CLOSE WINDOW

Q131: rdo rje sa gsum du rgyu ba zhes bya ba'i rtog pa'i rgyal po
Wyliee-texts produced with BDRC’s OCR application

དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། །། རྒྱ་གར་སྐད་དུ། བཛྲ་བྷཱུ་མི་ཏྲི་ཙ་ར་ཎི་རཱ་ཛ་ཀ་ལ་པ་ནཱ་མ།། བོད་སྐད་དུ། རྡོ་རྗེས་གསུམ་དུ་རྒྱུ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ།། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། དེ་ནས་གསང ་བའི་དབང་ཕྱུག་པོ། ། ཤཱཀྱ་ཐུབ་ཀྱིས་ནི་རིགས་ཁྲོ་བོ།། ཕྱིས་ཀྱི་རྟོག་པ་ལས་རྒྱལ་བྱེད།། རྟོག་པའི་བླ་མ་འདི་མཆོག་བཤད།། ལྷ་དང་སྔགས་དང་སྦྱོར་བ་ཡིས།། རྟོག་པས་རྟོག་པ་འཇོམས་པའི་ལམ།། རྟོག་པ་མེད་པའི་རིག་པ་ཡིས།། ཁྲོ་བོའི ་དབང་ཕྱུག་ཞི་བ་བརྙེས། ། དང་པོ་ཕྱག་འཚལ་དེ་འོག་ཏུ།། བཞི་པ་ཡི་ནི་ལྔ་པ་ལ།། དབྱངས་ཡིག་གསུམ་པས་མཛེས་པས་བྱས།། དྲུག་པའི་གསུམ་པ་བླང་བྱས་ལ།། འོག་ཏུ་དབྱངས་ཀྱི་གཉིས་པས་བརྒྱན།། དེ་ལ་ཟླ་ཕྱེད་དང་ཐིག་ལེ།། ལྔ་པའི་བཞི ་པ་ཉིད་དང་ནི། ། དྲུག་པའི་གཉིས་པ་ཉིད་དང་ཡང་།། བཞི་པའི་བཞི་པ་ཡང་དེ་བཞིན།། ཡང་ནི་མེ་ཡི་ས་བོན་དང་།། ལྔ་པ་ཡི་ནི་གསུམ་པ་དང་།། གཉིས་པ་ཡི་ནི་གསུམ་པ་ཡི།། འོག་ཏུ་མེ་ཡི་ས་བོན་ནོ།། ལྔ་པའི་དང་པོ་ཉིད་དང་ཡང་།། གསུམ་པའི ་སྡེ་པ་ལྔ་པ་ལ། ། དབྱངས་ཡིག་གསུམ་པས་བརྒྱན་པ་དང་།། དེ་ནས་རྡོ་རྗེ་སེམས་དཔའ་འདོད། ལག་ན་རྡོ་རྗེའི་སྙིང་པོའོ།། ལྔ་པ་ཡི་ནི་གཉིས་པ་ལ།། གསུམ་པའི་དང་པོ་མཐར་བཞག་པ།། འདི་རྣམས་རིག་སྔགས་དབང་བྱེད་པ།། གང་གཱ་ཀྲུང་། ་བཅུའི་བྱེ་སྙད་ཀྱི།། སངས་རྒྱས་ཁྲོ་བོ་བྱང་ཆུབ་སེམས།། འབྱུང་པོར་བཅས་པ་འགུགས་མཛད་དོ།། རིག་སྔགས་རྣམས་ནི་ལྷ་ཉིད་དེ།། སྟོང་དང་སྙིང་རྗེ་འདྲེས་པ་ཡི།། ལྷ་འདི་སྙིང་ཁའི་སྦྱོར་བ་རུ།། ལེགས་པར་བཞག་པ་བསམ་པར་བྱ།། ལུགས ་སུ་བྱུང་དང་བཟློན་ཡི། ། སྔགས་འདི་བ་ཟླས་དང་བྲི་བར་བྱ།། ཕཊ་ཧཱུཾ་ཎི་པཱ་བཛྲ་དྷ་ར་བྷ་ལཱམ་ནི་མོ།། རིག་སྔགས་འབྲམ་ཕྲག་བཟླས་པ་དང་།། ཡི་གེ་རེ་ལ་འབུམ་ཕྲག་དང་།། དེ་ལས་ལྷག་པའི་སྦྱོར་བ་ཡིས།། བསྒྲུབ་པ་པོ་ཡི་བསམ་པ་ནི།། ཞིང ་རྒྱས་དང་བང་དགྲག་དང་། ། བསྐྲད་དང་དབྱེ་རེངས་གསད་པ་དང་།། ལས་ནི་གང་གང་འདོད་པ་དེས།། སྙིང་ཁང་སྦྱོར་བ་རིམ་བཞིན་བསྒྲུབ།། ལུས་གཙང་སྙིང་རྗེར་ལྡན་པ་ཡིས།། རང་ལུས་ལྷ་དང་བྷྲ་མ་ལ།། ཕྱོག་སོགས་བྱ་བ་སྔོན་འཐོབས།། རིག་པའི ་ཁྲོ་བོ་བསྒོམ་པར་བྱ། ། དང་པོར་སྟོང་ཉིད་རྣམས་བསམས་ལ།། ལུས་ཅན་རྣམས་ཀྱི་དྲིམ་བཀྲུ།། རང་གི་སྙིང་ཁར་དབྱངས་ཡིག་ནི།། དང་པོ་ལས་བྱུང་ཟླ་བ་ལ།། ཧཱུཾ་ཡིག་སྔོན་པོ་རྣམ་པར་བསྒོམ།། རང་གི་འདྲས་འདྲའི་འོད་འཕྲོས་ནས།། སེམས ་ཅན་དྲི་མ་རྣམ་བསལ་ཏེ། ། སྐུར་གྱུར་སྙིང་པོ་བསྡུ་བར་བྱ།། དཱ་ཡང་རྡོ་རྗེ་སྔོན་པོར་གྱུར།། སྔོན་བཞིན་སྤྲོ་དང་བསྡུ་བྱས་ལ།། སྐུ་མདོག་སྔོན་པོ་ཆེར་འབར་བ།། རབ་ཏུ་དྲེགས་པས་ཁྲོས་པའོ།། རི་བོང་འཛིན་པའི་སྟེང་དུ་ནི།། བདེ་བར་གཡོན་བརྐྱང་གར ་གྱིས་བཞུགས། ། བརྒྱད་གཉིས་ལོན་པའི་ཉམས་ཚུལ་ཅན།། དྲག་ཅིང་ཁྲོས་པའི་ངོདང་ལྡན།། བྲང་འགྲོ་བརྒྱད་པོས་སྐུལ་བརྒྱན།། ཞལ་གཅིག་པ་ལ་ཕྱག་གཉིས་པ།། རང་གི་རྡོ་རྗེ་བསྣམས་པ་ནི།། བསྣུན་པའི་ཚུལ་དུ་འཛིན་པ་དང་།། གཡོན་པ ་བསྡིགས་པའི་འཛུབ་མོ་ཅན། ། ན་བཟའ་སྔོན་པོའི་ཤམ་ཐབས་འཛིན།། སྤྱན་མིག་དམར་ཞིང་མཆེ་བ་གཙིགས།། དབུ་སྒྲ་ཉི་མའི་འོད་འདྲ་བ།། སྟེང་དུ་བཅིངས་དབུས་ཅོད་པན་ལྡན།། ཞལ་ནས་ཧ་ཧའི་གང་རྒྱངས་ལྡན།། ཁྲོ་བོའི་བདག་པོ་འཇིས ་པར་བྱེད། ། ལོག་འདྲེན་ལ་སྩོགས་འཇོམས་མཛད་པ།། དེ་འདྲར་བདག་ཉིད་རབ་བསྒོམས་ལ།། དེ་ནས་བདག་ཉིད་སྙོམས་འཇུག་པ།། དེའི་སྙིང་ཁར་ཉི་མ་ལ།། རང་གི་ཆོས་ཀྱི་ཡི་གེ་ལས།། ཁྲོས་པས་ཡང་ཡང་སྤྲོས་མཛད་ཅིང་།། དེ་དང་ལྡན ་ཅིག་བསྒོམས་པར་བྱ། ། སྔགས་དང་ཕྱག་རྒྱ་བཅས་པ་ཡིས།། དེ་བཞིན་དུ་ཡང་དབང་བླང་ཞིང་།། རྡོ་རྗེ་ཧཱུཾ་མཛད་ཏིང་འཛིན་གནས།། གདུག་པའི་སེམས་ཅན་འཛིན་བྱེད་ཅིང་།། འོད་ཟེར་འབྱུང་བ་སྣ་ཚོགས་ཀྱིས།། རིམས་དང་གདོན་དང ་དུག་སྩོགས་བཟའ། ། རྡོ་རྗེས་འོག་ཏུ་རྒྱུ་བ་ལས་རྟོག་པ་དང་པོའོ།། དེ་ནས་སྤྱན་སྩོགས་སྐྱེ་མཆེད་ལ།། ཧཱུཾ་བྱུང་ཁྲོ་བོ་བསྒོམ་པར་བྱ།། སྐུ་སྩོགས་གསུམ་ལ་རྡོ་རྗེ་གསུམ།། བསྒོམ་པ་འདི་ནི་དབང་བྱེད་པའོ།། དང་པོ་ཞིབས་ཞི་བར་བྱ། ་ཀླུ་ལ་སྩོགས་པའི་གཟུགས་བྱས་ལ།། རང་སྙིང་འོད་ཀྱིས་བཀུག་ལ་བསྟིམ།། མཆོད་སྦྱིན་བྱ་བ་སྙིང་རྗེས་སྦྱིན།། འཇོག་པོ་དང་ནི་རིགས་ལྡན་དང་།། མཐའ་ཡས་ནོར་རྒྱས་པད་མ་དང་།། བདེ་ཆེན་དུང་སྐྱོང་སྟོབས་ཀྱིས་རྒྱུ།། དུག་རྣམས་སྙིང་རྗེའི་སྦྱོར་བས ་སྤྱད། ། ནག་པོ་དཀར་པོ་སྔོན་པོ་དང་།། རང་གི་གནས་སུ་སྦྱར་བར་བྱ།། ཡང་ན་ཞི་བའི་ཐབ་ཁུང་དུ།། ཀླུ་པི་སྡིག་པ་ཞི་བར་བྱ།། ཤིན་ཏུ་གནག་པའི་རིགས་དེ་ལ།། མངར་གསུམ་ཆུ་ཡིས་གསོ་བར་བྱ།། གང་ཞིག་སྡིག་ཅན་ཞི་མི་འདུལ།། གཉིས་ཀྱི ་སྦྱོར་བས་རྒྱུན་གཅོད་བྱ། ། ཁྲག་དང་དུག་སྩོགས་རྫས་དག་ལ།། རིག་པ་བཟློག་པས་བསྒྲུབས་ནས་ནི།། ཤིན་ཏུ་ཁྲོས་པའི་ཁྲོ་བོ་ཡིས།། དགུག་དང་གཞུག་དང་མྱོས་གསད་དང་།། ཚོགས་གདུག་པ་དབང་བྱས་ལ།། བསྲེག་པ་ལ་སྩོགས་ལས ་བྱའོ། ། བརྒྱད་དང་བཅུ་བཞིའི་དུས་ཀྱི་ཚེ།། སྐྱ་རེངས་ཤར་དང་དམར་རངེས་ཆ།། ཉིན་མཚན་ཟད་པའི་དུས་ཀྱི་ཚེ།། སྒྲ་སྒྲོལ་བཅུད་འཛག་གཅེར་བུ་ནི།། བྱོལ་སོང་གནས་སུ་ཁྲག་སྐྱུག་གོ།། ལུས་དབུས་མེ་འབར་བསྒྲུབ་བྱ་དེ།། ཁྲོ་བོའི་བ་སྤུའི་བུ ་ག་ལས། ། སྤྲོས་པའི་ཁྲོ་བོ་ཁྲོས་པ་དང་།། མངག་གཞུག་རྣམས་ཀྱིས་དྲངས་བྱས་ནས།། རྟོག་པས་རྟོག་པ་བཟའ་བར་བྱ།། སྔར་ནི་རྡོ་རྗེ་ས་འོག་ལས།། གདུག་པ་འདིར་ནི་བཟའ་བར་བྱ།། མང་དུ་སྨྲས་པས་ཅི་ཞིག་དགོས།། མ་བཅོས་པ་ཡི་སམྲ ་ཅན་ལ། ། སྙིང་རྗེའི་ཡིད་ཅན་རྡོ་རྗེ་སེམས།། ཏིལ་སྩོགས་རྫས་དང་སྔགས་སྦྱོར་གྱིས།། སྡིག་པ་ཞི་བྱེད་སྦྱིན་བསྲེག་བྱ།། རིག་པའི་བློ་ཅན་ཀུན་བཟངས་ཀྱིས།། ཞོལ་སྲེག་བྱ་རྒྱས་པའོ།། མི་རྟག་གྱུར་པའི་གདུལ་བྱ་ལ།། འདོད་ཆགས ་ཡིད་ཅན་བདེ་ཆེན་གྱིས། ། བདག་ཉིད་དགོས་པ་བརྟན་བྱའི་ཕྱིར།། ཨུཏ་པལ་དམར་སྩོགས་ཀྱིས་བསྒྲུབ་པའོ།། འདིར་ནི་མ་རུངས་སྡིག་པ་བྱེད།། གཙོར་ནི་སྤྱད་ཕྱིར་ཁྲོ་སེམས་ཀྱིས།། མངོན་སྤྱོད་ལས་ནི་རྒྱུད་ཀུན་ལས།། བཤད་པ་ཐམས ་ཅད་འདིར་བྱའོ། ། རིག་སྔགས་སྙིང་རྗེའི་ཤུགས་ཀྱིས་འགྲོ།། ལས་ངན་རྒྱུན་གཅོད་བཅོས་མ་ཡིན།། ལས་ངན་དག་པའི་རང་བཞིན་དུ།། ཁྲོས་པས་དམིགས་པར་མི་འགྱུར་ཏེ།། སྦྱོར་བ་རྣམས་ནི་བཅོས་མར་འགྱུར།། བྱང་ཆུབ་བཅོས་མེད་འབད་སྤང ་པའོ། ། རྡོ་རྗེས་འོག་ཏུ་རྒྱུ་བ་ལས་རྟོག་པ་གཉིས་པའོ།། དེ་ནས་ཁམས་གསུམ་རྣམ་རྒྱལ་པོ།། སྔང་ནི་སྤྲུལ་བ་བཅུ་དྲུག་པོས།། རྟོག་པ་བཅུ་ཕྲག་དང་བཞི་ཡང་།། གཉིས་ཀྱིས་རིག་མི་འཇོམས་བྱེད་འདིར།། སྤྲུལ་པ་བརྒྱད་དུ་བསྡུས་པ་དང་།། བདག ་ཉིད་གཅིག་པུ་བསྒོམ་པའང་གསུངས། ། ནམ་མཁའི་ཁམས་སུ་འབྱུང་བཞི་པས་མ།། རི་རབ་ལྷུན་པོ་ཧྲཱི་ཡཾ་གི་ལས།། པད་མ་འདབ་གྲངས་ལྟེ་བ་ལ།། ཟླ་བའི་དཀྱིལ་འཁོར་རྫོགས་པའོ།། ཧཱུཾ་ལས་བྱུང་བའི་ཁྲོ་བ་ནི།། ཞལ་གཅིག་ཕྱག་བཞིན་བཟའ་སྔོ།། ་དྲིལ་བུ་མདའ་གཞུ་འགེངས།། སྦྲུལ་དང་མི་སྡུག་མགོས་བརྒྱན་ཅིང་།། སྟག་ལྤགས་སྨད་དཀྲིས་འཇིགས་སེལ་བ།། ཁྲོ་བོ་རྣམ་རྒྱལ་བསྒོམ་པར་བྱ།། ཐུགས་ཁའི་ཧཱུཾ་གི་སྦྱོར་བ་ཡིས།། ཤར་ལ་སོགས་པའི་ཕྱོགས་མཚམས་སུ།། འཇིག་རྟེན་གསུམ་སྣང་རྡོ་རྗེ ་དང་། འཇིག་རྟེན་གསུམ་འདུལ་རིན་ཆེན་དང་།། འཇིག་རྟེན་གསུམ་འཆིང་པད་མ་དང་།། འཇིག་རྟེན་གསུམ་འཇིག་ལས་ཉིད་དག། གཡས་རྣམས་རང་མིང་མཚན་མ་ལ།། གཡོན་རྣམས་སྡུག་པ་བསྡིགས་པའོ།། བདུད་རྩི་འཁྱིལ་དང་དབྱུག་སྔོན་དག། ་མི་གཡོ་བ་དང་རྟ་མགྲིན་འོ།། རྡོ་རྗེ་དང་ནི་དབྱུག་པ་དང་།། རལ་གྲི་པད་མ་གཡས་རྣམས་སོ།། གཡོན་པ་གདུག་པ་བསྡིགས་པའོ།། བརྒྱད་ཀྱི་དབུས་ན་ཁྲོ་བོ་བདག། འཇིག་རྟེན་གསུམ་གྱི་འཁྲུལ་པ་སྤྱོད།། དབྱུག་པ་ནག་སོགས་པོ་ཉ་བཞི།། སྐུ ་མདོག་མཚན་མས་བརྒྱན་པ་ཁྲོས། ། ལྕགས་ཀྱུ་ལ་སོགས་སྒོར་གནས་པ།། ཁྲོ་བོའི་འཁོར་ལོ་འཇིགས་སེལ་བསྒོམ།། གཙོ་བཅས་རིག་པའི་ཁྲོ་བོ་ཀུན།། རྒྱུ་མའི་ཕྲེང་བས་དོ་ཤལ་བྱས།། གོས་སྔོན་ཅན་ལ་སྟག་ལྤགས་དཀྲིས།། གདུག་པ ་སེལ་བའི་ལམ་དུ་བསྒོམ། ། དེ་ནས་ཁམས་གསུམ་རྣམ་རྒྱལ་བ།། ཁྲོ་བོའི་མཚན་ཉིད་སྔགས་བཅས་བཤད།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སངས་རྒྱས ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྗེས་སུ་གནང་བ། ། མཆེ་བ་གཙིགས་པ་དང་འཚམ་པ་མིག་མེ་མདག་གི་ཕུང་པོ་འདྲ་བ།། དབུགས་མེ་ལྕེ་ལྟར་འབར་བ།། འཇིགས་པའི་ང་རོ་ཅན་ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ། ་ཀླུ་ནག་པོ་སེར་ལ་ཁར་ཐོགས་པ། ཀླུ་དགའ་བོ་དང་ཉེ་དགའ་བོ་འབར་བས་རྣ་ཆ་བྱས་པ། སྦྲུལ་འབར་བ་རིན་པོ་ཆེའི་ཅོད་པན་ཐོགས་པ།། སྦྲུལ་གདུག་པ་འབར་བ་ཟ་བ།། བཞིན་རྒྱས་པ་སྨིན་མ་དང་ཁྲོ་གཉེར་དཔྲལ་བར་བསྡུས་པ། 5 ་སོས་མ་མཆུ་མནན་པ། གཤིན་རྗེའི་ཆ་བྱད་ཅན། ལྕེ་གྲོག་ལྟར་འགྲུ་བ། གསུས་པ་ཆེ་སྦྲུལ་ཟབ།། ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟངས་སྐ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོགས་པར་བྱེད་པ། ་རྒྱ་མཚོའི་ཐིབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་རྐང་པའི་པུས་མོར་ཕྱིན་པ་དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་བཀྲ་ཐམས་ཅད་བརླག་པར་བྱེད་པ།། གད་རྒྱངས་ཆེན་པོ་རྒོད་པས་ཀུན་ཏུ་འཁྲུག་པར་བྱེད་པ། གཤིན་རྗེའི ་གཟུགས་ཅན་ཁམས་གསུམ་པ་འཇིགས་པར་བྱེད་པ། ཀླུ་ཐམས་ཅད་བརླག་པར་བྱེད་པ་ལ་ཕྱག་འཚལ་ལོ།། དེ་ནས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་པའི་རིག་སྔགས་འདི་བརྗོད་པར་བྱའོ།། ཏདྱ་ཐཱ། ་བྷེ་བྷོ་བན་ནཱ་ག་ཨ་དྷི་བ་ཏ་ཡེ། ཨཱི་ད་ན་ནཱི་ལཱ་མ་བར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཏྲི་ད་ཡ་ན་ཡཿས་མཱ་ཏེ་ཀྲཱ་མཱ་ཏི་མ་ཀུ་ལོད་ས་ད་ནཾ། བྷ་བི་ཥྱ་ཏིཏདྱ་ཐཱ། བུད་དྷ་བུད་དྷ། བི་བུད་དྷ་བི་བུད་དྷ། མ་ཧཱི་བརྦ་ཏ་ཧ་ར་ཧ་ར་ནཱ་ག་ནཱན་ཚིན་ད་ཚིན་ད་ནཱ་ག་ཧྲིད་ཡཱ་ནི། ་བྷིན་དྷ་བྷིན་དྷ་ནཱ་ག་མར་མ་ནི། བིཥཱིདྱན་ཏུ་ནཱ་ག་ཤ་རཱི་རཱ་ནི། བི་སྥོ་ཏ་ཡ། ནཱ་ག་ནཱ་ཡ་ནཱ་ནི་ཧཱུཾ་ཧཱུཾ་ཕཊ། ཏེདྱ་ཐཱ་ནཱ་ག་བི་དཱ་ར་ཎཱ་ཡ་ཧཱུ~ཾ་ཕཊ། ནཱ་ག་གོད་སཱད་ནཱ་ཡ་ཧཱུཾ་ཕཊ། ནཱི་ལཱཾ་བ་ས་ནཱ་ཡ་ཧཱུ~ཾ་ཕཊ། ཨ་པྲ་ཏི་ཧ་ཏ་བཱ་ལ་བ་རཱ་ཀྲ་མཱ་ཡ་ཧཱུཾ་ཕཊ། ཀྲི་ཏཱན ་ཏཱ་ཡ་ཧཱུཾ་ཕཊ། ཀྲྀ་ཏཱན་ཏ་དྲཱ་པཱ་ཡ་ཕཊ། དོ་ཥ་ཎཱ་ཡ་ཧཱུཾ་ཕཊ། ཏཱ་ས་ནཱ་ཡཱ་ཧཱུ~ཾ་ཕཊ། ཀུཾ་བྷ་ཏ་ཌ་ཨུད་སཱ་ད་ན་ཡ་ཧཱུ~ཾ་ཕཊ། པྲྀ་ཏ་པི་ཤཱ་ཙི་བི་ནཱ།། ཀ། རཱ་ཡ་ཧཱུཾ་ཕཊ། ཡཾཀྵ་ཨ་བསྐཱར་བ~ཾ་ནཱ་ཥ་ཀ་རཱ་ཡ་ཕཊ་ཧ་ས་ཧེ་ས། དྷ་ར་དྷ་ར། མཱ་ར~ཾ་ཡ་མཱ་ར་ཡ། ་ནཱ་ཥ་ཡ་ནཱ་ཥ་ཡ། སརྦ་བི་གྷན་བི་ནཱ་ཥ་ཀ་རཱ་ཡ་ཧཱུཾ་ཕཊ། སརྦ་ཤཱ་ཏྲུཾ་སཾ་གྷ་བིན་ཥ་ཀ་རཱ་ཡ་ཧཱུཾ་ཕཊ། ཨོཾ་ནཱ་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ།། དེའི་ཆོ་ག་ལ་གནོད་སྦྱིན་གྱིས་ཟིན་པ་ལ་ཚུ་ལ་སྔགས་ཀྱིས་བཏབ་སྟེ་གཏོར་ན་བ་ཏང་བང་འབྱུང་། ་རོ།། ཀླུ་བཟློག་པར་འདོད་ན་སྤུག་ཤད་ཀྱི་ལྷག་མ་འམ་བལ་པོ་སེ་ཊ་ཡི་ལྕུག་མས་བྱའོ།། ཡི་དགས་དང་རྗེང་བྱེད་རྣམས་ལ་ནི་སྐུད་པ་སྔོན་པོས་བྱའོ།། རིམས་ནད་མེད་པར་བྱ་བ་དང་། ཡིག་འཆུས་པ་ལ་ནི་སྐུད་པ་སྔོན་པོས་བྱའོ།། ནོར་འདོད་ན་ཞག ་གཅིག་བསྲུང་བར་གནས་ཀྱི་པོག་གིས་འདུགས་ན་རྨིལམ་དུ་དགེ་བ་དང་མི་དགེ་བའི་དོན་ཐམས་ཅད་སྟོན་པ་འགྱུར་ལ་གསེར་གྱི་དང་ཆེ་འདུན་སྟོང་སྟེར་བར་འགྱུར་རོ། ། རྒྱས་བཏབ་པ་དགྲོལ་བར་འདོད་ན་ཐལ་བས་བྱའོ།། སྒོ་ལུགས་དབྱེ་བར་འདོད ་ནཉུངས་དཀར་གྱིས་བྱའོ། ། འཇིགས་པ་ཐམས་ཅད་བསྲུང་བ་ལ་ནི་མར་རྙིང་པའམ་ཐལ་བ་འམ་ཉུངས་དཀར་གྱིས་བྱའོ།། ནད་ཀྱིས་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་སྔོན་པོ་ལ་བསྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་བསྲུང ་བའི་མཆོག་ཏུ་འགྱུར་རོ། ། བྱིས་པ་གདོན་གྱིས་ཉེན་པ་ལ་ནི་ཚོན་སྣ་ལྔའི་སྐུད་པ་འགུལ་ཏུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ།། ཆོམ་རྐུན་བཟློག་པར་འདོད་ནསས་བྱའོ།། དུག་ལ་ནི་རྩ་ཀུ་ཤས་བྱ་བ་པར་བྱའོ།། བདག་བསྲང་བ ་ལ་ནི་ཡིད་ཀྱིས་སམ་ཆུས་བྱའོ། ། གཞན་བསྲུང་བ་ལ་ནི་སྐུད་པ་སྔོན་པོས་བྱའོ།། ལས་དེ་དག་ཐམས་ཅད་ལ་སྔགས་བརྗོད་པ་ནི་ལན་གསུམ་མམ་བདུན་ནམ་བཅུ་བཞིའམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བརྗོད་པར་བྱའོ།། དེ ་ལྟར་བྱས་ན་འགྲུབ་པར་འགྱུར་རོ། ། རྡོ་རྗེ་ས་འོག་ཏུ་རྒྱུ་བ་ལས་རྟོག་པ་གསུམ་པའོ།། རྟོག་པ་འདི་དག་དབང་བྱེད་པ།། ལག་ན་རྡོ་རྗེ་ཁྲོས་པ་ལས།། བདུད་རྩི་འཁྱིལ་བའི་རྣལ་འབྱོར་གྱིས།། བྲན་གཡོག་རྣམས་ནི་བསྐུལ་བར་བྱ།། ཨོཾ་ཨ ་མྲི་ཏ་ཀུཎ་ཌ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། འདི་ནི་བཀའ་ཙམ་དེས་བསྒྲག་ཅིང་།། བཻ་ཡིག་སུམ་ཅུ་རྩ་གཉིས་བརྗོད།། སྙིང་གའི་འོད་ཀྱིས་དབང་བྱ་ཞིང་།། གུ་གུལ་དུད་པས་བྲོད་བྱས་ལ།། གསེར་སྣ་ཆེན་པོ་སེང་གེ་ལ་ཞོན་པ་དང་། རྨུགས་འཛིན་དང ་གང་བ་བཟང་དང་། ནོར་བུ་བཟང་དང་། ཀུ་བེར་དང་། ཡང་དག་ཤེས་དང་། འབྲོག་གནས་དང་། ལྔས་རྐྱེན་དང་། བི་ཙི་ཀུཏྟ་ལི་རྣམས་ལ་མཁོ་བསྦྱིན་པར་བྱའོ།། འདི་རྣམས་རྟལ་བཅིབས་པ་ལ།། འོད་དང་ལྡན་ཞིང་མེ་ལོང་ཅན།། རས་དཀར ་གཙང་མས་གསལ་བྱས་ལ། ། གསལ་སྣང་ཀུན་ནི་བྲི་བར་བྱ།། ཡང་ན་ཀུན་ཀྱང་སྒྲ་ན། བཅིབས།། འཇིགས་པའི་མཚོན་ཆ་བྱག་ན་སྔམས།། བསྐུལ་བ་དག་པར་དབང་བྱས་ན།། མངོན་སྤྱོད་ལས་ཀུན་བྱེད་པར་འགྱུར།། དྲག་པོ་དགུ་དང་ཉི་ཤུ་བརྒྱད།། ་ས་གསུམ་ཁྱབ་པ་སྨོས་ནས་ནི།། སྔགས་གྲུབ་སྟོབས་ཀྱིས་བདག་དྲན་བྱེད།། དུས་ཆོད་དུས་ལ་མཆོད་པར་བྱེད།། དེ་ནས་དབུལ་བས་འཇིགས་པ་ལ།། རྨུགས་འཛིན་བསྒྲུབ་པ་ཡིད་འོང་བཤད།། ཀུན་ཀྱང་གཏེར་རྣམས་མནན་པ་ལ།། རིན་ཆེན ་འབར་བས་ཁྱིམ་འགེངས་པ། ། སྦྱོར་གང་རྡོ་རྗེ་ཆུས་འགྲུབ་འགྱུར།། པད་མ་ཟླ་དང་གཏེར་ཆེན་ལ།། ཛཾ་ལས་བྱུང་བའི་གནོད་སྦྱིན་དགུ།། བཀུག་ལ་རང་རང་གསང་སྔགས་ཀྱིས།། ཆུ་དང་བཅས་པའི་མཆོད་སྦྱིན་དབུལ།། འདི་ནི་སྔགས་ཀྱི་རྐང་པ ་རྣམས་སོ། ། ཨོཾ་བཻ་ཤྲ་བ་ན་ཡེ་སྭཱ་ཧཱ། ཨོཾ་ཛ་བ་ལཱ་ཡེ་སྭཱཏྨ། ཨོཾ་པུཎྜ་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་ཀུ་བེ་ར་ཡེ་སྭཱ་ཧཱ། ཨོཾ་ས~ཾ་བྷ་ཛ་ན་ཡེ་སྭཱ་ཧཱ། ཨོཾ་གྷཱ་ཧ་ཏ་ན་ཡེ་སྭཱ་ཧཱ། ཨོཾ་པཉ་ཙི་ཀ་ཡེ་སྭཱ་ཧཱ། ཨོཾ་བི་ཙི་ཀུཎ་ཌ་ལི་ཡེ་སྭཱ་ཧཱ། དེ་ནས ་ཡང་དག་སྤྱོད་པའི་མཆོག། ལྷའི་བརྟུལ་ཞུགས་དག་པ་བཤད།། རྟུན་པཔ་ད་མ་མིག་ན་བྱིན་གྱིས་བརླབ་བྱ་ཞིང་།། བྲམ་ཟེའི་རིགས་ལྟར་དྲི་ཅན་ཟས་དང་འགྲོ་མགྱོགས་ཤེ་ལས་རིང་དུ་འདུག། བསྐྱུང་བར་གནས་ཤིང་ཆུས་དཀྲུས་དཀར ་ག་ག་ད། བའི་ཟས་བ་ཞིང་།། ངག་གི་རླུང་བསྡམས་དང་དང་སྙིང་རྗེས་ཡིད་སྨ་ལོན་པར་འཇུག། བསམ་གཏན་ཡང་པ་མདོག་ནི་སྔོ་བསྒྱུར་བ་ཡི་ལྕི་བ་དྲི་ཞིམ་ཆུ་ཡིས་བྱུགས།། དཀར་དང་སྔོ་བའི་མུ་ཏག་མེ་ཏོག་བཀྲམ་ལ་སྐུ་གདུང་བ ་མ་མདུན་བཞག་ལ། ཆོ་རིགས་བཙུན་པའི་བསྒྲུབ་པ་པོས་ནི་གོས་དཀར་བགོས་ལ་ཀུ་ཤའི་སྟན་ལ་འདུག། སྙིང་རྗེས་ཁྲོས་པའི་རིག་སྔགས་དམ་བདག་འཛེས་པར་གས་པར་བྱ།། རུ་རག་ཤབི་བགྲང་ཕྲེང་བརྒྱ་ཕྱེད་བྱིན་གྱིས་བརླབས ་ལ་ལག་པ་གཡས་པས་བཟུང་། རི་ལུ་རེ་དང་ལྷ་རེ་སྔགས་རེ་བཅས་ནས་སྙིང་ཁར་བཟུང་།། རྣལ་འབྱོར་འདེ་པ་ནས་པར་དང་མེད་འགྲོ་ལ་འརྡུངས་པའི་སེམས་ལྡན་པས།། བདག་དང་གཞན་ལ་ཕན་ཕྱིར་རྟོག་པ་བཤད་པ་བྱ་བ་ཡིན།། རྗེས་འོག ་ཏུ་རྒྱུ་བ་ལས་རྟོག་པ་བཞི་པའོ། ། དབྱར་ལ་སྐྱེས་པའི་རྩཝ་དང་ནགས་ཚལ་ལས་བྱུང་མེ་མཆེད་ལྟར།། རླུང་གིས་གྲོགས་བྱས་བསྲེགས་ནས་ཐལ་བའི་ལྷག་མའང་མ་ལུས་བཞིན།། བསྐལ་པ་དཔག་མེད་སྐྱེས་པའི་རྟོག་པའི་དྲི་མའི་རྨ་རྣམས ་2། ། བསྲུང་བ་དང་དང་བརྩོན་འགྲུས་སྔགས་བཟླས་སེམས་དག་མེ་ཡིས་བསྲེག། ཉི་མའི་སྙིང་པོ་འཇམ་གླིང་དབུས་སུ་རིགས་བཟུང་སྟེ།། སྐྱེས་པ་དང་བུད་མེད་དབང་པོ་སྐྱོན་མེད་ཚུལ་ཁྲིམས་ཅན།། སྐྱེ་བ་སྔ་མའི་ལཾ་ཤུགས་དག་དང་བླ་མ ་ལུང་ཐོབ་པ། ། དད་དང་སྙིང་རྗེའི་སེམས་ཅན་གཏོང་བའི་བློ་ཅན་དེས།། རིག་པའི་ཁྲོ་བོ་བསྒོམ་དང་དེ་རྗེས་དེ་ནི་བཟླས་འབད་ན། བསྟོད་དང་མཆོད་མཉེས་བྲན་གཡོག་ལྷ་མིན་གསང་བ་བརྙས་མེད་ཅིང་། ཆུ་ཡི་མཆོད་སྦྱིན་འཁོར་ལོད་དང་། ་མལ་བརྩོན་ཞིང་།། སྦྱིན་བསྲེག་རྣམས་ཀྱི་ལྷ་དང་བྲན་གཡོག་མཉེས་བྱས་ནས།། རིང་པོ་མི་ཐོགས་བསྒྲུབ་པོ་དེས།། རྟགས་དང་ཕྱག་རྒྱ་འབྱིན་པར་འགྱུར།། འདིར་ནི་མང་དུ་སྨྲ་མི་དགོས།། སྔར་ནི་རྡོ་རྗེས་འོག་ཏུ།། བཤད་པའི་མཚན་མ ་སྟེང་བར་འགྱུར། ། ཟངས་ལྕགས་བླ་མའི་གནང་བྱའོ།། ལུས་སོགས་རིག་པའི་དབང་གྱུར་ནས། མེ་དང་རླུང་སྩོགས་འབྱུང་བ་དང་། ན་དང་གདོན་དང་བྱད་རྣམས་དང་།། བདུད་ཀྱིས་གླེགས་ནི་རྙེད་མི་འགྱུར།། མེ་ལྕེ་ཕྲེང་བའི་རྟོག་པ་ལས། བཤད ་བའི་འཆི་བའི་སྦྱོར་བྱུང་ན། ། སེར་སྣ་འདི་ནི་ཕ་རོལ་འཕང་།། སྨོན་ལམ་ལམ་སཱ་ལ་བརྟེན་ནས།། འདི་འོག་བྱང་ཆུབ་སེམས་དཔའ་ནི།། འགྲོ་བ་སྨིན་པའི་ཐ་སར་འགྱུར།། ཡང་ན་སྲིད་པ་བར་མ་དོར།། སྔགས་ཀྱིས་རྣམ་ཤེས་གཟི་བསྐྱེད་ན། ་འགྲོ་པན་རིག་པ་འཛིན་གྱུར་ནས།། དེ་འི་འོག་ཏུ་སེམས་དཔའོ།། ཐ་མ་འདལ་མ་ལ་བརྟེན་ནས་ནི།། རང་འདོད་དམ་པའི་ལུས་རྙེད་ནས།། སྔ་མ་ལ་མསེ་ལ་དེ་འོག་ཏུ།། དངོས་གྲུབ་ལ་ནི་རྣམ་པར་གནས།། ལྷ་དང་སྔགས་སོགས་རྟོགས་པ་དེས།། ་རྟོག་པ་དམན་པ་མནན་པ་ཡིན།། ནམ་མཁའ་ལྟ་བུར་རྟོག་མེད་ལ།། འཇིག་རྟེན་ངོར་ནི་རྟོག་པས་སྤྲུལ།། གདུལ་བྱ་སྡང་སོགས་སེམས་འཁྲུགས་ལ།། དེ་ནི་སྙིང་རྗེས་སྡང་བར་མཛད།། ཁྲོ་སོགས་བསལ་དུ་མེད་གྱུར་ན།། ཁྲོ་བོར་ངནི ་ཅི་ཕྱིར་འགྱུར། ། དང་པོ་རྣལ་འབྱོར་འཚེ་བ་བཅོམ།། དེ་ཕྱིར་རིག་སྔགས་སྦྱོར་བ་རྣམས།། རྒྱུད་ཀུན་དུ་ནི་གསུངས་པ་ཡིན།། འཚེ་བ་བཅོམ་ནས་དག་པ་ནི།། སེམས་དག་པ་ནི་བདེ་བ་ཡིན།། གདུག་པའི་སྦྱོར་བ་ཕྲོགས་པས་ན།། བདེ་བར་བྱང་ཆུབ ་ལམ་བརྟེན་ལ། ། རྡོ་རྗེ་སྐུ་ཉིད་འགྱུར་མེད་ལ།། བདག་གིས་རིག་པའི་ཡེ་ཤེས་དེ།། ལུས་ཅན་དེ་ཡི་འབྲས་བུའོ།། ཇི་ལྟར་ཤེལ་ནི་འཛམ་བུ་ཀའི།། མེ་ཏོག་གིས་ནི་གཞན་ཏུ་སྣང་།། དེ་བཞིན་རྟོག་མེད་རིག་པ་ཡང་།། ཁྲོ་བོའི་དབང་ཕྱུག་འདིར་སྣང་རྭ།། ་ཇིལྟར་འདུལ་འགྱུར་སྤྲུལ་པ་ཡིས།། རྒྱུན་མི་འཆད་པར་ཁྲོ་བོར་སྣང་།། སྙིང་རྗེ་མེདན་འབྲས་བུ་ཉམས།། འགྲོ་ལ་ཕན་བཏགས་གནོད་བསལ་ན།། རང་སེམས་དག་པས་འབྲས་བུ་འགྲུབ།། རྒྱུ་དང་འབྲས་བུའི་སྒྲིབ་པ་རྣམས།། བྱང་ཆུབ་སེམས ་ཀྱིས་རིང་དུ་སྐང། ། འདིས་ནི་འཁོར་བ་འཇིག་པར་ངེས།། བརྟན་དང་གཡོ་བའི་སྒྲིབ་པ་རྣམས།། བློ་མཉམ་དུས་ན་གཉེན་པོ་དང་།། མི་འཐུན་ནམ་མཁའ་ལྟར་ཡངས་པ།། ལྷུན་གྱིས་གྲུབ་འབྲས་ཕྱི་མ་ཡིན།། ཇི་སྲིད་རྟོག་པའི་དྲི་མ་ཡོད།། དེ་སྲིད ་འབད་དེ་རིག་པ་བསྒོམ། ། སེམས་སྦྱོང་སྔ་མ་རིགས་པ་ཡིས།། རྒྱུད་ཉིད་དུ་ནི་འདོད་པ་ཡིན།། གང་ལ་སེམས་ནི་དྲི་མེད་པ།། རྟོག་པའི་དྲི་མས་ནག་པོར་བྱས།། དེ་ལ་སྤང་བའི་བློ་མོད་པ།། རྟོག་པའི་བློ་ཅན་འཁོར་བ་ཡིན།། དེ་ཕྱིར་ཤཱཀྱའི་རིགས་ཅན་རྣམས ་ས་འོག་ཏུ་རྒྱུ་བའི་ཀླུའི་རྟོག་པ་ལ་སྩོགས་པ་ཚར་གཅོད་པའི་ཕྱིར་སྦྱོར་བ་རྣམས་ལ་གུས་པར་བྱའོ། ། རྡོ་རྗེས་གསུམ་དུ་རྒྱུ་བ་ལས་རྟོག་པ་ལྔ་རྫོགས་སྷོ།། དབང་ཕྱུག་དམ་པའི་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ཁྲིམས་སུ། དཔལ་དཔེ ་མེད་ལྷ་ནི་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་བཛྲ་དང་། ར་བྱིད་ལོ་ཙྪབས་བསྒྱུར་བའོ།། རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཀ་ལ་པ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ལ་སན་རྡོ་རྗེ་གོས་སྔོན་པོ་ཅན་གྱི ་