| Wylie | e-texts produced with BDRC’s OCR application |
སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན། འདོན་པ་དང་བཟླས་བརྗོད་བྱེད་པ་ལྟ་ཅི་སྤྲོས་ཏེ། དེ་བཞིན་གཤེགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ་རིགས་ཀྱི་བུ་ཚུར་ངའི་གན་དུ་ཤོག་ཅེས་ཀྱང་གསུང་བར་འགྱུར ་རོ། ། འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྤྱོད་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། འཕགས་པ་སུན ་རས་གཟིགས་དབང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ། ། དེ་རྣམས་ལ་ཕྱག་འཚལ་ནས་རིག་པ་འདི་འཛིན་གྱིས།། རིག་པ་འདི་བདག་ལ་གྲུབ་པར་གྱུར་ཅིག། ཏདྱ་ཐཱ། ཧ་ན་ཧ། ་ན་སཱ་ནེ། ན་པ་སཱ་ནེ། ཛྭ་ལ་ཛྭ་ལ་ནེ། ཙ་ལ་ཙ་ལ་ནེ། པུརྦ་ཡོ་ག་མ་ནུ་སྨ་ར་ཕཊ། མ་ཧཱ་ཧ་ཏ་ཡ་སྭཱ་ཧཱ། གང་གིས་རིག་པ་འདི་ཀླགས་པ་དེ་ཚེ་རབས་བརྒྱ་སྟོང་དུ་སྐྱེ་བ་དྲན་པར་འགྱུར་རོ།། འདི་ནས་ཤི་འཕོས ་ནས་ཀྱང་བདེ་ལྡན་གྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། ། བདེ་ལྡན་གྱི་སྙིང་པོ་རྫོགས་སྷོ།། རྒྱ་གར་སྐད་དུ། ཨཱརྱ་བུད་དྷ་ཧྲི་ད་ཡ་ནཱ་མ་དྷཱ་རཎཱི། བོད་སྐད་དུ། འཕགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནི། བཅོམ་ལྡན་འདས་རྒྱ་མཚོའི་འགྲམ་གྱི་བསྐྱེད་མོས་ཚལ་ན་སངས་རྒྱས ་ཀྱི་སྤྱོད་ཡུལ་གྱི་ཤིར་ལྗོན་པ་ཀུན་ནས་སེང་གེའི་ཁྲི་ལ་བཞུགས་ཏེ། ལྷའི་འཁོར་གྱིས་ཀུན་ནས་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དབང་ཕྱུག་ཆེན་པོ་དཀའ་ཐུབ ་བཟང་པོ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ།། དེ་བཞིན་གཤེགས་པ་ཕྱི་མའི་དུས་དང་འཁོར ་བཞི་བསྡུ་བ་དང་། རྗེས་སུ་གཟུང་བ་དང་། ཀུན་དུ་རྗེས་སུ་གཟུང་བ་དང་། ཁྱད་པར་དུ་འགྲོ་བར་བྱ་བ་དང་། དོན་ཐམས་ཅད་དང་། ཆོས་ཐམས་ཅད་དང་ལྡན་པ་ཡོངས་སུ་རྫོགས་པར་བྱ་བ་དང་། ཐེག་པ་ཆེན་པོ་ལ་ཡང་དག། ་པར་ཞུགས་པ་རྣམས་རྣམ་པ་ཐམས་ཅད་ཏུ་ཁྱད་པར་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་སྟོན་ཏོ།། འཆད་དོ།། དེ་ཁྱེད་ཀྱིས་ཟུང་ལ ་ལྟར་དང་ང་ཡོངས་སུ་མྱ་ངན་ལས་འདས་ནས་ཕྱི་མའི་དུས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་འཁོར་རྣམ་པ་བཞི་རྣམས་ལ་སྟོན་ཅིག་ཤོད་ཅིག་ཡལ་པར་མི་དོང་བར་ངེས་པར་བསྟན་པར་བྱ། བསྒྲག་པར་བྱའོ།། ། ་ཇི་ཙམ་དུ་ཕོངས་པར་གྱུར་པ་རྣམས་དང་། སྒྲིབ་པ་དང་ལྡན་པ་རྣམས་ལ། དེ་བཞིན་གཤེགས་པའི་གསུང་བསྐང་ཞིང་ངེས་པར་བསྟན་པར་བྱ། བསྒྲག་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་དུ་བགྱི་སྟེ། ་དེ་བཞིན་གཤེགས་པས་ཇི་སྐད་བཀའ་སྩལ་པ་དེ་བཞིན་དུ་འཚལ་ལོ།། དེ་བཞིན་གཤེགས་པའི་བཀའ་བཞིན་འདི་ནན་ཏན་གྱིས་ཡོངས་སུ་རྫོགས་པར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ ་དག་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། ཏདྱ་ཐཱ། ཨ་མ་ལེ། ནིརྨ་ལེ། སརྦ་ཨཱ་ཀཱ་རཱ་ཨཪྵཱ་བ་རི་པྲ་པ་ཏེ། ཨ་ས་མཾ་ཏ་སརྦ་ཀུན་ཨཱ་ཀཱ་རེ་ཏཱ་དྷ། ཨ་སཾ་ག་ཨ་ནཱ་བྲྀ་ཏེ། ས་མཿ།། ད་ཤི་དི་ཤ། ་བ་རི་པཱུརྞ་དྷཱི་ནེ། སརྦ་ཨ་སཾ་ག་དར་ཤན་བྷཱ་བ་ཏེ། སརྦ་དྷརྨ་མ་བི་ཤ་ཏ་བ་རི་པཱུརྞེ། སརྦ་ཨ་ཀཱ་རཱ། ཨ་སཾ་ག་ས་མ་ནཱ་ཏཾ། ས་མན་ཏ་ཨ་པྲ་ཏི་ཧ་ཏ་ཛེཏཱ་དྷཱ་ད་ཤ་སུ། དཾཀྵཱ་བ་རི་པྲཱ་བེ། ཨནྣེ། ཤཱན་ཏཱ། བྲཱ་ཤཱན་ཏཱ། ཨུ་བཱ ་ཤཱན་ཏི། སམ་ཤཱནཥྚ། བི་མོ་ཀཱ་ཨ་ནུ་པྲཿཏེ། སུ་པྲ་ཏེ་བུད་དྷ་དྷརྨདྷཱ་ཏྱ། ཨ་ཌྱན་ཏ་སུ་ན་སྲྀ་ཏི། སརྦ་ཨཱ་ཀཱ་རཱ་ནེས་ས་རཎ། ཨ་ན་བ་ཤེ་བླ་རང་གཏི། བེ་པྲ་མུག་ཏེ། ཨ་སཾ་ཡོ་ག། བ~ཾ་ཟ་ཡོ་གནྟི་ཏི་དྷམ་ཏི། གག ་