་རབ་སྦར་ནས།། གོས་མེད ་རྨ་ཡང་རྟག་བྱས་ཏེ། ། དེ་ནས་མེ་ཡང་འབར་བ་ལ།། དེར་ནི་གཟེགས་མའི་བྱིན་པསྲེག་རྣམས།། སྔགས་ཀྱིས་སྟོང་རྩ་བརྒྱད་བསྲེགས་ན།། དེ་ཚེ་གདོན་མི་ཟ་བར་ཡང་།། ཤ་ཟ་མོ་ནི་འབར་བའི་གདོང་།། འོང་བར་འགྱུར་ཏེ་དེའི་ཆེ། ་སེམས་ནི་དཔའ་བར་བྱས་ནས་སུ།། མི་འཇིགས་མདུན་དུ་མཆོད་ཡོན་དབུལ།། དེ་ཡི་འོག་ཏུ་དེ་ལ་ནི།། བདག་ཉིད་གཟུགས་ནི་བཟང་པོར་སྟོན།། དེ་ཡི་མིང་ནི་དཀར་རང་གི། རང་མིང་སྔགས་ཀྱིས་སྦྱིན་བསྲེག་བྱ།། གང་བས ་བ་ཡི་ནོར་དེ་རྣམས། ། འོངས་ནས་རིང་པོར་མི་ཐོགས་པར།། གདོན་མི་ཟ་བར་རབ་ཏུ་དབུལ།། གང་རང་གི་ནི་ཞེས་བྱ་བ།། ཤ་ཟ་མོ་ནི་ཀུན་གྱི་མཆོག། སྒྲུབ་པ་པོ་ནི་སེམས་དཔའ་ཞིང་།། གཟི་ཡང་རབ་ཏུ་ཆེ་བ་ལ།། གདོན་རྣམས ་ཐམས་ཅད་རབ་ཏུ་བསྒྲུབ། ། དེ་ལྟར་མིན་ན་མྱུར་བར་ནི།། སྒྲུབ་པོ་ཡང་ནི་གསོད་པར་བྱེད།། དེ་སྟེ་ཀླུ་ཡི་བུ་མོ་དག། དེ་ལ་རིག་འཛིན་དཔལ་ལྡན་པས།། བསྒྲུབ་པ་དག་ཏུ་འདོད་པ་ལ།། དེ་ཡི་ཆོ་གར་འདི་བཤད་དོ།། པད་མ ་དཀར་པོའི་མཚོ་འགྲམ་དུ། ། སོང་ནས་ཆོ་ག་སྔ་མ་བཞིན།། ཡི་དགས་མང་པོ་ཞེས་བྱ་བའི།། དཀྱིལ་འཁོར་དེར་ནི་བྲི་བར་བྱ།། དེ་ནས་དེར་ནི་མཁས་པ་ཡིས།། གཏོར་མའི་ཆོ་ག་སྔ་མ་བཞིན།། ཨུ་དུམ་བ་རའི་ཡམ་ཤིང་གིས། ་ཐོག་མར་མེ་ནི་རབ་སྦར་ནས།། ནཱ་ག་གེ་སར་ཕྱེ་མ་དག། མཁས་པས་སྟོང་རྩ་བརྒྱད་དུ་བསྲེག། སྦྱིན་བསྲེག་བྱེད་ཚེ་མྱུར་བར་ནི།། དེ་ནས་ཀླུ་ཡི་བུ་མོ་དག། འཇིགས་ཤིང་སྐྲག་ནས་འོང་བར་འགྱུར།། གལ་ཏེ་མཚན་པོ་དེ ་བསྲེག་ན། ། སྒྲུབ་པ་པོ་ནི་གང་འདོད་པ།། གདོན་མི་ཟ་བར་རབ་ཏུ་སྟེར།། དེ་སྟེ་སྔགས་པ་ལྷ་མིན་གྱིས།། ཕུག་སྐོར་སོང་ནམ་ཅི་དགའ་བར།། ལྷ་མ་ཡིན་མོ་ཐམས་ཅད་ནི།། ལས་འདི་དག་ནི་ཐམས་ཅད་བསྒྲུབ།། དཀྱིལ་འཁོར ་སྔ་མ་བཞིན་བྲིས་ནས། ། གཏོར་མཱི་ཆོ་ག་རྒྱ་ཆེར་བྱ།། བྲི་ཡང་ཀུ་ཡི་ཤིང་དག་གིས།། ཞུགས་མ་ཐག་ཏུ་མེ་སྤར་ནས།། ཆོ་ག་བཞིན་ཏུ་སྔགས་ཟློས་ཤིག། ཡུངས་ཀར་དཀར་པོ་གུར་གུམ་ལ། བསྙུགས་ནས་སྟོང་རྩ་བརྒྱད ་བཟླས་ལ། དེ་ནས་ངེས་པར་བསྲེག་པར་བྱ།། དེ་ནས་སྦྱིན་བསྲེག་བྱེད་པའི་ཚེ།། ལྷ་མིན་ན་ཆུད་འབྱུང་བར་བྱེད།། སྒྲུབ་པ་པོ་ནི་གང་འདོད་པ།། གདོན་མི་ཟ་བར་རབ་ཏུ་སྟེར།། ལྷ་མ་ཡིན་གྱི་གནས་དག་ཏུ།། བདེ་བའི་ལམ། ་ནས་འཇུག་པར་བྱེད།། དབང་ཕྱུག་ཀུན་དང་ལྡན་པར་རི།། དེ་ནས་དེ་ནི་འགྲུབ་པར་བྱེད།། གལ་ཏེ་འདིར་ནི་སྔགས་པ་དག། ཤ་ཆེན་དག་ནི་འཚེང་འདོད་ར།། དང་པོར་དུར་ཁྲོད་འདུག་ནས་སུ།། དཔའ་བའི་སེམས་ཀྱིས ་ཤ་ཆེན་བྲང་། ། བླངས་ནས་བསྲུང་བ་བྱས་ནས་སུ།། ལག་པ་གཡོན་པས་ཆུ་གྲི་ཐོགས།། གཡས་པས་ཤ་ཆེན་སྐྱོན་མེད་བཟུང་།། མཚན་མོ་དུར་ཁྲོད་དུ་ཞུགས་ནས།། སེམས་པ་དཔའ་བོས་གཤིན་རྗེ་གཤེད།། ཁྲོ་བོ་ཡིད་ལ་ཟློས ་བྱེད་ཅིང་། ། ཤ་འཚེང་པ་ཡི་སྒྲ་སྒྲགས་སོ།། བདག་ཉིད་ཆེན་པོ་དེ་ཡི་ཚིག། སྲིན་པོ་དམ་ཚིག་མེད་པ་དང་།། སེམས་ཅན་ཕྲ་མོ་ཁ་གཅིག་གིས། རབ་ཏུ་འཇིག་པར་འགྱུར།། གང་གཞན་ལྷག་པའི་སེམས་ཡོད་ཅིང་། ་དྲག་པོའི་དུར་ཁྲོད་གནས་སྦྱོང་བ།། སྣ་ཚོགས་གཟུགས་ཅན་སྟོབས་པོ་ཆེ།། དེ་དག་ལུས་ནི་སྟོན་པར་བྱེད།། གྲུབ་པ་འཇིགས་པར་མི་བྱ་བར།། དེ་ནས་སེམས་ནི་དྲག་པོ་དེས།། ལེགས་པར་འོངས་ཤེས་སྨྲས་པར་བྱ།། དེ་ནས ་གནས་སྐྱོང་བསྒྲུབ་པའི་ཕྱིར། ། དེ་ནས་ཨ་ཛ་ན་ག་དང་།། རྫས་ནི་གང་རྣམས་འདོད་པ་དེ།། ཤ་ཡིས་རབ་ཏུ་སྦྱིན་བྱོས་ཤེས།། སྒྲུབ་པ་པོས་ཀྱང་སྨྲ་བར་བྱ།། སྒྲུབ་པ་པོས་ཀྱང་གཞན་མི་སྨྲ།། སེམས་ནི་དཔའ་བར་ཤེས་ནས ་ས། ། སྦྱིད་པར་བྱེད་ཀྱིས་གཞན་ལ་མིར།། དེ་ནས་གཞན་ཡང་འདི་ཡི་ལས།། དཔུང་རྣམས་མནན་པར་བྱ་བ་གང་།། ཁྲོ་བོ་མཆོག་གིས་གསུངས་པ་ནི།། དེ་དག་འདིར་ནི་བཤད་པར་བྱ།། པི་རིའི་གོས་ལས་བྱས་པ་ཡི།། ་ངན་ཤིན་དུ་བཟང་པོ་བྱ།། དེ་ནི་མཐོན་ཀ་ལས་བྱའོ།། སོར་བཅུ་དྲུག་གི་ཚད་དུ་བྱ།། སྨུག་མའི་ཡུབ་སྡུག་གུ་དག། ཁྲུ་གང་ཚད་དུ་བྱས་པ་ལ།། བཏགས་ཏེ་དེ་ནས་བསྒྲེང་ནས་སུ།། དུར་ཁྲོད་དུ་ནི་མཚན་མོ་བསྒྲུབ།། ཀྱི ་འཁོར་རྒྱ་ཆེན་བྲིས་ནས་ཀྱང་། ། དེར་ནི་བཙོག་པུར་གནས་ནས་ས།། བ་དན་ལག་ན་ཐོགས་ནས་དེ།། མཛད་པོ་ཐོག་ཐག་བཟླས་པར་བྱ།། དེ་ནས་ན་བ་ནི་ལངས་པར།། དེ་ཡི་ལག་ན་ཐོགས་པ་ཡིས།། དེ་ཚེ་དགྲ་ཡི་དཔུང་འཁྲུགས་པ། ་ཐེ་ཙོམ་མེད་པར་གནས་པར་འགྱུར།། ལགར་ཐོགས་པགའ་དག་ཀྱང་།། སྒྲུབ་པ་པོས་ནི་མཟང་བ་ཡིས།། དེ་དག་ཐམས་ཅད་མཐོང་བ་ཟག། མནན་ཏེ་རི་བཞིན་མི་གསོར་འགྱུར།། གྲང་པོ་རྒྱལ་པ་རྒྱས་པ་དང་།། ཤིང་རྟརྟ་དང་ཀླང་པ ་བཅས། ། རྐང་ཐང་འཁྲུགས་པ་མེད་བཅས་པའི།། དགྲ་ཡི་དཔུང་རྣམས་ངེས་པར་ནི།། མཐོང་བཙ་པ་ནི་ཉིད་ཀྱིས་སུ།། མནན་པ་བཞིན་དུ་སྣང་བར་འགྱུར།། དེ་ནས་གཞན་ཡང་དུར་ཁྲོད་ཀྱི།། སྦྱོར་བ་བཀྲ་ཤིས་དགེ་བ་དང་།། བྲེ་མ ་ཁཆོག་གིས་གསུངས་པ་དེ། ། ད་ནི་ངེས་པར་བཤད་པར་བྱ།། དེས་ནི་པི་རོ་བི་སྲེགས་པ་ཡི།། མཚན་མོ་མེ་འབར་བལྟས་ནས་སུ།། སྒྲ་བཤིག་གོས་ཀྱང་མེད་བྱས་ལ།། བཟླས་པ་དག་ཀྱང་བསྐོར་ཞིང་བྱ།། དེ་ནས་དེར་ནི་སྔགས་པ་འི ་ལན་གཅིག་ཐལ་བ་སྤར་བ་གང་། ། ལག་པ་གཡོན་པས་བླངས་ནས་སུ།། མཁས་པས་ཁྱིམ་དུ་འགྲོ་བར་འགྱུར།། ཡང་ན་ལྷ་ཁང་སྟོང་པར་འགྲོ།། ཕྱིར་ཡང་བལྟ་བར་ཡོད་མི་བྱ།། དེ་ནས་དེར་ཡང་ཐལ་བ་དེ།། ནམ་ལངས་བར་དུ་བཟླས ་པར་བྷ། ། ན་མ་ནི་ལངས་པར་གྱུར་པ་ན།། ཐལ་བ་དེ་ནི་བསྲུངས་ནས་སུ།། གསད་པའི་སྣོད་དུ་བཞག་བྱ་ཞིང་།། ས་ལ་བཞག་པར་ཡོང་མི་བྱ།། དགྲ་ཡི་དཔུང་དག་མནན་པའི་ཕྱིར།། ཐལ་བ་དེ་ནི་གཏོར་བྱས་ན།། ཤིང་རྟ་དང་ནི་གླང་པོ་དང ་མཚོན་ཆ་ཐམས་ཅད་འཁྲུག་པ་དང་། ། སྐྱེ་བོ་མང་པོར་ལྡན་པའི་ཡུལ།། ཐལ་བ་དེ་ཡིས་ཐམས་ཅད་དུ།། ལན་གཅིག་གཏོར་བ་ཙམ་གྱིས་ཀྱང་།། ལུས་རྣམས་མི་འགུལ་གདོན་མི་ཟ།། འདི་ནི་མཚོན་རྣམས་གནོད་པ་དང་།། དཔུང་ཡང ་གདོན་བྱེད་དགེ་བའོ། ། དེ་བཞིན་གཉིད་ཀྱིས་ལོག་བྱ་དང་།། མྱོས་པར་བྱེད་པར་སྦྱོར་བ་ཡང་།། རླུང་ཕྱོགས་དག་ཏུ་སོང་བ་འམ།། ཡང་ན་བསྙེན་ཏེ་བྱས་ནའང་རུང་།། བགྲོང་དཀའི་དགྲ་ནི་མཚོན་འཁྲུགས་ལ།། བྱས་ནས་འགྲོ་བ ་མི་འགུལ་འགྱུར། ། དུར་ཁྲོད་དག་གིས་སྦྱོར་བ་ཡིས།། དཔུང་མནན་དེ་ལྟར་བཤད་ཟིན་ཏོ།། འགྲོ་བ་དབང་བྱེད་སྦྱོར་བ་ནི།། རྣམ་པ་གཞན་དག་བཤད་པར་བྱ།། དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི།། མཆོད་པ ་སྔ་མ་བཞིན་དུ་བྱ། ། གཏོར་མ་རྒྱ་ཆེན་བྱས་ནས་ནི།། མི་ཡི་ཆལ་གྱི་བསྐུམ་དག་ལས།། མར་མེ་འབར་བ་བྱས་ནས་སུ།། དེ་ནས་ཐོད་པ་བཟང་པོ་ལ།། མཁས་པ་དག་གིས་སྣག་ཆ་སྦྱར།། དུ་བའི་སྣག་ཚ་སྦྱར་ནས་ཀྱང་།། ནམ་ལངས། ་བར་དུ་བསླབ་པར་བྱ།། དེ་ནས་ནང་བར་ནམ་ལངས་ཏེ།། ངུ་བའི་སྣག་ཅེས་མིག་བསྐུས་ན།། གང་མཐོང་དེ་ཡི་དབང་དུ་འགྱུར།། དེ་ལྟར་འགྲོ་བ་དབང་བྱེད་པའི།། སྦྱོར་བ་དེ་ནི་བསྒྲགས་པ་ཡིན།། བཙག་གི་སྦྱོར་བའི་དངོས ་གྲུབ་ཀྱང་། ། དགེ་བ་དག་ནི་དེ་བཤད་དོ།། ཡུག་སྣམ་བཙག་ནི་དགེ་བ་དག། མི་རོ་ཁར་ནི་བཅུག་ནས་སུ།། དེ་ནས་དེ་ཕྱེད་ཚིག་ནས་ནི།། གྲོགས་མེད་པར་ནི་མཚན་མོ་བླང་།། བླངས་ནས་ལྷ་ཡི་ཁང་སྟོང་དུ།། མཁས་པས་བདག་གི ་བཟླས་པ་བྱ། ། བགེགས་ཀྱང་རྣམ་པ་སྣ་ཚོགས་འབྱུང་།། ཅི་སྲིད་ནམ་ལངས་བར་དུ་ནི།། དེ་ན་བདུག་ཅིང་དེ་ལ་བཟླས།། དེ་ནས་ནམ་ལངས་གྱུར་པ་དང་།། རས་ནི་དམར་པོས་དཀྲིས་ནས་ནི།། མཆོད་ཅིང་སྲུངས་ནས ་གཞག་པར་བྱ། ། དེ་ནས་གང་ཡང་རུང་བའི་མིང་།། བཙག་གི་ཡུག་སྔ་མ་དེ་ཡིས་སུ།། ཅི་འདོད་པར་ནི་བྲི་བར་བྱ།། སྒྲུབ་པ་པོ་ཡི་མིང་ནས་ཀྱང་།། བསྐུལ་ནས་དོགས་པ་མེད་པར་ཡང་།། བསྒྲུབ་པར་བྱ་བ་མྱུར་དུ་འོང་།། བཙག ་བསྒྲུབས་ཁ་རུ་གསུངས་པ་དག། མདོར་བསྡུས་བཤད་པ་དེ་ཡིན་ནོ།། ད་ནི་ཅི་ལྟར་རིག་པ་རུ།། སོར་གདུབ་བསྒྲུབ་པ་སྦྱོར་བར་བཅས།། ཆོ་ག་བཞིན་དུ་གསུངས་པ་དག། མདོར་ནི་རབ་ཏུ་བཤད་པར་བྱ།། མེ་ཡ་རོ་བྱ ་འགྲོ་བ་ན། ། དེར་སོང་ནས་ནི་དེ་ཡི་ཁར།། གསེར་གྱི་སོར་གདུབ་གཞག་པར་བྱ།། མཁས་པས་ཁྲོ་བོ་གཅིག་པུའི་སྔགས།། ཐོས་པས་བྱེད་དེ་འདུག་པ་ན།། མེ་ཡིས་ཚིག་པར་གྱུར་པ་ནི།། རོ་ཡི་ཁ་ན་འདུག་པ་ཡི།། སོར་གདུབ་ལག ་པ་གཡོན་པས་བླང་། ། ནམ་ལངས་བཱ་དུ་བཟླས་པར་བྱ།། དེ་ནས་སོར་གདུབ་བཟང་པོ་དེ།། ལག་པ་གཡོན་པའི་འཛུབ་མོ་ལ།། མཁས་པ་དག་གིས་གཞག་པར་བྱ།། དེ་ཡི་ལག་པ་གཡོན་པ་ཡིས།། གང་དང་གང་དག་རེག་འགྱུར་བ།། ་དེ་ཀུན་དེ་ཡི་ལས་བྱེད་འགྱུར།། ཕྱི་བཞིན་དུ་ཡང་འབྲང་བར་འགྱུར།། འདི་ལ་དཔྱོད་པར་ཡོད་མི་བྱ།། དེ་ནས་གཞན་ཡང་ཡུངས་དཀར་དག། ཤིན་དུ་ངོ་མཚར་དང་ལྡན་པ།། ཁྲོ་བོ་ཉིད་ཀྱིས་ཅི་ལྟ་བར།། བསྒྲུབ་པའི་སྦྱོར་བ་གསུངས ་པ་བཤད། ། སི་ཏའི་ཤིང་ལས་གབ་ཚེ་ཡང་།། བཟང་པོ་སོར་ནི་བརྒྱད་པར་བྱ།། དེ་ཡི་ནང་དུ་ཡུངས་དཀར་དགང་།། དངོས་གྲུབ་མཆོག་ནི་དེར་ཐུགས་ལ།། ཟླ་བ་གཟས་ནི་ཟིན་པར་དུ།། ཉི་མ་རེ་རེ་བཟླས་བརྗོད་བྱ།། དཀྱིལ་འཁོར་ཆོ་ག ་བཞིན་བྲིས་ནས། ། གཏོར་མ་རྒྱ་ཆེན་དག་ཀྱང་བྱ།། གབ་ཙེ་ནང་གི་ཡུངས་དཀར་ཀུན།། སྒྲ་འབྱུང་བ་འམ་གས་ཀྱི་བར།། དེ་སྲིད་ཡུངས་དཀར་བཟླས་པར་བྱ།། དེ་ནས་ཡུངས་དཀར་གྲུབ་འགྱུར་བ།། བླངས་ནས་གང་ཡང་རུང་བར་ནི།། ཆོ་ག ་བཞིན་དུ་སྦྱར་བྱས་ནས། ། དེ་ཡིས་མི་ནུས་ཅི་ཡང་མེད།། དེས་ནི་ས་ཡང་འགས་པར་བྱེད།། ཆུ་ཀླུང་དག་ཀྱང་སྐམས་པར་བྱེད།། རི་མཐོ་རྣམ་པ་མང་པོ་དག། བྱེ་མ་དག་ཏུ་རློག་པར་བྱེད།། དེ་བཞིན་རི་ཡི་རྩེ་མོ་ཡང་།། སྦྱར་ན་རབ་ཏུ་སྙིལ ་བར་བྱེད། ། ཁྲག་དང་སོལ་བའི་ཆར་དག་ཀྱང་།། འབེབས་པར་བྱེད་དེ་ཐེ་ཚོམ་མེད།། གནམ་ལྕགས་དང་ནི་སེར་བ་དག། གྲོ་བུར་དག་ཏུ་འབབ་པར་བྱེད།། ས་གཡོ་བདག་སྤྲིན་འདུ་བ།། རིག་པ་འཛིན་པས་སྦྱར་བྱས་ན།། གློ་བུར་དུ་ཡང ་ཐོགས་མེད་འགྱུར། ། མཚོ་དང་རྒྱ་མཚོ་གཡོ་བ་དང་།། ཤིང་རྣམས་རབ་ཏུ་ལྷག་པ་དང་།། ས་ཡི་འོག་ཀྱང་གཡོ་བྱེད་ཀྱང་།། དེ་བཞིན་ཀླུ་རྣམས་བསྡིགས་པ་དང་།། མཚོ་ཆེན་དག་ནི་ལྟེང་ཀ་དང་།། ཀླུ་རྣམས་ཚར་གཅད་བྱ་བ་དང་།། གཞན་ཡང ་གང་འདོད་བྱ་བ་ཡེ། ། ལས་ནི་རྣམ་པ་སྣ་ཚོགས་པ།། གསུངས་པ་དང་ནི་མ་གསུངས་པ།། མཁས་པས་འང་བཞིན་ཐོས་བཏགས་ལ།། ཡུངས་དཀར་གྲུབ་པས་གཏོར་ཙམ་གྱིས།། ཐོགས་པ་མེད་པར་བྱེད་པར་འགྱུར།། ཡུངས་དཀར ་དངོས་གྲུབ་ཀུན་སྦྱིན་པའི། ། སྒྲུབ་པ་དག་ནི་བསྒྲུབས་ཟིན་ཏོ།། དཔའ་བོའི་བརྟུལ་ཞུགས་སྤྱོད་པ་ཡིས།། དེ་དག་ལ་སོགས་སྣ་ཚོགས་དང་།། སྔ་མ་བཞིན་དུ་སྣ་ཚོགས་དང་།། འབྲིང་རྣམས་ལ་སོགས་བསྒྲུབ་པར་བྱ།། ཁྲོ་བོ ་མཆོག་གིས་ཆོ་ག་འདི། ། ལས་ནི་གང་དག་བཤད་པ་རྣམས།། དེ་དག་ཀུན་ལ་བརྟུལ་ཞུགས་ནི།། མེད་པར་བྱས་ན་འབྲས་བུ་མེད།། ཕྱག་རྒྱ་གཉིས་ཀྱི་ལས་རྣམས་ནི།། གང་དག་འདིར་ནི་བཤད་པ་རྣམས།། བརྟུལ་ཞུགས་བྱེད་ནི་མ་ནུས་ན།། ། ་དེ་ལྟར་ཁྲོ་བོ་མཆོག་འདི་ལ།། སྔོན་བཞིན་མཆོད་པ་བྱེད་པ་དང་།། ཇི་སྐད་བཤད་ཟིན་བཟླས་བྱས་པས།། ལས་རྣམས་ཅི་སྐད་བསྟན་པ་དང་།། དངོས་གྲུབ་ཅི་སྐད་བསྟན་པ་འཐོབ།། རྟག་ཏུ་བདེ་གཤེགས་སེམས་དཔའ་དེས།། བརྟུལ་ཞུགས ་རྟག་ཏུ་མི་རུང་ནའང་། ། ཉིན་གཅིག་བཞིན་དུ་བཟླས་བརྗོད་ལ།། སྦྱོར་བས་འདོད་པས་དོན་རྣམས་འཐོབ།། དེ་ལྟར་བརྟུལ་ཞུགས་ཀྱིས་བསྒྲུབས་དང་།། སྒྲུབ་པ་སྣ་ཚོགས་ཆོ་ག་འདིར།། ཁྲོ་བོ་མཆོག་གིས་ཅི་གསུངས་པ།། མ་ལུས་པར་ནི ་བཤད་པ་ཡིན། ། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་རྩ་བའི་ཆོ་ག་ཞིབ་མོ་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ།། ། དེ་ནས་ཆོ་ག་ཕྱི་མར་ནི།། ཅི་ལྟར་བརྟུལ་ཞུགས་མེད་ཀྱང ་རུང་། ། དེ་ཕྱིར་ཁྲོ་བོ་བདག་ཉིད་ཀྱིས།། གསུངས་པ་དེ་ཡི་ཆོ་ག་བརྗོད།། སྔགས་ནི་ཡི་གེ་བཅུ་བདུན་ནོ་། ཁྲོ་བོ་ཞེས་ནི་གང་བརྗོད་པ།། དེ་ལ་ཐོག་མར་སྟོན་བཞིན་དུ།། རི་མོ་བྲིས་ལ་དེ་མདུན་དུ།། ཚུལ་བཞིན་དུ་ནི་མཆོད་པ་བྱ།། ་མཐབས་པང་ན་སྡུག་ན་བཀྱང་།། བྱེད་དུ་བཅུག་སྟེ་དེ་འོག་ཏུ།། མཁས་པས་བརྒྱད་འབུམ་བཟླས་པ་བྱ།། དེ་ཡི་མཐའ་མར་དཀོན་མཆོག་ནི།། གསུམ་པོ་དག་ལ་མཆོད་ཆེན་བྱ།། དེ་ཡི་འོག་ཏུ་ཁྲོ་མཆོག་ནི།། ཅི་སད་གསུངས་བཞིན་མཆོད་པ་བྱ།། ་འོན་ཀྱང་གྲུབ་སྟེ་དེ་ཡི་ཚེ།། འབྱུང་པོའི་གདོན་དང་དུག་རྣམས་དང་། ཡིད་ལ་གང་དང་གང་འདོད་པ།། དེ་ཡིས་བསམ་པའི་ལས་ཀྱང་ནུས།། ནམ་ཡང་དངོས་གྲུབ་ཕྲན་ཚེགས་ལ།། དེ་ནི་སྦྱར་བར་མི་བྱའོ།། དུག་ལ་སོགས་ཏེ་གང་བརྗོད་པ།། ལས ་ཀྱི་རྣམས་ནི་ཚིག་གིས་བྱ། ། གཞན་དུ་ཡངས་པའི་ཚིག་གིས་ཀྱང་།། བདག་ཉིད་ཇི་ལྟར་འདོད་བཞིན་ནོ།། དེ་བཞིན་སེམས་ཅན་སྡང་རྣམས་ལ།། ཚར་གཅད་པ་དང་ཕན་འདོགས་ནུས།། གང་ཞིག་ནག་པོས་ཟིན་པ་ཡི།། ལས་རྣམས ་ཀྱང་ནི་བྱེད་འགྱུར་ཏེ། ། ཆུ་ཡིས་ངེས་པར་གཏོར་བ་དང་།། ལུག་གམ་ཡང་ན་རྐང་པ་ཡིས།། ཁྲོབས་ཇི་སྐད་གསུངས་པ་བཞིན།། ཐེ་ཙོམ་མེད་པར་སོས་པར་འགྱུར།། དེ་ལྟར་ཀུན་དུ་ཡིད་ཀྱིས་སམ།། ཡང་ན་ཚིག་གིས་བསྐུལ ་བྱ། ། ཇི་ལྟར་ཁྲོས་པ་མེད་པར་ཡང་།། ཕྲན་ཙོགས་ལས་ནི་གྲུབ་འགྱུར་ཏེ།། དྲན་པ་ཙམ་ནི་འབའ་ཤིག་གིས།། བྱེད་པ་པོ་ཡི་ལས་དེ་འགྲུབ།། དེ་ནས་སྣོད་ལ་དབབ་པ་ཡི།། ལས་གཞན་འདི་ནི་རབ་ཏུ་བྱ།། གཞོན་ནུ་མཚན་དང་ལྡན ་འགྱུར་ཞིང་། ། ཉེས་པའི་སྐྱོན་མེད་ཡན་ལག་ཚང་།། ཤིན་དུ་དཀྲུས་ཏེ་རྒྱན་གྱིས་བརྒྱན།། བ་ལས་བྱུང་བའི་ལྔ་ཡང་བླུད།། དེ་ཡི་འོག་ཏུ་སྨྱུང་བྱས་ཏེ།། ནམ་ལངས་པ་དང་དཀྱུས་བྱས་ལ།། ། དྲི་ཞིམ་པ་ཡི་དྲིས་བྱུགས་ཤིང་།། གོས ་རྣམས་དང་ནི་རྒྱན་གྱིས་བརྒྱན། ། དེ་ལྟར་མཆོད་པ་བྱས་ནས་ནི།། ཤར་གྱི་ཕྱོགས་སུ་ཁ་བསྟན་ཏེ།། ཆོ་ག་བཞིན་དུ་ཀུ་ཤ་ཡི།། སྟན་ལ་བཞག་སྟེ་དེ་ནས་ནི།། དེ་ཡི་ལག་པ་གཉིས་ཀར་ཡང་།། ཙན་དན་གཏོར་མའི་མེ་ཏོག་སྦྱིན།། ཨ ་ཀར་ནག་པོའི་བདུག་པ་སྦྱིན། ། དེས་ནི་མྱུར་དུ་སྔགས་བརྗོད་དེ།། སྒྲུབ་པ་ཆོ་ག་འདི་ཡིས་ནི།། སྣོད་ལ་དབབ་པའི་ལས་བྱའོ།། སྣད་ལ་དབབ་འགྱུར་དེ་ཡིས་ནི།། དགེ་དང་མི་དགེ་དྲི་བར་བྱ།། དེ་ནས་བྱུང་དང་འབྱུང་བ་དང་།། བྱུང་བ ་གང་ཡིན་བདེན་པར་སྨྲ། ། སེམས་ཅན་ཆེན་པོ་འདི་གྱི་ས་ལ།། འདི་ནི་མིན་ཞེས་ཟློག་པར་བྱེད།། རིག་སྔགས་ཆད་དམ་ལྷག་པ་དག། སྔགས་ཀྱང་འདིར་ནི་ཚད་པར་བྱེད།། དེ་ནས་ཁྲོ་བོ་མཆོག་དེ་ལ།། མེ་ཏོག་ལྡན་པའི་མཆོད ་ཡོན་དབུལ། ། དེ་ནས་བདེ་གཤེགས་བསྟན་པ་ཡི།། དམ་ཚིག་དག་ཀྱང་བསྟན་པར་བྱ།། སྣོད་ཀྱིས་ཐོས་ནས་དེ་ནས་སུ།། བཏང་ནས་དེ་ནི་ས་ལ་འགྱེལ།། རིག་པ་ཁྲོ་བོ་གཤིན་རྗེ་གཤེད།། གྲུབ་པར་དེ་ནས་བཞུད་པར ་འགྱུར། ། དེ་ནས་སྣོད་ནི་བླངས་ནས་སུ།། ཕྱིས་ཀྱང་རབ་ཏུ་ཁྲུས་བྱས་ཏེ།། ཟན་ཟར་བཅུག་ལ་ཟོས་ནས་ཀྱང་། མཆོད་པ་བྱས་ཏེ་སླར་གཏང་ངོ་།། ཅི་སྐད་གསུངས་པའི་ལས་རྣམས་ཀྱིས།། སྣོད་ལ་དབབ ་པར་བྱས་ནས་ནི། ། དེ་ནས་ཆོག་ཕྱི་མ་ཡི།། ཆོ་ག་ལས་གསུང་ལས་རྣམས་བྱ།། དེ་ནས་གལ་ཏེ་སྔགས་པ་ནི།། རྒྱལ་པོ་དབང་དུ་བྱེད་འདོད་ན།། དེ་ཚེ་རི་མོ་སྤྱན་སྔ་རུ།། དུར་ཁྲོད་ཐལ་བས་གཟུགས་བྲིས་ཏེ།། དེ་ཡི་སྙིང་ཀར་འདུག ་ནས་སུ། ། རྩེ་གཅིག་ཡིད་ཀྱིས་ཁྲི་བཟླས་ཏེ།། ཆེ་གེ་མོ་ཞིག་དབང་གྱུར་ནས།། དེ་ཡི་མིང་ནི་སྔ་མ་བཞིན།། ཁྲོ་སྔགས་ཇི་སྐད་གསུངས་པའི་མཐར།། སྦྱར་ཏེ་འཇུག་ཏུ་སྭཱ་ཧཱ་བརྗོད།། ཁྲོ་བོས་དབང་དུ་བྱ་བའི་ཕྱིར།། སྦྱོར་བ་རྟག་ཏུ ་བཤད་པ་ཡིན། ། དེ་ནས་རྒྱལ་དེ་དབང་གྱུར་ནས།། མཛའ་སྡུག་སྐྱེ་བོས་བཏང་ནས་སུ།། བདག་ཉིད་དང་ནི་ནོར་དག་གིས།། ངེས་པར་བྲན་བཞིན་ལེགས་པར་བྱེད།། དེ་བཞིན་བཟླས་པ་ཁྲི་བྱས་ན།། བྲམ་ཟེ་དག་ཀྱང་དབང་དུ་འགྱུར།། རྗེ ་རིགས་དམདྲ་རིགས་མ་ལུས་པར། ། དྲུག་སྟོང་དག་གིས་ངེས་པར་འགྱུར།། བུད་མེད་རྣམས་དང་བུ་མོ་ལ།། ཁྲི་དག་ཏུ་ནི་བཟླས་པ་བྱ།། དེ་ནས་ཕན་ཚུན་མཛའ་བོ་གཉིས།། དབྱེ་བར་བྱ་བར་འདོད་ན་ནི།། དེ་ནས་གཅིག་གི་གཟུགས་བརྙན་ནི ་དེ་བཞིན་བྲིས་ནས་སྙིང་ཀ་རུ། ། རྐང་པ་གཅིག་བཞག་ཅིག་པུར་འདུག། དེ་ཡི་མིང་ནི་མཐར་སྦྱར་ནས།། ཁྲོ་བོ་གཤིན་རྗེ་གཤེད་བཟླས་པ།། ཆེ་གེ་མོ་ཞིག་མྱུར་བར་རུ།། འདི་དང་དབྱེ་འགྱུར་ཕཊ་ཅེས་བྱ།། དེ་ལྟར་དབྱེ་བ་བྱ་འདི་ལ།། ་སྟོང་ཕྲག་བཅུར་ན་བཟླས་པ་བྱ།། དེ་ནས་སེམས་ཅན་རབ་འདུག་པར།། ཤེས་ནས་ལེགས་པར་གདུལ་བྱན།། དཀོན་མཆོག་གསུམ་ལ་གནོད་བྱེད་ལ།། ཁྲོ་བོས་བྱ་ཡེ་གཞན་དུ་མིན། ་དགྲ་བོའི་གཟུགས་བརྙན་མིང་སྨོས་ནས།། དུར་ཁྲོད་ཐལ་བས་བྲིས་ནས་སུ།། དེ་ནས་སེང་ལྡེང་ཕུར་བུལ།། བརྒྱ་རྩ་བརྒྱད་དུ་བཟླས་བྱས་ཏེ།། དེ་ཡི་སྙིང་གར་བཏགས་ནས་སུ།། དེ་ཡི་འོག་ཏུ་ཁྲི་བཟླས་སོ།། དེ་ནས་ཁྲོ་བོ་གཤིན ་རྗེགཤེད། ། སྔགས་ཀྱི་མཐའ་མར་མིང་བཅུག་སྟེ།། ཆེ་གེ་མོ་ཞིག་སོད་ཅིག་ཅེས།། ཧཱུཾ་དང་ཕཊ་ཀྱིས་མཐའ་བརྟེན་ཏེ།། ཁྲི་དག་ཡོངས་སུ་ཚང་བར་ནི།། གལ་ཏེ་དེ་ལྟར་བཟླས་བྱས་ན། ལས་དེ་ཡིས་ནི་འཆི་འགྱུར་ཏེ། འདི་ལ་རྣམ་པར ་དཔྱོད་མི་དགོས། ། རྟག་ཏུ་བདེ་གཤེགས་བསམ་པར་བྱའི།། ངན་པའི་སེམས་ཀྱིས་ཡོད་མི་བྱ།། དེ་ཡི་སྙིང་ལས་སྡུག་བསྔལ་དག། བསྐྱེད་ནས་འདོག་པ་མ་གཏོགས་སོ།། ཞི་བ་དག་གི་ཆོ་ག་ཡིས།། དེ་ནས་ཞི་བ་དགེ་བར་བྱ།། ཅི་ལྟར ་ཅི་སྐད་གསུངས་པ་འདི། ། མངོན་པར་སྤྱོད་པ་ཡོད་མི་བྱ།། སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར།། བདེ་གཤེགས་བསམ་པས་བྱ་བར་བསྟན།། དེ་བཞིན་གཤེགས་པ་ཅི་གསུངས་པའི།། དེ་བཞིན་དངོས་གྲུབ་ཐོགས་མེད་པའི།། ་དངོས་གྲུབ་འདོད་པས་ཐོབ་འདོད་ན།། དེ་ལྟར་ཁྲོ་བོ་སེམས་མི་བྱ།། བདེ་གཤེགས་བསམ་པ་གང་མེད་པ།། དེ་ནི་དངོས་གྲུབ་ཉམས་པར་འགྱུར།། མདོར་ན་བྱང་ཆུབ་སེམས་མེད་པ།། འཇམ་དཔལ་ཁྲོ་བོ་གཙོ་བོ་ཡིས།། ་བརྟུལ་ཞུགས་བཟླས་པ་དང་བཅས་པ།། རྟོག་ལས་ཆོ་ག་བཞིན་གསུངས་པའི།། དངོས་གྲུབ་མཆོག་ནི་ཉམས་པར་འགྱུར།། གང་ཞིག་བདེ་གཤེགས་བསམ་ལྡན་ནས།། བརྟུལ་ཞུགས་བཟད་པོ་མེད་པ་དང་།། དེ་བཞིན་གཟུགས ་ལ་སོགས་མེད་ཀྱང་། ། དངོས་གྲུབ་མཆོག་རྣམས་དེས་ཐོབ་ཅིང་།། ཉོན་མོངས་མེད་པར་ཅི་འདོད་པར།། འདོད་པ་ཐམས་ཅད་རྙེད་པར་འགྱུར།། གང་ཞིག་བདེ་གཤེགས་བསམ་ལྡན་ཞིང་།། བློ་ནི་མ་རྨོངས་བརྟན་པ་ཡིས།། ་སྲིད་པ་ཉོན་མོངས་དགྲོང་དཀའ་རྒོལ།། དེ་བཞིན་གཤེགས་པ་ཐམས་ཅད་ལ།། ཕྱག་བྱས་ནས་ནི་དངོས་གྲུབ་མཆོག། བདེ་གཤེགས་བསམ་པ་ལྡན་པས་འཐོབ།། དེ་ལྟར་ཤེས་ནསདེ་ཡི་ཚེ།། བདེ་གཤེགས་ལམ་མཆོག ་བསྟེན་པར་བྱ། ། ཉོན་མོངས་སྡུག་བསྔལ་འཇིག་འགྱུར་བ།། འཇིག་རྟེན་ལྷ་ནི་ཡོད་མི་བསྙེན།། དེ་ལྟར་སེམས་ཅན་གདུག་འདུལ་བའི།། ལས་རྣམས་ཇི་སྐད་གསུངས་ལ་ཡང་།། དཀོན་མཆོག་གསུམ་ནི་བསུང་ཕྱིར་གྱི།། ་གཞན་དུ་གར་ཡང་ཡོད་མི་སྦྱར།། དེ་ནས་གཞན་ཡང་བསྐྲད་པའི་ལས།། འདི་དག་གར་ཡང་རུང་བར་ནི།། དེ་བཞིན་བྱེད་པར་འདོད་པ་ལ།། དེ་བཞིན་པར་ནི་བཤད་པར་བྱ།། དེ་བཞིན་དུར་ཁྲོད་ཐལ་བ་ཡིས།། ་མཁས་པས་དགྲ་ཡི་གཟུགས་བརྙན་བྲི།། དེ་སྟེ་རྐང་གཉིས་འདུག་ནས་སུ།། འཇམ་དཔལ་ཁྲོ་བའི་སྤྱན་སྔར་ནི།། ཆེ་གེ་མོ་ཞིག་སྐྲོད་ཅིག་ཅེས།། དེ་ཡི་མིང་ནི་མཐར་སྦྱར་ནས།། དེ་བཞིན་ཧཱུཾ་དང་ཕཊ་དག་དང་།། ཧཱུཾ་ཡང་བརྗོད་དེ ་ཁྲི་བཟླས་ན། ། གདོན་མི་ཟ་བར་བསྐྲད་པར་འགྱུར།། ཡང་ན་ཐལ་བ་དེ་ཉིད་ཀྱིས།། དགྲ་ཡི་གཟུགས་བརྙན་བྲིས་ནས་ནི།། དེ་ཡི་སྙིང་གར་རྐང་གཡོན་གྱིས།། གདོན་མི་ཟ་བར་བརྫིས་ནས་སུ།། ཉི་མ་ལ་ནི་ཁ་བལྟས་ནས།། གཤིན་རྗེ ་གཤེད་པོ་བཟླས་ན་ནི། ། སྐད་ཅིག་གིས་ནི་དགྲ་བོ་དེ།། རབ་ཏུ་ཚ་བའི་ནད་ཀྱིས་འདེབས།། དེ་ནས་ཞི་བའི་ཆོ་ག་ཡིས།། བདག་ཉིད་ཀྱིས་ནི་ཞི་བར་བྱ།། དེ་ལྟར་མ་བྱས་ཞག་བདུན་གྱིས།། གདོན་མི་ཟ་བར་འཆི་བར་འགྱུར།། དེ ་ལ་སོགས་པའི་ལས་རྣམས་ནི། ། བདེ་གཤེགས་སེམས་པས་ཡོད་མི་བྱ།། སེམས་ཅན་རྣམས་ནི་ཐམས་ཅད་ལ།། ཞི་བ་དང་ནི་རྒྱས་པ་བྱ།། བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན།། རིང་པོར་མི་ཐོགས་འགྲུབ་ལྔ་འགྱུར།། དེ་ནས་སེམས ་ཅན་ཐམས་ཅད་ནི། ། བདེ་ཕྱིར་ཞི་བའི་ལས་རྣམས་དང་།། དེ་བཞིན་དུ་ནི་རྒྱས་པའི་ལས།། ཇི་སྐད་གསུངས་པ་བཤད་པར་བྱ།། མཆོད་རྟེན་དག་གམ་དཀྱིལ་འཁོར་དུ།། དེ་བཞིན་གཤེགས་པའི་མཆོད་པ་བྱ།། དཀོན་མཆོག ་གསུམ་པོ་དག་ལ་ནི། ། ཡང་དང་ཡང་དུ་ཕྱག་ཀྱང་བྱ།། ཉིན་པར་དང་ནི་མཚན་མོ་ཡང་།། དགེ་བ་གང་དག་ཅི་བསགས་པ།། དཀོན་མཆོག་གསུམ་ལ་དེ་བརྟེན་ནས།། བདེ་བར་གཤེགས་པའི་བསམ་པས་བྱ།། འདི་ཡིས་སེམས ་ཅན་ཐམས་ཅད་ནི། ། ཤིན་ཏུ་སྡུག་བསྔལ་བ་དེར་གྱུར་ཅིག། དེ་ཡིས་དངོས་གྲུབ་ཅུང་ཟད་གང་།། ཕྲ་མོ་དག་ཀྱང་འཐོབ་འགྱུར་བ།། རྟག་ཏུ་སེམས་ཅན་རྣམས་ལ་ནི།། མཁས་པ་དག་གིས་ཕན་པར་བྱ།། མཁས་པས་མཆོད ་རྟེན་ལས་བྱ་ཞིང་། ། དེ་བཞིན་དམ་པའི་ཆོས་ཀྱང་ཀླག། དགེ་བ་ཅུང་ཟད་གཞན་དག་ཀྱང་།། ཆུང་ངུ་ཟིན་ཀྱང་འདི་ཉིད་ལ།། དངོས་གྲུབ་མཆོག་ནི་ཐོབ་འདོད་པས།། རྟག་ཏུ་སེམས་ཅན་རྣམས་ལ་བསྔོ།། དེ་ལྟར་འདི་ནི་བྱང་ཆུབ ་སེམས། ། ཆོས་ཀྱི་དོན་དུ་ཡུལ་དུ་འགྱུར།། བྱང་ཆུབ་སེམས་དཔའ་ཉེར་བསྙེན་པའི།། མཚན་ཉིད་རྣམས་ཀྱང་རབ་ཏུ་བསྟན།། དེ་ལྟར་བློ་གྲོས་བསྟན་བྱས་ནས།། དགེ་བ་དག་ནི་སྤེལ་བར་བྱ།། དགེ་བ་དག་ཀྱང་སྤེལ་ནས་སུ།། ་སེམས་ཅན་རྣམས་ལ་ཡོངས་སུ་བསྔོ།། སྔགས་པ་བདེ་གཤེགས་སེམས་ལྡན་གང་།། དེ་ལྟ་བུར་ནི་རྟག་པ་རུ།། སེམས་ཅན་ཀུན་ལ་ཕན་བྱས་ནས།། ཞི་བ་དང་ནི་རྒྱས་པ་འཕེལ།། ཐོག་མར་དཀོན་མཆོག་གསུམ་པོ་ལ།། ་མཆོད་པ་སྣ་ཚོགས་བྱས་ནས་སུ།། དེ་ཡི་འོག་ཏུ་ཁྲོ་བོ་མཆོག། གཤིན་རྗེ་གཤེད་ལ་མེ་ཏོག་ནི།། དཀར་པོ་མཆོག་གིས་མཆོད་པ་བྱ།། མཆོད་པ་བྱས་ནས་འདི་དག་ཏུ།། ཆོ་ག་བཞིན་དུ་བཟླས་པ་བྱ།། བདེ་ཞིང་སྟན་ལ་བདེར་བདུག ་ལ། ། རབ་ཏུ་དང་ཞིང་བདེ་གཤེགས་སེམས།། དེ་ཡི་མིང་སྨོས་ཞི་འགྱུར་ཞེས།། ཁྲོ་བོའི་ཚིག་གིས་མཐར་སྦྱར་ཏེ།། བཽ་ཥ་ཊ་དག་ཀྱང་ཐ་མར་སྦྱར།། གང་ཡང་རུང་བ་ཞིག་ལ་ནི།། དེ་ལྟར་སྟོང་དུ་བཟླས་པ་བྱ།། ཡུལ་དང་ཡུལ་གྱི ་ཕྱོགས་རྣམས་དང་། ། རྒྱལ་པོ་དག་ལ་ཉིས་འགྱུར་བྱ།། རྟ་རྣམས་དང་ནི་གླང་པོ་དང་།། བ་གླང་དག་ལ་སྟོང་དུ་བཟླས།། ར་ལུག་དང་ནི་མ་ཧེ་ལ།། རྟག་པར་སྣོད་དུ་བཟླས་པར་གསུངས།། ཡང་ན་ལུས་ཅན་ཐམས་ཅད་ལ། ་བཟླས་པ་དག་ནི་བྱས་ནས་ཀྱང་།། བྱང་ཆུབ་སེམས་དང་ལྡན་པ་ཡིས།། ཞི་བའི་མཆོག་ཏུ་ངེས་པར་འགྱུར།། དེ་བཞིན་དུ་ཡང་རྒྱས་གྱུར་པ།། ཁྱད་པར་དུ་ནི་མེ་ཏོག་མཆོག། དཀར་པོ་ཙན་དན་གྱིས་སྐུས་པ།། བཟླས་ཤིང ་བཟླས་པའི་ཆོ་ག་བཞིན། ། འཇམ་དཔལ་ཁྲོ་བའི་སྤྱན་སྔར་ནི།། འོ་མས་གང་བའི་སྣོད་དུ་དབུལ།། སྟོང་གིས་རབ་ཏུ་རྒྱས་པར་འགྱུར།། སྙིང་ལ་རབ་དུ་དགའ་འགྱུར་བའི།། རྒྱས་པ་དེ་དག་བྱ་འདོད་ན།། གང་ཡང་རུང ་པ་དེ་ཡི་མིང་། ། ཆོ་ག་བཞིན་དུ་ཐ་མར་སྦྱར།། མཁས་པས་རྒྱས་པར་གྱུར་ཅིག་ཅེས།། དེ་མཐར་བཤད་པ་སྦྱར་ནས་སུ།། མེ་ཏོག་ཡིད་དུ་འོང་བ་རྣམས།། འོ་མར་བླུགས་པས་རྒྱས་པར་བྱ།། དེ་ནས ་གཞན་ཡང་དཔལ་འདོད་པ། ། དེར་ཡང་སྔ་མ་བཞིན་དུ་ནི།། ཙན་དན་དཀར་པོས་བསྐུས་པ་སི།། མེ་ཏོག་ཡིད་དུ་འོང་བས་མཆོད།། ཨཱ་ཀར་ནག་པོ་བཟང་པོ་ཡིས།། གདུག་པ་དག་ཀྱང་སྔགས་ཀྱིས་དབུལ།། ཉིན་རེ་དེ་ལྟར ་བྱས་ནས་སུ། ། ཆོ་ག་བཞིན་དུ་བཟླས་པ་བྱ།། དཔལ་ནི་བདག་པོ་སྒྲོལ་ཤིག་ཅེས།། མཐའ་མ་དག་ཏུ་སྦྱར་ནས་སུ།། དེ་ནས་ན་མ་སྭཱ་ཧཱར་ལྡོན།། ཆོ་ག་སྔོན་བཞིན་ཁྲི་བཟླས་ཏེ།། དེ་ནས་རྒྱ་མཚོར་རབ་འགྲོ་བའི།། ཀླུང་གི་འཇམ ་དུ་སོང་ནས་ནི། ། ལྟེ་བ་ནུབ་བར་ཆུར་འདུག་ནས།། མེ་ཏོག་པུན་ད་རི་ཀ་ནི།། ཙན་དན་དཀར་པོས་བསྐུས་ནས་ནི།། བཟླས་ཤིང་བཟླས་ཤིང་ཆུར་འབྲལ་བ།། བློ་དང་ལྡན་པས་འབུལ་བྱས་ན།། དེ་ཡི་མཇུག་ཏུ་དཔལ་ཆེན་འཐོབ།། ཡང་ན ་པད་མོ་དམར་པོ་ནི། ། ཙན་དན་དམར་པོས་བསླུས་ནས་ནི།། གལ་ཏེ་དེ་རུ་ཕྲལ་ན་ནི།། དེ་ནས་དེ་ཡི་མཐའ་མ་རུ།། ལས་འདི་དག་གིས་ངེས་པར་ནི།། མི་ཟད་པ་ཡི་གཏེར་འཐོབ་འགྱུར།། ཨ་ཏི་མུག་ཏ་ཀའི་མེ་ཏོག་རྣམས།། བཟླས་ཤིང་བཟླས། ་ཤིང་སྔ་མ་བཞིན།། གལ་ཏེ་ཅིག་འབུམ་ཕུལ་ན་ནི།། ཚོགས་གསུངས་པ་བཞིན་གནས་པའི།། སྔགས་པས་ངེས་པར་དེ་མཐར་ནི།། འདི་ནོར་འབྲམ་ནི་ཐོབ་པར་འགྱུར།། འདི་ལ་རྣམ་པར་དཔྱད་མི་བྱ།། དེ་སྟེ་དེ་ཡི་སྔ་མ་བཞིན།། སུམ་འབྲི ་དཔྲལ་བར་བྱས་ན་ནི། ། གདོན་མི་ཟ་བར་གནོད་སྦྱིན་མ།། དེ་ཡི་དབང་དུ་འདི་འགྱུར་རོ།། ཆོ་ག་འདི་ཡིས་སྒྲུབ་པ་པོ།། རིན་ཆེན་དག་ཀྱང་ཐོབ་པར་འགྱུར།། དེ་སྟེ་སྔགས་པས་སྔ་མ་བཞིན།། མེ་ཏོག་ཚོགས་མང་པོ་ནི།། ཙན་དན་དག ་བསླུས་པའི་རྣམས། ། དེ་ནས་སྔགས་པས་ཅིག་འབུམ་དུ།། ཆུ་ཡི་ནང་དུ་ཕུལ་ན་ནི།། ས་ཡི་སྟེང་ན་འདོད་པ་འཐོབ།། ཡང་ན་པད་མ་དཀར་པོ་ནི།། དང་གསུམ་དག་གིས་བསླུས་པ་རྣམས།། མེ་འབར་ནང་དུ་ལེགས་བསྲེགས་ན།། དེ་མིས ་དཔའ་བོ་མངོན་སུམ་མཐོང་། ། དེ་ལས་དེ་ལ་འདོད་མཆོག་དང་།། ནོར་དག་ཀྱང་ནི་རྙེད་པར་འགྱུར།། བློ་དང་ལྡན་པ་ཟས་ཀྱི་མཆོག། མང་ཀྱང་སྦྱང་རྩིར་བྱར་བ་དག། ཞིག་བདུན་དུ་ནི་གཟར་བུ་ཡིས།། དེ་ཡིས་དེ་ལ་འདོད་མཆོག་དང་།། ནོ ་དག་ཀྱང་ནི་རྙེད་པར་འགྱུར། ། བར་བའི་མེལ་བསྒྲེགས་ནས་ས།། སྦྲུལ་གྲུ་བདུན་རྣམས་རབ་ཏུ་འཐོབ།། འདི་ལ་རྣམ་པར་དཔྱད་མི་དགོས།། ཡང་ན་འབྲུརྣམས་ཐམས་ཅད་ཀྱི།། སྦྱིན་པ་སྲེགདོན་རྣམས་ཐམས་ཅད་བསྒྲུབ།། སྦྱིན ་བསྲེག་གཅིག་འདྲམ་བྱས་པ་ཡིས། ། དེ་དག་ཉིད་ནི་མིཟད་འགྱུར།། བིལ་བ་མར་གྱིས་བསྡུས་པ་འབུམ།། མེ་ནི་བ་ཏུའབར་བ་ལ།། སྲེགས་ནས་ས་ཡི་བདག་པོ་ལ།། ནོར་བཅས་དག་ནི་ཐོབ་པར་འགྱུར།། དྲར་བའི་འཛག་མ་མཐུན ་པ། ། ན་མ་སྭཱ་ཧཱ་མཐར་ལྡན་པས།། འོ་མ་ལས་སྤྱུགས་བསྲེགས་ན་ནི།། མི་ཡི་ཚེ་ནི་རིང་བར་འགྱུར།། དེ་བཞིན་མར་དང་སྦྲང་རྩི་དག། འབར་བའི་མེ་ལ་རྟག་ཏུ་བསྲེག། གདོན་མི་ཟ་བར་མྱུར་བ་རུ།། ཡིད་གཞུངས་པ་ཡང་ཐོབ་པར ་འགྱུར། ། རྒྱ་སྐྱེགས་ཤིང་གི་མེ་དག་ལ།། དེ་བཞིན་ཉིན་རེ་མར་གྱི་ཧོམ།། བྱས་ན་ཚ་དང་ཡིད་གཞུངས་གྲངས།། རྒྱས་དང་སྟོབས་དང་གཟི་བརྗིད་དང་།། དྲན་དང་དགའ་དང་མདངས་བཟངས་དང་།། དཔལ་དང་སེམས་དཔའི་དངོས་གྲུབ་དག། ་འཐོབ་པར་འགྱུར་བར་གདོན་མི་ཟ།། དེ་བཞིན་ཟས་རྣམས་ཀུན་བསྲེགས་པས།། གཟི་དང་རྒྱས་དང་སྟོབས་དང་ཟགས།། འདོད་པ་ཐམས་ཅད་ཕུན་སུམ་ཚོགས།། ཐོབ་པར་འགྱུར་བར་གདོན་མི་ཟ།། ཅི་ལྟར་ཆོ་ག་ཕྱི་མ ་ལས། ། ཕལ་ཆེར་འཇམ་དབྱངས་ཁྲོ་བོ་ཡི།། པད་མའི་ཞལ་ནས་ངེས་འཐུང་བ།། དེ་དག་མདོར་བསྡུས་བཤད་པ་ཡིན།། འཇམ་དཔལ་གྱི་ཆོ་ག་ཞིབ་མོ་ཁྲོ་བོ་གཤིན་རྗེ་གཤེད་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་ཀུན་གྱི་ཕྱི་མ་ལས་འཕགས ་པ་འཇམ་དཔལ་གྱི་ཁྲོ་བོའི་ཆོག་ཞིབ་མོ་བྱེམ་རིམ་པར་བྱེ་བ་སྟེ་དགྲ་པ་རྫོགས་སོ། ། ། དེ་ནས་ཆོ་ག་ཐམས་ཅད་ཀྱི།། ཕྱི་མའི་ཕྱི་མ་ཞེས་བྱ་བ།། སྦྱོར་བར་བཅས་ཤིང་རྒྱས་པ་ཡི།། ཆོ་ག་དེ་ནི་བཤད་པར་བྱ།། ་ཡི་གེ་བཅུ་བདུན་སྔགས་ཀྱིས་ནི།། དཔའ་བོ་བརྟུལ་ཞུགས་བཟང་པོ་དང་།། དེ་བཞིན་སྔོན་དུ་བསྙེན་ལ་སོགས།། ཆོ་ག་དག་ནི་འདིར་བཤད་ཟིན།། ད་ནི་ཡི་གེ་འབྲུ་གཅིག་པ།། སྔགས་མཆོག་དག་ནི་གང་གསུངས ་པ། ། དེ་ཡི་ལས་ཀྱི་ཆོ་ག་བཤད།། དཔའ་བོ་བརྟུལ་ཞུགས་མེད་པར་ཡང་།། འཇམ་པའི་དབྱངས་ཀྱི་ཁྲོ་བོ་གང་།། མིང་ནི་གཤིན་རྗེ་གཤེད་ཅེས་བྱ།། དེ་ཡི་སྙིང་པོ་མཆོག་དེ་ནི།། ཧཱུཾ་ཞེས་བྱ་བའི་ཡི་གེ་གཅིག། ཐོག་མར་ཨོཾ་བཞག་ཆོག ་བཞིན། ། རི་མོའི་སྤྱན་སྔར་འདུག་ནས་སུ།། འདི་ནི་འབུམ་ཕྲག་བཅུར་བཟླས་ན།། དེ་ཡི་འོག་ཏུ་སྒྲུབ་ལ་འཇུག། དེ་ནས་དེ་ཡི་རི་མོ་མཆོག། དོན་རྣམས་ཐམས་ཅད་སྒྲུབ་པ་གཞན།། གང་གིས་དངོས་གྲུབ་རབ་ཐོབ་པ།། ཚུལ་བཞིན་དུ་ནི ་རབ་ཏུ་བཤད། ། རས་ནི་སར་པ་ཁྲུ་གར་ཙམ།། ལེགས་པར་དཀྱུས་ཤིང་དྲིས་བསུས་ལྔ།། ཚོན་རྩི་བཟང་པོ་སྦྱིན་མེད་པས།། ཁྲོ་བོ་གཤིན་རྗེ་གཤེད་བྲི་བྱ།། ཞལ་ནི་བགྲད་ཅིང་འརིགས་པའི་གཟུགས།། སྨིན་མ་སེར་ཅིང་སྒྲ་ཡང་སེར། ་ཆར་སྤྲིན་ནག་པོའི་ཁ་དོག་འདྲ།། ཐོད་པ་དག་གིས་རྒྱན་དུ་བྱས།། སྤྱན་གསུམ་དབུ་ཡང་གྱེན་དུ་བརྫེས།། ཞལ་གཅིག་པ་ལ་མད་ངས་ཀྱང་གསལ།། ཕྱག་གཉིས་པ་ལ་བེ་ཅོན་བསྣམས།། ཕྱག་གཡོན་པས་ནི་བསྡིགས་པར་མཛད།། ཞབས ་ཀྱང་རབ་ཏུ་བཟང་པོ་གཉིས། ། མ་ཧེ་ལ་ནི་བཅིབས་པར་བྱ།། སྟག་ལྤགས་ན་བཟའ་བསྟབས་པར་དགྱེས།། འཁྲུག་ཅིང་འཇིགས་པའི་གསུང་ཡང་འབྱིན།། ཡན་ལག་ཐམས་ཅད་ཡོངས་རྫོགས་པ།། འོད་ཟེར་འབར་བ་བཅས་པའི་སྐུ།། དེ་རྦ ་དེ་ལ་མཁས་པ་ཡིས། ། མཆོད་པ་ཡན་ལག་མཆོག་གིས་མཆོད།། སྔགས་པ་བརྟུལ་ཞུགས་བརྟན་པ་ནི།། དེ་ཡི་འོག་ཏུ་བྲག་ཟུགས་ཞུགས།། རི་མོ་སྤྱན་སྔར་འདུག་ནས་སུ།། ཁ་ཟས་ཟབ་དག་སྤངས་ནས།། རི་དབང་དེ་ནི་ཅི་ཙམ་དུ།། གཡོ་བ། ་འགྱུར་གྱི་བར་དུ་བཟླས།། ཡང་ན་ཁྲོ་བོ་གཤིན་རྗེ་གཤེད།། བཞད་དམ་གཡོག་གི་བར་དུ་བཟླས།། ཡང་ན་རབ་ཀྱི་འབར་གྱི་བར།། བཟླས་ན་དེ་ཚེ་དངོས་གྲུབ་འཐོབ།། དེ་ལྟར་ལྷ་ནི་བཟླས་པ་ཡིས།། དངོས་གྲུབ་ཡ་མཚན་དེ་ཡིན་ནོ།། དེ ་ནས་རིག་འདྲེན་དཔལ་དང་ལྡན། ། གྲུབ་པར་འདོད་རྣམས་ཀུན་བསྒྲུབས་པ།། ཅི་བསམས་པ་ནི་དེ་དག་ཀུན།། རིང་པོར་མི་ཐོགས་འབྱོར་པར་འགྱུར།། ཐོས་ནས་ཡང་འགས་པར་འགྱུར།། ཆུ་དག་ཀྱར་ནི་གམས་པར་བགྱུར།། རི་རྣམས ་ཐམས་ཅད་བརྙིལ་བར་ནུས། ། རྒ་མཚོ་དག་ཀྱང་སྐམས་པར་བྱེད།། དེ་ལ་སོགས་པའི་ལས་རྣམས་ནི།། ཡ་མཚན་ཆེན་པོ་ཐམས་ཅད་དང་།། སེམས་ཅན་རྣམས་ནི་ཐམས་ཅད་ལ།། ཕན་པ་རྣམ་པ་སྣ་ཚོགས་བྱེད།། ཚོགསུ་མགསས ་བཀུན། ། ཆོག་སྔ་མ་བཞིན་དུ་བསྒྲུབས།། བསྒྲུབས་ནས་སེམས་ཅན་ཐམས་ཅད་ལ།། འབྲས་བུ་མཆོག་རྣམས་སྦྱིན་པར་བྱ།། གྲུབ་པའི་མཐུ་ནི་གང་ཡོད་པ།། བ་དེ་གཤེགས་པསམས་ན་དེ་དག་ཀུན།། འརྡུངས་པ་མེད་པའི་བསམས་པ ་ཡིས། ། སྐྱེ་བོ་ཕོངས་པ་རྣམས་ལ་སྦྱི་ནི།། སྙིང་རྗེ་ཅན་གྱིས་བདག་གི་ལུས།། ཕོངས་པ་དག་ལ་རྟག་ཏུ་སྦྱིན།། དེ་ལྟར་སྦྱིན་པའི་ཕ་རོལ་ཕྱིན།། དྲི་མ་མེད་པར་བསྒྲུབས་ནས་སུ།། དགེ་བ་འདི་ཡིས་སེམས་ཅན་ཀུན།། བདེ་བར་གཤེགས ་ལྡན་དགེ་བར་འགྱུར། ། བདེ་བ་ཐམས་ཅད་ཡོངས་རྫོགས་ཤིང་།། དགེ་བ་ཀུན་གྱི་སྣོད་གྱུར་ཅེས།། ཡིད་ཀྱིས་ཡོངས་སུ་བསྔོ་བར་བྱ།། གང་ཞིག་དེ་ལྟར་སྔགས་བསྒྲུབས་ཀྱང་།། དྲི་མ་མེད་པའི་བྱང་ཆུབ་སེམས།། བདེ་བ་རྟག་ཏུ་སྤྱོད་པ་དེ། ་དངོས་གྲུབ་རྟོག་ལས་གང་གསུངས་པ།། དེ་བཞིན་གཤེགས་པའི་ཞལ་ནས་པཱུར།། ཐམས་ཅད་དེ་ལ་ཉེ་བར་གནས།། སྒྲུབ་པ་པོ་དེ་རྫུ་འཕྲུལ་གྱི།། ཡོན་ཏན་ཀུན་དང་ལྡན་པར་འགྱུར།། དེ་ལྟར་འཇམ་དཔལ་ཁྲོ་བོ་ཡི།། ཞལ་ནས་གསུངས་པའི ་ཆོ་ག་ནི། ། བྲོ་བོ་རྣམ་རྒྱལ་རྒྱ་ཆེར་བསྟན།། ཆོ་ག་ཐམས་ཅད་བསྡུས་པའོ།། འཇམ་དཔལ་གྱི་ཆོ་ག་ཞིབ་མོ་ཁྲོ་བོ་ཐམས་ཅད་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་བདྲུས་པ་ལས་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཆོ་ག་ཞིབ་མོ་གྱི ་མའི་ཡང་ཕྱི་མ་རིམ་པར་བྱེ་བ་སྟེ་བཅུ་པ་རྫོགས་སོ། ། །། འཇམ་དཔལ་དབྱངས་ཀྱི་ཁྲོ་བོ་ཡི།། ཡི་གེ་གཅིག་པ་བཤད་ཟིན་ཏེ།། དེ་ནས་གཞན་ཡང་དེ་ཡི་ནི།། ཆོ་ག་ཞིབ་ཏུ་རྒྱ་ཆེར་བཤད།། གཤིན་རྗེ་རབ་ཏུ་འཇོམས་པ་ཡི།། ཞམ ་ན་དྷུ་ཞེས་བྱ་བར་བཤད། ། དེ་ནས་འཇམ་དཔལ་ཁྲ་བ་ནི།། དྲུགས་བྱ་བ་མཆོག་རིག་བྱ།། དེ་ཡི་དཀྱིལ་འཁོར་གཞན་ཡིན་ཏེ།། འདོད་པ་ཀུན་སྤྱན་ཤེས་པར་བྱ།། དུར་ཁྲོད་གནས་པར་བྲུ་བ་སྟེ།། དྲུང་ཁྲོད་དག་ས ་པ་གང་ཡིན་པའོ། ། ཐུབརྒྱ་དེ་ལས་ནི་སྒོ་བཞི་པ།། ཡང་ན་ཁྲུ་བཞི་པ་ཡང་རུང་།། དུར་ཁྲོད་གནས་པ་བཟང་པོ་སྟེ།། དྲང་ཁྲོད་ཐལ་བས་བྲི་བར་བྱ།། དེ་ཡི་དབུས་སུ་ཡི་དགས་ནི།། ཕྲེང་བ་དག་གིས་བརྒྱན་པ་བྲི།། སྐོར་ནི་ཡི་དགས་རོ་སྲང ་གཞག། མཐའ་མ་དག་ཏུ་མགོ་བོ་གཞག། གྲཝ་བཞིར་ཤཱུལ་བཞི་རྣམས་དང་།། ཐོད་པ་དག་ཀྱང་བྲི་བར་བྱ།། གལ་ཏེ་བྲི་བར་ནུས་ན་ནི།། མཁས་པས་དེ་དག་ཐལ་བས་བྲི།། དེ་སྟེ་དེ་དག་རི་མོ་ནི།། བྲི་བ་དག་ཏུ་མི་ནུས་ན།། དེ་ཚེས་གཞི་བཟང ་པོ་ལ། ། ཅན་དན་དམར་པོས་བསྐུས་ནས་སུ།། དུར་ཁྲོད་གནས་སུ་དང་པོར་ནི།། སྔགས་པས་ཡི་གེ་དགོད་པར་བྱ།། དེ་ནས་གཤིན་རྗེ་རབ་འཇོམས་པ།། དེ་རུ་སྤྱན་དྲངས་མཆོད་པར་བྱ།། འཇིགས་པའི་ཞལ་ནི་འབར་བ་དྲུག། དེ་བཞིན ་ཞབས་ཀྱང་དྲུག་དང་ལྡན། ། སྤྱན་གསུམ་ཆར་སྤྲིན་སྔོན་པོའི་མདོག། ཕྱག་ཀྱང་བཅཝ་བརྒྱད་དག་གིས་བརྒྱན།། ཁྲོ་བོ་གཤིན་རྗེ་རབ་འཇོམས་པ།། གཟིག་ལྤགས་ན་བཟར་གསོལ་པར་དགྱེས།། མཚོན་ཆ་བཟང་པོ་དུ་མ་བསྣམས།། ཡི་དགྲ། ་སྟེང་དུ་མཆོད་པ་བྱ།། འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད།། ཆོ་ག་བཞིན་དུ་མཆོད་བྱས་ཀྱང་།། མར་དང་སྦྲང་རྩི་སྦྱར་བ་ཡི།། འོ་མ་འབྲས་ཐུག་གཏོར་མར་དབུལ།། ཨ་ཀ་རུ་ཡི་བདུག་པ་དབུལ།། མར་མེ་དག་ནི་མར་ལས་བྱ།། དེ་ནས ་གཤིན་རྗེ་རབ་འཇོམས་པའི། ། ས་བོན་ཡི་གེ་གཅིག་པ་འདི།། ཇོ་བོའི་སྤྱན་སྔར་འདུག་ནས་སུ།། སྟོང་རྩ་བརྒྱད་དུ་བཟླས་པར་བྱ།། དེ་ཡི་འོག་ཏུ་མཁས་པ་ཡིས།། དུར་ཁྲོད་གནས་སུ་སློབ་མ་བཟུང་།། ཁྲོ་བོ་གཤིན་རྗེ་གཤེད་བྱེད་པ།། ཧཱུཾ་གི་ཞེས་ནི ་ཟློས་ཤིང་གཟུང་། ། བཅུད་ནས་དེ་ཡི་སྙིང་ཀར་ནི།། ཧཱ་ཞེས་བྱ་བ་བཞག་པར་བྱ།། དེ་ནས་ཤཱུ་ལའི་ཕྱག་རྒྱ་ནི།། རས་ཀྱི་གཡོགས་ཏེ་བཅིང་བར་བྱ།། སློབ་མ་དག་ལས་ལེགས་བསྟན་ནས།། དེ་ཡང་མཆོད་པ་བྱེད་དུ་གཞུགས།། དེ་ནས་གཤིན ་རྗེ་རབ་འཇོམས་པའི། ། ཁྲོ་བོ་མངོན་པར་དབང་བསྐུར་ནས།། འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད།། དེ་ཡི་ཡི་གེ་འབྲུ་གཅིག་སྦྱིན།། དེ་ནས་མཆོད་པ་ཡང་བྱས་ནས།། ཁྲོ་བོ་དེ་ནི་གཤེགས་སུ་གསོལ།། ཤཱུ་ལ་ཕྱག་རྒྱ་བཅིངས་ནས་སུ།། ་དེ་བཞིན་རྟག་པར་གཤེགས་སུ་གསོལ།། ཁྲོ་བོ་སྤྱན་ནི་དྲང་བ་དག། ཤུ་ལའི་ཕྱག་རྒྱ་ལྡན་པར་བྱ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས།། ཤུལ་རབ་ཏུ་བསྟན་པར་བྱ།། མཁས་པས་ལག་པ་གཉིས་དག་གིས།། སོར་མོ་ཕན་ཚུན ་བསྣོལ་ནས་སུ། ། གུང་མོའི་སོར་མོ་མཆོག་གཉིས་ནི།། དབུས་ནས་གྱེན་དུ་བསྒྲེང་ནས་བཞག། སྲིན་ལག་གཉིས་ནི་ནང་དུ་བཅུག། མཛུབ་མོ་གཉིས་ཀྱི་ནང་དུ་བཞག། དེ་ལྟར་དེ་གཉིས་བསྒྲེང་ནས་ནི།། ལྷག་མ་རྣམས་ནི་ལེགས་པར་བྱ།། ་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་འདི།། ཤཱུ་ལའི་ཕྱག་རྒྱ་ཞེས་གྲགས་པའོ།། འདི་ཡི་ལས་རྣམས་ཐམས་ཅད་ནི།། རྣམ་པར་སྤྱད་པ་མེད་པར་བྱ།། དེ་ནས་གཞན་ཡང་རིམ་པ་བཞིན།། གཤིན་རྗེ་རབ་ཏུ་འཇོམས་པ་འདི།། སྔགས་རྣམས་ཐམས་ཅད ་མ་ལུས་པ། ། དཀྱིལ་འཁོར་འདི་ནི་སྨྲ་བར་བྱ།། ཨོཾ་ཧཱུ~ཾ་ཏྲཾཿདབུས་ཀྱི་ཡི་དགས་ཀྱིའོ།། ཨོཾ་ཧཱུ~ཾ་ལ~ཾ་ལཱ་ཧ། ཡི་དགས་ཕྲེང་བའོ།། ཨོཾ་ཧཱུ~ཾ་ཛྲིཾ་ཏྲཿཡི་དགས་རོ་སྨད་དེ་སྒོ་བཞི་ཅར་དུའོ།། ཨོཾ་ཧཱུཾ་ཧཿའོག་སྟེ་ཐ་མའོ།། ཨོཾ་ཧཱུཾ་ཧྲཱིཿཥྚྲཱིཿཁ། ཤུལ་བཞི་ཆར ་གྱིའོ། ། ཨོཾ་ཧཱུ~ཾ་ཧྲི་ཧཿཐོད་པ་རྣམས་ཀྱིའོ།། ལྷོ་ཕྱོགས་ཀྱི་ནི་སྒོ་ཕྱེ་ནས།། ལྷག་མ་གཞན་ནི་གཅད་པར་བྱ།། དུར་ཁྲོད་གནས་སུ་རྟག་པ་རུ།། གཤིན་རྗེ་རབ་ཏུ་འཇོམས་པར་ནི།། སྔགས་རྣམས་ཀྱིས་ནི་རབ་བརྒྱན་ན།། དུར་ཁྲོད་ཀྱི་ནི་གནས་སུ ་འགྱུར། ། ཙན་དན་དམར་པོས་བསྐུས་པ་ཡི།། ས་གཞི་ཁྲུ་གང་ཙམ་ལ་ནི།། ཅི་ལྟ་བུར་ཡང་གང་ཡང་རུང་།། དཀྱིལ་འཁོར་དག་ནི་བྲིས་ནས་སུ།། དཀྱིལ་ནས་ཆོག་ཤེས་པ་ཡིས།། སྔགས་ཀྱིས་མཆོད་པ་རིམ་བཞིན་བྱ།། ཨོཾ་ཧཱུཾ་ཧྲཱིཿཥྚྲཱིཿཱ་ག། ་ཙཱ་ཡ་ཡཾ་པྲ་ཐ་ན་ཀཱ་ཧཱ།། སྤྱན་དྲང་བའོ།། ཨོཾ་ཧཱུ་ཏྲི་ཀ་ལ་མ་ཐཱན་ཧཱ། མཆོད་ཡོན་གྱི་སྔགས་སོ།། ཨོཾ་ཧཱུཾ་ཧྲཱིཿཤྲཱིཿཁཾ་ཁ་དྲིའི་སྔགས་སོ།། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཀ་ར་ལ་ར་ན་ཧ་ཧ།། མེ་ཏོག་གི་སྔགས་སོ།། ཨོཾ་ཧཱུཾ་ཏཱི། ཧཱུཾ་པ་ཤི་ཁ་ཧཱུཾ། བདུག་རྫི ་སྔགས་སོ། ། ཨོཾ་ཛྲེ་ཛྷཻཾ་ཧཱཿམར་མེའི་སྔགས་སོ།། ཨོཾ་ཧཱུ~ཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཁད་ཀལ། གཏོར་མའི་སྔགས་སོ།། ཨོཾ་ཧཱུཾ་སྭཱ་ཧཱ། ཁྲོ་བོའི་སྙིང་པོའོ།། ཨོཾ་ཧཱུཾ་ཧྲཱི་ཥྚྲཱི། གད་ཛ་ནྡྷ་བྲན་རག་མ་ནཱ་ཡ་སྭཱ་ཧཱ།། སླད་གཤེགས་སུ་གསོལ་བར ་སྔགས་སོ། ། འཇམ་དཔལ་གྱི་ཆོ་ག་རྩ་བའི་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱེ་མའི་ཡང་ཕྱི་མ་ལས་གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་འབྲུ་གཅིག་པའི་རྒྱལ་པོའི་དཀྱིལ་འཁོར་དཀོད་པའི་རིམ་པ་ཕྱེ་བ་སྟེ་བཅུ་གཅིག་པའོ།། ་དེ་ནས་དེ་ཡི་རི་མོའི་མཆོག། བསྒྲུབ་པ་པོ་ཡིས་བྲི་བར་བྱ།། ཅི་སྐད་གསུངས་པའི་ལས་རྣམས་བྱིའི།། བཟླས་པའི་ལས་ནི་རབ་ཏུ་བྱ།། རས་ཕྲན་ཁྲུ་གད་ཙམ་པོ་ནི།། བཟང་པོ་སར་པ་བཀྲུས་པ་ལ།། ཚོན་རྩི་དཀར་པོ་སྦྱིན་མེད་པས།། གཤིན་རྗེ། ་རབ་ཏུ་འཇོམས་པ་བྲི།། ཞལ་དྲུག་དབུ་ཡང་གྱེན་དུ་བརྫེས།། དེ་ཡང་སྤྱན་གསུམ་འཇིགས་འཇིགས་ལྟར།། ཁྲོས་པའི་ཕྱག་ཀྱང་བཅཝ་བརྒྱད་པ།། ཞལ་རྣམས་རབ་ཏུ་གསལ་བ་དྲུག། གཟིག་གི་ལྤགས་པ་ན་བཟར་གསོལ།། ཚུལ་བཞིན་ཡི ་དགས་སྟེང་ངན་བཞུགས། ། ཤུལ་རལ་གྲི་འཁོར་ལོ་དང་།། དགྲ་སྟ་མཆོག་ཀྱང་སྦྱིན་པའི་ཕྱག། ལྕགས་མདའ་བེ་ཅོན་རྡོ་རྗེ་དང་།། མདའ་བོ་ཆེ་ཡང་བསྣམས་པ་ནི།། གཡས་པའི་ཕྱག་སྟེ་གཡོན་པ་ན།། དབྱུག་ཐོ་ཞགས་པ་གཤོལ་དང་གའུ།། ཐོད ་པ་ལྕགས་ཀྱུ་མདུང་ཐུང་དང་། ། རྩེ་གསུམ་གདེངས་དང་དེ་བཞིན་བསྡིགས།། དེ་ལྟར་ཇི་སྐད་གསུངས་པའི་གཟུགས།། བུང་པ་དང་ནི་སྤྲིན་འདྲ་བ།། ཁྲིས་ནས་དེ་ཡང་ལེགས་པར་སྲ།། ཡིད་དུ་འོང་བའི་གནས་དག་ཏུ།། བཞག་ནས་བཟླས་པ་དག ་ཀྱང་བ། ། བཟླས་པའི་ཆོ་ག་འདིར་བཤད་དོ།། རིག་པ་འཛིན་པས་རྟག་པཅཝ།། བར་བའི་སྔགས་ཀྱིས་ཁྲུས་བྱའོ།། བདུད་རྩི་འབྱུང་བའི་སྔགས་ཀྱིས་ནི།། ཐོག་པར་ཚུལ་བཞིན་ཁབ་བྱས་ནས།། བདག་གི་ལུས་ལ་སྔགས་ཤེས་པས།། དེན ་སྤང་བ་ལེགས་པར་བྱ། ། དེ་ཡི་འོག་ཏུ་ཆོ་ག་བཞིན།། མཁས་པས་ཁྲོ་བོའི་ཁང་པར་འཇུག། ཞུགས་ནས་ཀུ་ཤ་ལས་བྱས་པའི།། སྟན་བཟང་དེ་ལ་འདུག་ནས་སུ།། དེ་ནས་ཆོ་ག་སྔོན་གསུངས་པས།། ཁྲོ་བོ་ལ་ནི་མཆོད་པར་བྱ།། ལག་ས ་གཉིས་ནི་དྲས་བསླུས་པས། ། སྔགས་ཀྱི་ནོར་བུ་བླངས་ནས་སུ།། ཉེས་པའི་སྐྱོན་དག་སྦྱང་བའི་ཕྱིར།། ཁྲོ་བོ་བདུད་ཅེ་ལན་བདུན་བཟླས།། དེ་ནས་སྔགས་པ་ཁྲོ་བོ་ལ།། མངོན་པར་ཕྱོགས་འདུག་བཟླས་པར་བྱས།། རབ་ཏུ་དང་ཞིང་རྩེ་གཅིག་ཡིད ་ཡིད་ནི་མི་སྐྱོ་བར་དུ་བྱ། ། དེ་ནས་མཁས་པས་བཟླས་པའི་མཐར།། ཁྲོ་བོ་གཤིན་རྗེ་རབ་འཇོམས་པ།། ཤུ་ལའི་ཕྱག་རྒྱ་བཅིངས་གཤེགས་གསོལ།། དེ་ལྟར་ལེགས་པར་ཉིན་རེ་བཞིན།། ཡི་གེ་གཅིག་པའི་སྔགས་འདི་ནི།། རྣམ་པ་ཀུན་དུ་ཆོག ་བཞིན། ། གང་ཞིག་བྱེ་བ་གཅིག་ཟློས་པ།། དེ་ཡིས་དངོས་གྲུབ་དམ་པ་འཐོབ།། དེ་ནས་གཞན་ཡང་ཅི་བསྟན་པའི།། ཁྲོ་བོ་ཉིད་ཀྱིས་གསུངས་པ་ཡི།། ཆོ་ག་དག་གི་སྔགས་རྣམས་ནི།། སྒྲུབ་པ་དག་ལ་ཕན་ཕྱིར་བཤད།། ཨོཾ་ཧཱུཾ་དྷི་བ་ཏ་ཏེ་ཛཱ་མཱ ་ཧཱ། ཁྲུས་ཀྱི་སྔགས་སོ།། ཨོཾ་ཧཱུ~ཾ་ཨ་མྲི་ཏ་པྲ་བྷ་བཾ་བ།། ཁ་བཀྲུ་བའི་སྔགས་སོ།། ཨོཾ་ཧཱུ~ཾ་སརྦ་ཧོ་རཀྵ་མན་ཏ་ཐཱ་ག་ཏཱ་ཛྙཱ་ན་པ་ཡ་ཏི་སྭཱ་ཧཱ། བསྲུང་བའི་སྔགས་སོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ་ཧཱུཾ་མནྟ་བྷོ་ཥ་ཛྙཱ་ཡཱ་སརྦ་དུཥྚ་བན་དྷ་བིན་དྷ་སྭཱ་ཧཱ། ་བདུག་པ་རྣམས་བཅིང་བའོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ་ཧཱུ~ཾ་དྷྲིཀ་བཱཀྵ་ར་ཕཊ། ར་བའི་སྔགས་སོ།། ཨོཾ་ན་མཿས་པ་ཏ་བཱ་ག་ཏེ་བྷྱཿསཱུདྷཱརྦཱ་ཏྲཱ་ཏྲཱ་ཛྫ། ཡ་མ་པྲ་མ་བཱ་ན་རཥཱ་ར།། ན་མ་སརྦ་ཊྚ་ཏ་བྷ་ཡ~ཾ་བྷྱ་ཏ་ཐཱ་ག་ཏོ་ཛྙཱ་ན་པ་པ་ཏི་སྭཱངྒ། འདི་ནི་ཡན། ་ལག་ཐམས་ཅད་བསྲུང་བའོ།། ཨོཾ་ཧཱུ་ཀཱ་ལ་མ་ཐཱན་ཕཊ། ཁྲོ་བོའི་ཁང་པར་འཇུག་པའི་སྔགས་སོ།། ཨོཾ་ཧཱུ་ཥ་ར་ཥ་མཱན་སཱ་ཐཱ།། གདན་གྱི་སྔགས་སོ།། ཨོཾ་བྲུ~ཾ་སི་དྷི་ཧཱུཾ་རྡོ་རྗེ་སྔགས་ཀྱི་ནོར་བུ་བླང་བའི་སྔགས་སོ།། ཨོཾ་ཧཱུ་ཀྲོ་དྷ་ཨ་མྲི་ཛ་གད ་པྲ་བྷ་སྭཱ་ཧཱ། ། སྔགས་ཀྱི་ནོར་བུ་ལ་གདབ་པའི་སྔགས་སོ།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས་གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་གཅིག་པཱ་རི་མོ་དང་། མཆོད་པ་དང་། བཟླས ་པའི་ཆོ་ག་རིམ་པར་ཕྱེ་བ་སྟེ་བཅུ་གཉིས་པའོ། ། །། དེ་ཡི་སྔོན་དུ་བསྙེན་པ་ནི།། བྱེ་བ་གཅིག་ཏུ་ངེས་པར་བཤད།། ཁྲོ་བོ་བརྟུལ་ཞུགས་ཕྱིས་སྤྱད་ན།། དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར།། ཤིང་ལས་བྱས་པའི་ཐོད་པ་ནི།། ་ཉི་ཤུན་དྲུག་སར་ཚང་བྱས།། མབས་པས་ཅེ་གསུམ་རྣོན་པོ་ནི།། ལག་པ་གཡས་དང་གཡོན་དུ་བཟུང་།། གཟིག་ལྤགས་ཀྱི་ནི་གོས་བགོས་ནས།། ལུས་ནི་ཐལ་བ་དག་གིས་བསྡུ།། རུས་པ་དག་གི་ཕྲེང་བ་ཡིག། ་ཅན་དུ་བྱས་ནས་བརྟུལ་ཞུགས་སྤྱད།། འཇིག་རྟེན་འཇིགས་པར་བྱེད་པ་ཡི།། གང་མོ་སྒྲ་ཆེན་དག་ཀྱང་འབྱིན།། དྲར་ཁྲོད་དམ་ནི་ཤིང་གཅིག་གས།། རི་འམ་ཡང་ན་ཚལ་ཡང་རུང་།། མཁས་པས་ཟླ་བ་དྲུག་དུ་ནི།། ལྕི་བ་བཟའ ་ཤིང་བརྡུལ་ཞུགས་སྤྱད། ། བློ་ལྡན་གྲོང་དུ་ཡོད་མི་འཇུག། མཉམ་པར་གཞག་ཅིང་ཚིག་མི་སྨྲ།། གཙང་ཞིང་ཚངས་པར་སྤྱོད་པ་དྲལ།། རྟག་ཏུ་བདེ་གཤེགས་སེམས་དང་ལྡན།། བྱང་ཆུབ་སེམས་དང་ཀུན་ལྡན་ཞིང་།། མ ་བརྟུལ་ཞུགས་གང་སྤྱོད་ཅིང་། ། རྟག་ཏུ་བཟླས་ལ་བརྩོན་བྱེད་པ།། དེ་ནི་དངོས་གྲུབ་མཆོག་ཐོབ་འགྱུར།། གཤིན་རྗེ་རབ་ཏུ་འཇོམས་པ་འདི།། དངོས་གྲུབ་གཞན་དུ་ཡོད་མི་འགྱུར།། གང་ཚེ་འདི་ཡི་བརྟུལ་ཞུགས་ནི།། བསྙེན ་པར་བྱ་བར་མི་ནུས་ན། ། དེ་ཚེ་ལྕི་བ་ཟ་ཞིང་ནི།། ཚུལ་བཞིན་བྱེ་བ་གསུམ་དུ་བཟླས།། བཟླས་པ་བྱས་པའི་ཐ་མར་ཡང་།། མཁས་པས་མཆོད་པ་རྒྱ་ཆེར་བྱ།། དེ་ནས་སྣ་མའི་མེ་ཏོག་སྟོང་།། རི་མོ་དག་ལ་ཕོག་པར་དབུལ།། རིག་པ་འཛིན་པས ་ལེགས་པ་རུ། ། དེ་ཡིས་ཕོག་པར་ཕུལ་ན་ནི།། གང་ཚེ་རབ་ཏུ་འབར་གྱུར་པ།། དེ་ཚེ་རི་མོ་དེ་ཡིས་ནི།། ནམ་མཁར་འབར་བར་གདོན་མི་ཟ།། དེ་ནས་རིག་འཛིན་ཐམས་ཅད་ཀྱིས།། མཆོག་ཏུ་གྱུར་ཏེ་ཐོག་མར་འགྲོ།། འོན་ཏེ་ཕོག་པར་བྲལ ་ན་ནི། ། རབ་ཏུ་གཡོ་བར་གྱུར་ན་ནི།། ཆོ་གཞི་བ་ལས་བཤད་པ་བཞིན།། དེ་ལ་དངོས་གྲུབ་འབྲིང་དུ་འགྱུར།། དེ་སྟེ་རབ་ཏུ་མི་གཡོ་བར།། རི་མོ་རང་བཞིན་དུ་འདུག་ལ།། དངོས་གྲུབ་ཐ་མ་ཐོབ་པར་འགྱུར།། ཅི་ལྟར་འབྲས་བུ་རྣམ་གསུམ་བ ་ལས་ནི་ཉོན་མོངས་སྤྱད་པ་ལས། ། དངོས་གྲུབ་རྣམ་གསུམ་འཐོབ་པར་འགྱུར།། བརྟུལ་ཞུགས་སྨད་ལ་རབ་ཏུ་འབར།། ཡང་ན་ཆུ་ཡི་ཀླུང་དག་བཟའ།། ཅི་ལ་མ་ཆགས་ཕྱུགས་གཅིན་བཏུང་།། བྱང་ཆུབ་སེམས་དང་ཀུན་ལྡན་ན།། དེ་ཚེ ་དངོས་ཐབ་དས་པ་འཐོག། དག་པའི་མཆོག་ས་བསྒྲུབས་པལ།། དངོས་ཐབ་མཆོག་དང་འབྲེད་རྣམས་དང་།། ཐམ་དག་ནི་བསྒྲུབ་པའི་ཕྱིར།། འདི་དག་ཀྱིར་ནི་བསྒྲུབ་བསྟན་ཡིན།། གང་ཆེ་དངོས་གྲུབ་མཆོག་རྣམས་དང་། འབྲིང་ཡང ་གལ་ཏེ་མི་འདོད་ལ། ། ལོངས་སྤྱོད་རྟག་ཏུ་འདོད་ན་ན།། དེ་ཚེ་རྟག་པར་བཟླས་པར་བྱ།། འདི་ཡི་ཆོ་ག་གཞན་དག་ཀྱང་།། དེ་ནས་མདོར་ནི་བཤད་པར་བྱ།། ས་གཞི་རབ་ཏུ་མདངས་དགའ་བ།། ལྕི་བ་བཟང་པོས་བསྡུས་པ་ལ།། དེ་ནི་ཙན་ད། ་དམང་པོ་འི།། ཀྱིལ་འབོད་དགྲ་ནམ་ངས་པས་བྱ།། དེ་ཡང་བཟུང་པོ་ལྡག་ཅན། བ་ཏུ་མཎྜམ་ཤིང་མེད་དུའོ།། ཀླ་ཤིན་རྗེ་བཅུ་རྣམ་པ་པའི་ག།། དཀྱིལ་འབྱོར་དྲུང་འོད་གནས་གསུངས་པ།། དེན་ས་དེར་ནི་ལྷག་པ་དག་གིས།། ་འཁོར་མཆོག་དེ་བྱས་ནས་ནི།། དེ་ཡི་འོག་དུ་སྔགས་རིག་པ།། ཅི་སྐ་གསུངས་པའི་ལས་དག་གིས།། ཅི་འབྱོར་པ་དང་ཅི་ནུས་ཀྱིས།། ཁྲོ་བོ་ལ་ནི་མཆོད་པར་བྱ།། ཉི་མ་རེ་རེ་ཆོག་བཞིན།། བཟླས་པ་དག་ཀྱང་སྟོང་དུ་བྱ།། དེ་ལྟར་རྟག་ཏུ་བྱས་པ་ཡིས། ་འདོད་པའི་འབྲས་བུ་ཐོབ་པར་འགྱུར།། འཇིག་རྟེན་ཐམས་ཅད་དགའ་བར་ཡང་།། གདོན་མི་ཟ་བར་འགྲུབ་པར་འགྱུར།། དེ་ཡི་དགྲ་ཡང་མེད་པར་འགྱུར།། ནད་མེད་འགྱུར་བར་གདོན་མི་ཟ།། དེ་ཡི་ལོངས་སྤྱོད་འཕེལ་བར་འགྱུར།། རྒྱལ་པོའང་དེའི ་དབང་དུ་འགྱུར། ། གང་ཞིག་རྟག་པར་ཆོ་ག་འདིས།། གཤིན་རྗེ་གཤེད་ནི་ཟློས་བྱེད་ན།། དེ་ལས་དེ་ཡི་དབང་པོ་དང་།། གཡོ་དང་མི་གཡོ་འཇིག་རྟེན་རྣམས།། བྱང་ཆུབ་སེམས་ལྡན་དེ་ཡི་ནི།། དབང་དུ་འགྱུར་བར་གདོན་མི་ཟ།། འཇམ་དཔལ་གྱི ་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས་གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་འབྲུ་གཅིག་པའི་བརྟུལ་ཞུགས་རིམ་པར་ཕྱེ་བ་སྟེ་བཅུ་གསུམ་པའོ། ། །། དེ་ནས་གཞན་ཡང་བརྟུལ་ཞུགས་ཀྱིས། ་བསྒྲུབ་པའི་ལས་རྣམས་བཤད་པར་བྱ།། དངོས་གྲུབ་མཆོག་རྣམས་ཐམས་ཅད་ནི།། གཤིན་རྗེ་རབ་ཏུ་འཇོམས་པ་འདི།། བརྟུལ་ཞུགས་དག་ནི་འདི་ཉིད་ཀྱིས།། རྣམ་པ་ཀུན་དུ་བསྒྲུབ་པར་བྱ།། ཕལ་ཆེར་དངོས་གྲུབ་མཆོག་རྣམས་ནི།། ་བརྟུལ་ཞུགས་མེད་པས་མི་འགྲུབ་སྟེ།། དེ་བས་གཤིན་རྗེ་འཇོམས་པ་ཡི།། བརྟུལ་ཞུགས་སྤྱད་པ་བྱས་ནས་སུ།། དངོས་གྲུབ་མཆོག་རྣམས་ལེག་པར་བསྒྲུབ།། མཁས་པས་གཞན་ལམ་ཡིན་ནོ།། ཅི་སྐད་བསྟན་པའི ་མཚོན་ཆ་རྣམས། ། རྩ་བའི་རྟོག་པའི་ཆོ་ག་བཞིན།། སྔགས་རིག་སྦྱོར་བ་སྔ་མ་བཞིན།། དེ་དག་རྟག་ཏུ་ལེགས་པར་བསྒྲུབ།། དེ་ལ་འདིར་ནི་རྟག་པ་རུ།། དུར་ཁྲོད་གནས་པའི་དཀྱིལ་འཁོར་ནི།། དངོས་གྲུབ་ཐམས་ཅད་རབ་སྦྱིན་པ།། བྱེ་བྲག ་ཏུ་ནི་ལོགས་ཤིག་གསུངས། ། རལ་གྲིས་འོག་རོ་ལངས་དང་།། མིག་འཕྲུལ་ཨན་ཛ་གེའུ་ཝང་དང་།། ཡུངས་དཀར་བ་ཐ་བཙག་རྣམས་དང་།། གཞན་ཡང་ལས་ངག་ཅི་འདོད་དང་།། མི་སྣང་བ་དང་རྐང་འགྱོགས་དང་།། གསེར་འགྱུར་ཅི་དང་བཅུད་ཀྱིས ་ལེན། ། གནོད་སྦྱིན་མོ་རྣམས་བསྒྲུབ་པ་དང་།། ཀླུ་ཡི་བུ་མོ་ལ་སོགས་བསྒྲུབ།། དགུག་པའི་ཆོ་ག་དམ་པ་ཡིས།། བུད་མེད་དམ་པ་སྤྱད་བསྒྲུབ་པ།། རྩ་བའི་རྟོག་པའི་ཆོ་ག་ཡིས།། ཚུལ་བཞིན་གནས་ནས་བསྒྲུབ་པ་བྱ།། དེ་ལས་འདི་ནི་ཁྲོ་བོ་འདི།། ཡི ་གེ་འབྲུ་གཅིག་ཁྱད་པར་བཤད། ། དེ་ནས་ཅི་སྐད་གསུངས་བསྟན་ཀུན།། མ་སྨོས་པ་ཡང་བསྒྲུབ་པར་བྱ།། འཇམ་དཔལ་ཁྲོ་བའི་སྙིང་པོ་འདི།། ཧཱུཾ་ཞེས་བྱ་བ་རྒྱས་པ་སྟེ།། འདི་ནི་རྩ་བའི་ཆོ་ག་ཡིན།། བསྡུ་བ་ཡོངས་སུ་བསྒྲགས་པའོ།། ་འཇམ་དཔལ་གྱི་རྩ་བའི་ཆོ་གཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས་ཐེ་བོ་གཤིན་རྗེ་གཤེད་ཀྱི་རྩ་བའི་ཆོ་གཞིབ་མོ་བསྡུས་པ་རིམ་པར་བྱེ་བ་སྟེ་བཅུ་བཞི་པའོ།། །། རྟོག་པ་མདོ་རུ་བསྡུས་པ་དང་།། རྒྱས་པ་དག་ཏུ ་བཤང་པ་དང་། ། བརྟུལ་ཞུགས་དང་ནི་ངེས་པ་ཡིས།། དེ་ནས་ཁྲོ་བོ་བའི་ཅན་གྱི།། ཞལ་དྲུག་ཏཱ་ཞེས་བྱ་བའི་སྔགས།། བཟླས་བཅས་གྱིས་གྲུབ་པ་ནི།། གསང་བ་མདོ་རུ་བཤད་པར་བྱ།། རྒྱས་ཞུགས་སུད་དང་བཏུལ་ཐུགས་དཀའ།། དེ་དག་འདི ་ལཡོང་མད་དེ། བནིག་ཅག་པཟླས་པ་ཙམ་མས་ཀྱང།། ཁས་རྣམས་ཐམས་པ་དབྱེད་པར་འགྱུད།། མནམ་སས་ཐཱག་ཏེ་བྷྱ་ཧྨ་དྷཱ་ཛཱ་ཛྫ་ཛྫ། པམ་ཐམ་པ་དང། མས་ནུས་བྷ་ལ་གྷ། ཐཱ་ག་ཛྙཱན་པས་ཏེ་སྭཱ་ཧཱ། ཡ~ཾ་ག ་བཞི་རྩ་གསུམ་འདི། ། ཁྲོ་བོ་ཀླགས་པ་ཙམ་གྱིས་འགྲུབ།། དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར།། སངས་རྒྱས་ཀུན་གྱིས་མངོན་པར་བསྟོད།། དེ་ནི་རྟག་པར་བཟླས་ན་ནི།། དངོས་གྲུབ་ཐམས་ཅད་སྟེར་བར་བཤད།། དུར་ཁྲོད་གན་སུ་རྟག ་བར་ར། ། ག་ཏུ་ཐོས་པ་ཆོ་ག་འདིས།། ལྷ་དང་ལྷ་མིན་དྲི་ཟ་དང་།། གནོད་སྦྱིན་སྲིན་པོ་ཀླུ་ཡི་རིགས།། དཔག་ཆད་བདུན་ནི་ཁོར་ཡུག་ཨུ0f7f།། དེ་ཡི་གཟིས་ནི་འབྱེར་བར་འགྱུར།། ཁྲོ་བོ་གཤིན་རྗེ་གཤེད་མཛད་པ།། ཞལ་དྲུག་ཧཱུཾ་གི་སྔགས ་འདི་ནི། ། གང་ཞིག་ཟློས་པར་བྱེད་པ་ནི།། འགྲོ་དང་མི་འགྲོ་འཇིག་རྟེན་ན།། དེ་ལ་དཀའ་བ་ཅུང་ཟད་མེད།། ཞལ་དྲུག་ཧཱུཾ་ཞེས་བྱ་བའི་སྔགས།། ཤུལ་ཕྱག་རྒྱ་ལྡན་པ་ནི།། ཁྲོ་བོ་རྣམ་རྒྱལ་རྒྱུད་འདི་ལ།། དེ་ནི་གྲུབ་པར་རབ་ཏུ་བསྒྲགས།། དུར་ཁྲོད ་གནས་སུ་ཆོ་ག་བཞིན། ། དེ་ཡི་སྔོན་དུ་བསྙེན་པ་ནི།། ཐོག་མ་ཉིད་དུ་གཅིག་འབུམ་བྱ།། དེ་ནས་རྟག་པའི་ཆོ་གར་སྤྱད།། རྟག་པར་སྤྱོད་པའི་ཆོ་ག་ཡིས།། དེ་ནས་གཅིག་འབུམ་བཟླས་ནས་ཀྱང་།། དེ་འོག་ཅི་སྐད་གསུང་བ་ཡིས།། ལས་རྣམས་ཀྱི ་ནི་བསྒྲུབ་ལ་འཇུག། རྩ་བའི་རྟོག་པའི་ཆོ་ག་ཡིས།། དེ་ནས་ཐམས་ཅད་ལས་གྲུབ་པར།། ཞལ་དྲུག་ཧཱུཾ་ཞེས་བྱ་བ་ཡི།། ཆོ་ག་འདིར་ནི་མདོར་བཤད་པ།། འཇམ་དཔལ་ལས་བྱུང་ཁྲོ་བ་ནི།། ཧཱུཾ་ཞེས་བྱ་བའི་ཞལ་ཉིད་ཡིན།། གཤིན་རྗེ་གཤེད ་ཅེས་བྱ་བར་གྲགས། ། འདི་ལ་དཀའ་བ་ཅི་ཡང་མེད།། ཁྲོ་བོ་ཞལ་ནས་མདོ་རུ་ནི།། ཆོ་ག་བཟང་པོ་ཅི་གསུངས་པའི།། ཆོ་ག་དེ་བཞིན་བདག་གིས་བཤད།། ཞལ་དྲུག་ཧཱུཾ་ཞེས་བྱ་བ་འདིས།། ཧཱུཾ་ཞེས་བྱ་བ་དྲུག་དུ་བསྒྲགས།། དེ་བཞིན། ་གཞན་ཡང་རྟོག་པར།། ཊཱི་ག་མཐའ་ནི་བསྐུལ་བ་བྱ།། ཧཱུཾ་ཏྲང་ཤུ་བའི་ཕྱག་རྒྱར་ལྡན།། རི་རྣམས་ཀུན་ཀྱང་འགས་པར་བྱེད།། ཧཱུཾ་ཏྲི་རབ་ཏུ་སྦྱར་ན་ནི།། མྱུར་དུ་རས་ཀྱང་གོས་པར་འགྱུར།། ཧཱུཾ་ཚིག་རིག་སྔགས་ཐམས་ཅད་དང་།། མཚན ་ཆ་རྣམས་ནི་གཅོད་པར་བཤད། ། ཤུ་ལའི་ཕྱག་རྒྱ་དང་ལྡན་པར།། ཧཱུཾ་ལ་རྟག་པར་རབ་སྦྱར་ནས།། སྡང་བ་རྣམས་ནི་ཟ་བ་དང་།། དགྲ་ཡི་དཔུང་དག་རབ་ཏུ་འཇིག། ཧཱུཾ་གི་རབ་ཏུ་སྦྱར་ན་ནི།། གླང་པོ་གནོན་པ་རབ་ཏུ་བསྒྲགས།། ་ཧཱུཾ་ཐ་མཚོན་ཆ་ཀུན་འཕེལ་ཚེ།། ལྷ་དང་ལྷ་མིན་འཇིགས་པར་བྱེད།། ཧཱུཾ་ཧ་དཔུང་རྣམས་འཇིག་པ་དང་།། རྨོངས་པར་བྱེད་པ་ཡོངས་སུ་བསྒྲགས།། ཧཱུཾ་ཀྲ་རབ་ཏུ་སྦྱར་ན་ནི།། ཕན་ཚུན་མཚོན་ཆ་འཁྲུག་པར་བྱེད། ་ཨ་རབ་ཏུ་སྦྱར་ན་ནི།། སྒྲ་ཡ་ཐང་བར་བྱེད་པ་ཡིན།། ཧཱུཾ་ག་གླང་པོ་སེང་གེ་དང་།། རྟ་དང་མི་དང་བྱ་རྣམས་དང་།། གྲུ་དང་ཤིང་རྟའི་བཞོན་པ་དང་།། འབབ་ཆུ་དག་ཀྱང་མྱུར་བར་འདིར།། ཤུལ་ཕྱག་རྒྱར་ལྡན་བྱས་ན།། གནོད་པར་བྱེད་པའི ་མཆོག་ཡིན་ནོ། ། དཱི་བ་རབ་ཏུ་སྦྱར་ན་ནི།། མནན་པ་རྟག་ཏུ་ཐར་བར་བྱེད།། ཧཱུ~ཾ་དྷི་རབ་ཏུ་སྦྱར་ན་ནི།། ལྷག་ལྷ་མིན་གཞན་ཡང་འགྲུབ།། དངོས་གྲུབ་ཕྲ་མོ་ཐམས་ཅད་ལ།། བསྐུལ་ན་དེ་ཡི་འབྲས་བུར་འགྱུར།། ཧཱུ~ཾ་བཾ་ཀུན་དུ་དབང་བྱེད་པ། ་ཐ་མར་ར་བཞག་དབྱེ་བར་བྱེད།། ཏ་དང་སྦྱར་ན་སྡང་བར་བྱེད།། མ་དང་སྦྱར་བ་གསོད་པར་བྱེད།། ཡ་དང་སྦྱར་ན་དེ་བཞིན་གསོད།། ལ་དང་སྦྱར་ན་མིག་འཕྲུལ་བྱེད།། ཞི་དང་རྒྱས་ལ་འབའ་ཞིག་གོ།། དེ་ལ་སོགས་པ་གཞན་རྣམས་ཀྱང་།། ་རྩ་བའི་ཆོ་གས་སྦྱར་བར་བྱ།། དེ་ནས་ཅི་སྐང་གསུངས་པ་ཡི།། ལས་རྣམས་ཀྱིས་ནི་བསྒྲུབས་པར་བྱ།། དེ་ལྟར་གཤིན་རྗེ་གཤེད་འདི་ཡི།། དངོས་གྲུབ་ངེས་པར་འཐོབ་པར་འགྱུར།། འདི་ནི་ཁྲོ་བོ་རྣམ་རྒྱལ་གྱི།། རྟོག་པའི་ཡི་གེ ་གཅིག་པ་གང་། ། འཇམ་དཔལ་ཁྲོ་བོ་གཙོ་བོ་ཡི།། གསང་བ་གཞན་དག་བཤད་པ་ཡིན།། འཇམ་དཔལ་གྱི་ཆོ་ག་རྩ་བཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཞལ་དྲུག་ཧཱ ་ཞེས་བྱ་བ་ལས་ཟུང་བའི་ཆོག་ཞིབ་མོ་རིམ་པར་བྱེ་བ་སྟེ་བཅཝ་ལྔ་པའོ། ། ། དེ་ནས་ཆོ་ག་ཞི་བརྒྱས་པ།། གཤིན་རྗེ་གཤེད་པོ་གཅིག་པོ་ཡི།། ཆོག་ལྡན་གྱི་མཆོག་དང་རག། དོན་ཐུབ་ཅེས་པ་བཤད་པར་བྱ།། དེ་ལ ་འཛིན་དཔལ་ལྡན་པས། ། ལས་རྣམས་ཐམས་ཅད་བསྒྲུབ་པའི་ཕྱིར།། མཉམ་གནག་བྱང་ཆུབ་སེམས་ལྡན་པས།། ཐོག་མར་དཀྱིལ་འཁོར་བྲི་བར་ག།། མཚོའམ་རྒྱ་མཚོར་འགྲམ་དགགས།། གཙང་རོང་དྲང་སྲོང་ངུ་ང་། ་ད་དང་དང་རིས་བརྟགས་ནས།། མ་ཏོགས་ལ་མ་དག་གིས་བརྒྱན།། དཔའ་བོ་གཅིག་པའི་སྔགས་འབར་བས།། མེ་ལྕེ་འབར་བའི་འཁྲུག་བྱས་ཏེ།། ས་དང་སྐྱུ་རུར་ལ་སོགས།། བསངས་ན་ཁྲུས་ལ་བརྩམ་པར་བྱ།། རིག་འཛིན་ཟླས ་བྱས་གཙང་མ་ཡི། ། དེ་ནས་སྔགས་ངེས་ཐམས་ཅད་ནི།། བདག་གི་ལུས་ལ་དགོད་པར་བྱ།། ཁྲོ་མིག་དམར་པོར་གྱུར་པ་ཡིན།། དེ་ནས་ས་ཕྱོགས་གཙང་མ་ནི།། ཕྱག་དར་ཟང་ཟིང་ཡོངས་སྤངས་པ།། བགེགས་རྣམས་ཞི་བར ་བྱབའི་བྱིར། ། གསང་སྔགས་ཟློས་ཤིང་བལྟ་བར་བྱ། དེ་ནས་ཁྲོ་བོག་ཤིན་རྗེག་ཤེད།། དཔའ་བོ་གཅིག་པུའི་སྔགས་ཐོས་ཤིང་།། དཀྱིལ་འཁོར་བཟང་པོ་གྲུ་བཞི་པར།། དྲང་ཁྲོད་ཐལ་བས་བྲི་བར་བྱ།། ནབ་ཕྱོགས་སྒོགདོང ་བཞི་པར། ། དེ་ཡི་དབུས་སུ་པད་མ་ཐེ།། བཙོན་ཕྱག་རྒྱ་རྩེ་འབར་བ།། གྲཝ་བཞི་དག་ཏུ་བྲི་བར་བྱ།། འདི་ནི་བཙོན་མང་པོ་ཡིན།། ཐུལ་ཅན་གྱི་ཤུལ་མང་།། མདུང་ཐུང་རྣམས་ཀྱིས་ཡོངས་བསྐོར་བ།། དེ་བཞིན་མདུང་ཐང་མང ་ཞེས་བྱ། ། དེ་བཞིན་ཐོད་པ་མང་པོ་ཡིན།། མི་རོ་དང་ལྡན་མི་རོ་མང་།། མི་རོ་མི་སྡུག་མགོ་མེད་པ།། ཡི་དགས་འབར་དང་སྲིན་པོར་ལྡན།། ཕྱོགས་བཅུ་ཀུན་ནས་འཇིགས་པ་ཅན།། དེ་ནི་དུར་ཁྲོད་མང་ཞེས་བྱ།། གཤིན་རྗེ ་གཤེད་པོ་དཔའ་བོ་ཡི། ། དཀྱིལ་འཁོར་རྣམ་པ་དྲུག་ཏུ་བཤད།། དེ་ལ་བེ་ཅོན་མང་པོ་ནི།། ལོངས་སྤྱོད་ཐམས་ཅད་འཕེལ་བར་བཤད།། ཤུལ་མང་པོ་སྲིན་རྣམས་ནི།། འཇོམས་པ་རབ་ཏུ་བསྒྲགས་པ་ཡིན།། དེ་བཞིན་མདུང་ཐུང་།། ་མང་པོ་ནི།། བགེགས་རྣམས་ཐམས་ཅད་ཚར་གཅོད་པའོ།། ཐོད་པ་མང་ཞེས་བྱ་བ་རྣམས།། འཁྲུལ་འཁོར་ཐམས་ཅད་རབ་ཏུ་འཇིགས།། མི་རོ་མང་པོ་ཞེས་བྱ་བ།། རོ་ལོངས་ཐམས་ཅད་བསྒྲུབ་པའོ།། དུར་ཁྲོད་མར་པོ་རབ་གྲགས་པ།། ་དངོས་གྲུབ་ཐམས་ཅད་རབ་སྦྱིན་པའོ།། དེ་ལ་པད་མོའི་དབུས་སུ་ནི།། འཇམ་པའི་དཔལ་གྱི་ཁྲོ་བོའི་མཆོག། གཤིན་རྗེ་གཤེད་ཅེས་བྱ་བ་དེ།། ཆོ་ག་བཞིན་དུ་བཞུགས་པར་བསམ།། ཨིན་ཏྲ་ནཱི་ལའི་བཅག་འ་བོ་མདོག། ཞལ་དྲུག ་སྤྱན་ཡང་འཇིགས་པར་གཟིགས། ། ཁྲོས་ཤིང་ཞལ་ཡང་བགྲད་པ་སྟེ།། འཇིགས་འཇིགས་བལྟ་ལ་འཇིགས་པར་གནོན།། སྤྱན་གསུམ་སྒྲ་ཡང་གྱེན་དུ་བརྫེས།། ཚེམས་ཀྱིས་སྤྲོས་མནན་འཇིགས་འཇིགས ་བལྟ། ། བཅཝ་བརྒྱད་ཕྱག་ནི་དྲན་ལ་བྱ།། ཞབས་ཀྱང་རབ་ཏུ་འབར་བ་དྲུག། མི་རོ་མགོ་མེད་ཕྲེང་བ་ཡི།། སེ་རལ་ཁ་ཡི་རྒྱན་དུ་བྱས།། མདུང་ཐུང་ཐོ་བཞགས་པ་ཡི།། ། རལ་གྲི་ལྕགས་ཀྱུ་མཚོན་ཆ་ཐོགས།། ཤུལ་རྡོ་རྗེ་དབྱུག་ཐོ ་དང་། ། བེ་ཅོན་མཚོན་ཆ་རྣམས་དང་ནི།། དེ་ལྟར་གཡས་པའི་ཕྱག་ན་བསྣམས།། གཡོན་པས་བསྡིགས་ཤིང་དྲིལ་བུ་དང་།། ཐོད་པ་བཟང་པོ་ཁ་ཏྲྀ་ག། མི་མགོ་རློན་དང་ཀེང་རུས་དང་།། འཇིགས་པའི་མི་རོ་དབྱུག་ཏོ་འབར།། དེ་དག ་ཕྱག་ན་རྟག་ཏུ་ཐོགས། ། ཁྲོ་བོ་གཤིན་རྗེ་གཤེད་པོ་ནི།། ཤི་བའི་རོའི་སྟེང་ན་བཞུགས།། འཇིགས་པ་མཚོན་གདེངས་འཇིགས་འཇིགས་བལྟ།། དུར་ཁྲོད་ན་ནི་རྟག་ཏུ་བཞུགས།། སྦྲུལ་དང་སྲིན་པོ་ཐམས་ཅད་འཇོམས།། ལྷ་རྣམས་ཀུན ་གྱིས་ཕྱག་བྱས་ཤིང་། ། ཁྲོ་བོ་ཐམས་ཅད་ལེགས་པར་འདུད།། སྐུ་ནི་རབ་ཏུ་འབར་བ་ཅན།། འཁྲུག་ཅིང་རབ་ཏུ་ཟ་བ་རྣམས།། སྟག་ལྤགས་ན་བཟའ་མནབས་པར་དགྱེས།། འཇིག་རྟེན་ལྷ་ནི་ཁྲོ་བོ་རྣམས།། མཚོན་ཆད་ནི་མཐུ་སྤངས་ནས།། རྗེས་སུ ་འབྲང་ཞིང་ཕྱག་བྱས་པའི། ། ཁྲོ་བོ་གཤིན་རྗེ་གཤེད་དྲན་བྱ།། དེ་ལྟར་འཇིགས་མེད་བྱས་ནས་སུ།། བདག་གི་སྔགས་ཀྱིས་དྲན་བྱས་ནས།། སྤྱན་དྲངས་ཙན་དན་གྱིས་བསྐུས་ནས།། མེ་ཏོག་མང་པོས་མཆོད་པར་བྱ།། རྟག་ཏུ་རིག་པ་འཛིན་པ ་ཡིས། ། ཙན་དན་དམར་པོ་དབུལ་བར་བྱ།། བདུག་པ་དང་ནི་གཏོར་མ་ཡིས།། རིམ་པ་བཞིན་དུ་མཆོད་ནས་ནི།། སློབ་མཐེ་བོའི་སྔགས་དག་དང་།། སངས་རྒྱས་སྤྱན་གྱི་སྔགས་དག་གིས།། བཙུང་ནས་མེ་ཏོག་མདོར་དུ་གཞུག། དེ་ནས་རིག ་འཛིན་དཔལ་དང་ལྡན། ། བདུད་རྩི་ཐབས་སྦྱོར་བཟླས་ནས་སུ།། ཕྲེང་བ་ཙན་དན་དཀར་ལ་སོགས།། མཆོད་པ་བྱས་ནས་སློབ་མ་ལ།། དེ་ནས་སངས་རྒྱས་སྤྱན་ཡང་བཟླས།། ཁྲོ་བོ་གཤིན་རྗེ་གཤེད་པོ་ནི།། འཇིགས་པ་ཕ་རོལ་གནོན་པ་སྦྱི། ་ལྷ་ཁྱོད་བདག་གིས་མནོས་སོ་ཞེས།། དེ་སྐད་སློབ་མ་ས་ལན་གསུམ་སྨྲས།། དེ་ནས་སྔགས་རིག་ཆོ་ག་བཞིན།། བླ་མ་དག་ལ་ཕྱག་བྱས་ནས།། ཆོ་ག་བཞིན་དུ་དབང་བསྐུར་བས།། ཁྲོ་བོ་གཤིན་རྗེ་གཤེད་པོ་བཟླས།། འཇམ་དཔལ་གྱི ་རྩ་བའི་ཚེ་གཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ཕྱེ་མའི་ཡང་ཕྱི་མ་ཞེས་བྱ་བ་ལས་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་རིམ་པར་བྱེ་བ་སྟེ་བཅུ་དྲུག་པའོ། ། །། དེ་ནས་གཞན་ཡང་གཤིན་རྗེ་ཡི།། གཤེད་པོའི་སྔགས་འདི་མནོས་ནས་སུ།། མིར ་ངག་གི་གོས་བླངས་ནས། ། དེ་ལ་དེ་ཡི་གཟུགས་ཀྱང་བྲི།། དེ་ནས་ཚོན་རྩི་སྦྱིན་མེད་པ།། བཟང་པོས་སྔ་མ་བཞིན་དུ་བྱ།། བཟང་པོ་ཁྲུ་གང་ཚད་དུ་བྱ།། ཡང་ན་ཁྲུ་བཞིའི་ཚད་དུ་བྱ།། གང་ཚེ་སྔགས་པ་བདག་ཉིད་ཀྱིས།། བྲི་བར་མི་ནུས་དེའི་ཚེ།། བཟོ་བོ་བསྩུ ་བ་བྱས་པ་ནི། ། ཁྲིམས་མནོས་པ་དག་འདྲི་རུ་གཞུག། ཤི་བའི་རེའི་སྟེང་དུ་བཞུགས།། ཕྱག་ནི་བཅཝ་བརྒྱད་རྣམས་ཀྱིས་བརྒྱན།། ཞལ་དྲུག་ཞབས་ཀྱང་དྲུག་ཏུ་བསྟན།། འཇིགས་པ་གནོད་པ་འཇིགས་འཇིགས་བལྟ།། ཁ་གཅིག་གཞད་ཅིང་ཁ་ཅིག་ནི།། ལྗགས ་འདྲིལ་ཁ་ཅིག་མཆེ་བ་གཙིགས། ། ཁ་ཅིག་ཞལ་གདངས་ཁ་ཅིག་ཁྲོས།། ཁ་ཅིག་འཇིགས་པ་ཕ་རོལ་གནོན།། ཁྲོ་བོ་དེ་འདྲའི་ཞལ་འདྲ་བ།། སྨིན་མཚམས་སེར་ལ་སྤྱན་ཡང་སེར།། ཅི་སྐད་གསུངས་པའི་མཚོན་ཆ་རྣམས།། ཕྱག་ན་བསྣམས་པ་བྲི་བར ་བྱ། ། དབེན་ཞིང་འདུ་འཛི་མེད་པ་རུ།། སྔགས་པས་དེ་ལྟར་འདྲིར་གཞུག་གོ།། དེ་ལྟར་བྲིས་ནས་སྔགས་མཁན་དེ།། རི་མོ་ལ་ནི་བལྟས་ནས་འདུག། ཆོག་ཤེས་པས་འབུམ་བཟླས་ཏེ།། རི་མོ་བྲིས་པས་དེ་ཉིད་ཀྱིས།། དེ་ནས་བསྒྲུབ་ལ་འཇུག་པར་བྱ། ་གཤིན་རྗེག་ཤེད་པོ་དེ་ཡི་སྔགས།། དྲག་པོ་གང་ཡིན་དེ་བཤད་དོ།། ཨོཾ་ནི་དེ་ཡི་དང་པོ་ཡིན།། ཨ་ཞེས་བྱ་བ་གཉིས་པ་ཡིན།། ཐེཞེས་བྱ་བ་གསུམ་པ་སྟེ།། དྷེ་ཞེས་བྱ་བ་བཞི་པ་ཡིན།། ཀ་ཞེས་བྱ་བ་ལྔ་པ་ཡིན།། ཡ་ཞེས་བྱ་བ་གསང་འདྲག ་མཱན་ཞེས་བྱ་བ་བདུན་པ་སྟེ། ། ཏ་ནི་བརྒྱད་པར་ཤེས་པར་བྱ།། ཀ་ནི་དགུ་སྟེ་ཧཱུ~ཾ་དང་བཅུ།། དེ་བཞིན་པཊ་བྱ་ལྷག་པ་སྟེ།། མི་མཉམ་སྔགས་ནི་བཅུ་གཅིག་པའོ།། འཇམ་དཔལ་གྱི་ནི་ཁྲོ་བོ་མཆོག། གཤིན་རྗེ་གཤེད་ཅེས་བྱ་བ་དེ།། ཆོ་ག་ཕྱེ་མའི་ཕྱི ་པ་སྟེ། ། སངས་རྒྱས་ཀུན་གྱིས་མངོན་པསྟོད་པའི།། སྔགས་དེ་དེ་ལྟར་མནོས་ནས་སུ།། ཆོག་ས་ནོས་ནས་བཟླས་བྱས་ན།། རིག་འདྲིན་གོ་འབང་ཐོབ་པར་འགྱུར།། ཨོཾ་ས་ཀྲོ་དྷ་ཀ་ཡ་མཱན་ཏ་ཀ་ཙྪ་ཕཊ།། གཤིན་རྡེག ་ལྷའི་ལྷའོ། ། ཨོཾ་ཨ་མྲི་ཏ་ཀུ་ཎ་ཌ་ལི།། སརྦ་བིགྷ་ནན་ནི་ཀྲིན་ཏ་ན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ།། བདུད་རྩི་ཐབས་སྦྱོར་གྱིའོ།། ཨོཾ་བུད་དྷ་ལོ་ཙྪ་ནེ་སྭཱ་ཧཱ།། སངས་རྒྱས་སྤྱན་གྱིའོ།། དེ་ནས་གཞན་ཡང་བཟླས་པ་ཡི།། གནས་དག་ཇི་ལྟར་ཡིན་པར་བཤད།། དུར་ཁྲོད ་ཡང་ན་རི་ཡང་རུང་། ། ཚང་ཚིང་པད་མའི་མཚོ་འགྲམ་དུ།། ཁྲོ་ཞིང་གཤིན་རྗེ་གཤེད་པོ་ནི།། བཟླས་ན་དངོས་གྲུབ་ཐོབ་པར་འགྱུར།། ཀྲ་ཤའི་རྩཝ་ཡི་སྟན་ལ་འདུག། རི་མོ་ལ་ནི་ཕྱོགས་འདུག་སྟེ།། ལག་པ་གཉིས་ཀ་དྲིས་བསྐུས་ནས།། རུ་རཀྵ་ཡི་ཕྲེང ་ཐོགས་ལ། ། སྔགས་པས་རྟག་ཏུ་བཟླས་པར་བྱ།། དེ་བཞིན་བདྲག་པ་ཨརྦ་དབུལ།། མྱུར་བ་དང་ནི་བུལ་བ་དང་།། དེ་བཞིན་ཡི་གེ་འདྲེས་པར་ནི།། ནཾ་ཡང་སྨྲ་བར་ཡོད་མི་བྱ།། རྟག་ཏུ་རབ་ཏུ་གསལ་བར་སྨྲས།། ཆོ་ག་བཞིན་དུ་ཡིད་བསམས་ནས།། ་བུ་དོན་ལ་ནི་སེམས་གཞག་སྟེ།། སྐྱེ་བ་མེད་པའི་སེམས་ཀྱིས་ནི།། ཡི་གེ་གོ་རིམས་བཞིན་དུ་བཟླས།། འབུམ་གཅིག་བཟླས་པའི་ཐ་མ་ནི།། བསྒྲུབ་པར་བྱ་བ་བཤད་ཀྱིས་ཉོན།། མཚོ་ཡི་འགྲམ་དུ་དཀྱིལ་འཁོར་ནི།། དུར་ཁྲོད་མང་པོ་བྲི་བར་བྱ།། ་དེ་ཡི་ནང་དུ་རི་མོ་བཀྲམ།། སེམས་དཔའ་མཚན་མོ་ཞུགས་ནས་ནི།། གྲོགས་བཟང་སེམས་ཀྱང་མརྨོངས་པ།། གུ་གུལ་བདུག་པ་དེ་བཞིན་སྲེག། ཟློས་ཤིང་སྣ་མའི་མེ་ཏོག་སྟོང་།། སྙིང་ཀར་ཕོག་པར་བྱ་ཞིང་དབུལ།། དེ་ནས་ཁྲོ་བོ་གཤིན ་རྡེགཤེད། ། རི་མོ་ལ་ཞུགས་ཁྲོ་བོའི་སྤྱན།། རི་མོ་དེ་ནི་ངེས་པ་རུ།། གཡོ་འམ་ཡང་ན་འགུལ་བར་འགྱུར།། དེ་ནས་ལྷ་དེ་གྲུབ་གྱུར་ནས།། གང་འདོད་པ་ཡི་ལས་རྣམས་བྱེད།། དེ་སྟེ་གྲུབ་པར་མ་གྱུར་ན།། གཞན་ཡང་ཚིག་འབུམ་བཟླས་རྦ། ་བྱ།། དེ་ནས་དེ་ཡིས་མཐའ་མར་བསྒྲུབ།། དེས་ཀྱང་མ་གྲུབ་གསུམ་པོ་ལ།། མཚམས་མེད་ལྔ་རྣམས་བྱེད་པ་ཡང་།། གདོན་མི་ཟ་བར་འགྲུབ་པར་བྱེད།། གྲུབ་པའི་ཝ་རྠཾ་གང་དག་འདིར།། བྱེད་པར་འགྱུར་བ་བཤད་པར་བྱ།། བསྒྲུབ་པར ་དཀའ་བའི་ལས་རྣམས་ཀྱང་། ། ཡིད་ལ་གང་དང་གང་འདོད་པ།། དེ་དག་མཐར་བྱིན་མྱུར་བར་ནི།། རིག་སྔགས་འཆང་བ་བྱེད་པར་འགྱུར།། རི་རྣམས་ཀྱི་ནི་རྩེ་མོ་དང་།། གཅོད་རོང་རྣམས་ནི་བརྙིལ་བར་བྱེད།། ས་ཡང་རབ་ཏུ་འགས་པར ་བྱེད། ། ཆུ་དག་ཀྱང་ནི་སྐམས་པར་ནུས།། དཔུང་རྣམས་མི་གཡོ་གནོད་པར་བྱེད།། ཐག་གི་ཆར་ཡང་འབེབས་པར་བྱེད།། སྟོང་ངམ་ཡང་ན་འབུམ་ཡང་རུང་།། དེ་མ་ཐག་ཏུ་གསོད་པར་ནུས།། གནོད་པ་དང་ནི་རྨོངས་པ་དང་།། དེ་མ་ཐག་ཏུ ་འབེབས་པར་བྱེད། ། ཤིང་རྟའམ་ཡང་ན་གྲུ་དག་དང་།། གླང་པོ་མྱོས་པ་གནོན་པར་ནུས།། ཕ་རོལ་དཔུང་དག་འཁྲུག་པར་བྱེད།། ཡུལ་ཕྱོགས་མྱུར་དུ་རྨོངས་པར་ནུས།། ཁྲོས་ནས་ས་ཡང་གཡོ་བར་བྱེད།། གླིང་དང་ནགས་ཚལ་བསྲེག་པར ་ནུས། ། དེ་ནི་གང་བའི་མཚོ་ཡང་སྐེམས།། སྐམས་པ་དག་ཀྱང་འགེངས་པར་ནུས།། སྤྲིན་ཡང་ལེགས་པར་གནོན་པར་ནུས།། ཆར་པ་དག་ཀྱང་འབེབས་པར་བྱེད།། དུས་མིན་ཆར་ཡང་འབེབས་པར་ནུས།། ཀླུ་ཡི་བདག་པོ་དག་ཀྱང་འགུགས།། ་དེ་ནི་ནག་པོས་ཟིན་པ་ཡང་།། མཐོང་བའང་ཡང་ན་སྤྲིན་ཙམ་གྱིས།། འགུགས་པར་བྱེད་དེ་ཐེ་ཙོམ་མེད།། སེར་བ་དང་ནི་སོལ་བའི་ཆར།། དེ་མ་ཐག་ཏུ་འབེབས་པར་ནུས།། འབྲས་བུ་མེ་ཏོག་མཆོག་རྣམས་དང་།། ཡལ་ག་དག་གིས་བརྒྱན་པའི ་ཤིང་། ། བལྟས་པའམ་ཡང་ན་རྡོ་འབངས་པས།། གློ་བུར་དུ་ཡང་འགྱེལ་བར་བྱེད།། དེ་ནི་སྦྱར་བ་ཙམ་གྱིས་སུ།། ས་ཡི་འོག་ཀྱང་འཁྲུག་པར་བྱེད།། དེ་བཞིན་ལྷ་དང་མི་རྣམས་ལ།། གནོད་པ་ཆེན་པོ་འབྱུང་བར་བྱེད།། ཁྲོ་བོའི་རྒྱལ་པོ་འདི་ཡི་ནི།། ། ་ངེས་པར་དབང་དུ་མི་འགྱུར་བའི།། དངོས་པོ་འདས་དེང་ད་ལྟར་དང་།། ཕྱིས་འབྱུང་བ་དག་གང་ཡང་མེད།། ལྷ་དེ་གྲུབ་པར་མ་གྱུར་ཀྱང་།། མཐོང་བ་ཙམ་འམ་ཚིག་གིས་ཀྱང་།། དུག་དང་རིམས་དང་གདོན་རྣམས་སོགས།། ཞི་བར་བྱེད་པའི ་མཆོག་ཏུ་འགྱུར། ། དབང་དུ་བྱེད་དང་དབྱེ་བ་དང་།། གསད་དང་སྐུད་པར་བྱ་བ་དང་།། མིག་འཕྲུལ་ཨརྫ་བསྐུ་བ་རྣམས།། བདུག་དང་དྲིས་བྱུགས་སྦྱོར་བ་ཡིས།། ལས་རྣམས་འདི་དག་ཐམས་ཅད་ནི།། བཟླས་པ་བརྒྱ་བྱས་འགྲུབ་པར་བྱེད།། སྔགས་པ། ་གཏེར་ཆེན་ཡོད་པར་ནི།། སོང་སྟེ་བསྒྲུབ་པར་བྱས་ནས་སུ།། བགེགས་རྣམས་ཀྱིས་ན་མི་འཇིགས་པར།། ནོར་དེ་བཟླས་པ་སྟོང་བྱས་པས།། བདག་གི་ཁྱིམ་ནས་ལེན་པ་བཞིན།། ཕྲ་མོ་རྣམས་ནི་བརྒྱ་ཡིས་འཐོག། བཟླང ་དང་སྦྱིན་བསྲེག་མ་བྱས་ཀྱང་། ། གཤིན་རྗེ་གཤེད་ཀྱི་མིང་ཙམ་གྱིས།། ལྷ་རྣམས་སྐྲག་པར་འགྱུར་བ་ནི།། རིང་པོར་མི་ཐོགས་གདོན་མི་ཟ།། མརུངས་པར་ནི་བྱ་བ་དང་།། བྱད་དང་སྙེམས་དག་བྱ་བ་དང་།། རྨོངས་དང་མནན་པའི་དངོས་གྲུབ་རྣམས།། ་བལྟས་པས་རྣམ་པ་དུ་མ་ཡི།། ཆོ་ག་གཞན་གྱི་ཆོག་ཡང་།། རིང་པོར་མི་ཐོགས་འགྲུབ་པར་ནུས།། ཡུལ་དང་ཡུལ་ཕྱོགས་དག་དུ་ཡང་།། གནོད་པ་དང་ནི་ནད་ཀྱང་འབྱིན།། རྨུགས་པ་དང་ནི་གནོད་པ་དང་།། རྨོངས་དང་མ་མཐོང་བྱེད་པ་དང་། ་འཁྲུག་པ་དང་ནི་སྐྲག་པ་དང་།། སྐྱོ་ཞིང་སླར་ཡང་གཡོ་བ་དང་།། ནོར་འགུགས་པ་དང་གནོན་པ་དང་།། སྐྱེ་བོ་དག་ཀྱང་འགུགས་པ་དང་།། ཡུན་དུ་འཚེ་ཞིང་འཇིགས་པ་དང་།། འཁྲུག་པ་འཐབ་མོ་སེར་པ་དང་། ཁྲུ་བ་གཉིད་ཀྱིས་མྱོས་པ ་དང་། ། གང་ཡང་གཞན་དག་དེ་འདོད་པ།། སྔགས་པས་གཤིན་རྗེ་གཤེད་དྲན་པས།། དེ་དག་ཐམས་ཅད་བྱེད་པར་འགྱུར།། དེ་ནས་ཆོ་ག་ཕྱི་མ་འདི།། ཅི་ལྟར་ཡིན་པ་དེ་བཤད་དོ།། ལྷ་མ་ཡིན་གྱི་ཕུག་སྒོར་སོང་།། མཁས་པས་རི་མོ་བཀྲམ ་ནས་སུ། ། ཁ་ཟས་མི་ཟ་སྟན་གཅིག་འདུག། ཁྲི་ཡི་གྲངས་ཚད་བཟླས་བྱས་ནས།། དེ་ནས་བུད་མེད་གཟུགས་མཆོག་ལྡན།། བཟང་པོ་རྣམས་ནི་སྒོར་ཕྱུང་ནས།། བསྒྲུབ་པ་དེ་ཡི་མདུན་དུ་ནི།། ནང་དུ་གཤེགས་ཤེས་དགའ་བར་བྱེད།། ་དེ་ནས་གྲོགས་པོ་ཡིད་བཅུགས་དང་།། སྒྲུབ་པ་པོ་ནི་ལྷན་ཅིག་ཏུ།། ངེས་པར་དམ་ཚིག་དག་གིས་ནི།། དེ་ཡི་གནས་སུ་འཇུག་པར་བྱ།། དེ་བཞིན་ཅི་ལྟར་འདོད་པ་རུ།། གནོད་སྦྱིན་མ་ཡི་མིང་རྣམས་དང་།། ཤ་ཟ་མོའམ་དྲི་ཟ་མོ།། ཡང ་ན་གང་འདོད་པ་ཡི་ལྷའི། ། མིང་བྲིས་དེ་ཡི་མདུན་བཞག་ནས།། རི་མོ་ལ་ནི་ཉིན་རེ་ཞིང་།། དེ་ཡི་ཚིག་ནི་མཐར་སྦྱར་ནས།། མི་སྐྱོ་བར་ནི་འབུམ་བཟླས་ན།། སྒྲུབ་པ་པོ་དེས་འཇིགས་གྱུར་ནས།། དེ་དག་ཐམས་ཅད་འོང་བར་འགྱུར།། བསྒྲུབ ་བོ་ཅི་སྲིད་འདོད་པར་ནི། ། འདི་རུ་ལས་རྣམས་བྱེད་པར་འགྱུར།། ལྷ་རྣམས་དག་ནི་ཐམས་ཅད་ཀྱང་།། གནོད་སྦྱིན་ལ་སོགས་བསྒྲུབས་བཤད་ཟིན།། འདི་ཡི་ཆོ་ག་ཕྱི་མ་ཡི།། ཕྱི་མ་དག་ཀྱང་བཤད་པར་བྱ།། རི་མཆོག་དག་གི་རྩེ་མོ་ལ། ་ཡི་དགས་མང་པོའི་དཀྱིལ་འཁོར་བྲི།། ཡི་དགས་དཀྱིལ་འཁོར་བྲིས་ནས་ཀྱང་།། ཀུན་ལ་ཤ་ཡི་གཏོར་མ་བྱ།། གྲོགས་པོ་སེམས་ན་དཔའ་བ་དང་།། ཡོན་ཏན་ལྡན་ཞིང་བཟོ་བ་དང་།། མི་རོའི་གོས་ལ་བྲིས་པ་ཡི།། རི་མོ་བཞག་ལ་དེ་ནས་སུ།། ་བདག་གི་ཡན་ལག་ཐམས་ཅད་ལས།། རུས་པ་དག་གིས་ཁྲག་བྱུང་སྟེ།། མི་ཡི་ཐོད་པའི་ནང་ང་བཞག། ལུས་ལ་ཁྲག་ནི་ཅི་བྱིན་པ། མི་རོ་སྒྲ་ཡི་བིར་དག་གིས།། དེ་ནས་དེ་ཡི་ལུས་ངག་དང་།། མིག་ཀྱང་རབ་ཏུ་གསལ་བར་བྱ།། དེ་ལ་བགེས ་ཀྱང་མང་དུ་འགྱུར། ། དེ་ནི་དཔའ་བོས་བཤད་པར་གསུངས།། དཔའ་བོ་དག་གི་ས་ལས་ཀྱང་བྱ།། དེ་ཡི་འོག་དུ་བཟོ་བོ་ལ།། དཔའ་བོ་དག་གིས་ཡོན་ཡང་འབུལ།། དེ་ཉིད་ཡོངས་སུ་རྫོགས་པར་ནི།། གྱུར་གྱི་བར་དུ་ཚུལ་བཞིན་གྱིས། ་ཐ་མར་དཔའ་བོ་གཅིག་པུ་དེ།། རི་མོ་མཚན་མོ་རབ་འབར་རམ།། ཡང་ན་དགོད་དམ་གཡོ་ཡང་རུང་།། དེ་ནས་དངོས་གྲུབ་ཐོབ་པར་བཤད།། རི་མོ་རེ་ནི་བླངས་པ་ཡིས།། ནམ་མཁར་འཕར་བ་གདོན་མི་ཟ།། དཔལ་ལྡན་ཐོགས་པ ་མེད་པར་འགྲོ། ། མཚན་མོ་ཉི་མ་བཞིན་དུ་འབར།། དཔའ་བོ་དག་གིས་བསྒྲུབ་པ་འདི།། རིག་འཛིན་ཀུན་གྱི་ཐོག་མར་འགྲོ།། གྲུབ་པ་དེ་ལ་ལྷ་རྣམས་ཀྱང་།། གདོན་མི་ཟ་བར་ཕྱག་འཚལ་འགྱུར།། རེག་འཛིན་རྣམས་ནི་ཐམས་ཅད་ཀུན།། ་ཀུན་དུ་བཀུར་བའི་རྒྱལ་པོར་འགྱུར།། ཡང་ན་ཆོག་ཤེས་པའི་རྒྱལ།། རི་མོ་ཞི་བ་སྔོན་བཞིན་དུ།། བླངས་ཏེ་བསྲེགས་པའི་སྟེང་དུ་གཞག། དེ་ནས་བསྲེགས་པ་དེར་འདུག་ནས།། གཅིག་པོ་རལ་གྲི་བླངས་ནས་སུ།། མཚན་མོ་གཤིན ་རྗེ་གཤེད་བཟླས་པ། ། འབར་བར་འགྱུར་གྱི་བར་དུ་འམ།། དུ་བའང་ཚ་བའི་བར་དུ་བཟླས།། འབར་བར་གྱུར་པ་དཔལ་དང་ལྡན།། རིག་འཛིན་དུ་ནི་དེ་འགྱུར་རོ།། དུ་བ་བྱུང་བས་མི་སྣང་བ།། ནམ་མཁར་འགྲོ་བའི་མཆོག་དུ་འགྱུར།། དེ ་ཚ་བར་གྱུར་ན་ནི། ། ས་ཡི་རྒྱལ་པོར་ངེས་པར་འགྱུར།། རལ་གྲི་མཆོག་དེ་བྱ་བ་ཡང་།། སོར་ནི་སུམ་བཅུ་རྩ་གཉིས་ཤིས།། ཡན་ལག་ཐམས་ཅད་ཡོངས་རྫོགས་པ།། བསྒྲུབ་པར་བྱ་བ་སོ་ཡི་ནོ།། དེ་སྐར་ཆོག ་ཕྱི་མ་ཡང་། ། མདོར་ནི་ལེགས་པར་བཤད་པ་ཡིན།། ལག་པ་གཡས་པའི་སོར་མོ་ཡིས།། མཐེ་བོང་སྦས་ནས་གྱེན་དུ་ནི།། བསྒྲེང་བར་བྱས་པའི་ཕྱག་དེ་ཡི།། བེ་ཅོན་ཞེས་ནི་བསྒྲགས་པ་ཡིན།། ཧ་ཉིད་ཀྱི་ནི་སྔགས་ལྡན་པར།། ལས ་རྣམས་ཀུན་ལ་བཅིང་བར་བྱ། ། སྤྱན་དྲང་བ་དང་མཆོད་པ་དང་།། གཤེགས་སུ་གསོལ་དང་བཞུགས་པ་དང་།། ལས་རྣམས་བྱ་བའི་ཚེ་དག་དང་།། གཞན་ཡང་དགྲོ་བ་འབྱུང་བའི་ཚེ།། ཚུལ་བཞིན་ཕྱག་རྒྱ་འདི་བཅིངས་ནས།། གཤིན ་རྗེ་གཤེད་ཀྱི་ལྷ་བཟླས་སོ། ། སྔགས་པ་རྒྱལ་པོ་དྲུང་སོང་ནས།། མགོ་བཏུད་པུས་མོ་བཙུགས་ནས་སུ།། བདག་ཉིད་དང་ནི་ནོར་བཅས་པར།། གདོན་མི་ཟ་བར་མྱུར་དུ་འགྱུར།། འཇམ་དཔལ་གྱི་རྩ་བའི་ཚེ་གཞིབ་མོ་ཁྲོ་བོ་རྣམ་པར ་ར་གྱལ་བའི་རྒྱུད་ཆེན་པོ་ཐམས་ཅད་ཀྱི་ཕྱི་མའི་ཡང་ཕྱི་མ་ལས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གསལ་ཤིང་ཁྲོ་བོ་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་ཕྱི་མའི་ཡང་པི་མ་གསང་བ་བཅུ་བདུན་པ་གསལ་ཤིང་གི ་རྒྱུད་རྫོགས་སྷོ། ། ། ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མཱན་ཏ་ཀ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ།། འདི་ཡང་བཅོམ་ལྡན་འདས་ཀྱི་སྔགས་གཞན་ནོ།། ཨོཾ་ཨཱཿཧཱུཾ་འདི་ཡང་དེ་གཞན་ནོ།། ཡི་གེ་བཅུ་གཅིག་རྒྱལ་པོ་ཡི།། དེ་ཉིད་བཟླས ་པས་གྲུབ་པར་འགྱུར། ། ཁྲོ་བོ་རྣམ་པར་རྒྱལ་བ་ཡི།། རྩ་བ་དང་ནི་བྱ་མ་དང་།། དེ་བཞིན་ཕྱི་མའི་ཕྱི་མ་འདི།། རྟོག་པ་མ་ལུས་རྒྱས་པ་དག། ལྷ་དེ་རྣམས་ཀྱིས་ལེགས་ཐོས་ནས།། འཇིག་རྟེན་འཇིག་རྟེན་འདས་པ་ཀུན།། ཐལ་མོ ་རབ་ཏུ་སྦྱར་ནས་ས། ། ཁྲོ་བོ་རྣམ་པར་རྒྱལ་བ་ནི།། གཤིན་རྗེ་གཤད་ལ་འདི་སྐད་སྨྲས།། བཅོམ་ལྡན་ཁྱོད་ཀྱི་རྟོག་པ་འདི།། བསྒྲུབ་པ་རྣམས་ལ་ཕན་པའི་ཕྱིར།། རབ་ཏུ་ངོ་མཚར་བཤད་ལགས་ཏེ།། བཟླས་དང་ཧོམ་དང་། ་མཆོད་ལ་སོགས།། ཁྲོ་བོ་ཆེན་པོའི་བརྟུལ་ཞུགས་དང་།། དེ་བཞིན་དཀའ་ཐུབ་དྲག་པོ་དང་།། ཇི་སྐད་གསུངས་པའི་སྨྱུང་བ་ཡིས།། ཁྲོ་བོ་ཀི་ལི་ཀི་ལི་ལ།། སོགས་པའང་དུས་ལ་བབ་ན་ནི།། སྔགས ་ཟློས་པ་ལ་དངོས་གྲུབ་སྟེར། ། བཅོམ་ལྡན་འདས་ཀྱིས་རྟོག་པ་དང་།། ཁྱད་པར་གྱུར་པ་ཅི་ཞིག་མཆིས།། དབས་བཟླས་དང་སྦྱིན་བསྲེ་ག་དང་།། སྦྲང་དང་བཏུལ་ཞུགས་དཀའ་ཐུབ་དང་།། མེད་པར་རང་དབང་ཉིད་དུ་ནི།། ་དངོས་གྲུབ་དམ་པ་ཁྱོད་ཀྱིས་གསུངས།། ལྷ་མཆོག་དེ་དག་ཐམས་ཅད་ཀྱིས།། ཕྱག་འཚལ་དེ་སྐད་སྨྲས་པ་དང་།། ཐོ་བ་དྲག་ཏུ་བཞད་པ་ཡིས།། རབ་ཏུ་དྲག་པའི་ཚིག་ཏུ་གསུངས།། དྲུག་ཏུ་བཞད་པ་ཞལ་འཇམ་པས ་ལྷ་ཡི་ཚོགས་རྣམས་འཇིགས་རྨོངས་ལ། ། མ་འཇིགས་མ་འཇིགས་ཞེས་གསུངས་པའི།། ཕན་པའི་ཚིག་གིས་དབུགས་ཕྱུང་ནས།། ཁྱེད་རྣམས་ཀྱིས་ནི་གང་སྨྲས་པ།། སྒྲུབ་པ་དག་ནི་མེད་པར་ཡང་།། སྦྱོར་བ་ཤེས ་བས་གྲུབ་འགྱུར་བ། ། ལྷ་རྣམས་ཀུན་གྱིས་མཉན་པར་གྱིས།། བདེ་གཤེགས་དངོས་གྲུབ་གཅིག་པུ་ལས།། དགྱེས་པ་རྣམ་པ་ཐ་དད་འགྱུར།། དེ་ནས་ཏིང་འཛིན་ཚུལ་ལས་ནི།། མཚན་མ་དང་ནི་དངོས་གྲུབ་དེ།། ་ཐོག་མར་བྱང་ཆུབ་རྩལ་བརྟེན།། ཤེས་རབ་དེ་ལྟ་བུར་ཡང་བསྒོམ།། སེམས་ཀྱང་རྣམ་པར་མི་རྟོག་པས།། བདེ་གཤེགས་དངོས་གྲུབ་དེ་དག་ཐོབ།། དེ་ངའི་གཟུགས་སུ་གྱུར་པར་བྱོས།། ས་བོན་མཚོན་ཆ་མང ་བོར་ལྡན། ། ཁྲོ་བོ་དེ་ཡི་ཞལ་དྲུག་བསྒྱུར།། དྲིལ་བུ་བསིལ་བའི་སྒྲ་ཡང་འབྱིན།། ཁྲོ་བོའི་ཞལ་ནི་བཅས་པར་ལྡན།། དེ་ཡི་གཟི་དང་མཐུ་ལྡན་བྱས།། ཀུན་དུ་དགའ་བའི་སྙིང་པོར་ལྡན།། གང་གི་ཡིད་ལ་གང་བསྒོམས་པ།། དེ་ལ་ང་ཡི་ཐུམ ་གཡོས་པས། ། ཇི་ལྟ་བ་འམ་གར་ཡང་རུང་།། མདུན་ནམ་ཡང་ན་རྒྱབ་ནས་ཀྱང་།། ལས་ཀུན་བྱེད་ནུས་གྲུབ་པར་འགྱུར།། གང་དག་ང་ནི་ཕྱག་ལྔ་བཅུ།། བེ་ཅོན་གདེངས་པས་བསྡིགས་པར་མཛད།། ཏྲི་ཤཱུ་ལ་རལ་གྲི་དགྲ་སྟ་ཀྱུ།། ཐོད་པ ་གག་ཏི་ཐོད་མར་དབྱུག། དེ་དག་ལས་ནི་ཕྱག་གས་མ་དྲུག། གཡས་པ་བཙོན་མངའ་རལ་གྱི།། གཡོན་ན་འཁོར་ལོ་རྡོ་རྗེ་འཛིན།། རྡོ་རྗེ་རྩ་གཅིག་མིག་དྲུག་པ།། དཔྲལ་པའི་གཉེར་མ་བསྟེར་བ་དང་།། ཁྲོག་ཉེར་བསྟར ་བའི་བྷ་བ་ཅན། ། འཇིགས་པའི་སྦྲུལ་གྱིས་རོ་སྟོང་དཀྲིས།། ཐོད་བདག་གིས་རྒྱན་དུ་བྱས།། ཆར་སྤྲིན་སྔོན་པོའི་ཁ་དོག་འདྲ།། ཞལ་གཅིག་སྤྱན་ཡང་མ་མཉམ་པ།། འབྲུག་གི་སླ་དབྱངས་སྒྲ་སྤོགས་པ།། སྟག་ལྤགས་ན་བཟའ་གསོལ་བ ་དབྱེས། ། མཚོན་ཆ་མཚོན་ནམས་འབར་ཞིང་འབྲུག། སུན་དང་གཙུག་བུད་རྩ་དམངས།། ཞབས་གཉིས་གདེངས་པའི་ཆམ་དམ་མཛད། ས་ཡེ་སྟེང་ན་ཟཟ་བས།། མཆེ་བ་དག་ཀྱང་གཙིགས་པའི་ནལ།། བཅིབས་པ་མ་ཧེ་བཅིབས་པ་དེ། སཊ ་པའམ་རི་མོ་ལ་བྲིས་པ། ། བསྒྲུབ་པོ་མྱུར་དུ་མཆོད་བྱེད་ན།། དེ་ལ་ང་ནི་མྱུར་བ་རུ།། དགྱེས་ནས་མངོན་དུ་ཕྱོགས་པར་འགྱུར།། ཇི་ལྟར་འདོད་པའི་དོན་རྣམས་ནི།། གདོན་མི་ཟ་བར་གྲུབ་པར་བྱེད།། རྣམ་པར་གནོན་པའི་གཟུགས་འདི་ནི།། བདུད་ལས ་རྒྱལ་བ་ཡིན་པར་བསྒྲགས། ། ཐོག་མར་བདག་གི་དམ་ཚིག་སྦྱིན།། བསྲུང་མཆོག་ཚུལ་བཞིན་བྱས་ནས་སུ།། རས་ནི་སུམ་བཅུ་སོར་ཚད་ལ།། སྔགས་པ་བཟོ་བོ་ཡོན་ཏན་ཅན།། ཡིད་ནི་བརྟན་པར་བྱ་བའི་ཕྱིར།། དབེན་པའི་གནས་སུ་མི་མངོན་པར།། ་ཚེན་རྩི་དགེ་བ་བཟང་པོ་ཡིས།། རི་མོ་ཐོག་མར་བྲི་བར་བྱ།། ཟིན་ནས་ཀྱང་ནི་དབེན་པར་བཞག། སུ་ལའང་བསྟན་པར་ཡོད་མི་བྱ།། ང་ཡི་གཟུགས་སུ་གྱུར་པར་བྱས།། ས་བོན་མཚོན་ཆ་བཟང་པོར་ལྡན།། ང་ཡི་ཞལ་ནི་ཁྲོ་བོར་འགྱུར།། དྲིལ་བུ་གསིལ ་བའི་སྒྲ་དང་ལྡན། ། ཁྲོ་བོའི་ཞལ་ནི་བསམ་པར་བྱས།། ང་ཡི་གཟི་དང་མཐུར་ལྡན་བྱས།། ཀུན་དགའ་ཡི་ནི་སྙིང་པོར་ལྡན།། གལ་ཏེ་དམ་ཚིག་མི་ལྡན་པའི།། སྐྱེ་བོས་རི་མོ་དེ་མཐོང་ན།། མྱུར་དུ་རྣམ་པར་མྱོས་པར་འགྱུར།། དེ་བས་རྣམ་པ་ཐམས་ཅད་དུ།། ་བསྲུང་བ་དྲག་པ་ཀུན་དུ་བྱ།། གྲོང་ངམ་ཡང་ན་གྲོང་ཁྱེར་དུ།། རྣམ་པ་གཞན་དུ་བཞག་གྱུར་ཏམ།། གོང་དུ་མཆོད་པ་མ་བྱས་ན།། མྱུར་དུ་འཇིགས་པ་སྐྱེ་བར་འགྱུར།། མི་རོ་ལ་ནི་གནས་པའི་གཟུགས།། དེ་ལྟར་རྟག་ཏུ་གོམས་བྱས་ཤིང་།། དེར་བསྣུར ་དེ་ཡི་ཡིད་དུ་འགྱུར། ། ཇི་སྲིད་གང་ངག་གོམས་གྱུར་ཅིང་།། ཀུན་ཏུ་མདུན་ན་གནས་པ་རུ།། གང་ཚེ་མཐོང་བར་གྱུར་པ་ན།། དེ་ཚེ་རི་མོ་མེད་པར་ཡང་།། ཇི་ལྟ་བུ་ཡི་ཚུལ་ཉིད་ཀྱིས།། རྟག་ཏུ་སྦྱོར་བ་བྱས་ནས་ནི།། སྦྱོར་བ་ཉིད་ཀྱིས་རྟག་པ་རུ།། ཁྲོ་བོ ་ཀུན་དུ་སྦྱོར་བ་ནི། ། དེ་ལས་ལས་རྣམས་ཐམས་ཅད་བྱེད།། འདི་ནི་གསང་བ་བསྟན་པ་ཡིན།། ཡང་ན་བདག་ཉིད་དེ་འདྲ་བར།། ཇི་སྲིད་གཅིག་ཏུ་གྲུབ་པའི་བར།། ཡིད་ལ་ལེགས་པར་བསྒོམས་ན་ནི།། དེ་ནས་དེ་ཡི་དངོས་གནས་པར།། ཡིད་ལ་ཅུང ་ཟད་གང་བསམས་པ། ། དངོས་པོ་གོམས་པར་བྱས་ན་ནི།། དེ་ཉིད་འབྲས་བུ་ཡོད་པར་འགྱུར།། གང་ཕྱིར་ཁྲོ་བོ་བསྒོམས་པ་ཡིས།། ཁྲོ་བོ་ཡོང་ཡེ་བསྒོམས་ན་ནི།། བཟླས་པ་ལ་སོགས་མེད་པར་ཡང་།། དངོས་གྲུབ་དམ་པ་ཐོབ་པར་འགྱུར།། བསྒྲུབ ་པ་རྣམས་ལ་དམ་ཚིག་ནི། ། གལ་ཏེ་སྦྱིན་པར་བྱ་བ་ཡང་།། དེ་ཚེས་ནི་རབ་སྦྱངས་ན།། ཐོག་མར་སྤོས་ཆུས་གདབ་པར་བྱ།། ཀུན་དུ་ཟླུམ་པོ་ཞེས་བྱ་བའི།། དཀྱིལ་འཁོར་འདི་ནི་ལོགས་ཤིག་ཏུ།། ཀུན་དུ་ཟླུམ་པོར་བྲི་བར་བྱ།། ཚོན་རྩི་ནག་པོར་ལེག ་བྲིས་ཏེ། ། རུབ་ཕྱོགས་སྒོ་གཏོད་ཁྲུ་དོ་ཙམ།། དེ་ཡི་དབུས་སུ་མཆོག་བྲི་བ།། འགྱིང་ཞིང་ལྡེམ་བག་ཅན་གྱི་ལུས།། ཆར་སྤྲིན་དང་ནི་བུར་བའི་མདོག། འཇམ་ཞིང་མཉེན་པ་དཔལ་དང་ལྡན།། གསེར་གྱི་དྲིལ་བུའི་སྒྲ་དང་ལྡན།། གཡག་རྔའི་བསིལ ་ཡབ་གཡོབ་པ་ཅན། ། ཨ་ཛ་ན་ཡི་རི་ལྟ་བུའི།། མ་ཧེ་ཆེན་པོ་དམ་པ་ནི།། དཀྱིལ་འཁོར་དམ་པ་དེ་བྲིས་ཏེ།། བསྲུང་བ་ཆོ་ག་བཞིན་བྱས་ནས།། སྔགས་ཤེས་པས་ནི་མཆོད་བྱས་པ།། ཆོ་ག་བཞིན་དུ་འདིར་བཤད་དོ།། སྤྱན་དྲངས་གདན ་བསྟབ་པ་དང་། ། ཨརྒ་གཏོར་མས་མཆོད་པ་དང་།། མར་མེ་བདུག་པ་བསྟན་པ་དང་།། ཐ་མར་སླར་གཤེགས་བསྟན་པའོ།། གཟུགས་དགོད་པ་དག་ཐོག་མ་རུ།། ལྷ་དགོད་པ་དག་ཡིག་འབྲས་བསྐྱེད།། ས་བོན་གྱིས་ནི་ཚུལ་བཞིན་བཤད ་དེ་ལས་དང་པོར་ཐམས་ཅད་ནི། ། ས་བོན་ཁྲོ་བོའི་གཟུགས་ཡིན་ཏེ།། དེ་ཉིད་པལ་ཆེར་རབ་ཏུ་གྲགས།། གཅིག་པུ་མཚོན་ཆ་དུ་མའི་མཆོག། དེ་ཉིད་དེར་ནི་བརྟན་བྱ་བའི།། རྟག་ཏུ་མཚོན་ཆ་འ་བར་བྱེད་པ།། དེ་ཡི་གཟུགས་འདིར་གཅིག ་བུལ། ། ས་བེན་གྱིས་ནི་བསྐལ་བའི་ཞལ།། དྲིལ་བུའི་ས་བོན་དྲུག་རྣམས་ཀྱིས།། སྒྲ་དེ་རྣམས་བཞིན་སྒྲོགས་པར་བརྟག། འདི་ནི་ཁྲོ་བའི་ཞལ་ཡིན་གསུངས།། འདི་ནི་ཐོག་མ་ཉིད་ཀྱིས་གཟུགས།། དེ་ཡི་མཐུ་ཡང་ཅི་དྲ་།། ་ཚུལ་བཞིན་དུ་ཡང་འདིར་བཤད་དོ།། གང་གིས་དྲན་པ་ཙམ་གྱིས་ནི།། བདུད་དཔུང་གདྲུག་པའི་གདོན་ལ་སོགས།། མཐུརྩལ་གནོད་པས་ཉམས་ནས་སུ།། འཇིགས་ཤིང་དཔའ་སོང་བྱེད་པར་འགྱུར།། ཟུང་ཤིག་པ་ཡི་ཚིག་གཉིས་ལྡན།། ་ཞལ་ཡང་གདངས་ཤིང་འབར་བ་ཅན།། སྙིང་པོ་དག་པར་རབ་ཏུ་གཞག། མཚོན་ཆ་འདེབས་པའི་མཐུ་རྩལ་ཅན།། དེ་ལྟར་ཁྲོ་བོ་རྒྱལ་བའི་གཟུགས།། ས་བོན་ཞེས་སུ་བྱ་བ་ཡི།། སྔགས་ཀྱི་དངོས་པོ་ཤེས་ནས་ནི།། སྔགས་པས་དངོས་གྲུབ་མ ་པར་འགྱུར། ། མཚོན་ཆ་འཕངས་པ་ཙམ་གྱིས་ནི།། དེ་ཡིས་ཀུན་དུ་བསྲུང་བར་བྱ།། ས་བོན་བཀོད་པའི་ཚུལ་བཞིན་དུ།། བདག་གི་ལུས་ལ་སྦྱར་བར་བྱ།། གཟུགས་ནི་གཟུགས་ལ་བཞག་ནས་སུ།། མཚོན་ཆ་དེ་ཉིད་ལག་ན་ཐོགས།། ས་བོན་ནས ་ཀྱང་ཁར་བཞག་སྟེ། ། རྐང་པ་གཉིས་ཀྱང་འཚམ་ངམ་བྱ།། དེ་ནས་ཀུན་དུ་ཁྲོས་ནས་སུ།། རང་གི་ས་བོན་དགོད་པར་བྱ།། ཐོག་མ་བདག་ལ་མ་གཡེངས་པར།། བསྲུང་བ་དེ་ལྟར་བྱས་ནས་སུ།། དཀྱིལ་འཁོར་དུ་ནི་སྤྱན་དྲངས་ཏེ།། དེ་ནས་མདུན་དུ ་མཆོད་པ་བྱ། ། སྔགས་ཀྱི་སྙིང་པོ་ཐ་མ་ལ།། ཚུར་གཤེགས་པ་ཡི་ཚིག་གཉིས་དང་།། རྟག་ཏུ་ལྡན་པར་བྱས་ནས་སུ།། སྤྱན་དྲང་བ་དག་བྱ་བར་བཤད།། མེ་ཏོག་དག་གི་གདན་འདི་ལ།། བཞུགས་སུ་གསོལ་ཞེས་རྟག་ཏུ་བྱ།། དེ་ལྟ་བུར་ནི ་སྤྱན་དྲངས་ནས། ། མེ་ཏོག་དག་གིས་སྔ་མ་བཞིན།། བཞུགས་ཤིག་པ་ཡི་ཚིག་གཉིས་ཀྱིས།། ཚེག་བཞིན་དུ་བཞུགས་སུ་གསོལ།། ཁྲོ་བོའི་རྒྱལ་པོ་དེ་ལ་ནི།། བཞུགས་པར་བྱ་བསྟན་པ་ཡིན།། མེ་ཏོག་སྔགས་ཀྱིས་བཏབ་པ་ཡིས།། དེ་ལྟར ་བཞུགས་པར་བྱས་ནས་སུ། ། ཨརྒ་འདི་ནི་བཞེས་ཤིག་ཅེས།། ཚིག་གི་མཇུག་དུ་བརྗོད་ནས་སུ།། སྤོས་ཆུ་མེ་ཏོག་སྦར་བ་ཡི།། ། ཨ་རྒ་དེ་ལ་དབུལ་བར་བྱ།། མེ་ཏོག་དག་གིས་ཕུལ་བ་འདི།། བཞེས་སུ་གསོལ་ཞེས་བརྗོད་ནས་སུ།། ་སྤོས་མ་བཟང་པོ་བཏབ་པ་ཡི།། མེ་ཏོག་དག་ནི་སྔོན་བཞིན་དངུལ།། སྔགས་པས་རྟག་ཏུ་ཚིག་འདུག་ལ།། གཏོ་མ་བདག་གིས་ཕུལ་བ་འདི།། བགས་སུ་གསོལ་ཞེས་འཇུག་ཏུ་བརྗོད།། མར་དགྱིས་ལེགས་པ་དགང་བའི།། སང་རྫི ་དག་ནི་དབུལ་བར་བྱ། ། བདུག་པ་བདག་གིས་ཕུལ་བ་འདི།། གཞེས་སུ་གསོལ་ཞེས་མཇུག་ཏུ་བརྗོད།། འདུག་བཐར་ཆུ་རྣམ་པ་ལ།། སྔགས་ཀྱིས་བཏབ་ཏེ་དབུལ་བར་བྱ།། དར་ནི་མཆོད་པ་བྱས་ནས་ཀྱང་།། དཀྱིལ་འཁོར་དག ་གམ་རི་མོ་ལ། ། རང་གི་ཡན་ལག་བཀོད་པ་དག། དམ་ཚིག་ཅན་ལ་བསྟན་ནས་ནི།། མཐོང་བ་ཙམ་ནི་ཉིད་ཀྱིས་ས།། རིག་འཛིན་དམ་ཚིག་ཅན་དུ་འགྱུར།། དེ་ནས་རྟོག་པ་ལས་གསུངས་པའི།། ལས་རྣམས་མྱུར་ད་བྱེད་པར་འགྱུར།། ་དེ་ལྟར་ཁྲོ་བོའི་རྒྱལ་པོ་ཡི།། མཆོད་པ་ལེགས་པར་བྱས་ནས་སུ།། བསྒྲུབ་པ་པོ་ནི་མ་ཡེངས་པར།། སྔགས་བརྗོད་སླར་ཡང་གཤེགས་སུ་གསོལ།། སླར་ཡང་གཤེགས་པར་མཛད་ནས་སུ།། སླར་ཡང་གཤེགས་པའི་ཚིག་གཉིས ་བརྗོད། ། མེ་ཏོག་སྙིམ་པ་བཀང་ནས་ནི།། ཕྱག་འཚལ་སླར་ཡང་གཤེགས་སུ་གསོལ།། དཀྱིལ་འཁོར་དག་གམ་གསང་སྔགས་བཟླས།། དེ་ནས་གཞན་ཡང་ཕྱག་རྒྱ་ནི།། རབ་ཏུ་འབར་བ་གཅིག་པུ་བཤད།། གཤིན་རྗེ་གཤེད་ཅེས་བྱ་ཧཱ། ་ལྷ།། གང་གིས་གྲུབ་པར་གྱུར་པའོ།། ལག་པ་གཡས་པའི་སོར་མོ་ཡི།། ། མཐེ་བོང་སྦས་ཏེ་གྱེན་དུ་ནི།། བསྒྲེང་པར་བྱ་བའི་ཕྱག་རྒྱ་འདི།། བེ་ཅོན་ཞེས་ནི་གྲགས་པ་ཡིན།། ལྷ་ཉིད་ཀྱི་ནི་སྔགས་ལྡན་པས།། ལས་རྣམས་ཀུན་ལ་བཅིང་། ་བར་བྱ།། སྤྱན་དྲང་བ་དང་མཆོད་པ་དང་།། གཤེགས་སུ་གསོབ་དང་བཞུགས་པ་དང་།། ལས་རྣམས་བྱ་བའི་ཚེ་དག་དང་།། གཞན་ཡང་རྒོལ་བ་བྱུང་བའི་རྩེ།། ཚུལ་བཞིན་ཕྱག་རྒྱ་འདི་བཅིངས་ནས།། གཤིན་རྗེ་གཤེད་ཀྱང་ལྷ་བཟླས ་སོ། ། སྔགས་པ་རྒྱལ་པོའི་དྲུང་འགྲོ་ན།། མགོ་བཏུད་པུས་མོ་བཙུགས་ནས་སུ།། གདོན་མི་ཟ་བར་དབང་གྱུར་པ།། བདག་ཉིད་དང་ནི་ནོར་གྱིས་སོ།། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ཐམས་ཅད ་མ་མ་ས་པལ་ས་ན་ག་ག་མ་ས་རྣམ་ས་། བ་སས་བ ་མིགས། ། ཐག་ས་དང་ཐམ་ཟུང་ག་ག། རླུ་དང་བརྣལ་པའི་བྱེ་བྲག་ཀྱི་ལ་བ་ཅི་ས་ད་། འདུན་ན། ནས་སམ། ཁམ་དས། མ་ས་ན། མ ་ཞེས་གཉིས་སྤྱ་གམ་རྐྱེན་ཅིག་གིས་ཡོགསར་གྱིས། ། ཨས་བྷཱཿ། ག་འཚལ་གས།། མ་པར་འདོད་པམི་དགའ་ཞི་ན།། མལ་ཚ་བ་ནག་གཏག་ཏུ་ཟླས། ཆོག་ན་། ་རྟག་པར་མཆོད་པའི་ཆོ་ག་འདི།། མདོ་རུ་བསྡུས་ནས་བཤད་པ་ཡིན།། བཟླས་པ་དང་ནི་ཙམ་དག་དང་།། བརྟུལ་ཞུགས་དཀའ་ཐུབ་མ་བྱས་ཀྱང་།། སྔགས་ཀྱི་དངོས་འདི་ཤེས་ནས་ནི།། མཆོད་པ་འབའ་ཤིག་དབུལ་བར་བྱ།། འདི་ལ་མཆོད ་པ་བྱ་བ་ཉིད། ། ཐེ་བོའི་རྒྱལ་པོ་རྟག་པ་རུ།། མཉེས་བྱས་ཡིན་པར་གང་ཤེས་པ།། སྔགས་པས་དངོས་གྲུབ་ཐོབ་པར་འགྱུར།། རྟག་ཏུ་སྔགས་པས་སེམས་དཔའ་དང་།། རྟག་ཏུ་སྔགས་ཀྱི་བདག་ཉིད་འགྱུར།། རྟག་ཏུ་ཡིད་ལ་ཞེན་པ་དང་།། རྟག ་ཏུ་མཆོད་ལ་བརྩོན་པ་དང་། ། རྟག་ཏུ་ཁྲོ་བོར་འདུ་ཤེས་པ།། ལས་རྣམས་ཐམས་ཅད་གྲུབ་པའི་ཕྱིར།། ཆོག་མདོར་བསྡུས་འདི་བཤད་པའོ།། ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས་གསང་བའི་རྟོག་པར་གཏོགས་པ ་སྟེ་དང་པོའོ། ། མ་མ~ཾ་སུ་མི་ན་དུ་མམ་ཙའི་མིག་ཟང་དང་ལ་བྲལ་བྱེ་ཟག་གིས།། ཐོགས་པ་མ་ཐང་གཅིགཏུ།། འཁོར་ལོ་འདོན་ཅི་རིགས་པ་ར།། བྷ་བར་བྱ་བ་འདི་བཤད་དོ།། ས་བོན་ནས་བྱ་དཀྱིལ་འཁོར་བཞན། ་དག་ནི་སོ་སོ་རུ།། དབང་དང་མཁོན་དང་གསད་པ་དང་།། དེ་བཞིན་བསྐྲད་དང་ཞི་བ་དང་།། ཡང་ན་རྒྱས་པར་བྱ་བའི་ཕྱིར།། ཟུང་དང་བསྣོལ་བས་མྱུར་དུ་འགྲུབ།། ཁྲོ་བོ་ཞེས་བྱའི་དཀྱིལ་འཁོར་ནི།། དཀྱིལ་དུ་བཞག་ཏེ་སོ་སོ་རུ།། ཟུང་ཤིག་ཆེ ་གཉིས་ཐ་མར་བཞག། ཆེ་གེ་མོ་ཞིག་དབང་དུ་བྱོས།། མཚོན་ཆ་མེད་པའི་ས་བོན་གཞག། སྭཱ་ཧཱའི་ཚིག་ནི་བར་བར་གཞུག། བསྒྲུབ་པར་བྱ་ཡི་གཟུགས་བྱས་ནས།། དེ་ལ་རྐང་པས་བརྫི་བ་ནི།། སྔགས་པས་འགྲེང་སྟེ་འདུག་པ་ནི།། རྐང ་སྐྱོ་བ་ཡི་བར་དུ་བྱ། ། རྒྱལ་པོ་དབང་དུ་མ་གྱུར་པ།། དེ་ཡི་དབང་དུ་མྱུར་དུ་འགྱུར།། གཅིག་པོ་དེ་ལ་སྤོས་ནས་སུ།། མྱུར་དུ་གེ་རིམ་བཞིན་བཞག་པའོ།། ས་བོན་གཉིས་པའི་གནས་ལ་ནི།། གནས་ནས་གདོང་ཡང་བསྒྱུར་ནས་སུ།། ཟུང་ཅིག ་ཚིག་གཉིས་མཐའ་མར་གཞག། ཆེ་གེ་མོ་ཡི་མཛའ་བོ་དེ།། སྡང་བར་གྱུར་ཞེས་མཐའ་མར་བྱ།། བསྒྲགས་པར་བྱ་བ་ཅུང་ཟད་མེད།། བསྒྲུབ་པར་བྱ་བ་གཉིས་ཀ་ཡིན།། གཟུགས་ནི་འཇིགས་པའི་ལས་བྱེད་དེ།། གཅིག་པུ་དཔའ་བར ་མཉམ་ལྡན་པར། ། གཉིས་པ་ལ་ཡང་རྐང་པས་མནན།། སྔགས་མཁན་དེ་ལ་གནས་པ་ཡིས།། མེལ་ཚེ་ཐུན་ནི་ཕྱེད་ཙམ་གྱིས།། དེ་ནས་བསྒྲུབ་པ་འདོད་པ་བཞིན།། དེ་གཉིས་ཕན་ཚུན་དགྲར་གྱུར་པ།། ཁྲོ་བོ་རིམ་བཞིན ་བསྒོམས་པས་ནི། ། ལན་གཅིག་བྱས་པ་ཙམ་གྱིས་འགྱུར།། ས་བོན་གཉིས་པ་དེ་ལས་ཀྱང་།། དྲག་པོ་རྩལ་གྱིས་སྤོས་ནས་དེ།། ཁྲོ་བོ་ཆེན་པོ་མིག་རྩ་དམར།། གནས་ནི་གསུམ་པ་ལ་གནས་ཏེ།། གཡོན་པའི་གནོན་པས ་མནན་པས་ནི། ། དྲག་པོ་ཤུགས་ཅན་མ་ལུས་མནན།། ཁ་དང་བརླ་དང་རྒྱབ་ཀྱང་བསྒྱུར།། དྲིལ་བུ་དཀྲོལ་བའི་སྒྲ་མྱུར་འགྱུར།། ཕྱིས་ཀྱང་རིམ་གྱིས་འདི་ལ་གནས།། ལོགས་ཤིག་ཁྲོ་བོའི་འཁོར་ལོའི་བཀས།། གང་བའི་ཚམ་ངམ ་དེ་བཞིན་བྱས། ། གདོང་ཡང་དལ་བུས་བསྒྱུར་ནས་ས།། དང་པོའི་ས་བོན་གང་ཡིན་པའི།། དབང་དུ་བྱེད་ལ་རྒྱས་པར་འགྱུར།། དེ་ཡི་མཐའ་ཡང་ལྷན་ཅིག་རྩ།། མེ་དང་འདྲ་བ་འབར་བ་སྟེ།། ཀུན་གྱི་ལས་ནི་གྲུབ་འདོད་ན།། ཤིན་ཏུ ་ལེགས་པར་སྦྱར་བར་བྱ། ། དེ་ཡི་ཟུང་མས་བསྐུལ་བ་ཡང་།། སོ་སོའམ་གཅིག་ཏུའང་རུང་བར་བཤད།། ཁྲོ་བོ་ཡི་ནི་འཁོར་ལོའི་མཐ།། བརྒྱད་པ་དག་ལས་མྱུར་བར་གནས།། རིམ་པ་སྔ་མའི་ཚུལ་གྱིས་ནི།། འཁོན་པའི་ས་བོན ་དག་གིས་བསྐུལ། ། ས་བོན་ཟུང་མས་བསྐུལ་བ་ཡང་།། བརྒྱད་པ་འབྱེད་པར་བསྒྲུབ་པ་ལ།། མཇའ་བ་མྱུར་དུ་བཟློག་པའི་ཕྱིར།། ཚེག་བཞིན་དུ་རིམ་པར་གྱུར།། རིམ་པ་སྔ་མའི་ཚུལ་བཞིན་དུ།། སྦྲང་དྲུགས་པར་འདོད་པ་ཡི ་ཁྲོ་བོ་ཡིས་ནི་འཁོར་ལོ་གནས། ། དགྲ་པ་ཨཱ་བི་ཙ་ར་ཡི།། ཆོ་ག་འདི་ཡིས་དགྲ་བོ་དག། མྱོས་པར་བྱས་ནས་འཇིག་པར་འགྱུར།། ལྷ་རྣམས་ཀྱིས་ནི་སྦས་པ་ཡང་།། གཤེད་པོའི་དྲུང་དུ་ཁྲིད་པར་འགྱུར།། རིམ་པ་སྔ་མའི་ཚུལ་གྱིས་ས།། ཁྲོ་བོ་ཡ་ནི་འཚ ་ལོའི་གནས། ། བཅུ་པ་དག་ལ་རིམ་གྱིས་གནས།། དྲག་ཤུལ་ཅན་གྱིས་དྲག་ཏུ་གནན།། དེ་ཡི་ས་བོན་གྱིས་ཀྱང་བྱེ།། སྔོན་གྱི་ས་བོན་རབ་འབར་བ།། སྔ་མ་བཞིན་དུ་རིམ་གྱིས་བཟླས།། སྔར་བཤད་པ་ཡི་ལས་བསྒྲུབ་བོ།། འཁོར་ལོ་རིམ་པ་བཅུ་གཅིག ་པོ། ། གང་ཡིན་པ་ནི་དེས་བཟུང་ནས།། དེ་ནས་ཞི་བར་བྱེད་པའི།། ས་བོན་དེ་ཡིས་བསྐུལ་བར་བྱ།། སྔ་མའི་བཞིན་དུ་བསྐུལ་བ་དང་།། སྔ་མའི་ལས་ནི་བྱེད་པར་འགྱུར།། ཞི་བ་དག་ལ་གང་གསུངས་པ།། རྒྱས་པ་དག་ལ་སྦྱར་བར་བྱ།། འཁོར་ལོའི་གནས ་ཀྱི་མཆོག་རིམ་པར། ། བཅུ་གཉིས་པ་ལ་གནས་ནས་སུ།། དེ་ཡི་ས་བོན་བསྐུལ་བར་བྱས།། བདག་གི་མཐུ་རྩལ་གནོད་བརྟགས་པས།། ས་བོན་ཟུང་མ་སྦྱོར་བ་ཡིས།། ས་བོན་མཐུ་ནི་འབར་བ་ཅན།། འཁོར་ལོ་བཀོད་པའི་ལས་རྣམས་ནི།། སྔོན་གསུང ་པདག་ཐུབ་པར་བྱ། ། དེ་ལྟར་ཁྲོ་བོའི་འཁོར་ལོ་ནི།། ཆོ་གར་བྱས་པ་རྒྱས་པ་དག། གསང་བ་བསྐུལ་མར་བཅས་པ་ཡི།། སྦྱོར་བ་མ་ལུས་བཤད་པ་ཡིན།། ས་བོན་ཟུང་མས་བསྐུལ་བ་གང་།། གཉིས་པ་རབ་ཏུ་གྲགས་པ་ཡིན།། དེ་འདིར་ས་བོན་བཉིས ་པ་ཡིན། ། མྱུར་དུ་གྲུབ་པར་འགྱུར་བར་བཤད།། ཐ་མའི་ས་བོན་ཐམས་ཅད་ལ།། དྲལ་བའི་ཚིག་གཉིས་རྟག་ཏུ་སྦྱར།། ཟུང་མའི་ཟུང་མའི་ཚིག་འདི་ལ།། ཡ་ཐ་དག་དང་མཐའོ།། འཁོར་ལོ་བཀོད་པ་བསྟན་པ་འདི།། ཇི་ལྟར་རིམ་པར་ཤེས་ན་ནི།། ཨིན ་བསྲེག་བཟླས་བརྗོད་མ་བྱས་ཀྱང་། ། ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་ཐོབ།། ཁྲོ་བའི་འཁོར་ལོ་གསང་བ་ནི།། འདི་མི་ཤེས་པར་གང་སྦྱོར་བ།། དེ་འདི་དངོས་གྲུབ་མི་འཐོབ་ཀྱི།། མྱུར་དུ་སྨོས་པ་ཐོབ་པར་འགྱུར།། མ་མེ་མ་མཱ~ཾ་མུ་ཥྐ་ལ། ཡི་ཡོ་མས་ཀྱི་ཞིན་དང་། ་འཛིན་དང་ཡང་བ་དང་། ཨུ0f88ུ0f90ད་ད་དང་རྒྱས་པའི་མམཔ། མ་ས་པ་དགགས་བ་པ་།། ག་ད་ལ་པ་ལས། ན་འརྡུལ་བ་།། ཤཱདག་པས་པ་འདིན་ས་།། མ་མྦན་ཏགནན་།། དེས་། ་མེ་ནི། མན་རྒྱས་མམ་དེ་བཞིན་དུ།། འཚོམ་མ་རྩིབས་ཀྱི་གནས་རྣམས་ནི།། དེ་དང་དེ་དག་གཉིས་ས་ཐ།། དེ་བཞིན་འཁོར་ལོའི་ནང་དུཡང།། བོ་ཀྲམཆོགས་ཡོན་ཡང། གཞག་ནས་ཅིག་གིས་པའམང་ཡང་། ཁོ་ལ་བ་ས་བདགད།། ་འཁོར་ལོའི་མྱར་ནནང་དག་པ།། བྲང་ཤིག་པའི་ཚིག་གཉིས་བརྗོད།། མཁས་པས་འཁོར་ལོའི་མིག་གེ་ནད།། ས་བོན་བཀོད་པ་རྣམས་ལ་གནས།། ཁྲོ་བ་འཁོར་ལོ་བསྒྲགས་པ་ནི།། ཤེས་ན་ཇི་སྐད་བཤད་པ་ཡི།། དངོས་ཐུབ་རྣམ་པ་ནི་ཐོབ་པར་། ་དངོས་སུ་བ་ཚུལ་བཞིན་པོ་འགྱུར་བ།། ད་ཡི་སྦྱོར་བ་བཤད་པར་བྱ།། ཐོག་མར་ཕྱག་རྒྱ་བཅིངས་ནས་སྲ།། སུནས་སུ་ནི་གུར་བསྐུར་ཏེ།། ལས་རྣམས་ཚུལ་བཞིན་མཐོང་བ་ཡིས།། སྦྱོར་བ་དག་ནི་ལེགས་པར་བྱ།། གདོང་དང་ཁམི་གནང་པ་མཉམ། ་ཏུ་དང་ཞིང་ཞི་བའི་སེམས།། སྙིང་ཡང་དེ་བཞིན་རབ་ཏུ་དགའ།། དབང་དུ་བྱ་བའི་སྔགས་གསུངས་པ།། ཤིན་ཏུ་མཉམ་པར་གཞག་པས་བསྒྲུབ།། རྐང་པ་ཡ་གཅིག་ཐུང་ངུ་བཞག། གདོང་དང་ནུ་མཇིང་བཅུས་ཏེ་གནན།། ཁ་དང་མིག་ནི་ཡ་གཅིག་འཛུམས།། ་ཙམ་ངམ་གནོན་པ་ཆེན་པོ་བྱས།། བེ་ཅོན་ལན་མིག་གིས་བལྟ།། བསྒྲུབ་པར་བྱ་བ་བསྒྲུབ་ལ་འབད།། གང་དག་དབྱེ་བར་འདོད་པ་ཡིས།། དེ་དག་དབྱེ་བ་བརྩམ་པར་བྱ།། རྐང་པ་གཉིས་པ་བཏེག་པ་ཡིས།། ཆམ་ངམ་བྱ་བ་སླར་ལ་གཞག། བཞིན་གཉེར ་ཕྱག་རྒྱ་བཅིངས་ནས་ས། ། ཁྲོ་བར་བལྟ་ཞིང་ཡིད་ཀྱང་ཁྲོས།། རབ་ཏུ་དཔའ་བ་སྲན་དང་བཅས།། རྩལ་གྱིས་གནོན་པར་རབ་ཏུ་འདུད།། སྔགས་པ་སྔོན་བཞིན་སྔགས་ཚུལ་གནས།། གང་འདོད་པ་ནི་གཞོམ་པར་བྱ།། དེ་ལ་རྐང་པ་ཡ་གཅིག་ཀྱང་།། ་དྲག་ཤུལ་ཅན་དུ་བརྐྱང་སྟེ་གཞག། བཟུང་ཏ་འདུག་པའི་ཚུལ་དུ་གནས།། གདོད་ཡང་ཡོན་པོར་བསྙེར་བར་བྱ།། མཛུབ་མོ་བསྒྲེང་སྟེ་གདེངས་པ་དང་།། བེ་ཅོན་ཕྱག་རྒྱ་དག་གིས་སྡིགས།། དགྲ་དག་བསྐྲད་པར་འདོད་ན་ནི།། མྱུར་དུ་བསྲད་པར ་བྱ་བར་འགྱུར། དེ་ནས་རྐང་པ་མཉམ་པར་བཞག། ལག་པ་གམས་པ་མཐོ་བར་བྱ།། དཔའ་དང་ལྡན་པས་གསོན་བསྡད། ཞི་བར་འདོད་ན་ཞི་བར་འགྱུར།། བྱེད་ནི་དམའབར་བཀུག་སྟ་གནས།། གང་པགཡས་པས་མ་མང་མ་བྱད། ་སྔགས་ཚུལ་གནས་པས་བསྒྲིམས་ན་ནི།། རྒྱས་པར་འདོད་ན་ཐོབ་པར་འགྱུར།། སླར་ཡང་དེ་བཞིན་ཤེས་བྱ་བ།། བཟོག་སྟེ་བྱ་བ་གཞན་དུ་མེད།། ཐུབ་པ་བདག་ཉིད་ཆེན་པོ་ཡི།། ཚ་པ་དམ་རིམ་པ་དྲུག་གསུངས་པ།། དང་པོའི་མིང་ནི་ལོག་པར་ཕྱོགས།། ་དེ་ཡི་འོག་མ་རྒྱབ་ཀྱིས་ཕྱོགས།། དེ་བཞིན་ཚམ་ངམ་གསུམ་པོ་ནི།། ཁྲོ་བ་ཆེ་ཞེས་བསྒྲགས་པ་ཡིན།། བཞི་པ་འཛུབ་མོ་བསྒྲེང་བ་ཡིས།། ལྔ་པ་ལ་ནི་སྟོབས་ཅེས་བྱ།། དྲུག་པ་སྟོབས་པོ་ཆེ་ཞེས་བྱ།། འདི་རྣམས་ཚམ་ངམ་དྲུག་དུ་བསྒྲགས།། ཚམ ་ངམ་གདངས་པ་བྱས་པ་ཡིས། ། དགྲ་ཡི་འཁོར་རྣམས་གཡེན་སྤྱོ་བ།། འཁོར་ལོའི་མཆོག་ལ་གོམས་བྱེད་པས།། གྲགས་པ་ཆེན་པོ་ཐོབ་པར་འགྱུར།། ཁྲོ་བོ་ཆེན་པོས་གསུངས་པ་ཡི།། རབ་གསུངས་པ་ཡི་རྒྱུད་འདི་དཀོན།། ཁྲོ་བོ་རྣམ་པར ་རྒྱལ་བ་འདི། ། དེ་བས་ཡང་ནི་ཤིན་དུ་དཀོན།། གསང་བའི་རྟོག་པ་བཟང་པོ་འདི།། ཀུན་དུ་དངོས་གྲུབ་ཀུན་སྦྱིན་པར།། གསང་བའི་རྟོག་པ་དེ་བས་ཀྱང་།། འཁོར་ལོ་འདི་ནི་ཤིན་དུ་དཀོན།། ཧོ་མ་དང་བཟླས་པ་ཡང་མདོགོག། དོ་དུ་བསྟན་པ་གྱི་མི་དགོས ་ཁྲོ་བའི་རྒྱལ་པོའི་བརྟུལ་ཞུགས་དང་། དབའཐུབ་དྲག་པོའང་བྱ་མི་དགོས།། བསམ་གཏན་སྦྱོར་བའང་མི་དགོས་ཏེ།། གང་ལ་འཁོར་ལོ་འབའ་ཞིག་ཡོད།། གང་གསུངས་པ་ཡི་དངོས་གྲུབ་ནས།། དེ་མ་ཐག་ཏུ་དངོས་གྲུབ་ཐོབ།། དེ་བས་འདི་ནི་གསང་བྱས་ནས།། ་ཐམས་ཅད་བསྒྲུབ་པའི་བསྒྲུབ་པ་པོས།། དག་གིས་དོན་མཆོག་གང་འདོད་པ།། ཤིན་དུ་ལེགས་པར་བསྒྲུབ་པར་བྱ།། བློ་མ་པར་པར་ད་པ་རྟོ། པ་ས་ང་རྟོག་པ་གཏོགས་པ་སྟེ་ག་ཉི་འོ།། ། ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་ནི།། སྣ་ཚོགས ་ཐོགས་མེད་ཐ་དད་པ། ། སྔགས་པ་འདོད་ན་ཚག་མཆོག། དང་པོར་བྱས་ན་དངོས་གྲུབ་ཐོབ།། རབ་ཏུ་གསར་བའི་སྔགས་འདི་ནི།། རེ་ཤིག་འདི་ཡི་མཚན་ཉིད་ནི།། གཞན་དགའ་དིར་ནི་བཤད་པར་བྱ།། དེ་ཡི་ལས་ནི་གང་གསུངས་པ།། གང་དག ་ཕྱིས་ཀྱང་གྲུབ་འགྱུར་བ། ། དཔའ་བོ་གཅིག་པུ་འབའ་ཞིག་གིས།། ཐམས་ཅད་ཉིད་དེ་གང་གསུངས་པ།། ཐམས་ཅད་དེ་ནི་བཤད་པར་བྱའོ།། སྔགས་དེས་ལས་རྣམས་ཀུན་བྱས་པས།། རྒྱུད་ལ་དངོས་གྲུབ་གང་གསུངས་པ།། དཔའ་བོ ་གཅིག་པུའི་མཐུས་ཀྱང་འགྲུབ། ། ཨོཾ་ནི་དེ་ཡི་ཐོག་མ་སྟེ།། བདེ་བར་གཤེགས་པའི་དམ་ཚིག་ཡིན།། ཐོག་མ་དང་ནི་གཉིས་པ་ཡང་།། དྲག་པོའི་ཙག་གིས་ཕུལ་བའི་ལུགས།། ཀླད་ཀྱི་འཁོར་གྱིས་མནན་པའི་རིགས།། སྔགས་ཀྱི་ཡི་གེ་ཕྲེང ་བཀོད་ལ། ། སྔགས་རྣམས་ཐམས་ཅད་གསལ་བྱེད་པ།། ཁྲོ་བོའི་རྒྱལ་པོའི་སྙིང་པོ་ནི།། གསུམ་པོ་དེ་ནས་སྦྱར་བར་བྱ།། དེ་ནས་ཁྲོ་བོའི་རྒྱལ་པོ་ཡིས།། སྐུ་ནི་དེ་ཡི་འོག་ཏུ་བསྟན།། སྔགས་པས་སྔགས་རྣམས་ཀུན་གྱི་མཚན།། དེ་དག་རྟག ་ཏུ་རིག་པར་བྱ། ། ཐོགས་པ་མེད་པའི་སྔགས་རྣམས་ནི།། བདག་ཉིད་ཆེན་པོའི་ཐམས་ཅད་ཀྱིས།། བསྲུང་ལ་སོགས་པའི་ལས་རྣམས་ཀུན།། གོ་རིམ་བཤད་པ་བཞིན་དུ་བྱ།། ཐམས་ཅད་བདག་ཉིད་ཆེན་པོ་འདིས།། བསྲུང་བ་དག་ནི་བྱས་ནས ་སུ། ། སྔོན་གྱི་ཚུལ་བཞིན་རབ་དབེན་པ།། སྐུ་གཟུགས་དོན་མཆོག་གཞན་ནས་ནི།། ཆོ་ག་ཇི་སྐད་སྔར་གསུངས་པ།། ཆོ་ག་བཞིན་དུ་མཆོད་པ་བྱ།། ཉིན་རེ་མེ་ཏོག་ཕྲེང་བ་ལ།། ལན་བདུན་བཟླས་པ་རྣམས་ཀྱིས་མཆོད།། མཆོད་ནས་ཀ་ར་བི་ར ་ཡི། ། མེ་ཏོག་དམར་པོ་ཁ་འབུས་པའི།། བརྒྱ་ནི་རྩ་བརྒྱད་གྲངས་རྣམས་ཀྱིས།། བུ་དོན་ལ་ནི་ཕོག་པར་དབུལ།། ཆོ་ག་འདི་ནི་དུས་གསུམ་དུ།། ཟླ་བ་གཅིག་ཏུ་བྱས་ན་ནི།། ཁྲོ་བོ་མངོན་སུམ་ཉེ་གྱུར་ནས།། རྨི་ལམ་དུ་ནི་དངོས་གྲུབ་སྟེར།། ་ཆོ་ག་འདི་ལྟར་སྔར་བྱས་ན།། གང་འདོད་པ་ཡི་དགོས་པ་དག། དེ་ཚེ་གདོན་མི་ཟ་བར་འགྱུར།། དེ་ཡི་ཆོ་ག་མཆོག་བཤད་པ།། དེ་ལྟར་ཟླ་གཅིག་བསྙེན་བྱས་ན།། མི་ཡི་ལས་རྣམས་གང་བྱ་བ།། དེ་ཡི་ཆོ་ག་མདོར་བསྡུས་ནས།། ད་ནི་ལེགས ་པར་བཤད་པར་བྱ། ། དེ་ནས་དུད་འགྲོ་དང་སྦྱར་བའི།། དུག་ནི་རྣམ་པ་གསུམ་དག་དང་།། གདོན་དང་འབྱུང་པོའི་གདོན་རྣམས་དང་།། ལྟོ་འཕྱེ་སྲིན་པོར་བཅས་པ་འཇིག། བདག་གིས་བྱས་པའི་ཕྱག་རྒྱའི་སྔགས།། སྦྱོར་བ་ལན་གཅིག ་བདག་གིས་བསྲུང་། ། ཡིད་ལ་བསམས་པ་ཙམ་གྱིས་ཀྱང་།། གཞན་དག་གིས་ཀྱང་མཆོད་པར་བྱེད།། བཞི་པའི་རིམ་ལ་སོགས་དེ་ཡང་།། ཐོས་པས་མྱུར་དུ་མེད་པར་བྱེད།། མ་དང་བྱིས་པའི་གདོན་རྣམས་ལ།། ཐལ ་པའམ་ཡང་ན་པས་ཀྱང་དྲང་། ། བདག་ཉིད་དག་པར་བསམས་ནས་ནི།། བདག་དགར་བབ་ནས་དགོས་པའི་དོན།། གང་དང་གང་དག་འདོད་པར་ནི།། བསྒོམས་པས་དེ་དང་དེ་དག་བྱེད།། ཡིད་ལ་བསམས་པས་དེ་དག་ཐར།། རྡོལ ་ལན་གསུམ་བཟླས་པ་ཡིས། ། ཆུ་སྲིན་ཀྲམ་བི་ར་ལ་སོགས།། མཆེ་བ་ཅན་དག་ཕྱོགས་མེད་པར།། ཆུ་བསལ་བ་ཡི་མཆོག་ཏུ་འབྱུང་།། འགྲོ་ཚོ་ཡིད་ལ་བཟླས་ན་ནི།། ལམ་ན་རྐུན་པོ་འཇིགས་པ་མེད།། སེང་གེ་སྟག་དང་དགྲ་རྣམས་དང་།། ་ནད་ཀྱིས་འཇིགས་པ་མེད་པར་འགྱུར།། རྒྱལ་པོའི་དྲུང་དུ་འགྲོན་ཡང་།། སྔགས་ཀྱིས་སྤྱི་གཙུག་བཅིངས་ན་ནི།། རྒྱལ་པོ་ཁྲོས་པམྱུར་རབ་ཏུ།། བརྐྱང་ནས་ཐལ་མོས་སྦྱོར་བར་བྱེད།། ཤགས་འགྱེད་པ་དང་རྒྱན་པོ་དང་།། མཚོན་པ ་མེ་ཡིས་འཇིགས་པ་ལ། ། ཡིད་ལ་དྲན་ཞིང་བཟླས་བྱས་ན།། མི་བདེ་ཀུན་ལས་ཐར་བར་འགྱུར།། འཚེ་བ་ཐམས་ཅད་ཞི་བའི་ཕྱིར།། མི་བདེ་ཉམས་ཐག་གྱུར་པ་ལ།། སྔགས་འདི་མྱུར་དྲན་བརྗོད་བྱས་ན།། སྤྲིན་དག་མནན་པར་བྱ་བ་དང་། ་འདོད་བཞིན་མྱུར་དུ་སླར་ཡང་བཟློག། གནམ་ལྷག་མ་སེར་བ་འབབ་པ་ཡང་།། དབྱུག་པའི་ཕྱག་རྒྱས་ཞི་བར་བྱེད།། ཕྱག་རྒྱ་བཅིངས་པ་དེ་ཉིད་ཀྱིས།། ཡིད་ཀྱིས་སྤྲིན་རྣམས་དབབ་པར་བྱ།། དེ་ལྟར་ཕྱག་རྒྱས་བསྡིགས་ནས་ནི།། སྨིན ་མཚམས་དག་ཀྱང་བསྒྱུར་བར་བྱ། ། རྣམ་པ་དེ་དག་ཉིད་ཀྱིས་ནི།། གནམ་ལྕགས་སེར་བ་བཅད་པར་བྱ།། སྦྱོར་བ་མཁས་པས་ཅི་འདོད་པ།། ཆར་པ་དག་ཀྱང་གནང་བར་བྱ།། གོས་ནི་སྔོན་པོ་བགོས་ན་ནི།། ཁོར་ཁོར་ཡུག་བསྲུང ་བྱས་ནས། ། མིད་པ་ནུབ་པར་ཆུར་ཞུགས་ཏེ།། ཉིན་གསུམ་ལེགས་པར་བཟླས་བྱས་ནས།། བརྒྱ་བྱིན་གྱིས་ནི་སྤྲིན་བསྡུས་ནས།། འདོད་པ་བཞིན་དུ་ཆར་པ་འབེབས།། དེ་ནས་སྤྲིན་ཆེན་ལས་བྱུང་བ།། ཆར་པས་ས་སྟེངས་ཁྱབ། ་བར་འགྱུར།། ཉི་མ་ལ་ནི་མངོན་ཕྱོགས་ནས།། ཉིན་རེ་རྟག་ཏུ་བཟླས་བྱས་ནས།། བདག་དང་དེ་བཞིན་གཞན་རྣམས་ཀྱི།། ནད་རྣམས་དེ་ནས་མེད་པར་འགྱུར།། རྒྱལ་པོ་དབང་དུ་བྱ་ཡང་རུང་།། ཡུངས་ཀར་དཀར་པོ་བཟང་པོ་ལས།། ་གཟུགས་བརྙན་ལེགས་པར་བྱས་ནས་སུ།། དེ་ཡི་གཟུགས་ཀྱི་སྟེང་འདུག་ལ།། གང་གི་མིང་སྨོས་ཉིན་བདུན་དུ།། བཟླས་བརྗོད་ལེགས་པར་བྱས་ན་ནི།། དེ་ནི་མཱར་དུ་ཆོ་ག་འདིས།། བྲན་བཞིན་དུ་ནི་དབང་དུ་འགྱུར།། ཞག་གཅིག་སྤུང་བ ་བྱས་པ་ཡིས། ། དམངས་རིགས་དག་ནི་དབང་དུ་འགྱུར།། ཞག་གཉིས་སྨྱུང་བ་དེ་བཞིན་དུ།། བཟླས་ན་རྗེའུ་རིགས་འདོད་པ་བཞིན།། ཞག་གསུམ་བྱས་པས་རྒྱལ་རིགས་ཏེ།། ཞག་བཞི་དག་གིས་བྲམ་ཟེ་དག། བཟླས་པའི་ཆོ་ག་བཞིན་བྱས ་ན། ། འདོད་པ་བཞིན་དུ་དབང་དུ་འགྱུར།། འབྲུ་དང་ཕུབ་མ་ཐམས་ཅད་ལས།། བུ་དང་བུ་མོ་གང་ཡང་རུང་།། དེ་བཞིན་གཟུགས་བརྙན་བྱས་ནས་ནི།། དམངས་རིགས་ལ་ནི་མཚན་གཅིག་གིས།། རབ་ཏུ་སྡང་བ་བྱ་བར་འགྱུར།། རྗེའུ་རིགས ་ལ་ནི་ཞག་གཉིས་ཀྱིས། ། དེ་སྟེངས་ཅོག་པར་འདུག་ནས་ནི།། དེ་བཞིན་མཛའ་དང་བྲལ་བ་བྱེད། ཉིན་ཞག་གསུམ་དང་བཞི་དག་གིས།། རྒྱལ་རིགས་དང་ནི་བྲམ་ཟེའོ།། ཇི་ལྟར་ཇི་སྐད་གསུངས་པ་ཡི།། ལས་ཀྱིས་བྱ་ཡི་གཞན་གྱིས་མིན ་གང་ཡང་རུང་བའི་གཟུགས་བརྙན་ནི། ། དུར་ཁྲོད་སོལ་བས་ལེགས་པ་རུ།། སྔ་མ་བཞིན་དུ་ལེགས་པར་བྲི།། དེ་ནས་སེང་ལྡེང་ཕུར་བུ་ལ།། སྔགས་ཀྱིས་སྟོང་དུ་བཟླས་བྱས་ན།། དེ་ཡི་འོག་ཏུ་ལུས་ལ་གདབ།། དགྲ་བེ་དེ་ཡི་མིང་སྨོས ་ནས། ། དེ་ལ་ཁྲོས་པར་བྱས་ནས་སུ།། དེ་ནས་དེ་ཡི་སྙིང་ཀར་འདུག། ཕུར་བུ་བཏབ་ཏེ་བཟླས་བྱ་བ།། དེ་ཉིད་ལག་པས་བཟུང་ནས་སུ།། དུག་གསུམ་ཉི་མ་གསུམ་བྱས་ན།། དགྲ་བོ་གང་དུ་བཏབ་པ་དེར། གཟེར་ཐ་ཐ་དྲག་པོས་བཏབ ་ནས་སུ། ། འགུལ་མི་ཕོད་པར་ས་ལ་ལྟུང་།། ཞག་བདུན་ལོན་ནས་འཆི་བར་འགྱུར།། མ་མོའི་གནས་སུ་སོང་ནས་སུ།། ལག་པས་བེ་ཅོན་ཕྱག་རྒྱ་བཅིང་།། ལག་པ་གཡོན་པའི་མཛུབ་མོ་ཡིས།། སྡིགས་ཤིང་ཉི་མ་ནུབ་ནས་སུ།། ་ཁྲོས་ཤིང་དགྲ་ཡི་མིང་སྨོས་བཟླས།། དེ་ནས་དགྲ་བོ་མོ་གདོན་གྱིས།། ཟིན་ནས་སྤྱོད་པ་སྣ་ཚོགས་པས།། འཆི་བར་གྱུར་པ་དག་ནི་བྱེད།། དེ་ནས་བསྒྲུབ་བོས་ཞི་བ་ཡིས།། ཚོགས་དེ་ལས་ཞི་བར་བྱེད།། མཚ ་རྣམས་ཀྱི་མདུན་འདུག་ནས། ། ཞི་བའི་ཚི་ག་མཁས་པ་ཡིས།། དབང་པོ་བསྡམས་ཤིང་ཡིད་བདེ་བས།། ཉིན་ཞག་གསུམ་དུ་བཟླས་བྱས་ནས།། དེ་ནས་དེ་ལ་ལས་དེ་ཡྀ།། ཞི་བར་འགྱུར་བ་གདོན་མི་ཟ།། ཉི་མ་ལ་ནི་མངོན་ཕྱོགས་མ། ་ལག་པས་དགྲ་བོའི་མགོ་བྱུག་ཅིང་།། དགྲ་ཡི་མིང་སྨོས་མནན་ནས་སུ།། ཉི་མ་ནུབ་ཏུ་བཟླས་བྱས་ནས། དེ་ཡི་ཀླང་པ་ན་འགྱུར་བ།། ཚབས་ཆེན་ཤི་ལ་ཐུག་པར་འགྱུར།། དེ་ནས་ཐལ་མོ་སྦྱར་ནས་སུ།། ཉིན་པར་ཟློས་ཤིང་ཞི་བར་བྱ།། ་ས་སྟེངས་རྐང་པ་གཅིག་གིས་འདུག། ཉིན་པར་ལག་པ་གྱེན་དུ་བརྐྱང་།། མི་དགའ་ཁྲོས་ཤིང་བཟླས་བྱས་པ།། དགྲ་ཡི་མིང་སྨོས་ཅི་འདོད་པར།། ཉི་མ་ནུབ་ཀར་དེ་ནས་དགྲ།། མི་དགའ་བ་དང་མྱོས་འགྱུར་ཏེ།། གཉེན་དང་མཛའ་བོ ་རྣམས་བོར་ཏེ། ། དེ་ནས་གཞན་གྱི་གནས་སུ་འགྲོ།། དེ་ལ་འདིར་ནི་ཞི་བ་འམ།། འོན་ཏེ་རྒྱས་པར་བྱ་འདོད་ན།། གཙང་སྦྲ་བྱས་ཏེ་གོས་དཀར་བགོས།། བདེ་ཞིང་བརྟན་པར་མ་གཡོས་པར།། མཆོད་པ་བཟང་པོ་བྱས་ནས་སུ།། དེ་བཞིན ་གཤེགས་ལ་ཕྱག་འཚལ་ནས། ། འོ་མ་བཏུང་ཞིང་བཟླས་བྱས་པ།། ཞི་བར་འགྱུར་གྱི་བར་དུའོ།། དེ་ལྟར་འདི་ནི་སྣ་ཚོགས་པ།། སྦྱོར་བཅས་རྒྱས་པར་བཤད་པ་ཡིན།། རྟོག་པའི་ཆོ་ག་བཞིན་དུ་ནི།། མ་གསུངས་པ་ཡང་ལེགས་པར་བསྒྲུབ།། ཁྲོ་བོ་རྣམ ་པར་རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་གསང་བའི་རྟོག་པར་གཏོགས་པ་སྟེ་གསུམ་པའོ། ། །། དེ་ནས་གཞན་ཡང་བཟང་པོ་འདི།། ཧེ་ལའི་དཀྱིལ་འཁོར་རྒྱས་པ་ནི།། དེ་ལས་བཟང་པོ་གཞན་མེད་པ།། ཇི་ལྟར་རིགས་པ་བཤད་པར་བྱ། ་དང་པོར་ཧེ་ཞེས་གང་གསུངས་པ།། བསྐུལ་བའི་ས་བོན་ཐམས་ཅད་པའོ།། དེ་ནི་ལེན་དང་འཛིན་པ་སྟེ།། ལས་ལ་མྱུར་དུ་བསྐུལ་བའོ།། དེ་བས་ཐོག་མར་བསྐུལ་བ་དང་།། དོན་བཞིན་དུ་ནི་བཟུང་བ་ལ།། ཁྲོ་བ་ཡི་ནི་རྒྱལ་པོ་ཡི།། ཧེ་ལའི་འཁོར་ལོ ་རིམ་བཞིན་བསྟན། ། ཧེ་ཧེ་ཧ་ཧ་ཧི་ཧི་ཧི་ཧི་ཧ་ཧ་ཧེ་ཧེ།། གཉིས་སྦྱར་བ། ཁྲོ་ཆེན་ཚིག་གི་ཐོག་མར་སྦྱར།། ཟུང་ཤིག་པ་ཡི་ཚིག་གཉིས་པའོ།། ཟུང་དྲུག་འཁོར་ལོའི་མཐའ་མར་དགོད།། མུ་རན་རྩིབས་ཀྱི་མིག་རྣམས་སུ།། སྔགས་ལས་བྱུང་བའི་རེ་རེའོ།། ་དོན་རྣམས་ཐམས་ཅད་བསྒྲུབ་པར་འགྱུར།། བཅུ་གཉིས་དག་ཏུ་གསུངས་པའི་སྔགས།། གནས་སུ་ཇི་ལྟར་བཀོད་པ་དང་།། ཇི་ལྟར་སྨོས་ཤིང་གང་གནས་པ།། སོ་སོའི་ལས་ལ་སྦྱར་བར་བྱ།། དེ་ནས་འདི་དག་བཀོད་པ་དེ།། སྔགས་རྣམས་བསྡུ་བ་ཚུལ ་བཞིན་བཤད། ། དེའི་ནང་མུ་རན་གསུམ་པོ་དང་།། དབུས་ཀྱི་མུ་རན་བཟང་པོར་ལྡན།། མཐའ་ཡི་མུ་རན་དྲུག་པོ་དང་།། རྩིབས་ཀྱི་ཟུར་དྲུག་རབ་བཟང་བ།། རབ་དབེན་འདྲ་འཛི་མེད་པའི་སར།། ཆོ་ག་བཞིན་དུ་ལེགས་བྲིས་ནས།། དེ་ཡི་གནས་སུ་སྦྱར ་བ་དང་། ། དེ་ཡི་གོ་རིམ་བཞིན་དུ་སྦྱར།། དེ་ཡི་ཚམ་དམ་གསལ་བ་ཡི།། སྔགས་རྣམས་འདི་ནི་བསྡུ་བར་བྱ།། དབུས་སུ་དེ་བཞིན་གཤེགས་པ་ཡི།། སྙིང་པོའི་མཚན་ནི་བརྗོད་པའི་མཆོག། བཞག་ནས་དེ་ཡི་གནས་དག་ལ།། སྔགས་ནི་གྲུབ ་བར་བྱེད་པ་བཞག། མུ་རན་གཉིས་ལ་གནས་ནས་སུ།། ཁྲོ་བའི་སྙིང་པོ་གཞག་པར་བྱ།། དེ་ནི་ཁྲོ་བོའི་ཞབས་ཀྱིས་མནན།། དྲིལ་བུ་དཀྲོལ་བའི་སྒྲ་ཡང་སྒྲགས།། ཁྲོ་བོ་ཞབས་ཀྱིས་བཅགས་བྱས་པ།། རྩིབས་རྣམས་ཁྲོ་བོ་མཐུ་དང་ལྡན།། དབུས ་ས་སྙིང་པོ་དག་པར་ལྡན། ། རབ་ཏུ་འབར་ཞིང་ངེས་བྱས་པ།། མུ་རན་གསུམ་གྱིས་བར་དུ་སྟེ།། ཐམས་ཅད་དོན་རྣམས་ཀུན་གྲུབ་པའོ།། ཧེ་ཧེ་ཧ་ཧ་ཧི་ཧི་ཧི་ཧི་ཧ་ཧ་ཧེ་ཧེ།། གཉིས་སུ་སྦྱར། ཁྲོ་བོ་ཆེན་པོའི་ཚིག་དབུས་ནས།། ས་བོན་བཟུང་བའི་ཕྱི་རོལ ་གཞག། ཐོག་མར་བསྐུལ་བའི་ཚིག་རྣམས་དགོད།། ཁྲོ་བོ་དུ་མས་བསྐུལ་བ་སྟེ།། ཐམས་ཅད་ཀུན་དུ་དོན་རྣམས་ཀུན།། གྲུབ་པའི་ཕྱིར་ནི་དེ་ལ་གནས།། དེ་ལྟར་འཁོར་ལོ་བྱས་པ་ཡི།། ཕྱི་ནས་བདུད་རྩི་འཁྱིལ་བ་བཞག། བསྐུལ་བའི་ཚིག་རྣམས ་བཀོད་པའི་མཐར། ། ཁྲོ་བོ་གཞན་རྣམས་བཀོད་པར་བྱ།། དེ་ནས་གཞན་ཡང་རིམ་བཞིན་དུ།། ཁྲོ་བོ་ཆེན་པོ་དགོད་པའི་ཕྱིར།། སྐུལ་བར་བྱེད་པ་བཅུ་གཉིས་པོ།། འདི་དག་ཚུལ་བཞིན་བཤད་པར་བྱ།། དང་པོར་ཁྲོ་བོ་རྒྱལ་པོས་གསུངས།། ་འབར་བའི་ཕྲེང་བ་ཆེ་ཤེས་བྱ།། རྡོ་རྗེ་མེ་ཡི་རྒྱལ་པོར་གཞག། རབ་ཏུ་དྲག་པའི་ཤུགས་གཞག་གོ།། རབ་ཏུ་དྲག་ཤུལ་སྟོབས་པོ་ཆེ།། རྒྱ་ཆེན་ཁྲོབོ་ལྔ་པ་ཡིན།། དྲུག་པ་གཞན་གྱིས་མི་ཐུབ་པ།། འཇིགས་པར་བྱེད་པ་ཞེས་བྱ་བ། ་ཁྲོ་བོ་བདུན་པར་བྱེད་པ་ཡིན།། ཟུར་དུ་ཁྲོ་བོ་བརྒྱད་པོ་གྲགས།། ཕོངས་པ་སྒྲོལ་བ་དེ་བཞིན་དགུ།། རབ་ཏུ་འཇོམས་པ་བཅུ་པ་ཡིན།། དེ་བཞིན་ཀཱི་ལི་ཀཱི་ལི་བཞག། ཀཱི་ལི་ཀཱི་ལི་ཆེན་པོ་དང་།། བཅུ་གཉིས་སུ་ནི་གསུངས་པ་ཡིན།། ཁྲོ་བོ་རབ་ཏུ་སྣང་བྱེད ་བཅུ་གཉིས་བགྲངས་པ་འདི་དག་ནི། ། ཁྲོ་བོའི་རྒྱལ་པོས་ཀུན་དུ་མནན།། ཐམས་ཅད་རིམ་པ་བཞིན་དུ་གསུངས།། འཁོར་ལོའི་ཕྱི་རོལ་གནས་པ་འཁོད།། འབར་ཞིང་དྲག་པོའི་མཐུ་དང་ལྡན།། ཐམས་ཅད་བསྟན་ནས་འཁོད་པ་ནི།། བྲེ་བོ་ཆེན ་པོ་སྣང་བྱེད་པ། ། མཐུ་རྩལ་ཆེན་པོ་སྟོབས་སུ་ལྡན།། ཀུན་ཀྱང་བདུད་རྩི་འཁྱིལ་པའོ།། ས་བོན་སྔ་མ་མཐའ་ཡས་རྣམས།། གུག་སྐྱེད་དྲུག་དང་ལྡན་པར་བྱ།། སྟེང་དུ་ཀླད་ཀྱི་འཁོར་གྱི་མཚན།། ས་བོན་བདུད་རྩི་འཁྱིལ་པའོ།། དད་པར་དཀྱིལ་འཁོར ་ན་གནས་གཅིག། ཆོ་ག་དང་བཅས་པའི་དོན་ཀུན་བསྒྲུབ།། རབ་ཏུ་འབར་བའི་སྔགས་ཀྱིས་མཐར།། འབར་བའི་ཕྲེང་བ་ཅན་གྱིས་བསྒྲགས།། ས་བོན་གཉིས་པ་གང་ཡིན་པ།། ཚེག་དང་བཅས་པར་དེ་བཞིན་གནས།། རྡོ་རྗེ་མེ་རྒྱལ་ཞེས་བྱ་བ།། ་ཁྲོ་བོ་དོན་ཀུན་གྲུབ་བྱེད་པའོ།། དང་པོའི་ས་བོན་གསུངས་པ་ཡང་།། སྔ་མ་བཞིན་དུ་ཚེག་དང་བཅས།། རབ་ཏུ་ཤུགས་དྲག་ཆེར་གྲགས་པ།། ཁྲོ་བོ་རྒྱལ་པོ་ཁྲོ་བོར་སྣང་།། སྣང་བྱེད་ཁྲོ་བོའི་རིམ་པ་ལས།། ཚེག་དྲག་དེ་བཞིན་ཁྲོ་བོ་ཆེ།། དེ་ནི་སྟོབས་པོ། ་ཆེ་ཞེས་གསུངས།། གཉིས་པར་འཁོར་ལོ་ཚིག་མཐའ་ཅན།། གང་གསུངས་ཁྲོ་བོ་རྒྱ་ཆེན་འདི།། དེ་ནི་སྙིང་པོར་གྲགས་པ་ཡང་།། མི་ཐུབ་གཙོ་བོའི་ཙེག་དང་བཅས།། དེ་ཡི་གསུམ་པོ་ཚིག་བཅས་པ།། དེ་ཡང་དེ་བཞིན་བསྒྲགས་པ་ཡིན།། འཇིག ་པ་ཞེས་བྱ་རབ་ཏུ་ཆེ། ། ཁྲོ་འདི་ཁྲོ་བོ་སྣང་བྱེད་པ།། རྒྱ་ཆེན་གྱི་ནི་རིམ་བཞིན་དུ།། བཞི་པ་ཡོངས་སུ་བསྒྲགས་པ་ཡིན།། ཆོག་བཅས་རབ་ཏུ་དྲག་པོ་ཉིད།། སུ་རུ་ཁྲོ་བོ་དེ་བཞིན་གཞག། དེ་ཡི་ས་བོན་ལྔ་པ་ཡིན།། འབར་བའི་ཕྲེང་ཆེན་ཞེས་བྱ་བ ་ཚིག་དང་བཅས་པ་དེ་བཞིན་དུ། ། ཁྲོ་བོ་ཕོངས་པ་གྲོལ་ཞེས་བྱའོ།། ལྔ་པོ་རྒྱ་ཆེན་ཉིད་ཡིན་ཏེ།། ཚེ་ག་དང་བཅས་པར་བསྔགས་པའོ།། རབ་ཏུ་འཇོམས་པ་ཞེས་བསྒྲགས་པ།། བྲེ་བོ་ཁྲོ་བོ་སྣང་བྱེད་པའོ།། ས་བོན་སྔ་མ་མཐའ་མེད་ལས།། སྔམ ་ཚིག་བཅས་དེ་བཞིན་གཞག། ཀི་ལི་ཀི་ལི་བྱ་བ་ཡི།། དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར།། དེ་བཞིན་དེ་ཡིས་བོན་ཉིད།། ཚིག་བཅས་དེ་བཞིན་འདིར་བཤད་དེ།། ཀི་ལི་ཀི་འི་ཆེན་པོ་དེ།། ཁྲོ་བོའི་ཁྲོ་བོ་སྣང་བྱེད་པའོ།། ཁྲོ་བོའི་རྒྱལ་པོ་དེ་དག་ནི། ས ་བོན་འདི་དག་རྣམས་ཀྱིས་བསྒྲགས། ། ཁྲོ་བོའི་རྒྱལ་པོ་སྦྱོར་བ་ཡི།། རབ་ཏུ་སྣང་བར་བྱེད་ཅེས་བསྒྲགས།། ཁྲོ་བོའི་རྒྱལ་པོའི་འཁོར་ལོས་གནས།། གཤིན་རྗེ་གཤེད་པོ་ཡིན་པར་གསུངས།། དང་པོར་དེ་ནི་འཁོར་ལོ་བསྟན།། ཁྲོ་མ ་བདུད་རྩི་འཁྱིལ་པ་དང་། ། ཁྲོ་བོའི་རྒྱལ་པོ་དེ་ལས་གཞན།། ཁྲོ་བོའི་བདག་པོ་སྣང་བྱེད་པའོ།། དེ་ལྟར་ཁྲོ་བོ་གསུམ་པོ་དེ།། གང་དང་གང་དྲ་རབ་སྦྱར་བ།། དེ་དང་དེ་རུ་སྔགས་རྣམས་ནི།། སྐུལ་བར་བྱེད་པས་དེ་བཞིན་བསྐུལ།། ཆོག་ཤེས ་པས་ནན་ཏན་དུ། ། གང་ཡང་གང་འདོད་བསྒྲུབ་པར་བྱ།། ཁྲོ་བོ་བསྒོམ་དང་ལྡན་པ་ཡིས།། ཧེ་ལའི་འཁོར་ལོ་ཡོངས་བསྒོམས་ནས།། དཀའ་ཞིང་སྒྲུབ་ཏུའང་མི་རུང་བ།། བརྟུལ་ཞུགས་ཧོམ་དང་བཅས་ལ་སོགས།། དེ་ཡིས་དགོང་པ་མ་བྱས་ཀྱང་།། ་སྔགས་གང་ཤེས་ན་བསླབ་པའོ།། ཧེ་ལའི་འཁོར་ལོ་ཚུལ་ཤེས་པ།། དེ་ཡིས་དཀའ་བ་མ་བྱས་ཀྱང་།། གདོན་མི་ཟ་བར་མྱུར་དུ་འགྲུབ།། བརྟུལ་ཞུགས་ཧོམ་དང་བསམ་གཏན་དང་།། ཇི་ལྟར་གསུངས་པའི་དཀའ་ཐུབ་དང་།། མངོན་པར་བརྩོན ་ཞིང་དད་པའི་བདག། ལན་གྲངས་བཅུ་གཉིས་གང་བསྟན་པ།། རྟོག་ལས་གསུངས་པའི་ལས་རྣམས་བྱེད།། རབ་ཏུ་ཡ་མཚན་སྟོན་པའོ།། ཧེ་ལའི་འཁོར་ལོ་ཚུལ་ཤེས་པས།། རིང་པོར་མི་ཐོགས་བདེ་བ་ནི།། བྲེ་བོར་བསྒོམས་པ་དང ་ལྡན་ཞིང། ཉེ་ལའི་འཁོར་ལོ་གནས་འདག།། ཁམས་གསུམ་དག་ཀྱང་ལན་གཅིགགིས།། ཐོགས་མེད་མྱུར་དྲ་གཡོས་པར་བྱེད།། དེ་བས་རབ་ཏུ་བསྒྲིམས་ནསས།། ཁྲོ་བ་བ་སྒོམས་པ་གོངས་བྱས་ཏེ།། ལའི་འཁོར་ལོལས་རྫུ ་སྔགས། ། སྦྱོར་བ་དག་གིས་གོམས་པར་བྱ།། ཁྲོ་བོ་རྣམ་པར་རྒྱལ་བ་ཡི།། རྟོག་པ་དང་པོར་གང་བསྒྲགས་པ།། དེ་ཡི་རྟོག་པ་གསང་བཤད་པ།། ཆོ་ག་འདི་ནི་གསང་བའི་མཆོག། ཁྲོ་བོའི་འཁོར་ལོ་བསྒྲགས་པ ་འདི། ། ཆོ་ག་དེ་བས་ཤིན་དུ་གསང་།། ཁྲོ་བོའི་འཁོར་ལོ་གསང་བཤད་པ།། རབ་ཏུ་སྣང་བྱེད་དེ་བས་ཀྱང་།། ཧེ་ལའི་འཁོར་ལོ་བསྒྲགས་པ་འདི།། རབ་ཏུ་གསང་བའི་མཆོག་ཡིན་ཏེ།། རྟོག་པ་འདི་དག་ཐམས་ཅད་ཀྱི།། རབ་ཏུ་གསང ་བ་བཤད་པ་ཡིན། ། རྟོག་པ་རབ་ཏུ་གསང་བ་ནི།། འདི་དག་རྣམ་པ་ཀུན་ལ་ཡང་།། ཧེ་ལའི་འཁོར་ལོ་འདྲ་བ་ཡི།། འཁོར་ལོ་མ་བྱུང་ཕྱིས་མི་འབྱུང་།། གང་ཞིག་འདི་ཡི་དོན་ཐོས་ནས།། ཁྲོ་བོའི་གྲུབ་པ་སྒོམ་བྱེད་པ།། དེ་ཡིས་འབད་པ་མ་བྱས ་ཀྱང་། ། འཇིག་རྟེན་ན་ནི་བསྒྲུབ་དཀའ་མེད།། ཧ་ལའི་འཁོར་ལོའི་གནས་ལ་ནི།། ཇི་ལྟར་འདོད་པར་གནས་ནས་སུ།། ཁྲོ་བོ་བསྒོམ་དང་རབ་ལྡན་པས།། ཁྲོ་བོའི་གཟུགས་སུ་གནས་ནས་ནི།། རྩེ་གཅིག་ཏུ་ཡང་ཚིག་གི་མཆོག། བསྒྲུབ་པ ་མཆོག་ནི་སྦྱིན་པར་བྱེད། ། ཐོགས་པ་མེད་པར་འཇམ་དཔལ་མཐོང་།། ཇི་ལྟར་རིག་པའི་དོན་བཞིན་དུའོ།། ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོགས་པ་ལས་གས་པའི་རྟོག་པར་གཏོགས་པསྟེ་བཞི་པའོ།། །། ཁྲོ་བོ་ཆེན་པོའི་ཚིག་གི་མཐར ་སྦྲུལ་ཅིག་ཅེས་པའི་ཚིག་གཉིས་གཞག། སྐུལ་ཅིག་ཅེས་པའི་ཚིག་གཉིས་མཐར།། ཁྲོ་བོ་བདུད་རྩི་འཁྱིལ་པའོ།། ཁྲོ་བོ་ཆེན་པོ་ཕྲེང་བ་དང་།། བདུད་རྩི་འཁྱིལ་པ་འདི་ཡི་མཐར།། ཀུན་དུ་དང་པོ་གཡོ་བ་དང་།། སྔགས་ཤེས་ཚམ་ངམ ་མཛེས་པ་ཡིས། ། ཧེ་ལའི་འཁོར་ལོལ་གནས་ཏེ།། དང་པོ་གནས་སུ་འདྲག་ནས་སུ།། བེ་ཅོན་ཕྱག་རྒྱ་ལན་ཅིག་བཅིང་།། དེ་ནས་ཁོ་བོའི་སྔགས་བཟླས་པ།། སྔགས་པ་འགྲེང་སྟེ་འདྲག་པ་ནི།། རྐང་པ་གཉིས་ནི་བསྣུར་བ་དང་།། ཁྲོ་བོ་སྒོམ ་པ་འདི་ལ་ནི། ། སེམས་ནི་རབ་ཏུ་ཞེན་བྱས་ནས།། ས་འདི་རབ་ཏུ་གཡོས་པ་འམ།། རི་དག་གཡོས་པའི་བར་དུའོ།། དེ་ནས་འཁོར་ལོ་བསྒྲུབ་པ་ཡིས།། གཉིས་པའི་གནས་ལ་སོང་ནས་སུ།། ཁྲོ་བོ་ཆེན་པོའི་ཚིག་མཐར་གནས།། སྒོམས ་ཤིག་ཅེས་པར་དབང་བསྐུར་རོ། ། དེའི་ཚིག་ཐོག་མར་དཀོད་ནས་ནི།། དེ་ཡི་ཐ་མར་བདུད་རྩི་འཁྱིལ།། དེ་བཞིན་བདུད་རྩི་འཁྱིལ་བའི་མཐར།། རྡོ་རྗེ་མེ་ཡི་རྒྱལ་བའི་སྔགས།། རབ་ཏུ་གཡོ་བ་མཛེས་པ་དང་།། ཆམ་དམ་གསལ ་བདག་ལ་གནས། ། བེ་ཙོན་ཕྱག་རྒྱ་བཅིངས་ནས་ནི།། ཁྲོ་བོ་བསྒོམས་པས་སྔགས་བཟླས་སོ།། རབ་ཏུ་སྦྱོར་བའི་ཐབས་འདི་ནི།། མཚོ་དང་རྫིང་ཆེན་ཀྲུང་ཆེན་རྣམས།། ཁྲོས་པས་མྱུར་དུ་བསྐམས་པར་བྱེད།། འབབ་ཆུངས ་ཀྱང་གྱེན་དུ་འབེབས། ། ཁྲོ་བོ་མཐུ་ཆེན་གནོན་ལྡན་པ།། སྔགས་ཀྱི་ཡི་གེ་དགོད་པར་བྱ།། རྩིབས་རྣམས་རིམ་པར་ཀུན་མནན་པ།། གཉིས་པོ་དེ་ལས་འཕོས་ནས་ནི།། དེ་ནས་གསུམ་པའི་གནས་ལ་འདུག། མཐུ་རྩལ་ལྡན་པས་རིམ་པར་མནན ་ཁྲོ་བོ་ཆེན་པོའི་ཚིག་གི་མཐར། ། བསྐྲད་པར་བྱོས་ཅེས་ཚིག་གཉིས་བསྐུལ།། དེ་ནི་སྔ་མ་བཞིན་བཀོད་ནས།། དེ་ཡི་མཐའ་མར་བདུད་རྩི་འཁྱིལ།། ཁྲོ་བ་བདུད་རྩི་འཁྱིལ་པའི་མཐར།། རབ་ཏུ་དྲག་པའི་ཤུགས་གཞག་གོ།། རྣམ་པར་སྐྲག་བྱེད ་གསལ་བ་ཡི། ། ཁྲོ་བ་ཚམ་ངམ་བསྙེན་པར་གནས།། གླང་པོ་མྱོས་པའི་ཤུགས་ཅན་དག། མངོན་དུ་འོང་བར་གྱུར་ན་ཡང་།། དེ་མ་ཐག་ཏུ་སྐྲག་པར་བྱེད།། མྱོས་པའི་ཤུགས་ཀྱང་རབ་ཏུ་དོར།། སླད་དུ་ལོག་པར་བར་ཚུན་དུ།། སྒོར་ཞིང་པ་དགའ ་བཞིན་དུ་འགྲོ། ། གླང་པོའི་རྒྱལ་པོ་དེ་མྱོས་ཤིང་།། བདེ་བ་མཐོབ་བབས་པར་འགྱུར།། བསྒྲུབ་པ་ཁྲོ་བོ་བསྒོམ་པ་ཡི།། ཆོ་གའི་ཚུལ་ནི་དེ་བཞིན་ནོ།། ཧེ་ལའི་འཁོར་ལ་ཞེས་བྱ་བའི།། བཞི་པའི་གནས་ལ་འདུག་ནས་ཀྱང་།། ཐེ་བོ་ཆེན་པོའི་ཚིག་གི ་མ། དོན་ཅིག་ཅེས་པའི་ཅིགགཉིས་བསྔལ།། དེ་ནས་ཆོག་སྔར་བགད་པས།། བདུད་ཅི་འཁྱིལ་པ་གཞག་པར་ག།། བདུད་ཅི་འཕྲུལ་པ་ད་ཡི་མཐར།། ཟ་བ་ཆེན་པོ་སྟོབས་ཆེ་དགའ།། དུ་གྲོལ་པ་མཛེས་པ་འི།། མང་ས ་གྱིས་ནི་མི་གཡོར་མནན། ། དཔུང་ངམ་ཡང་ན་གླང་པོ་འམ།། ཀླུ་འམ་ཡང་ན་ཤིང་རྟ་འམ།། རྟ་དང་རྔ་མོ་ལུག་ལ་སོགས།། ཐེ་བོ་བསྒོམས་པའི་ཚུལ་བཞིན་བྱས།། སྦྱོར་བ་དེ་ལ་གནས་ནས་ནི།། རབ་ཏུ་མནན་པ་བྱས་པར་འགྱུར། དེ་ནས ་6། ཧེ་ལ་ཞེས་བྱ་བའི།། འཁོར་ལོ་ལྔ་པ་ལ་གནས་ནས།། ཐོ་བ་ཆེན་པོའི་ཚིག་གི་མཐར།། དཀྲུགས་ཤིག་དཀྲུགས་ཤིག་ཚག་གཉིས་གཞག། ཁྲོ་བོ་བདུད་རྩི་འཁྱིལ་བ་ཡང་།། མཐའ་མི་ཚིག་གི་གནས་སུ་གཞག། ཁྲོ་བོ་རྒྱ་ཆེན ་ཞེས་བྱ་བ། ། རབ་ཏུ་འབར་བར་འགྱུང་བར་བྱ།། ཐོ་བོ་བདུད་ཅི་འཁྱིལ་བ་ཡང་།། རབ་ཏུ་འཁྲུག་པ་ཞེས་བྱ་བའི།། ཚམ་ངམ་མཆོག་གིས་མྱུར་དུ་ནི།། དགྲ་ཡི་དཔུང་རྣམས་ཕན་ཚུན་དུ།། རབ་ཏུ་རྣམ་པར་དཀྲུགས་པར་བྱ།། དེ་ནས་ཏེ་ལའི་འཇོ ་ལོ་ཡ། རིམ་པ་དྲུག་ལ་གནས་ནས་ནི།། ཐོ་བ་ཆེན་པོའི་ཚིག་གི་མཐར།། རྨོངས་པར་གྱུར་ཅེས་ཚིག་གཉིས་བསྐུལ།། ཁྲ་བོ་བདུད་རྩི་འཁྱལ་པ་ཡང་།། ཚིག་གི་མཐའ་མར་ཀུན་དུ་གཞག། ཁྲོ་བོ་གཞན་གྱིས་མི་ཐུབ་པ།། ཆོག་སྔ་མ་བཞིན་ན། ་བསྐུལ།། མོངས་པར་བྱེད་པའི་ཚམ་ངམ་གྱིས།། ཆོ་ག་བཞིན་དུ་རབ་བསྐུལ་ནས།། རི་མོ་དག་ལ་གནས་པ་བཞིན།། འགྲོ་བ་མྱུར་དུ་རྨོངས་པར་འགྱུར།། དེ་ནས་ཧེ་ལའི་འཁོར་ལོ་འདིར།། རིམ་བདུན་པ་ལ་གནས་ནས་སུ།། ཁྲོ་བོ་ཆེན་པོའི་ཆོག ་གི་མཐར། ། སྒྲོགས་ཤིག་སྔགས་ཤིག་ཆོག་གཉིས་གཞག། ཟ་བ་འཛིན་པར་བྱེད་པ་ཡིས།། བདུད་རྩི་འཁྱིལ་བསྐུལ་བར་བྱེད།། འཇིགས་པར་གྱུར་པའི་སྒྲ་སྒྲོགས་པ།། ཁྲ་བོའི་ཚིམ་དམ་མུར་བར་ནི།། དུས་མིན་པར་ཡང་སྨིན་གྱིས ་དེ་ནས་འདོད་བཞིན་ཆར་བ་འབེབས། ། དེ་ནས་ཧེ་ལའི་འཁོར་ལོ་ཡི།། རྩིབས་ཀྱི་རིམ་པ་བརྒྱད་པ་ལ།། གནས་ནས་འདིར་ནི་སྔ་མ་བཞིན།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། ཧི་ཧི་ས་བོན་གཉིས་བཞག་ནས།། དེ་ཡི་འོག་ཏུ་བདུད་རྩི་འཁྱིལ།། ་ཟ་བོ་ཟུང་དུ་དེ་བཞིན་དུ།། བདུད་རྩི་འཁྱིལ་བའི་མཐའ་མར་གཞག། ཁྲོ་བོ་ཚམ་དམ་ལ་གདངས་པ།། མཆོག་ཅེས་བྱ་བ་མྱུར་བར་ནི།། རྐང་པ་ལ་གཅིག་གདངས་པའི་སྟབས།། སད་དང་སེར་བརྡུང་ལ་སོགས།། དུས་སམ་ཡང་ན ་རུས་མིན་པར། ། བསྒྲུབ་པོ་ཁྲོ་བོ་བསྒོམས་པ་ཡིས།། ཁྲོ་བའི་སྔགས་ཀྱི་ཚུལ་བཞིན་དུ།། ས་ཡི་སྟེང་དུ་འབེབས་པར་བྱེད།། ཧཾ་ལའི་འཁོར་ལོ་གནས་བརྒྱད་པོ།། བསྒྲུབ་པ་ཡི་ནི་སར་བོར་ནས།། ཁྲོ་བོའི་ས་བོན་ཚིག་གསལ་བ།། དགུ་པ ་བཟང་པོ་ལ་གནས་ཏེ། ། ཐོ་བའི་ཆེན་པོའི་ཚིག་གི་མཐར།། སློང་ཤིག་པ་ཡི་ཚིག་གཉིས་བསྐུལ།། ཁྲོ་བོ་བདུད་རྩི་འཁྱིལ་བ་ཡི།། ཐ་མར་ཕོངས་པ་གྲོལ་བ་གཞག། ཁྲོ་བོ་བསྒོམས་པས་མཛེས་པ་ཡི།། ཚམ་དམ་གསལ་བ་བྱས་ནས་ནི།། ཁྲོ ་བོ་གཤིན་རྗེ་གཤེད་པོ་བཟླས། ། ཁྲོ་བ་ཉིད་ཀྱི་ཚིག་གིས་གསལ།། ཧཱུཾ་ཞེས་བྱ་བ་བཟང་པོ་ཡིས།། ཁྲོ་བོ་དངོས་པོ་བསྒོམས་ནས་ནི།། ཤིང་གི་རྩེ་དང་ཡལ་ག་དགུག། ཡང་ན་ཤིང་ཚན་རྩ་ནས་འབྱིན།། མེ་ཏོག་འབྲས་བུ་ཀློག་པ་འམ།། ཡང་ན ་འདོད་བཞིན་གཡོ་བར་བྱེད། ། ལྗོན་ཤིང་ཆེན་པོ་རྣམས་ཀྱང་ནི།། ཇི་ལྟར་འདོད་པར་མི་གཡོར་འགྱུར།། ཧེ་ལ་ཞེས་བྱའི་འཁོར་ལོ་ཡི།། རྩིབས་ནི་བཅུ་པ་ལ་གནས་ནས།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། ཆོམ་ཤིག་ཅེས་པའི་ཚིག་གཉིས་བསྐུལ།། ་ཁྲོ་བོ་ཆེན་པོ་རབ་འཇོམས་པ།། ཁྲོ་བོ་བདུད་རྩི་འཁྱིལ་བའི་མཐར།། སྔ་མ་བཞིན་དུ་གཞག་པར་བྱ།། འཇིགས་པར་བྱེད་པའི་ཚམ་ངམ་བྱེད།། རི་ཆེན་དག་གི་རྩེ་མོ་དང་།། སྒོ་དང་ལྕགས་སྒྲོག་རྣམས་ཀྱི་ནི།། ཁྲོ་བོའི་རྒྱལ་པོའི་སྔོན་བཞིན་དུ།། ་བསྒོམས་ན་རབ་མཆོག་གྲུབ་བྱེད་པ།། ཧེ་ལ་ཡེ་ནི་འཁོར་ལོ་ཡི།། རྩིབས་ནི་བཅུ་གཅིག་ལ་གནས་ཏེ།། ཁྲོ་བ་ཆེན་པོའི་ཚིག་གི་མཐར།། བརྙིལ་ཅིག་ཅེས་པའི་ཚིག་གིས་བསྐུལ།། ཁྲོ་བ་ཀཱ་ལི་ཀཱ་ལ་ཡིས།། བདུད་ཅི་འབྲེལ་པ་བསྲུལ་བྱས། ་ཚིག་གི་མཐའ་མར་གནས་པ་སྟེ།། ཆོ་ག་བཞིན་དུ་བཤད་པ་བཞིན།། ཀཱི་ལི་ཀཱི་ལི་ཞེས་བྱ་བ།། ཚམ་དམ་མཆོག་ལ་དེ་བཞིན་གནས།། བེ་ཅོན་གྱི་ནི་ཕྱག་རྒྱ་བཅིངས།། གཤིན་རྗེ་གཤེད་པོ་བསྒོམས་པ་ནི།། རིན་ཆེན་རྩ་བ་བརྟན་པ་ཡང་།། རྩེམ ་ནས་ཀྱང་བཏིལ་བར་བྱེད། ། མང་ན་རི་ཀར་སྐྱེ་བ་ཡི།། བཏན་པའི་ཤིང་ན་མིས་འིའབྲེལ་བར་བྱེད།། དེ་ནས་ཏེ་ལའི་འཐོང་མོ་འི།། བཅུ་གཉིས་པ་ཡི་ཅིབས་ལ་གནས།། ཐོ་བ་ཆེན་པོའི་ཚིག་ག་མཐར།། ཐུགས་ཤིག་ཅེས་པའི་ཚིག་གིས་བསྐུལ། ་བསྐུལ་ནས་དེ་ཡི་བ་མར་ནི།། བདུད་རྩི་འཁྱིལ་པ་གཞག་པར་བྱ།། ཐ་ཆེན་ཀི་ལི་ཀི་ལ་ཡ།། དེ་ཡི་ཐ་མར་གཞག་པར་བྱ།། ཀི་ལི་ཀི་ལེ་ཆེན་པོ་ཞེས།། བྱ་བའི་ཚམ་དམ་དེ་བཞིན་བྱ།། བེ་ཅོན་ཕྱག་རྒྱ་བཅིངས་ནས་པ།། ཐོ་བོ་ཆེན་པོ་གཞིན་རྗེ ་གཤེད། ཡིད་ལ་རབ་གོམས་བྱས་ན།། རྩིག་པ་ཤིང་ས་མ་ཛེ་ལ་སོགས།། བབས་ན་བྱུང་སྟེ་ནམ་མཁའ་གནས།། ནམ་མཁའ་ལ་ནི་བྱུང་ནས་ཀྱང་།། འདོད་པ་བཞིན་དུ་ལུང་བར་བྱེད།། འདི་ནི་རང་བྱུང་ངོ་མཚར་ལ།། འདི་ནི ་དུས་གསུམ་སྔོན་དུ་བྱུང་། ། སྤྱོད་པ་གཞན་ཡང་སྔ་མ་བཞིན།། ཁྲོ་བོ་བསྒོམས་པས་བྱེད་པར་གསུངས།། ཧེ་ལའི་འཁོར་ལོ་དགོད་པ་ནི།། རབ་ཏུ་གསང་བ་ཡིན་པར་བཤད།། གསང་དང་བཅས་ཤིང་སྦྱོར་བཅས་པ།། ཤེས་ན་དངོས་ཐུབ ་ཐོབ་པར་འགྱུར། ། དེ་ནས་གཞན་ཡང་ཅི་རིགས་པར།། ཚམ་དམ་བཅུ་གཉིས་སྦྱོར་བ་དག། མདོ་དང་རྒྱས་པའི་ཚུལ་དག་གིས།། དེ་ནི་རབ་ཏུ་བཤད་པར་བྱ།། ཀུན་དུ་གཡོ་བ་དང་པོ་ཡིན།། དེ་བཞིན་རབ་ཏུ་གཡོ་བར་བཤད།། སྐྲག་པར་བྱེད ་པ་གསུམ་པོ་སྟེ། ། བཞི་པ་ཀུན་དུ་སྡོམ་པར་བྱེད།། རབ་ཏུ་འཁྲུག་ཅེས་བྱ་བ་ལྔ།། རྨོངས་པར་བྱེད་པ་དེ་བཞིན་དྲུག། མྱུར་བ་ཚམ་ངམ་དེ་ལ་གནས།། ཁ་གདངས་པ་ནི་བརྒྱད་པར་བཤད།། མཛེས་ཞེས་བྱ་བ་དགུ་པ་སྟེ།། འཇིགས་པར་བྱེད་པ ་བཅུ་པ་ཡིན། ། ཀི་ལི་ཀི་ལ་ཞེས་བྱ་དང་།། ཀི་ལི་ཀི་ལ་ཆེན་པོ་ཡི།། ཁྲོ་བོ་ཚམ་དམ་བཅུ་གཉིས་སོ།། འདི་དག་རིམ་བཞིན་བཤད་པ་ཡིན།། ཐོག་མར་བསྡིགས་པའི་རིམ་པ་ཡིས།། བེ་ཅོན་ཕྱག་རྒྱ་ལྡན་པར་བྱ།། ཕྱི་ནས་རང་གཟུགས་ཇི་བཞིན་དུ། ་སྔགས་པ་དག་གིས་ཤེས་པར་བྱ།། རང་གི་གཟུགས་ཀྱང་རང་གནས་པ།། བསྡིགས་ཤིང་ཚམ་དམ་བྱེད་ལ་སོགས།། སྐྲག་པར་བྱེད་པའི་ཁ་ནི་ཟབ།། ཁྲོ་བའི་ལྟ་བ་གདོང་འགྱུར་བ།། རྐང་པ་འགྱེད་པར་གཞག་པ་དག། ཚམ་ངམ་མཚན ་ཉིད་བཤད་པ་ཡིན། ། རྐང་པ་ཡ་གཅིག་མྱུར་དུ་གཞག། གདོང་དང་ནུ་འཇིང་ཡོན་པོ་བྱས།། ཁྲོ་གཉེར་འཇིགས་པར་བྱེད་པར་བསྙེར།། གཡོན་པ་མཛུབ་མོ་གཅིག་གིས་སྡིགས།། ཚམ་དམ་བྱེད་ཅིང་བེ་ཅོན་གདེངས།། གདོད་དང་བརླ ་དང་རྐང་པ་གཡོན། ། ཀུན་དུ་གཡོ་ཞེས་བྱ་བ་སྟེ།། ཁྲོ་བོ་ཚམ་དམ་སྙེམས་དང་བཅས།། ཀུན་དུ་གཡོ་བའི་རིམ་གསུངས་ལ།། རབ་ཏུ་གཡོ་ཞེས་བྱ་བ་ནི།། ཅུང་ཟད་དུ་ནི་དབུས་དམ་པའོ།། རབ་ཏུ་གཡོ་བ་བརྟག་པར་བྱ།། དེ་བཞིན ་དཔུང་བརྐྱང་བ་དང་། ། རྐང་པ་གཡོན་པ་གདངས་པ་དང་།། ལག་གཉིས་དྲུག་ཏུ་རྡོབ་པ་ནི།། དེ་བཞིན་སྐྲག་པར་བྱེད་པར་བཤད།། བེ་ཅོན་ལ་ནི་བལྟ་བར་གཏང་།། རྐང་པ་གཡས་པ་གསལ་བར་བྱར།། དེ་ནི་ཀུན་དུ་སྡོམ་པར་བཤད། ་གཡོན་པའི་མཛུབ་མོས་སྡིགས་པར་བྱེད།། དཔུང་པ་གདེངས་པ་གཡོན་བཞིན་དུ།། མིག་ནི་འཛུབ་མོ་གཅིག་ལ་གཏང་།། རྐང་པ་གཡས་པ་ཕྱར་བ་ནི།། ཀུན་དུ་འཇུག་པ་ཞེས་བྱའོ།། རྐང་པ་གཡོན་པ་གདེངས་བྱས་ཏེ།། གསོན་ཕྱོགས་སུ ་ནི་བྱར་ཞིང་བསྐོར། ། དཔུང་པ་བརྒྱང་པའི་བཙོན་གདེངས།། བསྡིགས་པ་གཅིག་ཏུ་རྨོངས་པར་བྱེད།། མུང་དུ་ཚམ་དམ་ཞེས་བྱུ་ག།། དེ་ཉིད་དཔུང་བརྡབས་བསྡིགས་པའོ།། དེ་ཉིད་ལས་ནི་ལགདངས་པ།། ཁ་གདངས་པ་ཞེས་བསྒྲགས་པ་ཡིན། ་སྲན་དང་བཅས་ལ་བཞི་ནི་བསྐོར།། མཐུ་རྩལ་ཆེ་བའི་སྟབས་སུ་སྩོལ།། མཆུ་ཡི་མཐའ་མ་སོ་ཡིས་མནན།། ལག་པ་ཕྱར་ཏེ་བསྡིགས་པར་བྱེད།། བསྙེམས་དང་བཅས་ཤིང་སྒྲ་ཡང་འབྱིན།། འཇིགས་པར་བྱེད་པའི་ཧཱུཾ་བསྒྲགས་པའི།། ཚམ ་ངས་ལེགས་པར་བཤད་པ་ནི། ། མཛེས་པའི་ཐོ་བོས་གནོན་པའོ།། ཙན་ཐབས་ཀྱི་ནི་བཀོར་བར་བྱ།། རྐང་པ་གཡས་པ་བཙུགས་ཏེ་མནན།། ལག་པ་གཉིས་ཀ་དྲག་དོབ་པ།། བྱས་ནས་འཇིགས་པར་བྱ་བ་ནི།། དེ་བཞིན་སྙེམས་དང་བཅས ་བཤད་པ། ། ཚམ་དམ་བདག་ཉིད་ཆེན་པོ་འདི།། འཇིགས་པར་བྱེད་པ་ཞེས་བྱ་སྟེ།། རྟག་ཏུ་ཐེ་བོ་བསྒོམ་པའོ།། རྐང་པ་མཉམ་པར་བཞག་སྟེ་འདུག། གཡས་པ་ཅུང་ཟད་མཐོ་བར་བྱ།། དཔལ་དང་ལྡན་པས་གཡོན་པ་སྤང།། གཡོན་པ ་འམགཅན་བས། ། ཅོ་གྱུ། ང་པ་ངན་པདང་བསྒྱུར་བ། པ་ནོམ་པ། ལགལ་ཞེས་བྱ་། གིལ་ཞེལ་ཆེན་པོ། ཤྠ་རྒྱ་ཅག། ཐོ་བོས་གན་པ ་སྒུར་དུ་མཆོད་སྟབས་བྱེད་པའོ། ། འདི་ནི་ཙམ་ངམ་སྦྱོར་བ་སྟེ། ཏེ་ལའི་འཁོར་ལོ་ཅུ་འིས་མི་ལས།། མདོར་ནི་ཇི་གད་དགོད་པ་དག། ལེགས་པར་བཤད་པ་འདི་ཡིན་ནོ།། ཧེ་ལའི་འཁོར་ལོའི་མཐུ་སྔགས་དང་།། ཚམ་ངམ་གམས་ཀྱི ་མཐུ་དགའ་ཡིས། ། ལས་རྣམས་རབ་ཏུ་ངོ་མཚར་བ།། ཇི་སྐད་གསུངས་པའི་ལས་རྣམས་བྱའོ།། བསྒྲུབ་པ་དེ་དག་གསང་རྒྱུད་དང་།། ཧེ་ལའི་འཁོར་ལོ་འདི་ཤེས་ན།། ཁྲོ་བོ་དངོས་དང་གཅིག་འགྱུར་བས།། ཁྲོ་བན ་རྐང་དུ་སྤྱོད་པར་འགྱུར། ། རྟོག་པ་འདི་ནི་གསང་བར་བཅས།། གསང་བའི་སྙིང་པོའི་མཆོག་ཏུ་བཤད།། ཁྲོ་བོའི་རྒྱལ་པོའི་རྟོག་འདི་ལས།། མཆོག་ཏུ་གྱུར་པ་གཞན་མེད་དོ།། ཐོ་བོ་རྣམ་པར་རྒྱལ་བ་ལས།། རྟོག་པ་ཕྱི་མའི་བྱིམ ་འདི། ། རབ་ཏུ་གསང་བ་ཞེས་བྱ་བ།། བོས་ནས་གསང་བའི་དོན་བསྒོམས་པ།། ལྷ་དེ་ཐམས་ཅད་ཡིད་རང་ནས།། ཁྲོ་བོ་མཆོག་ལ་ཕྱག་འཚལ་ཏེ།། རབ་ཏུ་དགའ་བའི་མཆོག་ཏུ་གྱུར།། ས་འི་རྟོག་འི་ཏོགས་པལྔ་བ་ཏེ། ཡོ་ན་ས་འཇ ་ལ་གག་ད་པ་ལ་རྗེས་སུ་ཤིང་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ། ། ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་གསང་བའི་རྒྱུད་རྫོགས་སྷོ།། ། 6།། རྒྱ་གར་སྐད་དུ། ཨཱརྱཙྪ ་