CLOSE WINDOW

Q133: 'phags pa lag na rdo rje gos sngon po can zhes bya ba 'jig rten gsum 'dul ba'i rgyud
Wyliee-texts produced with BDRC’s OCR application

འཕགས་པ་ལག་ན་རྡོ་རྗེ་གིས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་དཱི་པ་ཀར་ཤཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙྪ་བརྒྱ་བརྩོན་འགྲུས་སེང་གེས་དཔལ་ན་ལེན་དྲའི་སྒོ་འགྲམ་དུ་བསྒྱུར།། རྒྱ་གར་སྐད་དུ། ་ཨཱརྱ་བཛྲ་པཱ་ཎི་ནི་ལཱ~ཾ་བྷ་ར་དྷ་ར་ཏྲི་ལོ་ཀ་བི་ན་ཡ་ནཱ་མ་ཏན་ཐ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ་འཇིག་རྟེན་གསུམ་འདུལ་བའི་རྒྱུད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས ་གཅིག་ན་བཅོམ་ལྡན་འདས་རི་རབ་ཀྱི་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་ཏེ། བརྗོད་ཀྱིས་མི་ལང་བའི་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པའི་འཇིག་རྟེན་པ་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་སོགས་པ་ལ་བཀའ་སྩལ་པ། རིགས ་ཀྱི་བུ་རྣམས་མ་འཇིགས་ཤིག། མ་སྐྲག་ཤིག། མ་དང་ས་། ཅེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་འཇིག་རྟེན་གསུམ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐུགས་ཁའི་དཔལ་གྱི་བེབུ་ལ་འོད་ཟེར་ཁ་དོག་གསུམ་ལས ་གྲུབ་པ་འོད་ཟེར་ཁ་དོག་གསུམ་པའི་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་འཇིག་རྟེན་གསུམ་དུ་བཀྱེ་སྟེ། ཐམས་ཅད་བཀུག་ནས་སླར་ཡང་འོད་ཀྱིས་སྣང་བར་བྱས་ནས། ཨོཾ་བཛྲ་ཙཎཌ་པ་ཙ་དུ་ཤཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ནཱ་ག་བི་དྷ་ར་ཎཱ་ཡ་ཕཊ། ་ཏིར་ཡ་བི་དྷ་ར་ཎཱ་ཡ་ཕཊ། པྲེ་ཏ་བི་དྷཱ་ར་ཎཱ་ཡ་ཕཊ། ན་ལི་བི་དྷཱ་ར་ཎཱ་ཡ་ཕཊ། ན་ར་ག་ཎ་བི་དྷཱ་ར་ནཱ་ཡ་ཕཊ། དེ་བ་བི་དྷ་རཎཱ་ཡ་ཕཊ་ཅེས་གསུངས་པས། འཇིག་རྟེན་གསུམ་ཐམས་ཅད་ཀྱི་ལུས་གས་ནས་སེམས་ཤེལ་སྒོང་ལྟ་བུར་གནས་པར་གྱུར་ཏོ།། སེམ? ་ཡི་གེ་གསུམ་ལྟ་བུར་གནས་ཏེ་ཨོཾ་ནི་ཞལ་གསུམ་ཕྱག་དྲུག་སྟེ། ཨཿནི་ཞལ་གཅིག་ཕྱག་གཉིས་ཏེ། ཧཱུཾ་ནི་རྒྱན་དང་བྲལ་གྱུར་པ།། རིགས་ནི་གསུམ་དུ་གྱུར་པ་ཡིན་ཞེས་གསུངས་སོ།། དེ་ནས་རིགས་གསུམ་དུ་གྱུར་པས་ཆེད་དུ་བརྗོད་པ་འདི་ཆེད་དུ ་བརྗོད་དོ། ། ཨེ་མའོ་ཤིན་ཏུ་རྙེད་དཀའ་བ།། ཞེ་སྡང་ཆེན་པོའི་བདག་ཉིད་ཅན།། ཕྱག་ན་རྡོ་རྗེ་རྙེད་དཀའ་བ།། བདག་ཅག་གིས་ནི་ཐོབ་པར་འགྱུར།། དེ་ནས་རྡོ་རྗེ་འཛིན་རྒྱལ་པོས་འཁོར་གྱི་གཙོ་བོ་རྡོ་རྗེ་འཛིན་པ་ཐུགས་བསྐུལ་བའི་སྔགས་འདི་གསུངས་སོ།། ་བཛྲ་པཱ་ནི་ཧྲིད་ཡོད། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་བསྟོད་པ། ཏདྱ་ཐཱ། བྷོ་བྷོ་བཱན་ནཱ་ག་ཨ་ཏི་བ་ཏ་ཡེ། ཨེ་དན་ནཱི་ལཱ་བར་དྷ་ར་ཤ་རཱི་ར། བཛྲ་པཱ་ཎི་ཧྲི་ད་ཡཾ། ཡཿས་མ་ཏི་ཀྲ་མ་ཏི་ཨུད་སཱ་དན་བྷ་བི་ཥྱ་ཏི།། བསྟོད་པ ་འདིས་བསྟོད་པས་འགྱུར་བ་བཅུ་གཉིས་དང་། ལྷས་བཅཝ་བརྒྱད་འབྱུང་བས་འཇིག་རྟེན་གྱི་ཁམས་གཞན་ནས་འབྱུང་བའི་ལྷ་དང་མི་ལ་སྩོགས་པ་ཐམས་ཅད་སྐྲག་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ་ཞེས་བརྗོད་དོ།། འཛིན ་རྟེན་གྱི་ཁམས་གཞན་ན་གནས་པའི་བཅོམ་ལྡན་འདས་ཀྱིས་རང་རང་གི་གདུལ་བྱ་རྣམས་མ་འཇིགས་ཤིག། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་བཞུགས་པས་འཇིག་རྟེན་མཁྱེན་པ་ལ་བསྟོད་པའི་ལྟས ་ཡིན་གྱིས་ཞེས་གསུངས་སོ། ། རང་རང་གི་འཁོར་དད་པ་དང་ལྡན་པ་རྣམས་ཀྱིས་རང་རང་གི་འཇིག་རྟེན་མཁྱེན་པ་ལ་གསོལ་པ། འཇིག་རྟེན་མཁྱེན་པ་བྱང་ཆུབ་སེམས་དཔའ་དེ་བལྟ་བར་འཚལ་ན་གནང་བར་མཛད་དུ་གསོལ།། དེ་ནས་རང་རང་གི་འཁོར ་རྣམས་རང་རང་གི་སྟོན་པའི་འོད་ལ་འཇུས་ནས་རི་རབ་ཀྱི་སྟེང་ན་ལྕང་ལོ་ཅན་གྱི་ཕོ་བྲང་གི་ནང་དུ་རང་རང་གི་འཁོར་དང་བཅས་པ་བྱོན་ནོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་མཆོད་པ་ཐམས་ཅད་ཀྱིས་མཆོད་དེ་བསྟོད་པ་བྱས་ནས།། བྱང ་ཆུབ་སེམས་དཔའ་བསྟོད་པ་ཡི། ། ངོ་མཚར་བལྟས་ཀྱིས་འདིར་མཆིས་པས།། འཇིག་རྟེན་དུ་འབྱུང་དཀའ་བ་ཡིས།། ཚར་གཅོད་རྗེས་བཟུང་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ནས་དབང་བསྐུར་བ་མཛད་དོ། ། ཨ་བྷི་ཥིཧ་ཙ་ཞེས་གསུངས་པས་སྣོད་དང་ལྡན་པར་བྱས་སོ།། འཇིག་རྟེན་གསུམ་འདུལ་བ་ཞེས་བྱ་བའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་བྱང་ཆུབ་སེམས ་དཔའ་ཕྱག་ན་རྡོ་རྗེས་མཆོད་པ་ཐམས་ཅད་ཀྱིས་མཆོད་དེ། ། ལན་གསུམ་དུ་བསྐོར་བ་བྱས་ནས་ཡང་དང་ཡང་དུ་ཕྱག་བྱས་ནས་གསོལ་བ་བཏབ་པ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། བསྲུང་བ་རྣམས་ཀྱི་མཆོག་གྱུར་པ།། ཕྱག་ན་རྡོ་རྗེ་བསྲུང ་བའི་རྒྱུད། ། ནི་སྡང་གཙོ་བོས་བཤད་དུ་གསོལ།། དེ་ནས་སྔོན་པོ་རྡོ་རྗེ་འཛིན།། ཞེ་སྡང་ཀུན་གྱི་རྒྱ་མཆོག་ཙོ།། འབར་བ་དྲག་པོ་སྤྱན་ཡངས་པས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། ཟླ་བའི་དཀྱིལ་འཁོར་ལ་གནས་པའི།། དབུས་སུ་ཕྱག་ན་རྡོ་རྗེ ་བྲི། དེ་མཐའ་མཚན་མ་ཉི་ཤུ་བཞི། རང་དབུས་སརྦད་ཐཾ་དང་།། སྡེ་ཚན་དང་པོ་བཅཝ་བརྒྱད་དགོད།། དབུས་མཚན་ལྟེ་བར་མིང་བྲིས་ལ།། དེ་རྣམས་ཕྱག་ན་རྡོ་རྗེའི་དབུས།། དབུས་མའི་ཕྱག་ན་རྡོ་རྗེལ།། བསྟོད་པའི་སྔགས་ཀྱིས་བསྐོར་བར་བྱ།། རྡོ་རྗེ་ཉི་ཤུ ་བཞི་ལ། ། ཀླུ་འདུལ་སྔགས་ཀྱིས་བསྐོར་བར་བྱ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་ཀླུ་འདུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སངས་རྒྱས་གང་གཱ་ཀླུང་གིས་གསུངས་པའི་རིག་སྔགས་འདི་བཀའ་སྩལ་ཏོ།། ་6ཐཱ། པྲད་ད་བ་བི་བྲིད་དྷ། མ་དྷི་པྲབ་ཏ། ཧར་བཱར་ནཱ་ག་ནཱཾ། པྲ་ཧེ་ར་པྲ་ཧཱ་ར་ནཱ་ག་ནཱཾ། ནཱི་དྷི་ནཱ་ག་ཙིད་ཡཱ་ནི། བྷིན་ད་བྱེན་དནཱ་ག་དམ་ཎི། བི་ས་མ་དྷནཱ་ག་ཤ་དི་རཱི་བི་སྥོཊ་ཡ། སྔགས་དེས་ཀླུ་རྣམས་སྐྲག་སྟེ། རང་རང་གི་གནས་སུ་འབྲོས་པར་ཆས ་པ་ལས་ནཱ་ག་ཡ་ནཱི་ནི་ཞེས་གསུངས་པས་ལུས་མི་གཡོ་བར་འགྱུར་རོ། ། དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་སྟེ། རང་རང་གི་གནས་སུ་དོང་ངོ་།། ཕྱི་ཡི་ཕྱག་ན་རྡོ་རྗེ་ལ།། ལྷ་སྲིན་སྔགས་ཀྱིས་བསྐོར་བར་བྱ།། གཉིས་ལ་རིགས་ཀྱི་ནག ་པོས་བརྒྱན། ། རྒྱན་དང་ཆ་ལུགས་ཚང་བ་ལ།། དབུས་ནས་རིམ་པ་ཅི་བཞིན་དུ།། ཨོཾ་དང་ཧཱུ~ཾ་མཐའ་པཱ་ཎིའི་སྔགས།། ཕྲེང་བ་བསྣམས་པ་བྲི་བར་བྱ།། ཨོཾ་གྱིས་རྡོ་རྗེ་ལྟེ་བར་མཚན།། ཧཱུཾ་གིས་ཤེས་རབ་ལྕེ་ལ་མཚན།། ཕྱི་ཡི་ལྕགས་རི་དག་ལ་ནི།། ་ཐབས་དང་ཤེས་རབ་དག་དང་བྲི།། བསྒྲུབ་བྱ་རྡོ་རྗེ་ལྟེ་བར་བཅའ།། གུར་གུམ་གྱིས་ནི་བྲི་བར་བྱ། ཡར་ངོའི་ཚེས་བརྒྱད་ནས་བཟུང་སྟེ།། བྲིས་ནས་དེ་ནུབ་ནས་བཟུང་བ།། བཅུ་བཞི་བར་དུ་བསྙེན་པ་བྱ།། བཅཝ་ལྔའི་ནུབ་མོ་བསྒྲུབ་པ་སྟེ།། དཀྱིལ ་འཁོར་ཆ་ལུགས་ལྡན་པ་ལ། ། ལྷ་སྣམ་སྟེང་དུ་པུས་བཙུགས་ལ།། ཆོ་ག་བཞིན་དུ་བསྐྱེད་པར་བྱ།། འཁོར་ལོ་དག་ལ་བསང་བྱས་ལ།། འཁོར་ལོ་སྟོང་པ་ཉིད་དུ་བསྒོམ།། སྟོང་པ་ཉིད་ལས་ཧཱུ~ཾ་བྱུང་སྟེ།། དེ་ཞུ་བ་ལ་རྡོ་རྗེ་ནི།། བཛྲ་པཱ་ཎི་ས་ལྟེ་བར ་མཚན། ། དེ་ལས་འཕྲོ་དང་འདུས་པ་ལས།། ཕྱག་ན་རྡོ་རྗེའི་སྐུར་བསྐྱེད་ལ།། དེས་སྙིང་ཟླ་བ་རྡོ་རྗེས་མཚན།། རྡོ་རྗེ་ལྟེ་བར་ཧཱུ~ཾ་མཚན་ལས།། འོད་ཟེར་སྤྲོས་ཏེ་གོས་སྔོན་བསྡུ།། དེ་ལ་མཆོད་པ་སྣ་ཚོགས་མཆོད།། བསྟོད་དང་བདུན་པོ་བྱས་ནས་ཀྱང་།། ་འོད་ཟེར་དག་གིས་བཀུག་བྱས་ལ།། རང་སྙིང་རྡོ་རྗེ་ཧཱུཾ་ལ་ཐིམ།། དེ་ལ་མཆོད་བསྟོད་སྣ་ཚོགས་བྱ།། རྡོ་རྗེ་དག་ལ་ཡེ་ཤེས་དམ་པ་ཡིས།། མི་བྱུང་བས་ནི་རྡོ་རྗེ་འུ་གྱུར་ནས།། འཁོར་ལོའི་རྣམ་པར་གྱུར་པར་བསམ།། སྭ་ནི་སྐུ་པི་རྣམ་པ ་སྟེ། ། མཚན་མ་མཚན་མའི་རྣམ་པར་རོ།། ས་དེ་བསྡུས་པ་ཀིར་ཏི་དང་།། བསྲེགས་པའི་ནང་དུ་འཁོར་ལོ་གཞུག། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བསྟོད་པ། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར།། སྟོན་པ་ཁྱབ་བདག་རྡོ་རྗེ ་འཛིན། ། གདུལ་ཀ་ཐམས་ཅད་འདུལ་བའི།། བསྲུང་བའི་འཁོར་ལོ་ངོ་མཚར་ཆེ།། འཇིག་རྟེན་གསུམ་འདུལ་བའི་རྒྱུད་ལས་ས་འོག་འདུལ་བ་སྟེ་ལེའུ་གཉིས་པའོ།། ། དེ་ནས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་ཕྱག་ན་རྡོ་རྗེ་རྣམས་ཀྱིས ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་མཆོད་པ་ཐམས་ཅད་ཀྱིས་མཆོད་ནས་ཕྱག་འཚལ་ཏེ་གསོལ་བ་བཏབ་པ། དེ་ནས་སྔགས་སྙིང་ཀུན་འདུས་པ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། སྟོན་པ་དཔལ་ལྡན་རྡོ་རྗེ་འཛིན།། རིག་སྔགས ་གཅོད་བྱེད་བཤད་དུ་གསོལ། ། དེ་ནས་སྟོན་པ་རིག་སྔགས་གཅོད།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། དང་པོ་བསྙེན་པ་བྱ་བ་སྟེ།། མཆོད་རྟེན་སྔོན་པོ་བརྩིགས་པ་དང་།། རས་རིས་ལ་སོགས་བྲི་བྱ་སྟེ།། ལྕེའི་སྒྲིབ་པ་སྤང་བའི་ཕྱིར། ་ཡི་གེ་བརྒྱབས་བཤགས་པ་བྱ།། དེ་ནས་ཚངས་པའི་གནས་བཞི་བསྒོམ།། སྟོང་པ་ཉིད་ལས་འདི་གསུམ་མཐའ།། ཡོངས་སུ་གྱུར་པ་རྡོ་རྗེ་ས།། དེ་ལ་བཛྲ་པཱ་ནིས་མཚན།། ལྟེ་དབུས་སྔགས་ལ་ལྷ་སྤྲོ་བསྡུ།། བྱས་པས་ཕྱག་ན་རྗེ ་རྗེར་འགྱུར། ། ལྷའི་སྐུ་མདོག་རྒྱན་ལ་སོགས།། རྩ་བའི་རྒྱུད་ལས་ཤེས་པར་བྱ།། བདག་ཉིད་ཐུགས་ཁའི་དཔལ་བེའུ་ལས།། འོད་ཟེར་འཕྲོས་པས་བཅོམ་ལྡན་བསྡུ།། འོད་ཟེར་གཉིས་པའི་རྩེ་མོ་ལས།། མཆོད་པ་རྣམ་པ་བཅུ ་སྤྲོས་ཏེ། ། བཅོམ་ལྡན་ཚོགས་ལ་མཆོད་པ་བྱ།། དེ་ནས་ཡང་དག་བསྟོད་བྱས་ལ།། འོད་ཟེར་གསུམ་པས་སྙིང་ཁར་གཞུག། སྙིང་ཁའི་མཚན་མ་ཟླ་དཀྱིལ་ཐིས།། བཛྲ་ཉི་ཤུ་གཅིག་དབུས་གནས།། དེ་ལ་སྔགས་རྒྱལ་བསྐོར ་བཔར་བྱ། སྔགས་ནི་རྣམ་པ་བཞི་རུ་བཤད།། མིང་ད་དོ་དང་སྤེལ་བ་དང་།། བཟླས་པ་དག་དང་རྣམ་པ་བའི།། བཟླས་པ་རྣམ་པ་བཅུ་དྲུག་ཏུ།། རྒྱུད་འདི་ལས་ནི་རབ་ཏུ་གྲགས།། རྡོ་རྗེ་ཡི་ནི་བཟླས་པ་དང་།། རིན་ཆེན་པད་མའི་བཟླས་པ་དང་། ་ལས་ཀྱི་བཟླས་པ་བཞི་པོ་དག། ལས་བཞི་པོ་ན་རང་བཞིན་ཅན།། རང་བཞིན་རྡོ་རྗེའི་བཟླས་པ་དང་།། དྲག་པོའི་ལས་དང་ཟོ་ཆུན་རྒྱུད།། མགལ་མེའི་འཁོར་ལོའི་བཟླས་པ་དང་།། མདའ་དང་སྦྲུལ་གྱི་བཟླས་པ་དང་།། འགོག་པ་ཡི་ནི ་བཟླས་པ་དང་། ། སྐུ་བསྲུངས་བཀར་ཉན་བཟླས་པའོ།། ཁྱབ་འཇུག་མདུང་དང་ཚངས་པའི་གཞུ།། མར་མེ་ལྟ་བུའི་བཟླས་པའོ།། བཟླས་པའི་མཚན་མའི་རང་བཞིན་ཏེ།། རྟག་ཏུ་ལྷ་རྣམས་བུམ་པ་ཡིས།། དབང་བསྐུར་བྱེད་པ་བྱུང་བ་འམ། ་ཡང་ན་ལོ་བརྒྱད་ལོན་པ་འབྱུང་།། ཡང་ན་མེ་ཏོག་སྔོན་པོ་སྟེ།། མ་བྱུང་ན་ཡང་དུས་བསྙེན་བྱ།། དེ་ནས་བསྒྲུབ་པ་བརྩོན་པར་བྱ།། དཀྱིལ་འཁོར་རྣམ་པ་བཞི་རུ་བཤད།། ཞི་རྒྱས་བསྡུས་དང་དྲག་པོ་སྟེ།། འདིར་ནི་དྲག་པོའི་གཙོ་བོའོ།། ་དཀྱིལ་འཁོར་ཉམས་སུ་བླང་བའོ།། བླ་མ་ལྔ་རུ་ཤེས་པར་བྱ།། བདག་ཉིད་རྒྱན་དང་ལྡན་པ་ལ།། ཤར་གྱི་ཕྱོགས་སུ་བལྟ་བྱས་ཏེ།། ཆོ་ག་གསུམ་གྱི་དབྱུང་བའོ།། དཔལ་བེའུ་ཞུ་བ་རྡོ་རྗེར་གྱུར།། དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ།། བཅོམ ་ལྡན་ཆོ་ག་བཞིན་དུ་བསྐྱེད། ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ།། དཔལ་བེའུ་འུ་བས་ཡེ་ཤེས་སོ།། མཐའ་མ་སྐར་མ་ལྟ་བུ་ཡི།། རང་བཞིན་དཔལ་བེའུ་ཧཱུཾ་དང་ནི།། ཡེ་ཤེས་སེམས་དཔའི་ཐུགས་དཀྱིལ་ལས།། སྔགས་ཀྱི་འཁོར ་ལོ་བསྐོར་བར་བྱ། ། དེཔོ་དབུས་སུ་བསྒྲུབ་བྱ་གཞག། ཧཱུཾ་ལས་བསྐྱེད་པའི་ཕུར་བུ་ནི།། དེ་འི་ལྕེ་ལས་བརྟེན་པར་བྱ།། གུ་གུལ་ནག་པོའི་སྤོས་ཀྱིས་ནི།། དེམི་སྔ་ནས་བདུག་པར་བྱ།། སྔགས་རྒྱལ་ནཱ་གབོར་ནས་ནི།། སཱ་ར་ཛི་ཧ་གཞུག་པར ་བྱ། ། དེ་ནི་རིགས་ངན་ཐོད་པར་གཞུག། མཆོད་རྟེན་འོག་ཏུ་མནན་པར་བྱ།། དེ་སྟེངས་དུག་གསུམ་མགོ་བོ་ནི།། ཨོཾ་ཨཱཿཧཱུཾ་དརང་དཀར་གཅིག་གིས་ཕུར་བྱས་ལ།། རིམ་པ་དང་པོར་གཞུག་པར་བྱ།། དེ་སྟེང་རིམ་པ་ལྔ་པ་ལ།། ཤ་ཆེན ་འམིགས་པ། ། ས། དགའ་ཆག་ག་པ་།། ས་པཅན་པ་གས།། གནག་པ་བ།། ལས་དྷ་དང་མས་པ། དེ་ས་འམ་བརྒྱད་།། ། ་ལོ་དབུས་ཀྱི་སྐྱེ་བ་ལ།། དགྲ་བོའི་མགོ་བོ་ཟུར་བསྟན་བྲི།། དེའི་སྙིང་ཁར་མིང་བྲིའོ།། འཁོར་ལོ་ཡི་ནི་བརྩིབས་བརྒྱད་སྟེ།། བརྩིབས་ལ་སྔགས་ཀྱིས་བསྐོར་བར་བྱ།། མིང་ལས་བསྒྲུབ་བྱ་ཧཱུཾ་ལས་སྟོན།། འོག་གི་ལས་ནི་གཉིས་ཀྱང་གྲྀ། ་ཝདང་སྦྱང་གི་ལ་སོགས་པའི།། ཐོད་པར་གཟུགས་བརྙན་བཅུག་ནས་ནི།། ཉུངས་དཀར་དག་གིས་ཟབ་བྱས་ལ།། རང་གི་འོག་ཏུ་གནན་པར་བྱ།། གུ་གུལ་ནག་པོའི་སྤོས་དག་གིས།། དེ་ཡི་སྣ་ནས་བདུག་པར་བྱ།། སེང་ལྡེང་པུར་བུ་སོར་བཞི་ག། ་གདབ་པའི་སྔགས་ཀྱི་ལྕེ་ལ་གདབ།། རྡོ་རྗེ་རྒྱ་ཟམ་དག་གིས་ནི།། དེའི་ཟུག་པ་གདབ་པར་བྱ།། ཉ་དང་འབྱུང་པོའི་ཉི་མ་ལ།། པུར་བུ་བཏུལ་ཞིང་ཡུངས་དཀར་བརྡེག། དེ་ནས་རིག་སྔགས་འཆད་དེ་རྣམས་ཀྱིས་ཆེད་དུ་བརྗོད་པ་འདི་ཆེད་དུ ་བརྗོད་དོ། ། ཨེ་མའོ་སྟོན་པ་ཁྱད་པར་འཕགས།། ཨེ་མའོ་ཐབས་ཀྱང་ཁྱད་པར་འཕགས། ཨེ་མའོ་འཁོར་ཀྱང་ཁྱད་པར་འཕགས།། ཁྱད་པར་འཕགས་པ་ངོ་མཚར་ཆེ།། འཇིག་རྟེན་གསུམ་འདུལ་བའི་རྒྱུད་ལས་ས་བླ་འདུལ་བའི་ལེའུ་སྟེ ་གསུམ་པའོ། ། དེ་ནས་འཇིག་རྟེན་གྱི་ཁམས་གཞན་ནས་བྱོན་པའི་བཅོམ་ལྡན་འདས་འཁོར་དང་བཅས་པས་མཆོད་ཅིང་ཕྱག་འཚལ་ནས་གསོལ་བ་བཏབ་པ། གསད་པ་ལས་ཀྱི་འཁོར་ལོ་འདི།། ས་སྟེང་འདུལ་བར་བྱ་བའི་ཕྱིར།། རྡོ་རྗེ ་ཆེན་པོས་བཤད་དུ་གསོལ། ། དེ་ནས་སྟོན་པ་རྡོ་རྗེ་འཛིན།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། རྡོ་རྗེ་སློབ་དཔོན་སྨོད་པ་དང་།། ཐེག་པ་ཆེན་པོ་སྤོང་བ་ནི།། བསྡུ་བའི་དངོས་པོར་བསྡུ་བར་བྱ།། དེ་ཡང་དབང་དུ་མ་གྱུར་ན།། ཁམས ་གསུམ་སེམས་ཅན་ཐམས་ཅད་ནི། ། སངས་རྒྱས་སྐུ་ནི་བསམས་ནས་སུ།། དེ་ཡིས་གསང་བསྒོམ་ཉེས་པ་བསྒྲག། ཞལ་གསུམ་ཕྱག་དྲུག་རྡོ་རྗེ་འཛིན།། སྙིང་ཁ་ནས་ནི་སྤྲོས་བྱས་ལ།། དེ་ཡིས་བསྲུང་དང་འཇིག་རྟེན་ལྷ།། ཞགས་པ ་དག་གིས་རངས་ནས་ནི། ། ཨོཾ་བཛྲ་ཙཎ་ཌ་སརྦ་དུཥྚཱཾ་བེ་ཤ་ཛ།། མཚོན་ཆ་དག་གིས་བཅད་ལ་སོགས།། ཨོཾ་བཛྲ་ཙཎ་ཌ་སརྦ་དུཥྚ་ཏ་ཀ་ཧ་ན་ད་ཧ་བ་ཙ་ཧཱུ~ཾ་ཕཊ། ཀྵ་ལི་བཟླས་པ་འབུམ་བྱས་ཏེ།། ཉ་དང་འབྱུང་པོའི་ཉི་མ་ལ། བདག་ཉིད་རྒྱན་དང་ལྡན་བྱས་ལ།། རྫས ་དང་སྔགས་ཀྱིས་བསྲུང་བ་བྱ། ། བཞི་མདོ་ལྷ་ཁང་དུས་ནམ་བྱེད།། སྔགས་ཀྱི་རྒྱལ་པོ་བཟླས་བྱས་ཏེ།། དེ་ནས་འཁོར་ལོ་བྲི་བར་བྱ།། སྟེང་འཁོར་འོག་འཁོར་དུག་ཤིང་གིས།། དགའ་དང་ལེགས་པའི་སེམས་ཀྱིས་བྲི།། རས་མ་ཉམས་ལ་གུར་གུམ་མཆོག། དབུས ་སུ་ཕྱག་ན་རྡོ་རྗེ་ལ། ། དཔྲལ་བ་སྙིང་ཁ་ལྐོག་མཿ།། ཡི་གེ་གསུམ་བཀོད་སྐུ་གསུམ་སྟེ།། རྒྱན་དང་ཆ་ལུགས་ཚང་བར་བྲི།། འཁོར་ཡུག་ཐམས་ཅད་དུཥྚི་བྲི།། ཞབས་དང་སྤྱི་བོ་གཡས་དང་གཡོན།། ཟླ་བ་ཉི་མ་དབུས་སུ་ནི།། རྒྱལ་པོ་བཞི་ཡི་མཚན་མ་གྲི།། མཚམ ་བཞིར་རྡོ་རྗེ་གདན་ལ་ཏཱཾ། འཁོར་ཡུག་ལ་ནི་ཤེས་རབ་ཐབས།། ཧཱུཾ་ལས་དམ་ཚིག་སེམས་དཔའ་ལ།། ཡེ་ཤེས་སྤྱན་དྲང་མཆོད་དེ་ཞུ།། འོག་འཁོར་སྦལ་ནག་ཡན་ལག་ལྔ།། སྙིང་དང་དྲུག་དུ་མིང་རུས་གཞུག། ཕྱོགས་བཞིར་རྩིབས་ལ་མཚམས་བཞིར་ཐོད། ་རྩིབས་དང་བོད་ཀར་མིང་རུས་ཏེ།། ཁོར་ཡུག་གཉིས་ལ་བསྟོད་པས་བསྐོར།། སྦལ་ཀར་ཧྲི་ལས་འོད་བྱུང་སྟེ།། ས་བདག་ཀླུ་ཆེན་བཀུག་སྟེ་མཆོད།། མཆོད་པའི་རྫས་ནི་འོ་མ་སོགས།། དེ་ནས་བསྒྲལ་བྱ་དགུག་བྱ་སྟེ།། སྐུ་གསུང་ཐུགས་ལ་ལེགས་གནས་པ།། ་མིང་དང་རུས་ལ་བསྟིམ་སྟེ་བཞག། ཐོད་པ་ལས་སྲིན་ཧཱུ~ཾ་ལས་བསྐྱེད།། དེ་ལ་སྦྱོར་བ་ལེགས་པར་བྱ།། ཀླུ་ལ་དམ་བདར་མཆོད་པ་བྱ།། ཕུར་པས་ཕྱོགས་མཚམས་གཅད་པར་བྱ།། འོག་མས་ཕྱོགས་སུ་དྲངས་ན་འགྲུབ།། དེ་ནས་གསོལ་བ་འདེབས་པ ་རྣམས། ། ངོ་མཚར་ནས་ཆེད་དུ་བརྗོད་པ།། རྨད་བྱུང་ཆེན་པོ་ཆོས་རྣམས་ལ།། རྣམ་པར་མི་རྟོག་ངོ་བོ་ཉིད།། ཆོས་རྣམས་རང་བཞིན་དག་པ་ལ།། ཀུན་རྫོབ་ཏུ་ཡང་བཤད་པ་མཚར།། དེ་ནས་ཐོག་མར་གྱུར་པའི་འཁོར་རྣམས་འཇིག་རྟེན་གཞན་ནས་བྱོན་པའི་སྟོན ་པ་འཁོར་དང་བཅས་པ་ལ། ཐོ་འཚམས་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས།། གནོད་བྱེད་ཐམས་ཅད་ཟློག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཨོཾ་བཛྲ་པཱ་ཎི་ཧྲི་ད་ཡ་གསུངས་པས་གཞན་ནས་བྱོན་པའི་སྟོན་པ་འཁོར་དང་བཅས ་6། ། བའི་ཐུགས་བསྐུལ་ནས།། ཏདྱ་ཐཱ་ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཕཊ། ནཱ་ག་གོད་ས་ད་ནཱ་ཡ་ཕཊ། ནཱི་ལཱ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་བ་ར་ཀྲ་མཱ་ཡ་ཕཊ། ཀྲི་ཏཱན་ཏཱ་ཡ་ཕཊ། ཀྲི་ཏཱན་ཏ་རཱ་པཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏཱ་ས་ནཱ་ཡ་ཕཊ་ཀུམ། ་བཎྜ་ཨུད་ས་ད་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་བ་སྨ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཧ་ས་ཧ་ས་དཱ་ར་དཱ་ར་མཱ་ར་ཡ་མཱ་ར་ཡ་ནཱ་ཤ་ཡ་ནཱ་ཤ་ཡ་སརྦ་བིགྷྣ་ན་བི་ན་ཥ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྭཱཾ་སགྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ་ནཱི་ལཱཾ་བ་ར་དྷ ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། གསུངས་པ་ཙམ་གྱིས་དང་པོའི་འཁོར་རྣམས་སྐྲག་པར་གྱུར་ཏེ་ཆེད་དུ་བརྗོད་པ། ཨེ་མའོ་སྟོན་པ་བྱིན་བརླབས་ཆེ།། ཨེ་མ་སྔགས་ཀྱི་རུས་པ་ཆེ།། ཨེ་མཆེ་བའི་ཉོན་མོངས་ཆེ།། འཁར་རྣམས་མཉམ་པ་ཉིད་དུ་གནས། ་འཇིག་རྟེན་གསུམ་འདུལ་བའི་རྒྱུད་ལས་ས་སྟེང་འདུལ་བའི་ལེའུ་སྟེ་བཞི་པའོ།། དེ་ནས་མི་མཇེད་ཀྱི་འཇིག་རྟེན་གསུམ་དང་། འཇིག་རྟེན་གྱི་ཁམས་གཞན་ནས་བྱོན་པའི་འཇིག་རྟེན་གསུམ་པོ་རྣམས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་མཆོད་པ་དང ་བསྟོད་པ་བྱས་ཏེ་རང་རང་གི་གནས་སུ་དོང་ངོ་། ། དེ་ནས་རྡོ་རྗེ་འཛིན་པས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་རྒྱུད་འདི་འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་འདི་ཆོངས་ཤིག་ལྷོགས་ཤིག་ཅེས་གསུངས་སོ།། ཡོངས་སུ་གཏད་པའི ་ལེའུ་སྟེ་ལྔ་པའོ། ། འཇིག་རྟེན་གསུམ་འདུལ་བའི་རྒྱུད་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་དཱི་པ་མ་ཀ་ར་དང་། ཞུ་ཆེན་གྱི་ལེཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྐུར་བའོ།། །། རྒྱ་གར་སྐད་དུ། ཏྲི་ས་མ་ཡཱ་བྷུ་ཧ་རཱ་ཛཱ་ནཱ་མ་ཏན་ཏྲ། བོད་སྐད་དུ། ་