CLOSE WINDOW

Q128: bcom ldan 'das phyag na rdo rje gos sngon po can gyi rgyud ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བྷ་ག་བཱན་ནཱི་ལཱམ་པ་ར་དྷ་ར་བཛྲ་པཱ་ཎི་ཏན་ཏྲ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ ་ཕྱག་འཚལ་ལོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མི་བསྐྱོད་པ་རྡོ་རྗེ་རིགས་ཀྱི་སངས་རྒྱས་ལྕང་ལོ་ཅན ་གྱི་ཕོ་བྲང་ན་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་སྡེ་དང་རྡོ་རྗེ་ཀུན་ཏུ་འཛིན་པ་དང་རྡོ་རྗེ་རབ་ཏུ་འདུལ་བྱེད་དང་རྡོ་རྗེ་མི་ཟད་འཇོམས་དང་། རྡོ་རྗེ་གདུག་པ་ཀུན་འདུལ་དང་། རྡོ་རྗེ་དབྱིངས་ལས་རྒྱལ་བ་དང་། རྡོ་རྗེ་དགྱེས་གནས་སྐྱོབ ་ལ་སོགས་པའི་འཁོར་བྱེ་བ་ཕྲག་སྙེད་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ཉིད་ཀྱིས་རྡོ་རྗེ་ཐུགས་ཀར་ལན་གསུམ་གསོར་ཏེ། བཅོམ་ལྡན་འདས་ལ་སྐོར ་བ་ལན་གསུམ་བྱས་ནས་ཕྱག་འཚལ་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པ་ཆེན་པོ་འབྱུང་པོ་ཀུན་འདུལ་བར་བྱེད་ཅིང་། ས་འོག་གི་གདུག ་པ་ཅན་འདུལ་བར་བྱེད་པའི་རྡོ་རྗེ་ཀུན་འདུལ་ཞེས་བྱ་བའི་རྒྱུད་ཆེན་པོ་བཤད་དུ་གསོལ། རྡོ་རྗེ་འཛིན་པ་ཆེན་པོ་བཤད་དུ་གསོལ།། ཁྱབ་བདག་ཆེན་པོ་བཤད་དུ་གསོལ།། གདུག་པ་ཀུན་འདུལ་བར་བྱེད་ཆེན་པོས་བཤད་དུ་གསོ་ལ། མུན་ཀུན ་འཇོམས་པ་ཆེན་པོ་བཤད་དུ་གསོལ་ཞེས་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་པོ། ། དེ་སྐད་ཅེས་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། རྡོ་རྗེ་འཆང་ཆེན་པོ་གསང་བ་པོ་ཁྱོད་སེམས་ཅན་རྣམས ་ཀྱི་དོན་དུ་རྡོ་རྗེ་ཀུན་འདུལ་ཞེས་བྱ་བའི་རྒྱུད་ངལ་ཞུ་བ་ལེགས་སོ། ། གསང་བ་པའི་བདག་པོ་ལེགས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ལེག་སོ།། དེའི་ཕྱིར་ལག་ན་རྡོ་རྗེའི་རིགས་རྣམས་ཁྱེར་རྗེས་སུ་ཉོན་ལ་ཡིད་ལ་ཟུང་ཤིག། ་ངས་རྣམ་པར་ཕྱེ་སྟེ་རྡོ་རྗེ་ས་འོག་འབྱུང་པོ་འདུལ་བ་རྡོ་རྗེ་ཞེས་བྱ་བའི་རྒྱུད་བཤད་ཀྱིས་རྗེ་སུ་ཟུང་ཤིག། དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཀུན་ཡུལ་གྱི་ཏིང་ངེ་འཛིན་གྱིས་ས་རོག་གི་གདོན་དང་འབྱུང ་བོ་ཀུན་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཟུགསས། བཅོམ་ལྡནན་འདས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྐུའི་བསྒྲ་དྲག་ཐ་ཅད་ནས་ཁྲོ་བོ་གདུག་པ་ཀུན་འདུལ་བར ་བྱེད་པ་དུ་མ་སྤྲོས་ཏེ། ས་འོག་ས་སྟེངས་ཐ་གང་བར་མཛད་དེ། ས་འོག་ག་ཀྲ་རྣམས་ཀྱི།། ས་ས་ཀུན་ཏུ་གང་པར་བྱས་ནས་ཀླུའི་རྒྱལ་པོ་བརྒྱད་འཁོར་དང་བཅས་པ་བཏུལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཀུག་གོ། ་དེ་ནས་ཀླུའི་རྒྱལ་པོ་མཐའ་ཡས་གདུག་པའི་སེམས་ལངས་ཏེ་དབུགས་ཤིན་ཏུ་ཚ་བར་གཏོང་བར་སེམས་པ་དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏེ། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བྱིན་གྱིས་བརླབས་ནས་ཀླུ་ཐམས་ཅད་ཀྱིན ་སྡང་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་སྔགས་འདི་གསུངས་སོ། ། ཨོཾ་ནཱི་ལཱཾ་བཛྲ་ཀྲོ་དྷ་ནཱ་ག་ཧཱུཾ་ཕཊ་ཅེས་བཟླས་སོ།། དེ་ནས་ཀླུ་མཐའ་ཡས་སེམས་རབ་ཏུ་ཞི་སྟེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་པས་ཀླུ་ཐམས་ཅད་སེམས ་རབ་ཏུ་ནའོ། ། དེ་ནས་མཐའ་ཡས་ལ་སོགས་པའི་ཀླུ་རྒྱལ་ས་འོག་ན་བཞུགས་པ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཕྱི་མའི་དུས་ན་སྲད་མའི་ཚེ་སེམས་ཅད ་རྣམས་ལ་ས་འོག་གི་གདོན་རྣམས་ཀྱིས་བར་དུ་མི་གཅོད་ཅིང་དེ་དག་གི་གདུག་པ་ཞི་བར་བྱེད་པའི་ཆོ་ག་བཤད་དུ་གསོལ། བདག་ཅག་ཀླུའི་རྒྱལ་པོ་རྣམས་དང་བདག་ཅག་གི་འཁོར་རྣམས་ཀྱིས་སེམས་ཅན་ཆེན་པོ་དེལ་བར ་དུ་གཅོད་པར་མི་རུས་པ་བཤད་དུ་གསོལ། ། བདག་ཅག་ཀླུའི་རྒྱལ་པོ་རྣམས་ཀྱི་དོན་དུ་འགྱུར་བ་བཤད་དུ་གསོལ་ཞེས་གསོལ་བ་བཏའོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ཀླུའི་རྒྱལ་པོ་ཆེན་པོ་རྣམས་ལ ་ཅུང་ཟད་སྤྱན་གྱིས་གཟིགས་ནས་བཀའ་སྩལ་པ། ཀླུའི་རྒྱལ་པོ་དག་ལེགས་སོ།། ཞུ་བའི་དུས་ལ་བབ་བོ།། ངས་སེམས་ཅན་རྣམས་ཀྱི་དོན་དུ་རབ་ཏུ་ཕྱེ་སྟེ་བཤད་ཀྱིས་ཉོནད་ཅིག། བཅོམ་ལྡན་འདས་ལེག་སོ་ཞེས་གསོལ ་གས་ན་ལ་ས་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་འདུལ་བ་ཞེས་བྱ་བའི་ལེའུ་འདི་བཤད་དེ་དུ། སེམས་ཅན་ཀུན་མ་དོན་གྱི་ཕྱིར།། རྡོ་རྗེ་འཛིན་ཆེན་སྟོད་པ་དེས།། ཉིད་ཀྱི་འཁོར་ལ་རབ་གཟིགས་ཏེ།། འོད་ཟེར་ཀུན་ཏུ་རབ་བཀྱེནས ་གདོན་རྣམས་རླག་བྱེད་ཐབས་གསུངས་པ། ། དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་དང་།། དེ་བཞིན་བཅུ་བཞི་བཅཝ་ལྔ་ལ།། རབ་ཏུ་དབེན་པའི་ས་ཕྱོགས་སུ།། ཕྱག་ན་རྡོ་རྗེ་རབ་ཁྲོས་པ།། གཞོན་ཚུལ་འགྱིང་བ་རབ་བསམས་ལ།། ་རིན་ཆེན་སྡོད་དམཁམ་བོར་རུ།། གསེར་ལ་སོགས་པའི་རིན་ཆེན་བདུན།། དག་པར་བསྒྲུབས་ཏེ་རབ་བཅུག་ནས།། གསང་སྔག་ཐ་བརྒྱ་རྩ་བརྒྱད་བཟླས་ཏེ།། དཀོན་མཆོག་གསུམ་གྱི་བཀའ་བདེན་པས།། འབྱུང་པོ་དེ་ལ་གཏོར ་བྱིན་ཏེ། ། གང་གནས་རྟེན་སར་རབ་སྦས་ལ།། འབྱུང་པོ་ཀླུ་གདུག་ཞི་བར་འགྱུར།། གང་ཚེ་ཞི་བས་མ་ཕན་ན།། དེ་ཚེ་གདུག་པའི་མཚོན་ཆ་རྣམས།། རང་གི་ཁང་པར་རབ་ཏུ་འབར།། སྡུག་བསྔལ་མི་བཟང་དྲག་པོ་སྟེ།། དེ་ཚེ ་སྔོན་གྱི་སེམས་དྲན་པས། ། ཞི་བར་འགྱུར་བར་ཐེ་ཚོམ་མེད།། དེ་ནས་འདིར་བཅོམ་ལྡན་འདས་ཀྱིས་ལས་ཀྱི་ལྷའི་ཆོ་ག་རབ་ཏུ་གསུངས་པ། རྟག་ཏུ་བྱང་ཆུབ་སེམས་ཐོབ་ཅིང་།། དམ་ཚིག་སྡོམ་པ་ཀུན་ལྡན་པ།། ཁྲུས ་ཀྱི་ལས་རྣམས་ཀུན་བྱ་སྟེ། ། རྣམ་པར་དག་པའི་ས་གཞི་ལ།། དཀྱིལ་འཁོར་ཇི་ལྟར་མཛེས་པར་བྱ།། ཧཱུ~ཾ་ཡིག་ལས་བྱུང་ལྕགས་ཀྱུ་ཡིས།། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།། སྐད་ཅིག་མདུན་བསམས་མཆོག ་སོགས་བྱ། ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ་ཧཾ། སྟོང་པའི་ཏིང་ངེ་འཛིན་རྣམས་བསྒོམ།། ན་མཁའི་ཁམས་སུ་ཨ་དང་ནི།། ཟླ་བ་དང་པོ་ཡི་གེ་ཧཱུཾ།། འོད་ཟེར་ཀུན་དུ་འབར་བར་བསྒོམ།། འགྲོ་དྲུག་ཉོན་མོངས་ཀུན ་སྦྱངས་ཏེ། ། རྣམ་གྲོལ་ས་ལ་དེས་བཀོད་ནས།། འོད་བསྡུས་ཧཱུ~ཾ་གི་རྣམ་པར་བསམ།། དེ་ཉིད་རྡོ་རྗེ་རྩེ་ལྔ་ཅན།། འོད་ཟེར་ཕྲེང་བ་འཕྲོ་བར་བསམ།། དེ་ཡི་འོད་ཀྱིས་སེམས་ཅན་རྣམས།། རྡོ་རྗེའི་ངོ་བོར་ཐིམ་པར་བྱ།། དེ་ལས་ཁྲོ ་ཡ། ། བཅན་པའི་སྟེ།། སྒྲ་མདོག་སྔོན་པོ་ཆང་འབར་བ།། གཡོན་བརྒྱད་ན་ཆད་བཅུ་དྲུག་འཆང།། མཐའ་ཡས་ལ་སོགས་བརྒྱད་ཀྱིས་བརྒྱན།། སུ་མ་དག་ནག་པོའི་གཟུགས་ཅན་དེ།། ཞལ་ག་ཅིག་ཕྱག་གཉིས་རྡོ་རྗེ་བསྣམས། ན ་སྔོན་པོའི་ཟེར་འཇོལ་ཅན། ། སྤྱན་གསུམ་དམར་མཛེས་གྱེན་དུ་འཇིལ།། རལ་པ་གྱེན་བརྫེས་རྡོ་རྗེ་ཡི།། དབུ་རྒྱན་ཅན་དུ་བསམ་པར་བྱའོ།། དེ་ནས་ཡེ་ཤེས་ཁྲོ་བོ་ཆེ།། སྤྱན་དྲངས་ཛཿཧཱུཾ་བཾ་ཧོཿས་གཞུག། མགོ་དང་ལྐོག་མ། ་སྙིད་ཁ་རུ།། ཨོཾ་ཨཱཿཧཱུཾ་གི་རྣམ་པ་ཡི།། ཡི་གེ་བཅུ་གསུམ་སྔགས་ཀྱིས་བརྒྱན།། འཁོར་ལོ་པད་མ་རྡོ་རྗེ་བསམ།། མི་བསྐྱོད་རྡོ་རྗེས་དབང་བསྐུར་ཏེ།། ཀུན་འཇོམས་རྣམ་པར་དག་པར་བསམ།། དེ་ནས་བཅོམ་ལྡན་འདས་ཀྱིས ་འདིའི་རྩ་བའི་སྔགས་ལས་ཐམས་ཅད་པ་གསུངས་པ། ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུ~ཾ་ཧཱུ~ཾ་ཕཊ། རབ་ཏུ་བརྗོད་པར་བྱའོ།། སྔགས་ཀྱི་ཕྲེང་བ་དེ་དག་ཀྱང་།། ཞི་ལ་རབ་དཀར་དབང་ལ་དམར།། རྒྱས་ལ་སེར་པོ་དྲག་ལ་གནག ་རྟོག་པ་ཀུན་ཏུ་སྤངས་ཏེ་བཟླས། ། སྤྲོ་དང་བསྡུ་བའི་བྱེ་བྲག་གིས།། ཇི་ལྟར་མོས་པའི་བསམ་གཏན་བྱ།། མི་མོས་རྣལ་འབྱོར་རབ་ཏུ་སྤང་།། ཕྱག་ན་རྡོ་རྗེ་ཁྲོ་རྒྱལ་གྱིས།། དགེ་ཀུན་བརྟེན་པའི་ཡིད་འདི་ལ།། གང་བརྩོན་པ་དེ་ཕན་ཡོན ་ནོ། ། ཀུན་ཏུ་རབ་ཏུ་དགའ་སོགས་དག། མི་སྣང་ལ་སོགས་རབ་ཏུ་འགྲུབ།། ཀུན་བརྟེན་རབ་ཏུ་སྤྱད་དགེ་ཅན།། བརྟེན་ཅན་སྦྱོར་བ་རབ་ཏུ་དབེན།། དངོས་གྲུབ་མཆོག་ཏུ་རབ་ཏུ་འགྲུབ།། དཔལ་རྡོ་རྗེས་འོག་གི་རྒྱུད་ལས་ཞི་བའི་ལས་སྒྲུབ་པ། ་དང་ཀཱའི་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསལ་ཏོ།། བཅོམ་ལྡན་སྟོན་པ་རྡོ་རྗེ་འཛིན། བར་ཆད་འི་བྱེད་གཏོར་མ་ཨོཾ ་ག་མཆོག་ནི་བཤད་དུ་གསོལ། ། སེམས་ཅན་དོན་དུ་བརྩོན་ལྡན་པ་གྱི་ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེག་སོ་རྡོ་རྗེ་འཆང་བ་གཙོ།། བར་ཆད་ཞི་བའི་ཆོ་ག་ད་།། དངོས་གྲུབ་ཐབས་ཀྱི་ཆོ་ག་ནི། ་གཏོར་མ་ཀུན་གྱི་གཏེར་འགྱུར་བཤད།། རབ་ཏུ་མཛེས་པའི་སྣོད་མཆོག་ཏུ།། བཟའ་དང་བཅའ་བ་ལ་སོགས་པའི།། ཕུན་སུམ་ཚོགས་པ་རབ་ཏུ་བྱ།། སྟོང་པའི་ཏིང་ངེ་འཛིན་འཕྲོ་བས།། བུམ་ལས་མཛེས་པའི་སྣོད་བསྐྱེད་དེ།། ཁམ་ལྔ ་ཁ་ཟས་ནམ་མཁའི་ཁམས། ། མཉམ་པར་བསམས་ཏེ་སྔགས་འདི་བརྗོད།། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཱཾ་ཨ་དྷ་མྲཏྨ་བ་རནྣ་ཏྭད་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་དཱ་ཞེས་བརྗོད་དོ།། བདུད་རྩིར་བ་སེམས་ཏེ་རབ་ཏུ་སྤེལ།། སྤེལ་བ་གཉིས་ཀྱིས ་རྣམ་པར་སྤྱད། ། ནམ་མཁའི་སཱི་ལས་པད་མ་བརྒྱད།། དཔག་ཏུ་མེད་པ་བསམ་བྱ་སྟེ།། གཙོ་བོ་མགོན་པོ་རྣམ་ཐོས་བུ།། གནོད་སྦྱིན་བྱེ་ཚོགས་ཀྱིས་བསྐོར་ཅིང་།། ཀླུ་བརྒྱད་ཀྱིས་མཆོད་སྤྱན་དྲངས་བྱ།། གནོད་སྦྱིན་རྒྱལ་པོ་དེ་དག ་ལ། ། རྨུགས་འཛིན་གང་བ་བཟང་པོ་དང་།། ནོར་བཟངས་ཀུ་བེ་ར་དང་ནི།། ཡང་དག་འབྲོག་གནས་ལྔ་རྩེན་དང་།། བི་ཙེ་ཀུ་ཎ་ཌ་ལི་རྣམས་ནི།། འཁོར་གྱི་ཚུལ་གྱིས་གཙོལ་བསྐོར།། ཕྱོགས་དང་འཚམས་སུ་བསམ་པར་བྱ།། བྱེ་བའི ་འཁོར་ཚོགས་ཐུན་མོང་ཡིན། ། ཀླུ་བརྒྱད་གནོད་སྦྱིན་ཕྱི་ནའོ།། དེ་ནས་སྔགས་ཀྱུས་སྤྱན་དྲངས་ལ།། མ་བྲལ་གཙོ་དང་ལྕགས་ཀྱུའོ།། བཞོན་པ་སེང་གེ་རྟ་ཡི་ཚོགས།། ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ།། རིན་ཆེན་འབར ་བའི་རྒྱལ་མཚན་དང་། ། དོ་སུན་མ་སུ་། ན་བྱངས་ཟུ་།། ། གྷི་མདུང་ཁང་བརྩེགས་རལ་གྲི་ཕུ་བ།། མཚོན་ཆ་སྣ་ཚོགས་འཕྱར་བར་བསྒོམ།། སྤྱན་འདྲེན་ཆེན་རྔ་སོགས་དང་།། དུང་ཆེན་འབྲས་སྤོས་དག་ནི་དབུལ།། མོ ་ཐ་བ་ཎ་ས་པ་རིཀྵ་རི་ས་མ་ཡ་ཛཿཛཿཧཱུཾ་བ~ཾ་ཧོཿ་བི་སྭཱཿ། ཨོཾ་བཾ་ཤྲབ་ཎ་ཨཱ་ཀར་ཥཱ་ཡཱ་ཧཱུ~ཾ་ཛཿཞེས་སྤྱན་དྲང་བའི་སྔགས་སོ།། ཨོཾ་ཨ་མྲི་ཏ་ཀུཎ་ཌ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པ་ནི་བགེགས་བསྐྲད་པའི་སྔགས་སོ།། ་དེ་ནས་མེ་ཏོག་ལ་སོགས་པས།། མཆོད་པ་དག་ནི་ན་མཁའ་རུ།། རབ་ཏུ་མཆོད་དེ་སྤྲོ་བར་བྱ།། ཨོཾ་ནཱི་ལཱཾ་པ་ར་དྷ་ར་བཛྲ་པཱ་ཎི། ཨཱ་ཛྙཱ་བ་ཡ་ཏི་ཨི་མཾ་བ་ལཾ་གྲི་ཧ་རུ། ས་མ་ཡ་རཀྵན་ཏུ་མ་མ་སིད་དྷི་མེ་པྲ་ཡ་ཙྪརྡྷ་མ་མེ་ཀ་རྨཱ་ཨུ0f7f། ་སྭཧཱཏ་མོ་བེ་ཤྲ་བཎཱ་ཡ་སྭཱ་ཧཱ། ཨོཾ་ཛ་མ་བྷཱ་ལ་ཡ་སྭཱཧཱ། ཨོཾ་པུརྞ་བྷ་དྲཱ་ཡ་སཱཿ། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱཧཱ། ཨོཾ་ཀྲྀ་བེ་རཱ་ཡ་སྭཱ་ཧཱ། ཨོཾ་ས་པྲ་ཛྙཱ་ནཱ་ཡ་སྭཱཧཱ། ཨོཾ་གྷུ་ཧེཥྛན་ཡ་སྭཱཧཱ། ཨོཾ་པཉྩི་ཀ་ཡ་སཱ་ཧཱ། ཨོཾ་བཻ་ཙེ་ཀྲཎ་ཌ་ལཿ། ་ཨཱཿ། གཏོར་མ་དབུལ་བའི་སྔགས་སོ།། དེ་ནས་མཆོད་དེ་འགྲོན་རྣམས་བཏང་།། འོད་ཟེར་ལྕགས་ཀྱུ་དཀྲོལ་ནས་སུ།། བཀྲོལ་བའི་དུས་ན་གཤེགས་དང་མཉམ།། མཉམ་ལོངས་སྤྱོད་པའི་ཆོ་ག་བྱའོ།། རྡོ་རྗེས་འོག་གི་རྒྱུད་པས་གཏོང། ་མའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་འདོད་པའི་དོན་དུ་འཇིག་རྟེན་པའི་འཁོར་ལོ་ཀུན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུའི་བསྤུ་ན། ་འོད་ཟེར་སྤྲོས་རྣམ་ཐོས་སྲས་འཁོར་བཅས་ཀྱི་ཐུགས་བསྐུལ་ནས་འཁོར་དེར་འདུས་ཏེ་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་རིན་པོ་ཆེའི་ཕྱེ་མས་གཏོར་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་ཆོས་སྦྱོར་བའི ་ར་གྱལ་པོ་རྣམ་ཐོས་ཀྱི་བུ་ཞེས་བགྱི་བ་ལགས་ཏེ་བདག་གིས་ཆོས་དང་ལྡན་པ་རྣམས་ཀྱི་ཆོས་བསྲུང་ཞིང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བདག་ཉིད་ཀྱིས་གསང་བ་བཤད་ན་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་བར་ཅི་གནང་ཞེས ་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེག་སོ།། རང་གི་གསང་བ་ལེགས་པར་ཤོད་ཅིག། ངས་རྗེས་སུ་ཡི་རང་ཞིང་བྱིན་གྱིས་བརླབ་པར་བྱའོ།། རྡོ་རྗེ་འཆང་བུ་ཀུན་གྱིས་ཀྱང་བྱིན་གྱིས་རློབ་པར་འགྱུར ་གྱིས་ཁྱོད་ཀྱིས་ལེགས་པར་སྨྲོས་ཤིག་ཅེས་བཀའ་སྩལ་ཏོ། ། དེ་ནས་རྣམ་ཐོས་ཀྱི་བུ་རང་གི་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་རང་གི་རིག་པ་འདི་སྨྲས་སོ།། ཨོཾ་བེ་ཤྲ་བ་ཎཱ་ཡ་ཧཱུཾ་ཧཱུཾ་པ་ཙ་པ་ཙ། ཙྪིནད ་ཙྪིན་ད་སྭཱ་ཧཱ། ཞེས་བརྗོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་སྔགས་འདིའི་སྒྲུབ་པ་ནི་འདི་ལགས་ཏེ། གང་ཞིག་བདག་བསྒྲུབ་པར་འདོད་པ་དེས་དུས་གསུམ་དུ་མཆོད་པ་རྒྱ་ཆེན་པོ ་བཤམས་ཏེ་བདག་འཁོར་དང་བཅས་པ་མཆོད་ལ་སེམས་རྩེ་གཅིག་དང་ལྡན་པས་གནས་དབེན་པར་འདུག་འདུག་སྟེ། བཅོམ་ལྡན་ཕྱག་ན་རྡོ་རྗེ་སྒོམ་པ་པོས་བདག་གི་སྔགས་དེ་ཁྲི་ཕྲག་གཅིག་བཟླས། དེ་ནས་ལས་རྣམས་བསྒྲུབ་པར། ་བྱའོ།། དེ་ལྟར་བདག་བསྒྲུབ་པ་དང་བདག་གི་ལས་སྒྲུབ་པ་པོ་དེས་བདག་འཁོར་དང་བཅས་པ་ལ་གཏོར་མ་དང་མཆོད་པ་རྒྱ་ཆེན་པོས་མཆོད་པར་བྱའོ།། དེ་ལ་བདག་དང་བདག་གི་འཁོར་རྣམས་ལ་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་དབུལ ་བའི་སྔགས་ནི་འདི་རྣམས་ཡིན་ཏེ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཛ་མ་བྷཱ་ལཱ་ཡ་སྭཱ་ཧཱ། ཨོཾ་མ་ཎི་བྷཱ་དྲཱ་ཡ་སྭཱ་ཧཱ། ཨོཾ་པུཎ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཀྲུ་བེ་རཱ་ཡ་སྭཱ་ཧཱ། ཨོཾ་ས~ཾ་པྲ་ཛྙཱ་ནཱ་ཡ་སྭཱཧཱ། ཨོཾ་གྷུ་དྱ་ཀཱནྡ་ཡ་སྭཱ་ཧཱ། ཨོཾ་པཱཉྩི་ཀཱ་ཡ་སྭཱ་ཧཱ། ་ཨོཾ་བི་ཙི་ཀུཎ་ཌ་ལི་ཡེ་སྭཱ་ཧཱ། ཞེས་པའི་སྔགས་དེ་རྣམས་ནི་བདག་གི་འཁོར་དང་བཅས་པ་ལ་མཆོད་པ་དང་གཏོར་མ་སྦྱིན་པའི་སྔགས་གཉིས་སུ་ཤེས་པར་བྱའོ།། དེ་ནས་བདག་གི་ལས་བསྒྲུབ་པ་ནི་བདག་གིས་བཤད་ཀྱིས་བཅོམ ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་ནས་འདིའི་ལས་བཤད་པ་ནི། གང་ཟག་གང་གིས་བསྒྲུབ་འདོད་པས།། བསད་དང་སྦྱིན་བསྲེག་མནན་པ་གསུམ།། རིམ་པ་ཇི་བཞིན་ཤེས་པར་བྱ།། བསྒྲུབ་བྱ་བསྟན་ལ ་སྡང་བ་རྣམས། ། སྤྲ་ཚིལ་ལོ་སོགས་གཟུགས་བྱས་ལ།། དགུག་དང་གཞུག་སོགས་དབང་དུ་བྱ།། ཡིག་འབྲུ་བཅཝ་བརྒྱད་སྔགས་ཀྱིས་ནི།། དུས་གསུམ་བརྡེག་པར་རབ་བྱས་ནས།། འཕྲལ་དུ་ཡིད་ཆེས་འཇོམས་པ་སྟེ། ་བསྒྲུབ་བྱ་གསོད་པར་ཐེ་ཚོམ་མེད།། གལ་ཏེ་སྦྱིན་བསྒེག་བྱེད་པ་ན། ཞི་རྒྱས་དབང་དང་མངོན་སྟོད་ལས།། འདིར་ནི་དྲག་པོས་བསྔལ་བར་བྱ།། མེར་སྐར་ཚུལ་རབ་བསྲེག་བྱ།། ཐབ་ཁུང་རབ་དང་འབྲིང་ཐ་མ།། རབ་ཀྱིས་མཐོ་གསུམ ་འབྲིང་གིས་དོ། ། ཐམས་མཐོ་གང་ཚད་དུ་བྱ།། བུད་ཤིང་ཆེར་མ་ཅན་ཤིང་གིས།། ཀུན་ཏུ་དྲག་པོ་རབ་ཏུ་བསྒྲུག།། པགཟན་ཡུངས་དཀར་མེ་བ་སྲེག་ཅིང་།། སྡང་བའི་ལུས་དག་ཡིད་གསུམ་རྣམས།། རྫས་ལ་བསྟིམས་ཏེ་སྦྱིན་ན ་བྱ། ། འཁོར་བཅས་གནོད་སྦྱིན་མེར་བསམས་ཏེ།། བསྲེག་པའི་རྫས་ཀྱིས་མཆོད་པའམ།། ལས་མེ་གནོད་སྦྱིན་རྫས་ཀྱིས་བྲག།། གང་ལྟར་བྱས་ཀྱང་འགྲུབ་པར་འགྱུར།། དེ་ཚེ་བསྟོད་པ་འདིས་ཀྱང་ནི།། རྩེ་གཅིག་སེམས ་ཀྱིས་བསྟོད་པར་བྱ། ། ཧཱུཾ་ཀུན་འདུལ་མི་བཟད་གནོད་སྦྱིན་སོགས།། གདུག་པ་དཔལ་ཚ་རབ་ཏུ་འཇིགས།། ཁྲོ་བོ་རྔམ་པ་ཆེར་སྒྲོགས་པ།། འཁོར་བཅས་རྣམས་ལ་ཕྱག་འཚལ་བསྟོད།། ཨོཾ་བཻ་ཤྲ་བ་ཎ་པཱུཥྤེ་ཧཱུ~ཾ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ ་ཎ་དྷཱུ་པེ་ཧཱུཾ་སྭཱ་ཧཱ། ཨོཾ་བཻ་ཤྲི་བ་ཎ་དཱི་པེ་ཧཱུ~ཾ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎ་གནདྷེ་ཧཱུཾ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎ་ནི་ལླེ་ཏྱེ་ཧཱུ~ཾ་སྭཱ་ཧཱ། གཙོ་བོ་གནོད་སྦྱིན་འཁོར་ཀྱང་མཆོད།། དེ་ནས་རིམ་པས་མཆོད་པ་ནི།། གསང་སྔགས་ཀུན་ཏུ་སྤེལ་ཏེ་བཟླས། ་སྤྲོ་དང་བསྡུ་བ་ཀུན་དུ་བྱ།། སྤེལ་བྱེད་ཀུན་གྱི་ཐུན་མོང་ཡིན།། ཨོཾ་བཾ་ཤྲ་བ་ཎ་ཡ་ཆེ་གེ་མོ་མཱ་ར་ཡ་ཕཊ་སྭཱ་ཧཱ། གཙོ་བོ་ཇི་ལྟར་འཁོར་ཀྱང་དེ།། རང་གི་རིག་པས་མཆོད་པར་བྱ།། རིག་པ་ཀུན་དུ་བརྟེན་བྱས་ནས།། རྡུལ་ཕྲན ་བཞིན་དུ་བརླག་པར་བསམ། ། ཕྲིན་ལས་བཅོལ་ལ་གཏོར་མ་བཏང་།། གཏོར་དང་གཏོར་མའི་རིམ་པ་ནི།། གོ་རིམས་བཞིན་དུ་དབུལ་བར་བྱ།། ཞི་བའི་ལས་ཀྱི་རིམ་པ་ནི།། ཐབ་ཁུང་མཐོ་གང་ཆད་ཉིད་ལ།། བསྲེག་རྫས་ལ་སོ། ་རབ་ཏུ་དབུལ།། ལུས་ངག་ཡིད་གསུམ་སྡིག་བཅོམ་ནས།། ཡེ་ཤེས་མེ་ཡི་ངོ་བོར་བྱ།། སྣོད་དང་ཐབ་ནི་དོར་བར་བྱ།། དེར་ནི་གདོན་རྣམས་ཀུན་བསྲེག་ཅིང་།། བགེགས་ཆེན་ཞི་བའི་ལས་ཀྱང་བྱ།། རྒྱས་དང་དབང་དུ་བྱ་བ་ལ།། ་ལས་དང་བྱེ་བྲག་རིམ་པ་རྣམས།། སྔར་བཤད་པ་ཡི་ལས་བཞིན་དུ།། ཐབ་དབྱིབས་བྱེ་བྲག་ཤེས་པར་བྱ།། སེར་དང་དམར་བའི་བུད་ཤིང་སོགས།། རིམ་པ་རྫས་ལྡན་དབུལ་བ་ནི།། ཨོཾ་བཻ་ཤྲ་བ་ཎ་ཡ་དྷ་ནཾ་པུཥྤཾ་ཀུ་རུ་ཡཾ ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎ་པ་ཤི་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎ་ཡེ་ཤཱན་ཏིད་ཀུ་རུ་ཡེ་སྭཱ་ཧཱ། གཙོ་བོ་ཇི་བཞིན་འཁོར་བཅས་ནི།། རིགྲ་པའི་རྫས་ཀྱིས་མཆོད་པར་བྱ།། བསྲེག་པའི་རྫས་ནི་བག་ཟན་དང་།། ཡུངས་ཀར་མདང ་སོགས་རིམ་པས་མཆོད། ། ཕྲིན་ལས་རྣམ་པ་ནི་ཀུན་འགྲུབ་སྟེ།། བརྩེ་བར་བརྩོན་པས་ཉེ་བར་འགྲུབ།། འབྲིང་དང་ཐམས་འབྲིང་དང་ནི།། ཐ་མ་ཉིད་དུ་ཤེས་པར་གྱིས།། དེ་ནས་བཅོམ་ལྡན་འདས་ལ་རྣམ་ཐོས་ཀྱི་བུ་འཁོར་དང ་བཅས་པ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་བཤད་པའི་ལས་འདི་རྣམས་བསྒྲུབཔ་པོ་དེས་དུས་རྒྱུན་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་། གནོད་སྦྱིན་རྣམས་ལ་དཀར ་གསུམ་གྱིས་མཆོད་པར་བྱའོ། ། ཆང་ཀུན་ཏུ་སྤང་བར་བྱའོ།། ཤ་རྣམས་ནི་འོས་པ་དང་།། ཤིས་པ་དྲང་བར་བྱའོ།། དེ་ལྟར་རྩེ་གཅིག་གིས་བདག་ཅག་བསྒྲུབ་པ་དེ་རྣམས་ཀྱི་ཕྲིན་ལས་ཇི་ལྟ་བ་བཞིན་དུ་བདག་ཅག་གིས་མ་བསྒྲུབས་ན། ་བདག་ཅག་གིས་བཅོམ་ལྡན་འདས་ལ་འཁྲུས་པར་གྱུར་ཅིག་བདག་ཅག་གིས་ཚེས་མ་བསྐྱངས་པར་བྱས་པ་ཡིན་ནོ།། དེ་ལ་བདག་གི་བྲོ་ཚིག་ནི་འདི་ཡིན་ནོ།། ཨོཾ་བཻ་ཤྲ་བ་ཎ་ཨར་ཐ་ཁ ་ཐ་མ་ཞེས་པའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་ཐོས་ཀྱི་བུ་ཆེན་པོ་ལེགསོ་ཤིན་ཏུ་རབ་ཏུ་ལེག་སོ།། མ་འོངས་པའི་གང་ཟག་གི་དོན་དུ་རང་གི་གསང་བ་སྤྲས་པ་ནི་དོན་ཆེན་པོ་དང་ལྡན་ནོ།། ངས་ཀྱང་དེ ་རྣམས་ཀྱི་ངེས་པར་འགྲུབ་པར་བྱ་བའི་ཕྱིར་སྔགས་འདི་བཤད་ཀྱིས་ཉོན་ཅིག། བཅོམ་ལྡན་འདས་ལ་ལེགས་སོ་ཞེས་རྣམ་ཐོས་ཀྱི་བུ་ལ་སོགས་པ་རྣམས་ལྟར་ཉན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨོཾ ་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་བཛྲ་སྥོཊ་ཧཱུཾ་ཕཊ་སྭཱ་ཧཱ། རིག་པ་འདི་ནི་ལས་ཐམས་ཅད་དབང་དུ་སྡུད་པའི་སྔགས་སོ།། རྣམ་ཐོས་ཀྱི་བུ་ཆེན་པོས་ཇི་ལྟར་ཁས་བླངས་པ་ལྟར་གསང་པ་དང་ལྡན་པར་བྱེད་པའོ།། དེ་བཞིན་གྱུར་ཞེས ་སྲནས་ནོད་སྦྱིན་མི་སྣང་བར་གྱུར་ཏོ། ། རྡོ་རྗེས་འོག་གི་རྒྱུད་ལས་རྣམ་ཐོས་སྲས་ཀྱི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་པ་འོངས་པའི་སེམས་ཅན་རྣམས་ཀྱི་དན་དུ་གདུག་པ་ཅན་ལ་བསྣུན་པའི་འཁོར་ལ་བཤད་དུགས་པ་ཞེས་གསོལ་བ་བཏབ་བོ།། ནས་བཅོག་ལྡན་འདས་ཀྱིས་ཅང་མི་གསུང་བར་ཐུགས་ཀྱིས་གངང ་རང་གི་ཐུགས་གནས་འོད་ཟེར་ཀུན་ཏུ་ཁྱབ་པར་སྤྲོས་ཏེ། སེམས་ཅན་ཐམས་ཅད་བྱབས་པས་ཁྱབ་པར་མཛད་ནས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ངས་ཚག་གི་ལ་བསྣུན་པའི་འཁོར་ལོ་བཤད་ཀྱིས་ཁྱོད་གཅི། ་ཉོད་ཅིག་དེ་ལྟར་འཚལ་ལོ་ཞེས་ལྟར་ཉན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་འཁྲུལ་འཁོར་བྱེད་འདོད་པས། ཉམས་དགའ་དབེན་པའི་གནས་དག་གྱ།། ཕྱག་ན་རྡོ་རྗེའི་རྣལ་འབྱོར་བྱ།། སྣོད་བཅུང ་རྡོ་རྗེ་གཏུམ་པོར་བསྒོམ། ། རླུང་ནས་རི་རབ་མཐར་ཐུག་པ།། རྡུལ་སྙེད་གྲངས་ཀྱི་སྐུ་རུ་བསམ།། དབུས་ན་ཕྱག་རྡོར་རྣལ་འབྱོར་བསྒོམ།། རི་བོང་འཛིན་པ་ཞབས་ཀྱིས་བརྡབས།། སྟེང་གསུམ་ཚད་ཀྱི་ཟླ་བ་ལ།། བགེགས ་ཆེན་ཀུན་ཏུ་འངར་བར་བསྒོབ། ། སྦྲུལ་ཉིམ་སྟོང་ལྡན་པའི།། གཟི་བརྗིད་བཟོད་དཀའི་འོད་ཟེར་གྱིས།། བགེགས་རྣམས་མ་ལུས་འཚིག་པར་བསྒོམ།། ལྗགས་ལས་བཟླས་པའི་སྔགས་ཕྲེང་གིས།། སྟོང་གསུམ་གང ་བར་རབ་ཏུ་བསྒོམ། ། རྒྱན་དུ་བྱས་པའི་ཀླུ་བརྒྱད་ཀྱིས།། བརླངས་ཆེན་པོ་བཏང་བ་ལས།། ལྷ་ཀླུ་ཐམས་ཅད་སྐྲག་པར་འགྱུར།། ཐུགས་ལས་ཁྲོ་སྤོས་དེ་དག་གིས།། བསྐལ་པའི་རླུང་ལྟར་འཐོར་བར་འགྱུར།། ཕྱག་གིས་རྡོ་རྗེ་རབ ་བསྲུན་པས། ། སྐྱུགས་གཟེར་བཞིན་དུ་བསྣུན་པར་འགྱུར།། ཧཱུཾ་ཧཱུཾ་འབྲུག་ལྟར་རབ་ཏུ་སྒྲོགས།། སྐད་ཀྱིས་ཀུན་ཏུ་བཀུག་པར་བསམ།། དེ་ལྟར་བྱས་འགྱུར་ཐམས་ཅད་འགྲུབ།། ལས་ཀྱིས་མནར་བ་འཇིག་པར་འགྱུར།། ཕྱག་ན་རྗོང་། ་མི་ཤེས་པར།། གང་ཞིག་གཞན་བསྒྲུབསྐལ་དམན་པར།། འདི་ལ་གང་འགྲུབ་ཐམས་ཅད་འགྲུབ།། མཆོག་དང་ཐུན་མོང་བྱེ་བྲག་གོ།། རྡོ་རྗེས་འོག་གི་རྒྱུད་ལས་བསྣུན་པའི་འཁོར་ལོ་སྟེ་ལེའུ་བཞི་པའོ།། ། དེ་ནས་གཞན་ཡང ་འཁྲུལ་ལཁོར་གྱི། ། ཆོག་རྡོ་རྗེ་འཛིན་པས་གསུངབ།། གྲོག་འམ་ཤིང་ཀུན་དགལན།། རི་མིག་ནི་ཤུ་རྩ་གཅིག་པའི།། འཁོང་མོདག་ནི་བ་ཟིས་ཏེ།། ཐ་བ་ཡང་ཀྱི་རོལ་བཅས།། རྩེ་གཅིག་སེམས་ཀྱིས་རབ་ཏུ་གི།། བུས་ས་། ་ཟོ་ཡི་གེ་དགོད།། གཉིས་པར་དོར་འཛིན་ཡི་གེ་སྟེ།། གསུམ་པ་བཛྲ་ཞེས་པ་དང་།། བཞི་པར་ཚྭ་ཡིག་དང་པོར་དགོད།། ལྔ་པར་ཎི་ནི་རབ་ཏུ་དགོད།། མཚམས་བཞིར་བསྒྲུབ་བྱའི་གསོད་སྙིང་བྲི།། དེ་ནི་ནང་གི་རེ་མིག་གོ།། བྱི་མ ་མིག་བཅུ་གཉིས་ལ། ། ཨོཾ་སྤངས་ཡི་གེ་བཅུ་གཉིས་ལ།། དེ་ཡི་གསང་སྔགས་འདི་ཡིན་ཏེ།། རཱྀ་ལཱཾ་བར་དྷ་ར་བཛྲ་པཱ་ཎ~ཾ་བྷུ་ཕཊ་ཞེས་བྱའོ།། རབ་ཏུ་རྫོགས་པའི་འཁོར་ལོ་སྟེ།། བསྒྲུབ་བྱའི་སྙིང་ཁར་དྲིལ་དེ་གཞུག། དང་པོའི་མཐའ། ་ནས་དྲིལ་བར་བྱ།། དེ་ནས་སྦྱིན་བསྲེག་ཆོ་ག་བྱ།། གལ་ཏེ་མནན་པ་བྱེད་འདོད་པས།། སྔར་བཞིན་འཁྲུལ་འཁོར་རྫོགས་བྱས་ནས།། མཐའ་དུ་མནན་པའི་ཆོ་ག་བྱ།། ཁཾ་བོར་གསར་པ་ཁ་སྦྱར་དུ།། བཅུག་ནས་རྡོ་རྗེ་རྒྱ་གྲམ ་བྲི། ། རྡོ་རྗེ་སྤྱན་གྱིས་རབ་སྦྱར་ནས།། གཙུག་ལག་ཁང་སོགས་མནན་པར་བྱ།། གལ་ཏེ་རེ་མིག་མི་འདོད་ན།། རྩིབས་བཅུ་གཉིས་པའི་འཁོར་ལོ་ལ།། ཧཱུཾ་ཡིག་དབུས་སུ་རབ་དགོད་དེ།། ལྷག་མ་བཅུ་གཉིས་རྩིབས་ལ་དགོད།། བྲིག ་རྫོགས་ན་སྙིང་ཁར་གཞུག། དགུག་དང་གཞུག་སོགས་བྱས་ལ་བསྲེག། མི་འདོད་མནན་པའི་ཆོ་ག་བྱ།། མར་གྱི་རུས་ལ་ཤིས་པ་ཡིན།། འཁྲུལ་འཁོར་ཇི་ལྟར་བྲིས་པ་ལྟར།། གང་འདོད་ལས་ལ་ཐེ་ཚོམ་མེད།། དཔེར་ན ་མེ་ལྕེས་རྩུབསྲེགས་འདྲ། ། གང་ཡང་གནས་པར་མི་འགྱུར་རོ།། བྲི་བའི་འཁྲུལ་འཁོར་གྱི་ཆོ་ག་སྟེ་རྡོ་རྗེ་ས་འོག་གི་རྒྱུད་ལས་ལེའུ་ལྔ་པའོ།། །། དེ་ནས་ཡང་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི ་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཐམས་ཅད་ཟབ་མོའི་སྤྱོད་ཡུལ་ལགས་པས་སྦྱིན་བསྲེག་ལ་སོགས་པས་གྲོལ་བར་ཅད་འགྱུར་ལགས་སམ། བདག་གི་ཐེ་ཚོམ་བསལ་ཏུ་གསོལ།། ཞེས་ཞུས་སོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། ། ལག་ན་རྡོ་རྗེ་སྙིང་རྗེ་ཆེ།། དད་པའི་ཤུགས་ཀྱིས་རབ་ཉམས་ཏེ།། དཀྱིལ་འཁོར་རྫས་ཀྱི་སྦྱོར་ལྡན་ཞིང་།། སྦྱིན་བསྲེག་ལས་དང་དེ་ཉིད་ཤེས།། སྡོམ་པ་དམ་ཚིག་རྒྱུད་ལྡན་ན།། མཚན་མས ་གྲོལ་བར་འགྱུར་བ་སྟེ། ། དཀྱིལ་འཁོར་སྦྱིན་བསྲེག་རྫས་ལ་སོགས།། མེད་ན་དངོས་གྲུབ་མི་འགྲུབ་པས།། སྦྱིན་བསྲེག་ལས་ནི་འབད་པས་བརྩ་མོ།། འཕྲིན་ལས་བཞི་ཡི་སྦྱིན་བསྲེག་ལས།། དྲག་པོའི་རིམ་པ་བྱ་བ་ནི།། ཁྲུ་བཞི་པ ་ཡི་དཀྱིལ་འཁོར་ལ། ། དབུས་སུ་ཟུར་གསུམ་ཁྲུ་རེ་ཚད།། ཟབས་སུ་ཁྲུ་ཕྱེད་བརྐོ་བར་བྱ།། ཕྱི་རོལ་རིམ་པ་གསུམ་ལྡན་པ།། དབུས་སུ་རྡོ་རྗེའི་མཚན་མ་བྲི།། རིམ་པ་གསུམ་ལ་རྡོ་རྗེ་ཡི།། རྩེ་གསུམ་ཕྲེང་གིས་བསྐོར་བ་བྲི། ་འཚམས་སུ་ལྕགས་ཀྱུ་བྲི་བར་བྱ།། ཚེ་རམ་ཅན་གྱི་ཤིང་བུ་ནི།། ཁྲུ་གང་ཚད་ཀྱིས་རབ་ཏུ་ཤིས།། དུག་དང་ཁྲག་དང་སྐེ་ཚེ་སོགས།། རྫས་ནི་རིམ་པར་ཤེས་པར་བྱ།། བདག་ཉིད་ལྔ་ཡི་རྣལ་འབྱོར་གྱིས།། ཡེ་ཤེས་ཁྲོ་བོ་སྤྱན ་དྲངས་ཏེ། ། འཇིག་རྟེན་གསུམ་འདུལ་གཟུགསུ་བསམ།། མཆོད་པའི་རིམ་པ་རབ་ཏུ་དབུལ།། དེ་ལ་སྦྱིན་བསྲེག་གི་སྔགས་གསུངས་པ་འདི་ཡིན་ཏེ། ཨོཾ་ནཱི་ལཱཾ་པ་ར་དྷ་ར་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་སརྦ་དུཥྚཱ་ན་སརྦ་བྷ་སྶ ་རུ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་པས་རྫས་རྣམས་བསྲེག་གོ། ། དྲུག། ཁྲག་ཏེ་ཚེ་ལན་ཚྭ་ལས།། གཟུགས་བྱས་རབ་ཏུ་བསྒྲུབས་ཏེ་བསྲེག། ཨོཾ་ནཱི་ལཱ~ཾ་བ་ར་དྷ་ར་བཛྲ་པཱ་ཎི་ཡཀྵ་ཁ་དྷ་ཡ་ཁ་དྷ་ཡ ་བན་དྷ་ཡ་བན་དྷ་ཡ་མོ་ཧ་ཡ་མོ་ཧ་ཡ་ཤཱ་ཏྲཱུཾ་ཨཱ་ཀར་ཥཱ་ཡ་ཧཱུཾ་ཕཊ། གཟུགས་ལ་ཟབ་པའི་སྔགས་སོ།། ཨོཾ་ནཱི་ལཱཾ་བ་ར་དྷཱ་ར་བཛྲ་པཱ་ཎི་ཤཱ་དྲུཾ་གྲི་ཧྞ་ཨཱ་ཀར་ཥཱ་ཡ་ཧཱུཾ་ཛཿཛཿའགྲོ་བ་དགུག་པའི་སྔག་སོ།། དེ་ལྟར་སྦྱིན་བསྲེག་རེག ་བྱས་ནས། ། ཆུ་བོ་སྐམས་དང་ཀླུ་ཤིང་གཙང་།། གྲང་ཆེན་གཡང་ལྟུང་མེ་ཆེན་འབར།། ནད་དང་ཡམས་སོགས་བྱུང་བའི་ཚེ།། ཞི་བ་མཆོག་གི་ལས་བསྒྲུབས་ཏེ།། ཐབ་ཁུང་ཟླུམ་པོ་རབ་དཀར་བ།། རིམ་པ་གསུམ་ལྡན་ཁྲུ ་ཐཟླ་ས་རྣསས། ། བར་མས་གཅུགས།། དེ་སནས་རྣམ་པ།། དེས་ཐུབ་པ་པར་བྱམས་པ། དུ་། མ་པས་ན་དོན་བ་ཅ་ཐུབ། འགྲོབར་དན་པ་ན ་བདྨ་མེན་ས་ཚིག་དྲུགས་པ། ། ཕྱི་བ་བས་སྔོན་པར་འབྱུང་བ།། གན་པ་རྗེ་རིགས་གསཔ།། པས་བསྒྲུབ་པར་ཆེག། དངས་རྣཾམ་ཆོག་གི་ལྷུན་མས་རྗིན་མན་ཐངས་པ ་དེནས་ན་ད། ། ང་ཆེན་ས་ནས།། ག་དངལ ་མ་གྱི་ཆོག་པ་ཤད་པར་བྱ། ། དུག་ལ་སོགས་པའི་རྫས་རྣམས་ལ།། གང་འདོད་པའི་གཟུགས་བྱས་ཏེ།། མང་ལར་ལརྒྱལ་འཁོར་རབ་ཏུ་ག་ག། བདག་ཉིད་ལས་ཀྱི་སྣར་གས་ལ་པས།། གཞནང་དུ་རབ་བཅུ། ་མཚོན་ཙ་མ་གྲ་སཱ་ལཱ་ད་ཀྲི།། སྙིང་ཁའི་ལྕགས་སྨྲས་པ་བཀུག་ནས།། ཡི་གེ་བཅུགསས་འཁྲུལ་འཁོར་བཟླས།། འགུལ་ག་མ་ཡ་ནི་རྟགས་ཀྱང་ནས།། ཆུ་ཆེན་གཞུང་ལ་གཏད་པར་བྱ། ་ཏགས་དེ་མ་བྱུང་ན།། དྷ་དྲ་ཡ་ཡི་ཁྲབ་དང་།། ཁྲག་དང་དག་པསྲེས་རབ་ཐུགས་ཏེ།། ཚེར་མ་རྒྱན་གྱི་ཤིང་དམེས་བཟེག། ཨོཾ་ནཱི་མྦྷ་བར་དྷ་ར་བཛྲ་པཱ་ཎི་སྟ་མ་བྷ་ཡ་མོ་ཏ་ཡ་བན་དྷ་ཡ་ད་ཏན་ཡ་ཧཱུ~ཾ་ཧཱུ~ཾ་ཕ་ག། དུས་གནམ་དག་ཏུ ་བདྲུགས་བྱས་ནས། ། གད་དན་ཚོགས་གདོན་པར་མྱེད།། དེ་ནས་སྔགས་འདིས་ཆུབ་དོང་།། མོ་ཙན་ནས་རོ་ས།། རྐྱེན་གྱིས་དྲིལ་ནས་རབ་ཏུ་པོར།། བསམ་པས་རྒྱའི་རྒྱ་མཚོར་སྟེར།། དེ་ནས་མ་ལྡག ་རྩོར། ། སྔགས་འདི་ཀུན་ཏུ་བརྔས་པར་བྱ།། མོན་ཙཱ་བང་དྷ་བཛ་དྲུག་ལ་ནན་པ་ཅེས་སྤྱན་ཏུ་བཟླས་པར་བྱའོ།། དེ་ནས་ལས་དེངེས་པར་འགྲུ་གོ། རྗེས་གོ་མ་པ་འི་མ་གྱི། ན་པ།། ་དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་སེམས་ཅན་རྣམས་ཀྱི་དོན་དུ་སྔགས་ཀྱི་ལེའུ་འདི་གསུངས་སོ།། ཨོཾ་ནརྀམྦི་བར་དྷར་འཛབ་ཎི་ཧཱུ~ཾ་ཧཱུ~ཾ་ཕཊ།། བཅོམ་ལྡན་འདས་ཀྱིརྩ་བའི་སྔགས་ལས་ཐམས་ཅད་བསྒྲུབ་པའི ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གས་པའོ། ། འདིས་ནི་མ་བསྒྲུབས་པར་ཡང་ལས་ཐམས་ཅད་འགྲུབ་སྟེ།། ཕྱག་རྒྱ་ཐམས་ཅད་འཆིང་བ་བསྒྲུབ་པ་ལ་ནི་རྡོ་རྗེ་ཁུ་ཚུར་གྱིས་སོ།། དམ་ཚིག་ཐམས་ཅད་བསྒྲུབ་པ་ལ་ནི ་རྡོ་རྗེ་རབ་ཏུ་ག་དེངས་པས་སོ། ། སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་རྡོ་རྗེ་བཞད་པས་སོ།། ཐམས་ཅད་ལུགས་པར་བྱ་བ་ལ་ནི་རྡོ་རྗེ་དྷ་སྨྲས་སོ།། ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་ལ་ནི་རྡོ་རྗེ་ཀུམ་ཏས་བྱའོ།། ་ཐམས་ཅད་འདུལ་བ་ལ་ནི་རྨ་བྱའི་མཇུག་སྤྲོས་བྱའོ།། དགྲ་ཐམས་ཅད་གསང་བ་ལ་ནི་འཁྲུལ་འཁོར་གྱིས་སོ།། ནོར་བསྒྲུབ་པར་འདོད་ན་ཛམ་བྷ་ལའི་ཆུ་སྦྱིན་གྱིས་བྱའོ།། བགེགས་འཕང་བར་འདོད་ན་ཏིང་ངེ་འཛིན་གྱིས་བྱའོ།། ་ཐམས་ཅད་འགགས་པ་ལ་ནི་རྡོ་རྗེ་ལྕགས་ཀྱུས་བྱའོ།། རིམས་བསྲུངས་པ་ལ་ནིརྩཝ་ཀུ་ཤའི་འབྲུམ་བུས་བྱའོ།། ཀླུ་བསྒྲུབ་པར་འདོད་ན་མཚར་བུའི་ལྷག་མ་དང་བདུད་རྩི་ཆུས་བྱའོ།། ཕ་རོལ་གྱི་དཔུར་འཇོམས་པར་འདོད་ན་གུ་གུལ ་གྱིས་བྱའོ། ། ལས་རྣམས་ལ་སྔགས་འབུམ་གྱིས་བྱའོ།། རྡོ་རྗེ་ས་འོག་གི་རྒྱུད་ལས་སྔགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་གཞན་ཡང་བཟླས་པ་ཡི།། ངེས་པ་འདིར་ནི་བཤད་པར་བྱ།། གང་ཞིག་དངོས་གྲུབ་སྒྲུབ ་འདོད་པས། ། དམ་ཚིག་སྡོམ་དང་རབ་ལྡན་པས།། བདག་ཉིད་ལས་ཀྱི་ལྟར་བསྒོམས་ཏེ།། ཡེ་ཤེས་ཁྲོ་བོ་སྤྱན་དྲངས་ཏེ།། ཛཿཧཱུཾ་བཾ་ཧོཿས་དགུག་སོགས་བྱ།། རང་སྙིང་ཟླ་བར་སྔགས་ཀྱི་ཕྲེང་།། དངུལ་སྒྱུམ་ལྟ་བུར་རབབསམས་ཏེ། ་མཱ་ར་ད་ལགས་ལ་དང་མིགས་ལ་སྤང་།། ཡིད་ཀྱིས་བསྒྲིམས་པའི་བཟླས་པ་བྱ།། མཆོད་པ་རྣམ་པ་ལྔས་ཀྱང་མཆོད།། རབ་ཏུ་བསྒོམ་པའི་བཟླས་པ་འདིས།། གང་འདོད་དངོས་གྲུབ་ངེས་པར་འགྲུབ།། ཨོཾ་ཨཿཧཱུ~ཾ་མུ་གསུང་ཐུགས ་བྱིན་གྱིས་བརླབ་པའི་སྔགས་སོ། ། ཨོཾ་བཛྲ་པཱ་ཎི་ཨ་བྷིའི་ཉྩ་མཱཾ།། དབང་བསྐུར་བའི་སྔགས་སོ།། ཨོཾ་བཛྲ་པཱ་ཎི་ཏི་ཏྲཱཾ། ཐུགས་བརྟན་པའི་སྔགས་སོ།། སྒྲ་དང་ཐུགས་ཀྱི་གསང་བ་དང་།། གསུང་གི་གས་རབ་མ་ལུས་པས།། མྱུང ་དབྱང་ཆུབ་ལ་རེག་འགྱུར། ། གང་ཆ་བསྒྲུབ་ལ་བརྩོན་ལྡན་པ།། ཚིགཅིག་འབྲས་པ་མང་ཐོབ་འཐང་།། གཉིས་མེད་རང་བཞིན་རྡོརྗེ་ཅན།། མཁའ་དཀྱིས་ཇི་ཀུན་ཏུ་ཁྱབ།། བརྗོད་པང་རྟོག་བྲལ་དེ་ཉིད་དོ།། ལྡན་གྲུབ་དང་ལ་བ ་གཞག། ཧཱུཾ་དང་ཨ་ཡི་རྣམ་པ་ཅན།། ཇི་ལྟར་ཆུ་ཡི་ཟླ་བ་བཞིན།། མ་ཡེངས་སེམས་ཀྱིས་རྒྱུན་ཏུ་བསྒོམ།། ཨེ་མ་ཧོ་མགོན་པོ་བཅོམ་ལྡན་འདས།། མཆོག་ལས་མཆོག་དུ་རྣམ་པར་རྒྱལ།། ཨེ་མ་ཧོ་སྤྲུལ་པའི་རྣམ་པ་སྐུ།། སྒལ ་རབ་ཏུ་དམིགས་པ་མེད། ། མམ་ཆེན་ཀུན་གྱི་སྤྱོད་ཡུལ་ཡིན།། རངགས་ལ་ཉིད་ལ་རྣམ་པར་དག། མཆོག་གི་བྱང་ཆུབ་ཚུལ་དྲུགནས།། རྡོ་རྗེས་འོག་གི་རྒྱུད་ལས་ངེས་པ་དང་རྣམ་པར་དག་པའི་ལེའུ་སྟེང་དགུ་པའོ།། ་དེ་ནས་སྟོན་པ་རྡོ་རྗེ་འཆང་།། འགྲོ་བའི་མགོན་ལ་རབ་གཟིགས་ཏེ།། བསྲུང་བའི་ཆོ་ག་རབ་ཏུ་གསུངས།། ལག་ན་རྡོ་རྗེ་རབ་ཏུ་ཉོན།། འགྲོ་བ་གདུག་པས་ཟིན་འགྱུར་བ།། ཟངས་མ་དག་ལ་དུད་འགྲོའི་གཟུགས།། ལེགས་པ་དག་ཏུང་བ ་བྱས་ཏེ། ། བོང་བ་དངུལ་ལ་སོགས་པས་དགང་།། གང་ནས་འདོད་པའི་ས་ཕྱོགས་སམ།། རང་ལུས་དག་ལ་ལེགས་སྦས་ནས།། བསྲུང་བ་དམ་པར་འགྱུར་བའོ།། བདེ་གཤེགས་སྐུ་གདུང་རིང་བསྲེལ་ཅན།། རབ་ཏུ་གནས་པ་ལེགས ་བྱས་ཏེ། ། གང་གནོད་སར་ནི་རབ་སྦས་ན།། བདེན་སྟོབས་བརྗོད་པས་ཞི་བར་འགྱུར།། བྱ་ལ་སོགས་པའི་བྱོལ་སོང་ཚོགས།། ཡིད་འོང་མཛེས་པའི་དུད་འགྲོ་ལ།། སངས་རྒྱས་གང་གཱའི་བྱེ་ཚོགས་ཀྱིས།། གསུངས་པའི་གཟུངས་སྔགས ་དག་གིས་ནི། ། སྐུད་པ་སྔོན་པོ་དག་དང་ནི།། དང་ལ་བརྒྱ་རྩ་བརྒྱད་བསྔགས་ཏེ།། བདེན་པ་བདར་ལ་རབ་ཏུ་བསྔོས།། གཏོར་མ་གཏད་ན་ཞི་བར་འགྱུར།། ཁམ་ཕོར་ལ་སོགས་སྣོད་གཙང་མར།། སྨན་དང་དར་སོགས་རབ་བཅུག ་མེ་ཏོག་བདུག་སོགས་མཆོད་བྱས་ཏེ། ། ས་ལ་སྲས་ན་གནོད་པ་རྣམས།། ཞི་བ་དག་ཏུ་འགྱུར་བ་ཡིན།། སྐུད་པ་དཀར་པོ་སུམ་བསྒྲལ་ལ།། མདུད་པ་ཉི་ཤུ་རྩ་གཅིག་བྱ།། སྒྲུབ་དང་བསྒྲུབ་པའི་མཆོད་པ་བྱ། ་རྒྱལ་ལ་རབ་ཏུ་མབུལ་དུ་བཏགས།། བར་ཚོར་ཐོག་པར་འགྱུར་བར་ངེས།། ཡུངས་ཀར་མར་དང་མུ་བི་རྣམས།། ཆ་སྙོམས་ལུས་ལ་རབ་བྱུགས་ན།། གདུག་པས་ཟིན་ལས་ཐར་བར་འགྱུར།། བགུ་ནི་དའི་མེ་ཏོག་དང་། ་འདའཐུན་དའི་འབྲས་བུལ།། སྨིན་དྲུག་དུས་སུ་རབ་བསྒྲུབས་ན།། གདུག་པ་ཕྱོགས་སུ་མི་གནས་སོ།། སྣག་དང་དྲེད་དང་འཛའ་ཐར་གྱི།། སྐུས་ནི་གདུག་པ་ལས་གྲོལ་འགྱུར།། བབ་རྒྱ་རྒྱ་མཚོ་ལ་སོགས་པ།། ལུས ་བསྲུང་བྱ་བ་མཐར་ཕྱིན་པར། ། བྱས་ན་མཆོག་ཏུ་བསྲུང་བར་འགྱུར།། རྡོ་རྗེ་འཆང་བ་ཁྱོད་ཀྱིས་ཟུང་།། མཐར་བྱིན་ཟླ་བ་སྤྲིན་གཟའ་ལས།། གྲོལ་བ་ལྟ་བུར་འགྱུར་བ་ཡིན།། དཔལ་རྡོ་རྗེས་འོག་གི་རྒྱུད་ལས་བསྲུང་བའི་ལེའུ་སྟེ ་བཅུ་པའོ། ། །། ལག་ན་རྡོ་རྗེས་ལེགས་སྨྲས་པ།། བསྡུ་བ་སྔགས་ཀྱི་ཆོ་ག་ནི།། ཇི་ལྟར་ལགས་སོ་རྡོ་རྗེ་འཆང་།། ཁྱེད་ལ་རབ་ཏུ་ཉན་པར་འཚལ།། ཉོན་ཅིག་རྡོ་རྗེ་འཆང་བ་ཁྱོད།། སྔགས་བཅུ་ཁྱོད་ལ་བཤད་པར་བྱ།། ་གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར།། པད་མ་འདབ་མ་བརྒྱད་པ་བྲི།། འདོད་དོན་ཐམས་ཅད་རབ་འགྲུབ་པ།། དེར་ནི་གསང་སྔགས་བཏུ་བར་བྱ།། དབུས་སུ་ཡི་གེའི་བདག་པོ་གཞག། བཞི་པ་ཡི་ནི་ལྔ་པ་ལ། ཡི་གེ་ཨི ་ནིརབ་ཏུ་སྦྱར། ། མཐར་གནས་པ་ཡི་གསུམ་པ་ལ།། ལྔ་པ་ཡི་ནི་མཐར་དང་སྦྱར།། དེ་ནས་ལྔ་པའི་བཞི་པ་གཞག། དེ་ནས་མཐར་གནས་གཉིས་པ་གཞག། དེ་ནས་བཞི་པའི་བཞི་པ་གཞག། དེ་ནས་མཐར་གནས་གཉིས་པ ་གཞག། དེ་ནས་ལྔ་པའི་གསུམ་པ་དང་།། གཉིས་པ་ཡི་ནི་གསུམ་པ་ལ།། རང་དང་བཅས་པ་བཞག་པར་བྱ།། དེ་ནས་ལྔཔའི་དི་པོ་ས་ཨཱ་ག་བ་ཏུ་སྦྱར་བར་བྱ། དེ་ནས་ལྔ་པའི་ཐ་མ་ལ།། ཨི་ནི་རབ་ཏུ་སྦྱར་ཏེ་གཞག། བདུན་པ་ཡི་ནི ་བཞི་པ་ལ། ། ཡི་གེ་ཨུ་ནི་རབ་ཏུ་སྦྱར།། སྟོད་པས་མནན་པས་ཉིས་འགྱུར་དང་།། ལྔ་པ་ཡིནི་གཉིས་པ་ལ།། གསུམ་པ་ཡི་ནི་དང་པོ་སྦྱར།། ཡི་གེ་བཅུ་གསུམ་རིག་པའི་སྔགས།། བརྩེ་བས་བརྩོན་པར་རབ་བཟླས་ན།། གང ་འདོད་དངོས་གྲུབ་ངེས་པར་འགྱུར། ། ཀྱེ་མ་ཧོ་རྡོ་རྗེ་ཅན་གྱིས་གསུངས།། སྔགས་ཀྱི་རྒྱལ་པོ་བླ་མེད་ལམ།། ཕྱག་ན་རྡོ་རྗེའི་དངོས་གྲུབ་ཐོབ།། དཔལ་རྡོ་རྗེས་འོག་གི་རྒྱུད་ལས་སྔགས་བཏུ་བའི་ལེའུ་སྟེ་བཅུ་གཅིག་པའོ།། ་དེ་ནས་སྟོན་པ་རྡོ་རྗེ་འཆང་།། སྤྱན་མིག་འོད་ཟེར་སྤྲུལ་མཛད་པ།། སློབ་མ་རབ་ཏུ་སྨིན་བྱའི་ཕྱིར།། དབང་བསྐུར་ཆོ་ག་རབ་ཏུ་བཤད།། རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ།། གསང་དང་ལྡན་པ་དབང་ཐོབ་ཅིང་།། དུལ་དང་དྲང་དང་ཤེས ་གཉེན་ཆེ། ། གཡོ་ཆུང་དང་བཟང་བྱང་སེམས་ཐོབ།། དཀྱིལ་འཁོར་ཆོ་ག་རབ་མཁས་པ།། སློབ་མ་དམ་པ་དབང་བསྐུར་ཕྱིར།། ཡིད་འོང་གཙུག་ལག་ཁང་སོགས་སུ།། བརྟུལ་ཞུགས་སྔོན་དུ་ལེགས་སྤྱད་ནས།། དེ་ནས་ས་ཡི་ཚེ ་ག་བྱ། ། བརྟག་དང་སྦྱང་ཞིང་བསླང་བ་དང་།། མཆོད་དང་གསོལ་བ་གདབ་པ་དང་།། རྨི་ལམ་མཚན་མའི་སྒོ་ནས་བརྟག། ཞི་བའི་ཆོགས་སྦྱིན་བསྲེག་ནི།། བརྒྱ་རྩ་བརྒྱད་ཀྱི་ཆོ་ག་བྱ།། འབྱུང་པོ་རྣམས་ལ་མཆོད་ཅིང་བསྒོ།། དཀྱིལ ་འཁོར་དབུས་སུ་རབ་གནས་ཏེ། ། ཧཱུཾ་ལས་རྡོ་རྗེ་ཆེན་པོ་བསྒོམ།། བྲུཾ་ལས་གཞལ་ཡས་ཁང་ཆེན་བསྒོམ།། སྤྱན་གཉིས་ཉི་ཟླའི་འོད་ཟེར་གྱིས།། བགེགས་རྣམས་མ་ལུས་ཚར་གཅོད་དོ།། རྡོ་རྗེ་ཆེན་པོ་གར་འགྲོས་ཀྱིས།། ས ་གཞིལན་གསུམ་བསྐོར་བར་བྱ། ། བཾ་ཡི་ནམ་ལྔས་ལེགས་བྱུགས་ཏེ།། ཆོམ་བུ་གཅིག་གིས་ལྷ་དགོད་བྱ།། མཆོད་དང་བསྟོད་དང་སྙན་གས་ན་དབབ།། བུམ་པ་ལྷག་པར་གནས་པར་བྱ།། སློབ་མཚོགས་རབ་སྨིན་བྱ།། ཐིག ་དང་ཚོན་གྱི་ཆོ་ག་ནི། ། ལས་ཀྱི་ཆོ་ག་བཞིན་དུ་བྱ།། གདོང་གཡོགས་དང་ནི་སྔོན་པོ་ཡིས།། སློབ་མ་དག་ནི་གཞུག་པར་བྱ།། སྡོམ་ལྡན་དབང་བསྐུར་ལྔས་བསྐུར་རོ།། བུམ་པ་དང་པོ་རྡོ་རྗེ་དང་།། དྲིལ་བུ་དབུ་རྒྱན་མིང་གི ་དབང་། ། ལས་ཀྱི་ཆོ་ག་ཇི་བཞིན་ནོ།། ཚེས་བཅུ་བཞི་དང་བཅུ་གསུམ་ལ།། སློབ་མ་ལས་ལ་གཟུང་བར་བྱ།། བྱིན་བརླབ་པ་རིམ་པས་འཕོ་བ་དང་།། འཕྲལ་དུ་ཡིད་ཆེས་བསྐྱེད་པར་བྱ།། རིན་ཆེན་སྙིང་པོ་དྲི་མེད་ཆུད།། ་ཆུད་རྣམས་ཀུན་གྱི་རྩ་བར་ནི།། འདིར་དབང་བསང་པ་དམ་པ་ཡིན།། སྨིན་པའི་ལས་ལ་བརྟན་པ་ཡི།། དབང་བསྐུར་མཆོག་གི་རླུང་གསངས་པས།། རབ་གནས་དགེ་བསྡོམ་པ་ལྡན།། དམ་པ་ཡིན་གྱིས་མཉེས་པར་བྱ།། ་གྲོལ་བ་མཐར་ཕྱིན་རབ་ཏུ་གནས།། སློབ་མ་སྨིན་པའི་ཆོ་གའོ།། རྡོ་རྗེ་ས་འོག་གི་རྒྱུད་ལས་སློབ་མ་ལ་དབང་བསྐུར་བའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ ་འདིད་ཅེས་གསོར་ཏེ། ཙམ་ལྡན་དས་མས་ན་མས་ཀྱིད་དུ་གས་ཀྱི་མས་པ་དུགས་པ་ནས་གསོ་བ་བ་པཔ།། ཙམ་ལྡན་ནས་ཀྱིས་བཀ་སུམ་བ།། ཤན་མི་ཟད་བྱོད། ན་ཙུན་ཤེསས་པགས།། ག་ཤིག་དུ་ཀྱི་ཤེས་པ་གང་ཡང། སེམས་ཅ། འདུལ་འདོད་པས།། དང ་པོ་བྱང་ཆུབ་སེམས་བསྒྲེད་ལ། ། ཚོགས་གཉིས་ཀུན་རྫོབ་མཐར་བྱིན་པས།། དེན་ཆེན་སྣོད་དུ་པད་མའི་གཏེར།། དབུས་སུ་གསང་བའི་བདག་པོ་ཅན།། འདབ་མ་བརྒྱད་ལ་ཀླུ་ཆེན་བརྒྱད།། སྦྲུལ་མགས་བརྒྱན་པ་དགོ་བང ་ཁྲུས་དང་གཙང་སྒྲ་དང་ལྡན་པས། ། ལས་ཀྱི་ལྷ་ཡི་རྣལ་འབྱོར་ཀྱིས།། དང་པོ་སྤྱན་དྲང་རབ་མཆད་ནས།། བདག་དང་ལྷ་གཉིས་འཕྲོ་འདྲང་བཟླས།། ཀླུ་བརྒྱད་ཞི་བར་འགྱུར་སེམས་ཀྱིས།། དྷཱ་དང་ཏྲཱཾ་ཤི་ཟག་པ་ལས། ་བསྒྲུབ་བྱ་འོད་ཀྱི་ཕུང་པོར་བྱ།། སྐད་ཅིག་མས་ནི་ཧྲྀ་དུ་སྲང་།། ཨོཾ་བཛྲ་ཀོ་དྷ་མ་དཱཙ་ཎ་ཎ་ཕཊ།། ཁྲི་བཟླས་གདན་ལས་ངས་བྲལ་འགྱུར།། ལག་ན་རྡོ་རྗེ་མྱེད་ཀྱིས་ནི།། ཐུགས་ཀྱི་འཕྲོས་འདུགསང་པ་ཡིན།། བསྒྲུབ་བྱའི་ལུས ་ནི་ཆེན་གྱིས་དཀྲི། ། དུ་ཆེན་ཕྲེད་པའི་འཕྲོ་འདུས་གཅད།། རྫས་ཆེན་རྣམས་ལ་རབ་བརྟགས་ན།། ངེས་པར་གདོན་ལས་གྲོལ་པར་འགྱུར།། གལ་ཏེ་ངེས་ཀྱང་མ་གྲུབ་ན།། སྔགས་ཀྱི་ཕྲེང་བ་བཟློག་ས་བཟླས།། རྡོ་རྗེ་ཕྲེང་བས ་མམ་མད་པང་འགྲུ་པར་གྱུང། ། གནགགས་པ་ས། པ་བཞན་ན་ར་བྱུ་བས།། ཟག་པ་གསུམ་པས་ངས་ས་།། ནགས་ཀྱང་ཐུན་པ།། ན ་ཀྱི་རྣམ་པ་ཡིན། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེགད་ཅེས་བཀའ་སྩལ་མ་ཐགདྷ། ལག་ན་རྡོ་རྗེ་ལསུགས་པའི་དགས་ཀྱི་འབད་རྣམས་དང་།། ལྷའི་ཚིགས་ཐམས་ཅད་མེང་ངས་ཏེ།། བཅོམ་ལྡན་འདས་པ། ་གསུངས་པ་ལ་མངོན་པར་བསྟོད་དོ།། དཔལ་རྡོ་རྗེས་འོག་གི་རླུང་ལས་གསང་བ་གཏན་ལ་བབ་པའི་ལེའུ་སྟེ་བཅུ་གསུམ་པལ།། འཆིའི་བག་ཅ་སྲ་དང་།། ང་ཀྱིལ་བ་བགས་པ་ཤེས་པ ་ཀྱིས་བསྒྱུང་བའི་རྫོགས་སོ། ། 6།། རྒྱ་ག་སྐད་དུ། ཨཱརྱ་བཛྲ་པཱཎྜི་ནཱི་ལཱམ་བར་དྷ་ར་བཛྲཱ་བ་ཏ་ལ་ནཱ་མ་ཏནཿ།། བོད་སྭཱད་ད་དུ། འཕགས་པ་ལ་གན་རྡོ་རྫོགས་སྔོན་པོ་ཅན་རྡོ་རྗེས ་