CLOSE WINDOW

Q183: sgyu ma'i 'od zer can 'byung ba'i rgyud las phyung ba'i rtog pa'i rgyal po zhes bya ba
Wyliee-texts produced with BDRC’s OCR application

པས་མངོན་པར་བསྟོད་། ། འཕགས་པ་ད་ཟེང་ཅན་ནས་བྱའི་གཟུངས་རྫོགས་སྷོ།། ། གན་ཨ་མོབྷ་བཛྲ་དང་། ལོ་ཙཱ་བདག་སློང་བ་དིན་ཅན་གྲགས་པས་བསྒྱུར་བའོ།། རྒྱག་ས་དུ། མཱན་མ་ཙཱཏ། ་རྙི་ཀ་ལྗོ་ཛྙཱནམ། བོད་ག་དུ། སྦྲུམ་ད་ཟེ་ཅན་འབྱུང་གིའི་རླུད་ལས་རླུང་བའི་རྟོག་པའི་རྒྱལ་པོ་ཞེས་ཐབ། དཀོན་ཆོག་གསུམ་ལ་ཕྱུག་འཚལ་ལོ།། དེ་ནས་ལྷ་མོ་འོད་ཟེ་ན་དེའི་གཟུངས་ཀྱི་རྟོག་པ་ཡིན།། རྣམ་པར་སྣང་བ ་ལ་ན་པས་ཡོངས་སུ་བ་འོ། ། ། གཟུགས་པ་པ། ཉེའི་སྟེང་ན་མར་བྱ་།། འི་ལས་ཡོངས་སུ་གྲུབ་པི་ལ་པ་དང་བཟུད་བང་བཅས་པས་གདྲུག་པ་རྣརྣམས་ཀྱིསེཾ། ་དང་། བརྔུབས་བཞིན་པར་བདུན་དུ་རྣམ་པར་བསམ་པར་བྱའོ།། ཕྱི་རོལ་པ་མཐོང་བའི་སྤྱོད་ཡུལ་དུ་འཚམས་བཅིང་བ་བྱས་ལ་ཟླ་བ་དང་ཉི་མ ་གཉིས་དག་གི་འོད་ཟེར་ལས་ཡོངས་སུ་རྫོགས་བཞིན་པའི་ལྷ་མོ་འོད་ཟེར་ཅན་མ་ལ་མཉན་ཡོད་ན་བཞུགས་ཏེ་ཞེས་བྱ་བ་ནས་བཟུང་སྟེ། ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་ནི་རྒྱལ་བས་བཀའ་སྩལ་པའོ།། དེ་ཉི་མ་དང་ཟླ་བའི ་མདུན་དང་མདུན་འགྲོ་ཡང་ལྔའི་ཚོགས་མང་པོས་ཀྱང་མཐོང་བར་མི་འགྱུར་རོ། ། དེའི་ཚེ་བ་དག་ཀྱང་ལྟར་མེད་པའོ་ཞེས་བྱ་བ་ལ་སོགས་པ་འདི་དང་། དེ་ཡང་དགུ་ཕྲག་གསུ་མ་ཡིན་ནོ།། སྔགས་ཀྱི་ཚིག་ནི་འདི་ལྟ ་ཨོཾ་བ་ཏཱ་ཀྲ་མ་སི། བ་རཱ་ཀྲ་མ་སི།། ཨུད་ཏ་ཡ་མ་སིད་བུད་མ་སི། བྲེར་མ་སི། ཨན་ཏ་ར་དཱ། ན་མ་སི།། མིང་ཉིད་རབ་ཏུ་སྦྱར་ཏེ། ལྷ་མོ་འོད་ཟེར་ཅན་བདག་ལམ་དུ་སྐྱོབས་ཤིག། བདག་ལམ་ལོག་པ་ལས་སྐྱོབས ་ཤིག། རྒྱལ་པོ་དང་། མེ་དང་། དགྲ་དང་། སེང་གེའི་འཇིགས་པ་ལས་བདག་སྐྱོབས་ཤིག། བདག་དུས་ཐམས་ཅད་དུ་ཕུན་སུམ་ཚོགས་པར་གྲུབ་པར་གྱིས་ཤིག། ན་མོ་རད་ནཏཱ་ཡཱ་ཡ། ཨོཾ་ཨ་ལོ་ཀ་ལོ་ཏལོ།། ད་ཙ་ཚ་ལོ།། ་ས་མུར་དྷི། རཀྵ་རཀྵ་མཱ~ཾ། སརྦ་བྷ་ཡོ་ཤུ་པཱ་ཧཱ།། དཀོན་མཆོག་གསུམ་དང་ལྡན་པ་ཞེས་བྱ་བའི། ཨོཾ་ཊྚཱ་རཱ་ལི། བ་ཏཱ་ལི། བ་ཏཱ་ལེ། བ་ར་ལི། བ་རཱཏྨ་མུ་ཁཾ། སརྦ་དུཥྚཱ་ནཱཾ་མུ་ཁཾ། བན་དྷ་བན་དྷ།། དུས་ཐམས་ཅད་དུ་ལེགས ་པར་བསྲུང་བར་འགྱུར་རོ། ། སྐུལ་ཚིག་བཞི་བཅུ་རྩ་བཞི་ནི།། རྒྱ་མཚོ་གསུམ་ནི་མཚན་བརྗོད་པའི།། ཨོཾ་དང་བཅས་པའི་སྙིང་པོ་དང་།། ཉི་ཤུ་རྩ་གཉིས་པ་དང་ཡི་གེ་དྲུག་པ་ནི་འཇིགས་པ་ཐམས་ཅད་ལས་བསྲུང་བར་བྱེད་དོ། ་སྙིང་པོའི་སྔགས་འདི་འཛིན་ན་བློ་རྣོ་བར་བྱེད་དོ།། གླེང་གཞི་དང་བཅས་པ་བསྔགས་འདི་བཟླས་པ་བྱས་ན། ནོར་དང་འབྲུ་དང་། གཡོག་འཁོར་འཕེལ་བར་བྱེད་པའི་མཆོག་སྦྱིན་པར་བྱེད་དོ།། དོན་དེ་བསྒྲུབ་པར་འདོད། ་བས་ཐང་ཀ་འམ། ཤིང་ལེབ་ལ་བྲིས་སུ་བྱ་བ་ནི་མྱ་ངན་མེད་ཀྱི་ཤིང་གི་སྡོང་པོའི་ཙར་པ་ད་མ་ལ་གནས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལྗར་ཁུ་དང་། ཨ་ཀ་རག་སྔོན་པོ་དང་། སྟོད་གཡོགས་སྔོན་པོ་དང་། ་མགོ་བོ་ན་མཆོད་རྟེན་ཡོད་པ། གཞོན་ནུ་མ་གཡོན་པའི་ཕྱོགས་སུ་གཟིགས་པའི་སྤྱན་ཅན། མྱ་ངན་མེད་པའི་འོད་ཟེར་ཅན་ཞེས་བྱ་བར་བྲི་བར་བྱའོ།། སྔོན་དུ་བསྟན་པའི་ཚོགས་ཐང་སྐུ་འདི་མདུན་དུ ་བལྟ་ཞིང་མཆོག་ཏུ་བསྒྲུབ་པའི་སྙིང་པོ་བཟླས་པ་སྟོང་བྱའོ། ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཞེས་བྱའོ།། མཆོག་གི་སྙིང་པོ་འདི་ངེས་པར་མཆོག་ཏུ་འགྲུབ་པར་འགྱུར་རོ།། རིམས་ནད་ཐམས་ཅད་མེད་པར་བྱེད་དོ།། ནད་ཐམས་ཅ ་མེད་པར་བྱེད་དོ། ། བཟླས་པ་དང་སྦྱིན་བསྲེག་གིས་ཀྱང་འོད་ཟེར་ཅན་གྱིས་ནོར་འཕེལ་བ་བསྐྱེད་པར་བྱེད་དོ།། ཞོ་དང་ངུར་བ་གཉིས་ཀྱི་སྦྱིན་བསྲེག་གིས་ནི་ངེས་པར་ནད་མེད་པར་བྱེད་དོ།། སྦྲང་རྩི་དང་མར་གྱི་སྦྱིན་སྲེག་གིས ་ནི་རྒྱལ་པོ་རྣམས་དབང་དུ་བྱེད་དོ། ། ཞོ་དང་འབྲས་ས་ལུ་དང་། བུ་རམ་གྱི་སྦྱིན་སྲེག་གིས་ནི་གནོད་སྦྱིན་མོ་འགྲུབ་པར་བྱེད་དོ།། ཚ་བའི་མར་དང་ནིམ་པའི་ཡལ་ག་སྟོང་གི་སྦྱིན་བསྲེག་གིས་ནི་རིམས་ནད་མེད་པར་བྱེད་དོ།། ་རང་གི་ཁྲག་དང་། རུས་པ་དང་། དུ་ག་དང་། སྐེ་ཚེ་སྟོང་ཕྲག་གཅིག་སྦྱིན་བསྲེག་བྱས་པས་དགྲ་བོའི་ཆའོ།། འོ་མའི་སྦྱིན་བསྲེག་གིས་ནི་ཞི་བར་འགྱུར་རོ།། རྟག་ཏུ་བཟླས་ན་དུག་འཇོམས་པར་བྱེད་ཅིང་འབད་པ་མེད་པར ་མཁའ་འགྲོ་མ་རྣམས་འཇོམས་སོ། ། ཉི་མ་རེ་རེ་བརྒྱ་རྩ་བརྒྱད་བཟླས་ན་འཛིན་བློ་རྣོ་བར་འགྱུར་རོ།། ཨོཾ་བཱ་རཱ་ལི། བ་དཱ་ལི། བཱ་ར་ལི། བཱ་ར་ཧཱ་མུ་ཁི་སརྦ་དུཥྚ་པྲ་དུཥྚཱ་ནཱཾ། བན་དྷ་བན་དྷ་མུ་ཁཾ་སྭཱ་ཧཱ། འོད་ཟེར་ཅན་གྱི་སྙིང་པོའོ། ་ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། བཅོམ་ལྡན་འདས་མ་འོད་ཟེར་ཅན་གྱི་གས་བའི་སྙིང་པོ་ཡི་གེ་དྲུག་པའོ།། སྙིང་པོའི་ཕྱག། རྒྱ་ནི་འདི་ཡིན་ཏེ། ལག་པ་གཉིས་མཉམ་པར་བྱས་ལ་ཐལ་མོ་རྣམ་པར་སྦྱར་བར་བྱས་པ་འམ།། ཁ་ཕྱེ་བ་ཡང་རུང་སྟེ། འཐེབ་ཆེན ་ཅུང་ཟད་བཀུག་སྟེ། གུང་མོ་གཉིས་ཕན་ཚུན་རེག་ལ་ཟླུམ་པོའི་རྣམ་པ་མཚན་མར་བྱས་ལ། དཀྱིལ་མོ་དཀྲུང་དུ་གནས་པས་ལྟེ་བའི་ཕྱོགས་སུ་གཏུག་པར་བྱའོ།། ཕྱག་རྒྱ་འདི་མཆོག་གཙོ་བོ་སྟེ།། ལས་རྣམས་ཀུན ་ལསྦྱར་བར་བྱའོ། ། ཐ་མ་དང་ནི་འབྲིང་ལ་ཡང་།། མཆོག་རྣམས་ལ་ཡང་འདི་བསྟན་ནོ།། མྱུར་དུ་འདི་ཡིས་དོན་བྱེད་ཅིང་།། ཀུན་ཏུ་གྲུབ་ཅིང་མཆོད་པར་འགྱུར།། དག་བྱེད་བསོད་ནམས་ཆེན་པོ་སྟེ།། བཀྲ་ཤིས་སྡིག་པ་ཉམས ་བྱེད་ཅིང་། ། བསོད་ནམས་སྡིག་པ་ཀུན་ཟད་པ།། དངོས་གྲུབ་རྒྱུནི་ཕྱག། རྒྱ་ཡིན།། བཅོམ་ལྡན་འདས་མ་འོད་ཟེར་ཅན་མའི་མཚན་བརྒྱད་བརྗོད་ན། བསྲུང་བ་དང་། སྐྱོབ་པ་དང་། སྦེད་པར་འགྱུར་རོ།། དྱ་ཐཱ། ཨ་རྐམས། ་མརྣམ་ས། མུང་མ་མ་སི། བ་ནཱམ་སེ། ཅི་བ་མསི། མ་དྷིནཱི་བར་མས། ཨན་དྷ་ར་དཱ་ན་མས། ན་མོ་རདན་ཏྲ་མཱ་ཡ། ཏད་ཡཐཱ། ཨོ་ཥཱརཱ་ལི། བཱ་རཱ་ལི། མར་ཏཱ་མུཥེ། སརྦ་དྲཥྚ་པྲ་དྲཱཥྚཱ་ན། མཱ་ལི་བན་དྷ་བན་དྷ་སྠཱ ་ཧཱ། ། རིག་པ་འཛིན་པའི་སྡེ་སྣོད་ལས་བྱུང་བའི་རྟོག་པ་ནི་འདི་ཡིན་ནོ།། དེ་ནས་སྦྱོར་བ་གཞན་ནི་འདི་ཡིན་ཏེ།། གསེར་མདོག་ཅན་གྱི་ཕག་པ་བསྒོམས་ལ། དེའི་སྟེང་དུ་འོད་ཟེར་ཅན་གོས་དཀར་པོའི་ཤམས་ཐབས་ཅན ་བསྒོམ་པར་བྱའོ། ། དེའི་སྤྱི་བོར་མཆོད་རྟེན་དང་། གཡོན་པའི་ཕྱག་གིས་མྱ་ངན་མེད་པའི་ཡལ་ག་མེ་ཏོག་དང་བཅས་པའི་ཕྱག་ཅན་ནོ།། འཇིགས་པ་ཆེན་པོའི་དུས་སུ་ཡང་བདག་ཉིད་པག་པའི་ཚོགས་ཀྱིས་ཡོངས་སུ ་བསོར་བར་བསྒོམ་པར་བྱའོ། ། སྙིང་ཁར་ཆོས་གོས་ཀྱི་སྣེའུ་བཟུང་སྟེ། ལན་བདུན་དུ་སྔགས་ལ་མདུད་པ་བདུན་བྱས་ན། ལམ་དུ་རྐུན་མ་ལ་སོགས་པས་ཆོམས་པར་མི་འགྱུར་རོ།། དེ་ནས་མདུང་པ་ཡོངས་སུ་བཀྲོལ ་བར་བྱའོ། ། ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་འོད་ཟེར་ཅན་གྱི་རྟོག་པ་རྫོགས་པའོ།། རང་གི་སྙིང་ཁར་ཟླ་བ་ལ་ལམ་རྣམ་པར་བསམས་ལ་དེ་ཉིད་ཡིད་ཀྱིས་བརྗོད་པས་ཆོས་ཐམས་ཅད་བདག་མེད་པའི་ངོ་བོ་ཉིད་དུ ་བསྒོམ་པར་བྱའོ། ། དེ་ནས་ཡང་ནམ་མཁའི་ཕྱོགས་སུ་བསམ་པ་ནི། བདག་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་པད་མའི་ལྟེ་བར་སེང་གེའི་ཁྲིལ་རྡོ་རྗེའི་དཀྱིལ་དཀྲུང་གི་བཞུགས་པ་གསེར་གྱི་མདོག་ཅན་བྱང ་རླབབ་ཅགག་རྫ། ཨུ0f7fམ་ཏང་འདུན་པ་སྙོམས་པར་བཞུགས་པ། རལ་པ་དབ་རྒྱན་འཆང་ཤང་ཤག་ལགས་ཏུད་བྱས་བརྗོད་པ་རྣམ་པར་བསམ་པར་བྱའོ།། དེ་ནས་མདུན་དུ་རྣ་བའི་གཟུགས ་བརྙན་རྣམ་པར་སྣང་མཛད་ཀྱི་འོད་ཟེར་ལས་བྱུང་བའི་འོད་ཟེར་ཅན་མ་ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ། ཞེས་བྱ་བས་གསེར་གྱི་མདོག་ཅན་གྱི་སྐུད་པ་དང་བཅས་པའི་ཁབ་འཛིན་པའི་ཕྱག་གིས་གདུག་པ་ཅན་གྱི་ཁ་དང་། མིག ་ཡང་དག་པར་དྲུབས་པ་མདུན་དུ་རྣམ་པར་བསམ་པར་བྱའོ། ། བུ་མོས་བསྐལ་པའི་སྲུད་པ་ཉི་ཤུ་རྩ་གཅིག་ལ་རྩ་བའི་སྔགས་ཀྱི་རིག་པ་ལན་གཅིག་ཡོངས་སུ་བཟླས་པ་ན། དེ་ནས་ན་མོ་ར་ཏན་ཏྲ་ཡཱ་ཡ། མཱ་རཱི་ཙྱཻ་ཏབ་ཏེ། ་ཡ་ཧྲིད་ཨ་བ་ར་ཏ་ཡཥྚ། ཏཱདྱཐཱ། ཨོཾ་བ་ཏི། ཏི་ལི། པད་ཏི་ལི། པྲད་ཏི་ལི། བཱ་རཱ་ལ། བ་ར་དྷ་མུ་འི་སརྦ་དུཥྚ་པྲ་དུཿན~ཾ་ཙཀྵུར་མུ་ཥ། བན་དྷ་མི་སྭཱ་ཧཱ།། ཞེས་བྱ་བ་དང་ཡང་ལན་བརྒྱ་རྩ་བརྒྱད་འདི་བཟླས་ཏེ། ནམ ་རཏན་དྷཱ་ཡཱ་ཡ། མཱ་རཱྀ་ཙྪེ་ཏ། བ་ཏ་ཡེ་ཏད་ཡ་ཐཱ། ཨོཾ་པཱ་ཏཱ་ལི། པ་ཏཱ་ལི། བ་རཱ་ལི། བ་རཱ་ཧ་མུ་ཁི། སརྦ་དུཥྚ་པྲ་དུཥྚཱ་ན།། བྲན་ཐི་བན་དྷ་མི་སྭཱ་ཧཱ། ཞེས་བྱ་བ་བརྗོད་དོ།། དེ་སྐུད་པ་ལ་རང་ཉིད་བསྲུང་བའི་ཆེད་དུ་མདུད་པ ་བདུན་བྱའོ། ། གཡོག་པོའི་ཆེད་དུ་བྱ་སྟེ། མིང་ཡོངས་སུ་བཟུང་བའི་སྦྱོར་བས་མདུད་པ་གཅིག་བྱའོ།། འགྲོ་བ་དང་། འོད་བས་སྐུད་པ་དེ་རྐེང་པ་ལ་བཅིངས་ཏེ། གླིང་བཞི་དང་བཅས་པའི་འོད་ཟེར་ཅན་གྱིས་རིགཔ ་ཀླག་སྟེ་མདུན་དུ་འགྲོ་བར་བྱའོ། ། དེ་ལྟར་བྱས་ན་རང་བཞིན་གྱིས་སྲུང་བར་འགྱུར་རོ།། ནུབ་མོ་བདུན་དུ་ཟླ་བ་ལ།། ཉིན་མོ་ནི་ཉི་མའི་དཀྱིལ་འཁོར་ལ་སྔོན་དུ་གསུངས་པ་བཞིན་དུ་རང་གི་གནས་སུ་བྱའོ།། དེའི་རྗེས་སུ ་ཇི་ལྟར་གསུངས་པའི་རིག་པ་ལན་བདུན་དུ་བརྗོད་པ་བྱ་སྟེ། ན་མཿསརྦ་བུད་དྷ་བོ་དྷི་སཏྭ་བྷྱ། ཏདྱ་ཐཱ། ཨོཾ་ཨཱ་ལོ། ཀ་ལོ། ཏཱ་ལོ། སད་ཙ་ལོ། སཾ་ས་མུར་དྷེ་ཊི། རཀྵ་རཀྵ་མཾ་སརྦ་བྷ་ཡེ་ཥྚ་སྭཱ་ཧཱ།། དཀོན་མཆོག་གསུམ ་དང་ལྡན་པ་ཞེས་བྱ་བའི་རིག་པའོ། ། ཏདྱཐཱ། ཨོཾ་མཱ་རཱ་ཙྱཻ་བ་ཏཱ་ལི། བ་དཱ་ལི། བ་རཱ་ཏཱ་མུ་ཁ་སརྦ་དུཥྚ་པྲ་དུཥྚནཱ~ཾ། བན་དྷ་བན་དྷ་མུ་ཁ་སྭཱ་ཧཱ།། ཏདྱཐཱ། ཨོཾ་བ་དཱ་ལི་བ་དཱ་ལི། བ་རཱ་ལི། བ་རཱ་ཧཱ་མྲྀ་ཥ། སརྦ་དུ། ཝ་དུཥྚཱ་ནཱ། ་བན་དྷ་བན་དྷ་མུ་ཁཾ་སྭཱ་ཧཱ།། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ།། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའི་མཆོགངངེས་པར་འདི་ཡིན་ནོ།། ཨོཾ་མཱ་རཱ་ཙྱཻ་བ་ཏཱ་ཀཱ་མ་སི། བ་རཱ་ཀྲམ་སི། ཨུཏྟ་ཡ་མ་སི་ནི་ར་མ་སི། ཨརྐ་མ་སི། ཨུ་རེ་མ་མ་སི། བན ་ཏ་མ་སི། གུ་ལ་མ་མ་སི། ཙི་བ་ར་མ་སི། མ་ཧཱ་ནཱཾ་པ་ར་མ་སི། ཨན་དྷ་ར་དཱ་ན་མ་སི། ན་མོར་ཏན་ཏྭཱ་ཡཱ་ཡ། ཏདྱ་ཐཱ། ཨོཾ་བ་ཏཱ་ལི། བ་དཱ་ལི། པཱ་ར་ལེ། བ་རཱ་ཏཱ་མུ་ཁཾ་སརྦ་དུཥྚ་པྲ་དུཥྚ་ནཱཾ། བན་དྷ་བན་དྷ་མུ་ཁཾ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྪིས ་ཧཱ། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའི་མཆོག་ནི་ངེས་པར་འདི་ཡིན་ནོ།། ཨོཾ་མཱ་རཱི་ཙྱཻ་བ་ཏཱ་ཀྲཱ་མ་སི། པ་རཱ་ཀྲ་མ་སི།། ཨུཏྟ་ཡ་མ་སི། ནེ་ར་མ་སི། ཨརྐ་ཡ་མེ་སི། ཨུར་མ་མ་སི། བན་དྷ་མ་སི། གུལ་མ་མ་ས། ཙཱི་ཧཱ། ་རཱ་མ་སི། མ་ཧཱ་ཙཱ་བཱ་མ་སི།། ཨན་དྷ་ར་དཱ་མ་སི། ན་མོ་ར་ཏན་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོཾ་པད་ཏཱ་ལི། བ་དཱ་ལི། བཱ་རཱ་ལེ། བ་རཱ་དཱ་མུ་ཁི། སརྦ་དུཥྚ་པྲ་དུཥྚཱ་ནཱཾ། བན་དྷ་བན་དྷ་སྭཱ་ཧཱ།། ཨོཾ་པད་ཏ་ལི། པད་ཏ་ལི། པད་ཏ་ལི། པ་རཱ་ལི ་བ་རཱ་ཧཱ་སུ་ཁི། སརྦ་དུཥྚ་པྲ་དུཥྚཱ་ནཱ། ཙཀྵུ་མུ་ཁཾ་བན་དྷ་མི་སྭཱ་ཧཱ་ཞེས་བྱའོ།། ཨོཾ་བད་ཏཱ་ལི། བ་དཱ་ལེ། བ་རཱ་ལི། བ་རཱ་ཧཱ་མུ་ཁི། སརྦ་དུཥྚ་པྲ་དུཥྚཱ་ནཱཾ། གན་དྷི་བན་དྷ་མི་སྭཱ་ཧཱ།། ཞེས་བརྗོད་པར་བྱའོ།། རང་ཉིད་བསྲུང་བའི་དོན ་ཏུ་སྔགས་འདི་བྱ་སྟེ། ཨོཾ་ཨརྐ་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་མརྒ་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་ཨན་དྷ་ར་དཱ་ན་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་ཏི་ཛོ་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་ཨུཏ་ཏ་ཡ་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ་ཨོཾ་གུལ་མ་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་པ་ནཱ་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་ཙི་བ་ར་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་བ་ཏཱ་ཀྲཱ་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་པ་རཱ་ཀྲ་མ་སི་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་ཨུར་མ་མ་སི་སྭཱ་ཧཱ ་ཞེས་བྱ་བའོ། ། དེ་ནས་ལས་གཞན་ཡོན་ཏེ། ས་མཆོག་ཏུ་གྱུར་པའི་སྔགས་ནི། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ།། ཞེས་བྱ་བའི་སྔགས་འདིའི་ལས་ནི་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། དགུག་པའོ།། དག། ་གི་དོན་དུ་སྙིང་ཁར་ཏྲི་དང་། སྤེལ་བའི་སྙིང་པོའོ།། ཨོཾ་དང་སྤེལ་བ་བྱས་ལ། འགལ་མེའི་འཁོར་ལོ་ལ་གནས་པ་ལྕགས་ཀྱུ་དང་། ཞག་པས་དགུག་པར་བྱ་བ་ནི་དཔག་ཚད་བརྒྱ་ཡིན་དུ་ཟིན་ཀྱང་ལྷ་རྫས་ཀྱི་བུད་མེད་འགུགས ་པར་བྱེད་དོ། ། དེ་ནས་སྦྱོར་བ་གཞན་ཡིན་ཏེ། ཉི་མ་འཆར་ཀའི་ཚེ་བྱེ་སྟེ། གཞོན་ནུ་མ་ལ་སྔགས་བརྒྱ་བཟླས་ཏེ། བའི་ལྕིབས་དཀྱིལ་འཁོར་བྱས་ལ་བཞག་པར་བྱ་སྟེ། ཙན་དན་དཀར་པོས་ཡན་ལག་བྱུགས་ལ། མེ་ཏོག་དང ་ལེགས་པར་ཁྲུས་བྱས་ཤིང་། གོས་དཀར་པོ་བསྐོན་ལ་གུ་གུལ་གྱིས་འདུག་པ་སྦྱིན་ཏེ། མཐེ་བོང་ལ་རྒྱ་སྐྱེགས་དང་། མར་ནག་གིས་བསྐུས་ལ་སྔགས་བརྒྱད་བརྒྱ་བཟླས་ཏེ། དབང་བསྐུར་བ་བསྟན་པར་བྱའོ།། ལྷ་ལ་སོགས ་པ་ཐམས་ཅད་སྔགས་ཀྱི་རྒྱལ་པོ་འདིས་བསྐུལ་ཏེ། ཨོཾ་ཙི་རི་ཙི་རི་མུ་སྭཱ་ཧཱ་ཞེས་བྱ་བ་ནི་སྔགས་སོ།། ཨོཾ་མཱཿསྔགས་འདིས་མར་མེ་ལ་བརྒྱད་བརྒྱ་མངོན་པར་བསྔགས་ནས་གཞོན་ནུ་མ་ལ་བསྟན་པར་བྱས་ནས། ་སྔོན་བཞིན་དུ་མཐོང་བར་གྱུར་ཏོ།། མ་མོའི་ཚོགས་ཐམས་ཅད་ཀྱི་དགེ་བ་དང་། མི་དགེ་བ་ཡང་ཐོས་པ་ནི། ཨོཾ་བ་ཏཱ་ལི་ཡ་མུ། སྔགས་འདི་ཁྲི་ཚོ་ཅིག་བཟླས་ཏེ་བསྟན་པར་བྱའོ།། ཡང་ན་དགྲའོ་རིམས་ཀྱིས་གཟུང་བར་འདོད་ན ་མིའི་རུས་པཱི་ཕྱེ་མ་དང་། དུར་ཁྲོད་ཀྱི་ཐལ་བ་དང་། ཆུ་བོའི་ངོགས་གཉིས་ཀྱི་ས་དང་། རྐང་རྗེས་ཀྱི་རྡུལ་དང་། བཅས་པ་ལ་གཟུགས་བརྙན་བྱས་ཏེ། དུག་དང་། མེ་དང་། སྐེ་ཚེ་དང་། ཉིན་ཕྱེད་དང་། འོ་མ་དང་ལྡན་པ་དུར་ཁྲོད་ཀྱི ་རས་ལ་སྔགས་དང་སྤེལ་བ་བྲིས་བཞིན་པ་བྱས་ཏེ། ཨོཾ་མཱ་རཱི་ཙྱཻ་ཆེ་གེ་མོ་རིམས་ཀྱིས་ཟུང་ཤིག་ཟུང་ཤིག་ཧཱུཾ་ཕཊ་སྭཱ་ཧཱ།། ཞེས་བརྒྱད་བརྒྱ་བཟླས་པས་དགྲ་བོའི་ཁང་པར་སྦས་ནས་རིམས་གྱིས་འཛིན་པར་འགྱུར་རོ།། ཡང ་ཐོད་པ་ལ་སྔོན་དུ་བསྟན་པའི་རྫས་འདི་ཉིད་ཀྱིས་མིང་བྲིས་ཏེ། ཡི་གེ་ཨ་བཞིནང་དུ་བཅུག་ནས། མེའི་ནང་དུ་ཡང་མིགིས་ཡོངས་སུ་བསྐོར་ལ། ཁྲོས་པས་སེང་ལྡེང་གི་མེ་ལ་བདུག་པར་བྱའོ།། སྟེང་ནས་སྐྱེབ་བཅིངས་བྱིའི། ་ཐོད་པ་དགྲ་བོའི་ཁང་པར་སྦས་ནས་འཕྲལ་དུ་རིམ་གྱིས་འཛིན་པར་འགྱུར་རོ།། ཡང་ན་དུར་ཁྲོད་དུ་བྱའོ།། དེ་ནས་དགྲའོ་གསང་བར་འདོད་ན་དུག་དང་། ཚྭ་དང་། སྐེ་ཚེ་དང་། ཁྲག་གིས་མིའི་རུས་པའི་སྨྱུ་གུས་ཐོད་པ་ལ་མིང་མངོན ་པར་བྲིས་ཏེ། ཧཱུཾ་དང་ཕཊ་གཉིས་ཀྱི་ནང་དུ་བཅུག་ན་གསོད་པར་འགྱུར་རོ།། སྔགས་ཀྱིས་ཡོངས་སུ་བསྐོར་བར་བྱ་སྟེ། ཨོཾ་མཱ་རཱི་ཙྱཻ་ཧཱུཾ་ཆེ་གེ་མོ་སོང་ཅིག། ཧཱུཾ་ཞེས་བྱ་བ་སྟོང་ཕྲག་བརྒྱད་བཟླས་ན་འཆེ་བར་འགྱུར་རོ།། དུར་ཁྲོད ་དུ་བྲི་ས་ན་ནི་ཞག་གསུམ་གྱིས་ཉམས་པར་འགྱུར་རོ། ། ཡང་ན་སྐྲོད་པར་འདོད་ན་ཨོཾ་མཱ་རཱི་ཙྱཻ་ཡི། ཙ་ལ་ཙ་ལ། པྲ་ཙ་ལ་ཙ་ལ་ཤིགྷྲ་ག་མོན་ཆེ་གེ་མོ་སྐྲོད་ཅིག། ཧཱུཾ་ཕཊ། སྔགས་འདི་བྱ་རོག་གི་གཤོག་པ་བླངས་ལ་སྟོང་ཕྲག ་བརྒྱད་བཟླས་ཏེ། དགྲ་བོའི་ཁྱིམ་དུ་འབད་པས་སྦ་བར་བྱས་ལ། རྔ་མོའི་སྟེང་དུ་ཞོན་པ་བསྒོམ་པར་བྱས་ན་དེ་མ་ཐག་ཏུ་སྐྲོད་པར་བྱེད་དོ།། ཡང་ན་དབྱེ་བར་འདོད་ན་དུར་ཁྲོད་ཀྱི་ཐལ་བ་དང་། ཆུ་ཀླུང་གི་ངོགས་གཉིས་ཀྱི་ས་དང ་རྐང་རྗེས་ཀྱི་ས་དང་། ཡང་དག་པར་བསྟན་པས་སོ་སོར་གཟུགས་བརྙན་བྱས་པ་ལ་རྒྱབ་སྤྲད་དེ། མ་ཧེའི་ཤ་དང་། རྟའི་མགོ་སྤུས་ལེགས་པར་བཅིངས་ལ་དུག་དང་། སྐེ་ཚེ་དང་། ཚ་བ་གསུམ་གྱིས་ལུས་བྱུགས་ལ། དེ་ཉིད་དང ་མ་ཧེའི་ཤ་དང་། རྟའི་ཁྲག་འདོད་ལྡན་པས་དུར་ཁྲོད་ཀྱི་རས་ལ་ཕཊ་བཞིའི་དབུས་སུ་ཧཱུཾ་གིས་སྤེལ་བའི་མིང་བྲིས་ལ་མཾ་གྱིས་ཡོངས་སུ་བསྐོར་ལ་དེའི་སྙིང་ཁར་བཅུག་སྟེ། སྔགས་བཟླས་ཤིང་མ་ཧེ་དང་། རྟ་གཉིས་ལ་ཞོན ་བ་གཉིས་ཀ་ཡང་འཐབ་བཞིན་རྣམ་པར་བསམ་ན་དབྱེ་བར་བྱེད་དོ། ། འཕྲོག་བྱེད་དང་། རྐང་ཟློག་མ་དང་བཅས་པས་དུར་ཁྲོད་དུས་བསྐོས་ལ་སྭའོ།། ཨོཾ་མཱ་རཱི་ཙི་ཆེ་གེ་མོ་ཆ་དང་ཆེ་གེ་མོ་ཕྱེ་ཤིག། ཧཱུཾ་སྭཱ་ཧཱ་ཞེས་པ་ནི ་6སྔགས་སོ། ། དེ་ནས་སྦྱོར་བ་གཞན་ནི་མ་ཧེའི་རྭ་དང་རྟའི་རུས་པ་ལ་གཟུགས་བརྙན་བྱས་ཏེ། དྲུག་དང་གཏུམ་པའི་ས་བོན་དང་། མ་ཧེའི་ཤ་དང་། རྟའི་ཁྲག་གིས་སྙིང་ལར་སིང་མངོན་པར་བྲིས་ལ་སྔགས་པཟླ་ཞིང་སེང་ལྡེང ་གི་མེ་ལ་གདུངས་ན་དེ་མ་ཐག་ཏུ་འབྱེད་པར་བྱེད་དོ། ། ཡང་ན་དགྲ་བོའི་ཁྱིམ་དུ་སྦས་ན་ཡང་འབྱེད་པར་བྱེད་དོ།། དེ་ཡང་དག་པར་བརྗོད་པར་བྱ་བ་ནི་འོད་ཟེར་ཆེན་པོ་འབྱུང་བའི་རྒྱུད་ལས་བྱུང་བ་ནི་དགྲའི་དཔུང་རེངས་པར་བྱེད་པའི་ཚིག་སྟོན ་ཏེ། ཁ་ཅིག་ཏུ་རྒྱལ་པོའི་དཔུང་གི་ཚོགས་གཡོས་པར་འགྱུར་ཞིང་གཞན་གྱི་ཡུལ་ཁམས་ཕུང་བར་བྱེད་པར་བརྩོན་ན། གང་གི་ཚེ་དེ་ལ་རྒྱལ་པོ་འོང་ནས་སླར་བྱེད་ཅིང་མཆོད་དེ་བསྔགས་པ་ལ་གསོལ་བ་འདེབས་ན། དེའི་ཚེ་སློབ་དཔོན་གྱིས། ་སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེབས་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་བྱའོ།། དེ་འཚོགས་ཆས་དགོས་པ་ཐམས་ཅད་དང་ལྡན་ཞིང་ལེགས་པའི་གྲོགས་པོས་དེ་ཆེད་དུ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཐང་སྐུ་བཀྲམ་ལ། ཙན་དན ་དཀར་པོས་དཀྱིལ་འཁོར་ཉེ་བར་བླུགས་ནས། མེ་ཏོག་དཀར་པོ་བཀྲམ་པ། བདུག་སྤོས་དང་། དྲི་དང་། ཕྲེང་བ་དང་། གཏོར་མ་ཡང་བྱིན་ལ། ཀོ་དང་སྦྲང་རྩི་དང་། བུ་རམ་དང་ལྡན་པས་ལན་བདུན་དུ་སྔགས་ལ་འབུལ་བར་བྱའོ།། སྔགས ་ནི་ཨོཾས་ནཱི་ཙྱཻ་མ་ནས་རྦ་ཏྟེནྡ་སྭཱཏྨ། ཨོཾ་མཱ་རཱི་ཙྱཻ་གན་དྷ་རྦ་ཏཱིནཱ་སྭཱཧཱ།། ཨོཾ་མཱ་ནཱི་ཙྱཻ་པྲ་བྷེ་མ་དྷཱི་ཙ་ཐཱཿ། ཨོཾ་མཱ་ནཱི་ཙྱཻ་དྲུ་བ་པྲ་ཏཱི་ནྱ་མཱཏྨ། ཨོཾ་སྭཨཱརྱཱཙྱཻ་ཧཱུ~ཾ་པྲཧྲཱིཙྪ་མཱཧཱ། དེ་ནས་བཅོམ་ལྡན་འདས་མལ་མཆོད་ཅིང་ཡོངས་སུ་བསྔོ་སྟེ། ་དགྱེས་པར་བྱས་ལ་བདག་ཉིད་བཅོམ་ལྡན་འདས་མའི་གཟུགས་སུ་དམིགས་ཤིང་རང་ཉིད་ང་རྒྱལ་དང་ལྡན་པས་བྲི་ཕྲག་གསུམ་བཟླས་པ་བྱའོ།། དེའི་སྔོན་དུ་སོང་བའི་བསྙེན་པ་ཡིན་ཏེ། མི་དགེ་བའི་མཚན་མ་མཐོང་བར་འགྱུར་རོ།། དེ་ནས་བྱིས ་ནི་སྦྱིན་བསྲེག་བྱ་སྟེ། སྔོན་དུ་བསྟན་པའི་ཆོ་ག་ལས་ཐམས་ཅད་པའི་ཐབ་ཁུང་དུ་རྒྱ་སྐྱེགས་ཀྱི་ཤིང་དང་། བྱང་ཆུབ་ཀྱི་ཤིང་དང་། ཨུ་དུམ་འབའ་རའི་ཡམ་ཤིང་གིས་མེ་སྦར་ལ། ཞོ་དང་། འོ་མ་དང་། མཱ་དུ་བསྙུགས་པའི་དུར་བ་ཉག་མེ་རེར ་རྣམས་སྟོང་ཕྲག་བརྒྱད་སྦྱིན་བསྲེག་བྱའོ། ། དེ་ནས་ལས་ཐམས་ཅད་ནུས་པར་འགྱུར་རོ།། ཨོཾ་བཱ་ཏ་ལི། བ་ཏཱ་ལི། བ་རཱ་ལ། བཱ་རཱ་ཧཱ་མུ་ཁི་སརྦ་བི་བུ་སྱཻ་བྷྱཾ་སྟ་བྷཱ་ཡ་སྭཱ་ཧཱ།། འདི་ནི་རེངས་པར་བྱེད་པའི་སྔགས་ཏེ་རེངས་པའི་ལས་ཐམས ་ཅད་ལ་སྦྱར་བར་བྱའོ། ། སྔགས་འདིས་བཟླས་པ་དང་། སྦྱིན་སྲེག་ཀྱང་བྱའོ།། ཕྱིས་ནི་རྒྱལ་པོ་དང་མདུན་ནས་འདོན་ནི་གྲོག་འམ། རས་ལ་གུར་གུ་མ་འམ། འགི་ཝང་དག་གིས་བསྒྲུབ་བྱའི་མིང་དང་སྔགས་སྦལ་ཏེ། མཾ་གིས་དཀྲིས་པ་ཡང ་ཡི་གེ་བཞིས་ཡོངས་སུ་བསྐོར་ཏེ། ཨོཾ་མཾ་བཾ་མཾ། ཕྱི་རོལ་དུ་པ་ཡིས་ཡོངས་སུ་བསྐོར་བའི་འཁོར་ལོ་འདི་བྲིས་ལ་གང་གི་སྤྱི་གཙུག་གམ། མགུལ་བ་འམ། དཔུང་པ་ལ་བཏགས་ན་ལས་ཐམས་ཅད་ཉིད་ལ་སྲུང་བར་བྱེད་པ་ཡིན་ནོ།། གཡུལ ་དོརོར་ཞུགས་ན་མཚོན་ཆས་ལུས་ལ་མི་ཆོད་པར་འགྱུར་རོ། ། གཡུལ་ངོ་ལས་དེ་ནི་རྒྱལ་བར་འགྱུར་རོ།། དེ་ནས་ཡང་ཕྱིས་ནི་མཆོག་ཏུ་གྱུར་པའི་གླང་པོ་ཆེའམ། མཆོག་ཏུ་གྱུར་པའི་ཤིང་རྟ་ལ་རྡོ་རྗེ་སློབ་དཔོན་ཞོན་ཏེ་གཡུལ་ལ་མངོན་པར ་ཕྱོགས་པས་བཅོམ་ལྡན་འདས་མའི་ཐང་སུ་བཀྲ་མ་ལ་རྒྱལ་མཚན་སེར་པོ་བཙུགས་ཏེ། རས་སེང་པོའི་ཤམས་ཐབས་དང་སེར་པོའི་ཐོད་བཅིངས་ཏེ་ཚོག་ཆུ་རྡོ་རྗེ་དྲིལ་བུ་བཟུང་ཞིང་བསྙེན་པ་དང་བཅས་པས་སྔོན་བཞིན་ཕག་པའི ་ཤིང་རྟ་ལ་བསྒོམས་ལ་སྔགས་བརྗོད་པར་བྱའོ། ། ཨོཾ་མཱ་རཱི་ཙྱཻ་བ་ཏཱ་ལི། བ་དཱ་ལི། བཱ་རཱ་ལ། བཱ་ར་ཧཱ་མུ་ཁི་སརྦ་དུཥྚ་རི་བུ་སྱཻ་བྱཾ་སྟཾ་བྷ་ཡ་ཧཱུཾ་ཕཊ་སྭཱ་ཧཱ།། ཕག་པས་བསྐོར་བའི་ནང་དུ་བསྒོམས་ནས་དེ་མ་ཐག་ཏུ་དགྲའི་དཔུང་ཚོགས ་ལས་རྒྱལ་བར་འགྱུར་རོ། ། མཚོན་གྱིས་བཅད་པའི་མི་ཤི་བའི་རོ་གོས་སམ། དུར་ཁྲོད་ཀྱི་རས་ལས་འཁོར་ལོ་འདི་བེ་བླ་འམ། ཡུང་བའི་ཁུ་བས་བྲིས་ཏེ་ཆུ་བོའི་ངོགས་གཉིས་ཀྱི་ས་འམ། རིའི་རྩེ་མོའི་ས་འམ། དུར་ཁྲོད་ཀྱི་ཐལ་བ ་དང་ལྡན་པས་དགྲའི་དཔོན་གྱི་གཟུགས་བརྙན་བྱས་ལ། འཁོར་ལོ་དེའི་སྙིང་ཀར་བཅུག་ལ་ཡང་ས་དེ་དང་ལྷན་ཅིག་ཏུ་འབྲས་ས་ལུའི་ཁུ་བ་ལ་ཡུང་བའི་ཁུ་བ་དང་ལྡན་པས་ཕག་པའི་གཟུགས་བྱས་ལ། དེའི་ཁ་རུ་དགྲ་བོའི ་གཟུགས་བརྙན་འཐུར་དུ་བསྟན་ལ་བཅུག་སྟེ། ཕག་པ་དེ་ཁམས་སྐྱོང་བ་སྒྱུར་གྱི་ནང་དུ་བཅུག་ལ་སོང་སྟེ་དགྲའི་དཔུང་པ་ལ་མངོན་དུ་ལ་བལྟས་པས་གཞག་པར་བྱའོ།། ཟན་དང་ཉ་དང་། ག་རློན་པ་དང་ལྡན་པས ་གཏོར་མ་སྦྱིན་ལ་སོར་བརྒྱད་པའི་སེང་ལྡེ་ག་ཕྲར་བུས་བཏབ་ལས་བསྐོས་ཏེ་བཟླས་ལ། ། སྔགས་སྟོང་ཕྲག་བརྒྱད་རྡོ་རྗེ་ཁྲོ་བོའི་སྦུབས་དང་ལྡན་པས་བཟླས་པ་བྱས་ན། དག་པའི་དབང་རེངས་པར་འགྱུར་རོ།། དེ་ནས་གཞན ་འཁོར་ལོའི་མཚན་ཉིད་ནི་བསྒྲུབ་བྱའི་མིང་ཡི་གེས་ཡོངས་སུ་དཀྲིས་པར་བྱས་ལ་ཡང་ཙའི་ཡིགས་ཡོངས་སུ་བསྐོར་བར་བྱའོ། ། ཡི་གེ་དེ་གཉིས་ཀྱི་བར་དུ་བ་ཏ་ལི་ལ་སོགས་པའི་སྔགས་ཀྱི་ཕྲེང་བས་ཡོངས་སུ་བསྐོར་བར་བྱའོ།། ང ་ད་ཨེ་ལ་མིང་གིས་བསྐོར་བར་བྱས་ལ་ཡང་ཡི་གེ་བཞིས་ཡོངས་སུ་བསྐོར་ཞིང་གྲུ་བཞིའི་ཕྱོགས་དེ་འཚམས་སུ་རྡོ་རྗེས་མཚན་པར་བྱས་ནས་དེ་ཉིད་ཀྱིས་དེ་མ་ཐག་ཏུ་དགྲ་བོའི་དཔུང་རེངས་པར་བྱེད་ཅིང་ཉམས་པར་བྱེད་པ་ལ་ཐེ་ཚོམ ་མེད་དོ། ། དགྲ་བོའི་དཔུང་ལས་མཆོག་ཏུ་རྒྱལ་བ་ཞེས་བྱ་བའི་འཁོར་ལོ་འདི་སློབ་དཔོན་གྱི་མན་ངག་ལས་ཤེས་པར་བྱའོ།། དེ་ནས་གཞན་ཡང་རེངས་པར་བྱེད་པ་དང་། འབྱེད་པར་བྱེད་པ་དང་། གསོད་པར་བྱེད་པའི་སྦྱོར་བའི ་དབང་དུ་བྱས་པའི་འཁོར་ལོ་ཡིན་ཏེ། གྲོགས་པོ་བཟང་པོ་དང་ལེགས་པར་བསྲུང་སྟེ། མིའི་བགེགས་ཡོངས་སུ་སྤངས་ཏེ། དུར་ཁྲོད་དུ་གནས་ལ་བློ་དང་ལྡན་པས་འབད་པ་དང་བཅས་པས་ཐང་སྐུ་བཀྲམ་ལ། དེའི་མདུན་དུ་ལྕི ་བའི་དཀྱིལ་འཁོར་བྱས་ཏེ། ཅི་ལྟར་འབྱོར་པའི་མཆོད་པ་རྣམ་པ་ལྔ་དང་ལྡན་པར་མཆོད་ལ་གོས་ནག་པོ་བགོ་ཞིང་ཐོད་ནག་པོ་བཅིངས་ལ་འཚོགས་ཆས་དང་། རྡོ་རྗེ་དྲིལ་བུའི་མཆོག་བསྟན་པས་ཁྲོས་པས་སྔོན་བཞིན་དུ ་ལྷ་མོ་འོད་ཟེར་ཅན་བསྒོམ་པར་བྱ་སྟེ། ཕག་པའི་ཞལ་གསུམ་པ། སྤྱན་གསུམ་པ། ཞལ་འགྱུར་ཞིདི་མཆེ་བ་གཙིགས་པ། གློག་བཞིན་ལྗགས་འཇིགས་པར་བྱེད་པ། ཉི་མ་བཅུ་གཉིས་དང་འདྲ་བའི་འོད་འབར་ཞིང་འཕྲོ་བ། ་སུ་མེན་ལྟ་བུའི་གོས་སྔོན་པའི་སླད་དཀྲིས་བྱས་ཤིང་ཤིང་འགག་དང་། སྟོང་གཡོགས་སྣ་ཚོགས་པའི་གོས་ཀྱིས་བྱས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་བརྒྱད་པ། གཡས་ན་མདའ་དང་། རྡོ་རྗེ་དང་།། རབ་དང་ལྕགས ་གྲུབསྡམས་པའི་ཕྱག་གོ། གཡོན་དུ་གཞུ་དང་། ཞགས་པ་དང་། ཤིང་མྱ་ངན་མེད་པའི་ཡལ་ག་དང་། སྐུད་པ་བསྣམས་པའི་ཕྱག་གོ།། མཆོད་རྟེན་མགོ་ལ་ཡོད་པའི་སྒྲ་དང་ལྡན་པ།། ཉི་མའི་དཀྱིལ་འཁོར་ལ་གཡས ་བརྐྱང་བའི་ཞབས་ཀྱིས་བཞུགས་པ། ཁྲོས་པས་རྐང་པས་བསྲུབ་བྱ་མནན་པ་ཉིད་དུ་བསམ་པར་བྱའོ།། ཆུ་བོའི་ངོགས་ཀྱིས་དང་། མིའི་རུས་པའི་བྱེ་མ་དང་། དུར་ཁྲོད་ཀྱི་ཐལ་བ་དང་ལྡན་པས་གཟུགས་བརྙན་བྱས ་ལ་ཚ་བ་གསུམ་དང་། དུག་དང་། ཁྲག་དང་། ཚྭ་དང་། སྐྱེ་ཚེ་དང་། ད་ངུར་ཡིས་རོའི་གོ་ས་ལ་བསྒྲུབ་བྱའི་མིང་དང་སྔགས་དང་། ངེས་པར་བྱས་ལ་སྙིང་ཁར་གཞུག་པར་བྱ་སྟེ། ཨོཾ་མཱ་རཱི་ཙྱཻ་བ་ཏཱ་ལི། བ་དཱ་ལི། བ་རཱ་ལི། བ་རཱ་ཧཱ། ་མུ་ཁི་ཧཱུཾ། ཆེ་གེ་མོ་སོད་ཅིག་ཧཱུཾ་ཕཊ་སྭཱ་ཧཱ།། སྔགས་འདི་དང་མིང་སྦལ་ཏེ། མི་ཤ་སྐམ་པོ་དང་། གུ་གུལ་དང་། ཡང་དག་པར་ལྡན་པས་རེ་ལུ་བྱས་ལ་མིའི་ཚིལ་དང་། བསྲེས་ཏེ་རོ་བསྲེགས་པའི་ཤིང་གི་མེ་ལ་སྟོང ་ཕྲག་བརྒད་སྦྱིན་བསྲེག་བྱའོ། ། ཚ་བའི་མར་ནག་གིས་གཞན་གྱི་དཔུང་གི་རྒྱལ་པོའི་མིང་གཟུང་སྟེ། གལ་ཏེ་གསོད་པར་འདོད་ན་དེ་ཉིད་ཀྱིས་བདུགས་ན་འཆི་བར་འགྱུར་རོ།། གལ་ཏེ་རེངས་པར་འདོད་ན་ཡང་རེངས། ་པར་འགྱུར་རོ།། ཡང་ན་གཡུལ་ངོ་ལ་མངོན་དུ་བལྟས་ཏེ་མིའི་རུས་པའི་ཕྱེ་མ་འམ། མི་ཚིལ་དང་བསྲེས་པས་སྔགས་བཟླ་ཞིང་སྦྱིན་བ་སྲེགས་བྱས་ན། དགྲའི་དཔུང་གི་ཚོགས་དེ་མ་ཐག་ཏུ་རེངས་པར་བྱེད་དོ།། དེ་ནས ་གཞན་ཡང་སྦྱོར་བ་ནི། ལྕེ་སྦྱང་གི་ཉེ་བར་འཚེ་བཞི་བར་བྱ་བར་འདོད་ན་གནག། གི་གནས་སུ་སོང་སྟེ། གནས་འཇུག་པའི་སྐེའི་རྟ་བབས་ལ་སྔགས་མངོན་པར་བྲིས་ཏེ། རྒྱལ་མཚན་དཀར་པོའི་རྩེ་མོ་ལ་བཙུགས་ཏེ་ཙན ་དན་དཀར་པོ་དང་། གུར་གུམ་དང་། གི་ཝང་གིས་ཁྱུ་མཆོག་གི་གཙོ་མོ་རྒན་པ་དང་། བླུགས་རྫིའི་མིང་དང་སྤེལ་ཞིང་བྱང་བུ་ལ་བྲིས་ཏེ་ཁྱུ་མཆོག་གི་ར་དང་། ཕྱུགས་རྫི་རྣམས་ཀྱི་སྐྱེ་བར་འཁོར་ལོ་བཅི་ངོང ་འཁོར་ལོ་ན་ཨ་མཾ་བ་མཾ། ཡང་བ་ཡིས་བསྐོར་ཅིང་ཡང་ཙྱཻ་ཡིས་བསྐོར་ཏེ། དེའི་ཕྱི་རོལ་དུ་མི་གིས་བསྐོར་ལ་འཁོར་ལོ་དེ་ཉིད་བྱའོ།། སྒོར་ཡང་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པའི་ཚད་ལ་ཚོན་སཱ་ལྔའི་སྐུད་པས་བཀྲིས་ཏེ། ་སྔགས་ལན་བདུན་དུ་བཟླས་ནས་ཕུར་བུས་གདབ་བོ།། ཨོཾ་མཱ་རཱི་ཙྱཻ་སརྦ་བིགྷ་ནཱ་བུད། སདྡྷ་ཡ་ཧཱུཾ་ཕཊ་ཐཱ་ཏྲ།། བགེགས་བསྐྲད་པའི་ཕུར་བུའི་སྔགས་སོ།། དེ་ནས་ཕྱེས་ནི་གནག་ལྷས་ཀྱི་དབུས་སུ་བཅོམ་ལྡན་འདས་མའི ་ཐང་སཱུ་བ་ཤར་དུ་བལྟས་པ་བཀྲམ་ལ་བློ་དང་ལྡན་པས་འབད་པ་དང་བཅས་པས་བྱའོ། ། དེའི་མདུན་དུ་སྦྱིན་པ་སྲེག་གི་ཐབ་ཁུང་དུ་གྲུ་བཞི་པ་ལ་ཁྲུ་གང་ཙམ་བསྐོ་བར་བྱ་སྟེ། འཚམས་བཞི་དུ་དྲི་ཞིམ་པོའི་ཆུས་བཀང་བའི་བུམ་པ ་འབྲུ་སྣ་ལྔ་དང་། དྲི་ཞིམ་པོའི་ཆུས་ཡོངས་སུ་བཀད་ལ་ཙ་ན་དན་དཀར་པོས་བྱུགས་ལ་གོས་དཀར་པོ་ཟུང་གིས་སྦྲེལ་བ་ཡལ་ག་རྣམ་པ་ལྔ་སྟེ། ནྱ་གྲོ་དྷ་དང་། བྱང་ཆུབ་ཀྱི་ཤིང་དང་། ཨུ་དུམ་བ་ར་དང་། ཨ་འབྲས་དང་། ཤིང ་ཨ་རྐའི་ཡལ་གས་བརྒྱན་པ། བརྒྱ་ཕྲག་བརྒྱད་ཀྱིས་མངོན་པར་སྔགས་ལ་བཞག་གོ། ཐབ་བུང་དེ་ཉིད་ཀྱི་མཚམས་བཞི་རུ་སེང་ལྡེང་གི་ཕུར་བུ་སྔོན་དུ་བསྟན་པའི་བསྔགས་བཟླས་ལ་གདབ་པར་བྱའོ།། ཡང་ཕྱིས་ནི ་ལྕི་བས་མལ་ཉེ་བར་བླུགས་ལ་ཁྲག་གི་གཏོར་མ་དང་། ཀུ་མུ་ཏ་དང་། ཨུ་པལ་དང་། པད་མའི་ཕྲེང་བ་དང་། དྲི་ཞིམ་པའི་མེ་ཏོག་གི་རྣམ་པར་བཀྲམ་ལ། དྲི་ཞིམ་པོ་དང་། ཙན་དན་གྱི་ཆུས་ཆག་ཆག་བཏབ་ལ་ཞོ་དང་། ་སྦྲང་རྩི་དང་། བུ་རམ་དང་ལྡན་པས་ཟས་ཁམ་ཅིག་གི་ལྷ་བཤོས་དབུལ་བར་བྱའོ།། བའི་མར་གྱི་ས་མར་མེའི་ཕྲེང་བས་ལེགས་པར་བརྒྱན་ཅིང་བླ་རེ་རྒྱན་ལ་མེ་ཏོག་གི་ཕྲེང་བ་སྦྱངས་ཤིང་གོས་དཀར་པོའི་རྒྱལ་མཚན། ་རྩེ་མོར་སྔགས་བྲིས་ལ་བཙུགས་ལ་གུ་གུལ་གྱི་བདུག་སྤོས་སྦྱིན་ནོ།། དེ་ལྟར་བཅོམ་ལྡན་འདས་མ་ལྷ་མོ་འོད་ཟེར་ཅན་མ་ཡང་དག་པར་མཆོད་ལ་མཉེས་པར་བྱས་ཏེ། སྔོན་དུ་བསྟན་པའི་སྔགས་ཀྱིས་མངོན་པར་སྔ ་ལ་ཉེ་བར་མཁོ་བ་ཐམས་ཅད་དབུལ་བར་བྱའོ། ། ཡང་ཐང་སྤུའི་མདུན་དུ་སྦྱིན་བསྲེག་གི་ཐབ་ཁུང་ཁྲུ་གང་ཙམ་བརྐོས་པའི་གྲུ་བཞི་པ་ཁ་ཁྱེར་སོར་བཞི་པ་རྡོ་རྗེའི་ཕྲེང་བས་བསྐོར་བ་རྩ་བ་དང་བཅས་པའི་པད་མའི་རྣམ་པར་བྱའོ།། ་དེའི་དབུས་སུ་པད་མ་ལ་རྡོ་རྗེའི་མཚན་པར་བྱས་ཏེ། པ་ལང་གི་ལྕི་བས་དཀྱིལ་འཁོར་ལེགས་པར་བྱུགས་ལ།། མེ་ཏོག་གི་རྣམ་པ་བཀྲམ་པར་བྱའོ།། དེ་ནས་སྔགས་པས་ཁྲུས་བྱས་ཤིང་གཙང་མས་གོས་དཀར་པོ་གོན་ལ ་ཉེ་བར་མཁོའི་ཐོད་དཀར་པོ་བཅིངས་ལ་རྡོ་རྗེ་དང་དྲིལ་བུ་བཟུང་ཞིང་བསྙེན་པ་དང་བཅས་པས་འཇུག་པར་བྱའོ། ། ཐབ་ཁུང་གི་མདུན་དུ་སྔགས་ཀྱིས་བགེགས་བསྐྲད་ལ་སེང་ལྡེང་གི་ཕུར་བུ་ཡིས་ཐབ་ཁུང་སྤྱི་ཕྱི་རོལ་གྲཝ། ་བཞིར་གདབ་པར་བྱའོ།། དེ་ནས་སྔོན་བཞིན་དུ་ཐབ་ཁུང་གི་ཤར་ནས་ནུབ་དུ་མངོན་པར་ཕྱོགས་པར་གནས་ལ་སྔགས་དང་། ཕྱག་རྒྱས་བྱིན་གྱིས་རླབས་པའི་སྔགས་པས་ཀུ་ཤ་ཆང་བུའི་སྟེང་དུ་གནས་ལ་ཐབ་ཁུང་གི ་ཕྱོགས་བཞིར་ཀུ་ཤ་དགྲམ་པར་བྱའོ། ། དེ་ནས་དགོས་པ་ཐམས་ཅད་ལ་སྔགས་བརྒྱ་བཟླས་ཏེ། གཡས་ཕྱོགས་སུ་གཞག་པར་བྱའོ།། གཡོན་ཕྱོགས་སུ་ཆུའི་སྣོད་བཞག་ཅིང་མདུན་དུ་མཆོད་ཡོན་གྱི་སྣོད་དྲི་ཞིམ་པོའི་ཆུ་དང་། ་མེ་ཏོག་གིས་བཀང་བ་བཞག་ལ་ཞོ་དང་། བུ་རམ་དང་སྦྲང་རྩི་དང་ལྡན་པ་ཡང་བཞག་ཏེ། རྩུབ་ཤིང་གིས་བཏོན་པའི་མེ་ཐབ་ཁུང་གི་ནང་དུ་གཞུག་སྟེ། ནྱ་གྲོ་དྷ་དང་། ཨུ་དུམ་བ་ར་དང་། བ་ལ་ཤའི་ཡམ་ཤིང་གིས་མེ་སྤང ་ལ་དེ་ནས་ཡང་ཨོཾ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་རི་ཡོངས་སུ་གྱུར་པས་མེ་ལྷ་བསྒོམས་ལ་གཞན་པ་མེ་ལྷ་སྔགས་ཀྱི་སྤྱན་དྲངས་ཏེ། ཨེ་ཧྱེ་ཧི་ཡ་ཏྱ་བྷཱུ་ཏ་དེ་བ་ཏི་ཙ་རི་ཤ~ཾ་ས་ན་ཏ་བ་ར་ཏཱི་ཧྲཱིཿ ་ཏྲེ་ཨཱ་ཧཱུ~ཾ་ཏི་མ་དཱ་ར་མ་སྨིནས་ཙྪེ་ཏི་ཏ་ཐཱ་བ། མེ་ལྷ་སྤྱན་དྲང་བའི་སྔགས་སོ།། ཨོཾ་ཨ་ག་ན་ཡེ་དཱི་བྱ་དྷིཿ། ཨཱ་བ་ཤ་མ་དཱ་ཤཱི་ཏ་བྱ་ཀ་བྱ་བ་ཏ་ན་ཡ་སྭཱ་ཧཱ།། མེ་ལྷའི་སྔགས།། ཟླ་བའི་དཀྱིལ་འཁོར་ལ་གནས ་པའི་ཞལ་ཀ་དུམ་པ། ཕྱག་བཞི་པ་འབར་བའི་སྤྱན་གསུམ་པ། མེ་ལྷ་བཟང་པོ་སྟོན་ཁའི་ཟླ་བའི་འོད་འདྲ་བ། དྲི་མ་མེད་པ་བདུད་རྩི་རྒྱུན་འབབ་ཅིང་ཞི་བ། དབུ་གུ་དང་། རལ་བ་སྐྱེ་ཐུགས་དང་། ཕྲེང་བ་དང་། མཆོག་སྦྱིན་པ་འ6 ་པར་བསམས་ལ་མཆོད་ཡོན་སྦྱིན་ལ་སྔོན་དུ་བསྟན་པའི་སྣོད་དུ་མཆོད་པ་རྣམ་པ་ལྔ་དང་བཅས་པས་དེའི་ཞལ་དུ་གང་བླུགས་གསུམ་དབུལ་བར་བྱའོ། ། ཡང་ཆུ་བ་སངས་ལ། ཞི་བ་ལ་ནི་འབར་བའི་ངོ་བོ་ཉིད་དུ་ཡོངས་སུ་གྱུར ་ནས་གཞན་ཡང་དེ་ཉིད་དུ་ལྷ་མོ་འོད་ཟེར་ཅན་ཟླ་བའི་དཀྱིལ་འཁོར་ལ་གནས་པ། སྟོན་ཀའི་ཟླ་བ་ལྟ་བུ་དཀར་ཞིང་གཞོན་ནུ་མ་ལ་ཨུཏ་དཔལ་སྔོན་པོའི་སྤྱད་ཅན་ན་བཟའ་དཀར་པོ་འཆང་བ། ནི་བ་ནི་སྣ་ཚོགས་པའི་ངོ་བོ་ཉིད ་བདུད་རྩིའི་བུམ་པ་འཆང་ཞིང་འབབལ། འབར་བའི་མེ་ཏོག་ལྟ་བཞེངས་པ་ལྟ་བུ་གཞོན་ནུ་མ་འགྲོ་བ་ལ་བདུད་རྩིའི་རྒྱུན་གྱིས་འབབ་བཞིན་པའི་ལྷ་མོ་བསམས་ལ། དེའི་ཞལ་དུ་དག་ཤུགས་དབུའ་བར་བྱའོ།། བླུགས་ཀྱི་མགོ་སྲུད ་རུས་པ་དང་། ངུར་བ་དང་ལྡན་པས་ཞོ་དང་སྦྲང་རྩི་དང་། དམར་དང་འོ་མ་དང་བསྲེས་ལ་ལན་སྟོང་ཕྲག་བརྒྱད་སྦྱིན་བསྲེག་བྱའོ།། གཞན་ཡང་གནག་ལྟས་ནས་ཕྱིར་སོང་ལ་འབྱུང་པོ་ཐམས་ཅད་པིའི་གཏོར་མ་མཆོད་པ་ཤ་དང ་བཅས་པ་ཞོ་དང་། འོ་ཐུག་དང་། འོ་མ་དང་། ཏམ་པྲ་འབྲས་ཀྱི་ཕྱེ་མ་བུ་རམ་དང་བསྲེས་པའི་གོང་བུ་བྱས་ལ། སྙིང་པོ་གསུམ་གྱི་མར་དང་། འབྲས་དང་། སྲན་མ་ཥ་དང་། ཆང་དང་། ཤ་དང་། ཉ་དང་ནང་དུ་སྲན་མ་བླུགས་པའི་ཁུ་བ ་དང་། སྲན་མ་ཥ་དང་། བུ་རམ་དང་། བསྲེས་པའི་ཁུ་ར་བ་དང་། ཁུ་ར་བ་དང་བཅས་པ་ལ་ལན་དུ་མངོན་པར་སྔགས་ཏེ་སྦྱིན་པར་བྱའོ།། འོ་ཐུག་གི་ཀླུ་རྣམས་ལའོ།། འོ་མ་ནི་ལྷ་མ་ཡིན་རྣམས་ལའོ།། ཞོ་དང་འོ་མ་ནི་ལྷ་རྣམས་ལའོ།། ་སྙི་པོ་གསུམ་གྱི་མར་ནི་གནོད་སྦྱིན་རྣམས་ལའོ།། འབྲས་ཀྱི་ཕྱེ་མབུར་མ་དང་། བསྲེས་ཏེ་གོང་པོ་བྱས་པ་ནི་ཚགས་ཀྱི་བདག་པོ་ལའོ།། བར་བ་ནིག་བ་རྣམས་ལའོ།། འབྲས་དང་ཤམ་བསྲེས་པ་ནི་འབྱུང་པོ་རྣམས་ལའོ།། ཤ་ནི་སྲིན་པོ་རྣམས ་ལའོ། ། ནི་ཡི་དྭགས་རྣམས་ལའོ།། ཨོཾ་བྷཱ་བ་ཁཱ་ཏི། ཁཱ་ཧི། གྲིཧྞ་གྲིཧྞ། གྲིཧྞ་ཧཱུཾ་སརྦ་བྷུ་ཏ་པ་ལིང་སྭཱ་ཧཱ།། ཡང་ལྷའི་ཁང་པར་བཞུགས་ཏེ་སྔགས་བརྒྱད་བརྒྱ་བཟླས་ཏེ། བུམ་པ་ཆུས་བཀང་བ་ཁྲུ་མཆོག་ལ་གཏོར་བར་བྱའོ།། དེས་ནི ་ལྕེ་སྟང་གི་ཉེ་བར་འཚེ་བཞི་བར་འགྱུར་རོ། ། དེ་ལྟར་བྱས་ཏེ་དུས་གསུམ་དུ་ཞི་བའི་བཟླས་པས་སྦྱིན་སྲེག་ཞག་བདུན་དུ་བྱས་ན་ཞི་བར་འགྱུར་རོ།། ཨོཾ་མཱ་རཱི་ཙེ་སྭཱ་ཧཱ། ལག་པ་གཉིས་མཉམ་པར་བྱས་ལ་ཐལ་མོ་གཉིས་སྦྱར་བ་འམ། ་རྩེ་མོ་ཁ་ཕྱེ་ཡང་རུང་སྟེ། མཐེ་བོང་གཉིས་བཀུག་ལ། གུང་མོ་ལ་བསྡིགས་འཛུབ་གཉིས་འཁྲིལ་བའི་ཚུལ་དུ་སྦྱར་བའི་རྣམ་པས་མཚན་པའོ།། སྐྱིལ་ཀྲུང་དུ་འདུག་སྟེ་ལྟེ་བའི་ཕྱོགས་སུ་གདུག་པར་བྱའོ།། ཕྱག་རྒྱ་འདི་ནི་མཆོག་ཡིན ་ཏེ། ། ལས་རྣམས་ཀུན་ལ་སྦྱར་བར་བྱ།། གླང་པོ་ཆེ་དང་། རྟ་དང་། ཕྱུགས་དང་། མ་ཉེ་ཤ་དང་། མི་དང་། མི་མོ་དང་། རྒྱལ་པོ་དང་། བྱིས་པ་རྣམས་ནི་འདིས་ཐེ་ཙོམ་མེད་པར་ཞི་བར་འགྱུར་རོ།། དེ་ནས་སྦྱིན་བསྲེག་གི་ཐབ་ཁུང་གི་མཚན་ཉིད་ཡིན ་ཏེ་ཞི་བ་ལ་ནི་པད་མ་དཀར་པོའི་རྣམ་པ་སྡོང་བུ་བཅས་པ་ཟླུམ་པོ་ཡིན་ནོ། ། དབུས་ཀྱི་པད་མ་ལ་རྡོ་རྗེས་མཚན་པ། ཁ་ཁྱེར་ཟླུམ་པོ་ལ་རྡོ་རྗེའི་ཕྲེང་བས་རྒྱན་ཅིང་བསྐོར་བའོ།། ཁྲུ་གང་ཙམ་བསྐོས་པའི་ཐབ་ཁུང་དུ་བ་ལ་ཤ་དང་། ནྱ་གྲོ་དྷའི ་ཡམ་ཤིང་བྱས་ལ་དུར་བ་ཉག་མ་རེའི་སྦྱིན་བསྲེག་བྱའོ། ། ཚེ་འདོད་པ་དང་། ཞི་བར་འདོད་པས་མད་ས་བེ་དའོ་ཞེས་བྱ་བའི་མེ་ལྷ་ཐམས་ཅད་དཀར་བའི་རང་བཞིན་ནི་ཞི་བ་ལ་བསྲེག་པར་བྱའོ།། རྒྱས་པ་ནི་གྲུ་བཞི་པ་ཁ་ཁྱེར་སོར་བཞི་པ་རྡོ་རྗེ ་ཕྲེང་བས་བརྒྱན་ཅིང་པད་མ་དང་། འཁོར་ལོ་དང་། རིན་པོ་ཆེས་ཡང་དག་པར་བརྒྱན་པ། ཐབ་ཁུང་གི་མཚམས་སུ་སྣ་ཚོགས་རྡོ་རྗེས་མཚན་པ་ལ། ཨརྒ་དང་། ཨུ་དུམ་འབར་བའི་ཡམ་ཤིང་གིས་ཀུ་མུ་ཏ་དང་། ཨུཏ་པ་ལ་དང་། ་པད་པ་དགང་ཡོད་པ་འད་མ་དངང་སྒྲང་བྱེདང་བསྲེས་པའི་རྫས་ཀྱིས་གས་མ་བུའི་ཤིང་ས་འིམ་ལྷགས་པ་རྫུན་པའི་རྣས་པ་སམ་པ་ས་བ་པ་མས་དས་རྗེས་པ་འདྲ་པ་བྱའོ།། ནི་ནགསུ་པ་བྱང་རྩཝ་ཅན། ་ཤི་དཔ་མ།། བུའི་ཐབ་ཟུང་། འི་དབུས་སུ་ཡང་བང་མ་བྱང་ཆུབ་ཀྱི་ཤིང་གིས་ལོ་མ་ལྟ་བུ། དེའི་སྟེང་དུ་དྲུག་སུམ་པ། འ་བྱེད་མརྡོ་ལུགས་ཀྱུའི་བྲིང་བས་རྣམ་པར་བརྒྱན་པ། བྱང་ཆུབ་ཀྱི་ཤིང་གིས་ལམ་ཤིང་བྱས་ལ། ཏིལ་དང་། ཚྭ་དང་། ཚེའི་རྫས་དང་། གོས་དམང་པོ་དང་། ཕྲེང ་བདམང་པོ་དང་། ཙན་ན་དམར་པོ་དང་། ཀམ་ཏོ་ཞེས་བྱ་བའི་མེ་ལྟ་བན་དུག་དང་། ཛ་འ་མའི་མཏོག་ལྟ་བུལ་དམང་པོ་བསམ་མོ།། མདོར་སྤྱོང་ལ་ནིན་བྱེད་ཀྱི་རྣམ་པ་ལྟ་བུའི་ཐབ་ཟུང་བ་བྱེད་པ་རྡོ་རྗེའི་ཕྲེང་བས་བརྒྱན་པ། དབུས་སུ་རྡོ་རྗེ་འབྱེབའོ།། བསྲེགས་པའི་ཤིང་དང་། གཏུམ་མ ་མེལ་མི་ཤ་དང་། མིའི་རུས་པའི་ཕྱེ་མ་དང་། མིའི་ཚིལ་དང་། བསྲེས་པའི་རྫས་ནི་མངོན་སྤྱོད་ལ་བལྟ་སྟེ། ཀྲོ་དྷན་ཞེས་བྱ་བའི་མེ་ལྷ་ནག་པོ་གོས་ནག་པོ་འཆང་ག་མཆེ་བ་གཙིགས་པའི་ཞལ་འཇིགས་པར་བྱེད་པ། འཇིགས་པར་བྱེད་པའི་བསྐལ་པའི་མེ་ལྟ་བུ་ལངས་པའི་རང་བཞིན ་ནོ། ། སྒྱུ་མ་འོད་ཟེར་ཅན་འབྱུང་བའི་རྒྱུད་ལས་བྱུང་བ་རྟོག་པའི་རྒྱལ་པོ་ཡང་དག་པ་རྣམ་པར་སྣང་མཛད་ཀྱིས་གསུངས་པ་ཇི་ལྟ་བ་བཞིན་དུ་ཅི་སྙེད་པ་རྫོགས་སྷོ།། །། @6།། རྒྱ་གར་སྐད་དུ། ཨཱདྷ་མཱ་རཱི་ནྱོ་མཎྜ་ལ་བི་དྷི་མཱ་རཱི་ཙྱཻ་ཛྙཱངྐ་རཱ་ཤས་ཧ་སཱ་ཨུདྷཱི་ཏི་ཀོ་ཝརྦི་མ། ་