| Wylie | e-texts produced with BDRC’s OCR application |
འགྱུར་ཞིང་ཚོགས་ཐམས་ཅད་རྫོགས་པར་འགྱུར་རོ། ། འདི་བརྗོད་པས་བར་དུ་གཅོད་པ་ཐམས་ཅད་ཀྱང་མི་འབྱུང་ངོ་།། འདུལ་བ་ལུང་ལས་རྣམ་པར་ངེས་པའི་མདོ་ལས་བྱུང་བ་ཡོན་ཡོངས་སུ་སྦྱོང་བའི་གཟུངས ་རྫོགས་སྷོ། ། །། དེ་ནས་ཡོན་ཡོངས་སུ་སྦྱོང་བའི་གཟུངས།། ན་མོ་བྷ་ག་བ་ཏེ། བུ་མེ་རུ་ཀ་ལ་པ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཏ་ཏེ། ས་མྱག་ས་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཀ་ལ་བེ་ཀ་ལ་བེ། མ་ཧཱ་ཀ་ལ་བེ་པ་རི་ཤོ་དྷ་ནི་སྭཱ་ཧཱ། ་གཟུངས་འདི་ལན་ཅིག་བཟླས་པས་རི་རབ་ཙམ་གྱི་ཡོན་ཡོངས་སུ་སྦྱོང་བར་བྱེད་པར་གསུངས་པས་ལན་ལྔའམ་དྲུག་ཙམ་བཟླས་སོ།། ཡོན་ཡོངས་སུ་སྦྱོང་བའི་གཟུངས་རྫོགས་སྷོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ན། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། སྨི་ཏི་མ་ཏི་མ་ཏི། ཏེ་ཛྭ་བི་དྷ། ཧུ་རུ་མ་ཧུ་རུ་མ་ཀྲིཥྞ་ཏཱ་རུ་མེ་སྭཱ་ཧཱ། ཤུ་དག་ནག་པོ་ལ་སྔགས་འདི་ལ་ན་བརྒྱ ་བརྒྱད་བཟླས་བརྗོད་བྱས་ཏེ་ཟོས་ན་གདོན་མི་ཟ་བར་ཐོས་པ་འཛིན་པར་འགྱུར་རོ། ། ཐོས་པ་འཛིན་པའི་གཟུངས་རྫོགས་སྷོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་འི ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། ། ཏཿཐཱ། མ་ཏི་བ་ཧུ་ལྱེ། ཏ་ཐཱ་ག་ཏཱ་ཛྙཱ་ན། དར་ཤེས་ནེ་པྲ་ཛྙཱ་བ་ཏ། གམ་བྷི་རེ། བྷོ་དྷེ་མཎྜ་ནུས་རི་ནི། ཨ་བྷི་དྷ་ཏ་མོན་དྷ། ཀ་རི་བ་དྷ་མ་ནི། ཛྭ་ལ་ཛྭ་ལ། པྲདྷཱི་དཱི་བྷེ། མེ་དྷ་བ་དི་ནས ་རྦ་ཨ་དྷིཥྛི་ཏེ། སུ་རུ་སུ་རུ། དྷུ་ར་དྷུ་རུ། མེ་དྷ་ཨ་ན་ཡ་སྭཱ་ཧཱ།། ཆོ་ག་ནི་ནང་པར་ཞིང་བཟླས་བརྗོད་བྱས་ན་ལོབས་སྦྱིན་པར་འགྱུར་རོ།། སྨན་བྲམ་ཧི་སྙིམ་པར་བཅུག་སྟེ། དུད་པ་བྱུང་གི་བར་དུ་བཟླས་པ་བྱས་ཏེ་ཟོས་ན་ཐོས་པ་འཛིན ་པར་འགྱུར་རོ། ། ཐོས་པ་འཛིན་པའི་གཟུངས་རྫོགས་སྷོ།། རྒྱ་གར་སྐད་དུ། པྲ་ཛྙཱ་པ་ར་དྷ་ནི་ནཱ་མ་དྷཱ་ར་ཎཱི།། བོད་སྐད་དུ། ཤེས་རབ་བསྐྱེད་པ་ཞེས་བྱ་བའི་གཟུངས་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས ་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་ལྡན་ཞེས་བྱ་བ་རི་རབ་ཀྱི་ངོས་ལ་བཞུགས་ཏེ། རི་རབ་ལ་གནས་པའི་ལྷའི་བུ་ཐམས་ཅད་ཀྱིས་བསྐོར་ནས། མདུན་དུ་བྱས་ཏེ་ཆོས་སྟོན་ཏོ།། དེ་ནས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་གཞོན་ནུའི་གཟུགས་ཅན་གྱིས་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་བློ་ལྡན་ལ་གསོལ་པ།། བཅོམ་ལྡན་འདས་སེམས་ཅན་ཤེས་རབ་རྟུལ་པོ་བློ་ཞན་པ། ཡིད་མི་གཞུངས་པ་རྣམས་ཀྱི་སླད་དུ་ཤེས ་རབ་བསྐྱེད་པ་ཞེས་བྱ་བའི་གཟུངས་བཤད་དུ་གསོལ་བཤད་པ། ཧཱུཾ་བི་བུ་བི་བུ། པྲཛྙཱ་པ་ར་དྷ་ནི་ཛ་ར་ཛ་ར། མེ་དྷ་པ་ར་དྷ་ནི། དྷི་རི་དྷི་རི། བུད་དྷི་པ་ར་དྷ་ནི་སྭཱ་ཧཱ།། གང་ཞིག་གཟུངས་འདི་འཛིན་པ་དང་། ཀློག་པ་དང་འདྲི་བ་དང་འདྲིར ་འཇུག་པ་དང་། ཆུང་ངུ་ན་ཡི་ག་འབྲུ་གཅིག་ཙམ་ཐོས་ན་ཡང་དེའི་ཚེ་འདི་ཉིད་ལ་ཤེས་རབ་ཆེན་པོར་འགྱུར་རོ།། གང་གིས་ཟླ་བ་དྲུག་གི་བར་དུ་ཉིན་རེ་ཞིང་རྩ་བས་ཁྱོར་གང་ལ་རིག་པ་འདི་ལན་བདུན་བཏབ་སྟེ་ཉི་མ་ཤར་བའི་ཚེ ་འཐུངས་ན་ཚིགས་སུ་བཅད་པ་སྟོང་སྟོང་འཛིན་ཏོ། ། ལན་ཅིག་འཐུངས་ན་ལྔ་བརྒྱ་འཛིན་ཏེ། ཉིན་གཅིག་བཞིན་ཤེས་རབ་འཕེལ་བར་འགྱུར་རོ།། ཉིན་གཅིག་བཞིན་དུ་བརྗོད་པ་ཙམ་གྱིས་དྲན་པ་དང་ཡིད་གཞུངས་པར་འགྱུར་རོ།། ་ཤེས་རབ་བསྐྱེད་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ལོ་ཙྪ་བ་བན་དེ་ཀླུའི་དབང་པོས་སྒྱུར།། རྒྱ་གར་གྱི་མཁན་པོ་བི་དྱ་ག་ར་སི་ཧ་དང་ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དེ་བཙན་དྲས་ཞུས་ཏེ ་གཏན་ལ་ཕབ་པ། ། རྒྱ་གར་སྐད་དུ། པྲ་ཛྙཱ་བར་དྷི་ནི་ནཱ་མ་དྷ་ར་ཎཱཾ། བོད་སྐད་དུ། ཤེས་རབ་བསྐྱེད་པ་ཞེས་བྱ་བའི་གཟུངས།། ན་མོ་རིད་ནཿ་ཡཱ་ཡ། ནཱམཿས་རྒྱ.་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཿས་ཏྭཱ་ཡ། ཨུ0f7fཊཱ། ་སཱ་ལ་ཏེ་སྠ་ལ་ཏེ་མ་ནི་ཏེ་སྭཱ་ཧཱ། རིག་སྔགས་འདིའི་ཆོ་ག་ནི་འདི་ཡིན་ཏེ་ཁྱོར་ཚུལ་ལན་གསུམ་བཟླས་ཏེ། འཐུངས་ན་ཞག་བདུན་ནས་ཐོས་པ་འཛིན་པར་འགྱུར་རོ།། ཤེས་རབ་བསྐྱེད་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། ་