| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། སད་དྷ་ཨོཾ་ཀ་པཱ་ར་མ་ཧཱ་ཏན་དྷ་རཱ་ཛྙཱ་ནཱ་མ། བདསྐད་དུ། དཔའ་བ ་གཅིག་པུ་གྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར ་གྱུར་པ་ལ་ཕྱག་འཚལ་ལོ། ། དཔའ་བོ་གཅིག་གྲུབ་དཔའ་བོའི་གཙོ།། རབ་མཆོག་སྨྲ་བ་རྣམས་ཀྱི་མཆོག ་འགྲོ་བའི་བླ་མ་འཛམ་རྡོ་རྗེས། ། འཇིག་རྟེན་དོན་དུ་རྒྱུད་རབ་གསུངས།། ལྷ་ཉིད་གསང་སྔགས་ཚུལ་གྱིས ་ནི། ། དངོས་གྲུབ་ཐམས་ཅད་སྩོལ་མཛད་པ།། སྔགས་པས་དེ་ཉིད་བསྒོམས་ན་ནི།། དེ་གྲུབ་ན་ནི་གྲུབ་འགྱུར ་ཏེ། ། སྔགས་པ་ལུས་ནི་རྣམ་དག་དང་།། གང་ཚེ་དངོས་གྲུབ་ཕྲ་མོ་འགྲུབ།། སྣོད་དུ་གྱུར་པའི་ལུས་ལ་ནི།། ་དངོས་གྲུབ་ཆེན་པོ་རབ་ཏུ་སྐྱེ།། རིམ་པ་འདི་ཡིས་འདི་ལ་ནི།། ས་ལ་སོགས་པ་འཐོབ་པ་སྟེ།། སྔགས་པས་ཡིདསྐྱེའི ་བཞིན་ནོར་བུ་ལྟར། ། རྟག་ཏུ་སེམས་ཅན་དོན་བྱེད་དོ།། དེ་ལྟར་མཁྱེན་ནས་ཐུགས་བརྩེས་ནན། རྡོ་རྗེ་འཆང་སོགས ་ཀྱིས་ཞུས་ཚེ། ། གྲུབ་པའི་གས་སྔགས་བསྡུས་པ་ནི།། འགྲོ་བའི་དོན་དུ་གསུངས་པ་ཡིན།། ཨོཾ་ཀཱ་ལུ་མེ་ལུ་ཀཱ་ལུ་མེ་ལུ་སྟཾ་བྷ་ཡ་སི་ལཱ་བ་ཪྵ་ཏཱཥཱ་ར་ཙ་ལུ་རྱ་ཨི་ལུཙྪ་ས~ཾ་སྭཱ་ཧཱ།། གསང་སྔགས་ཀྱི་རྒྱལ་པོ ་འདི་ནི་ལེགས་པར་བཟླས་ན་སེར་བ་གཅོད་པར་བྱེད་དོ། ། དྲན་པ་ཉིད་དང་ཐལ་བ་ལ་མངོན་པར་བཟླས་པས་སེར་བ་འབབ་པའམཁབ་འབབ་པ་གཅོད་པར་འགྱུར་ཞིང་།། གང་དུ་འདོད་པ་དེར་འགྲོའོ།། དེ་བཞིན་དུ་ཀློག་དང ་རླུང་དང་རྡོ་རྗེ་དང་ཐོག་འབབ་པ་ལ་སོགས་པ་མེད་པར་བྱེད་དོ། ། ཨོཾ་ག་རུ་ཌ་ཧཾ་ས་ཧཾ་ཧེ། ཙ་ལ་ཙ་ལ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་དྲན་པ་ཉིད་ན་སེར་བ་འབབ་པ་ཟློག་པར་བྱེད་དོ།། རྡོ་རྒྱུས་ཀྱིས་རྔ་པནྡྷ་ཧ་ལ་བྲིས་ཤིང་། ་ལུག་ལ་མངོན་པར་བཟླས་པའི་རྔ་བནྡྷ་ཧའི་སྒྲས། སེར་པ་འབབ་པ་ཟློག་པར་བྱེད་དོ།། དེ་བཞིན་དུ་དུང་ལ་སོགས་པའི་སྒྲས་ཀྱང་བྱའོ།། མི་ཧི་ཏི་ཏི་ཏི། ཎྜ་བ་སྟཱཥྛཱ་ཡནྡྷ་ར་གཞིདུན་ཏན་དྲནམ། ཆེ་གེ་མོ་ཨུརྡྷ་མ་ཎི་སྭཱ་ཧཱ། གསང་སྔགས་ཀྱི ་རྒྱལ་པོ་འདི་སྔོན་དུ་བསྙེན་པའི་ཚོ་གས་འབུམ་ཕྲག་གཅིག་ཡོངས་སུ་བཟླས་ན་འགྲུབ་པར་འགྱུར་རོ། ། གློག་དང་རླུང་དང་རྡོ་རྗེ་དང་ཐོག་འབབ་པའམ་ཁ་བ་ལ་སོགས་པ་དྲན་པ་ཙམ་ཉིད་ཀྱིས་ཟློག་པར་བྱེད་དོ།། ཐལ་བ་དང ་ཡུངས་ཀར་ལ་མངོན་པར་བཟླས་ན། ཆར་ཆེས་པ་གཅོད་པ་དང་བྱི་བ་དང་སྦྲང་མ་ལ་སོགས་པའི་མཆུ་འཆིང་བར་བྱེད་དོ།། སྐྱེད་མོས་ཚལ་དང་ཞིང་ལ་བྱ་དང་འབུ་སྲིན་དང་བྱི་བ་རྣམས་ཀྱིས་ཉེ་བར་འཚེ་བཟློག་པར་བྱེད་དོ།། དུར ་ཁྲོད་ཀྱི་རས་ལ་མིང་དང་བཅས་པའི་སྔགས་བྲིས་ལ་སྤྲ་ཚིལ་གྱིས་བཏུམས་ཏེ། དུར་ཁྲོད་ཀྱི་བུམ་པར་བཅུག་ནས་ཁ་བཅད་དེ། དེ་ཉིད་དུ་སྦས་པས་མངལ་རེངས་པར་འགྱུར་རོ།། བྷང་ནས་འོ་མ་དང་རྐུས་བཀྲུས་ཏེ་ཆུལ་བོར་བ ་ཞི་བར་འགྱུར་རོ། ། ཡུང་བ་འམ་བབ་ཟླས་གྲོ་བའམ་གོས་སམ་ལོ་མོ་ལ་མངོན་པར་བྲིས་ཏེ། སྤྲ་ཚིལ་གྱི་ནང་དུ་བཏུམས་པའི་སྔགས་འདི་གྲོག་མཁར་གྱི་ས་ལས་འཇིགས་བྱེད་ཀྱི་གཟུགས་སུ་བྱས་པ་དེའི་སྙིང་ཁར་གཅུབ ་དེའི་ཁ་ཐལ་བས་བཀང་ནས་སྦས་ན། རྒོལ་བ་དང་ཕྱིར་རྒོལ་བའི་ཁ་རེངས་པར་བྱེད་དོ།། རྩོད་སྦྱོང་བྱེད་པ་ན་གཟུགས་དེ་ཉིད་ཀྱི་ལྕེ་ལ་ལན་བདུན་མངོན་པར་བསྔགས་པའི་ཚེར་མ་བདུན་གྱིས་བཙུགས་ན་ཁ་འཆིང་བར་བྱེད་པར། ་འགྱུར་རོ།། རྡོ་རྒྱུས་ཀྱིས་ཁམ་པོར་ལ་བྲིས་ཏེ་ཐལ་བས་བཀང་ལ། ཁ་སྦྱར་ཏེ་སྦས་ན་མི་སྙན་པ་བརྗོད་པ་ཁ་རེངས་པར་བྱེད་དོ།། རྫ་མཁན་གྱི་ལག་པ་ཕྱིས་པའི་འཇིམ་པ་ལས། ལུག་གི་གཟུགས་སུ་བྱས་པའི་སྙིང་ཁར་སྒྲ་ཚིལ ་གྱིས་བཏུམས་པའི་སྔགས་བཅུག་ན་ཁྲོས་པའི་ཁེ་རེངས་པར་བྱེད་དོ། ། སྐེ་འམ་དཔུང་པ་ལ་སྔགས་བཏབ་ན་གཡུལ་ངོགས་ཀྱི་མཚོན་ཆ་དཔལ་ཞི་བར་བྱེད་དོ།། གྲོག་མཁར་གྱི་འཇིམ་པ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་རྐང་པའི ་མཐིལ་དུ་སྔགས་ཀྱི་རྒྱལ་པོ་འདི་བཅུག་སྟེ། བཞི་མདོར་སྲས་ན་འགྲོ་བ་དང་འོང་བ་ཐམས་ཅད་རངས་པར་བྱེད་ཅིང་རྟག་པར་བྱེད་པ་ཐམས་ཅད་རེངས་པར་བྱེད་དོ།། གྲོ་བའམ་གོས་ལ་སྔགས་ཀྱི་རྒྱལ་པོ་འདི་བྲིས་ལ་སྒྲ་ཚིལ་གྱིས ་བཏུམས་ཏེ་དེ་ཉིད་ཀྱི་ཁོང་པར་བཅུག་ལ། བུམ་པ་སེར་བ་ཆུས་བཀང་བའི་ནང་དུ་བཅུག་ན་ཡོངས་སུ་བརྟག་པ་རེངས་པར་བྱེད་དོ།། བླ་གོས་ཀྱི་མཐའ་མ་ལ་སྔགས་རྗེས་སུ་དྲན་ཞིང་མདུད་པ་བཅིངས་པས་ལམ་དུ་རྐུན་པོ་ལ་སོགས་པ ་རེངས་པར་བྱེད་ཅིང་། ནགས་ཀྱི་བ་མེན་ལ་སོགས་པ་རྭ་ཅན་དང་མཆེ་བ་ཅན་རྣམས་རེངས་པར་བྱེད་དོ།། པོད་བལ་ལན་བདུན་བསྔགས་ཏེ་ཆུར་བཅུག་ན། ཆུ་ན་རྒྱུ་བའི་ཁ་འཆིང་བར་བྱེད་དོ།། དུར་ཁྲོད་ཀྱི་རས་ལ་ཕ་རོལ་གྱི་དཔུང ་གི་ཚོགས་ཀྱི་སྐྱེས་བུའི་གཙོ་བོའི་མིང་སྨོས་པའི་སྔགས་སྣ་ཚོགས་རྡོ་རྗེའི་དབུས་སུ་བྲིས་ལ། སྣ་ཚོགས་རྡོ་རྗེའི་ཕྱི་རོལ་དུ་ཡི་གེ་ལམ་བརྒྱད་བྲིས་ཤིང་ཕྱི་རོལ་དབང་ཆེན་གྱི་དཀྱིལ་འཁོར་དང་ལྡན་པར་བྲིས་ཏེ། ཕྱོགས་རྡོ་རྗེས་བརྒྱན ་པའི་སྤྲ་ཚིལ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་ཁོད་པར་བཅུག་པའི་སྔགས། ཕ་རོལ་གྱི་དཔུང་གི་ཚོགས་ཀྱིས་མཚམས་ཀྱི་བར་དུ་བཅུག་ན་དཔུང་གི་ཚོགས་རེངས་པར་བྱེད་དོ།། སྔགས་ཨོཾ་གཉིས་ཀྱི་ཁ་སྦྱོར་དུ་བཅུག་ལ་ཡི་གེ ་བཟུང་གིས་ཡོངས་སུ་བསྐོར་བ། ཕྱི་རོལ་ཏུ་ཡི་གེ་ལམ་བརྒྱད་ཀྱིས་བསྐོར་བ་དབང་ཆེན་གྱི་དཀྱིལ་འཁོར་གྱིས་གནོན་པ། སྣ་ཚོགས་རྡོ་རྗེས་ཉེ་བར་མཛེས་པར་བྱས་པ། གྲོག་མཁར་གྱི་འཇིམ་པ་ལས་བྱས་པའི ་ཚོགས་ཀྱི་བདག་པོའི་ཁོང་པར་བཅུག་ལ་དུར་ཁྲོད་ཀྱི་བུམ་པའི་ནང་དུ་བཅུག་ནས་དུར་ཁྲོད་དུ་སྦས་པ་འམ། ཕུབ་མའི་སྦྱིན་བསྲེག་གིས་ཕ་རོལ་གྱི་དཔུང་གི་ཚོགས་རེངས་པར་བྱེད་དོ།། གྲོང་ཁྱེར་ཚིག་པའི་མེ་ལ་མངོན་དུ་ཕྱོགས་ཤིང ་སྔགས་འདིས་མངོན་པར་བསྔགས་པའི་ཆུ་སྙིམ་པ་བདུན་རབ་ཏུ་གཏོར་ན་ཁྱིམ་གང་བསྲུང་བར་འདོད་པའི་ཁྱིམ་དེ་སྲུང་བར་བྱེད་དོ། ། ཐལ་བས་མགུལ་པ་བཅིངས་པས་སྐྱུགས་པ་ཟློག་པར་བྱེད་དོ།། མཐེའུ་ཆུང་གིས་ལྕེ་དམ་དུ ་བཙིར་ལ་སྔགས་བརྗོད་པས་སྐྱིགས་བུ་མེད་པར་བྱེད་དོ། ། ཐལ་བ་ལ་མངོན་པར་སྔགས་པས་མིག་རེངས་པ་སོས་པར་བྱེད་དོ།། འབྲུམ་བུ་ལ་སོགས་པ་རྣམ་པར་འཚེ་བ་ལ་རས་ཀྱི་དུམ་བུལ་བྲིས་ཏེ། ཁྱིམ་གང་གི་སྒོར་བཏགས་པའི ་ཁྱིམ་དེར་འབྲུམ་བུ་ལ་སོགས་པ་རྣམ་པར་འཚེ་བཟློག་པར་བྱེད་དོ། ། ཉ་དང་ཤ་དང་ཆང་དང་འབྲས་ཆན་ལ་སོགས་པ་སྦྱིན་པར་འགྱུར་བ་ལས་གྲོང་གི་ཕྱི་རོལ་གྱི་ཆར་གཏོར་མ་ཆེན་པོ་བཏང་བར་བྱ་བ་དང་ཡམས་ཤིང་ལྔ་དང་འབྲུ ་ལྔའི་བྱེ་བྲག་མར་ལ་གཏགས་པས་གྲོང་གི་དབུས་སུ་ཞི་བའི་ཐབ་ཁུང་བྱས་ལ་སྦྱིན་སྲེག་བྱས་ན་བདུད་དང་རྣམ་པར་འཚེ་བ་ཐམས་ཅད་རེངས་པར་བྱེད་དོ། ། གང་འགའ་ཞིག་ལ་གྲོང་ལ་སོགས་པ་སྦྱིན་པར་འགྱུར་བ་ལ་བཟླས ་པཙམ་གྱིས་ཟློག་པར་བྱེད་དོ། ། རྟག་ཏུ་བཟླས་ན་ལྷ་དང་ལྷ་མ་ཡིན་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མི་མཐོང་བར་འགྱུར་རོ།། དཔལ་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ།། བདུད་པའི ་ལས་རྒྱལ་བར་བྱ་བའི་དོན་དུ་སྔགས་ཀྱི་རྒྱལ་པོ་འདི་མཛོད་སྤུ་ལས་རྣམ་པར་ཕྱུང་བའི་ཕྱིར་མཛོད་སྤུའི་ནོར་བུ་ཞེས་བྱ་བར་གྲགས་པ་ཡིན་ནོ། ། གསེག་མ་ལ་མངོན་པར་བསྔགས་ཏེ། གཏོར་བ་སྦྲུལ་དག་འབྱེར་བར་བྱེད་དོ།། ་ཁྱིམ་གྱི་རྩིག་ངོས་ལ་ཟེར་ལ་རྡོ་རྒྱས་ལ་མངོན་པར་བསྔགས་པས་བྲིས་ན་སྦྲུལ་གྱིས་ཟིལ་གྱིས་ནོན་པར་མི་འགྱུར་རོ།། ཡང་ན་རྡོལ་བ་ལ་སྔགས་གཟོད་བུས་བརྐོས་ཏེ་བྲིས་པ་སྦས་ན་རི་དགས་དང་སྦྲུལ་གདུག་པ་རྣམས་ཁྱིམ་འམ་གྲོང་ངམ་གྲོང་ཁྱེར ་དུ་སྦས་ན་ཅི་སྲིད་འདོད་པའི་བར་དུ་མཆེ་བ་འཆིང་བར་བྱེད་དོ། ། ཕྱུང་བས་གྲོལ་བར་འགྱུར་རོ།། སྔགས་འདི་མ་བསྒྲུབས་སུ་ཟད་ཀྱང་ལས་ཐམས་ཅད་བྱེད་པར་འགྱུར་རོ།། གསེག་མ་ལ་སོགས་པ་ལ་ཡོངས་སུ་བཟླས་ཏེ་གཏོར་ན་མཆེ་བ་ཅད་ཐམས ་ཅད་ཀྱི་མ་བ་འརིང་བར་བྱེད་དོ། ། དབང་ཆེན་གྱི་དཀྱིལ་འཁོར་གྱིས་ཁྱབ་པའི་སྣ་ཚོགས་རྡོ་རྗེའི་དབུས་སུ་བསྒྲུབ་པ་བྱ་བའི་མིང་དང་བཅས་པའི་སྔགས་ཐམས་ཅད་བྲི་བར་བྱའོ།། དུར་ཁྲོད་ཀྱི་རོ་སྲེགས་པའི་ཤིང་གི་པུང་བུལ་ལན་བདུན་མངོན་པར་བསྔགས ་པསྒོའི་སྟེང་དུ་སྨྲས་ན། སྐྱེད་ཀྱིས་འཚོ་བ་ཐམས་ཅད་ཀྱི་སྐྱེད་མེད་པར་བྱེད་དོ།། ཕྱུང་བས་གྲོལ་བར་འགྱུར་རོ།། ཨོཾ་ནི་ཧི་ནི་ཙཱ་ལེ་ཨ་བྷ་ཡ་བྷ་ཡཾ་ཀ་རི། ཨེ་ལུ་པ་ལུ་ཙུ་ལེ་ལུ་ཤིང་ལཱ་ཡ་ཌ་ཨི་ཛ་ཧ་ཡེ་པཊྚ་ཨི་ཛཊྚ་ཨ་བེ་ལུ་ཨཱ་ག་ས་པ་ཐ་ཀེ་ར་ཏེ། ཨི་ཨ ་ཏུ་པ་དྷཱ་མ་དྷ་རི་ཁི་ནྟི་ཁིལླ་བོ་ཧི་ན་བི་ཛི་ཀཱ་ར~ཾ་ཛ་ཧི་ཐཱ་ཀཱ་རོ་ཎི་ཧི་ཨ་ཨ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་སྔར་མ་སྨོས་པའི་ལས་ཐམས་ཅད་མ་བསྒྲུབས་སུ་ཟིན་ཀྱང་བྱེད་པར་འགྱུར་རོ།། དེ་ལས་གཞན་ཡང་མངོན་པར་འདོད་པའི་ལས་དེ་དག་ཐམས་ཅད་བྱེད ་བར་ཐེ་ཙོམ་མེད་དོ། ། ལན་ཚྭ་དང་གེ་ཅོམཉམ་པའི་ཕྱིར་སྲེག་གམ་ཕུབ་མའི་སྦྱིན་སྲེག་གིས་ཕ་རོལ་གྱི་དཔུང་གི་ཚོགས་རྣམས་འབྱེར་བར་བྱེད་དོ།། ཨོཾ་ཨ་མྦ་སི་མྦྷ་ཨཱ་སྱ་སུ་ཛོས་པེཊ་ཨེ་དུ་སྱ་སུ་སཱ་ཧཱ།། ཞེས་བྱུང་།། ཨོ་ཨ་མ་ཧཱ་ཤི་ནྟག་བུ་སུ་མ་དུ་བྷ་སུ། སྔགས་ཀྱི ་རྒྱལ་པོ་འདི་བསྒྲུབས་སུ་ཟིན་ཀྱང་རྟག་ཏུ་བཟླས་ན་ཕྲེས་ཐ་ཐམས་ཅད་ཟློག་པར་བྱེད་དོ། ། རྫི་ནུའི་ཐིག་ལེས་དགྲ་ཐོ་ཐམས་ཅད་རྨོངས་པར་བྱེད་ཅིང་དྲོས་པས་རབ་ཏུ་བར་བྱེད་དོ།། བཅིངས་པལ་བཟླས་ན་པ་དིས་བཀྲོལ་བར་བྱེད་དོ།། ཕོངས་པར་གྱུར་པས་བཟླས་ན་རྙེད་པ ་འགྲུབ་པ་ཅུ་། ། ཨེཞོན་གྱིཏོ།། བུ་ལུ་བུ་དཱ་རཱ་ཛ~ཾཿ། ཡོ་ཀྱྀ་ཙུ་ལུ་དཱ་མཱ་བ་ཤྲེ་བྲ་མུ་རུ་ཏྲི་པ་པྲ་ཏི་ཙྪ་ཧྲ་ཝ་སྭཱཧཱ། ཧུ་པྲ་པྲཔྲ་ལ་བྲྀ་བ་ཏླྀ་ཧུས?། ཐཻབ་པ་ཏིག་ཙྪན་གུ་ལུ་ཊ་ལུ་སཱཿ། སྔགས་ཀྱི་རྒྱལ་པོ་འདིས ་འཐབ་པ་དང་འཐབ་མོ་དང་རྣམ་པར་ཆོད་པ་ཐམས་ཅད་ལ་བཟླས་པ་བྱས་པས་ཞི་བར་བྱེད་དོ། ། བྲ་བ་མའི་སྦྱིན་སྔག་གས་ཀྱང་ཐམས་ཅད་དུ་ཞི་པར་འགྱུར་རོ།། ཇི་ག་ད་པའ་མ་ཏོག་ལ་སྔགས་རྗོད་ན། ་ཚུཆུལ་བསྐུར་ན་ཐམས་ཅད་དུ་ཞི་བར་འགྱུར་ཞིང་རྣམ་པར་རྒྱལ་བ་ཐོབ་པར་ཐེ་ཚོམ་མེད་དོ།། གྲོང་ཁྱེར་ཚིག་པའི་མེ་ལ་མངོན་དུ་ཕྱོགས་པས་འདུག་སྟེ།། མངོན་པར་བསྔགས་པའི་ཆུ་སྙིམ་པ་བདུན་གཏོར་ན། ཁྱིམ་གང ་སྲུང་བར་འདོད་པའི་ཁྱིམ་དེ་སྲུང་བར་བྱེད་ཅིང་མེས་ཚིག་པའི་མེ་ཁ་ལས་ཐར་བར་བྱེད་དོ། ། རྐང་གཉིས་དང་རྐང་བཞིའི་མཆེ་བ་ལ་ཕུབ་མའི་སྦྱིན་སྲེག་གིས་ཞི་བར་བྱེད་དོ།། ཨོཾ་བ་རྨས་བ་ངྱ་སུ་ཀེ། བ་སྨེས་ཀྵིབངྒ་སུ་བྷ་གེ་སྭཱཧཱ། སྔགས་འདིཐལ ་བ་ལ་བཟླས་ཏེ་བསྐུས་པས་མིག་རྒྱ་བཏབ་པ་རེངས་པ་སོས་པར་བྱེད་དོ། ། བྱབས་པས་མིག་རེངས་པ་སོས་པར་བྱེད་དོ།། ལན་བདུན་མངོན་པར་བསྔགས་པས་མིག་གིས་ཁྲོས་པ་མཐོང་མ་ཐག་ཏུ་རབ་ཏུདད་པར་བྱེད་དོ།། ལན་བདུན་མངོན་པར ་བསྔགས་པའི་ཆུས་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་བྱེད་དོ། ། རྩིག་པ་ལ་མིང་སྨོས་པའི་སྔགས་རྡོ་རྒྱུས་ཀྱིས་བྲིས་ན་མིག་ནད་ཐམས་ཅད་འཇོམས་པར་བྱེད་དོ།། དབེན་པར་འདུག་སྟེ་སེམས་རྩེ་གཅིག་པས་སྐྱེས་བུའི་མིག ་གཉིས་ལ་མངོན་པར་བསྔགས་པ་བྱས་ན། གང་གི་ཚེ་གཡོན་པ་འགུལ་བར་གྱུར་པ་དེའི་ཚེ། བསམས་པའི་དགོས་པ་འགྲུབ་པར་སྟོན་པ་ཡིན་ནོ།། གཡས་པ་འགུལ་བར་བྱེད་ན་མི་དགེ་བའི་དགོས་པ་སྟོན་པར་བྱེད་དོ།། ཨོཾ་མོ་ཅན ་མོ་ཙ་ཡ། མོ་ཀ་ཎི་མོ་ཀྵ་ཡ། ཛི་བཾ་པ་ར་དེ་སྭཱ་ཧཱ། འདི་མངོན་པར་བསྔགས་པའི་ཏིལ་མར་གྱིས་སྐྱེ་བའི་སྒོ་ལ་བསྐུས་ན། སྦྲུམ་མ་བདེ་བར་བཙའ་བར་བྱེད་དོ།། བཅིངས་པ་ལ་མངོན་དུ་ཕྱོགས་པར་བྱེད་པས། ལན་བདུན་མངོན ་པར་བསྔགས་པའི་ཆུ་སྙིམ་པ་བདུན་མངོན་པར་གཏོར་བ་དུས་གསུམ་དུ་བྱས་པས་བཅིངས་པ་རྣམས་གྲོལ་བར་བྱེད་དོ། ། གུར་གུམ་མམ་གི་ཝང་གིས་གྲོ་བ་ལ་མངོན་པར་བྲིས་ཏེ། བཅིངས་པའི་མགོ་བོ་ལ་བཏགས་ན་བཅིངས་པ ་ལས་གྲོལ་བར་བྱེད་དོ། ། རྟག་ཏུ་བཟླས་ན་བཅིངས་པ་གྲོལ་བར་བྱེད་དོ།། མོ་ཧ་མཀ་ཊ་ནཱམས་ཏས?་བགུ་དེ་པ་དཏཏ།། བན་དྷ་ནན་པོཥྚ་ལ་སྭཱ་ཧཱ།། རྡོ་རྒྱུས་ལ་མངོན་པར་བསྔགས་པས་སའི་སྟེང་དུ་ཡང་དང་ཡང་དུ་བྲིས་ཏེ། ལྤགས།། ་ལས་ཀློག་པས་ཕྱིས་ན་བཅིངས་པ་ལས་གྲོལ་བར་བྱེད་དོ།། ལོ་མ་ལ་མིང་དང་སྔགས་སུ་བཅས་པ་མངོན་པར་བྲིས་ཏེ། མགོ་བོ་ལ་བཏག་སེ་ན་བཅངས་པ་ཐམས་ཅད་གྲོལ་བར་འགྱུར་རོ།། ཨོ་ཏཱི་ཎི་ཏཱ་ར་ཡ། མོ་ཙན་མོ་ཅ་ལ། ལོ་ནི་མ ་ཡ། རྡིབ་པར་དེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་ཤིང་། ལན་བདུན་མངོན་པར་བསྔགས་པའི་ཏིལ་མར་གྱིས་སྐྱེ་བའི་སྒོལ་བསླུས་ན་ཟླུམ་མ་བདེ་བར་བཙའ་བར་འགྱུར་རོ།། ལན་བདུན ་མངོན་པར་སྔགས་པའི་ཆུ་འཐུངས་ན་མངལ་འཁྱིམ་པ་བདེ་བར་བཙའ་བར་བྱེད་དོ། ། རྟག་ཏུ་བཟླས་པས་བདག་དང་གཞན་འཆིང་བ་ལས་ཐར་བར་འགྱུར་རོ།། སྐེའམ་དཔུང་པ་ལ་བསྲུང་བ་བཏགས་པས་འཇིགས་པ་ཐམས་ཅད་ལས ་སྲུང་བར་བྱེད་དོ། ། ཨོཾ་ཏཱ་རེ་ཏཏྟཱ་རེ་ཏུ་རོ་མོ་ཀྵ་ཡ་ཛཱི་བ་སྭཱ་ཧཱ།། སྔགས་ཀྱི་རྒྱལ་པོ་འདི་སྔར་སྨོས་པའི་བྱ་བ་བྱེད་པར་འགྱུར་རོ།། གུར་གུམ་གྱིས་གྲོ་བ་ལ་གང་གི་མིང་སྤྲོས་པའི་སྔགས་མངོན་པར་བྲིས་ལ་སྤྲ་ཚིལ་དུ་བཏུམས་ཏེ། དྲི་ཞིམ ་པོའི་ཆུས་བཀང་བའི་བུམ་པ་གས་པའི་ནང་དུ་བཅུག་སྟེ། མེ་ཏོག་དྲི་ཞིམ་པོ་ལ་སོགས་པས་དུས་གསུམ་དུ་མཆོད་པ་བྱས་ན་འཐབ་པ་དང་འཐབ་མོ་དང་རྩོད་པ་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་རོ།། གུར་གུམ་གྱིས་གྲོབ ་ལ་གང་གི་མིང་སྨོས་པ། ། ཨོཾ་ཨ་རཎ་ཌ་སྭ་པ་ནེ་ཀཱ་ཀོ། རང་གཱ་ཏཱི་ར་མུ་ཡ་སྠི་ཏཿཡི་བ་ཏུ་དཱ་ཏ། ཨཱནཱ་པ་ཤིག་ངྱ་ཊྚི་མ་མེད། བཱག་དྷཱ་རུ་དྷི། ཋ.ཱ་ནཱ་པ་མྲིག་མྦྷ་ཟླ་བཅུ་མྦན། ལན་དུ་ཡོན་པ་རྫས་འི་ཚུ་ཀྱོ་གདུས་པོན་ཡོས་པས་གུས་ན་ཟླུམ་མ ་བདེ་བར་བཙའ་བར་བྱེད་དོ། ། ཨོཾ་ཨ་མ་ར་ཎི་ཛཱི་བན་ཏི་ཡེ་སྭཱ་ཧཱ།། སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལིས་ཐམས་ཅད་བྱེད་པར་འགྱུར་རོ།། མངོན་པར་སྔགས་པའི་ཆུ་འཐུངས་ན་འབྲམ་མི་འོང་བར་མི་འགྱུར་རོ།། ལུས ་ལས་སྐྱེས་པའི་དུག་མི་བཟད་པ་དང་སྤྲེའུ་དུག་དང་སྦྲུལ་དུག་ལ་སོགས་པའི་རྨལ་ཡུང་བ་དང་ཨ་རུ་ར་དང་རུ་རྟ་ལ་སོགས་པ་ལ་ཡོངས་སུ་བཟླས་ཏེ་བསྐུས་ན་རང་བཞིན་དུ་གནས་པར་འགྱུར་རོ། ། ནད་དང ་རྣམ་པར་འཚེ་བ་ཐམས་ཅད་ལ་སྔགས་མདུད་བཅིངས་ན་ཞི་བར་བྱེདདོ། ། རྟག་ཏུ་བཟླས་ན་ཚེ་ཟད་པ་ཡང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ།། མར་དང་ཏིལ་གྱི་སྦྱིན་སྲེག་གིས་ཐམས་ཅད་ཞི་བར་བྱེད་དོ།། མངོན་པར་བསྔགས་པའི་སྨན ་ཀྱི་བཏུང་བས་ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱེད་དོ། ། ལན་བརྒྱ་བཀྲུས་པའི་མངལ་མངོན་པར་བསྔགས་པས་ན་པའི་ཡན་ལག་ལ་བསྐུས་ན་རང་བཞིན་དུ་གནས་པར་འགྱུར་རོ།། མགོ་བོའི་ནད་ལ་ཏིལ་མར་ལ་བསྔགས ་བསྐུས་པས་རང་བཞིན་དུ་གནས་པར་འགྱུར་རོ། ། གདུག་པའི་རྨ་ལ་ཆུ་ལ་བསྔགས་ནས་གཏོར་བས་སོས་པར་འགྱུར་རོ།། སྠི་ཧའི་ནད་ལ་བེ་དང་ལ་སོགས་པའི་མཚོན་གྱིས་གཏུབས་ན་སྤྲི་ཧ་བཅད་པར་འགྱུར་རོ།། ནི་རྒུན་དྷི་དང་ནིམ ་པའི་རྩ་བ་མ་བྱའི་མཇུག་སྒོ་དང་བཅས་པ་གཅིག་ཏུ་སྦྱར་ལ། ། བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་བདུག་པས་བདུགས་ན།། རིམས་ཉིན་གཅིག་པ་དང་ཉིན་གཉིས་པ་དང་ཉིན་གསུམ་པ་དང་ཉིན་བཞི་པ་ལ་སོགས་པ་སེལ ་བར་བྱེད་ཅིང་། འབྱུང་པོ་དང་ཤ་ཟ་དང་ཚངས་པ་དང་། སྲིན་པོ་ལ་སོགས་པ་སེལ་བར་འགྱུར་རོ།། བུད་མེད་བུ་ཤི་བས་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་བུམ་པས་ཁྲུས་བྱས་ན་བུ་གསོན་པོ་དང་ལྡན་པར ་འགྱུར་རོ། ། གྲོ་ག་ལ་བྲིས་པའི་སྔགས་སྐེད་པའམ་དཔུང་བ་ལ་བཏགས་པས་མངལ་སྲུང་བར་འགྱུར་རོ།། སྔགས་རྗེས་སུ་དྲན་པས་གཡུལ་ངོགས་སུ་འཇུག་ན་རྒྱལ་བ་རྙེད་པར་འགྱུར་ཞིང་བྱབས་པས་ནད་ཐམས་ཅད་སེལ ་བར་བྱེད་དོ། ། ཨོཾ་པཱ་ད་ཙཱ་ལ་ནེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་སྔོན་དུ་བསྙེན་པའི་ཚོ་གས་ལེགས་པར་བསྒྲུབས་ན་ལས་ཐམས་ཅད་བྱེད་དོ།། ཕོལ་མིག་གི་འཇིགས་པ་ལ་མངོན་པར་སྔགས་པའི་ཆུ་འཐུངས་ན་པོ་ལ་མིག་མེད ་པར་འགྱུར་རོ། ། ཀྲོག་འམ་ཤོག་གྲལ་བྲིས་ཏེ་སྒོལ་བཏགས་པས་པོལ་མིག་མེད་པར་འགྱུར་རོ།། འདི་ནི་འཚེ་བ་ཐམས་ཅད་ལམར་ལ་བཏགས་པའི་ཏིལ་གྱིས་སྦྱིན་བསྲེག་གིས་སྲུང་བ་ཆེན་པོ་ཡིན་ནོ།། ཁྭའི་སྒྲོལག་པས་གཟུང་སྟེ། ་བཟླས་པ་ཁྲི་བྱས་ལ་གང་གི་ཁང་པའི་སྟེང་གི་ལོགས་སུ་སྦས་པས་དེ་འབྱེར་བར་བྱེད་དོ།། ཨོཾ་བི་ཤ་ཙི་བརྟྟ་ཤ་ཝ་རི་སརྦ་པ་དྲ་བརྟན་ས་ནི་སྭཱ་ཧཱ། རིག་པ་ཆེན་མོ་འདི་མ་བསྒྲུབས་སུ་ཟིན་ཀྱང་རྐང་གཉིས་པ་དང་རྐང་བཞི་པ་ཐམས་ཅད་ཀྱི་རྣམ་པར་འཚེ ་བ་སེལ་བར་བྱེད་ཅིང་། ལས་ཐམས་ཅད་བྱེད་པར་འགྱུར་རོ།། སྦྱིན་སྲེག་གམ་བཟླས་པ་འམ་ཁྲུས་སམ་སྔགས་མདུད་དམ་མངོན་པར་བསྔགས་པའི་ཆུ་བཐུངས་པ་འམ་བྱབས་པས་ནད་ཐམས་ཅད་སེལ་བར་བྱེད་དོ།། གྲོ་བ་ལ་གུར་གུམ་གྱིས ་བྲིས་པའི་སྔགས་ཏེ། འམ་དཔུང་བ་ལ་བཏགས་ན་རྩོད་སྐྱོད་ལ་རྒྱལ་བ་ཐོབ་པར་འགྱུར་ཞིང་། རིམས་ཉིན་བཞི་པ་ལ་སོགས་པ་མི་བཟད་པ་ལས་རྣམ་པར་གྲོལ་བར་འགྱུར་རོ།། སྲིན་པོ་ལ་སོགས་པའི་འཇིགས་པ་སེལ་བར་བྱེད་ཅིང་། འཇག ་པ་དང་འཁྲུག་པ་དང་། རྩོད་པ་དག་ལས་རྒྱལ་བ་བསྒྲུབ་པར་བྱེད་དོ།། སྟག་དང་ཆུ་སྲིན་དང་ལྟོ་འཕྱེ་ཆེན་པོ་དང་ཕུན་པོ་ལ་སོགས་པ་མི་མཐོང་ཞིང་རྟག་ཏུ་བཟླས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། ཨོཾ་ཨཱརྱ་ཏྲེ་ཏཱི་ཡཱ། ཨ་མུ་ཀསྱ ་ཙ་ཥུ་སྟམ་བྷ་པ་ཏི་ཐཿཐཿསྭཱ་ཧཱ། ཚེས་གང་ལ་མིག་ན་བར་གྱུར་པ་དེ་ལ་རྩིག་པ་འམ་སྤང་ལེ་བ་ལ་རྡོ་རྒྱུས་ཀྱིས་ཚེས་བསལ་ཡི་གེ་ཨེ་ཁ་སྦྱར་གསུམ་དུ་བྱའོ།། ཨོཾ་ཙཎ་ཌ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་འདི་ལན་ཅིག ་བཟླས་པས་སྡིག་པ་ཐམས་ཅད་ངེས་པར་སྲེག་པར་བྱེད་དོ། ། འབྱུང་པོ་ལ་སོགས་པའི་གདོན་གྱིས་ཟིན་པ་ལ་ཡུངས་ཀར་ལ་སོགས་པས་བརྡེགས་པས་གདོན་ཐམས་ཅད་འབྱེར་བར་བྱེད་དོ།། ཁམ་པོར་ལ་རྡོ་རྒྱུས་ཀྱིས་བྲིས ་ཏེ་སྒོ་ལ་བཏགས་པས་གསར་དུ་བཙས་པའི་བྱིས་པ་སྲུང་བར་བྱེད་དོ། ། སྤྲ་ཚིལ་གྱིས་གཟུགས་སོར་བཞི་པ་བྱས་པ་དེའི་སྙིང་ཁར་བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་མངོན་པར་བྲིས་ཏེ། བཅུག་ལ་དེའི་ཁ་ལ་ཚེར་མས་བཙུགས་ན ་བྱང་རྒལ་བའ་ཁ་ཕྲང་བུས་བཏབ་པར་འགྱུར་རོ། ། རྐང་པ་ལ་བཙུགས་ན་འགྲོ་བ་དང་འོང་བ་རེངས་པར་བྱེད་དོ།། སྙིང་ཁ་ལ་བཙུགས་ན་ཁྲོ་བ་འཇམས་པར་བྱེད་དོ།། མ་རྗེ་ད་གྱིངས་པའི་ཕུང་བུའམ། ལྕགས་ཀྱི་ཕྲ ་བྲས་གདབ་པར་བྱའོ། ། མིང་ནས་བཟུང་ཞིང་ཡན་ལག་གང་དང་གང་ལ་ཕུང་བུས་གདབ་པ་དེ་དང་དེ་འཇིག་པར་འགྱུར་རོ།། དགྲ་བའི་སྒོའི་འོག་ཏུ་སྲས་ན་འབྱེར་བར་བྱེད་དོ།། ང་ཁྲོད་ཀྱི་ཐལ་བ་ལ་མངོན་པར་བསྔགས་པས་སྐལ་ལ ་ཐ་ལ་གཏོ་ན་འབྱེད་དོ། ། དལ་ཟིལ་མདུན་པར་བསྔགས་ལ་གསུལ་དུ་འདུགན་རྩལ་བསྒྲུབ་པར་བྱེད་དོ།། བྱ་བ་གང་ལ་འཇུག་པ་ན་གཏོར་མ་བ་བཏབས་ན་དེ་དང་དེ་འགྲུབ་པར་འགྱུར་རོ།། སྔགས་པ་དགེ་བའམ་མི་དགེ་བའི་ལས ་གང་འདོད་པ་བཟླས་པ་ཙམ་གྱིས་བྱེད་དོ། ། ཨོཾ་ཀ་སྱེ་སྲན་ད་སྭན་ད་ཏྭཾ་སཱུ་ནྱ་བེ་སྨན་མ་མཐ་ད་པ་ཤཱས་དའི་བང་ཨཱཧཱ། ཨོཾན་གི་སཱ་ཤེས་ཀྱི་པེ་ནམ་སཱ་པཱ་ཤཱས་རྣམ་མི་ན་ག་ག་ལུང་བ་གུ་སུ་ཡང་ཞི་བྱེད། མ་ཆིན་ས་ཚུ་ང། ་སྔགས་ཀྱི་རྒྱལ་པོ་འདི་ཐོ་རངས་བྱ་རོག་སྒྲ་མི་གྲག་པའི་དུས་སུ། ལན་བདུན་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། རྒྱལ་ལ་བ་མང་དུད་པད་མ་དཀར་པོའི་སྐུད་པའི་སྡོང་པོས་དུ་བ་བླངས་ལ ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱས་པ་དེས་མིག་ལ་བསྐུས་པས་བུད་མེད་ཐམས་ཅད་ཡིད་འཕྲོག་པར་བྱེད་དོ། ། རྒྱལ་ཁ་ཐུར་དུ་ལྟས་པའི་མེ་ཏོག་གི་རྩ་བ་དང་ཤྲི་རི་ཁ་ཎ་ཌ་དག་སྦྱར་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ ་དེས་ཐིག་ལེར་བྱས་ན་རྗེ་བོ་ཁྲོས་པས་རབ་ཏུ་སད་པར་བྱེད་དོ། ། ཀུ་ཅོ་དང་འཐབ་པ་དང་རྩོད་པ་དག་ལས་རྒྱལ་བར་འགྱུར་རོ།། ཆོ་ག་བཞིན་རྟག་ཏུ་བཟླས་པས་གྲོང་ཁྱེར་བསྐྱོད་པ་སྐྱེད་པར་བྱེད་དོ།། ཨོཾ་སྟཾ་བྷ་ནི། སྟཾ་བྷ་ཡ། ཛ~ཾ་དྷ་ནི ་ཛཾ་བྷ་ཡ། མོ་ཧ་ནི་མོ་ཧ་ཡ། རཀྵ་ནི་རཀྵ་ཡ་མོ།། པ་ར་ཏེ་སིད་དྷ་ལོ་ཙ་ནེ་སྭཱ་ཧཱ།། སངས་རྒྱས་སྤྱན་གྱི་སྙིང་པོ་འདིས་འཇིགས་པ་ཐམས་ཅད་སེལ་བར་བྱེད་དོ།། དཔའ་བོ་གཅིག་པུ་གྲུབ་པརྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས ་ལེཐུད་མ་རྫོགས་སྷོ། ། རབས་ལེགས་པར་སངས་རྒྱས་པགེ། སློབ་མ་ཡོན་ཏན་བཞི་ཡིན་པ།། བླ་མ་ལ་གུས་མཁས་པ་ལ།། རྒྱུད་ཀྱི་རྒྱལ་པོ་བཤད་པར་བྱ།། སེཾན་མ་པ་མལ་ཅན་དཱ་ཡ་ཀླག་གང་ད་རྒྱ། ་སཏྱ་དྷ་མ། ཀྵི་ཏོ་ལོ་ཀཿས་ཏྱ་པྲཏྲཱས་ན་ཏ་ན། ས་ཏྱ་པྲད་དྷ་བྷ་དྷམ་པྲ་ས་ཧཱ་ཤྩ་གྷཎ་སཱ་ག་པ། ཨ་ནེནས་རྒྱབ་ཀྱེན་ཀྵི་པྲ་མཱ་བི་ད་རྦཎ་ཏཿཐཱ། ཨོཾ་ས་ར། སི་རི། སུརྦ། མདུམན་དར་པྲ་ཏི་ཀཱ་ས་ཨཱ་བིས་ཀེ་ལས་ཀུཊ་བཱཏྟཱ་ཡན་མ ་ཡན་མ་ཡཱཙན་ཏི་ཏི་ཀ་རྱ་ཏ་ཏ་མ་ས་རྦ་བྷཱུ་ཏི་ཏཥྛཿ། ཨཱད་མཱ་ར་བཱ་ཡར་དྱ་པྲ་བྷྲམ་ཧཱ་ཡ་དི་བ་ཀྱ་བྷེ།། ནང་པར་གཙང་བའི་ས་ཕྱོགས་སུ་དཀྱིལ་འཁོར་བྱས་ཤིང་བུམ་པ་གཞག་ལ། ལྷའི་བུ་དྲི་མ་མེད་པའི་ཟླབ་ལ་མཆོད་པ་རྒྱ་ཆེབ ་བྱས་ནས་མེ་ལོང་ལ་མངོན་པར་བསྔགས་ཏེ། ཁྱེའུ་འམ་བུ་མོ་ལེགས་པར་ཁྲུས་བྱས་ལ་གོས་ལེགས་པར་བཀྲུས་པས་བསྐོན་ཅིང་། ཙན་དན་དཀར་པོའི་འདེ་གུས་ཡན་ལག་དྲུག་ལ་མེ་ཏོག་དྲི་ཞིམ་པོའི་ཕྲེང་བ་མགུལ་དུ ་བཏགས་པ། གྲོང་བའི་ཆོས་ཀྱིས་རས་མཉམས་པ་ལ་བསྟན་ན་ཇི་ལྟར་བསམས་པའི་དགོས་པ་ཕྱིན་ཅི་མ་ལོག་པར་སྟོན་པར་འགྱུར་རོ།། དགོངས་སྔས་དྲུང་དུ་དཀྱིལ་འཁོར་ཉེ་བར་བྱུགས་ལ། བཅོམ་ལྡན་འདས་དང་ལྷའི་བུ ་མ་མེད་པའི་ཟླ་བ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ། བརྒྱན་བརྒྱད་བཟླས་ནས་ཅང་མི་སྨྲ་བར་ཉལ་ན་དགེ་བ་དང་མི་དགེ་བ་ཇི་ལྟར་བསམ་པ་བཞིན་སྟོན་པར་འགྱུར་རོ།། རྟག་ཏུ་བཟླས་ན་འཇིག་རྟེན་གྱི་སྤྱོད་པ་སྟོན་པར་འགྱུར་རོ།། ཨོཾ ་ན་བི་ཤཱ་ཙིན་པུ་ཎ་ཌེ་སཱཧཱ། བཅུ་རའི་ཤིང་ངམ་ནྱ་གྲོ་དྷའི་ཤིང་གིཿ་བཱ་འདུག་ལ། ཅང་མི་སྨྲ་བར་འབུམ་ཕྲག་གཅིག་བཟླས་ན་གྲུབ་པར་འགྱུར་ཏེ། འཇིག་རྟེན་གསུམ་གྱི་སྤྱོད་པར་ཡང་སྟོན་པར་འགྱུར་རོ།། ཡང་ན་ལེགས་པར་ཁྲུས ་བྱས་ལགས་གཙང་མ་བགོས་ཏེ་དབེན་པར་འདུག་ལ་ཁྲི་བཟླས་པས་གྲུབ་པར་འགྱུར་རོ། ། དགོངས་ཉལ་ཀར་རུ་རྟ་ལ་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས་གདོང་དང་རྐང་པ་གཉིས་བཀྲུས་ན། རྨི་ལམ་དུ་དགེ་བ་དང་མི་དགེ་བ་རྣམ ་པར་སྟོན་པར་འགྱུར་རོ། ། ཨོཾན་མཿས་པཏཱ་ནཱཾ། སམྱཀ་ས~ཾ་བུད་དྷ། ཀོ་ནཱི་རཱྀ། ཏདྱ་ཐཱ། ཨོ་ཙ་ལེ་ཙུ་ལེ། ཙུན་དེ་སྭཱ་ཧཱ། བིརྱས་ཏྱ་བཱ་དི་ནི་བར་དེ་ཀ་ཐ་ཡ་སྭཱ་ཧཱ།། གོང་དུ་བཤད་པའི་ཚོགས་མེ་ལོང་ངམརལ་གྲིའམ་མར་མེ ་འམ་ཆུ་སྣོད་ལ་སྟོན་པར་བྱེད་དོ། ། ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ལ་མི་སྨྲ་བས་ཉལ་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བ་སྟོན་པར་འགྱུར་རོ།། ཨོཾ་མུ་ཙི་ལི་སྭཱ་ཧཱ། མོ་ཧ་ནི་སྭཱ་ཧཱ། དན་ཏ་ལི་སྭཱ་ཧཱ། གས ་སྔགས་འདི་ཁྲི་བཟླས་ན་གྲུབ་པར་འགྱུར་རོ། ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ཏེ། དགོས་པ་ཡིད་ལ། ་བྱེད་པའི་བཟླས་པས་མི་སྨྲ་བར་ཉལ་ན་བཅོམ་ལྡན་འདས་རང་གི་གཟུགས་སུ་མཐོང་བར་འགྱུར་ཞིང་དགེ་བ་དང་མི་དགེ་བ་རྨི་ལམ་དུ་དམིགས་པར་འགྱུར་རོ།། ཨོཾ་པྲཛྭ་ལ་ཧཱུཾ་ཕཊ། བཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་སྙིང་པོ ་འདི་ལ་ན་འབུམ་ཕྲག་བཅུ་བཟླས་ན་འགྲུབ་པར་འགྱུར་རོ། ། གོང་དུ་སྨོས་པའི་ཚོགས་དགེ་བ་དང་མི་དགེ་བརྨི་ལམ་དུ་སྟོན་པར་འགྱུར་རོ།། ཨོཾ་ན་མཿས་མན་ཏ་བུད་དྷ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཀུ་མཱ་ར་རཱ་པི་ཎ་ང ་ཡ། ཨཱ་ཏ་མཱ་ནཱཾ། བི་བྷཱ་ཥི་ཏ་ས་མུད་བྷཱ་ཡ་སྭ་པ་ནཱཾ་ནི་བ་ད་ཡ་ཡ་ཐཱ་བྷཱུ་ཏཾ་ཧཱུཾ་ཧཱུཾ་ཊ་ཕཊ་སྭཱ། རྗེ་བཙུན་འཇམ་དཔལ་གཞོན་ནུའི་བྲིས་སྐུ་འམ་ལུགས་མའི་མདུན་ནམ་སྐུ་གདུང་དང་བཅས་པའི་མཆོད་རྟེན་ལ་ཅི་འབྱོར་པའི་མཆོད་པ ་བྱས་ཏེ། བརྒྱ་ཕྲག་བདུན་བཟླས་པ་བྱས་ན་རྨི་ལམ་དུ་བདག་ཉིད་དམིགས་ཤིང་གཞན་དག་གིས་ཀྱང་མཐོང་བར་འགྱུར་རོ།། ཨོཾ་ཀརྞྞ་པི་ཤཱ་ཙི། ཀཪྵ་སེ་ཀ་ཐ་ཡ་ཧཱུཾ་ཕཊ། ཤ་ཟའི་ཤིང་གི་དྲུང་གི་རྩ་བར་ཁམས་གསུམ་རྣམ་པར ་རྒྱལ་བའི་ཏིང་ངེ་འཛིན་ལ་གནས་ཤིང་། དེ་ཉིད་དུ་མི་སྨྲ་བར་འདུག་སྟེ། ཤ་དང་ཉ་ཤ་དང་མི་ཤ་དང་འཛམ་བུ་ཏི་ཀ་ལ་མངོན་པར་བསྔགས་པའི་གཏོར་མ་ཉེ་བར་བསྟབས་ལ་དུས་གསུམ་དུ་སྔགས་བཟླས་ན། ཞག་དང་པོ་ལ ་མཚན་མཉེ་བར་སྟོན་པར་བྱེད་ཅིང་ཕྱིས་འོང་བ་འགྲུབ་པར་འགྱུར་ཞིང་། དེ་ལ་སོགས་པ་སྲིད་པ་གསུམ་གྱི་སྤྱོད་པ་རྣམ་པར་སྟོན་པར་བྱེད་དོ།། ཞགཉི་ཤུ་རྩ་གཅིག་ལ་ཚངས་པ་གསོད་པ་ཡང་འགྲུབ་པར་འགྱུར་རོ། ལ་བུ་ལས ་ཥ་ཊ་མུ་ཁ། བི་ཀྲྀ་ཏཱ་ན་ན་ཀཪྵ་པི་ཤཱ་ཙི་མ་ཨཱ་ཀར་ཥ་ཡ་ཧཱུཾ་ཕཊ། དུར་ཁྲོད་དྲུགཤིན་རྗེ་མཐར་བྱེད་ཀྱི་བྲིས་སྐུའི་མདུན་དུ་བཟླས་པ་བྱས་ན་ཞག་བདུན་ནས་ཤ་ཟན་སྒྲོག་འགྲུབ་པར་འགྱུར་རོ།། ཨོཾ་བུད་དྷ་ཙུ་རུ་མཱ་ཙུ་རུཀ་སཱ་ཧཱ། སུ ་གདུང་དང་བཅས་པའི་མཆོད་རྟེན་ནམརྗེ་བདུན་སངས་རྒྱས་ཀྱི་སྤྱན་རས་གཟིགས་ཀྱི་སྤྱན་སྔར་བསྟེན་པའི་ཆོག་ཁྲི་ཟླས་ལ། དེའི་འོག་ཏུ་ཅི་འབྱོར་པའི་མཆོད་པ་བྱས་ནས་ཉལ་བའི་དུས་སུ་བརྒྱརྒྱ་བརྒྱད་བཟླས་ཏེ། བདེ། ་གང་ནས་སྐྱེས་པར་གྱུར་གང་དུ་སྐྱེ་བར་འགྱུར་ཞེས་ཡིད་ལ་བསམས་ཤིང་ཉལ་ན་འདས་པ་དང་མ་འོངས་པའི་སྐྱེ་བ་དམིགས་པར་འགྱུར་བར་ཐེ་ཚམ་མེད་དོ།། གལ་ཏེ་ཟླ་བ་དྲུག་གི་ནང་རོལ་དུ་འཆི་བར་འགྱུར་ན་དེའི་ཚེམི ་ལམ་དུ་བདག་གམ་གཞན་གྱི་མགོ་བོ་མི་མཐོང་བར་འགྱུར་རོ། ། དེ་བཞིན་དུ་མངོན་པར་བསྔགས་པའི་མེ་ལོང་བདས་པ་ན་ཁྱེའུ་འམ་བུ་མོ་གང་གི་མགོ་བོ་མཐོང་བར་མ་གྱུར་པ་དེའི་ཟླ་བ་དྲུག་གི་ནང་དུ་འཆི་བར་འགྱུར་རོ།། ཛ ་ལིག་བུ་མིག་དང་ཤིང་ཨ་གས་སྟིས་དཀར་པོའི་རྩ་བ་རེང་བུར་བྱས་ཏེ། བརྒྱ་རྩ་བརྒྱད་མངོན་པར་བསྔགས་པས་མིག་ལ་བྱུགས་ན། གང་དག་ཟླ་བ་དྲུག་གི་ནང་དུ་འཆི་བར་འགྱུར་བའི་རྐང་གཉིས་དང་རྐང་བཞི་དེ་དག་ཐམས ་ཅད་ཀྱི་མགོ་བོ་མེད་པ་མངོན་སུམ་དུ་མཐོང་བར་འགྱུར་རོ། ། ཨོཾ་སྭཔཱ་བི་ལོ་ཀི་ནི་སིད་དྷ་ལོ་ཙ་ནེ་སྭ་བྷྱཱཾ། མེ་ཀ་ཐ་ཡ་སྭཱ་ཧཱ།། སྔགས་ཀྱི་རྒྱལ་པོ་འདི་གོང་ནས་སྨོས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཨོཾ་ཨ་དི་ཏི་དེ་བ་དཏ། ་ཏད་མོ་དེ་ཧིད་དཱ་པ་ཡ་སྭཱ་ཧཱ། ཆུའི་ནང་དུ་ཞུགས་ཏེ་བུ་མོ་གང་གང་གི་ཆེད་དུ་བཟླས་པ་བྱེད་པ་དེ་དེ་ཉིད་ལ་སྟེར་བར་བྱེད་དོ།། ཡི་གེ་འབུམ་བཟླས་པ་བྱས་པ་བྲི་ཡང་ཀུའི་མེ་ཏོག་གམ་པ་ལ་ཤའི་མེ་ཏོག་གི་སྦྱིན་སྲེག་འབུམ ་གྱིས་དཔལ་ཆེན་པོ་གྲུབ་པར་བྱེད་དོ། ། མཚན་མོའོ་མ་ཅན་གྱི་ཡམ་ཤིང་གིས་སྦྱིན་སྲེག་བྱས་ནས། གྲོང་གང་གི་ཆེད་དུ་བཟླས་པ་བྱེད་པ་དེ་རྙེད་པར་འགྱུར་རོ།། པད་མ་རྣམས་སམ་བལ་པ་རྣམས་ཀྱི་འབྲས་བུའི་སྦྱིན་སྲེག ་འབུམ་གྱིས་རྒྱལ་རིགས་སུ་སྐྱེས་པ་རྒྱལ་སྲིད་རྙེད་པར་འགྱུར་ཞིང་གཞན་དག་གི་དཔལ་ཆེན་པོ་ཐོབ་པར་བྱེད་དོ། ། ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་རྣམས་ཀྱི་སྦྱིན་སྲེག་འབུམ་ཕྲག་བདུན་གྱིས་འབྱོར་པ་མི་ཟད་པར་འགྱུར་རོ།། ་ཛ་ཡེ། བི་ཛ་ཡེ། ཨ་ཛི་ཏི། བ་རཱ་ཛཱི་ཏེ་སྭཱ་ཧཱ། སྲིང་མོ་བཞིའི་སྙིང་པོའི་སྔགས་ཀྱི་རྒྱལ་པོ་འདི་གོང་དུ་བཤད་པའི་ཆོ་གས་འབུམ་ཕྲག་བཞི་བཟླས་ན། གོང་དུ་བཤད་པའི་ཚོགས་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཨོཾ་མོ་གྷོལ ་ཀཱ་ཡ་སྭཱ་ཧཱ། པ་ལ་ཤའི་མེ་ཏོག་གམ་ཡམ་ཤིང་གིས་སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན་གསེར་སྲང་འབུམ་རྙེད་པར་འགྱུར་ཞིང་བུ་མོ་དོན་དུ་གཉེར་བས་ཀྱང་གང་མངོན་པར་འདོད་པའི་བུ་མོ་རྙེད་པར་འགྱུར་རོ།། ཨོཾ་ཀམ ་ལ་བཱ་སི་ནི། ཀ་མ་ལེ་མ་ཧཱ་ལ་ལླིར་དྷ་དེ་ཧི་བར་དེ་སྭཱ་ཧཱ། གསང་སྔགས་འདི་ནི་དཔལ་ཆེན་པོའི་སྙིང་པོའོ།། རྟག་ཏུ་བཟླས་པ་བྱས་ན་ཕུན་སུམ་ཚོགས་པའི་མཆོག་སྟེར་བར་འགྱུར་རོ།། ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གི ་སྦྱིན་བསྲེག་གིས་དཔལ་ཆེན་པོར་འགྱུར་ཞིང་མངོན་པར་འདོད་པའི་བུ་མོ་སྒྲུབ་པར་འགྱུར་རོ། ། རས་བལ་གྱི་ས་བོན་གྱི་ཚད་ཙམ་གུ་གུལ་གྱི་རི་ལུ་མངར་གསུམ་ལ་བཏགས་པའི་སྦྱིན་བསྲེག་འབུམ་མམ། པད་མའི་སྦྱིན ་བསྲེག་འབུམ་གྱིས་རྒྱལ་སྲིད་སྒྲུབ་པར་བྱེད་དོ། ། ཨོཾ་ནན་ཏི་ནི་བ་དེ་ཀི་ཎི་ཁི་ཎི། ཡ་མེ་དང་པོ་ཥ་ཊ། དགའ་བྱེད་མའི་སྔགས་ཀྱི་རྒྱལ་པོ་འདི་ནི་གོང་དུ་བཤད་པའི་ལས་འགྲུབ་པར་འགྱུར་རོ།། ཨོཾ་ཛ་མ་བྷེ་མོ་ཧེ་སྭཱ་ཧཱ། ་རྗེ་བཙུན་མ་སྒྲོལ་མ་ལ་ཀ་ར་པི་རའི་མེ་ཏོག་གིས་མངོན་པར་མཆོད་དེ་སྔགས་ཀྱི་རྒྱལ་པོ་ཡི་གེ་འབུམ་བཟླས་ན་ཡིད་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་དོ།། ཨོཾ་བ་སུ་དྷཱ་རི་ནི་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་སྭཱ་ཧཱ། ཨོཾ་བ་སུ་ཤཱི་ཡ ་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་མུ་ཁི་སྭཱ་ཧཱ། ཨོཾ་ཤྲཱི་བ་སུམ་ཏི་ཤྲཱི་སྭཱ་ཧཱ། བདག་ཉིད་འཛམ་བྷ་ལའི་གཟུགས་སུ་བསྒོམས་ལ། རང་གི་སྙིང་ཁའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བ་སུ་དྷཱ་ར་གསེར་གྱི་མདོག་ཅན་ཕྱག་གཉིས་བརྒྱན་ཐམས་ཅད ་ཀྱིས་བརྒྱན་པ། ཤར་ཕྱོགས་ལ་སོགས་པའི་ཕྱོགས་ན་ལྷ་མོ་བཞིས་བསྐོར་བ་གཡས་ཀྱིས་མཆོག་སྦྱིན་པ། གཡོན་གྱིས་འབྲས་ཀྱི་སྙེམ་བསྣམས་པ་བསྒོམས་ལ་ཡིད་ལེ་རེ་བ་རྫོགས་པར་བྱེད་དོ།། བའི་ལྕི་བས་དཀྱིལ་འཁོར་གྲུ་བན ་ཁྲུ་དོ་པའི་ཚད་དུ་བྱས་ལ། དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོས་མཆོད་དེ་སྟོང་ཕྲག་བཞི་བཟླས་པ་བྱས་ན་ཟླ་བ་དྲུག་གིས་ཡིད་ལ་རོ་བ་ཐམས་ཅད་རྫོགས་པར་བྱེད་དོ།། ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་འབུམ་ཕྲག ་བཞི་བྱས་ན་དཔལ་ཆེན་པོར་འགྱུར་ཞིང་ཡི་གེ་འབུམ་བཟླས་ན་དཔལ་ཆེན་པོ་འགྲུབ་པར་བྱེད་དོ། ། གུ་གུལ་གྱི་རི་ལུའི་སྦྱིན་བ་སྲེག་འབུམ་བྱས་ན། ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱེད་དོ།། ཨོཾ་བ་སུ་དྷཱ་རི་ཎི་ཨ་མུ་ཀ་ནཱཾ་དེ་ཧི ་དཱ་བ་ཡ་སྭཱ་ཧཱ། སྔགས་འདི་ཆུའི་ནང་དུ་ཞུགས་ནས་ཁྲུས་བྱས་ཏེ་འབུམ་ཕྲག་བཞི་ངེས་པར་བཟླས་པར་བྱས་ན། མངོན་པར་འདོད་པའི་བུ་མོ་ཐོབ་པར་འགྱུར་རོ།། མཚན་མོའོ་མ་ཅན་གྱིས་ཡམ་ཤིང་གིས་གྲོང་གི་མིང་ནས ་སྨོས་ནས་སྦྱིན་བསྲེག་འབུམ་བྱས་ན་གྲོང་རྙེད་པར་འགྱུར་རོ། ། ཨོཾ་བ་སུ་དྷ་རི་ཎི་སྭཱ་ཧཱ། ཨོཾ་ཙན་དྲ་ཀཱ་ན་ཏྱཻ་སྭཱ་ཧཱ། ཨོཾ་ད་ཏ་ཏཱ་ཡེ་སྭཱ་ཧཱ། ཨོཾ་བ་སུ་དཏ་དཱ་ཡཻ་སྭཱ་ཧཱ། ཨོཾ་སྨ་ཨཱརྱ་ཡཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ། ཨོཾ་གུཔྟཱ་ཡཻ ་སྭཱ་ཧཱ། ཨོཾ་དེ་པྱེ་ཡེ་སྭཱ་ཧཱ། ཨོཾ་ས་ར་སྲ་བ་ཏྱཻ་སྭཱ་ཧཱ། གསེར་གྱི་བྱང་བུའམ་དངུལ་གྱི་བྱང་བུའམ་ཟངས་མི་བྱང་བུའི་མེ་ཏོག་ལ་འདབ་མེ་བརྒྱད་པའི་དབུས་སུ་བ་སུ་དྷཱ་ར། ཤར་ལ་སོགས་པའི་འདབ་མ་ལ་ཙན་ཏྲ་ཀྲྀ་ཏྱཱ་ལ་སོགས ་པགནོད་སྦྱིན་མོ་རྣམས་མངོན་པར་བྲིས་པའི་བྱང་བུ་གཉིས་ཁ་སྦྱར་དུ་བྱས་པའི་ནང་དུ་མར་དང་སྦྲང་རྩི་དང་ཀ་ར་བཅུག་སྟེ། གོང་དུ་བཤད་པའི་ཚོགས་སྔར་སྨོས་པའི་ལས་རྣམས་བྱེད་པར་འགྱུར་རོ།། དབུས་སུ་ནི ་ཨོཾ་ཛ་མ་བྷ་ལ་ཛ་ལེན་དྲ་ཡ་སྭཱ་ཧཱ། ཕྱོགས་སུ་ནི་ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་བུདྡྷ་བྷདྷཱ་ཡ་སྭཱ་ཧཱ། ཨོཾ་དྷན་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲཱ་བ་ཎ་ཡེ་སྭཱ་ཧཱ། མཚམས་སུ་ནི་ཨོཾ་ཀི་ལི་མཱ་ལི་སྭཱ་ཧཱ། ཨོཾ་ཛཾ་བི་ཀུན་ཌ་ལི་ནི་སཱཿ། ་ཨོཾ་མུ་ཁེ་ནེ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཙ་རེན་དཱ་ཡ་སྭཱ་ཧཱ། གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ།། བཅོམ་ལྡན་འདས་ནི་བ་སུ་དྷ་རི་དང་བཅས་པ་གསེར་གྱི་མདོག་ཅན་ནེཿལེ་དང་ཊུ་ཊུ་རས་བོན་གྱིས་བཀང་བ་ཕྱག་ན ་བསྡམས་པ། གསུས་པ་འཕྱང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གོང་དུ་བཤད་པའི་གནོད་སྦྱིན་མོ་དང་། གནོད་སྦྱིན་གྱི་དབང་པོ་དང་བཅས་པ་ལ་དུས་གསུམ་དུ་མཆོད་པ་བྱས་ནས། བསྒོམས་ཤིང་བཟླས་པ་བྱས་ན་བཅོམ་ལྡན ་འདས་ཀྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྩོལ་བར་མཛད་དོ། ། ཐོ་རངས་ཆུ་ཁྱོད་བ་བརྒྱ་རྩ་བརྒྱད་སྦྱིན་པ་དང་བྱ་རོག་གི་སྐད་མི་གྲག་པར་ཆུའི་ནང་དུ་ཞུགས་ཏེ། བཟླས་པ་བྱེད་པ་དེའི་གཏེར་མི་ཟད་ཅིང་འཕེལ་བར་འགྱུར་རོ།། ཡང་ན ་གསེར་ལ་སོགས་པའི་བྱང་བུ་ལ་བ་སུདྷཱ་ར་གནོད་སྦྱིན་མོ་དང་བཅས་པ་དང་། བྱང་བུ་གཉིས་པ་ལ་བཅོམ་ལྡན་འདས་ཛམ་བྷ་ལ་གནོད་སྦྱིན་གྱིས་བསྐོར་བ་ཡང་དག་པར་བྲིས་ལ།། བ་སྦྱར་དུ་བྱས་ཏེ་མཉེས་པར་བྱས་ན་དངོས་གྲུབ་ཆེན ་པོབརྒྱད་ཀྱང་སྟེར་བ་མ་དན། རྔུབ་པ་གཞན་། སྨོས་ཀྱང་ཀྱི་དགོས་དཔའ་བོ་གཅིག་པུ་ཐུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེའུ་གཉིས་པརྫོགས་སྷོ།། ཨོཾ་བཛྲ་ཏེ། པུ་བརྗོད་པདྷཱ་དྷཱན་མཱ་ཏ་ཡེ། ཛྙཱན་ཀཱ་ཡ་བཱ་ཧྭེ་ཤྩ་། ་ཨ་ར་བ་ཙནྡ་ཡ་ཏེ་ན་མཿབཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་པུ་གྲུབ་པ། དོན་གི་འི་འོད་ལྟར་དཀར་བ། ཕྱག་གཡོན་ན་སུཏ་པ་ལ་སྔོན་པོ་བསྡམས་པ། གཡས་ཀྱི་མཆོག་སྦྱིན་པར་བདག་ཉིད་བསམས་ལ། ཨོཾ ་ཨ་ནུད་བནན་པྲ་ཀྲ་ཏི། པྲ་བྷཱ་སྭ་རཾ། སུ་བི་ཤུད་དྷ། དྷརྨ་དྷཱ་ཏུ་ཏྲི་ས་བྷཱ་ཧཱ་ཏ་སཱ་ར་སྭ་ཏི་པཱ་ཎི་མུ་བ་ལ་བྷ་ཏེ། ཞག་ཉི་ཤུ་རྩ་གཅིག་གིས་དབྱངས་ཅན་གྱི་ངག་ཐོབ་པར་འགྱུར་ཞིང་། ཟླ་བ་དྲུག་གིས་ངག་གི་དབང་ཕྱུག་འགྲུབ་པར་བྱེད་དོ།། ་བཅོམ་ལྡན་འདས་ངག་གི་དབང་ཕྱུག་མངོན་སུམ་དུ་མཐོང་ཞིང་ཐོས་པ་འཛིན་པ་ཡང་ཐོབ་པར་འགྱུར་རོ།། ཤུ་དག་ཞོ་བྱེད་ཀྱི་ཚད་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ། ཁྲོ་རངས་འོ་མ་འམ་མར་རམ་ཏིལ་མར་དང་ན་ཅིག་ག ་འཐུང་ན་གླེན་པ་དང་རིག་པ་མེད་པར་བྱེད་དོ། ། ཁུ་ཟུག་དང་མའི་སྐད་དང་འདྲ་བར་དབྱངས་སྙན་ཅིང་ཚིག་གསལ་བར་འགྱུར་རོ།། ཟླ་བ་དྲུག་གོམས་པར་བྱས་ན་མ་ཐོས་པའི་བསྟན་བཅོས་མངོན་དུ་འགྱུར་ཞིང་།། ཐོས་པ་ནམ་ཡང ་རྗེད་པར་མི་འགྱུར་ཏེ་ཟོས་པ་འཛིན་པར་འགྱུར་རོ། ། ཨོཾ་བཀྱེད་ནམབརྗེ་བཙུན་གསུང་གི་དབང་ཕྱུག་གི་སྙིང་པོ་དི་གོང་མ་བཞིན་ཏིང་ངེ་འཛིན་ལ་གནས་པས་གོམས་པར་བྱས་ན་གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར ་འགྱུར་རོ། ། རྒྱ་མཚོར་འགྲོ་བའི་ཆུ་བོ་ལ་སྐེ་བ་ཙམ་གྱིས་ཆུལ་རྒལ་ལ་ཛཱ་ཏིའི་མེ་ཏོག་གི་ཕུན་པ་འབུམ་ཕྲག་གཅིག་བླངས་ནས་སྔགས་བརྗོད་ཅིང་བུན་པ་རེ་རེ་རྒྱུན་ཕྱོགས་སུ་འབབ་པར་འགྱུར་བ་ལས། མུན་པ་གཅིག་རྒྱུན ་ལས་བཟློག་པར་འོང་བ་དེ་སོལ་མ་རེག་པར་མིད་ན་ཐོས་པ་འཛིན་པ་ལ་སོགས་པར་མཛད་དོ། ། ཇི་ལྟ་བ་བཞིན་རྙེད་པ་མེ་ཏོག་གི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ།། སྨན་བླ་མའི ་ཕྱེ་མ་ནོ་བཞི་གཉིས་ཙམ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་ཐོ་རངས་དཀྱིལ་འཁོར་བྱས་ཏེ། ཅི་འབྱོར་པས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཡང་དག་པར་མཆོད་དེ། མར་རམ་རང་སྦྱར་དང་འཐུངས་ན་ཟླ་བ་དྲུག་གིས་ཐོས་པ ་འཛིན་པར་འགྱུར་རོ། ། ཚིག་གི་བདག་པོའི་དབྱངས་སྙན་པར་ཡང་སྐྱེ་བར་འགྱུར་རོ།། སྔོན་དུ་བསྙེན་པའི་ཚོ་གས་ཡི་གེ་འབུམ་བཟླས་ན་སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར་རོ།། ཕྱིས་ཟླ་བ་གཟས་ཟིན་པ་དང་ཉི་མ་གཟས ་ཟིན་པ་ན་ལྕགས་ལས་བྱས་པའི་རལ་གྲི་རང་གི་ལག་པས་བླངས་ཏེ། ཟླ་བ་མི་སྣང་བ་དེ་སྲིད་གྲོལ་བར་གྱུར་པ་དེ་སྲིད་བཟླས་པ་བྱས་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ།། དེ་བཞིན་དུ་འཁོར་ལོ་དང་རྡོ་རྗེ་དང་རྩེ་གསུམ་པ ་དང་མདའ་དང་ཐོ་བ་དང་། ཞགས་པ་ལ་སོགས་པ་བསྒྲུབ་པར་བྱ་ཞིང་། རིག་པ་ལ་སོགས་པ་དང་བཅུད་ཀྱིས་ལེན་ལ་སོགས་པ་འདུས་བྱས་པ་བསྒྲུབ་པར་བྱའོ།། ཡང་ན་མིག་སྨན་ནམ་ཐིག་ལེ་འམ་རྐང་བསྲ ་དབང་དུ་བྱས་པའི་རྫས་བསྡུས་ཏེ་བསྒྲུབ་པར་བྱའོ། ། འོ་མ་འཐུང་བ་དང་ཞོ་འཐུང་བས་མར་དང་བཅས་པ་ཁར་དང་བཅས་པས་སྣོད་བཀང་སྟེ། ལག་པས་བཀབ་ནས་བཟླས་པ་བྱས་ཏེ་འཐུངས་ན་ལོ་ལྔ་བརྒྱ་འཚོ་བར་འགྱུར ་རོ། ། མཱ་ཤཱ་ཁར་བཅུགནས་བཟླས་པ་བྱས་ཏེ་མིང་ན་སྡེབ་སྦྱོར་དང་ཐོས་པ་འཛིན་པ་དང་སྨ་མཁས་པ་དང་ཡིད་གཞུངས་པར་འགྱུར་རོ།། པད་མའི་སྦྱིན་སྲེག་འབུམ་གྱིས་བཅོམ་ལྡན་འདས་མངོན་སུམ་དུ་འགྱུར་རོ།། བིལ ་བའི་སྦྱིན་སྲེག་འབུམ་གྱིས་འཇིག་རྟེན་གསུམ་གྱིས་རྒྱལ་སྲིད་འགྲུབ་པར་བྱེད་དོ། ། ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་གིས་ངག་གི་དངོས་གྲུབ་ཐོབ་པར་འགྱུར་རོ།། མར་ལ་བཏགས་པའི་འབྲུ་ལྔའི་སྦྱིན་སྲེག ་འབུམ་ཕྲག་བཞི་བྱས་པ་ཙམ་གྱིས་གནོད་སྦྱིན་མོ་དང་ཀླུའི་བུ་མོ་ལ་སོགས་པ་འགུགས་པར་བྱེད་དོ། ། དེ་བཞིན་དུ་ཡམ་ཤིང་ལྔས་ཀྱང་བྱའོ།། རྟག་ཏུ་གོམས་པར་བྱས་ན་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱང་སྒྲུབ་པར་བྱེད་པར ་འགྱུར་རོ། ། ཨོཾ་རྩི་ཧཱུ། སྔགས་ཀྱི་རྒྱལ་པོ་འདི་འབྲས་བུ་མཉམ་པོར་སྟེར་བར་བྱེད་དོ།། ཨོ་གྣི་མ་ཧཱ་མཱ་ཡཱང་གེ་མ་ཧཱ་སྭ་རས་ཏྱེ་ན་མཿརྗེ་བཙུན་འཕགས་མ་སྒྲོལ་མའི་སྙིང་པོ་འདིས་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཨོཾ་པྲ་ཀྲྀ་ཏི ་པ་རི་ཤུད་དྷཱཿསརྦ་དྷརྨཱཿཔྲ་ཀྲི་དྷཱ། པ་རི་ཤུད་དྷོ་ཏིཥཥཱ་ཧུ་བཱན་དར་ན་ན་ཨཱི་ཏི། ཞེས་བྱ་བས་ཆུབ་དང་མི་རྒ་བ་དང་བཅས་པའི་སྣ་ཚོགས་པ་དང་བདག་ཉིད་རང་བཞིན་གྱིས་ཡོངས་སུ་དག་པར་བསམ་ལ། པད་མ་དཀར་པོ། ་ཁྲུ་བདུན་པའི་ཚད་དང་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཕྱག་གཉིས་པ་པད་མ་དང་མཆོག་སྦྱིན་གྱིས་རྣམ་པར་མཛེས་པ། བཅོམ་ལྡན་འདས་མཐུགས་རྗེ་ཆེན་པོའི་རང་བཞིན་གྱི་སྐུ་ཅན། གཅིག་ཏུ་གཞན་ལ ་ཕན་འདོགས་པས་ཞུགས་པས། སྒྲུབ་པ་པོ་རྣམས་ལ་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་པ། སྟོན་ཀའི་ཟླ་བ་ལྟར་དཀར་བ་ཙན་དན་དཀར་པོའི་འདེ་གུས་བྱུགས་ཤིང་མེ་ཏོག་གིས་མཛེས་པར་བརྒྱན་པ། ན་བཟའ ་དཀར་པོ་དང་པྲ་ཏིག་གི་ཕྲེང་བས་ཐུགས་ལ་མཛེས་པར་བྱས་པ། ། སུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་སྐུལས་ཡོངས་སུ་སྨོས་པའི་འོད་ཟེར་སྟོང་གིས་མཐའ་ཡས་ཤིང་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད། ་པ། ལོ་བཅུ་གཉིས་ཀྱི་ན་ཚོད་དུ་འཁྲུངས་པའི་སྐུ་ཅན། ངག་གི་དབང་ཕྱུག་མ་ཆེན་མོར་བདག་ཉིད་རྣམ་པར་བསམ་མོ།། མདུན་དུ་ཤེས་རབ་མ་དང་གཡས་སུ་ཡིད་གཞུངས་མ་དང་རྒྱབ་དུ་བློ་མ་དང་གཡོན་དུ་དྲན་པ་མགོང་དུ ་སྨོས་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པར་ལྷ་མོ་རྣམ་པར་བསམ་པར་བྱའོ། ། དེའི་འོག་ཏུ་ལྟེ་བའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཨོཾ་མདོག་དཀར་པོ་རྣམ་པར་བསམས་ལ་དེ་ལས་བྱུང་བའི་ངག་གི ་དབང་ཕྱུག་རང་བཞིན་མ་ལུས་པའི་ཕྲེང་བ་རྒྱུན་མི་འཆད་པར་འབྱུང་བར་རྣམ་པར་བསམ་ཞིང་། གཅིག་པུ་དེར་ཕྱོགས་པའི་ཡིད་ཅན་གྱི་སྔགས་པས་ངེས་པར་བདག་ཉིད་ཀྱི་རང་གི་ལྟེ་བའི་དབུས་ན་གནས་པ་མི་སྨྲ་བས ་བཟླས་པ་བྱས་ན། ཟླ་བ་གཅིག་གིས་དབྱངས་ཅན་གྱི་ངག་རབ་ཏུ་འཐོབ་པར་འགྱུར་ཞིང་ཟླ་བ་གསུམ་གྱིས་ཚངས་པ་གསོད་པ་ཡང་འགྲུབ་པར་འགྱུརརོ།། ཟླ་བ་དྲུག་གིས་དབྱངས་ཅན་དང་མཉམ་པར་འགྱུར་རོ།། ར་ཡི་འོ་མ་ཨ ་རུ་ཚྭབ་གསུམ། ། བ་ཋ་ཤུ་དག་སེ་གྲུ་སེན་དྷ་བྷ།། ལན་བདུན་མངོན་བསྔགས་མར་དག་ནི།། འཐུངས་ན་དབྱངས་ཅན་འགྲུབ་པར་འགྱུར།། ར་ཡི་འོ་མ་བྲེ་བཞི་དང་།། སྨན་རྣམས་སྲང་གཅིག་ཙམ་གྱི་ཆང་།། མར་བྲེ་གང་དང་། ་མཁས་པ་ཡིས།། རིམ་གྱིས་མེ་ཆུང་ལ་བསྐོལ་བྱ།། ཟླ་གཅིག་ཙམ་ཞིག་རབ་སྦྱར་ན།། ཐ་མེད་ཚིག་ནི་ཐོབ་འགྱུར་ཞིང་།། ཟླ་དྲུག་ཉེ་བར་ལོངས་སྤྱད་པས།། ངག་གི་དབང་ཕྱུག་མངོན་སུམ་འགྱུར།། ཤུ་དག་ཤིང་དངར ་སེན་དྷ་བ། ། ཨ་རུ་བཅའ་སྐལ་ལ་ཕུད།། རུ་ཏ་པི་བི་ཟི་རརབཅས།། རྣམ་བཏགས་དག་ནི་དག་པར་བྱེད།། ལྷ་ལ་མེ་ཏོག་དྲ་བཟང་སོགས།། ནང་པར་ཡང་དག་མཆོད་ནས་ནི། ལན་བདུན་བསྔགས་བྱས ་ཟོས་ནས་ནི། ། ཟླ་བ་དྲུག་གིས་ཐོས་འཛིན་བྱེད།། ཟླ་བ་གསུམ་གྱིས་ཚིག་བདག་འགྱུར།། ཟླ་བ་གཅིག་གིས་བློ་ལྡན་ཞིང་།། ཁུ་བྱུག་གཞོན་ནུའི་སྐད་བཞིན་དུ།། དབྱངས་སྙན་པ་ནི་སྐྱེ་བར་འགྱུར།། གངས་ཅན་སྐྱེས་པའི་ས ་རུའམ་། གས་ཅན་སྐྱེས་པའི་ཤུ་དག་ལ།། ཐོ་རངས་ལན་བདུན་མངོན་བསྔགས་ནས།། ཟླ་གཅིག་ཟོས་ནས་ཟླ་དེ་ལ།། ཚིག་བདག་པོ་དང་ཡིད་གཞུངས་དང་།། དབྱངས་སྙན་ཤེས་རབ་ལྡན་པ་ཡང་།། སྐྱེ་བར་འགྱུར་ཞིང་ཟླ་དྲུག་གིས། ་ཐོས་པ་འཛིན་པར་ཡང་འགྱུར་རོ།། ཨོཾ་བཱ་གྲཱ་དི་ནི་བཱ་ཙདྷཱ་ཎི་ཡ་ཙྪ་ས་ར་སྲ་ཏི་མ་ཧཱ་ཤྭེ་ཏེ་སྭཱ་ཧཱ། པད་མ་ལས་སྐྱེས་པའི་དཀར་མོ་ཆེན་མོའི་སྙིང་པོ་འདི་ནི། གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཨོཾ་ཨརྐ་སྦལ ་རྒནགག་ག་གིས། བཅོམ་ལྡན་འདས་དཔའ་བོག་ཅིག་བུ་གྲུབ་པ་གསུང་གི་རང་བཞིན་མ་ལུས་པའི་པོ་ཉྀ་བསྡམས་པ། ཕྱག་གཡས་ཀྱིས་ཤེས་རབ་ཀྱི་རལ་གྲི་ཕྱ་བ།། གཞོན་ནུའི་གཟུགས་ཅན་འཇམ་པའི་རྡོ་རྗེ་བདག་ཉིད ་བསམས་ལ། མདུན་དུ་ཉི་མའི་ཕྲེང་བ་དབྱངས་ཅན་ཆེན་མོ་དང་རྒྱབ་ཏུ་དཔལ་ཆེན་མོ་དང་གཡས་སུ་སྒྲ་ཅན་མ་དང་གཡོན་དུ་ཉེ་བའི་སྒྲ་ཅན་མ་རྣམ་པར་བསམ་པར་བྱ་སྟེ། སྟོན་ཀའི་ཟླ་བ་ལྟར་དཀརབ་བསྒོམ་པར་བྱའོ།། དེ་ལྟར ་བསྒོམ་པ་ལ་གནས་ཤིང་ངེས་པར་གནས་པས་ཅི་འབྱོར་པའི་མཆོད་པ་བྱས་ཏེ། སྔོན་དུ་བསྙེན་པའི་ཚོ་གས་སྔགས་འདི་གོང་དུ་སྨོས་པའི་རིམ་པས་འབུམ་ཕྲག་བཞི་བཟླས་ལ་དེ་ནས་དབྱངས་ཅན་གྱི་མར་རམ། པྲཧྨའི་མར ་སྲུང་གཅིག་ཙམ་ལ་ཡོངས་སུ་བཟླས་ཏེ། བདག་ཉིད་ལ་དབྱངས་ཅན་གྱི་ཕྱག་གིས་རབ་ཏུ་སྩོལ་བར་ཡོངས་སུ་ཏོག་ཅང་། ཏིང་ངེ་འཛིན་ལ་གནས་པས་བཏུང་བར་བྱའོ།། དེ་ལ་པྲ་སྒྲའི་མར་འདི་ནི།། པྲ་སྠའི་ཁུ་བའོམས ་མར་སྲང་སུམ་བཅུ་རྩ་གཉིས་དང་། ཡུང་བ་དང་ནི་མ་ལ་ཏི། དུར་བྱིད་ཨ་རུ་རར་བཅས་པ།། དེ་དག་ཆ་ནི་སྲང་རེ་དང་། པི་བི་ལིང་དང་བྱི་དང་ཀ། སེན་དྷ་བེ་དང་ཀ་རར་བཅས། དེ་དག་སྲང་གི་བཞི་ཆར་ཤེས།། སྨན་རྣམས་དག་ནི ་བཏགས་ནས་ཀྱང་། ། དེ་ལ་འདི་དག་བླུགས་བྱས་ལ།། དེ་དག་ཐམས་ཅད་ཆ་མཉམ་པ།། མེ་ཆུང་ངུ་ལ་དེ་སྐོལ་བྱ།། དེ་ནས་འཐུངས་པ་ཙམ་གྱིས་ནི།། བླ་མེད་དག་ནི་དག་འགྱུར་དང་། མཚན་བདུན་ཉེ་བར་ལོངས་སྤྱོད་པས།། མི ་འམ་ཅི་དང་སྐད་མཚུངས་འགྱུར། ། ཟླ་གསུམ་ཉེ་བར་ལོངས་སྤྱོད་པས།། མི་ནི་ཤེས་རབ་གནས་སུ་འགྱུར།། ཟླ་གསུམ་རབ་ཏུ་སྦྱོར་བ་ཡིས།། ཐོས་པ་མཆོག་ནི་འཛིན་པར་འགྱུར།། ཟླ་བ་དྲུག་གིས་མངོན་སུམ་དུ།། མི་ནི་ངག་དབང་། ་མཚུངས་པར་གྱུར།། མཛེན་དབཅཝ་བརྒྱད་དག་དང་ནི། ཟ་བྱེད་ཆེན་པོ་བདུན་འཇོམས་བྱེད།། ཨོཾ་ཨ་ནན་ཏ་ཛྙཱ་ན་ཤཱི་ཡེ། མཉ་ཛུ་ཤྲཱི་ཡེ་ན་མཿགོང་དུ་སྨོས་པའི་ལྷ་མོ་བཞིས་བསྐོར་བའི་ངག་གི་དབང་ཕྱུག་ཏུ་བདག་ཉིད་བསམས་ལ། ་སྔར་བཤད་པའི་རིམ་པས་སྔགས་བཟླས་པ་བྱས་ན། གོང་དུ་སྨོས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཨོཾ་ཨ་ར་པ་ཙན་དྷཱིཿསྭཱ་ཧཱ། དབེན་པར་དཀྱིལ་འཁོར་བྱས་ཏེ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་དང་བྲམ་རྗེ་བཙུན་ཡང ་དག་པར་མཆོད་དེ། བདེ་བའི་སྟན་ལ་འདུག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། དེ་ནས་ཨོཾ་སྭ་བྷཱ་བ་བི་ཤུད་དྷཱཿསརྦ་དྷརྨཱཿསྭ་བྷཱ་བ་ཤུད་དྷི་ཧཾ། ཞེས་བྱ་བའི་སྔགས་ལན་གསུམ་གྱི་བར་དུ་བརྗོད་དེ། བདག་དང་འཇིག་རྟེན་རང ་བཞིན་གྱིས་རྣམ་པར་དག་པར་བསམས་ལ་སྟོང་པ་ཉིད་མངོན་དུ་བྱས་ནས། པད་མ་དཀར་པོའི་སྟེང་གི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བཞུགས་པ། སྐུ་མདོག་དཀར་པོ་རལ་གྲི་དང་པོ་ཏི་བསྣམས་པར་བདག་ཉིད་ཡུད་ཙམ་གྱིས ་ཡོངས་སུ་གྲུབ་པར་རྣམ་པར་བསམས་ལ། ངག་གི་དབང་ཕྱུག་བདག་ཉིད་ཀྱི་གཡས་སུ་སྨ་ཅན་དང་གཡོན་དུ་ཉེ་བའི་སྒྲ་ཅན་མ་རིན་པོ་ཆེའི་པད་མ་བསྣམས་པ་སྐུ་མདོག་དཀར་པོ་རྣམ་པར་བསམ་མོ།། མདུན་དུ་ཉི་མ་འོད་མདོག ་དཀར་བ་ཉི་མའི་དཀྱིལ་འཁོར་ལ་བ་ཞུགས་པ་ཨུད་པལ་བསྣམས་པ་དང་། རྒྱབ་ཏུ་ཐབར་འང་བྱ་བ་དཀྱིལ་འཁོར་ལ་བཞུགས་པ་ཨུད་པལ་བསྣམས་པར་བས་མ་པར་བྱའོ།། དེ་ནས་དང་གི་སྙིང་ལལའ ་བའི་ཕྲེང་བའི་ཚིགས་ཡོངས་སུ་འགྲོ་བའི་ཡིག་ས་ཡོངས་སུ་བསམས་ལ། དེ་ཡོངས་སུ་གྱུར་བའི་འཁོར་ལོ་རྒྱབས་བརྒྱད་པ་དག་གི་རང་བཞིན་མ་ལུས་པས་རྣམ་པར་སྨྲས་པ། ཡོངས་སུ་གསལ་བར་བྱེད་པ་མྱུང་དུ་འཁོར་བར ་བསམ་པར་བྱའོ། ། དེ་ལྟར་གོམས་པར་བྱས་པ་ལས་ཟླ་བ་དྲུག་གིས་སྔོན་མ་ཐོས་པའི་བསྟན་བཅོས་ཐམས་ཅད་ཀྱང་དོན་དང་གཞུང་གི་སྒོ་ནས་མངོན་སུམ་དུ་འགྱུར་ཞིང་། ལོ་གཅིག་གིས་ངག་གི་དབང་ཕྱུག་དང་མཚུངས་པར ་འགྱུར་རོ། ། ཨ་ར་པ་ཙནའི་འཁོར་ལོའི་ཆོ་གའོ།། ཨོཾ་བཱགྷྲི་ཤྭ་རི་མུཿ། སྔགས་འདིས་སྔ་མ་བཞིན་དུ་བཟླས་པས། གོང་དུ་སྨོས་པའི་འབྲས་བུ་རྣམས་འབྱིན་པར་འགྱུར་ཏེ། འཁོར་ལོའི་དབུས་སུ་ཡི་གེ་མྲྀཿདམར་བ་འབར་བའི ་ཕྲེང་བའི་ཚོགས་ཅན་ལྟ་བར་བྱའོ། ། ཤེས་རབ་ཀྱི་འཁོར་ལོའི་ཆོ་གའོ།། ཨོཾ་ཏན་པྲ་བཱ~ཾ་ཤྭ་ལུ་མཱཿ།། སྔར་བཤད་པའི་རིམ་པས་ལྔ་པོའི་བདག་ཉིད་དུ་བསམས་ལ་ཡི་གེ་མུཿའི་སྙིང་པོ་ཅན་གྱི་འཁོར་ལོ་རྩིབས་བཅུ་དྲུག་པ་རྣམ་པར ་བསམ་པར་བྱའོ། ། དེ་ལྟར་རྣམ་པར་བསམས་ན་སྔར་བཤད་པའི་འབྲས་བུ་རྣམས་སྐྱེད་པར་འགྱུར་རོ།། ཨོཾ་བཛྲ་ཏཱིཀྵྞ་བ་ར་ད་མུཾཿསྭཱ་ཧཱ།། བདག་ཉིད་ཡི་གེ་མུཿཡོངས་སུ་གྱུར་པ་མེའི་ཕུང་པོ་ལྟ་བུས་ཕྱོགས་ཀྱི་དཀྱིལ་འཁོར་སྣང ་བར་བྱེད་པ། ངག་གི་དབང་ཕྱུག་དཔའ་བོ་གཅིག་པུ་གྲུབ་པར་ཡུད་ཙམ་རྣམ་པར་བསམས་ལ། རང་གི་སྙིང་ཁར་ཡིག་ཨོཾ་ལས་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་འོད་ཟེར་བརྒྱ་སྟོང་གིས་རྣམ་པར་སྤྲས་པས་འཇིག་རྟེན ་ཁམས་མ་ལུས་པ་སྣང་བར་བྱེད་པ་རྣམ་པར་བསམ་པར་བྱས་ནས། ཟླ་བ་དྲུག་ཙམ་གྱིས་དབང་ཕྱུག་དང་མཚུངས་པར་སྐྱེ་ཞིང་། སྔར་སྨོས་པའི་འབྲས་བུ་རྣམས་འདིས་སྐྱེད་པར་འགྱུར་རོ།། དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ཀྱི། ་རྒྱལ་པོ་ཆེན་པོ་ལས་ལེའུ་གསུམ་པ་རྫོགས་སྷོ།། །། ལ་བཛྲ་མ་བྷ་སོ་ཤི་ཏཱི་ཙྪ་ཤྲི་ཅོཾ་ཉྀ་མ་རྦ་ཨུ0f7f། ད་ཧཱ་གཱཏཱ་ཎི། ད་ཏ་མཱན་ས། དཧ་ཏཱ་ཙིན་ཥཱནན་པི་ད་ཧ་ཥྚྲཱི་ནི་ཨ་སྟྲཻ་ནི་བྷྱོ་མཛན་ཧཿལ་པཎཾ། ཙྪིན་ཏིལ་བཎ། བྷིན་དེ། ་ནཿ་ཡ་མཱུ་ཊེ་ཀུ་ཏོ་ནི་ཀུདོ་ཏིཿཡ་ཏི་བས་ཏི་མ་ཛན་ཤཿ། ནདྷི་ནཱི་ཙག་ཏཱན་ཏ་རེ་ན་ག་རེ་ལོ་ཏ་པཱ་ཀཱ་རེ་ཀྲྀཿསཏྭཀྲྀཀྵཀུ་ཌེ་ར་ཏྲ་བ་བས་མཱན་ཡ་ཏི།། ལ་བཎྜ་ལ་པཎ་བེན་དྷ་སུ་རུ་སྟྲཻ་ཏི། ཨོཾ་རྒྱས་མ་མ། ་ཨ་མུ་ཀ་ཏཱན་ཤཱ་བ་ས་མ་ན་ཡ་སྭཱ་ཧཱ།། སྔོན་དུ་བསྙེན་པའི་ཆོ་ག་ཁྲི་བྱས་ལ་དེའི་འོག་ཏུ་བསྒྲུབ་པ་རྣམ་པར་བྱ་སྟེ། མེ་ཏོག་དང་ལྡན་པའི་ཤིང་མྱ་ངན་མེད་པའི་རྩ་བར་བཞུགས་པའི་རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་སྐུ་མདོག ་དམར་པོ་འཕྲེང་བ་དང་ན་བཟའ་དམར་པོའི་བརྒྱན་གྱིས་རྗེས་སུ་བྱུགས་པ་ཕྱག་བཞིས་ཞགས་པ་དང་ལྕགས་ཀྱུ་དང་གཞུ་དང་མདའ་བསྡམས་པ་སྒེག་པའི་ཆ་ལུགས་ཅན། གཡས་དང་གཡོན་གྱི་ཕྱོགས་ན་སྒྲོལ་མ་དང་ཁྲོ་གཉེར ་ཅན་གཉིས་དང་བཅས་པར་བདག་ཉིད་རྣམ་པར་བསམས་ལ། དུས་གསུམ་དུ་ཚྭའི་སྦྱིན་བསྲེག་བརྒྱ་རྩ་བརྒྱད་བྱས་ན། ཉི་མ་བདུན་གྱིས་སྐྱེས་པ་འམ་བུད་མེད་དབང་དུ་འགྱུར་རོ།། ཞག་ཉི་ཤུ་རྩ་གཅིག་གིས་སྐྱེས་བུ་ཆེན་པོ ་དབང་དུ་འགྱུར་རོ། ། ཚྭ་དང་བཙུས་པའི་སྤྲ་ཚིལ་གྱིས་བསྒྲུབ་པར་བྱ་བའི་གཟུགས་སོར་བཞི་པའི་ཚད་དུ་བྱས་ལ། སེང་ལྡེང་གི་མེ་མདག་དུ་བ་མེད་པ་ལ་དུས་གསུམ་དུ་སྔགས་བརྗོད་པས་བསྲོས་ན་གང་གི་མིང་ནས་བཟུང་བ་དེ ་དབང་དུ་འགྱུར་རོ། ། རྡོ་རྗེ་ཚུལ་སྦྱངས་པའི་ཚུལ་ལ་ན་བདྡྷརྩ་བརྒྱད་བཟླས་པ་སྦྱིན་པར་བྱ་ཞིང་ཟོས་པ་ཙམ་གྱིས་དབང་དུ་འགྱུར་རོ།། ཨོཾ་ལ་བརྞ་རྣཾམ་ས་ཏིཀྵོ་ས་སྲད། གྲོ་སི་རྦ་ད་ཡེ་ག་མ་ཨ་མྲ་ཀ་སྱ། ཧྲི་ང་ཡཾ། པིཌནཱ། ་སྟི། ལོ་ཀེ་ཙི་ཀི་ཏས། ཨོཾ་ཙ་ཙཽ་ཊི་བི་ཀྲོ་ལི། བི་ཀྐོ་ལི། མཧཱ་བི་ཀྲོ་ལི། མ་དཱ་བི་ཀྲོ་བི། ཨ་མུག་མེ་བས་མཱན་ཡ་སྭཱ་ཧཱ། སྔོན་དུ་བསྙེན་པའི་ཆོ་ག་སྔ་མ་བཞིན་དུ་བྱས་ལ་དུས་གསུམ་དུ་ཚྭ་ཆུ་ཁྱོར་གསུམ་གང་གི་མིང་དང་འཐུངས་ན་དེ་དབང་དུ་འགྱུར་རོ།། ཚྭ་དང ་སྐེ་ཚེ་ཆ་མཉམ་པོར་བྱས་པ་གང་གི་མིང་དང་སྦྱིན་བསྲེག་བྱས་ན་དེ་དབང་དུ་འགྱུར་རོ། ། ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ།། རྗེ་བཙུན་འཕགས་མ་སྒྲོལ་མའི་སྙིང་པོ་སྲིད་པ་གསུམ་གྱི་དབང་དུ་བྱ་བའི་ལས་རྣམས་ཐོགས་པ་མེད ་པར་འགུགས་པར་གྲགས་པ་སྔར་སྨོས་པའི་ཏིང་ངེ་འཛིན་ལ་གནས་ཏེ། ཡི་གེ་འབུམ་བཟླས་པ་བྱས་ལ་ཕྱིས་མེ་ཏོག་དང་བདུག་པ་དང་བྱུག་པ་དང་ཕྱེ་མ་དང་མོ་རྩི་ལ་སོགས་པ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། སྦས་དྲི་ཞིམ་པོས ་བདག་ཉིད་བདུགས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། ། མེ་ཏོག་དམར་པོའི་སྦྱིན་སྲེག་གང་གི་མིང་དང་བྱས་པ་དེ་དབང་དུ་འགྱུར་རོ།། བཟའ་བ་དང་བཏུང་བ་ལ་མངོན་པར་བསྔགས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། སྐྱེས་བྱ ་ཆེན་པོ་དབང་དུ་བྱེད་པ་ལ་ཡུངས་དཀར་དཀར་པོའི་སྦྱིན་བསྲེག་བྱའོ། ། ཕྱིས་ཚེས་གྲངས་དང་རྒྱུ་སྐར་དང་ཞག་བཟང་པོ་ལ་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། གྲོ་བའམ་གོས་ལ་གུར་གུ་མ་འམ་གི་ཝང་ངམག་བུར་ལ་སོཀྲ ་པ་ཨུད་པ་ལའི་འདབ་མ་ལྟ་བུའི་རྩིབས་བཅུ་དྲུག་པོའི་འཁོར་ལོ་བྲིས་ལ། འཁོར་ལོའི་དབུས་སུ་སྒྲུབ་པ་པོ་དང་བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་བྲི་བར་བྱའོ།། འདབ་མ་རྣམས་ལ་ཀུ་རུ་ཀུལླེ་ཞེས་བྱ་བའི་ཡི་གེ་བཞིས་བན ་པའི་དབུས་སུ་བསྒྲུབ་བྱ་གཅིག་པུའི་མིང་བྲི་བར་བྱའོ། ། ཕྱི་རོལ་ནས་ཡི་གེ་ཨོཾ་རིམ་པ་གསུམ་དུ་བྱས་པའི་འཁོར་ལོ་ལ་སྐུད་པ་དམར་པོས་བཅིངས་ནས། སྤྲ་ཚིལ་གྱི་རང་བཞིན་གྱིས་གཟུགས་ཀྱི་སྙིང་ཁའི་དབུས་སུ་བཅུག་ལ ་སེང་ལྡེང་གི་མངག་མ་ལ་དུས་གསུམ་དུ་བསྲོས་ན་རྐང་པས་འགུགས་པར་བྱེད་དོ། ། སྐྱེས་པ་འམ་བུད་མེད་དབང་དུ་བྱེད་ན། ཟངས་མའི་ཁབ་ཀྱིས་རྐང་པ་ཕུག་ལ་བསྲོས་པས་དབང་དུ་འགྱུར་རོ།། ཡི་གེ་ཡ་མ་ལས་ཡོངས་སུ ་བྱུང་པའི་རླུང་གི་དཀྱིལ་འཁོར་ཡོངས་སུ་བསམས་ལ། དེའི་སྟེང་དུ་ཡོངས་སུ་གནས་པའི་བསྒྲུབ་པར་བྱ་བསྐམ་བཅིངས་ཤིང་གཅེར་བུ་འགྲིན་པ་ཞགས་པས་བཅིངས་པས་སྙེད་ཁ་ལ་ལྕགས་ཀྱུ་བསྣུན་པ་རླུང་གི ་ཤུགས་ཅན་གྱི་རིག་སྔགས་ཀྱིས་ཐམས་ཅད་དྲངས་ཏེ་སྒྲུབ་པ་པོའི་རྐེད་པའི་དྲུང་དུ་ལྟུང་ཞིང་བྱ་བ་ཐམས་ཅད་རྣམ་པར་བསམ་པར་བྱའོ། ། གོམས་པར་བྱས་པས་ནམ་མཁའ་ལ་འདྲེན་པར་ཡང་བསྒོམས་པ་ཙམ་གྱིས་འགྱུར་རོ།། མང་དང་། ་སྦྲ་ཙི་ཀར་ལྷུང་བཟེད་ཀྱི་ནང་དུ་བཅུག་སྟེ་དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོ་ལ་སོགས་པས་མངོན་པར་མཆོད་ཅིང་སྔགས་བཟླས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ།། པད་མ་དཀར་པོའི་སྐུད་པའི་སྡོང་བུ་བྱས་ལ་བ་སར་སྐྱའི ་མར་གྱི་ཡོལ་བཏང་བའི་ཁམ་ཕོར་ལ། དུ་བ་ཆགས་པ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པས་མིག་ལ་བསྐུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། དུར་ཁྲོད་དུ་ཀ་པཱ་ལ་ཆེན་པོ་ལ་པད་མ་དཀར་པོའི་སྐུད་པའི་སྡོང་བུ་དང ་སྣུམ་ཆེན་པོས་མང་དེའི་ཚེས་བརྒྱད་དམ་བཅུ་བཞིའི་ནུབ་མོ་དུ་བ་བསྒྲུབ་པར་བྱས་ལ། དེས་མིག་ལ་བསྐུས་ན་ཐམས་ཅད་དགའ་བར་འགྱུར་རོ།། ཨ་མ་ལེ་བི་མ་ལེ་ཀུམ་ཀུ་མེ་ས་མ་ཡེ་ན། བྷད་དྷི་སི། བྷིན་དུ་ན་བྷི་ན་རི་མ ་བི་ཥ་ཏི། བྷཱི་དྷོ་ཏ་ཡ་ཏི། ཀཧྣ་ཀིཾ། འཾ། བི་སྨ་ཡ་མ་ཧཱ་རཱ་ཛེ། ས་མཱ་དྷི་བྷ་དྷ་ཏ་ཡནཿ། དེ་བེ་བྷྱོ། མ་ནུ་ཥེ་བྷྱཱཾ།། གན་དྷ་ར་བྷེ་བྷྱོ། ཤི་གཾ་གྲ་ཧ་དེ་བ་ཨཱ་ནན་ཏ་སྱ་གྲྀ་ཧ་ནི་ཡཱ། ཨ་ཀ་མ་ན་ཡ་ཀྲ་མ་ཎཱཾ་ཡ་ཛཱ་ཧེ་མཾ་ཨཱ་ཧཱ། སྔགས་ཀྱི་རྒྱལ་པོ ་འདིས་བསྙེན་པའི་ཆོ་ག་བྱས་ལ། ཁང་པའི་མདུན་གྱི་དབུས་སུ་བལྕིས་བླུགས་ལ་གྲུ་བཞིར་བྲིས་ཏེ། དུར་བའི་གཅལ་བཀྲམ་ནས་མེ་སྤང་ལ། ཨ་ར་ཀའི་མེ་ཏོག་བརྒྱ་རྩ་བརྒྱད་བླངས་ནས། སྔགས་བཟླ་ཞིང་མེ་ཏོག་རེ་རེ་མེ་ལ། ་སྦྱིན་སྲེག་བྱས་ན། འདོད་པའི་སྐྱེས་པ་འམ་བུད་མེད་འགུགས་པར་འགྲུབ་པར་འགྱུར་ཞེས་མཁས་པས་དེ་ལྟར་ཤེས་པ་བྱས་ལ་གུས་པར་བྱའོ།། དཔའ་བོ་གཅིག་བུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ལས་ལེའུ་བཞི་པ་རྫོགས་སྷོ།། ་རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་པ~ཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙྪ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། དགེ་སློང་ཚུལ་ཁྲིམས་རྒྱལ་བས་གཏན་ལ་ཕབ་པའོ།། ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན ་