| Wylie | e-texts produced with BDRC’s OCR application |
དྷ་མི། ཨེ་ཀ་ཏི་ཀན།། ཏི་ཏི་ཀན་ཙ་དུར་ཙི་ཀ་ན་སྣི་ཏྱ་ཛྭ་རན་སྭཱ་ཧཱ། ཆོ་ག་ནི་འདི་བྲིས་ཏེ་མགུལ་དུ་བཏགས་ན་རིམས་མེད་པར་བྱེད་དོ།། རིམས་ནད་ཞི་བའི་གཟུངས་རྫོགས་སྷོ།། རྒྱ་གར་སྐད་དུ། ཨཱརྱ་ཨ་ཀྵུ་རོ། ག་པྲ་ཤ ་མནི་སཱུ་ཏྲ། ། བོད་སྐད་དུ། འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ ་བོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ཏེ། ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནག་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱལ་པོའི ་ཁ་གྱི་གྲོང་ཁྱེར་ཆེན་པོ་འདིར་མིག་ནད་དག་བྱུང་ན་དེ་དག་ལ་ཇི་ལྟར་བསྒྲུབ་པར་བགྱི། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནག་པོ་མིག་ནད་ཀྱི་སྔགས་ཀྱི་ཚིག་འདི་དག་ཡོད་དེ།། ཏདྱ་ཐཱ། རུ་ཏི་རེ་ཕུ།། རེ་དྷི་ར་ཨ་ཀྵ་ཕུ་རུ་དྷ་རི་པི་ག་ལེ། ་པུ། བཱ་ཏེ་ཕུ། བ་ཏ་ལེ་ཕུཿ། ཧ་ན་ཏེ་ཕུ།། མཱཾ་ས་དུན་དུ་བྷི་ཕུ། པད་མ་ཨ་ཀཱི་ཕུ། པ་ད་མ་དཌ་ཌ་ཧ་རི་ནི་ཡེ་ཕུ་སྭཱ་ཧཱ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་གནོད་སྦྱིན་གྱི་སྡེ་དཔོན་ནག་པོ་ཡི་རངས་ཏེ། བཅོམ ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། ཆོ་ག་ནི་འདི་ཡིན་ཏེ།། སྲད་བུ་དཀར་པོ་ལ་ལན་བདུན་བཟླས་པ་བྱས་ཏེ་མདུད་པ་བདུན་དོར་རོ།། ཆུ་ལ་ལན་བདུན་བཟླས་པ་བྱས་ལ་ལག་པས་བྱ་བས་ན་མིག་ནད་ཞི་བར ་འགྱུར་རོ། ། འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ་རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཏེ་བྷན་མཉྫུ་ཤྲཱི་ས+འུ་ཋཱ་ར། སརྦ་ཏ་ཐཱ་ག་དྷཱ། བ་ལ་བི་དྷི་དྷ། སརྦ་ཏཐཱ་ཏཱ་ནན། ན་གེ་སུ~ཾ་སྟི། ་སརྦ་ཏྲན་ན་སྭཱ་ཧཱ།། འབྲུམ་བུའི་ནད་ཞི་བར་བྱེད་པའི་གཟུངས་སྷོ།། རྒྱ་གར་སྐད་དུ། ཨཱརྱ་ཨ་དྷ་པྲ་ཤ་མ་ནི་སཱུ་ཏྲ། བོད་སྐད་དུ། འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན།། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་ཚལ་ན་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང ་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ། དེ་ནས་བཅོམ་ལྡན་འདས་བཅོ་ལྔའི་གསོ་སྦྱོང་ཟླ་བ་ཉ་བ་དེ་ཉིད་ཀྱི་ཚེ་དགེ་འདུན་གྱི་མདུན་དུ་གདན་བཤམས་པ་ལ་བཞུགས་སོ།། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ ་ལྡན་འདས་ཀྱིས་སྣམ་ལོགས་ན་རྔ་ཡབ་ཐོགས་ཏེ། ། བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་པར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ།། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་པ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འདི་ན་དགེ་སློང་གཞང་འབྲུམ་ཅན་མང་པོ་དག་གཞང་འབྲུམ་གྱི་བྲོ ་ནད་ཀྱིས་གཟིར་ཏེ། ། སྡུག་བསྔལ་མི་བཟད་པ་དྲག་པོ་མི་བདེ་བ་ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་གྱུར་ན། བཙུན་པ་བཅོམ་ལྡན་འདས་དེ་དག་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀུན་དགའ་བོ་ཁྱོད་ཀྱིས་གཞང་འབྲུམ་སེལ་བའི་མདོ་ལོང་ཤིག། ཀུན་དགའ་བོ་ལ་ལ་ཞིག་གཞང་འབྲུམ་སེལ་བའི་མདོ་མིང་དང་ཚིག་དང་། ་ཡི་གེ་ཤེས་ན་དེ་ཇི་སྲིད་འཚོའི་བར་དུ་གཞང་འབྲུམ་གྱི་ནད་ཀྱིས་བཏབ་པར་མི་འགྱུར་རོ།། ཚེ་རབས་བདུན་གྱི་བར་དུ་ཚེ་རབས་དྲན་པར་འགྱུར་རོ།། ཏདྱ་ཐཱ། ཨ་ལན་ཏེ། ཨ་ལ་མེ་ཤྭ་ལི་ཙི་ནི་ཀུན་ཤེ་སམ་བྷ་བ་སྭཱ་ཏཱ།། ཀུན་དགའ ་བོ་འདི་ལྟ་སྟེ། བྱང་ཕྱོགས་ན་རིའི་རྒྱལ་པོ་གངས་ཤེས་བྱ་བ་དེ་ན་ས་ལའི་ཤིང་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་དེའི་མེ་ཏོག་གསུམ་ཡོད་དེ། གཅིག་ནི་འཕེལ་བ་ཞེས་བྱ། གཉིས་པ་ནི་འཇམ་པ་ཞེས་བྱ། གསུམ་པ་ནི་སྐམ ་