| Wylie | e-texts produced with BDRC’s OCR application |
རྒྱག་དབྱི་མ་ཁན་པོ་ལཱཙ་ནྱ་གྲད་དྷཱ་ཀར་བར་མ་དང་། འུ་ཆེན་བྱིལ་རྒྱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།། དྷ་གར་ན་དདུ། ཤྲཱི་བར་མཱདྷ་མནྟ་ཀལྤ་བརྡྷན་མ། བོད་སྐད་དུ། དཔལ་མཚོལ་དང་པོའི་སྔགས་ཀྱི་རྟོག་པའི་དུམ་བུ་ཞེས་བྱག། བཅོམ་ལྡན་འདས་བདེ་བ་ཆེན་པོ་ལ་ཕྱག ་འཚལ་ལོ།། དེ་ནས་བཅོམ་ལྡན་དས་རྣམ་པར་སྣང་མཛད་དེ་བཞི་གཤེགས་ས་བས་ཅད་ཅིགས་པའི་ཚེས་ཉིད་རྙེས་པཅོམ་ཐམས་ཅད་སྨོམ་པ་མེད་པ། ཡང་དེ་ཆེན་པོརྡོ་རྗོ་ན་ཡོད་པའི་དམ་ཚིག་ཅེས་བྱ་བ། རྡོ་རྗེ་ཆོས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་དཔལ ་མཆོག་དང་པོ་ཐོག་མ་དང་ཐ་མ་དང་དབུས་མེད་པའི་དམ་པ་འདི་གསུངས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་འདོད་ཆགས་ཆེན་པོའི་དངོས་གྲུབ་དམ་པ་ནི་བདེ་བ་ཆེན་པོའི་དངོས་གྲུབ་དམ་པར་འགྱུརརོ།། ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདེ་བ་ཆེན་པོའི་དངོས་གྲུབ་དམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་དངོས ་གྲུབ་དམ་པ་ནི་བདུད་ཆེན་པོའི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པའི་དངོས་གྲུབ་དམ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཆེན་པོའི་སྟོབས་རྣམས་ཀྱི་བདུད་ཆེན་པོའི་སྟོབས་རབ་ཏུ་འཇོམས་པའི ་དངོས་གྲུབ་དམ་པ་ནི་ཁམས་གསུམ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁམས་གསུམ་པ་ཐམས་ཅད་ཀྱི་དབང་ཕྱུག་གི་དངོས་གྲུབ་དམ་པ་ནི་སེམས་ཅན ་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཡོངས་སུ་སྤྱོད་པར་འདོད་པའི་རྒྱུའི་ཕྱིར། འཁོར་བ་ལ་ཡང་མ་ཆགས་ཤིང་། བརྩོན་འགྲུས་ཆེན་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ ་མེད་པ་རྣམས་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་མཆོག་ཤིན་ཏུ་བདེ་བ་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཅི་སྲིད་འཁོར་བའི་གནས་སུ་ནི་མཁས་མཆོག་འདུ ་པར་འགྱུར་བའི་ཚེ།། དེ་སྲིད་མཚུངས་མེད་སེམས་ཅན་དོན། མྱ་ངན་མི་འདའ་བྱེད་པར་ནུས།། ཤེས་རབ་ཀྱི་ཕ་རོལ་ཕྱིན་ཐབས་དང་།། ཡེ་ཤེས་གནས་སུ་བསྒྲུབས་ནས་ནི།། ཆོས་ཀུན་རྣམ་པར་དག་པའི་ཕྱིར།། འཁོར ་བ་ཡོངས་སུ་དག་པར་འགྱུར།། ཆགས་ལ་སོགས་པས་འདུལ་ན་ནི།། འཁོར་བའི་བར་དུ་རྟག་པར་ཡང་།། འཇིག་རྟེན་སྡིག་བྱེད་དེ་སྦྱང་ཕྱིར།། འཁོར་བསྲིད་དུ་བདག་ཉིད་འདུལ།། ཅི་ལྟར་པད་མ་རབ་དམར་བ། # ་ཉེས་པས་མི་གོས་པས།། དེ་བཞིན་གནས་པའི་ཉེས་པ་ཡིས།། འགྲོ་ཕན་རྣམས་ལ་མི་གོས་སོ།། འདོད་ཆགས་ཆེན་པོ་རྣམ་པར་དག། བདེ་བ་ཆེན་པོ་ནོར་ཆེ་ལ།། ཁམས་གསུམ་དབང་ཕྱུག་ཐོབ་པ་ན།། སེམས་ཅན་དོན ་ནམ་པ་ཏན་ད། ཤིན།། ནང་བར་ལངས་ནས་དཔལ་མཆོག་དང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཉིན་རེ་ཞིང་འདོན་པ་དང་། ཉན་པ་དང་འཛིན་པ་དང་ཀློག་པ་དང་སྒོམ་པ་དེ་ཡིས ་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱང་ཐོབ་པར་འགྱུར་རོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་དངོས་གྲུབ་ཀྱི་མཆོག་ཀྱང་ཚེ་འདི་ལ་ཐོབ་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཆོག་ཀྱང ་འགྲུབ་སྟེ། རྡོ་རྗེ་འཛིན་པ་ཆེན་པོ་ཐམས་ཅད་དམ་དེ་བཞིན་གཤེགས་པར་འགྱུར་རོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་དཔལ་མཆོག་དང་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་རྡོ་རྗེ་གས ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་པའི་རྡོ་རྗེ་གསང་བ་མཆོག་གི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱལ ་པོ་ཆེན་པོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསང་བའི་དོན་ཡོད་ཅིང་བརྟན་པའི་ཆོ་ག་ཕྱག་རྒྱས་བཏབ་པའི་སྐུ་གསུང་ཐུགས་ཐམས་ཅད་ཀྱི་རྡོ་རྗེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ ་ཚིག་ཆེན་པོ་ཐམས་ཅད་ལ་རབ་ཏུ་ཞུགས་ནས་ཆོས་ཉིད་རྟོགས་པའི་ཡེ་ཤེས་ལ་རབ་ཏུ་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་ཕྲིན་ལས་ཀྱིས་དུས་གསུམ་དུ་འཇིག་རྟེན་གྱི་ཁམས་མ་ལུས་པར ་སྤྲོས་པ་ལས་ཀྱི་མཐའ་ཅན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ།། ཟླ་བ་ཕྱེད་མེད་པ་ཤིན་ཏུ་མང་དུ་གནས་པའི་རྡོ་རྗེ་རིན་པོ་ཆེ་རྣམས་ཀྱི་འོད་ཟེར་སྣ་ཚོགས་པ་རྣམ་པར་འབར་བའི་འོད་ཀྱིས་གསོལ་བ། གསེར ་གྱི་དྲིལ་བུ་གཏགས་པ་དང་། སྣ་ཚོགས་པའི་བ་དན་རླུང་གིས་བསྐྱོད་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ། མེ་ཏོག་གི་ཕྲེང་བ་སྣ་ཚོགས་པ་དང་། ན་བཟའ་དང་མེ་ལོང་དང་མུ་ཏིག་གི་ཕྲེང་བ་རབ་ཏུ་འཆང་བས་མཛེས་ཤིང ་བརྒྱན་པ། སྣ་ཚོགས་པའི་ཁ་ཁྱེར་ལ་གནས་པ་མཆོག་ཏུ་གྱུར་པའི་ལྷའི་བུ་མོ་རྒོད་པ་དང་སྒེག་པ་དང་གར་དང་གླུ་ཡིས་རབ་ཏུ་བརྒྱན་པ་དང་། བསྟོད་པས་སད་པར་བྱེད་པ། བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གནས་གཞལ་ཡས་ཁང་པ ་ལ་ཞུགས་སོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་བྱིན་གྱིས་བརླབས་པའི་དམ་ཚིག་སེམས་དཔའ་ཐམས་ཅད་དང་། དབང་བསྐུར་བ་ཐམས་ཅད་དང་། ཐམས ་ཅད་མཁྱེན་པའི་ཏིང་ངེ་འཛིན་ལས་ཐམས་ཅད་མཆོག་གྱུར་པ། ཁམས་གསུམ་ཐམས་ཅད་འདུལ་བར་མཛད་པ་ཐམས་ཅད་དབང་དུ་བྱེད་པ་པོ།། འདོད་པ་ཐམས་ཅད་པ། རྒྱ་ཆེ་བའི་ཆོ་ག་ཐམས་ཅད་པ། རྟག་པའི་དེ་བཞིན་གཤེག ་པ་ལ་གསོལ་བ་བཏབ་པ་ཅི་སྲིད་པའི་བར་གནས་པ་དེ་སྲིད་སེམས་ཅན་དོན་མཆོག་མཛོད། སེམས་ཅན་ཁམས་ནི་མཐའ་ཡས་དང་།། རྒྱལ་སྲས་སྲིད་པ་འདོད་པའི་ཕྱིར།། སྲིད་པའི་སྐྱོན་རྣམས་འཇོམས་ཕྱིར་དང་།། བདེ་བ་ཆེན་པོ་འཕེལ ་བྱའི་ཕྱིར།། གསང་བའི་རྟོག་པ་མཆོག་གསུངས་པའི།། རྗེས་སུ་སྣང་བ་བདག་ལ་སྩོལ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྒྲིབ་པ་མེད་པ་ཉིད་ལ་ལྷག་པར་དགོངས་ནས་གདུལ་བྱ་ཐམས་ཅད་ཐུགས ་རྗེ་ཆེན་པོའི་སྡེ་ཚོགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། ཕན ་པ་དང་བདེ་བ་དང་དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་དང་ལས་དང་། མཆོག་གི་དངོས་གྲུབ་ཀྱི་རྒྱུར་འགྱུར་བའི་བར་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དང་། རྡོ་རྗེ་འཆང་ཆེན་པོ་ཐོབ་པ་མཆོག་གི་དངོས ་གྲུབ་ཀྱི་དོན་བདེ་བ་ཆེན་པོའི་རྡོ་རྗེ་དང་པོ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་བསྒྱུར་བ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྲེང་བའི་ཅོད་པན་གྱི་དབང་བསྐུར་བས་དབང་བསྐུར་བ་ཡིན་ནོ།། དེ་ནས་བཅོམ ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་མ་ལུས་པ་མེད་པའི་བདེ་བ་ཆེན་པོ་མཆོག་གི་དངོས་གྲུབ་ལ་སོགས་པ། དངོས་གྲུབ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར། སེམས་དཔའི་དཀྱིལ་མོ་དཀྲུང་བཅས་སྟེ་སྐུ་དྲང་པོར་སྲང་སྟེ། གཡོན་པ་སྙེས ་པའི་ཚུལ་དུ་མཛད་ནས་གཡས་པ་རྡོ་རྗེ་གསོར་རབས་རང་གི་ཐུགས་ཀར་དང་པོའི་རྡོ་རྗེ་མཆོག་གི་སྦྱོར་བ་འཛིན་ཅིང་བདེ་བ་ཆེན་པོའི་རྡོ་རྗེ་ཞེས་བྱ་བ་ཐམས་ཅད་ཀྱི་ཕྱག་རྒྱ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་འབྱུང་ངོ་།། ཨོཾ་མ་ཧཱ་སྭ་ལ ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ།། དེ་ནས་ཕྱུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བྱོན་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་བཟུང་བ་རྣམས་སླར་ཡང་བྱང་ཆུབ་ཆེན་པོ་མངོན་པར་རྫོགས་ནས ་དེ་རྣམས་ཀྱིས་བཞད་པ་ཆེན་པོ་མངོན་པར་མཛད་དོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་པ་དང་བཅས་པས་ཡོངས་སུ་དག་པར་འགྱུར་རོ།། ཁམས་གསུམ་རྒྱས་པར་སྤྲོས་པ་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་དཀྱིལ ་འཁོར་ཆེན་པོར་གྱུར་ཏོ།། གང་གིས་སེམས་ཅན་ཐམས་ཅད་བདེ་བ་དང་ཡིད་བདེ་བ་ཐོབ་པར་འགྱུར་རོ།། དེ་ནས་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་ཅིང་ཐོགས་པ་མེད་པ་ལས་མངོན་པར་བྱུང་བ ་རྡོ་རྗེ་ཆེན་པོ་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་གནོན་པར་མཛད་ནས། དེའི་སྐུ་ཐམས་ཅད་ལས་དངོས་གྲུབ་ཐམས་ཅད་དང་། བདེ་བ་དང་ཡིད་བདེ་བ་སྟེར ་བརྟག་ཏུ་རྗེས་སུ་འབྲལ་བ་ཅན་ལྷན་ཅིག་ཏུ་སྤྱོད་པ། བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་གི་སེམས་དཔའ་རྣམས་བྱུང་ནས་ཕྱོགས་ཐམས་ཅད་ཏུ་ཕྱུང་སྟེ། མདུན་དུ་རྡོ་རྗེ་གསང་བ་ཡིད་ལས་བྱུང་བ། གཡས་སུ་རྡོ་རྗེ་ཀཱི་ལི་ཀཱི ་ལི། རྒྱབ་ཏུ་འདོད་པའི་རྡོ་རྗེ། གཡོན་དུ་རྡོ་རྗེ་བསྒྱིངས་པའོ།། འཚམས་རྣམས་སུ་མཆོད་པའི་ལྷ་མོ་རྣམས་སོ།། ཕྱི་རོལ་གྱི་ཁ་ཁྱེར་འཚམས་སུ་ལྷའི་བུ་མོ་རྣམས་སོ།། སྒོ་སྲུང་བ་རྣམས་ནི་རྡོ་རྗེ་ལྕགས་ཀྱུ་དང་། ་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་འཛིན་པའོ།། ཕྱི་རོལ་ཏུ་རྡོ་རྗེ་སྒོ་སྲུངས་ཀྱི་ཚོགས་དང་། ཕོ་ཉ་དང་བྲན་རྣམས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་བཅིངས་ཏེ། དེ་བཞིན ་གཤེགས་པ་ཐམས་ཅད་བྱང་ཆུབ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་བཏབ་སྟེ། སེམས་ཅན་ཀུན་ལ་བདེ་དོན་དུ། རྒྱལ་པོ་ཆེན་པོ་འབྱུང་། ་བ་སྟེ།། ཆགས་བྲལ་དེ་རྣམས་ཆགས་ལྡན་ཡང་།། རང་གི་བཙུན་མོའང་གསོལ་མཛད་པས།། དེའི་ཕྱིར་བདག་གིས་ཁྱོད་ལ་གསོལ།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། གསང་བའི་རྟོག་པའི་དངོས་གྲུབ་སྟེ།། འདུལ་བ་མཆོག་ནི་བཤད་དུ་གསོལ ་དེ་ནས་བཅོམ་ལྡན་འདས་དོན་ཡོད་ཅིང་ཐོགས་པ་མེད་པའི་བཀའ་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་འབུལ་བ་རྡོ་རྗེ་འདོད་པའི་མཆོག་ཅེས་བྱ་བའི་རྣམ་པར་གནོན་པར་མཛད་ནས།། རྡོ་རྗེ་གསང་བ་ཆེན་པོའི་དམ་ཚིག་ཅེས་བྱ་བའི་དཀྱིལ ་འཁོར་ཆེན་པོ་འདི་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། བདེ་བ་ཆེན་པོ་རྡོ་རྗེ་མཆོག། དམ་ཚིག་དམ་པའི་མིང་ཅན་ཡིན།། དཀྱིལ་འཁོར་གནས་ནི་འདུས་བྱས་ནས།། དེ་དབུས་ཚིག་བཞིན ་དྲ་ནི།། ཕྱག་རྒྱ་ཆེན་པོ་མཉམ་བཞག་ནས།། དེར་ནི་དཀྱིལ་འཁོར་བསྒྲུབ་པར་བྱ།། གསར་ཞིང་ལེགས་པར་བསྒྲིལ་བ་དང་།། མདུད་པ་དག་ནི་མེད་པ་ཡི།། ཐིག་སྐུད་དམར་པོས་ཐིག་བཏབ་ནས།། མཚོན་གྱི་ཕྱེ་མས་བྲི་བར་བྱ།། ཟུར ་བཞི་པ་ལ་སྒོ་བཞི་པ།། སྒོ་ཁྱུད་བཞིས་ནི་མཛེས་པ་དང་།། ཁ་ཁྱེར་གྱིས་ནི་ཡོངས་སུ་བསྐོར།། འཚམས་སུ་ལྷའི་བུ་མོས་འཛེས།། དཀྱིལ་འཁོར་གྱི་ནི་འཚམས་རྣམས་དང་།། སྒོ་དང་སྒོ་ཁྱུད་འཚམས་རྣམས་སུ།། ཟླ་བ་ཕྱེད་ལ ་གནས་པའི།། རྡོ་རྗེ་རིན་ཆེན་འོད་ཟེར་འབར།། རླུང་གིས་བསྐྱོད་པའི་དྲིལ་བུ་མཆོག། བ་དན་སྣ་ཚོགས་མཛེས་པ་ཡིན།། མེ་ལོང་དྲ་བ་མེ་ཏོག་ཕྲེང་།། ལྡན་པས་ཕྱི་རོལ་དཀྱིལ་འཁོར་བྲི།། དེའི་ནང་དུ་འཁོར་ལོ་ནི།། དཀྱིལ་འཁོར། ་བྱ།། བརྒྱད་པ་དང་འདྲ་བ།། རྡོ་རྗེ་ཐིག་གིས་ཡོངས་བསྐོར་བའི།། རྡོ་རྗེ་འཁོར་ལོ་ཡང་དག་བྲི།། དེ་དབུས་ཆོག་བཞིན་དུ་ནི།། རྡོ་རྗེ་སེམས་དཔའ་དགོད་པར་བྱ།། ཐུགས་སམ་ཡང་ན་བྱས་པ་འམ།། བརྡུངས་པའམ་ཡང་ན་བྲིས་པ་ཡིས།། ་བཞད་པ་དང་བཅས་ཟླ་བའི་འོད།། འབར་བའི་འོད་ཟེར་དམར་པོས་ཁྱབ།། སངས་རྒྱས་ཕྲེང་བས་རྣམ་པར་མཛེས།། སྐུ་ལ་མཚོན་གྱིས་ཡང་དག་བྱུགས།། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས།། རྡོ་རྗེ་སྙེམས་པ་འཛིན་པའི་མཆོག། ་ས་མ་ཡ་སྟྭཾ་ཞེས་བརྗོད་ནས།། སྙིང་ཀར་རྣམ་པར་དགོད་པར་བྱ།། དེའི་ལོགས་ནི་ཐམས་ཅད་དུ།། སེམས་དཔའ་ཆེན་པོ་རྣམས་བྲི་སྟེ།། མཚོན་ནམ་ཡང་ན་རྡུལ་མཚོན་གྱིས།། གོ་རིམས་ཅི་བཞིན་བྲི་བར་བྱ།། མདུན་དུ་སྐུ་མདོག ་དམར་པོ་ནི།། རྡོ་རྗེ་མཚོན་ཆ་ལ་བརྩོན་པ།། གཡས་སུ་དག་པའི་དཀར་པོ་སྟེ།། ལེགས་པར་འཁྱུད་པའི་རྡོ་རྗེ་ཅན།། རྒྱབ་ཏུ་སྐུ་མདོག་སེར་པོ་སྟེ།། ཆུ་སྲིན་གྱི་ནི་རྒྱལ་མཚན་འཛིན།། གཡོན་པ་སྐུ་མདོག་སྔོན་པོ་སྟེ།། ཕྱག་གཉིས ་བསྙེམས་པ་འཛིན་ལ་སོགས།། མཆོད་པའི་གནོད་རྣམས་འཛིན་པའོ།། མཆོད་པའི་ལྷ་མོ་བྲི་བར་བྱ།། སྒེག་མོ་བཞད་མ་གླུ་མ་དང་།། གར་མ་ལྷའི་བུ་མོའི་ཚོགས།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་།། རྡོ་རྗེ་ལྕགས་སྒྲོག་དྲིལ་བུ ་རྣམས། སྨོན་བཞི་པོ་རྣམས་ལ་ནི།། སྒོ་སྲུངས་བཞི་པོ་དགོད་པར་བྱ།། དེ་ནས་དེ་དག་གི་སྙིང་པོ་རྣམས་ནི་འདི་ཡིན་ཏེ།། ཧཱུ~ཾ་བཛྲ་ཏིཥྛ་སཱ་མ་ཀེ་ཕཊ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཧཱུཾ། ཧཱུཾསྨཱ་ར་བཛྲ་བན་དྷ་ཧཱུ~ཾ། ཧཱུཾ་དྷཥྚ་བཛྲ་ནི་ཧཱུཾ། རྡོ་རྗེ་བྲན་ནོ།། ་དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱི་ནི། ཧཱུཾ་མ་དྷུ་ར་བཛྲི་ཧཱུཾ། ཧཱུཾ་བཛྲ་མེ་ཁེ་ཧཱུཾ། ཧཱུ~ཾ་ཤཱ་རང་བཛྲ་ཧཱུཾ། ཧཱུཾ་བཛྲ་ཤཻ་རི་ཧཱུཾ། དེ་ནས་ལྕིའི་བུ་མོ་རྣམས་ཀྱི་ནི། ཧཱུཾ་བཛྲ་ལཱ་སྱཻ་མ་ཧཱ་བར་བཛྲི་ཎེ། ཨོཾ་བཛྲ་གཱི་ཏྱཻ་བཛྲ་ཨོཾ་ནརྀ་ཏྱཻ་བཛྲ། དེ་ནས་སྒོ ་གསུངས་རྣམས་ཀྱིས་ནི།། ཛ་བཛྲ་ཨཾ་ཀུ་ཤི་པྲ་ཏི་ཧ་ར། ཧཱུཾ་བཛྲ་པཱ་ཤ་ག་ན། བཾ་བཛྲ་སྥོ་རུ་ཧ། ཨ་བཛྲ་གན་དྷ་ཙིཏ།། དེ་ལྟར་ལྷ་མོའི་དཀྱིལ་འཁོར་དུ།། བུད་མེད་གྲགས་པ་དེ་ཉིད་དགོད།། བཀོད་ན་དེ་དག་རྣམས་ཀྱིས་ནི།། ་བྱིན་གྱིས་བརླབས་པ་ཉིད་དུ་འགྱུར།། དེ་ནས་ཕྱག་ན་རྡོ་རྗེ་འཛིན།། དཀྱིལ་འཁོར་ཀུན་མཆོག་བྲི་བྱས་ནས།། བུམ་པ་གང་བ་ཅི་སྙེད་པ།། མེ་ཏོག་ལ་སོགས་ཀུན་གྱིས་མཆོད།། དྲིལ་བུ་བཏགས་པའི་བ་དན་རྣམས།། འཚམས ་རྣམས་སུ་ནི་བཞག་པར་བྱ།། ལྕུག་མ་དང་བཅས་བུམ་པ་རྣམས།། སྒོའི་ཕྱི་རོལ་དག་ཏུ་བཞག། རྡོ་རྗེ་དང་བཅས་བཞི་དང་བཅས།། ལྕུག་མོ་ཡོངས་སུ་བཟླས་ནས་ནི།། དྲི་ཆུས་གང་བའི་བུམ་པ་སྟེ།། ཕྱག་ན་རྡོ་རྗེའི་མདུན་བཞག ་བྱ།། དེ་ལ་འདི་ལྟར་བདེ་བ་ཆེན་པོའི་དམ་ཚིག་གི་བདུད་རྩིའི་ཆུ་བྱིན་གྱིས་བརླབ་པའི་སྙིང་པོ་ནི།། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་མ་ཡ་ཨ་བྷི་ཥེ་ཀ་ཛཿཧཱུ~ཾ་བཾ་ཧོཿལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཆུ་འདི་གཏོར་བའམ ་འཐུངས་ན་སྡུག་བསྔལ་ཐམས་ཅད་རབ་ཏུ་འབྱང་བ་དང་། བདེ་བ་ཐམས་ཅད་རབ་ཏུ་འཕེལ་བར་འགྱུར་བ་ཡིན་ནོ།། དེ་ནས་རང་གི་དམ་ཚིག་རྣམས་ཀྱིས་རྡོ་རྗེ་འཆང་ལ་སོགས་པ་བསྒྲུབ་པར་བྱའོ།། ཛཿཧཱུ~ཾ་བཾ་ཧོཿཞེས་བརྗོད ་ནས།། དགུག་པ་དང་ནི་གཞུག་པ་དང་།། བཅིངས་ནས་སྐད་ཅིག་དབང་དུ་འགྱུར།། ཕྱག་རྒྱ་ཆེན་པོ་མཉམ་གཞག་སྟེ།། དེ་བཞིན་གཡས་འཛུབ་ལྕགས་ཀྱུར་བྱ།། དགུག་པ་འདི་ནི་ལན་གཅིག་གིས།། འགྲུབ་སྟེ་རབ་ཏུ་གཞུག ་པར་བྱ།། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཨ་ཧི་ཤཱི་གྷྲཾ་ཁ་སུ་བཛྲ་གུ་ཧྱ་ས་མ་ཡ་མ་ནུ་སྥ་ར་པྲ་ནུ་སྣཱ་མར་པྲ་བྷཱུ་ཏ་ས་མ་ཡ་སྟྲཾ་ཧྲི་ད་ཡ། སུ་ཏོ་ཥྱོ་མེ་བྷ་བ་སུ་ག་པོ་ཥྱོ་མེ་བྷ་བ། ཨ་ནུ་རག་ཏོ་མེ་བྷ་ཝ། ཨ་དྷི་ཏིཥྛ་བྷ་ག་བྷན་ཨ་ན ་ཏིན་ད་ན་སིད་དྷཱ་ཏུ་མེ་སཱ་ཏྲ་པ་ཏེཿཛཿཧཱུཾ་བ་ཧོཿ། དེ་ནས་རྟག་ཏུ་བཅོམ་ལྡན་འདས།། དཀྱིལ་འཁོར་དུ་ནི་རང་ཉིད་བྱོན།། དགུག་ཅིང་བཅུག་ནས་བརྟན་པ་དང་།། དབང་དུ་གྱུར་ཞིང་འགྲུབ་པ་ཡིན།། རྨད་དུ་བྱུང་བའི་རྫུ་འཕྲུལ ་དུ་མ་རྣམས་མཐོང་བ་འམ། ཡང་ན་བཅོམ་ལྡན་འདས་རང་ཉིད་ཀྱིས་མཐོང་བར་འགྱུར་རོ།། དེ་ནས་རང་ཉིད་རྡོ་རྗེ་འཇིག་རྟེན་ཀུན་གྱི་སློབ་དཔོན་ནི་ཕྱག་རྒྱ་ཐམས་ཅད་གྲུབ་པ། དམ་ཚིག་ཐམས་ཅད་ཤེས་པ། ལས་ཐམས་ཅད ་ནུས་པ། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ།། འཇུག་པའི་ཆོ་ག་འདི་ཡིས་རྡོ་རྗེ་སློབ་དཔོན་རང་ཉིད་ཅི་སྙེད་པའི་དྲིས་བྱུགས་ཤིང་བསྒོས་པ་རྒྱན་དང་བཅས་པའི་མེ་ཏོག་གི་ཕྲེང་བས་ལུས་ཤིན་ཏུ ་བརྒྱན་པ། གོས་དམར་པོ་གཉིས་བསྒོས་པ་རང་ཉིད་ཀྱིས་བཅོམ་ལྡན་འདས་ལ་བསྟོད་ཅིང་རྡོ་རྗེ་དང་བཅས་པའི་རྡོ་རྗེ་བསྙེམས་པས་རང་ཉིད་འཇུག་པར་བྱའོ།། བསྟོད་པ་ནི་དྲུག་ལྡན་ལ་སོགས་པ་གླུ་ཡིས་བྱའོ།། འདོད་ཆགས ་ལ་སོགས་བདེ་ཀུན་ཡིད་ཁྱོད་ནི།། ཀུན་ནས་བདག་ལ་བདེ་བ་སྩོལ་མཛོད་ཅིག། རྡོ་རྗེ་སེམས་དགོངས་མྱུར་དུ་བདག་བསྟན་བརྗོད།། བདག་དགྱེས་མཛད་དང་བདེ་མཆོག་གྲུབ་ལ་འདུད།། དེ་ནས་རབ་ཏུ་ཞུགས་ནས་དགོངས ་སུ་གསོལ་བར་བྱས་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་བདེ་བ་ཆེ། ཀུན་ཏུ་བཟང་པོ་ཁྱོད་ཡིན་ཏེ།། རྡོ་རྗེ་སྙེམས་བདག་ཁྱབ་བདག་ཡིན།། སེམས་ཀྱི་སེམས་དཔའ་ཏིང་ངེ་འཛིན།། དེ་བཞིན་རྡོ་རྗེ ་རྡོ་རྗེ་འཛིན།། ཀུན་མཆོག་དམ་ཚིག་དངོས་གྲུབ་ཅན།། རྡོ་རྗེ་སེམས་བདག་དེང་གྲུབ་མཛོད། དེ་ནས་བཅོམ་ལྡན་དེ་ཉིད་ཀྱིས།། རྡོ་རྗེ་སློབ་དཔོན་བྱིན་རླབ་འགྱུར།། དེ་སྔར་མ་བྱུང་བའི་སོ་སོར་རང་རིག་པའི་བདེ་བ་གཉིས་ཀ་ལ། ་སྐྱེ་བར་འགྱུར་རོ།། ཕྲ་མོ་དབབ་པར་ཡང་འགྱུར་རོ།། དེ་ནས་བདག་ལ་བཅོམ་ལྡན་འདས་གྲུབ་པར་གྱུར་ཏོ་ཞེས་ཤེས་པར་བྱའོ།། དེ་ནས་དེ་བཞིན་དུ་འདུག་ལ་ཅི་འདོད་པའི་བཟླས་བརྗོད་བྱའོ།། དེ་ནས་དེ་བཞིན་དུ་འདུག ་ལ་རང་གི་བསོད་ནམས་ཀྱི་བྱིན་གྱིས་བརླབས་ཀྱིས་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ།། དེ་ནས་བརྩམས་ཏེ་སེམས་དཔའ་ཆེན་པོ་ཐམས་ཅད་འགྲུབ་པར་འགྱུར་ཞིང་མཐོང་བར་འགྱུར་རོ།། དེ་རྣམས་ཀྱིས་ཀྱང་དེ ་ལ་དངོས་གྲུབ་ཐམས་ཅད་སྩོལ་བར་མཛད་དོ།། ཕྱག་རྒྱ་ཐམས་ཅད་ཀྱང་བདག་རང་ཉིད་ཀྱིས་བཅིངས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། དམ་ཚིག་ཐམས་ཅད་ཀྱང་འདི་ལ་བསྟན་པར་འགྱུར་རོ།། ཡིད་ཀྱི་འདོད ་བའི་ལས་རྣམས་ཀྱང་བྱེད་པ་ཡིན་ནོ།། བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཉམས་སུ་མྱོང་ཞིང་གཞན་གྱིས་མི་ཐུབ་པ་དང་མི་སོང་བས་ལོ་ཅིག་འདས་ནས་སངས་རྒྱས་ཉིད་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ནོ།། ་དེ་ནས་སེམས་ཅན་ཐམས་ཅད་གཞུག་པའི་དོན་དུ་བརྟག་པར་བྱ་བ་ཡིན་ནོ།། རྡོ་རྗེ་སློབ་དཔོན་རང་ཉིད་སྔ་མ་བཞིན་དུ་ལུས་ལ་བརྒྱན་ནས། རབ་ཏུ་བདེ་བའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་རབ་ཏུ་བཅུག་སྟེ། དེ་བཞིན་དུ་དེ་ཁོ་ན་ཉིད ་ཆེན་པོ་བསྐུལ་བས་ཡང་དག་པར་བསྐུལ་བ་དགུག་པར་བྱ་སྟེ། འདི་སྐད་ཅེས་བརྗོད་དོ།། སྲིད་པའི་བདེ་བ་རྣམ་དག་ཕྱིར།། སྔར་གྱི་སྲིད་པ་ལ་ཁྱོད་དགའ།། འདོད་པ་ཀུན་གྱི་དངོས་གྲུབ་ཆེ།། འགྲོ་བ་ཀུན་ལའང་འགྲུབ་པར་གྱིས། ་དེ་ནས་མཆོད་པ་བྱས་ལ་རང་གི་ལྷག་པའི་ལྷ་གང་ཡིན་པ་དེ་དམ་ཚིག་ཕྱག་རྒྱ་མེ་ཏོག་དང་བཅས་པ་བཞུགས་པར་བྱ་སྟེ། བཅུག་ནས་རྣ་བར་འདི་སྐད་ཅེས་བརྗོད་པར་བྱའོ།། ཆགས་བྲལ་འདུལ་བའི་འཇིག་རྟེན་ནི།། ཆགས་བྲལ་ཉིད ་ཀྱིས་འདུལ་བར་འགྱུར།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། རྡོ་རྗེ་སེམས་དཔའ་སྦས་པ་ཡིན།། འདོད་ཆགས་བྲལ་བ་བལྟ་བུ་ཡི།། སྡུག་བསྔལ་གཞན་ནི་རང་བཞིན་མེད། དེ་བས་སེམས་ཅན་ཆགས་བྲལ་ལ།། སྔར་ཡང་ཡིད ་ནི་མ་བྱེད་ཅིག་དེ་ནས་མེ་ཏོག་ལ་སོགས་པ་སྙིང་པོ་འདིས་འདོར་དུ་བཞུག་གོ།། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་པྲ་ཏི་གྲིཧྞ་ས་མ་ཡ་སྟྭཾ།། དེ་ནས་གང་དུ་བབས་པ་དེ་ནི་དེའི་ལྷ་ཡིན་ནོ།། དེ་ནས་དེ་ཁོ་ན་ཉིད་ཆེན་པོ་བརྗོད་པར་བྱའོ།། གང ་འདོད་པའི་སྙིང་པོ་བྱིན་ལ་བསྒྲུབ་དུ་བཅུག་ལ་རང་ཉིད་ལྷག་པའི་ལྷའི་དབང་བསྐུར་བས་དབང་བསྐུར་ནས། དེའི་མཚན་མ་ལག་པ་གཉིས་སུ་བྱིན་ཏེ་དེའི་རིགས་ཀྱི་མིང་གི་དབང་བསྐུར་ལ་སྙིང་པོ་འདིས་དབང་སྐུར་བཔ། ་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱད་མ་ཀོ་ཧཾ་བཛྲ་དྷཱ་ར་ས་མུ་ཁེ་བྷ་ཨ་བྷི་ཥཀ་ཏྲཾ་ཨ་བྷི་ཤི་ཙ་མི་གྲིཧྞ་སི་དྷི་བཛྲི་ཏེ་ཨ་མོ་གྷ་སིད་དྷཾ་སྟཾ།། དེ་ནས་ཕྱག་རྒྱ་བཅིངས་པ་བརླབ་པར་བྱའོ།། དེ་ནས་ཅི་འདོད་པའི་མཆོད་པ་བྱས་ཤིང ་བྱེད་དུ་བཅུག་ནས་ཅི་འདོད་པ་བཟའ་བ་དང་བཏུང་བས་སློབ་མ་རྣམས་ཚིམ་པར་བྱས་ལ་ཕྱག་རྒྱ་དང་ཕྱག་རྒྱའི་ལན་དང་གར་དང་རྒོད་པར་བྱེད་དུ་བཅུག་ཅིང་རང་ཉིད་ཀྱིས་ཀྱང་བྱའོ།། དེ་ནས་ཐམས་ཅད་བགྲང ་ནས་འདི་སྐད་བརྗོད་པར་བྱ་སྟེ། ཐོག་མཐར་རྒྱུ་བའི་འགྲོ་བ་འདི།། དགའ་བ་མཆོག་ལ་རེག་ལུས་སྟེ། སེམས་དཔའ་ཆེན་པོ་རྡོ་རྗེར་འགྱུར།། སླར་ཡང་གཤེགས་པར་མཛད་དུ་གསོལ།། དེ་ནས་སྙིས་པའི་མེ་ཏོག་དོ ་ནས་བྱུང་བར་བྱའོ།། དཀྱིལ་འཁོར་ཡང་རང་ཉིད་ཀྱིས་ཕྱོགས་ལ་རྡུལ་ཚོན་དེ་དག་གིས་རི་ལུ་བྱས་ལ་བཞག་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ནས་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་བདུད་རྩིའི་ཚུལ ་དེ་ཡང་བཅུག་ན་ཚེ་འཕེལ་བ་ལ་སོགས་པའི་ལས་ཐམས་ཅད་དགོངས་པ་ཡིན་ནོ།། དེ་ཉིད་ཀྱིས་དབང་སྐུར་ན་ཡང་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་དང་། མཆོག་གི་དངོས་གྲུབ་ཀྱང་ཐོབ་པར་འགྱུརརོ།། ་གལ་ཏེ་སྐུ་བྲི་བའི་རི་མོ་མཁན་མ་རྙེད་ན་རང་རང་གི་ཕྱག་མཚན་གྱི་ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་བྲི་བར་བྱའོ།། གལ་ཏེ་དེ་ཡང་མི་ཤེས་ན་ཕྱག་མཚན་བཞག་པར་བྱའོ།། ཕྱག་རྒྱའི་ཆོ་ག་རྒྱས་པའོ།། དེ་ནས ་བ་ཅོམ་ལྡན་འདས་དོན་ཡོད་པ་ཐོགས་པ་མེད་པ་མྱུར་དུ་འགྲུབ་པའི་ཆོ་ག་རྒྱ་ཆེ་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྣམ་པར་གནོན་པ་མཛད་ནས་རྡོ་རྗེ་འཆང་ཆེན་པོས་འདི ་གསུངས་སོ།། བདེ་བ་ཆེན་པོ་རབ་བསྒྲུབ་དང་།། འདོད་པ་ཆེན་པོ་རྣམ་དག་ཕྱིར།། རྡོ་རྗེ་སེམས་དཔའ་གྲུབ་པ་ནི།། རྟག་པར་མྱུར་དུ་བཤད་པར་བྱ།། ཅི་སྲིད་འཁོར་བའི་གནས་སུ་ནི།། དེ་སྲིད་སེམས་ཅན ་གདོན་པར་བྱ།། མྱ་ངན་འདས་པ་བྱང་ཆུབ་སྒྲིབ།། དེ་ཉིད་ཀྱིས་ནི་དམ་ཚིག་རྣམས།། ཅི་སྲིད་སྲིད་པ་ལ་གནས་པ།། དེ་སྲིད་སེམས་ཅན་དོན་ཉིད་བྱེད།། ཐམས་ཅད་དག་པའི་མཆོག་ཆོས་ཅན།། ཅི་ལྟར་སེམ ་ཅན་ཀུན་གྱི་དོན། དངོས་གྲུབ་ཐམས་ཅད་རབ་བསྒྲུབ་པ།། དེ་ལྟར་སྦྱིན་སྩོགས་ཕ་རོལ་ཕྱིན།། བྱང་ཆུབ་སྤྱོད་པ་མཆོག་གིས་མིན།། དེ་བཞིན་གཤེགས་ནི་གདུལ་མིན་ལ།། སེམས་ཅན་རྣམས་ཀྱི་དོན་མཛད་པ།། འདི་ནི ་དངོས་གྲུབ་རབ་གྲུབ་ན།། དུས་ཀུན་ཏུ་ནི་ཐམས་ཅད་མཛད།། དེས་ན་བསྒྲུབ་འདི་བཤད་བྱ་སྟེ།། དངོས་གྲུབ་ཤིན་ཏུ་རྟག་པ་ཡིན།། གང་གིས་སྲིད་པ་འདི་ཉིད་དུ།། ཤིན་ཏུ་རྟག་པའི་དངོས་གྲུབ་ཐོབ།། དཀྱིལ་འཁོར ་དག་ཏུ་མཞུགས་ཀྱང་།། དམ་ཚིག་རྣམ་པར་སྤངས་པ་འམ།། བསོད་ནམས་མེད་ཀྱང་ཐམས་ཅད་དུ།། སྲིད་པ་འདི་ལ་མྱུར་དུ་གྲུབ།། གལ་ཏེ་དངོས་གྲུབ་བསྒྲུབ་འདོད་ན།། རྟག་ཏུ་ཡུལ་དང་ལྡན་གྱུར་ན།། གསང་བའི ་མཆོད་པས་མཆོད་ནས་ནི།། རང་རང་ཕྱག་རྒྱས་འགྲུབ་པར་འགྱུར།། དྲུག་ལྡན་ལ་སོགས་སྙན་པའི་གླུ།། ཆགས་པ་ཀུན་ཀྱང་ཕྱི་འདོད་པར།། བཟླས་པའི་དོན་ནི་ཅི་ནུས་པས།། རྡོ་རྗེ་སེམས་དཔའ་བསླབ་པར་བྱ།། ་འདི་ཡིས་འདོད་པའི་ཀུན་དབང་ཕྱུག། ཅི་འདོད་འགྲོ་འོང་མཁའ་ལ་རྒྱུ།། དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ།། རྒ་ཤི་མེད་ཅིང་གཙོ་བོར་འགྱུར།། རྒྱལ་བ་ཀུན་གྱི་མཆོད་བྱ་ལ།། རང་གཞན་ཀུན་གྱི་བསྙེན་བཀུར ་ཞིང་།། རྡོ་རྗེ་འཆང་ཆེན་དང་མཚུངས་ཤིང་།། དོན་ཡོད་ཀུན་མཆོག་སྤྱོད་པ་ཡིན།། བདེ་བ་ཆེན་པོ་རྡོ་རྗེ་གྲུབ་པའི་རྒྱལ་པོ་དེ་བཞིན་གཤེགས་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར་བ།། རྡོ་རྗེ ་འཆང་ཆེན་པོ་བྱང་ཆུབ་སེམས་དཔའ་ཡིན་ན།། གལ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་མངོན་པར་འདོད་ན་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་ཕྱག་རྒྱའི་ཁུ་ཚུར་ཡོངས་སུ་འཛིན་པ་རས་བྲིས་ལ་བྲི་བར་བྱའོ།། བཞད་པ་དང་བཅས་པ་དངོས་པོ་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ།། དེའི་མདུན་དུ་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པས་རྡོ་རྗེའི་ཚིག་གིས་སྟོང་ཕྲག་བརྒྱ་བཟླས་པར་བྱའོ།། འབུམ་རྫོགས་ན་མཚན་ཕྱེད་ན་བདུད་ཀྱི་ཚོགས་རྣམས་འོང་བར་འགྱུར་རོ།། དེ་ནས་བདུད་ཐམས་ཅད་ཀྱི་སྟོབས་གཞོམ ་པས་བཅོམ་པར་བྱའོ།། དེ་ནས་ཐོ་རངས་ཀྱི་དུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དམ་བྱང་ཆུབ་སེམས་དཔའ་ཉིད་ཐོབ་པར་འགྱུར་རོ།། གལ་ཏེ་རྡོ་རྗེ་འཆང་ཆེན་པོ་ཉིད་མངོན་པར་འདོད་ན།། དེས་ལུགས་མའམ། འདུས ་བྱས་པའམ། བརྡུངས་པའམ་རས་རིས་ལ་སོགས་པར་བྲིས་པའི་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་བཞིན་དུ་སྔར་བསྒྲུབ་པ་ལ་སྐུ་གཟུགས་ཀྱི་ཁྱད་པར་ཅི་ལྟར་ཐོབ་པ་ལྟར་རྡོ་རྗེ་སེམས་དཔའི་བསྒྲུབ་པ་བཤད་དོ།། ཟླ་བ་དྲུག་གི ་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཆེན་པོ་འགྲུབ་པོ།། གལ་ཏེ་རྡོ་རྗེ་འཆང་ཆེན་པོ་དགུག་ན་བདེ་བ་ཆེན་པོའི་རྡོ་རྗེ་ལུགས་ཀྱུ་དགུག་ཅིང་ཅི་འདོད་པ་བསྒྲུབ་པར་བྱའོ།། ཟླ་བ་ཅིག་འདས་ནས་ཐམས་ཅད་གསོལ་བར་བྱའོ།། གལ་ཏེ ་རང་གི་ཕྱག་རྒྱས་བདག་ཉིད་བསྒྲུབ་ན་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་བསྒོམས་པས་བདག་རྡོ་རྗེ་སེམས་དཔའ་ཡིན་ནོ།། ཞེས་བསྒོམས་ལ་བསྒྲུབ་པར་བྱའོ།། དེ་ཅི་ལྟར་མངོན་པར་འདོད་པའི་བཟླས་པས་བདག་ཉིད ་བསྒྲུབ་པར་བྱའོ།། ཡང་དང་ཡང་དུ་སྒོམ་ཞིང་བཟླས་པ་དེ་སྲིད་བདག་གིས་བྱའོ།། ཅ་སྲིད་རྡོ་རྗེ་འཆང་ཉིད་ཟླ་བ་ཕྱེད་འདས་ནས་ཐོབ་པར་འགྱུར་རོ།། དེ་ནས་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་བསྒྲུབ་པར་འདོད་ནད་བཞིན ་དུ་རང་ཡིད་དུ་འོང་བ་དང་བཅས་པར་རབ་ཏུ་ཞུགས་ཏེ། ཕྱག་རྒྱ་བཅིངས་ལ་དེ་སྲིད་བཟླས་པར་བྱའོ།། ཅི་སྲིད་བདག་འདོད་པ་ཀུན་གྱི་དབང་ཕྱུག་དང་།། ཁམས་གསུམ་པ་མ་ལུས་པའི་བདག་པོར་འགྱུར་རོ།། དེ་ནས ་བ་ཅོམ་ལྡན་འདས་རྡོ་རྗེ་འཆང་ཁམས་གསུམ་མ་ལུས་པའི་རྡོ་རྗེའི་རྒྱུན་རང་བཞིན་ཐམས་ཅད་གྲུབ་པའི་ཆོས་ཉིད་ཀྱི་ཡེ་ཤེས་རྣམ་པར་རོལ་པར་མཛད་ནས་མ་བསྒྲུབས་པའི་ཕྱག་རྒྱའི་ལས་ཀྱི་རྒྱུན་རྡོ་རྗེའི་ཚེ ་ག་རྒྱས་པ་འདི་གསུངས་སོ།། མ་བསྒྲུབས་པའི་སྙིང་པོའི་ལས་རྣམས་འདི་ལྟ་སྟེ། བདག་ཉིད་བསྲུང་བ་ནི་བདེ་བ་ཆེན་པོའི་རྡོ་རྗེས་གསང་བའི་གཙུག་ཏོར་གྱིས་སོ།། ཐམས་ཅད་བསྲུང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང ་བའི་མཛོད་སྨྲས་སོ།། ཕྱོགས་ཐམས་ཅད་དང་འཚམས་དང་དཀྱིལ་འཁོར་བཅིང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བ་འབར་བའི་ཕྲེང་བས་སོ།། བདུད་ཐམས་ཅད་ཀྱི་སྟོབས་གཞོམ་པ་ནི་བད་བ་ཆེན་པོའི་རྡོ་རྗེ་གསང་བ་མི་བསྐྱོང ་པས་སོ།། ཚེ་འཕེལ་བར་བྱ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བདུད་རྩིས་སོ།། གཟུགས་ཆེན་པོ་ཕུན་སུམ་ཚོགས་པ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཟུགས་ཅན་གྱིས་སོ།། གཟི་བརྗིད་དང་ན་ཚེད་ཤིན་ཏུ་བཟང་པོ་རབ་ཏུ ་འཕེལ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བཅུད་ཀྱིས་ལེན་གྱིས་སོ།། སྟོབས་དང་མདོག་འཕེལ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཐུ་ཡིས་སོ།། དབང་བསྐུར་བ་ཐམས་ཅད་ལ་ནི་རྡོ་རྗེ་གསང་བའི་ཅོད་པན་ཅན་གྱིས་སོ།། ་ནོར་ཐམས་ཅད་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དབྱིག་གིས་སོ།། རྒྱལ་སྲིད་ཐོབ་པ་ལ་ནི་རྡོ་རྗེ་གསང་བའི་རྒྱལ་པོའི་ཕྱག་རྒྱས་སོ།། ས་མ་ལུས་པ་ཐོབ་པ་ལ་ནི། གསང་བའི་རྩལ་གྱིས་སོ།། ཐམས་ཅད་དབབ་པ་དང་གཡོ་བར ་བྱ་བ་དང་གར་བྱེད་དུ་བཞུག་པ་དང་དུས་གསུམ་བདེན་པ་ཉིད་དུ་སྨྲར་གཞུག་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གིས་དོན་དུ་གཞུག་པས་སོ།། པྲ་སེན་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་གསང་བའི་པྲ་སེན ་དབབ་པས་སོ།། གདོན་ཐམས་ཅད་ལས་ཐར་པ་ལ་ནི་རྡོ་རྗེ་གསང་བའི་གདོན་ལས་ཐར་པས་སོ།། གདུག་པ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་བགེགས་འཇོམས་པས་སོ།། ཐམས་ཅད་རེངས་པར་བྱ་བ་ལ་ནི ་རྡོ་རྗེ་གསང་བའི་རེངས་པས་སོ།། ཐམས་ཅད་ག་ཉིད་ལོག་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་གཉིད་ཀྱིས་སོ།། ཐམས་ཅད་རྒྱས་གདབ་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་མཁའ་འགོ་མས་སོ།། ཐམ ་ཅད་དུ་གས་རབ་ལ་ནི་རྡོ་རྗེ་གསང་བའི་མཐར་བྱེད་ཀྱིས་སོ།། ཐམས་ཅད་སྐྱེལ་བ་ལ་ནི་རྡོ་རྗེ་གསང་བའི་ཧཱུཾ་མཛད་ཀྱིས་སོ།། ཐམས་ཅད་བསླང་བ་ལ་ནི་རྡོ་རྗེ་གསང་བའི་དམ་ཚིག་གི་སླང་བས་སོ།། ཐམས་ཅད་བཅིང ་བ་ནི་རྡོ་རྗེ་གསང་བའི་བཅིངས་པས་སོ།། ཐམས་ཅད་ཐར་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཡི་གེ་མུས་སོ།། ཕྲ་མེ་ན་མ་ཐམས་ཅད་ལས་ཐར་བར་བྱ་བ་དང་། སྔོན་གྱི་གནས་སྐབས་རྗེས་སུ་སྦྱིན་པ་ལ་གསང་བ་ཆེན་པོ་ཧེ་རུ་ཀ ་རྡོ་རྗེས་སོ།། མ་མོའི་གདོན་ཐམས་ཅད་ལས་ཐར་པར་བྱ་བ་ལ་ནི། རྡོ་རྗེ་གསང་བའི་དྲག་མོས་སོ།། ཕྲ་མེན་མ་ཐམས་ཅད་ཀྱིས་རྒྱས་བཏབ་པ་ལ་ཐར་བར་བྱ་བ་དང་། སྙིང་ཟོས་པ་ལས་སྙིང་གཞན་འབྱུང་བར་འཇུག་པ ་དང་། ཤི་བ་གསོ་བ་ལ་ནི་དམ་ཚིག་ཆེན་པོ་གསང་བའི་ཧེ་རུ་ཀའི་རྡོ་རྗེ་དབང་བསྐུར་བས་སོ།། གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་རྡོ་རྗེས་སོ།། རིམས་ཐམས་ཅད་རབ་ཏུ་ཞི་བ་ལ་ནི་རྡོ་རྗེ ་གསང་བའི་འབར་བའི་བལྟ་བས་སོ།། དུག་ཐམས་ཅད་གཞིག་པ་དང་བཟའ་བ་དངའབབྲ་པ་དང་འཆི་བ་གསོ་བ་ལ་ནི་གསང་བ་ཆེན་པོ་རྡོ་རྗེ་ནོར་བུའི་ཕྱག་རྒྱས་སོ།། དུག་ཐམས་ཅད་དང་སྦྱར་བའི་དུག་ཐམས་ཅད་བདུད་རྩིར ་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དུག་མེད་པས་སོ།། གཤེད་བྱེད་ཐམས་ཅད་དང་བྱད་དང་རོ་ལ་ངས་དང་བྱུང་དང་གནོད་སྦྱིན་མོ་རྣམས་ཀྱི་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་སྦྱིན་སྲེག་གིས་སོ།། རྩོད་པ་ཐམས་ཅད་དང་འཐབ་པ་དང ་འབབ་མོ་དང་བརྩོད་པ་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་ཞལ་རབ་ཏུ་གདངས་པས་སོ།། ཡམས་དཔའཚེ་བ་ཐམས་ཅད་དང་སྡིག་པ་དང་རྨི་ལམ་ངན་པ་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་ཞིབས་སོ།། གཞན་གྱི་དཔུང ་ཐམས་ཅད་རེངས་པར་བྱ་བ་དང་གཉིད་ལོག་པར་བྱ་བ་དང་རྨོངས་པར་བྱ་བ་དང་ལྐུགས་པར་བྱེད་པ་དང་རྒྱས་བཏབ་པ་དང་གསང་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཤེད་བྱེད་ཀྱིས་སོ།། འཐབ་མོ་ཐམས་ཅད ་ལས་རྒྱལ་པོ་ཐོབ་པ་ལ་ནི་རྡོ་རྗེ་གསང་བའི་རྒྱལ་མཚན་གྱི་དཔུང་རྒྱན་གྱིས་སོ།། གདུག་པ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་རྡོ་རྗེ་ལེགས་པས་སོ།། བགེགས་ཐམས་ཅད་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཐབས་བྱོར ་གྱིས་སོ།། དགྲ་བོ་ཐམས་ཅད་རྣམ་པར་བཞིག་པ་ལ་ནི་རྡོ་རྗེ་གསང་བའི་རྣམ་པར་འཐོར་བས་སོ།། བདུད་ཀྱི་སྟོབས་ཐམས་ཅད་གཞོམ་པ་ལ་ནི་རྡོ་རྗེ་གསང་བའི་རབ་དུ་འདུལ་བས་སོ།། སྤྲིན་བསྐྱེད་པ་ལ་ནི་རྡོ་རྗེ་གསང་བའི་སྤྲིན ་ཆེན་པོས་སོ།། ཆར་དབབ་པ་ལ་ནི་རྡོ་རྗེ་གསང་བའི་བསྡིག་འཛུབ་ཀྱིས་སོ།། ཐོག་དབབ་པ་དང་ཀློག་དང་རླུང་དང་ཆར་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་སྤྲིན་བསྲུང་གིས་སོ།། སྤྲིན་དང་མུན་པ་དང་ཁུག་རྣ་ཞི་བར་བྱ་བ་ལ་ནི་རྡོ་རྗེ། ་གསང་བའི་བདེ་བ་ཆེན་པོའི་སྤྱན་གྱིས་སོ།། ཀླུ་ཐམས་ཅད་དགུག་པ་ལ་ནི་རྡོ་རྗེ་གསང་བའི་ཕྱག་རྒྱས་སོ།། ཀླུ་ཐམས་ཅད་དབང་དུ་བྱ་བ་ལ་ནི་གསང་བ་ཐམས་ཅད་ཀྱི་ནོར་བུའི་ཕྱག་རྒྱས་སོ།། ཀླུ་ཐམས་ཅད་རྗེས་སུ་འབྲང ་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཀླུ་འདུལ་བས་སོ།། ཀླུ་ཐམས་ཅད་འབྱིན་པ་ལ་ནི་གསང་པའི་ཀླུ་འདོན་པས་སོ།། ས་མ་ལུས་པ་གཡོ་ཞིང་འགུལ་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཐར་པས་སོ།། ཆུ་མེད་པར་ཆུའི་ཕུང་པོ་ཆར་ཆེད ་བསིལ་ཞིང་དྲི་མ་མེད་པར་བསྐྱེད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཀླུའི་ཕྱག་རྒྱས་སོ།། མུན་པར་ཉི་མའི་སྣང་བ་བསྐྱེད་པ་ལ་ནི་རྡོ་རྗེ་ཉི་མའི་ཕྱག་རྒྱས་སོ།། རླུང་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་རླུང་ཐམས་ཅད་ཀྱིས་སོ།། ནམ ་མཁའ་ལ་གཟུགས་ཐམས་ཅད་ཀུན་ཏུ་སྟོན་པ་ལ་ནི་རྡོ་རྗེ་གསང་བ་འཛིན་པས་སོ།། ནམ་མཁའ་ལས་དངོས་པོ་ཐམས་ཅད་འབྱུང་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་འབྱུང་བས་སོ།། ནམ་མཁའ་ལ་རང་གི་བདག་ཉིད་ཀྱིས། ་དངོས་པོ་ཀུན་དུ་བསྟན་པར་བྱ་བ་ལ་ནི། རྡོ་རྗེ་གསང་བ་རྫུ་འཕྲུལ་གྱིས་སོ།། ནམ་མཁའ་ལ་དེ་བཞིན་གཤེགས་པ་དང་རྡོ་རྗེ་འཛིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཐམས ་ཅད་བསྟན་པ་ལ་ནི་རྡོ་རྗེ་གསང་བའི་རྣམ་པར་འཕྲུལ་པས་སོ།། ནམ་མཁའ་ཤིང་ཐམས་ཅད་ལ་ལོ་མོ་དང་མེ་ཏོག་དང་། འབྲས་བུ་ཐམས་ཅད་འབྱུང་བ་ལ་ནི་རྡོ་རྗེ་གསང་བའི་དུས་ཀྱི་ཕྱག་རྒྱས་སོ།། སའི་ཆ་ཐམས་ཅད་ལ ་འབྲུའི་ཆ་ཐམས་ཅད་སྨིན་པར་འབྱུང་བ་ལ་ནི་རྡོ་རྗེ་གསང་བའི་བཤོལ་གྱི་ཕྱག་རྒྱས་སོ།། ཐམས་ཅད་ལས་ལྷའི་ཁ་ཟས་དང་བཏུང་བ་དང་གོས་དང་རྒྱན་དང་གནས་པ་སར་དང་བུ་མོ་གཞོན་ནུ་འབྱུང་བ་དང་སྐྱེས་པ་དང་བུད་མེད ་དང་བྲན་ཕོ་དང་བྲན་མོ་ཐམས་ཅད་འབྱུང་བར་བྱ་བ་ལ་ནི། བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་བསོད་ནམས་ཀྱི་ཆུ་ཡིས་སོ།། གཡུལ་དུ་དཔུང་གི་ཚོགས་ཡན་ལག་བཞི་བསྟན་ཅིང་གཡུལ་འགྱེད་པ་ལ་ནི་རྡོ་རྗེ་བདེ་བ་ཆེན་པོའི ་སྡོམ་པས་སོ།། སྒྱུ་མ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་བདེ་མཆོག་གིས་སོ།། བདེ་མཆོག་གི་བྱ་བ་ཐམས་ཅད་ལ་ནི་རྡོ་རྗེ་སྒྱུ་མའི་བྱ་བས་སོ།། རྨད་དུ་འབྱུང་བ་དང་ཆོ་འཕྲུལ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་རྨད་དུ་འབྱུང་བའི་རྫུ ་འཕྲུལ་གྱི་རྣམ་པར་འཕྲུལ་པས་སོ།། ལན་ཐམས་ཅད་གདབ་པའི་བྱ་བ་ལ་ནི་རྡོ་རྗེ་ལན་བསྟན་པས་སོ།། མེ་རེངས་པར་བྱ་བ་ལ་ནི་རྡོ་རྗེ་ཤིན་ཏུ་གྲང་བས་སོ།། ཆུ་བབ་པར་བྱ་བ་ལ་ནི་རྡོ་རྗེ་ཟླ་བའི་ཆུ་ཤེལ་གྱིས་སོ།། དགོན་པ ་དང་གྲོང་དང་ནགས་དང་ཆུ་བོ་དང་རྫིང་བུ་དང་བསྐྱེད་མོས་ཚལ་དང་ཟས་དང་སྐོམ་དང་གཙུག་ལག་ཁང་བསྲུང་བ་ལ་ནི་རྡོ་རྗེ་གྲུབ་པས་སོ།། ཆུའི་སྟེང་དུ་བཞག་པ་དང་བདག་ཉིད་གཟུགས་མང་པོའི་དངོས་པོ་སྟོན་པ་དང་མི ་སྣང་བ་དང་ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་ལ་ནི་རྡོ་རྗེ་གསང་བའི་དངོས་གྲུབ་ཀྱི་ཕྱག་རྒྱས་སོ།། ལྷ་ལ་སོགས་པ་ཐམས་ཅད་མངག་གཞུག་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་བཀའ་བསྒོ་བས་སོ།། སེམས་ཅན་ཐམས་ཅད ་དབང་དུ་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དབང་གིས་སོ།། མི་རྒྱུ་བ་ཐམས་ཅད་དྲང་བ་དང་དབབ་པ་དང་བདེན་པར་སྦྱར་གཞུག་པ་ལ་ནི་རྡོ་རྗེ་གསང་བའི་དངོས་གྲུབ་ཆེན་པོའི་ཕྱག་རྒྱས་སོ།། གཟུགས་བརྙན་ཐམས་ཅད་དབབ་པ་དང ་ད་གུག་པ་དང་རྒོད་པར་བྱ་བ་དང་གར་བྱེད་དུ་གཞུག་པ་དང་ཀུན་ཏུ་རོལ་པར་བྱ་བ་དང་བསྒོ་བ་ཐམས་ཅད་བྱེད་དུ་གཞུག་པ་དང་ཐམས་ཅད་བྱེར་ཏེ་འོང་བ་དང་ལས་ཐམས་ཅད་བྱེད་དུ་གཞུག་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག ་བསྒྲུབས་པས་སོ།། ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་བསྒྲུབས་པས་སོ།། ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཡིད་ལས་བྱུང་བས་སོ།། རྒྱུ་བ་དང་མི་རྒྱུ་བ ་ཐམས་ཅད་རྩེར་གཞུག་པ་ལ་ནི་རྡོ་རྗེ་ཀཱི་ལི་ཀཱི་ལིའི་གསང་བས་སོ།། ཐམས་ཅད་བརྟན་པར་བྱ་བ་ལ་ནི་རྡོ་རྗེ་ཆུ་སྲིན་གྱི་ཕྱག་རྒྱས་སོ།། ཐམས་ཅད་འདས་པར་བྱ་བ་ལ་རྡོ་རྗེ་བསྙེམས་པས་སོ།། རྨི་ལམ་ངན་པ་བཟློག་པ་ལ་ནི ་རྡོ་རྗེ་ངག་གིས་སོ།། གཞན་དག་གིས་རང་འདོད་པའི་རྨི་ལམ་མཐོང་བར་བྱ་བ་ལ་ནི་རྡོ་རྗེ་རྨི་ལམ་མཐོང་བས་སོ།། རྨི་ལམ་ངན་པ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་བསྲེགས་བླུགས་ཀྱིས་སོ།། རྨི་ལམ་བཟང་བ་ཐམས་ཅད ་བསྒྲུབ་པ་དང་བརྟན་པར་བྱ་བ་ལ་ནི་རྡོ་རྗེ་རྨི་ལམ་གྲུབ་པས་སོ།། ནད་དང་གནོད་པ་ཐམས་ཅད་བསལ་བ་ལ་ནི་རྡོ་རྗེ་སྨན་གྱིས་སོ།། རིམས་ནད་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་བཅུད་ལེན་གྱིས་སོ།། དུས་མ་ཡིན་པར་འཆི ་བ་གཞིག་པ་ལ་ནི་རྡོ་རྗེ་དཱུར་བས་སོ།། དཀྱིལ་བ་ལ་སོགས་པའི་ཛིན་འགྲེ་ཐོམ་པ་དགཉིག་པ་ལནི་རྡོརྡོ་སྡིག་པདྲལ་སོ།། ཐམས་ཅ་སྒྲུ་པ་ནི་རྡོ་མྦུའི་མཆོག་གིས་སོ་གསུང་ཐམས་ཅད་བསྒྲུབ་པ་ལ་ནི་རང་གི་ལྕེས་བཟླས་པ་དང་མ་འོངས་པ་དང་ད་ལྟར་གྱི་དངོས། ་པོ་ཐམས་ཅད་བདེན་པར་སྟོན་པའི་རྡོ་རྗེ་གསང་བའི་ལྗགས་ཀྱི་མཆོག་གིས་སོ།། ཐུགས་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་ཐུགས་ཐམས་ཅད་བསྐྱེད་པས་སོ།། རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་ནི་རབ་ཏུ་དགའ་བའི་རྡོ་རྗེས་སོ།། ་དཀྱིལ་འཁོར་ཐམས་ཅད་དུ་རབ་ཏུ་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོས་སོ།། ཕྱག་རྒྱས་ཐམས་ཅད་བཅིང་བའི་དངོས་གྲུབ་ལ་ནི་རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱ་ཆེན་པོས་སོ།། ཐམས་ཅད་དམ་ཚིག་ཐམས་ཅད་བསྒྲུབ་པ ་པལ་ནི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱས་སོ།། ལས་ཐམས་ཅད་གྲུབ་པ་ལ་ནི་རྡོ་རྗེ་གསང་བའི་མཆོད་པས་སོ།། དངོས་གྲུབ་ཐམས་ཅད་ལ་ནི་རྡོ་རྗེ་གསང་བའི་བདེ་བ་ཆེན་པོ་གྲུབ་པས་སོ།། ཕུན་སུམ་ཚོགས་པ་ཐམས ་ཅད་ལ་ནི་རྡོ་རྗེ་ལྟུང་བ་ལས་ཀྱི་དངོས་གྲུབ་དམ་པ་གདོན་པའི་ཕྱག་རྒྱས་སོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ས་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱས་སོ།། ཐམས་ཅད་ཀྱིས་མཆོད་པ་བྱ་བ་ཉིད་ལ་ནི་རྡོ་རྗེ་གར་གྱིས་སོ།། རྡོ་རྗེ ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ལ་ནི་རྡོ་རྗེ་བདེ་བ་ཆེན་པོའི་རྡོ་རྗེས་སོ།། སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ལ་ནི་རྡོ་རྗེ་སེམས་དཔའི་བདེ་བ་ཆེན་པོས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས ་གྲུབ་དམ་པ་ལ་ནི་རྡོ་རྗེ་སེམས་དཔའ་གསང་བ་མཆོག་གི་བདེ་བ་ཆེན་པོས་སོ།། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱས་སོ།། བདེ་བ་ཆེན་པོ་རྡོ་རྗེ་གསང ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་རབ་ཏུ་དགའ་བའི་རྡོ་རྗེ་གསང་བའི་མཆོད་པའི་ཆོ་ག་རྒྱས་པའོ།། །། དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་གི་སེམས་དཔའི་བྱིན་གྱིས་བརླབས་པ་གསང་བའི ་ཅ་ཧོས་ཅན་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་བྱིན་གྱིས་རློབ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ། རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ།། བདེ་བ་ཆེན་པོ་རབ་གྲུབ་དང་།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། དེ་བཞིན་གཤེགས་པ་མཐའ་ཡས་ཉིད།། དམ་པའི་རིགས་ནི་བསྐྱེད་དུ་གསོལ་དེ་ནས་བཅོམ ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བདེ་བ་ཆེན་པོ་མི་ཕྱེད་པའི་རྣམ་པར་གནོན་པ་མཛད་ནས། བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་ལ་རབ་ཏུ་བཞུགས ་ནས་ཐམས་ཅད་ཀྱི་བདག་ཉིད་མཉམ་པར་སྤྲོས་ནས་བདེ་བ་ཆེན་པོའི་རྡོ་རྗེའི་ཕྱག་རྒྱའི་གཟུངས་འདི་གསུངས་སོ།། ཨོཾ་དྷཾ། དེ་ནས་འདི་ནི་གསུངས་པ་ཙམ་གྱིས།། རྣམ་པ་དྲུག་དུ་གཡོས་གྱུར་ཏེ།། སངས་རྒྱས ་སྲས་དང་བཅས་པ་ཀུན།། ཀུན་ནས་འདུས་ཤིང་བསྟན་པར་འགྱུར།། དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས།། ཐམས་ཅད་གྲུབ་བྱིར་ཀུན་ནས་བཞུགས།། བཞད་པ་ཆེན་པོའི་ཁྱད་པར་གྱིས།། རྨད་བྱུང་ཆེན་པོ་རབ་ཏུ ་བཞད།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་དེ་བཞིན་དུ་རྡོ་རྗེ་བསྙེམས་པས་བཞུགས་ཏེ། བདེ་བ་ཆེན་པོའི་དམ་ཚིག་རྡོ་རྗེ་གསང་བ་ཞེས་བྱ་བའི་གཟུངས་ཀྱི་དཀྱིལ་འཁོར་འདི་གསུང ་སོ།། ཅི་ལྟར་ཆོས་ཀྱིས་བྲིས་ནས་ནི།། རྒྱལ་བ་གཡོན་དུ་བསྙེམས་འཛིན་པ།། དམ་ཚིག་མཆོག་གི་མཆོག་དཀོན་ནས།། ས་མ་ཡ་སྟམ་ཞེས་བརྗོད་དོ།། དེ་བཞིན་གཤེགས་པ་སྲས་དང་བཅས།། རྡོ་རྗེ་མཚོན་ཆ ་ལ་སོགས་གཟུང་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། མེ་ཏོག་ལ་སོགས་སྤྱིར་ཐལ་སྦྱར།། དེ་ལ་འཇུག་ལ་སོགས་པའི།། ཆོ་ག་རྒྱས་པའི་ཁྱད་པར་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་པ ་ཕྱག་བྱབའི་ཕྱག་རྒྱ་དང་རྡོ་རྗེའི་གླུ་འདིས་འཇུག་པར་བྱའོ།། རྡོ་རྗེ་སེམས་དཔའ་བསྡུས་པ་ཡིས།། རྡོ་རྗེ་རིན་ཆེན་བླ་ན་མེད།། རྡོ་རྗེ་ཆོས་ནི་གླུར་བླངས་པས།། རྡོ་རྗེ་ལས་ནི་བྱེད་པར་འགྱུར།། དེ་ནས་རབ་ཏུ་བཞུགས་ནས། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཟུངས་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ལྕགས་ཀྱུས་དགུག་པར་བྱའོ།། ཨོཾ་བཛྲ་དྷ་ར་སུ་ར་མ་ཧཱ་སུ་ཁེ་སརྦ་ཧཱ་རརྨ་པ་མ་ཏ་ཡ། སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་མཾ ་མུཏྲ་བཱ་དེ་ཛཿཧཱུཾ་བཾ་ཧོཿ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཛིན་པ་དང་བཅས་པ་ཡང་དག་པར་བྱོན་པར་འགྱུར་རོ།། ཡིད་བདེ་བ་ལ་སོགས་པའི་མཚན་མ་འབྱུང་ངོ་།། ཆོ་འཕྲུལ་དུ་མ་དག་མཐོང་བ ་ཡིན་ནོ།། དེ་ནས་ཆོག་རྒྱས་པ་དང་བསླབ་པ་དང་ཡིད་ཀྱིས་འདོད་པའི་དངོས་གྲུབ་ཐམས་ཅད་དང་དོན་ཡོད་པ་དང་ཐོགས་པ་མེད་པར་མྱུར་དུ་དམ་པ་གྲུབ་པ་ཡིན་ནོ།། དེ་བཞིན་དུའོ།། དེ་ནས་མ་བསྒྲུབས་པར་ལན ་གཅིག་བཟླས་པས་ལས་རྣམས་བྱེད་པར་འགྱུར་རོ།། ཐམས་ཅད་བསྲུང་བ་ལ་ནི་རྡོ་རྗེ་གཅིག་ཏོར་གྱིས་སོ།། སེམས་ཅན་ཐམས་ཅ་དབང་དྲབྱུ་བ་ལ་ནི་རྡོ་རྗེ་མཛོད་སྨྲས་སོ།། ཆོས་ཉིད་ཐམས་ཅད་ཐོབབ་ལ་ནི་རྡོ་རྣམ། ་ཀྱིས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་དངོས་གྲུབ་ནི་རྡོ་རྗེ་མཆོད་པས་སོ།། གདུག་པ་ཐམས་ཅད་འདུལ་བ་ལ་ནི་རྡོ་རྗེ་ཁྲོ་བོས་སོ།། བྱང་ཆུབ་ཀྱི་སྤྱོད་པ་མ་ལུས་པར་རྫོགས་པར་བྱ་བ་ལ་ནི་རྡོ་རྗེ་སྤྱད ་པའི་ཕྱག་རྒྱས་སོ།། བདུད་ཐམས་ཅད་གཞོམ་པ་ལ་ནི་བདུད་ཐམས་ཅད་འཇོམས་པར་བྱེད་པས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིསག་ད་བྱ་བ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱིས་སོ།། བདེ་བ་ཆེན་པོ་རྡོ་རྗེ ་གསང་བ་ལས་དེ་བཞིན་གཤེས་པ་ཐམས་ཅ་ཅིགས་པ་ཆེན་མ་ཆོག་རྒྱས་སོ།། དེ་ཞིན་ཤེགས་པའི་ཀྱི་འོད་དུས་པའོ།།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་ཅིང་ཐོགས་པ་མེད་པའི་བཀའ་བསྟན་པ། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཆེན་པོའི་ཐབས་བདེ་བ་ཆེན་པོའི་ཁྲོ་བོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རང་གི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་གསོལ་བ་བཏབ་བོ།། ་བདེ་བ་ཆེན་པོ་རབ་གྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། གདུག་པ་ཐམས་ཅད་གཞོམ་པའི་ཕྱིར།། རང་རིགས་སྤྲུལ་མཛོད་རྡོ་རྗེ་འཛིན།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་བཀའ་རྡོ་རྗེའི་དམ་ཚིག་ཅེས་བྱ་བའི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་འདི་གསུངས་ཏེ།། ཧཱུཾ་རག་ཏ་ཛྭ་ལ་མཱ་ལཾ་པྲཱ་ཏི་ལ་ཡ་ཨག་ནི་པྲ་བི་ཏ་ཏེ་མ་ཧཱ་པུ་ར་ཏ་བཛྲ་ཀྲོ་དྷ་ཛ་ཧཱུཾ་ཕཊ། ་དེ་ནས་འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྡོ་རྗེ་ལས་ཀུན་ནས་འོད་ཟེར་དམར་པོ་འབར་བའི་སྙིང་པོ་ཅན་སྨིན་མ་འགྱུར་ཞིང་ཁྲོ་གཉེར་བསྡུས་པ་སླར་སེར་ཞིང་སྤྱན་འབར་བ་རྡོ་རྗེ་མཆེ་བ་གཙིགས་པྲ ་མམཆུའི་སྒྲོས་རྣམ་པར་གནོན་པའི་ཞལ་མངའ་བ།། དབུ་སྐྲ་གྱེན་དུ་འབར་བ་དང་རྡོ་རྗེ་དང་གཞུ་ལ་སོགས་པ་ཡོངས་སུ་འཛིན་པ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བཞུགས་སོ།། བཅོམ་ལྡན་འདས ་ཀྱིས་ཀྱང་ཁམས་གསུམ་པའི་གདུག་པ་ཐམས་ཅད་འདུལ་བར་མཛད་ནས་རྡོ་རྗེ་དམ་ཚིག་ཆེན་པོའི་བྱིན་གྱིས་བརླབས་སོ།། དཀྱིལ་འཁོར་ཆེན་པོ་ཐིག་གདབ་བྱ།། དེ་ལ་དང་པོ་ཁྲོས་པ་གཞག། སུ་ར་ཏོད་བྷ་བ་ཧཱུཾ་ཞེས ་ཟོས།། ཨུཏ་པལ་སྔོན་པོའི་འོད་འབར་བ།། རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག། མཆེ་བ་ཅུང་ཟད་གཙིགས་པའི་ཞལ།། ཁྲོ་དང་བཅས་པས་བཞད་པའི་ཞལ།། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས།། འོད་ཟེར་འབར ་བ་འཁྲུགས་པའི་འོད།། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། ཐམས་ཅད་དུ་ནི་ཁྲོ་བོ་བྲི།། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་ཆེན་པོས་དང་པོར་སློབ་དཔོན་གྱིས་འཇུག་པར་བྱ་སྟེ། སློབ་མ་རྣམས་ཀྱང་དེ ་བཞིན་ནོ།། སློབ་དཔོན་ཞུགས་ནས་ཁྲོས་པས་ལྕགས་ཀྱུ་དེ་ཉིད་ཀྱིས་དགུག་པར་བྱའོ།། ཧཱུ~ཾ་སུ་ར་ཏ་བཛྲ་ཀྲོ་ཎྜ་ཨ་ཡ་ཏེ། མ་ཧཱ་སུ་ཁ་བཛྲ་སཏྭཱ་ཛ། སརྦ་བཛྲ་ཀུ་ལ་ནེ་ཏྲ་པྲ་བེ་ཤ་ཡ་ཧཱུ། སརྦ་མུ་ཏཱ་ག་ཎ་བན་དྷ་ཡ། ་གཾ་སརྦ་མ་ཡམ་པ་ཤཱི་ཀུ་རུ་ཧོ། སརྦ་ཀརྨ་ནེ་ཏྲ་ས་ཏྭ་ཡ་ཨ།། དེ་ནས་རྡོ་རྗེའི་རིགས་ཐམས་ཅད་བཅོམ་ལྡན་འདས་དང་བཅས་པ་བྱོན་ཞིང་གྲུབ་པ་ཡིན་ནོ།། སློབ་དཔོན་དང་སློབ་མ་རྣམས་ལ་དགྱེས་པ་དང་། ཁྲོ་བོ་འབབ ་པའི་མཚན་མ་ཡང་འབྱུང་བར་འགྱུར་རོ།། གཞན་ཡང་ཅུང་ཟད་འབྱུང་བ་ཡིན་ན། དེ་གྲུབ་པ་དང་དངོས་གྲུབ་དང་ཆོ་ག་རྒྱས་པ་ཡང་དེ་བཞིན་དུའོ།། གལ་ཏེ་མ་གྲུབ་ན་ལན་ཅིག་བཟླའོ།། ཁམས་གསུམ་པ་མ་ལུས ་བ་ལས་རྒྱལ་བར་བྱ་བ་ལ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་སོ།། སེམས་ཅན་གྱི་ཁམས་ཐམས་ཅད་འདུལ་བ་ལ་ནི་རྡོ་རྗེ་ཁྲོ་བོའི་གསང་བས་སོ།། འཇིག་རྟེན་གསུམ་པ་ལས་རྣམ་པར་རྒྱལ་བ་ལ་ནི་འཇིག་རྟེན ་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་སོ།། ཐམས་ཅད་དགུག་པ་དང་གཞུག་པ་དང་དབབ་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་གཞིག་པ་དང་རེངས་པ་དང་གཉིད་ལོག་པར་བྱ་བ་དང་རྒྱས་གདབ་པ་དང་། ་སྐྱེལ་བ་དང་གསད་པར་བྱ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཁྲོ་བོས་སོ།། ཐམས་ཅད་ལྟུང་བར་བྱ་བ་ལ་ནི་རྡོ་རྗེ་ཕྲ་མོའི་ཁྲོ་བོས་སོ།། ཐམས་ཅད་དབབ་པ་ལ་ནི་རྡོ་རྗེ་འབེབས་པའི་ཁྲུ ་བོས་སོ།། ཐམས་ཅད་ངེས་པར་གནོན་པ་ལ་ནི་རྡོ་རྗེ་གང་རྒྱངས་ཀྱིས་སོ།། ལས་ཐམས་ཅད་ལ་ཉེ་བར་དགོས་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་ཁྲོ་བོས་སོ།། བདེ་བ་ཆེན་པོ་རྡོ་རྗེའི་གསང་བ་ལས་རབ་ཏུ ་དགའ་བ་ལས་བྱུང་བ་རྡོ་རྗེ་གསང་བ་རྣམ་པར་རྒྱལ་བའི་དམ་ཚིག་གི་ཆོ་ག་རྒྱས་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་ཅིང་ཐོགས་པ་མེད་པ་ཐམས་ཅད་དག་པའི ་ཆོས་སྒྲིབ་པ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པོ།། བདེ་བ་ཆེན་པོར་བཀྲུབ ་དང་།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། པད་མའི་ཚིགས་ཆེན་དག་པ་ནི།། མཆོག་ཆེན་ཁྱོད་ཀྱིས་བསྐྱེད་པར་མཛད།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཆོས་ཐམས་ཅད་ལ་གཟིགས་པ་རྡོ་རྗེ ་བྱ་བའི་རྣམ་པར་གནོན་པར་མཛད་ནས་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་པ་ད་མ་ཞེས་བྱ་བའི་སྔགས་འདི་གསུངས་སོ།། ཨོཾ་ཧྲཱི་བཾ་ཧོ། འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་ཞལ་ནས་པད་མའི་མདོག ་ག་ཨི་མདངས་ཅན་ཟླ་བའི་དཀྱིལ་འཁོར་གྱི་འོད་ལྟ་བུ་པད་མའི་མདའ་ལ་སོགས་པ་ཡོངས་སུ་འཛིན་པ་དེ་བཞིན་གཤེགས་པའི་དབང་བསྐུར་བ་དང་རལ་པའི་ཅོད་པན་དང་ན་བཟའ་དམར་པོ་འཆང་བ་དང་པད་མ་ཆེན་པོའི ་སེམས་དཔའ་རྣམས་བྱུང་ནས་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་སོ།། བཅོམ་ལྡན་འདས་ཞལ་རབ་ཏུ་བཞད་པས་གཡས་པས་རྡོ་རྗེ་གཡོན་པས་པད་མ་འཛིན་ཅིང་དེ་བཞིན་དུ་རྡོ་རྗེ་བསྙེམས་པས་རྡོ་རྗེ་དཀྱིལ་མོ་དཀྲུང་གིས ་བཞུགས་སོ།། དེ་ནས་དཀྱིལ་འཁོར་ནི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། དཀྱིལ་འཁོར་ཐམས་ཅད་ཐིག་གདབ་བོ།། རྡོ་རྗེ་འཇིག་རྟེན་དབང་ཕྱུག་གཞག། པད་མའི་མཚན་མའི་ཚོགས་རྣམས་བྲི།། དེ་ནས་རྡོ་རྗེ་པད་མས་ཞུགས ་ལ་འཛུབ་མོའི་ལྕགས་ཀྱུ་གཉིས་ཀྱིས་དགུག་པར་བྱའོ།། ཨོཾ་ཧྲིཿམ་ཧཱ་སུ་ཁ་བཛྲ་ཨ་ལོ་ཀི་ཤྭ་རཱ་ཡ་མེ། ཨཱ་ཨཱ་ཧེ་པྲ་བེ་ཤ་དྷི་དྷི་མེ་བྷ་བ་སིད་དྷི་མ་མེར་མུ་ཏཱ་བཱ་དེ་ཛཿཧཱུཾ་བཾ་ཧོཿ། དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང ་བྷག་བྱོན་ཏེ་མཆོག་ཐམས་ཅད་སྩོལ་བར་འགྱུར་རོ།། སྣང་བའི་མཚན་མ་འབྱུང་བར་འགྱུར་རོ།། ཆོ་ག་རྒྱས་པ་ཐམས་ཅད་དང་བསྒྲུབ་པ་དང་དངོས་གྲུབ་ཐམས་ཅད་ཀྱང་དེ་བཞིན་ནོ།། མ་བསྒྲུབས་ཀྱང་ལན་ཅིག་བཟླས་པས་ཐམས ་ཅད་བྱེད་དོ།། སྒྲིབ་པ་ཐམས་ཅད་སྦྱང་བ་ལ་ནི་པད་མ་ཆེན་པོས་སོ།། ཐམས་ཅད་བསྲུང་བ་ལ་ནི་པད་མའི་གཙུག་ཏོར་གྱིས་སོ།། ཐམས་ཅད་རྗེས་སུ་ཆགས་པ་ལ་ནི་པད་མ་ལ་བལྟ་བས་སོ།། ཐམས་ཅད་དག་པའི་ཏིང་ངེ་འཛིན ་ཐོབ་པ་ལ་ནི་པད་མཁའ་བྱེད་པས་སོ།། བུད་མེད་ཐམས་ཅད་དབང་དུ་བྱ་བ་ལ་ནི་པད་མ་ཆེན་པོའི་འདོད་ཆགས་ཀྱིས་སོ།། སྐྱེས་པ་ཐམས་ཅད་དབང་དུ་བྱ་བ་ལ་ནི་པད་མ་ཆེན་པོའི་དབང་ཕྱུག་གིས་སོ།། རྨི་ལམ་གདབ་པ་ལ་ནི ་པད་མ་ཆེན་པོ་དམར་པོས་སོ།། བཅོམ་ལྡན་འདས་ཀྱིས་མཆོག་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་པདམ་རྨོངས་པ་མེད་པས་སོ།། བདེ་བ་ཆེན་པོ་པ་དམ་གསང་བ་ལས་བདེ་བ་ཆེན་པོ་པད་མའི་རིགས་ཀྱི་ཆོ་ག་རྒྱས་པའོ།། ་དེ་ནས་བཅོམ་ལྡན་འདས་ཁམས་གསུམ་པ་ཐམས་ཅད་ཀྱི་བདག་པོ་དབང་ཕྱུག་དེ་བཞིན་གཤེགས་པས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རིན་པོ་ཆེའི་དབང་བསྐུར་བའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ནས། རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པོ།། བདེ་བ་ཆེན་པོ་རབ་གྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། ནོར་བུ་ཆེན་པོ་རིགས་མཆོག་ནི།། མགྲིན་འབྱོར་ཕྱིར་ནི་སྐྱེད་པར་མཛོད།། དེ་ནས་བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་རབ་ཏུ་བཞག་པ་ཞེས་བྱ་བའི་རྣམ་པར་གནོན་པ་མཛད་ནས་བདེ་བ་ཆེན་པོའི་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བའི་རིགས་སྔགས་འདི་གསུངས་སོ།། ཨོཾ་ལི་ཏི་དྷི་བཾ་ཊ་ཊ་ཏེ་ཏྲཱཾ། དེ་ནས ་འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་དབང་བསྐུར་བའི་བདེ་བ་ཆེན་པོའི་རྡོ་རྗེ་ལས་ནོར་བུ་རིན་པོ་ཆེ་རབ་ཏུ་ཕྱུང་ནས་ཕྱག་གཡོན་པ་ལ་རབ་ཏུ་གནས་སོ།། ནོར་བུ་རིན་པོ་ཆེ་དག་པ་དེ་ཡང་མརྐང་རྙོག་པ་མེད་པའི་མདོག ་ཅན་རྡོ་རྗེ་རིན་པོ་ཆེ་རང་གི་འོད་ཟེར་གྱིས་དབང་བསྐུར་བ་ཅན་ནོར་བུ་རིན་པོ་ཆེའི་མདའ་ལ་སོགས་པའི་མཚན་མ་ཡོངས་སུ་བསྣམས་པ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཞུགས་སོ།། དེ་ནས་དཀྱིལ་འཁོར ་བྲི་བ་ནི། དཀྱིལ་འཁོར་ཐམས་ཅད་ཐིག་གད་བ་བྱ།། རྡོ་རྗེ་རིན་ཆེན་བདག་པོ་གཞག། ནོར་བུའི་རིགས་ནི་ཆེན་པོ་བྲི།། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་ཞུགས་ཏེ། དེ་བཞིན་དུ་མཛུབ་མོ་གཉིས་ཀྱི་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱའོ།། ཨོཾ་མ ་ཏྲཱཧཱ་སུ་ཁ་བཛྲ་བི་བྷཱུ་ཏེ་ར་ཡ་བྷ་ག་བཱན་དཾ་ཨཱ་ཀ་ར་ཥ་ཡ་གི་ར་བཾ་སརྦ་ཏ་ཐཱ་ག་ཏ་ཨ་གྲམ་ས་ཏྲ་ས་མ་བེ་ན་ནཱ་མ་བྷེ་ར་མ་ཏྲ་བྷེ། ཏྲཾ་ཕཊ་ཊ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ནོར་བུ་ཐམས་ཅད་དང་བཅས་པ་བྱོན་པ ་ཡིན་ནོ།། སྤྱི་བོ་ནས་སྤུ་ལྡང་བའི་མཚན་མ་འབྱུང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བདག་ལ་དབང་སྐུར་བ་ལ་མེ་ནི་ཞེས་ཤེས་པར་བྱའོ།། དེ་ནས་སློབ་མ་རྣམས་གཞུག་པར་བྱ་སྟེ་ཆོ་ག་རྒྱས་པ་ཐམས་ཅད་དེ་བཞིན ་བྱའོ།། དེ་ནས་མ་བསྒྲུབས་པའི་ལས་རྣམས་ལན་ཅིག་བཟླས་པས་འགྲུབ་པར་འགྱུར་རོ།། དབང་བསྐུར་བ་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་རིན་པོ་ཆེའི་མྱུ་གུས་སོ།། དོན་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་རྒྱལ་མཚན་གྱི་རྩེ་མོས ་སོ།། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་ནི་རྡོ་རྗེ་ནོར་བུ་ཆེན་པོའི་མཚན་མའི་ཕྱག་རྒྱས་སོ།། གཏེར་ཆེན་པོ་ཐོབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་ས་འོག་གིས་ཕྱག་རྒྱས་སོ།། རྡོ་རྗེ་དབང་བསྐུར་བའི་ཕྱག་རྒྱ་ཐོབ་པར་བྱ་བ ་ལ་ནི་རྡོ་རྗེ་རིན་ཆེན་ཆེན་པོའི་ས་འོག་གི་ཕྱག་རྒྱས་སོ།། རྡོ་རྗེ་དབང་བསྐུར་བ་ཐོབ་པ་ལ་ནི་རྡོ་རྗེ་ཆེན་པོའི་ཕྲེང་བས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོའི་དབང་བསྐུར་བ་ཐོབ་པ་ལ་ནི་རྡོ་རྗེ་རིན་པོ་ཆེ་ཆེན་པོའི་ཕྲེང་བས་སོ།། དེ་བཞིན ་གཤེགས་པའི་དབང་བསྐུར་བ་ཐོབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བ་དམ་པའི་ཕྲེང་བས་སོ།། རྡོ་རྗེ་འཛིན་པ་ཆེན་པོར་དབང་བསྐུར་བ་ཐོབ་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གི་རྡོ་རྗེ་རིན་ཆེན་གྱི་ཅོད ་བན་གྱི་ཕྲེང་བས་སོ།། བདེ་བ་ཆེན་པོའི་རྡོ་རྗེ་གསང་བ་ལས་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་ནོར་བུའི་རིགས་ཀྱི་ཆོ་ག་རྒྱས་པའོ།། དེ་ནས་བཅོམ་ལྡན་འདས་རིགས་ཐམས་ཅད་བསྡུས་པའི་རྡོ་རྗེ་བྱིན་གྱིས་བརླབས་པའི་ཡེ ་ཤེས་ཐོབ་པས་སེམས་ཅན་ཐམས་ཅད་གཞུག་པའི་འཁོར་ལོ་རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། ཐོག་མ་ཐ་མ་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་གསོལ་པ་བཏབ་བོ།། བདེ ་བ་ཆེན་པོ་རབ་གྲུབ་པ། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། བདེ་བ་ཆེན་པོའི་དོན་གྱི་ཕྱིར།། འགྲོ་རྣམས་ཅི་བདེ་གཞུག་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་འགྲོ་བ་ཀུན་འདུལ་བ་དམཚིག ་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་རྡོ་རྗེ་འཆང་ཆེན་པོ་སྟོན་པ་པོ་སྒྲུབ་པ་པོ་སྟོབས་ཕ་རོལ་གནོན་པ་ཐོགས་པ་མེད་པ། ཐམས་ཅད་ལ་རྗེས་སུ་སྟོན་པས་དོན་ཡོད་པར་གྲུབ་པ་དམ་ཚིག་རྡོ་རྗེ་འཛིན་པ་ཞེས་བྱ་བའི ་རྣམ་པར་གནོན་པ་མཛད་ནས་བདེ་བ་ཆེན་པོ་དངོས་གྲུབ་ཐམས་ཅད་ཀྱིས་དམ་ཚིག་ཞེས་བྱ་བའི་དོན་ཡོད་པ་མཚུངས་པ་མེད་པའི་ཐམས་ཅད་ཀྱི་སྙིང་པོ་འདི་གསུངས་སོ།། ཧོ་ཨཱཿཧཱུཾ་ཧྲཱི་ཏྲཾ། དེ་ནས་འདི་གསུངས་པ ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་ཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དཀྱིལ་འཁོར་ཆེན་པོ་དེར་ཡང་དག་པར་གནས་ཏེ། དཀྱིལ་འཁོར་ཅིག་ཉིད་དུ་གྱུར་ཏོ།། ་དེནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་སེམས་ཅན་ཐམས་ཅད་རྗེས་སུ་གཞུག་པ་བདེ་བ་ཆེན་པོའི་རྡོ་རྗེ་དམ་ཚིག་གི་གསང་བ་གསུངས་པ། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། དཀྱིལ་འཁོར་ཐམས་ཅད་ཀུན ་ཏྲ་བྲི།། དཀྱིལ་འཁོར་ཆེན་པོ་དང་པོ་ནི།། དེ་ཡི་དབུས་སུ་བརྟག་པར་བྱ།། དེ་ཡི་ལོགས་སུ་རིགས་རྣམས་ཀྱི།། དཀྱིལ་འཁོར་བཞི་པོ་བྲི་བར་བྱ།། ཕྱི་ཡི་འཚམས་ཀྱི་མཐའ་རུ་ནི།། ཕྱི་རོལ་དཀྱིལ་འཁོར་ཆོགས་རྣམམ་བྲི། ་སྒོ་རྣམས་ཀུན་ཏུ་འཇུག་པར་ནི།། རང་གི་ཕྱག་རྒྱར་རབ་ཏུ་གནས།། དཀྱིལ་འཁོར་དམ་པ་ལྔ་སྡུད་ཅིང་།། རྡོ་རྗེ་ཤུགས་ཀྱིས་འཇུག་པར་བྱ།། ཆོ་ག་རྒྱས་པ་ཐམས་ཅད་དང་།། དངོས་གྲུབ་ཐམས་ཅད་དང་ལས་ཐམས་ཅད ་ཀྱ་ན་ནོ།། གིས་ཐུས་ཆོ་སྩས་པ། ན་ཝཱ་ལ་ག་དམ་ཚིག་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་ལས་རང་རང་གི་རྗེས་སུ་གནང་བ་མནོས་ནས་སེམས་ཅན་ཐམས་ཅད་ལ་བདེ་བའི་དོན་ཡོད་པ་བཅོམ་ལྡན་འདས་རྡོ་རྗེ་ལང ་ཆེན་པོའི་ཞབས་ལ་ཕྱག་བྱས་ནས། རང་རང་གི་གསང་བའི་སྙིང་པོ་འདི་རྣམས་ཕུལ་ལོ།། དེ་ནས་འཇིག་རྟེན་གསུམ་པོས་གསོལ་བ་ནི། ཨོཾ་བྷུ་ཏྲཾ། དེ་ནས་དཀྱིལ་འཁོར་བྲི་བ་ནི།། ཟུར་བཞི་པ་ལ་སྒོ་བཞི་པ། ཕྱིའི་དི་ཀྱི་ཅོ ་མཆོག་ཡིན་ནོ།། དེ་ཡི་དབུས་སུ་དངོས་གྲུབ་ཕྱིར།། གན་ཡི་སེ་ར་ལ་ཀར་ལྡན་ཞིང་།། མདའ་དང་ཙ་ཤག་ཐོགས་བྲི།། སྦྲང་རྩི་བྱེད་དང་རྒྱལ་བར་བྱེད།། བསྒྲུབ་པ་ཐམས་ཅད་བསྒྲུབ་པ་པོ།། རྩེ་གསུམ་མཚན་མའི ་ཕྱག་རྒྱ་ཡི་ས།། པུས་མོ་ལྷར་བཙུགས་བྱས་ཏེ།། ཞུགས་ནས་དམ་ཚིག་བཅིངས་ནས་ནི།། ཡང་དག་དགུག་པ་ཉིད་དུ་བྱ། ཨོཾ་བྷུར་བུ་བ་སྭཱ་ཧཱ། ཉི་ཤུ་རྩ་ཅིག་བཟླས་པ་ཡིས།། ཐམས་ཅད་ཀུན་གྱིས་ཡོངས་བསྐོར་བ།། དངོས་གྲུབ ་ཀུན་དོན་འོངས་པ་ལ།། ཅི་ལྟར་རྙེད་པའི་གཏོར་མ་སྦྱིན།། སློབ་དཔོན་གྱིས་ནི་འཇུག་པ་ཡིས།། སློབ་མ་ཐམས་ཅད་གཞུག་པར་བྱ།། དམ་ཚིག་མཆོག་གི་དེ་ཉིད་དང་།། གསང་བའི་དེ་ཉིད་བརྗོད་པར་བྱ།། གལ་ཏེ་མ་བརྟགས་ལ་སྨྲས ་དང་།། འོན་ཏེ་ཅི་སྐད་བཤད་པའི་ཆོས།། འདིར་ནི་ཀུན་ཏུ་མ་སྤྱད་ན།། རྩེ་གསུམ་གྱིས་ནི་ཁྱོད་སྙིང་འཇོམས།། སྙིང་སྟོབས་རྡུལ་དང་མུན་པ་དང་།། ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ།། མིང་པོ་གསུམ་པོ་འདི་དག་སྟེ།། ནམ་ཡང ་བརྙས་པར་མི་བྱའོ།། གང་ཞིག་འདི་དག་ལ་བརྙས་པས།། ཡང་དང་ཡང་དུ་རབ་ཞུགས་ནས།། དཀྱིལ་འཁོར་མཆོད་པ་བྱེད་པ་དེ། དངོས་གྲུབ་ཐམས་ཅད་ཐོབ་པ་ནི།། ཕྱག་རྒྱ་དག་ཀྱང་བསྟན་བྱས་ནས།། དེ་ཡིས་གར་གྱི་མཆོད ་པ་བྱ།། འདོད་པའི་ཡོན་ཏན་ལྔ་པོ་ཡིས།། རྟག་ཏུ་དཀྱིལ་འཁོར་མཆོད་པར་བྱ།། དེ་ནས་གསང་བའི་ལྷ་མོ་རྣམས་ཀྱིས་རང་གི་ཕྱག་རྒྱ་ཕུལ་ལོ། ཧྲཱི། ཧཱུཾ་ཤྲཱི་བྷྱོ།། དཀྱིལ་འཁོར་ཐམས་ཅད་བྱ་བ་ནི།། གྲུ་བཞི་པ་ལ་སྒོ་བཞི་པ། ་ཐིག་བཞི་པ་དང་ཡང་དག་ལྡན།། ཀ་བ་ཆེན་པོ་བཞི་དང་བཅས།། གྲུ་ཆད་བཞི་ཡིས་རྣམ་པར་མཛེས།། དེ་ཡིས་དབུས་སུ་དེ་བཞིན་དུ།། དཀྱིལ་འཁོར་བཞི་པོ་བྲི་བར་བྱ།། སྒོ་རུ་མངོན་ཕྱོགས་བཞི་པོ་ནི།། སྙིང་པོ་དང་བཅས ་བཞག་པར་བྱ།། དགའ་བོ་ལག་ན་མཚོན་ཆ་ཐོགས།། དངོས་གྲུབ་བྱ་བ་སྙེམས་དང་བཅས།། དེ་ནས་དང་པོ་དཀྱིལ་འཁོར་དུ།། དེ་བཞིན་ཀུན་ནས་འཇུག་པར་བྱ།། སྲིང་མོ་རང་གི་ཕྱག་རྒྱ་ཡིས།། གོ་རིམས་ཅི་བཞིན་འཇུག་པར ་བྱའོ།། ཞུགས་ནས་བདུག་པ་ལ་སོགས་ཀྱིས།། ཆོ་ག་བཞིན་དུ་མཆོད་བྱས་ནས།། གསང་བ་དེ་ཉིད་རབ་གྲུབ་པས།། དགུག་པ་ཡང་དག་བྱ་བ་ཡོན།། ཨོཾ་ཀ་ལི་མ་ནི་དེ་སྥོ་ཏ་ལ་མེ་བྷུ་རཀྵ་ས་བི་རསྟྭ་མ་ཡ་ཧ་བ་ཧོག་པར ་ཧེ་བི་དྱེ་ཏཱ་མ་ཡ་སྭཱ་ཧཱ་སིད་དྷེ་དྷེཿསིད་དྷི་དྷ་སྟཱ་མ་ཨ་ཧེ།། ཕྱག་རྒྱ་འདི་རྣམས་ཀྱིས་སོ།། ཧྲཱིཿཧཱུཾ་ཤྲཱི་བྷྱོ།། དེ་ནས་ཐམས་ཅད་དབབ་པར་འགྱུར་རོ།། བབས་ནས་གཞུག་པར་བྱའོ།། དེ་ནས་དེ་བཞིན་དུ་ཕྱག་རྒྱ་བཅིང་བ་བྱིན། ་བརླབས་ལ།། མནའ་བསྒྲགས་ནས་གས་རབ་བརྗོད་པར་བྱའོ།། སེམས་ཅན་དོན་ལ་གང་བཞུགས་པ་གང་དུ་དཀྱིལ་འཁོར་སྟོན་པ་རྣམས།། གལ་ཏེ་གསང་བ་མི་སྲུང་ན།། ཁྱོད་ཀྱིས་དེ་དག་གསང་བ་ཡིན།། འདོད་ཆགས ་ཞེ་སྡང་གཏི་མུག་དང་།། དེ་བཞིན་ཟས་དང་སྐོམ་དང་ངོ་།། ཆོས་ཀྱིས་འཇིག་རྟེན་བདེ་བ་དང་།། ཆོས་མིན་པས་ནི་སྡུག་བསྔལ་སྟེར།། ཕྱག་རྒྱ་གར་གྱིས་མཆོད་པ་ཡིས།། ཅི་འདོད་པར་ནི་མཆོད་པར་བྱ།། ཅི་སྙེད་པ་དང ་ཅི་འདོད་བཞིན།། ཡུལ་རྣམས་ལ་ནི་བསྟན་པར་བྱ།། དེ་ནས་ལྷ་མ་ཡིན་ཐམས་ཅད་ཀྱིས་རང་གི་སྙིང་པོ་ཕུལ་ལོ།། ཨོཾ་སརྦ་མ་ཧཱ་ཙཀྲྀ་པྲ་བ་ར་ཏ་ཡ་ད་ར་ཤ་ཡ་བཾ་ཧཱུཾ་ཕཊ། ཟུར་བཞི་པའི་དཀྱིལ་འཁོར་ནི།། ཁྲུ་གང་ཙམ་དུ ་བརྐོས་བྱས་ནས།། གྱེན་དུ་ཁ་ལྟས་སྒོ་བྲི་བྱ།། བདེ་མཆོག་ལ་སོགས་བྲི་བར་བྱ།། འཁོར་ལོ་རབ་ཏུ་ཞུགས་བྱས་ལ།། ཡང་དག་དགུག་པས་དགུག་པར་བྱ།། མེ་ཏོག་ལ་སོགས་མཆོད་པ་དང་།། ཤ་ལ་སོགས་པས་གཏོར་མབྱེད ་ཨོཾ་བ་ཤུ་ཙཀྲ་ཨ་ན་ཡ་ཤམ་པ་ར་ཙི་མ་ཙི་ཏ་ཏྲཾ་སུ་ར་ཨ་དྷི་པན་ཏེ་ཤོ་ཧཾ། སརྦ་མ་ཡ་གྲི་ཏ~ཾ་དྷ་པ་མེ་སིད་དྷྱ་ཧཱ་ཧཱ་སྭཱ་ཧཱ། དེ་ནས་ཡིད་ཀྱིས་འདོད་པའི་སྒྱུ་མ་ཐམས་ཅད་གྲུབ་པ་ཡིན་ནོ།། སློབ་མ་གཞུག་པ་ཡང་དེ་བཞིན ་དུ་བྱའོ།། དེ་ནས་ཀླུའི་རིགས་བཞིས་སྙིང་པོ་ཕུལ་ལོ།། དེ་ནས་དེའི་དཀྱིལ་འཁོར་ནི།། ཟུར་བཞི་པ་ལ་སྒོ་བཞི་པ།། སྦྲུལ་གྱི་ཐིག་གིས་ཀུན་ཏུ་བྲི།། ཀླུ་ཡི་གདེངས་ཀའི་རྩེ་མོས་ཁྱུད།། འཚམས་ཀྱི་ཆར་ནི་མཇུག་རྩེ ་མདུད།། དེ་ཡི་དབུས་སུ་ས་འཛིན་པ།། ཀླུའི་རྒྱལ་པོ་ཤེ་ཤ་བྲི།། ཤེས་རབ་ཅན་གྱིས་ཀླུ་ཆེན་གྱིས།། རིགས་རྣམས་ཐམས་ཅད་བྲི་བར་བྱ།། དེ་ནས་ཏིང་འཛིན་ཤུགས་ཀྱིས་ནི།། ཁྲོས་ཤིང་རྒྱུག་པས་འཇུག་པར་བྱ། ་དཀྱིལ་འཁོར་དེར་ནི་རབ་ཞུགས་ནས།། གདེངས་ཀའི་ཕྱག་རྒྱས་དགུག་པར་བྱ།། ཨོཾ་ཧྲཱིཿ་ནཱི་ལ་ཛ་བ་བ་ག་སྲི་ཐི་བྷིན་ད་དྷ་ར་ཤེ་ཤ་ན་ཨཱ་ཡ་ཏྲི། ནུ་ཡཱ་ནཱ་ག་ཀུ་ལ་ཨ་ན་ཡ་པུས་མ་ཡ་པྲ་བེ་ཤ་ཡ་ཕུ། སརྦ་སཱ་དྷཱ་ཡ་ཕུ་བུ་ཕུ ་ཕུ། དེ་ནས་ཀླུ་ཐམས་ཅད་པུ་ཞེས་བྱ་བ་ཟློས་ཤིང་དཀྱིལ་འཁོར་དུ་ཞུགས་ནས་བབས་པར་འགྱུར་ཞིང་འཐོབ་བོ།། དེ་ནས་སློབ་དཔོན་གྱིས་རི་མོའི་ཕྱག་རྒྱས་དུག་མེད་པར་བྱའོ།། དེ་ནས་བརྩམས་ཏེ་ཐམས་ཅད་ཟོས་ན་ཡང་བདུད ་ཅི་བཞི་རུ་འཇུ་བར་བྱེད་དོ།། འདི་རྣམས་དང་ལྷན་ཅིག་དུ་གར་བྱེད་པ་དང་། དུག་ཐམས་ཅད་སྲེག་པ་དང་འཇིག་པ་དང་ཟ་བ་ནུས་པར་འགྱུར་རོ།། དེ་ནས་ཅི་འདོད་པའི་དམ་ཚིག་སྦྱིན་པར་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། ་འདི་དག་འཇིག་རྟེན་དུག་གསུམ་མོ།། གལ་ཏེ་བདེན་ལས་འདས་གྱུར་ནས།། འཚོ་བའི་འཇིག་རྟེན་འདི་རྟགས་གནས།། གལ་ཏེ་དངོས་གྲུབ་ཐོབ་འདོད་ན།། ཀློ་ག་ལ་བརྙས་པར་མི་བྱའོ།། སེར་བཟློག་པར་མི་བྱའོ།། སྤྲུལ ་ནི་གང་ཡང་གསད་མི་བྱ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ལས་བདེ་བ་ཆེན་པོའི་དམ་ཚིག་ཆེན་པོའི་རྡོ་རྗེ་གསང་བ་ལ་སོགས་པའི་ཆོ་རྒྱས་པའོ།། མ་ཉི་རྒྱུད་པ་ཀྱི་ཁོང་ཅུ་ག་། ན་ཆེན་པོ་མོས། རིབ ་མོ་ནི།། རྡོ་རྗེ་རིན་ཆེན་འོད་གསལ་བས།། དྲི་མེད་གཟི་བརྗིད་མཛེས་པ་ལ།། ཟུར་བཞི་པ་ལ་སྒོ་བཞི་པ།། སྒོ་ཁྱུད་ཀྱིས་ནི་རྣམ་པར་མཛེས།། ཁ་ཁྱེར་རྣམས་ལ་གནས་པ་ཡི།། རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་མཆོད།། ཟླ་བ་ཕྱེད ་ལ་གནས་པ་ཡི།། རྡོ་རྗེ་རིན་ཆེན་རྣམས་ཀྱིས་མཛེས།། རླུང་གིས་བསྐྱོད་པའི་ངར་བཟངས་ཀྱི།། བ་དན་དྲིལ་བུའི་སྒྲ་སྒྲོགས་པ།། དྲ་བ་མེ་ལོང་མེ་ཏོག་གི། ཕྲེང་བ་ཆེན་པོ་བཏགས་པས་བརྒྱན།། བདེ་བ་ཆེན་པོ་རྡོ་རྗེ ་ཆེ། རྡོ་རྗེ་ཀུན་གྱིས་མངོན་འདུས་བྱས།། རྡོ་རྗེ་སེམས་དཔའ་གནས་ཆེན་པོ།། སངས་རྒྱས་ཀུན་གྱིས་ངེས་བརྟན་པ།། བྱང་ཆུབ་སེམས་དཔའི་གནས་པ་མཆོག། རྡོ་རྗེ་འཆང་བ་ཀུན་གྱིས་གནས།། བདེ་བ་ཆེན་པོ ་རྡོ་རྗེ་ཆེ། ནོར་བུ་ཆེ་མཆོག་ཅེས་བྱ་བ།། རྡོ་རྗེ་ཆེན་པོའི་ཁང་པ་ན། བདེ་བ་ཆེན་པོ་བཞུགས་པ་ཡིན།། ཐོག་མཐའ་མེད་པའི་སེམས་དཔའ་ནི།།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག། སེམས་ཅན་ཀུན་གྱི་སེམས་གང་ཡིན།། བརྟན་ཕྱིར་སེམས་དཔར་བཤད་པ་ཡིན།། མཉམ་པར་གཞག་པས་ཏིང་འཛིན་ཏེ།། ངེས་པའི་ཕྱིར་ནི་རྡོ་རྗེར་གྱུར།། ་སེམས་དཔའི་བྱིན་བརླབས་སྦྱོར་བ་ཡི།། སླར་ཡང་རྡོ་རྗེ་སེམས་དཔར་གྱུར།། དེ་ཉིད་རྟག་པ་བཅོམ་ལྡན་འདས།། བྱང་ཆུབ་སྤྱོད་པའི་རྗེས་འགྲོ་ཡིན།། རང་སེམས་སོ་སོར་རྟོགས་སྩོགས་ན།། སངས་རྒྱས་བྱང་ཆུབ་ཆོག ་བཞིན།། བདུད་ནི་སངས་རྒྱས་རྡོ་རྗེ་ཆེ།། རྡོ་རྗེ་འཆང་ཆེན་དེ་ཉིད་ཡིན།། དེ་ཉིད་དེ་བཞིན་གཤེགས་པའི་རིགས།། དེ་ཉིད་རྡོ་རྗེ་རིགས་ཆེན་པོ།། དེ་ཉིད་པད་མའི་རིགས་དག་པ།། དེ་ཉིད་ནོར་བུའི་རིགས་དམ་པ།། དེ་ཉིད་ཆག ་དང་ཆགས་བྲལ་བའི།། འདོད་དང་ཐར་པ་དེ་ཉིད་ཡིན།། དུས་གསུམ་སྲིད་གསུམ་མཆོག་གསུམ་དང་།། འཇིག་རྟེན་གསུམ་དང་ཁམས་གསུམ་པ།། མི་གཡོ་ཐམས་ཅད་མཆོད་དེ་ཉིད།། བརྟན་ཞིང་སྙིང་པོ་ནོར་བུ། ་ཆེ།། རྒྱུ་བ་སེམས་ཀྱི་འདུ་བྱེད་ཐབས།། ཐམས་ཅད་བྱེད་པ་ཐམས་ཅད་ཉིད།། དང་པོའི་སེམས་དཔའ་སེམས་དཔའ་ཆེ།། བྱང་ཆུབ་སེམས་དཔའ་བདེ་རབ་སྩོགས།། སེམས་དཔའི་དཀྱིལ་མོ་དཀྲུང་བཅས་ནས། ་པད་མའི་ལྟེ་བར་ཞུགས་པ་ཡིན།། བཙུན་མོའི་ཚོགས་བཅས་སྣ་ཚོགས་པའི།། རྡོ་རྗེ་ལྷ་མོ་རྣམས་ཀྱིས་བསྐོར།། བདེ་བ་ཆེན་པོ་རབ་གྲུབ་དང་།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། མ་ལུས་གདུལ་བྱའི་དོན ་དུ་ནི།། དངོས་གྲུབ་ཐམས་ཅད་རབ་གྲུབ་ཕྱིར།། བདག་ཉིད་ལ་སོགས་སེམས་དཔའ་ཆེ།། དངོས་གྲུབ་ཐམས་ཅད་རབ་གྲུབ་ཕྱིར།། དམ་ཚིག་མཆོག་གི་དམ་ཚིག་རྣམས།། རྒྱལ་བས་ཀྱང་ནི་སྲུང་བར་མཛད།། ་སྙོམས་བཅས་རྡོ་རྗེ་གསོར་བ་དང་།། རྡོ་རྗེ་སེམས་པ་ཡང་དག་འཆང་།། ཕྱག་རྒྱ་ཐམས་ཅད་རྣམ་དག་དང་།། རྡོ་རྗེ་སེམས་དཔའ་མཆོག་གྲུབ་ཕྱིར་། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། དངོས་གྲུབ་ཐམས་ཅད་གྲུབ་པ་ལ།། ཡེ་ཤེས་ཕྱག་རྒྱང་ཡང ་དག་ལྡན།། སྙིང་པོ་ཆེན་པོ་དམ་པ་ཡིན།། གང་གིས་བསོད་ནམས་མི་ལྡན་དང་།། དེ་བཞིན་དཀྱིལ་འཁོར་མ་ལུས་ཞུགས།། དོན་ཡོད་ཐོགས་མེད་ཉིད་མཆོག་གི།། དངོས་གྲུབ་ཐམས་ཅད་རྙེད་མི་དཀའ།། བདེ་བ་ཆེན་པོ་རྡོ་རྗེ་ཆེ། གས ་བའི་མཆོག་སྟེ་དམ་ཚིག་བརྟན།། དངོས་གྲུབ་ཐམས་ཅད་བསྒྲུབ་པ་ཡིན།། རྟོག་པ་ཐམས་ཅད་མྱུར་གྲུབ་བྱེད།། ཐོག་མཐར་མེད་ཅིང་དང་པོར་བྱུང་།། བསོད་ནམས་ཐམས་ཅད་ཆེར་མཐོ་བ།། གཟི་ཅན་རྣམས་ཀྱི་བདེ་མཆོག་དང་།། ་འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། རྗེས་སུ་ཆགས་པ་བསྒོམ་པོ་ཞེས།། ཅི་བཞིན་ཡེ་ཤེས་རབ་འཇུག་པ།། དྷཱི་མ་ནིང་། པོ་ནལ་པ་ཅོམ་ལྡན་མས་ཀྱིས་གསུངས།། ཧཱུཾ། དེ་ནས་འདི་ནི་གསུངས་ཙམ་གྱི།། སངས་རྒྱས་ཐམས་ཅད་སྲས་དང ་བཅས།། ཉེ་བར་འདུས་པ་མཛད་ནས་ནི།། འགྲོ་བ་ཐམས་ཅད་བསྐྱེད་པར་མཛད།། སྣ་ཚོགས་འགྲོ་བ་ཀུན་བསྐྱེད་ནས།། གཙོ་བོས་དངོས་གྲུབ་དྲིས་གྱུར་པ།། ཅི་ལྟར་སྐད་ཅིག་གིས་འདིར་གྲུབ།། སེམས་དཔའ་ཆེན་པོ་མྱུར་དུ་སྨོས ་དེ་ནས་དཀྱིལ་འཁོར་དང་པོ་ནི།། ཐོག་མར་དཀྱིལ་འཁོར་བྱིན་བརླབས་ནས།། རྡོ་རྗེ་ཀུན་མཆོག་དམ་ཚིག་ནི།། ཆོ་ག་བཞིན་དུ་བསྒྲུབ་ནས་ནི།། དེ་ནས་ཕན་ཆད་སེམས་ཅན་འབྱུང།། ཅི་བཞིན་ལས་ཀྱི་རྗེས་འགྲོ་བ།། རྟག་པར ་སྡིག་པ་ཀུན་ལ་སྤྱོད།། ངན་ཞེན་དང་ནི་ལེ་ལོ་ཅན།། དེ་ནི་སྐྱེ་བོ་གསུམ་གཟིགས་ནས།། འཇིག་རྟེན་གཙོ་བོ་རྣམས་ཀྱིས་དྲིས།། བཅོམ་ལྡན་འོན་ཅི་ལྟར་ནི།། བྱིས་པ་དགེ་བ་ཀུན་ཏུ་བསྐྱེད།། དེ་རྣམས་ཀྱི་ནི་ཚིག་གསན་ནས། ་ཚིག་ནི་འདི་སྐད་གསུངས་པ་ཡིན།། རྡོ་རྗེ་འཛིན་ཀུན་བྱེད་པ་པོས།། ལས་ཀྱིས་འཆི་བ་ལྟོས་གྱུར་པ།། དེའི་ཚིག་དེ་ཐོས་ནས་ནི།། རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན།། སྲས་བཅས་སངས་རྒྱས་ཐམས་ཅད་ཀྱིས།། ཐུགས་རྗེ ་ཆེན་པོས་འདི་སྐད་གསུངས།། བདེ་བ་ཆེན་པོ་རབ་གྲུབ་དང་།། ཤིན་ཏུ་ཆགས་པ་རྣམ་དག་ཕྱིར།། ཀུན་མཆོག་ཆོག་རྒྱས་པའི།། སྙིང་པོ་དེ་ནི་བཤད་དུ་གསོལ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། དངོས་གྲུབ་ཐམས་ཅད་སྩོལ་བ ་ཡིན།། རྟོག་པ་ཀུན་གྱི་བདེ་བ་ཆེ།། རྡོ་རྗེ་གསང་བ་དང་པོ་མཆོག། གཞན་ཡང་སྙིང་པོ་བསྟན་པ་དང་།། དཀྱིལ་འཁོར་ལ་སོགས་ཆོ་ག་ཆེ།། སྣ་ཚོགས་ཕྱི་མའི་རྒྱུད་དང་བཅས།། དངོས་གྲུབ་ཐམས་ཅད་རབ་གྲུབ་བྱེད།། འཇིག་རྟེན་ཐམ ་ཅད་ཁམས་ཆེན་པོ།། ཕྲ་རབ་རྡུལ་རྣམས་དང་མཉམ་པ།། སྙིང་པོ་ཆེན་པོ་འདི་ཉིད་ཀྱིས།། གྲུབ་པའི་བདེ་བ་དམ་པར་གྱུར།། དེ་ནས་བདེ་གཤེགས་དེ་རྣམས་ནི།། དེ་ཡི་ཚིག་མཆོག་གསན་གྱུར་ནས།། དང་པོའི་དཀྱིལ་འཁོར་གྲུབ་སྩོལ ་བ།། དེ་ཚེ་དེ་ལ་གསོལ་བ་བཏབ།། ཆགས་པ་དང་བྲལ་འདུལ་བའི་ཕྱིར།། ཆགས་བྲལ་བསྟན་པར་བྱ་བ་འམ།། འདོད་ཆགས་ཐམས་ཅད་རྣམ་དག་ཕྱིར།། ཉིད་ཀྱི་ཐུགས་ཀྱི་ཆོ་ག་གསུངས།། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི ་གླུ་ཆེན་པོ་གསུང་ཞིང་དཀྱིལ་འཁོར་རྟག་པར་མཛད་དོ།། ཐམས་ཅད་རྗེས་སུ་ཆགས་པ་བདེ་བ་དམ་པའི་ཐུགས།། རྡོ་རྗེ་སེམས་དཔའ་ཁྱོད་ནི་རབ་ཏུ་བྱུང་བ་ཡིན།། རབ་ཏུ་དགའ་བ་འགྲོ་བ་ཀུན་གྱི་བདེ་ཆེན་པོ།། བརྟན་མཐོ་དེ་རིང ་བདག་ལ་མྱུར་གྲུབ་མངོན་ཕྱོགས་མཛོད།། ཅེས་བྱ་བའི་དཀྱིལ་འཁོར་དུ་གླུ་ལེན་ཅིང་བརྟག་པར་མཛད་དོ།། དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས།། ང་པེའི་དཀྱིལ་འཁོར་བརྟག་པར་བྱ།། ཕྱག་ན་རྡོ་རྗེའི་ཐམས་ཅད་དུ།། རྡོ་རྗེ་ལྷ ་མོ་ལ་སོགས་ཚོགས།། ཅི་ལྟར་ཆོ་ག་བཞིན་དུ་ནི།། རྒྱན་པར་བྱ་སྟེ་རབ་འཇུག་བྱ།། གཡོན་དུ་བུ་མོ་རྡོ་རྗེ་འཛིན།། བསྡུས་ཏེ་རྣལ་འབྱོར་བཅང་བར་བྱ།། རྡོ་རྗེ་དང་བཅས་བསྙེམས་པ་ཡི།། ཕྱག་རྒྱ་མཆོག་གི་རང་བཞིན་འཇུག། ་དཀྱིལ་འཁོར་དེ་རུ་ཞུགས་ནས་ཀྱང་།། ལན་གསུམ་དུ་ནི་བསྐོར་བར་བྱ།། རྡོ་རྗེ་སེམས་དཔའི་མདུན་འདུག་སྟེ།། དེ་ཉིད་གསང་བའང་བརྗོད་པར་བྱ།། ཧཱུ~ཾ་མ་ཧཱ་སུ་ཁ་བཛྲེ་སཏྭ་ཛཿཧཱུ~ཾ་བཾ་ཧོཿས་མ་ཡ་སྟྭཾ་ཨ་ནུ་རག་ཏོ་མེ་བྷ་བ། སུ་ཏེཿ ་མེབྷ་བ། ཌི་ཌྷོ་མེ་བྷ་བ། སུ་ཏོ་མེ་བྷ་བ། ཨ་དྷི་ཏིཥྛ་བྷ་ག་བཱན་ཨ་ན་དི་ནི་དྷེ་ན་ས་ཧཱ་མ་ཧཱ་སུ་ཁ་བཛྲ་སཏྭ་ས་མ་ཡ་གུ་ཧྱ་ས་མ་ཡ། སིད་དྷི་མེ་པྲ་ཡང་ཙྪ་ཨོཾ་ཧ་ཧ་ཧ་ཧ་ཨ་དེ་ནས་རབ་ཏུ་དགའ་བས་རྡོ་རྗེ་ལྷ་མོ་དགའ་བའི་གཏམ་བྱའོ།། ་ཨོཾ་བཛྲ་མུཥྚི་ས་ཡ་ཀེ་ཏ་མ་བཛྲ་ཀཱི་ལི་ཀཱི་ལི་ཧོ།། ཧཱུཾ་སྨ་ར་བཛ་ཎེ་བན་དྷ་ཧཱུ~ཾ་དུ་ཤུ་བཛ་ཎི་ཧཱུ~ཾ།། དེ་ནས་བཅོམ་ལྡན་འདས་ཀྱི་མདུན་དུ་ཉེ་བར་འདུག་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་བདག་ལ་གྲུབ་པར་མཛོད་ཅིག་ཅེས་བཅོམ ་ལྡན་འདས་ལ་གསོལ་བ་བརྗོད་པར་བྱའོ།། མྱུར་དུ་ཐམས་ཅད་རྗེས་ཆགས་པར།། ཀཱི་ལི་ཀཱི་ལས་ཐམས་ཅད་ནུས།། ཐམས་ཅད་རྗེས་སུ་ཆགས་དྲན་དང་།། རྟག་ཏུ་ལེགས་པར་མཉེས་གྱུར་པ་དག། ཨོཾ་མ་ཧཱ་སུ་ཁ་སིདི་དྷ་བཛྲ ་སཏྭ་ཛཿཧཱུ~ཾ་བཾ་ཧོཿསིད་དྷི་ས་མ་ཡ་སྟྭཾ་སིད་དྷ་ཧཱུཾ། དེ་ནས་བདེ་བ་ཆེན་པོ་རྡོ་རྗེའི་ཆུས་དབང་བསྐུར་ཞིང་འཐུངས་ལ་རྡོ་རྗེ་རྩེ་ལྔ་པ་བཟུང་སྟེ།། བདག་རྡོ་རྗེ་སེམས་དཔའ་ཡིན་ནོ།། ཞེས་རང་གི་མིང་བརྗོད་ལ།། སྔ་མ་བཞིན་དུ ་གར་གྱིས་མཆོད་པས་མཆོད་པར་བྱས་ཏེ། ཅི་ལྟར་རྙེད་པའི་ཡུལ་དང་ལྡན་པས་སློབ་མ་དང་ལྷན་ཅིག་མཆོད་པ་ཁྱབ་ནས་བྱུང་བར་བྱའོ།། སློབ་མ་གཞུག་པར་བྱ་ཞིང་རང་ཉིད་ཀྱང་དེར་ཞུགས་པས་དཀྱིལ་འཁོར་ཐམས ་ཅད་དུ་ཞུགས་པར་འགྱུར་རོ།། རྡོ་རྗེ་སློབ་དཔོན་ཐམས་ཅད་ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོ་དམ་ཚིག་ཐམས་ཅད་ཤེས་པ། ཐམས་ཅད་ལ་ཚར་གཅོད་པ་དང་། ཕན་འདོགས་ནུས་པ་དངོས་གྲུབ་ཐམས་ཅད་ཕུན་སུམ་ཆོག། ་པའི་ཡེ་ཤེས་ཀྱི་ལས་བྱེད་པས་རང་ཉིད་འཇུག་པ་ཙམ་ཉིད་ཀྱིས་སློབ་དཔོན་མ་ཡིན་པ་དང་། དཀྱིལ་འཁོར་དུ་མ་ཞུགས་པར་སྐད་ཅིག་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་བྱིན་གྱིས་རློབ་པར་འགྱུར་རོ།། དེ་ཅིའི་ཕྱིར་ཤེ་ན། ་འདི་ལྟར་བཅོམ་ལྡན་འདས་ཉིད་ངེས་པར་རང་ཉིད་རང་གི་དམ་ཚིག་གིས་རྡོ་རྗེ་སློབ་དཔོན་དུ་གྱུར་ནས་འཇུག་པར་མཛད་དོ།། ལས་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་ཡང་མཛད་པ་ཡིན་ནོ།། སྙིང་པོ་འདིའི་བྱིན ་གྱིས་བརླབས་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་ན་ཡང་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པ་དང་། ཐམས་ཅད་ཀྱི་སློབ་དཔོན་དུ་འགྱུར་རོ།། ལན་ཅིག་བཟླས་བརྗོད་བྱས་པས་མི་སོད་པ་དང་མི་ཚུགས་པ་དང་ཐམས་ཅད་དུ་སྣ་ཚོགས་པའི་ཡི། ་རྣམས་ཀྱིས་མཐོང་བ་དང་ཐོས་པ་དང་རིགས་པ་དང་ཤེས་པ་ཡིན་ནོ།། རྡོ་རྗེ་འཆང་ཆེན་པོ་དང་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མ་ལུས་པར་མཛད་ནས་དངོས་གྲུབ་ཐམས་ཅད་དེ་ལ་སྩོལ་བ་ཡིན་ནོ།། ཡོངས་སུ་སྦྱང་བ་དང་བརྟེན་པའི ་དོན་དུ་མ་ཡིན་ནོ།། བགེགས་བྱེད་པ་རྣམས་ཀྱང་སྡུག་བསྔལ་སྟེར་བར་འགྱུར་བ་མ་ཡིན་ནོ།། བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་འཆང་ཤིན་ཏུ་བརྟན་ཞིང་ཤིན་ཏུ་དགྱེས་པ་རྗེས་སུ་ཆགས་པ་ཤིན་ཏུ་རྒྱས་པ་དངོས་གྲུབ་ཐམས་ཅད་དང་ཕུན ་སུམ་ཚོགས་པ་ཐམས་ཅད་དང་ཡེ་ཤེས་ཐམས་ཅད་དང་ལས་ཐམས་ཅད་གདོན་མི་ཟ་བའི་གྲུབ་པས་མྱུར་དུ་བསྒྲུབ་པར་མཛད་པ་ཡིན་ནོ།། འོན་ཀྱང་གང་གིས་བྲིས་སམ་བྲིར་བཅུག་གམ་ལན་ཅིག་བརྗོད་པ་འམ་འཛིན་པ་དེས་མ་བསྒྲུབ། ་ཤིང་དཀྱིལ་འཁོར་དུ་མ་ཞུགས་ན་ཡང་ཚེ་འདི་ཉིད་ལ་ཅི་ལྟར་མངོན་པར་འདོད་པའི་མཆོག་གི་དངོས་གྲུབ་ཐམས་ཅད་གྲུབ་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་དོན་ཡོད་ཅིང་ཐོགས་པ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་བདག་པོའི་བདག་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བར་ཆད་བྱེད་པར་མི་ནུས་ཏེ། ཐམས་ཅད་རྗེས་སུ་ཆགས་པ་ཉིད་ཀྱི་ཕྱིར་རོ།། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་རྗེས་སུ་ཆགས་པ་ལས་བྱུང་བ་ཡིན་ནོ།། འདོད་པ་བརྟན ་པས་རྗེས་སུ་ཆགས་པ་སྟེ། དེ་མི་འདོད་པ་ཅི་ལྟར་མཆོག་གི་བདེ་བ་ཆེན་པོ་ལ་སོགས་པའི་གོ་འཕང་ཐམས་ཅད་འགྱུར་རོ་ཞེས་བྱ་བ་ཐོག་མ་མེད་པའི་བཅོམ་ལྡན་འདས་ཆགས་པ་ཆེན་པོའི་བདེ་བ་ཆེན་པོས་གསུངས་སོ།། གྲུབ་ན་བདེ་བ་ཆེན་པོ། ་ནི།། རྡོ་རྗེ་ཆགས་པ་སྐད་ཅིག་སྟེར།། བསྒྲུབ་པའི་དམ་ཚིག་འདི་ཡིན་ཏེ།། འདི་ནི་ཀུན་གྱིས་འདའ་བར་དཀའ།། སྡིག་པ་ཆེན་པོ་བྱེད་པའམ།། དེ་བཞིན་དཀྱིལ་འཁོར་མ་མཐོང་བ།། ལན་ཅིག་བཟླས་པས་སྡིག་སྦྱངས་པས།། མཆོག་གྲུབ ་པས་ནི་འགྲུབ་པར་འགྱུར།། རྟོག་པར་གསུངས་པའམ་འདོད་པ་ཡིས།། གཟུགས་བརྙན་རྗེས་སུ་དྲན་བསྒོམས་ན།། སྙིང་པོ་ཡང་ན་གླེགས་བམ་དུ།། ཐམས་ཅད་ཉིད་ཕྱིར་བདག་པོ་གྲུབ།། གང་ལ་གཟུགས་བརྙན་མེད་པ་དང་།། གླེགས་བམ་མེད ་པར་གྱུར་ན་ཡང་།། ཡི་གེ་ཧཱ་ནི་ཐམས་ཅད་དུ།། བྲིས་སྟེ་བདག་སྒྲུབ་བསྒྲུབ་པར་བྱ།། ཞེས་བྱ་བ་དོན་ཡོད་ཅིང་ཐོགས་པ་མེད་པའི་དངོས་གྲུབ་ཅན་རྡོ་རྗེ་འཆང་ཆེན་པོས་གསུངས་སོ།། དེ་ནས་རྟོག་པའི་རྒྱལ་པོ་འདིའི་ལས་ཀུན་སྒྲུབ་པར ་འདོད་པ་ན། དཀྱིལ་འཁོར་ཐམས་ཅད་ཐིག་བཏབ་ནས།། མཚན་མའི་ཕྱག་རྒྱ་བྲི་བར་བྱ།། དང་པོའི་རྡོ་རྗེས་ཞུགས་ནས་བརྗོད་པར་བྱ་སྟེ། ཆགས་པ་ཆེ་ལས་ཐོགས་པ་ཆེ།། ཐོགས་པ་ཆེ་ལས་བདེ་བ་ཆེ།། བདེ་བ་ཆེ་ལས་རྡོ་རྗེ་བསྟན། ་རྡོ་རྗེ་ལས་ནི་ཕྱག་རྒྱ་འབྱུང་།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི།། གཟུགས་བརྙན་རབ་ཏུ་སྦྱོར་བ་ཡིས།། ཕྱག་རྒྱ་ཐམས་ཅད་བཤད་པ་སྟེ།། དམ་ཚིག་འདའ་བར་དཀའ་བ་པོ།། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི།། སངས་རྒྱས་རྡོ་རྗེ་འཆང ་ལ་སོགས།། ཡང་དག་བསྡུས་པར་གྱུར་ན་ནི།། མཉམ་པའི་འཇིག་རྟེན་གྲུབ་པར་འགྱུར།། ཇི་ལྟར་རྒྱལ་པོའི་ཕྱག་རྒྱ་ཡིས།། བཀའ་ནི་འདའ་བར་དཀའ་བ་སྟེ།། དེ་བཞིན་རྒྱལ་བ་ཀུན་གྱིས་ཀྱང་།། ཕྱག་རྒྱ་འདའ་བར་ནུས་པ་མིན།། སངས ་རྒྱས་ཉིད་དམ་རྡོ་རྗེ་འཆང་།། དེ་ལྟར་བསྐལ་པ་བྱེ་བ་ཡིས།། ཐོབ་མིན་ཅི་ལྟར་ཕྱག་རྒྱ་མཆོག། བསྡུས་པ་ཚེ་འདི་ཉིད་ལ་ཐོག་ཅི་ལྟར་གདུལ་བྱའི་འཇིག་རྟེན་ནི།། དེ་བཞིན་དངོས་གྲུབ་གསུངས་པ་ཡིན།། དེའི་ཐབས་ནི་ཕྱག་རྒྱ་སྟེ།། ་དངོས་གྲུབ་ཐམས་ཅད་བྱེད་པ་མཆོག། དེ་བཞིན་ཆོ་ག་རྒྱས་པ་དང་།། དངོས་གྲུབ་ཐམས་ཅད་གདོན་མི་ཟའོ།། དེ་ནས་དང་པོའི་དཀྱིལ་འཁོར་གྱིས་གསང་བའི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་འདི་ཡིན་ཏེ།། སོར་མོ་ཐམས་ཅད ་ཀུན་སྦྱར་ནས།། རྡོ་རྗེ་ཐལ་མོ་ཞེས་བརྗོད་དོ།། སོར་མོ་ནང་དུ་བཅིངས་པ་ལས།། རྡོ་རྗེ་བསྡམས་པར་ཡང་དག་བཤད།། རྡོ་རྗེ་བསྡམས་པའི་ནང་དུ་ནི།། འཛུབ་མོ་མཐེ་བོ་ཡང་དག་སྦྱར།། གཡས་པ་ཡི་ནི་མཐེ་བོ་བཏེག། ་བཅུག་སྟེ་བཙིར་བའི་ལྕགས་ཀྱུ་འཛིན།། མདའ་ལྔ་བསྡུས་པ་བཅིངས་ནས་ནི།། དབུས་མའི་བཅིངས་པ་ནང་དུ་གནས།། འཐེ་བོ་བསྙམས་པའི་མཐའ་རྡོ་རྗེ།། དང་པོའི་བདེ་བདམ་པ་བརྟན།། འཐེབ་འཛུབ་རྩེ་སྦྱར་དབུས་མའི་རྩེ།། ་མིག་འབྲས་ལྟར་སྦྱར་འཛིན་པའོ།། དབུས་མའི་རྡོ་རྗེ་འོག་ཏུ་ནི།། འཐེ་བོང་གིས་མནན་བཙིར་བར་བྱ།། རྡོ་རྗེ་འདྲེན་མ་དང་འདྲ་བ།། སྲིན་ལག་འཐེའུ་ཆུང་ཁ་ཕྱེ་བ།། བསྐོར་ནས་པུས་མོར་བཞག་པ་ནི།། དང་པོའི་རྡོ་རྗེ་ལས་བྱུང་བའོ།། ་གྱེན་དུ་གཏོར་དང་ཐུར་དུ་བླུགས།། མཐེ་བོ་སྦྱར་ནས་སྐོར་བ་དང་།། རབ་ཏུ་བརྐྱང་ཞིང་བྱུག་པ་དང་།། བསྐོར་ཞིང་སྤྱི་བོར་གནས་པ་དང་།། བསྐོར་བས་སྙིང་ཀར་བཞག་པ་དང་།། ཡོངས་སུ་བསྐོར་ཞིང་རྒོད་པའོ།། ཁ་ལས་གྱེན་དུ་འབྱུང ་བ་དང་།། དེ་བཞིན་གར་གྱིས་བསྐོར་བ་དང་།། འཛུབ་མོའི་སོར་མོ་གཉིས་ཀྱིས་དང་།། གཡོན་པའི་འཛུབ་མོའི་གཡས་ཀྱིས་གཟུང་།། འཛུབ་མོ་འཐེ་བོ་བཅིང་བ་དང་།། འཐེ་བོ་ཐ་མའི་ནང་དུ་གཞག། ཁུ་ཚུར་གྱི་ཕྱག་རྒྱ་རྣམས་ས ་ད་ཨེ་ནས་དོན་ཡོད་ཅིང་ཐོགས་པ་མེད་པ་འདི་རྣམས་ཁོ་ནའི་ལས་ཀྱི་ཕྱག་རྒྱ་བཅིང་བ་མཆོག་ཏུ་གསང་བ་བླ་ན་མེད་ཅིང་བླ་མའི་ལས་ཀྱི་ཚོགས་བསྒྲུབ་པར་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པའི་བདག་གིས་ཀྱང ་གནོན་པར་མི་ནུས་སོ།། དེ་ལ་བདེ་བ་ཆེན་པོའི་རྡོ་རྗེ་དབུས་མ་ལས་རྡོ་རྗེ་སེན་མོའི་རྩེ་མོ་མཆུ་ལ་སོགས་པར་བཞག་པ་དང་འཁོར་ལོ་རབ་ཏུ་བསྐོར་བ་དང་རྡོ་རྗེ་ནོར་བུ་དང་ཅི་ལྟར་འདོད་པའི་དངོས་གྲུབ་ཀུན་ཏུ་བྱེད་པ་རྣམས ་ཀྱིས་རྡོ་རྗེ་འཆང་ཆེན་པོ་དང་།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་རིན་པོ་ཆེ་དང་མཆོག་གི་དངོས་གྲུབ་པོ།། རྡོ་རྗེ་འདྲེན་མས་ནི་མིག་འབྲས་ཀྱི་ལས་སོ།། གཡས་པ་དང་གཡོན་པའི་མིག་གིས་བལྟས་པས ་ཐམས་ཅད་རྗེས་སུ་ཆགས་པའོ།། མིག་འབྲས་ཚུར་འདྲེན་པས་ནི་དགུག་པའོ།། གཞུག་པས་ཐམས་ཅད་འཇུག་པའོ།། བཙི་རེ་བས་འཆིང་བའོ།། བཙུམས་པ་མེད་པས་དབང་དུ་བྱ་བའོ།། རྡོ་རྗེ་ཀཱི་ལི་ཀཱི་ལིས་དབུས་མ་ལ ་བ་ཙུམ་པ་ནང་དང་འཁྱུད་པ་དང་བཙིར་བ་དང་རོལ་བ་དང་དབུས་མ་དང་མཐེ་བོའི་རྩེ་མོར་བདེ་བར་རྡེག་པས་མཐོང་བ་དང་རོལ་པ་དང་བཙིར་བ་རྣམས་ཀྱིས་ཐམས་ཅད་ལ་རོལ་པ་སྟེ་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་དུ་ལྷའི་གཟུགས་ཀྱི ་བུད་མེད་རྣམས་འབྱུང་བ་ཡིན་ནོ།། ཅི་སྲིད་འདི་རྣམས་དང་རོལ་ཅིང་རྡོ་རྗེ་སེམས་དཔའ་བཙུན་མོ་ལ་ཡང་རོལ་པར་བྱེད་དོ།། རྡོ་རྗེ་ཆུ་སྲིན་མས་བཙ་རེ་བ་དང་གྱེན་དུ་བཏེག་པ་དང་མྱང་བ་དང་དྲུང་དུ་འགྲོ་བ་དང་མྱུར་དུ་ཟ་བ ་རྣམས་ཀྱིས་བརྟན་པའི་ཆགས་པས་བཅིང་བ་དང་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་ཆུའི་ནང་དུ་གནས་པ་དང་འཆག་པ་དང་ཐམས་ཅད་ཟ་བ་གྲུབ་པའོ།། རྡོ་རྗེ་བསྐོར་བས་གཡོ་ཞིང་གཡོ་བ་དང་། ལྷོད་པར ་བ་ཡེད་པ་དང་གཙིར་བ་དང་དབུས་མ་ཕན་ཚུན་ལྷན་ཅིག་དགུག་པ་དང་མགྱོགས་པ་དབུས་མའི་རྡོ་རྗེ་དྲལ་བ་རྣམས་ཀྱིས་ཁྲོ་བོ་ཐམས་ཅད་འབར་བ་དང་རབ་ཏུ་ཞི་བ་དང་ཐམས་ཅད་ལ་རྒྱས་བཏབ་པ་དང་ལྟུང་བ་དང་གསོད ་པ་རྣམས་མྱུར་དུ་འགྲུབ་པོ།། འཐེ་བོ་རྡོ་རྗེའི་ནང་དུ་ཞུགས་པའི་མཆོད་པ་རྣམས་ཀྱིས་མཆོད་ན་རྡོ་རྗེ་འཆང་ཆེན་པོས་ཀྱང་མཆོད་པར་འགྱུར་རོ།། དེ་བཞིན་དུ་ལྷའི་བུ་མོ་རྣམས་ཀྱི་མཐེ་བོ་རྡོ་རྗེའི་ནང་དུ་ཞུགས་པའི ་ལས་རྣམས་ཀྱིས་ལྷའི་བུ་མོ་ཐམས་ཅད་ཀྱང་བཀུག་ནས་རོལ་པ་ལ་སོགས་པའི་ལས་ཐམས་ཅད་ལ་ཉེ་བར་སྦྱར་བའོ།། རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་ནང་གི་ཁུ་ཚུར་གྱི་ལས་རྣམས་ཀྱིས་ཡིད་ཀྱིས་འདོད་པའི ་དངོས་གྲུབ་ཐམས་ཅད་དོ།། དེ་ནས་དངོས་གྲུབ་ཐམས་ཅད་ཀྱི་རྒྱུར་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་དངོས་གྲུབ་དང་། དམ་ཚིག་དང་ཡེ་ཤེས་དང་ལས་ཀྱི་དངོས་གྲུབ་གྲུབ་པའོ།། དོན་ཡོད་པས ་གྲུབ་པ་མྱུར་དུ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པས་ཡིད་ཀྱིས་འདོད་པ་གྲུབ་པའོ།། རབ་ཏུ་དགའ་བའི་རྡོ་རྗེས་རྟགས་ཀྱི་རྩེ་མོ་གཡོ་བ་ལས་ཐམས་ཅད་དོ།། ་སྐྱེ་གནས་གཡོ་བས་ཀྱང་དེ་བཞིན་ནོ།། བདེ་བ་ཆེན་པོའི་རྡོ་རྗེ་དབུས་མའི་ལས་བྱེད་པས་དངོས་གྲུབ་ཐམས་ཅད་སྒེག་མོ་དགའ་བའི་རྡོ་རྗེ་མིག་མ་གཡོ་བར་བྱེད་པས་ལས་ཐམས་ཅད ་བསྒྲུབ་པར་བྱས་ན་ཐོགས་པ་མེད་པའི་དངོས་གྲུབ་ཀྱིས་གྲུབ་པར་འགྱུར་རོ།། དེ་བཞིན་དུ་རང་ཕྱག་མཚན་རྣམས་ཀྱིས་དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར་རོ།། དང་པོ་ཉིན་རེ་ལན་ཅིག་ཏུ།། ཕྱག་རྒྱ་ཆེན་པོས་སྙིང ་པོ་བཻཟླ།། རྡོ་རྗེ་ཉེ་བའི་སྙིང་པོ་ཡིས།། ཕྱག་རྒྱ་ཐམས་ཅད་ངེས་སྦྱར་བྱ།། ཐམས་ཅད་དོན་ཡོད་གྲུབ་པའོ།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། གསང་བའི་རྟོག་པ་མཆོག་ཕྱིར་མ།། སྒྲུབ་པ་དོན་ཡོད་དམ་ཚིག་ནི།། སྙིང་བློ ་སྐད་ཅིག་དངོས་གྲུབ་སྟེར།། རྩ་རྒྱུད་ཕྱི་མའི་རྒྱུད་དང་བཅས།། ཕྱག་རྒྱའི་རྒྱུད་ནི་བླ་ན་མེད།། དངོས་གྲུབ་མཆོག་ནི་དེ་བཞིན་དུ།། བླ་མེད་ཡེ་ཤེས་གྲུབ་པའོ།། དེ་ནས་དང་པོའི་དཀྱིལ་འཁོར་ལ་སོགས་པའི་ཕྱག་རྒྱ་ཐམས ་ཅད་ཀྱི་རྒྱུད་ཀྱི་ཆོ་ག་རྒྱས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོའི་རྒྱུད་ནི།། པད་མ་གཡོན་དུ་དགོད་བྱ་བ།། ཞབས་ཀྱི་པད་མ་ཅི་བདེ་བྲི།། རྡོ་རྗེ་དཀྱིལ་མོ་དཀྲུང་བཅས་ནས།། སྐུ་ནི་དྲང་པོར་འཛིན་པ་བདེ། ་སྙེམས་བཅས་རྡོ་རྗེ་གསོར་ནས་ནི།། རྡོ་རྗེ་སྙེམས་པ་ཡང་དག་འཆང་།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར།། འདི་ནི་རྡོ་རྗེ་སེམས་དཔའ་ཉིད།། སངས་རྒྱས་ཉིད་དམ་སྐྱེས་ཉིད་དང་། ་དངོས་གྲུབ་ཀུན་གྱི་དབང་ཕྱུག་ཉིད།། ཚེ་འདི་ཉིད་ལ་གྲུབ་པར་འགྱུར།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། ཅི་བཞིན་ཕྱག་རྒྱའི་རྗེས་འབྲངས་ནས།། མཚན་མའི་ཕྱག་རྒྱ་ལྡན་པ་ཡི།། སེམས་དཔའ་ཆེན་པོ་རང་ཉིད་འགྱུར།། ་ཕྱག་རྒྱ་ཆེན་པོའོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིང་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་བཤད་དོ།། རྡོ་རྗེ་མདའ་ལ་སོགས་པའི་བཞི་པོ་འདི་ལས་བྱུང་ངོ་།། འཛུབ་མོ་གཉིས་ཀྱི་ལྕགས་ཀྱུའི་ཕྱི་རོལ་ཏུ་མངོན་པར་ཕྱོགས ་པའོ།། འཐེ་བོས་འཁྱུད་པའོ།། འཐེ་བོ་གཉིས་ཁ་ཕྱེ་ལ་འཛུབ་མོ་གཉིས་ཀྱིས་དབུས་མའི་རྩེ་མོ་འདྲེན་ཅིང་སྲིན་ལག་འཐེའུ་ཆུང་མཉམ་པོར་སྦྱར་ལ་རྩེ་མོ་སོ་སོར་ཁ་ཕྱེ་བས།། ཆུ་སྲིན་གྱི་རྒྱལ་མཚན་གྱི་བསྒྲེང་པའོ།། བར ་གཉིས་ལ་བསྐོར་ཞིང་གནས་པའོ།། དེ་བཞིན་འཚམས་རྣམས་ལ་རྡོ་རྗེ་ཐལ་མོ་སྐོར་བས་སོ།། སྒོའི་ཕྱག་རྒྱ་རྣམས་ནི་རྡོ་རྗེ་བསྡམས་པས་ཁུ་ཚུར་གྱིས་སོ།། བདེ་ཆེན་མཆོག་གི་ཕྱག་རྒྱ་ཆེ།། དེ་བཞིན་དངོས་གྲུབ་བསྩལ་པ། ་མདར་སྩོགས་དམ་ཚིག་སྣ་ཚོགས་པའི།། དངོས་གྲུབ་ཆེན་པོ་མཆོག་སྟེར་བའོ།། དེ་ནས་ཆོས་ཀྱི་ཕྱག་རྒྱ་ནི། ཧོ་བདེ་ཧཱུ~ཾ་དྷྲྀག་ཧཱུཾ། དེ་རྣམས་ཀྱང་དངོས་གྲུབ་ཐམས་ཅད་སྩོལ་བའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་ནི།། རྡོ་རྗེ་ཁུ་ཚུར་རྡོ་རྗེ ་མེད་པ་རྣམས་ཀྱིས་རྟགས་བྱའོ།། གཡོན་པའི་རྡོ་རྗེ་སྙེམས་པས་གཡས་པའི་ཁུ་ཚུར་སྟོང་པའི་ཚུལ་གྱི་སྙིང་ཀར་བཟུང་བར་བྱས་པ་རྡོ་རྗེ་སྙམས་པ་སྟེ།། རབ་ཏུ་དགའ་བ་བརྟན་པར་བྱེད་ཅིང་དངོས་གྲུབ་ཐམས་ཅད་སྩལ ་པའོ།། མདའ་གཞུ་སྟོད་པས་རྡོ་རྗེ་མཚོན་ཆ་མའོ།། འོག་ཏུ་འཁྱུད་པའོ།། རྒྱལ་མཚན་བསྒྲེང་བའོ།། བསྙེམས་པ་གཉིས་སྟོད་པའོ།། སྒེག་པ་དང་བཅས་མཐའ་མ་ལ་སོགས་པས་དཀྲོལ་བས་ཀློག་འགྱུ་བའི་གར་གཡས། ་སུ་ཡོངས་སུ་བསྐོར་བས་མེ་ཏོག་ལ་སོགས་པའི་ཀ་བུ་ཏའི་ཐལ་མོ་སྤྱི་བོ་ནས་ཕབ།། རྡོ་རྗེ་ཐལ་མོ་བཀྲོལ་བས་དེ་བཞིན་དུ་སྒེག་པ་དང་བཅས་པས་མཆོད་པ་དོར་བར་བྱའོ།། རྡོ་རྗེ་གར་ནི་ནང་གི་འཚམས་ལའོ།། རྫོགས་པ། ་འམ་ནི་མཚང་བ།། ཡང་ན་ཅི་ལྟར་རྙེད་པ་བཞིན།། མེ་ཏོག་མཆོད་ལ་སོགས་མ་ཡིས།། དངོས་གྲུབ་མཆོག་སྩོལ་ཐུན་མོང་ཡིན།། དམ་ཚིག་གི་ཕྱག་རྒྱའི་སྦྱོར་བའི་མཚན་མ་ཡོངས་སུ་བཟུང་བའོ།། འདི་རྣམས་ཀྱང་དོན ་ཡོད་པའི་ལས་སྒྲུབ་པ་རྣམས་སོ།། རྡོ་རྗེ་ཁུ་ཚུར་གྱིས་བདུད་རྩིའི་ཆུ་བཟླའོ།། འཇུག་པའི་ཆོ་གའི་ཕྱག་རྒྱ་བཤད་པ་ནི།། དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་གྱིས་བྱིན་གྱིས་བརླབས་པའི་གསང་བའི ་དམ་ཚིག་ཅེས་བྱ་བའི་འཇུག་པའི་ཕྱག་རྒྱ་གཉིས་པ་ནི།། རྡོ་རྗེ་བསྡམས་པ་བཅིངས་ནས་ནི།། གཡོན་འཐོབ་འཛུབ་མོའི་སྐྱེ་གནས་སུ།། གཡས་པའི་འཐེ་བོའི་རྟགས་བཅུག་ལ།། བཙིར་ན་བདེ་བ་སྟེར ་བའོ།། འཛུབ་མོ་ལྕགས་ཀྱུ་བཅིངས་པ་དེས།། དཀྱིལ་འཁོར་མཆོག་ཏུ་འཇུག་པར་བྱ།། ཡང་ན་སེམས་དཔའ་གང་ལ་འཇུག། དེ་དང་མྱུར་དུ་འགྲུབ་པར་འགྱུར།། རབ་ཏུ་དགའ་བའི་རྡོ་རྗེ་མའོ།། རང་གི་ཁུ་ཚུར་གྱིས་རྡོ་རྗེ་རྡོ་རྗེའི ་བདུད་རྩིའི་ཆུ་བླངས་ནས་ཆུའི་རྒྱུན་དེས་དབང་བསྐུར་ཏེ་འཐུང་ངུ་བཅུག་ན་དབང་བསྐུར་བར་འགྱུར་རོ།། དབང་བསྐུར་བ་ཐམས་ཅད་ཀྱིས་ན་ཚོད་དར་ལ་བབ་པ་དང་ནད་མེད་པ་དང་དངོས་གྲུབ་ཐམས་ཅད་དང་ལྡན་པར་འགྱུར་རོ།། ་འདི་ལ་རིམས་དང་།། གདོན་དང་དུག་དང་སྦྱར་དུག་དང་མཁའ་འགྲོ་མ་དང་ཕྱག་རྒྱ་ལས་སོགས་པས་གནོད་པ་བྱེད་པར་མི་ནུས་སོ།། དཀྱིལ་མོ་དཀྲུང་གིས་ནི་གར་དང་མཆོད་པ་འབུལ་བར་བྱའོ།། དེ་ནས་མཆོད་པ་ནི་རྡོ་རྗེ་གར ་གྱིས་སོ།། རྡོ་རྗེ་གླུ་བླང་བས་རྡོ་རྗེ་གར་དབུལ་བ་ནི་འཁོར་ལོ་སྒྱུར་བའི་གར་གྱིས་སོ།། རྡོ་རྗེ་ཁུ་ཚུར་ཡོངས་སུ་བཟུང་བ།། རྡོ་རྗེ་སྟོད་པས་རྡོ་རྗེ་མཚོན་ཆ་ལ་སོགས་པ་བསྒྲེད་པར་བྱ་སྟེ།། མཐར་སྒེག་མོ་དགའ་བའི་རྡོ་རྗེ་གསང ་བས་གཞད་པ་དང་བཅས་པའི་ཞལ་དང་སྤྱན་གཡོ་བས་ཕྱག་འཚལ་པའོ།། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་འཆང་དགྱེས་པའི་དགའ་བ་ཐམས་ཅད་ལ་སོགས་པའི་བདེ་བ་དང་ཡིད་བདེ་ཟ་ཐམས་ཅད་ཀྱི་དངོས་གྲུབ་སྩོལ་བ་ཡིན ་ནོ།། རྡོ་རྗེ་བསྡམས་པ་བཙིར་ལ་རང་གི་སྙིང་ཀར་བདེ་བ་བཀྲོལ་ན་དཀྱིལ་འཁོར་བཀྲོལ་པ་ལ་རྡོ་རྗེ་སེམས་དཔའི་སྒོམ་པས་རེ་ཀཱ་དང་རྡོ་རྗེ་ཡིད་ཀྱིས་གྱེན་དུ་བཏེག་ལ་རིམ་པས་ནང་གི་དཀྱིལ་འཁོར་དུ་ཞུགས་ན་དམ ་ཚིག་ཉམས་པར་མི་འགྱུར་རོ།། རྡོ་རྗེ་སེམས་དཔའི་སྒོམ་པས་དཀྱིལ་འཁོར་ལ་ཕྱོགས་ན་དམ་ཚིག་ཉམས་པར་ཡང་མི་འགྱུར་རོ།།། དེ་ནས་ལས་ཀྱི་ཕྱག་རྒྱའི་རྒྱུད་ནི།། བདེ་བ་ཆེན་པོ ་རྡོ་རྗེ་སྤྱི་བོ་དང་དཔྲལ་བ་དང་སྙིང་གར་གཞག་པ་ཕུབ་སྟེ་ཕྱོགས་ཐམས་ཅད་དུ་འབར་བའི་རབ་འབྱུང་བར་འགྱུར་ཏེ།། རྡོ་རྗེ་ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་ཀྱང་འཇུག་པར་མི་ནུས་སོ།། སྙིང་ཀར་སྒོམ་པ་རྡོ་རྗེ་དང་བཅས་པའོ།། ་གྱེན་དུ་ཁ་ལྟ་བས་བསྙུང་བར་བྱའོ།། རང་གི་གདང་གཡོགས་སུ་སྦྱངས་ནས་གདོང་བར་བཀྲོལ་བར་བྱའོ།། དབུས་མའི་རྡོ་རྗེ་ལྷག་པར་བྱའོ།། དཔུང་མགོ་གཉིས་སུ་བཞག་ཅིང་སྙིང་ཀར་བཞག་པར་བྱའོ།། དར ་དབྱངས་ཀྱིས་དབང་བསྐུར་བ་མཐོང་བའོ།། སྐྱེ་གནས་ལས་དང་ཚེ་འབྱིན་པའོ།། སྤྱི་བོར་གཞག་པར་བྱའོ།། ས་ལ་རེག་པར་བྱའོ།། རབ་ཏུ་དགའ་བའི་རྡོ་རྗེ་རྟགས་ཀྱིས་ལྕགས་ཀྱུས་སོ།། རྩེ་མོ་སྟོད་པའི་སྐྱེ་གནས་དཀྲོལ ་བ.ལག་པ་གཡོན་པའི་མཐིལ་ཉེད་ཅིང་བསྣུན་པར་བྱའོ།། དེ་བཙོར་བར་བྱའོ།། མིག་བཅུམ་པར་བྱའོ།། སྐོར་ཞིང་གཙིར་ནས་ཁྲོ་བོའི་ལྔ་བས་བལྟ་བར་བྱའོ།། ཡོངས་སུ་བསྐོར་ནས་ཁའི་མཐར་མཆེ་བ་བསྟན་པའི་གཡས་པའི་འཛུབ་མོས ་སྡིགས་འཛུབ་བོ།། འཛུབ་མོལ་ལྡང་བར་བྱའོ།། འཐེ་བོ་འཐེ་བོ་བཙིར་བར་བྱའོ།། ཡི་གེ་མུས་ཕྱག་རྒྱ་དཀྲོལ་བའོ།། དང་པོའི་འཐེའུ་ཆུང་གི་རྡོ་རྗེས་བསྣུན་པར་བྱའོ།། དེ་ཉིད་རྣམ་པར་འགྱུར་བའི་བཀྲོལ་བས་སོ།། ་དེ་ཉིད་ཡོངས་སུ་བསྐོར་ནས་དཔྲལ་བར་གྱེན་དུ་ཁ་བལྟས་པས་གནས་པའོ།། དེ་ཉིད་ཀྱིས་ནམ་མཁའ་ལ་རྡེག་པའོ།། གཡོ་ཞིང་བརྩམས་པའི་མིག་གིས་ཕྱག་རྒྱ་བཅིངས་པ་བཀྲོལ་བའོ།། འཐེའུ་ཆུང་གི ་ནོར་བུས་རེག་པར་བྱའོ།། འཛུབ་མོ་མཉམ་པོས་ཞབས་ཀྱི་སོར་མོ་བརྗོད་པར་བྱ་སྟེ།། བཟའ་བའམ་ཡིད་ཀྱིས་བཞག་པར་བྱའོ།། འཛུབ་མོས་སྦྱིན་སྲེག་བྱེད་པའོ།། རབ་ཏུ་དགའ་བའི་རྡོ་རྗེ་གདོང་བར་བཀྲོལ་བར ་བྱའོ།། སྦྱིན་སྲེག་བྱེད་པའོ།། འཐེའུ་ཆུང་གཉིས་སྐྱེ་གནས་ལ་སྦྱར་ཏེ་ཕྱག་རྒྱ་དྲལ་བར་བྱའོ།། སྲིན་ལག་དང་མཐའ་མ་མཉམ་པར་སྦྱར་སོར་མོ་བ་དན་གྱི་ཚུལ་སྒྲེང་བར་བྱོའོ།། རྡོ་རྗེ་བསྡམས་པས ་ལེགས་པར་བྱེད་པ་འཛུབ་མོ་འཐེའུ་མཉམ་པོར་ཕྱེ་བ་དང་བཀུག་པ་བསྐོར་ནས་དྲལ་བར་བྱའོ།། ཐ~ཾ་རྣམས་པར་དུ་བྱ་ཡི་མཐིལ་ས་ལ་རེག་པར་བྱའོ།། པོའི་རྡོ་རྗེ་སྤྲིན་སྐྱེད་པའོ།། འཛུབ་མོས་ཆར་སྐྱེད་པར་བྱའོ།། ་འཛུབ་མོས་ཟློག་པར་བྱའོ།། རྡོ་རྗེ་ལྟ་བས་འཕྲོག་པར་བྱའོ།། རབ་ཏུ་དགའ་བའི་རྡོ་རྗེ་བཤད་དོ།། འཛུབ་མོ་གཅིག་གི་ནོར་བུའོ།། མཐེའུ་ཆུང་རྡོ་རྗེ་སྡིགས་འཛུབ་བོ།། འཛུབ་མོས་ས་འོག་ནས་ཆུ་མིག་བཀུག་ལ་བསྟན ་པའོ།། བདེ་བ་ཆེན་པོ་རྡོ་རྗེ་ས་ལ་བཟུང་ནས་གཡོ་བར་བྱའོ།། འཛུབ་མོ་གཉིས་ཀྱིས་གདེང་ཀའི་ཚུལ་བསྟན་པའོ།། རྩེ་མོ་བཞིའི་འོད་ཟེར་གྱི་མེ་སྟག་བསྟན་པའོ།། འཛུབ་མོས་རླུང་སྐྱེད་པའོ།། རབ་ཏུ་དགའ་བའི་རྡོ་རྗེས་འཛུབ ་མོའི་རྩེ་མོས་མེ་ལོང་དང་། རོལ་པ་དང་། ནམ་མཁའ་ལ་རྡོ་རྗེ་བལྟ་བ་དང་། སྟེང་དུ་བསྐོར་བར་བྱའོ།། རྡོ་རྗེའི་འདས་ཤིང་དྲུང་ཐམས་ཅད་དང་ནགས་དང་སྐྱེད་མོས་ཚལ་དང་། འབྲུ་ཐམས་ཅད་ལ་བཞག་པར་བྱའོ།། འཛུབ་མོ་རྣོན ་པོས་ཀློག་པར་བྱའོ།། བདག་ཉིད་ཀྱིས་ཐམས་ཅད་ལ་དྲང་བར་བྱའོ།། ཕྱི་རོལ་གྱི་དཔུང་མདུན་དུ་བསྐོར་བར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གློག་འགྱུ་བས་སྐོར་བར་བྱའོ།། གློག་འགྲུབས་ནམ་མཁའ་ལ་བསྐོར་བར ་བྱའོ།། གཡས་པས་གཡོན་པ་ལ་བདེག་པར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་གཡོ་ཞིང་གཡོ་བ་མེད་ལ་གཞག་པར་བྱའོ།། འཛུབ་མོ་མཉམ་པའི་དཀྱིལ་འཁོར་ནི་ནོར་བུའོ།། འཛུབ་མོའི་རྡོ་རྗེའི་གཡོན་པའི་མཐེ་བོང་གི་བུ ་གར་གཡས་པའི་འཛུབ་མོས་གཞུག་པར་བྱའོ།། རབ་ཏུ་དགའ་བའི་རྡོ་རྗེས་སྟེང་དུ་ནམ་མཁའ་ལ་བཀའ་བ་སྤྱོད་པ་དང་སྐྱེ་གནས་གཡོ་བ་དང་དབུས་མའི་རྡོ་རྗེ་སྤྱོད་ཅིང་བཙིར་བའོ།། རྡོ་རྗེ་ཡིད་ལས་བྱུང་བ་དང་། རྡོ་རྗེ ་ཀཱི་ལི་ཀཱི་ལ་དང་རྡོ་རྗེ་ཆུ་སྲིན་དང་རྡོ་རྗེ་བསྡམས་པའི་འཛུབ་མོས་གསོལ་བ་འདེབས་པར་བྱེད་པས་འཛུ་མོ་གཉིས་ཀྱིས་རང་གི་མིག་བཀབ་ལ་ཡིད་ཀྱིས་ཅི་ལྟར་མངོན་པ་འདོད་པ་བསྒོམ་པར་བྱའོ།། སྦྱིན་སྲེག་བྱེད་པའོ།། ་འཛུབ་མོས་རང་མིག་བཙུམ་པར་བྱའོ།། སོས་གཟུང་བར་བྱའོ།། བཏུང་བར་བྱའོ།། རྩེ་མོ་བསྐྱོད་ཅིང་སྦྱིན་སྲེག་བྱའོ།། མཐེ་བོའི་འོག་ཏུ་རབ་ཏུ་བརྐྱད་ལ་སྦྱིན་པར་བྱའོ།། རྡོ་རྗེ་སྐུའི་ཕྱག་རྒྱ་མཆོག་ནི་ས་ཐེ་བོ་སེམས་དཔའ ་དཀྱིལ་མོ་དཀུ་ཤི། ཛུབ་མོ་རྡོ་རྗེན་རྡོརྗེ་ས་མཆོག་གོ།། དབུས་མའི་མཉམ་པའི་མགོ་ལྕགས་ཀྱིས་དག་འབྱིན་པའོ།། སྙིང་གར་གཞག་ནས་ཨོཾ་བོ་དྷི་ཙིཏྟ་ཨུད་པ་ཏ་ཡ་མི་ཞེས་བྱ་བ་སྒོམ་མོ།། མཐེ་བོའི་རྟགས་གཡོན་པའི་མ ་བོའི་བུ་གར་གཞུག་པར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་གློག་འགྱུ་བ་ལྟར་བསྐོར་བས་རྡོ་རྗེ་འཁོར་ལོའོ།། རྡོ་རྗེ་བསྙེམས་མ་རྡོ་རྗེ་དང་བཅས་པའོ།། ཡཾ་ག~ཾ་ཧཱུཾ་གིས་སྡིགས་མཛུབ་བོ།། རབ་ཏུ་དགའ་བའི་རྡོ་རྗེ་གར་གྱིས་སོ།། ་རྡོ་རྗེ་སྙེམས་མ་བཤད་དོ།། མཐེའུ་ཆུང་ཟུར་གྱིས་མདུད་པའི་རྩེ་མཉམ་པ་ཡོངས་སུ་བསྐོར། འོག་ནས་བཏེག་པ་འཛུབ་མོ་མཉམ་པའི་རྩེ་མོ་དང་དབང་བསྐུར་བའི་གནས་སུ་གཞག་ན་རྡོ་རྗེ་མཛོད་སྤུའོ།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཁུ་ཚུར་ནི་འོག་ནས་བཤད་པར་བྱའོ།། རྡོ་རྗེ་གར་གྱིས་བཤད་པ་ཡིན་ནོ།། འཛུབ་མོ་ཕྱི་ཕྱོགས་པ་བསླང་བའི་རྡོ་རྗེ་སྙིང་གར་བཛྲ་ཧཱུཾ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ།། དེ་བཞིན་དུ་སྙིང་གར་རྡོ་རྗེ ་སྒོམ་ཞིང་མ་ཧཱ་ས་ཧ་ཧ་ཞེས་བྱའོ།། ཡེ་ཤེས་ཀྱི་ཁུ་ཚུར་གྱིས་ཏྭ་ཐཱ་ག་ཏོ་ཨཱ་ཧཱ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཤད་དོ།། དེ་ནས་རྡོ་རྗེ་ཁུ་ཚུར་བཅིང་བ་ནི།། འཛུབ་མོ་རྡོ་རྗེ་བསྡམས་པ་བཅིང་།། འཛུབ་མོ ་བཀུག་པ་གཉིས་ཀྱིས་བརྒྱན།། མཐའ་མ་གཉིས་ཀྱི་ནང་དུ་ནི། མཐེ་བོ་གཉིས་ཀྱི་ཁ་སྦྱར་བ།། དམ་ཚིག་ཆེན་པོ་རྡོ་རྗེ་མཆོག། ཁུ་ཚུར་དངོས་གྲུབ་མཆོག་ཀུན་སྩོལ།། རྡོ་རྗེ་ཁུ་ཚུར་རབ་ཏུ་རྟགས།། ་དེནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་ཚིག་རྒྱས་པ་ནི། ཕྱག་རྒྱ་ཆེན་པོ་རྣམས་ནི་ཏ་བཱ་ག་ཏོ་ཙཱ་ཞེས་བྱབས་བཅིང་བར་བྱའོ།། དམ་ཚིག་ཆོག་མཆོག་གི་ས་ཐེའུ་ཆུང་མཉམ་པའོ།། རྡོ་རྗེ ་ཚོགས་རྡོརྗེའོ།། མདའ་ལ་སོགས་པ་ནི་དེ་བཞིན་ནོ།། ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་ཉིད་དོ།། དེ་བཞིན་གཤེགས་པའི་ཁྲུ་ཆུར་གྱིས་བཞིན་དུ་བཅིང་བའོ།། ལྕགས་ཀྱུམ་བཞིན་ནོ།། འཆུར་གྱི་ཁྱད་པར་རྔརྫ། ་བསྡམས་པའི་ཁུ་ཚུར་མཐེ་བོང་གཉིས་ལ་གནས་པ་དམ་ཚིག་གི་ཁུ་ཚུར་ཉེ་དེ་གཉིས་སུ་བྱས་པ་དེ་བཞིན་གཤེགས་པའི་ཁུ་ཚུར་རོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་དང་། དཀྱིལ་འཁོར་ལྔས་ཕྱག་འཚལ ་ཞིང་འཇུག་པར་བྱའོ།། འདི་དག་ཀྱང་དངོས་གྲུབ་ཐམས་ཅད་སྩོལ་བའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་བཅིང་བ་ནི། རྡོ་རྗེ་སྐུ་མཆོག་གིས་སྤྱི་གཙུག་དང་མཛོད་སྤུ་དང་སྙིང་གར་གཞག་སྟེ་བསྐོར་ཞིང་ཁུར་ཚོས་དང་། གཙུག ་ཏོར་དུ་གཟུང་བར་བྱའོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱི་འཛུབ་མོ་གཉིས་ཀྱིས་སྡིགས་མཛུབ་བྱ་བ་དང་སྦྱིན་པའི་ཚུལ་བྱའོ།། གཡོན་པ་སྙིང་གར་བཟུང་སྟེ་གཡས་པའི་འཛུབ་མོ་གཅིག་གིས་ས་ལ་རེག་པའོ། ་གཡོན་པའི་ཁྲོ་བོའི་འཛུབ་མོ་གཡས་པའི་ཁུ་ཚུར་གྱིས་ནང་དུ་མངོན་པར་ཕྱོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་སངས་རྒྱས་ཉིད་དུ་མྱུར་དུ་ཐོབ་པའོ།། རྡོ་རྗེ་བསྡམས་པའི་འོག་ཏུ་བཅིང་བས་བརྟན ་པའི་སྐྱིལ་མོ་ཀྲུང་ངོ་།། །། དེ་ནས་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་ནི། འཇུག་པའི་ཕྱག་རྒྱ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དགུག་པའི་ཕྱག་རྒྱ་དེ་ཉིད་དོ།། ཕྱག་རྒྱ་ཆེན་པོ་རྣམས་ཀྱང་དེ་བཞིན་ནོ།། དམ ་རེགདོག་རྡོ་རྗེ་བསྡམས་པའི་དོག་རྡོརྗེ་བསྣམས་པའི་སོར་མོ་ཐམས་ཅད་འབར་བའི་ནང་དུ་མཐེ་བོང་རྡོ་རྗེ་ནི་རྡོ་རྗེ་ཁྲོ་བོའི་ཏི་རི་ཏི་རི་སྟེ་རྡོ་རྗེ་འཆང་ཆེན་པོ་སྒྲུབ་པར་བྱེད་པའོ།། གཞན་དག་ཀྱང་དེ་བཞིན་ནོ།། ཆོས་ཀྱི་རྣམས་ནི་དེ་བཞིན་སྟེ། ་ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་བཞིན་ནོ།། ཁུ་ཚུར་གྱི་ཁྱད་པར་རོ།། རྡོ་རྗེ་ཁུ་ཚུར་གྱིས་འཛུབ་མོ་སྡིགས་མཛུབ་བོ།། དམ་ཚིག་ལས་བྱུང་བ་ནི་དེ་བཞིན་ནོ།། དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི་རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བའོ།། ་ལག་ན་རྡོ་རྗེའི་མཐེའུ་ཆུང་གདུ་བུར་བཅིངས་པའི་སྡིགས་མཛུབ་ནི་རྡོ་རྗེ་ཧཱུཾ་མཛད་སྡེ་གཡོན་བརྐྱང་བས་གནས་པའོ།། གཡོན་པའི་འཛུབ་མོའི་རྡོ་རྗེ་སྡིགས་མཛུབ་བོ།། སྣའི་དབུས་དང་ཡིག་དྭགས་སོ།། ཁྲོས་པས་ཡིག་མ ་སྦྱར་བར་བྱའོ།། ཧཧང་དགོད་པས་བཞད་པར་བྱའོ།། སྙིང་ཀར་རྡོ་རྗེ་སྒོམ་པས་རྡོ་རྗེའི་ཕྱག་རྒྱ་ཆེན་པོའོ།། དེ་ནས་པད་མའི་རིགས་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་ནི། དེ་བཞིན་པའི་རྡོ་རྗེའི་འཛུབ་མོ་གཉིས་བཀུག་ལ་དེ་སྙིང་གར ་གཞག་པ་ནི་རྡོ་རྗེ་པད་མའོ།། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ནི་དེ་བཞིན་ནོ།། དམ་ཚིག་གི་ཁྱད་པར་དང་ཁུ་ཚུར་གྱི་ཁྱད་པར་རོ།། ཁ་འབུས་པའི་མཐེ་བོ་དང་མཐེའུ་ཆུང་ཁ་ཕྱེ་བས་འདབ་མ་བཞི་པའི ་པད་མ་ཆེན་པོའོ།། ཐམས་ཅད་བཅིང་བ་ནི་ཅི་ལྟ་བ་བཞིན་ནོ།། ཁུ་ཚུར་གྱི་ཁྱད་པར་ནི་རྡོ་རྗེ་བསྡམས་པའི་འཛུབ་མོ་གཉིས་བཀུག་ལ་མཐེ་བོང་མཉམ་པར་བརྐྱང་ལ་དབུས་མ་གཉིས་ཕྱི་རོལ་ཏུ་གཤིབས་པ་དང་བཅས ་པ་གཞག་པ་སྟེ་དེ་གཉིས་སུ་བྱས་པ་པད་མའི་ཁུ་ཚུར་རོ་དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི། པད་མ་ཆེན་པོའི་བཤད་པའོ།། དེ་ཉིད་སྤྱི་བོ་ལའོ།། དེ་ཉིད་རྡོ་རྗེ་ལྟ་བས་བལྟ་བར་བྱའོ།། དེ་ཉིད་སོར་མོ་ཐམས་ཅད་ཁ་ཕྱེ་བའོ།། དེ་ཉིད ་རྡོ་རྗེ་གཉིས་གཉིས་ཀྱི་མིག་གོ།། དེ་ཉིད་ལེགས་པར་བྱེད་པའོ།། དེ་ཉིད་དཔྲལ་བར་བྱས་ནས་གསོལ་བ་གདབ་པར་བྱའོ།། དེ་ཉིད་གཡོན་པའི་སྟེ་གནས་སུ་མཐེ་བོའི་རྟགས་བཅུག་པའོ།།།། དེ་ནས་ནོར་བུའི་རིགས་ཀྱི་ཕྱག་རྒྱའི ་རྒྱུད་ཀྱི་ཆོ་ག་རྒྱས་པ་ནི། རྡོ་རྗེ་ཐལ་མོ་རབ་ཏུ་བརྐྱང་ཞིང་མཐེ་བོང་མཉམ་པོ་ལ་འཛུབ་མོ་བཀུག་པ་བཞག་སྟེ་དཔྲལ་བའི་མཛོད་སྤུའི་ཕྱོགས་སུ་བཞག་ན་དབང་བསྐུར་བ་ཐམས་ཅད་གསོལ་བའོ།། ཕྱག་རྒྱ་ཆེན་པོ་ལ་སོགས ་པའི་ཕྱག་རྒྱ་ཐམས་ཅད་བཅིང་བ་དེ་བཞིན་ནོ།། དམ་ཚིག་གི་རྡོ་རྗེ་བསྡམས་པའི་འཛུབ་མོ་གཉིས་ཕྱིར་བཀུག་པའི་སོར་མོ་མཉམ་པོའི་ནོར་བུ་མཐེ་བོང་རྡོ་རྗེས་བཀག་པ་རྡོ་རྗེ་ནོར་བུའོ།། གཞན་རྣམས་ནི་དེ་ལས་བྱུང་བའི ་རྡོ་རྗེ་རིན་པོ་ཆེའི་ཁུ་ཚུར་རོ།། དེ་གཉིས་སུ་བྱས་ནས་རིན་པོ་ཆེའི་ཁུ་ཚུར་རོ།། དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི་རྡོ་རྗེ་རིན་པོ་ཆེ་བསྒྲེང་བ་བསྒྲུབ་པར་བྱ་བའི་མྱུ་གུའོ།། ཁ་སྦྱར་ནས་སྲིན་ལག་དང་འཐེའུ་ཆུང་མཉམ་པོ ་ཁ་ཕྱེ་བས་མཆོག་གི་དར་དབྱངས་འཛིན་པའོ།། དབུས་མའི་ནོར་བུའོ།། འཐེའུ་ཆུང་གི་རྩེ་མོའོ།། འོག་ཏུ་གཏོར་བའོ་རྡོ་རྗེ་བསྡམས་པ་ལས་ནི་འཛུབ་མོའི་ནོར་བུ་བརྐྱང་བའི་ཕྲེང་བའོ།། རྡོ་རྗེ་རིན་པོ་ཆེ་གསུམ་མདུན་དང་ལོགས་གཉིས ་སུ་བཅིང་བར་བྱའོ།། རྡོ་རྗེ་རིན་པོ་ཆེའི་མཛོད་སྤུའི་ཕྱོགས་སུ་བཞག་སྟེ། འཛུབ་མོའི་རྩེ་མོས་སྟེང་དུ་མདུད་པ་དར་དབྱངས་ཀྱི་ཚུལ་དུ་བྱའོ།། འཐེ་བོ་གཉིས་བརྟན་པའི་དཀྱིལ་མོ་དཀྲུང་བཅས་ལ་འཛུབ་མོ་གཉིས་བཀུག་ནས་མཿ ་པའི་ཁ་འབུས་པའི་མཆོག་གི་ལུས་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གོ།། དེས་སྤྱི་བོ་ནས་བརྩམས་ཏེ་མདུན་དང་གཡས་དང་གཡོན་དང་རྒྱབ་དུ་བྱ་བ་བྱས་ནས་དེ་བཞིན་དུ་མདུན་དང་རྒྱབ་དང་ལོགས ་གཉིས་སུ་སྒེག་པ་དང་བཅས་པས་མཐའ་མ་ལ་སོགས་པ་ཐམས་ཅད་བཀྲོལ་བར་བྱས་ནས། ཕྲེང་བ་བཅིང་བའི་མདུད་པ་བྱ་ཞིང་དར་དཔྱངས་ཀྱིས་ཚུལ་དུ་བྱ་སྟེ་རྡོ་རྗེ་སེམས་དཔའི་དབང་སྐུར་བ་དང་སྲིད་པ་གསུམ་གྱི་དབང ་ཕྱུག་ཐམས་ཅད་ཀྱི་མཆོག་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པ་ཡིན་ནོ།། རྡོ་རྗེ་ཐམས་ཅད་ཀྱི་རྟོག་པ་ཐམས་ཅད་ནི་གོང་དུ་ཅི་ལྟ་བ་བཞིན་ནོ།། དེ་ནས་ཕྱིའི་ཕྱག་རྒྱ་ཤེས་པར་བྱ་བ་ནི་འདི་ཡིན་ཏེ་ཕྱག་རྒྱ་ཆེན་པོ་ནི་གཡོན་པར་ཁམ་རྫོ ་དང་གཡས་སུ་མདའ་སྟོད་པའི་ཕྱག་རྒྱའོ།། དམ་ཚིག་གི་འཇུག་པ་ནི་འཛུབ་མོ་དང་གུང་མོ་དང་སྲིན་ལག་མཉམ་པོར་ལེགས་པར་སྦྱར་ལ་རྩེ་གསུམ་པར་བྱས་ལ་འཐེ་བོང་དང་འཐེའུ་ཆུང་གཉིས་ལུ་གུ་རྒྱུད་ནི་མིང་པོ་རྣམ ་ཀྱིའོ།། ཅི་ནས་ལྟར་བཟུང་བཞིན་དུ་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ།། དམ་ཚིག་ནི་གུང་མོ་དང་སྲིན་ལག་རྡོ་རྗེ་བསྡམས་པས་འཛུབ་མོ་དང་གུང་མོ་དང་འཐེའུ་ཆུང་དང་སྲིན་ལག་འཐེ་བོའི་སོར་མོའི་རྩ་བར་བསྡུས་པ་ནི་སྲིང ་མོ་བཞིའི་དཀྱིལ་འཁོར་གྱི་ཕྱག་རྒྱའོ།། གལ་ཏེ་དཀྱིལ་འཁོར་རྟག་པར་མི་ནུས་ན་དེའི་ཚེ་འདི་བཅིངས་པས་དཀྱིལ་འཁོར་ཤིན་ཏུ་རྟག་པར་འགྱུར་ཏེ། དངོས་གྲུབ་ཀྱང་ཤིན་ཏུ་གསོལ་བ་ཡིན་ནོ།། ལྷ་མོ་རྣམས་འདི་ཉིད་ཀྱིས་སྤྱན་དྲང་བ་དང་འཇུག ་པར་བྱའོ།། དེ་ནས་སྒྱུ་མའི་འཁོར་ལོ་ནི་གཡོན་པའི་སྟེང་དུ་སོར་མོ་ཐམས་ཅད་ཤིན་ཏུ་བརྐྱང་དམ་ཚིག་དཀྱིལ་འཁོར་གྱི་འཁོར་ལོ་སྟེ་ལྷ་མ་ཡིན་ཐམས་ཅད་ཀྱི་སྒྱུ་མ་ཐམས་ཅད་དོན་ཡོད་པར་སྒྲུབ་པའོ།། གདེངས་ཀ་ཅན་གྱི་དབང ་པོའི་འཐེ་བོ་གཉིས་པས་རྩེ་མོ་ཕྱི་རོལ་ཏུ་ཕྱོགས་པའི་སོར་མོ་བརྒྱད་ཀྱི་གདེངས་པའི་ཚོགས་ཀྱིས་ཀླུ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བའི་དམ་ཚིག་སྟེ་ལྟོ་འཕྱེ་ཆེན་པོའི་ལག་པའོ།། གལ་ཏེ་འདའ་བར ་བྱེད་ན་འཆི་བར་འགྱུར་རོ།། གུང་མོ་དང་སྲིན་ལག་བཞི་པོས་མདུད་པ་བྱས་ལ་མགུ་བའི་ཚུལ་གྱིས་སྟེང་དུ་སྒྲེང་སྟེ་བསྡུས་ནས་འཐེའུ་ཆུང་གཉིས་ཀྱི་རྩེ་མོས་བརྡེག་པར་བྱས་ན་དུག་ཐམས་ཅད་འབར་བ་དང་། དུག་ཐམས་ཅད་བཅིང ་བ་དང་ཀུན་ནས་བསྡུས་ཏེ་བརྟག་པས་དུག་ཐམས་ཅད་འཇིག་པའོ།། འདི་ཉིད་ཀྱི་དུག་ཐམས་ཅད་ཟ་བ་དང་འཕོ་བ་དྲུག་མེད་པར་བྱའོ།། ཕྱི་རོལ་གྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་དོ།།།། དེ་ནས་རྟོག་པ་ཐམས་ཅད་སྒྲུབ ་པའི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་བཤད་པར་བྱའོ།། ཞེས་བཅོམ་ལྡན་འདས་བདེ་བ་ཆེན་པོའི་རྡོ་རྗེ་གསང་བ་དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་སྐུའི་ཕྱག་རྒྱ་ལྔ་ནི། ཕྱག་རྒྱ་ཆེན་པོ་རྡོ་རྗེ་འཆང་ཆེན ་པོའི་རིགས་ལེའོ།། དམ་ཚིག་གི་ཕྱག་རྒྱ་དེ་བཞིན་གཤེགས་པའི་རིགས་ལའོ།། རྡོ་རྗེ་ཧཱུཾ་མཛད་ནི་རྡོ་རྗེ་རིགས་ལའོ།། པད་མ་ཆེན་པོ་ནི་པད་མའི་རིགས་ལའོ།། རྡོ་རྗེ་ནོར་བུ་ཆེན་པོ་ནི་ནོར་བུའི་རིགས་ལའོ།། དེ་ནས་གསུང་གི ་ཕྱག་རྒྱ་ལྔ་ནི། སྙན་པའི་གླུའི་ཡུལ་ཐམས་ཅད་ཀྱི་ཚུལ་རྣམས་ནུས་པཅི་ལྟ་བུའི་གླུའི་རྒྱན་ཐམས་ཅད་ཀྱི་གླུ་བླངས་ཏེ་བཟླས་པ་ནི་རྡོ་རྗེ་སེམས་དཔའི་རིགས་ལ་རབ་ཏུ་དགའ་བའི་རྡོ་རྗེའི་ངག་གོ། ལྕེ་དང་མཆུ་གཉིས ་ཤིན་དུ་གཡོ་བ་མེད་ཅིང་ངོས་ཤིན་དུ་མ་འབྱོར་བ་དབྱངས་དང་བྲལ་བའི་རྡོ་རྗེ་དག་དེནི་དེ་བཞིན་གཤེགས་པའི་རིགས་ལ་སྟེ། རིགས་ཐམས་ཅད་དགོས་པའོ།། སྤྲིན་ཀྱི་འབྲུག་དྷ་ཡིག་ཏྲཱ་གི་སྒྲ་ཕྲ་མོ་དང་ལྡན་པ་ནི་རྡོ་རྗེ ་དོ་རྗེ་ཞེས་བྱ་བའི་དག་རྡོ་རྗེའི་རིགས་ས། ཏིང་ངེ་འཛིན་གྱི་དག་པད་མའི་རིགས་ལ་སྟེ་ཐམས་ཅད་དག་པའི་པད་མནས་བྱེར། ཆོས་ཀྱ་གནོར་བའི་རིགས་ལ་སྟེ་མཆོད་པའི་ནོརང་བུའོ།། དེ་ནས་ཐུགས་ཀྱི་ཕྱག་རྒྱ་ལྔས། ཐམས ་ཅད་བསྒྲུབ་པར་བྱ་བ་ལན་རྡོ་རྗེ་སེམས་དཔའི་དངོས་པོས་སོ།། སངས་རྒྱས་རྗེས་སུ་དྲན་པས་དེ་བཞིན་གཤེགས་པའི་རིགས་ལའོ།། བདག་གམ་བདག་གི་མདུན་དུ་གསད་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ལའོ།། སྤང་བ་དེ་བའོ་ཞེས ་བྱ་བ་ནི་པད་མའི་རིགས་ལའོ།། ནམ་མཁའ་ཐམས་ཅད་སྡོམ་པས་ནོར་བའི་རིགས་ལའོ།། དེ་ནས་རྡོ་རྗེའི་ཕྱག་རྒྱ་ལྔ་ནི་རྡོ་རྗེ་རྩེ་མོ་ལྔ་འོད་ཟེར་གྱི་ཕྲེང་བས་རྩེ་མོ་ཡོངས་སུ་ཁྱབ་པ་དང་བདེ་བ་ཆེན་པོའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་སེམས ་དཔའི་རིགས་ལའོ།། རྡོ་རྗེ་རྩེ་ལྔ་པ་འོད་ཟེར་དང་བཅས་པ་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དེ་བཞིན་གཤེགས་པའི་རིགས་ལའོ།། འབར་བའི་རང་བཞིན་རྡོ་རྗེ་རྩེ་བཞི་པ་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གྱིས་རྡོ་རྗེའི་རིགས་ལའོ།། པད་མའི ་སྟེང་གི་དེ་བཞིན་གཤེགས་པའི་རྡོ་རྗེ་པད་མའི་ཁུ་ཚུར་གྱིས་པད་མའི་རིགས་ལའོ།། རྡོ་རྗེ་བྱེད་པ་རྡོ་རྗེ་རིན་པོ་ཆེ་ནོར་བུའི་ཁུ་ཚུར་གྱིས་ནོར་བུའི་རིགས་ལའོ།།། དེ་ནས་རིགས་ཐམས་ཅད་རྟོགས་པའི་གས་པ་ཐོགས་པ་མེད། ་ཅིང་གདོན་མི་ཟ་བྱའི་དེ་ཁོ་ན་ཉིད་ཀྱི་བདྲེན་པ་མྱུར་དུ་མཆོག་གི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་བསྒྲུབ་པ་ཐམས་ཅད་ཀྱི་རྒྱུད་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་དོན་ཡོད་ཅིང་ཐོག་མ་ལྔ་འི་མཆོག་གི་དངོས་གྲུབ་ཅན་རྡོ་རྗེ་ཅན་སེམས ་དངས་གསུངསས། དེ་རྗེ་མམས་དཔའི་ཕྱག་རྒྱ་ཆེན་པ་ནི་བདེ་བ་ཆེན་པའི་རྡོ་རྗེགས་པའི་ང་ཚིག་གོ།། གསུང་ག་ཕྱག་རྒྱན་སྙིང་པོའོ།། ཐུགས་ཀྱི་ཕྱག་རྒྱན་ན་པའི་སྙིང་པོའོ། རྗེའི་ཕྱག་རྒྱ་ནི་རྡོ་རྗེ་རྣམས་མའག། ་དེ་ནས་ཕྲ་མོའི་ལས་ཀྱི་ཕྱག་རྒྱའི་རྒྱུད་དོན་ཡོད་ཅིང་ཐོགས་པ་མེད་པ་འདི་ཡིན་ཏེ། མ་མཆུའི་སྒྲོས་སོ་རྣམས་ཀྱིས་བཟུང་ནས་རྡོ་རྗེའི་ལྟ་བས་བལྟ་ཞིང་ཐམས་ཅད་རྗེས་སུ་ཆགས་པ་དང་དབང་དུ་བྱེད་པ་དང་རོལ་པ་དང་བརྟན་པར་བྱེད་པའི ་དངོས་གྲུབ་སྐད་ཅིག་གིས་སོ་སོར་ཉམས་སུ་མྱོང་བ་ནི་རྡོ་རྗེ་སེམས་དཔའི་རིགས་ལའོ།། རྡོ་རྗེ་ཕྲ་མོས་བྱིན་གྱིས་བརླབས་ཏེ་དམ་ཚིག་ཙམ་དུ་ལྟ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང ་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་དངོས་གྲུབ་ཐོབ་པར་འགྱུར་བ་ནི་དེ་བཞིན་གཤེགས་པའི་རིགས་ལས་བྱུང་ངོ་།། ཁྲོ་གཉེར་དང་བཅས་པའི་ཁྲོ་བོས་མི་བཟད་པའི་ལྟ་བབྱས་ནས་ཤིན་དུམ་འགལ ་བསྡམས་ནས་ཐམས་ཅད་ལྟུང་བ་དང་དབབ་པ་དང་རེངས་པ་དང་ཉལ་དུ་བཅུག་པ་དང་རྒྱས་བཏབ་པ་དང་། གསོད་པ་དང་གཞན་གྱི་དཔུང་རྨུགས་པ་དང་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྐད་ཅིག་མས་འབྱུང ་བར་འགྱུར་བ་ནི་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་རིགས་ལའོ།། བཙུམས་པ་མེད་པས་བརྟན་པའི་རྡོ་རྗེའི་ལྟ་བས་མཆུ་མཉམ་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་བྱང་བ་དང་བསྲུང་བ་དང་། ཏིང་ངེ་འཛིན་མངོན་དུ་གྱུར་པའི་དངོས་གྲུབ་འཐུང ་བ་ནི་པད་མའི་རིགས་ལའོ།། འབར་བའི་ལྟ་བས་ཞལ་རྣམ་པར་གཞད་པས་དབང་སྐུར་བ་ཐམས་ཅད་དང་ཕྲན་སུམ་ཚོགས་པ་ཐམས་ཅད་དང་མཆོད་པའི་ཆོ་ག་རྒྱས་པའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ།། ་དེ་ནས་ཕྱག་ཏུ་ཐམས་ཅད་བཅིང་བསྒྲུབ་པ་ན་འནར་སྔུན་དུ་ལན་ཅིག་དུ།། སྙིང་པོ་རང་འོད་བསྒྲུབ་པ་སྟེ། རང་གིས་བཅིངས་ནས་མདོར་བསྡུས་པས།། ཟུག་ཏུ་ཐམས་ཅད་གྲུབ་པར་འགྱུར།། དེ་ནས་ཕྱག་ཏུ་ཐམས་ཅད་ཀྱི། ་གསང་བ་བསྒྲུབ་པ་ནི།། སྙིང་པོའི་ཕྱག་རྒྱ་སྔགས་རིག་པའི།། སྒྲུབ་པ་འདི་ནི་མད་དུ་ཟུང་།། ཅི་ནུས་ཅི་འདོད་བཟླས་པ་ཡིས། ཉེ་བའི་སྙིང་པོ་གསང་བའོ།། དོན་ཡོད་ཐོགས་མེ་དགས་པ་དང་། རང་བཞིན་གྲུབ་པ་དེ་བཞིན་དུ། ་བམ་ནམས་པད་པ་རྣམས་པ་ཡང་།། ངས་ཐབསྡུན་ལ་ཐུབ་པར་འགྱུར། ལ་ཐགས་པནམས་པ།། རྣ་པ་ཅག་འ་རྫུནས་།། གས་གགས་རྣངས་པ།། ཀ་ང་ས་རྒྱས ་ཡིད་འོང་འདོད།། གང་གི་ཁྱིམ་དུ་གནས་གྱུར་པའི་ཕྱག་རྒྱ་སྔགས་འདི་དགེ་བ་སྟེ།། གཞན་གྱིས་མི་ཐུབ་མི་སོད་ཅིང་།། དངོས་གྲུབ་ཐམས་ཅད་ཡོ་ཀྲུ་ཏུ་ལུ་ས་པཅཝན་དུ་ཅུ་དོགས་། ས་ན་མ་ན་དོདོ། སུ་ཐམས་ཅད ་བསྒྲུབ་པའི་ཕྱིར།། སྲས་བཅས་སངས་རྒྱས་ཐམས་ཅད་ཀྱིས།། རྡོ་རྗེ་མཆོག་འཛིན་དེ་ལ་ཞུས། བདེ་བ་ཆེན་པོ་རབ་བསྒྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། རྟོག་པ་ཐམས་ཅད་སྡུས་པའི་རྒྱུད།། སེམས་དཔའ་ཆེན་པོ་བཤད་དུ ་གསོལ།། རྣམ་རྟོག་མེད་པའི་ཆོས་རྣམས་ལ།། འདིར་ནི་རྟོག་པར་གང་ཞིག་བརྗོད། སྙིང་པོ་ཞེས་ནི་གང་བཤད་པའི།། ཡེ་ཤེས་རྒྱུད་ནི་ཅི་ལྟ་ཡིན།། དཀྱིལ་འཁོར་ཞེས་ནི་བརྗོད་པ་ཅི།། དེར་འཇུག་ཡོན་ཏན་ཅི་དང་ལྡན།། ་རིགས་ཀྱི་འཁོར་ལོའི་ཁྱད་པར་དང་།། གཞན་ཡང་སྒྲུབ་པ་ཅི་ལྟ་བུ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཉིད།། འདི་ཡང་ཅི་ལྟར་དེ་ཉིད་གང་།། ཐོག་མ་ཐ་མ་མེད་ཉིད་དང་།། རབ་ཏུ་དགའ་བ་ཅི་ལྟར་འགྱུར།། དང་པོའི་སྙིང་པོ་འདི་ཡ ་ཡིན།། དེ་བཞིན་ཉིད་ནི་གང་ཞིག་ཡིན།། ཧཱུཾ་གི་གླུ་ནི་གང་གིས་གསུངས།། འདི་ཡི་དོན་ནི་ཅི་ལྟར་བརྗོད།། སེམས་ནི་རྡོ་རྗེ་ཉིད་དང་ནི།། དེ་བཞིན་ཕྱག་རྒྱ་རྡོ་རྗེ་ཉིད།། སངས་རྒྱས་རྣམས་ནི་འབྱུང་བ་དང་།། རིགས་རྣམས་ཀྱང་ནི་དེ་བཞིན་དུ།། ་སངས་རྒྱས་བྱང་ཆུབ་བསྒྲུབ་པ་དང་།། སངས་རྒྱས་བདུད་དུ་ཅི་ལྟར་འགྱུར།། རྟོག་པ་རྣམས་ཀྱང་བསྒྲུབ་པ་དང་། དང་པོའི་སྙིང་པོའི་དེ་ཉིད་དང་།། སྙིང་པོ་ཕྱག་རྒྱ་སྔགས་རིག་པའི།། སྒྲུབ་པ་དེ་བཞིན་དངོས་གྲུབ་རྣམས།། བསོད་ནམས་མེད་པ་ཅི་ལྟར་འགྲུབ། ་སྲབ་དཔོན་ཉིད་ཅི་ལྟར་འགྱུར།། མེ་ཏོག་སྤོས་དང་མར་མེ་དང་།། དྲི་རྣམས་ཅི་ཡིན་ཅི་ལྟར་འགྱུར།། མཆོད་པ་ཡང་ནི་ཅི་ལྟར་བྱ།། གསང་བའི་མཆོད་པ་ཅི་ལྟ་ཡིན།། ཀུན་བྱེད་ཀུན་ཟ་སྡིག་པ་ཅན།། ཤིན་ཏུ་སྡིག་ཅན་ཅི ་ལྟར་གྲུ་།། དོན་ཡོད་ཐོགས་མེད་དངོས་གྲུབ་ཀྱིས།། དེ་རྣམས་ཅི་ལྟར་གྲུབ་པར་འགྱུར།། གསང་བ་དེ་ཡང་གང་ཞིག་ཡིན།། འདི་ཉིད་དུ་ནི་གང་གིས་གྲུབ།། བདེ་བ་ཆེན་པོ་རབ་གྲུབ་དང་། ཆགས་པ་ཆེན་པོ་རྣམ་དག་ཕྱིར ་གསང་བའི་དེ་ཉིད་གསང་བ་ནི།། བདག་ཅག་རྣམས་ལ་ཀུན་བཤད་གསོལ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་གསན་ནས། ཞལ་རབ་ཏུ ་གཞང་དེ་གཞད་པ་ཆེན་པོ་ཡིས་དམ་ཚིག་ཆེན་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ཞེས་བྱ་བའི་རྣམ་པར་གནོན་པ་མཛད་ནས་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་འདི་གསུངས་སོ།། དེ་ལ་རྣམ་པར་མི་རྟོག་པ་ཁྱབ་པའི་རྒྱུད་ནི། རྣམ ་རྟོག་མེད་པའི་ཏིང་ངེ་འཛིན་ལས།། སེམས་ཅན་དོན་ནི་ཡོངས་སུ་བརྟག། དེས་ན་རྟོག་པར་བཤད་པ་སྟེ།། རྟོག་པ་ཡོངས་སུ་དག་ཕྱིར་རོ།། དེ་ལ་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དཀྱིལ་འཁོར་རྒྱུད་ནི་འདི་ཡིན་ཏེ།། ས་ལ་ཡི་གེའི ་གནས་བྲིས་ནས།། བདེ་བ་ཆེན་པོ་ཞེས་བརྗོད་པ།། དེ་ཡི་དམ་ཚིག་རྡོ་རྗེ་སྟེ།། སྙིང་པོ་ཐམས་ཅད་བསྒྲུབ་བྱེད་པའོ།། དེ་ལ་དཀྱིལ་འཁོར་གྱི་བཤད་པའི་རྒྱུད་ནི།། ཅི་ལྟར་གནས་དང་ཅི་ལྟར་དུས།། ཅི་ལྟར་འཇིག་རྟེན་ཅི་ལྟ་བུ།། འཁོར་ནི ་དགོད་པར་བྱ་བ་སྟེ།། དེ་ལྟ་བུའི་དཀྱིལ་འཁོར་བྲི།། དེ་ནས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པའི་རྣམ་པར་སྨིན་པའི་རྒྱུད་ནི། རྡོ་རྗེ་སེམས་སྩོགས་སེམས་དཔའ་ཡི།། འཁོར་བཅས་དེ་ཚེ་དཀྱིལ་འཁོར་དུ།། ཞུགས་པའི་བསོད་ནམས ་ཅི་འདྲ་བ།། ད་ལྟར་བྲིས་པའང་དེ་དང་འདྲ།། དེ་ནས་རིགས་ཐམས་ཅད་ཀྱི་འཁོར་ལོའི་ཁྱད་པར་གྱི་རྒྱུད་ནི། རྡོ་རྗེ་འཁོར་ལོ་བསྟན་པ་བཞིན།། ལྕགས་ཀྱི་འཁོར་ལོ་དམ་པ་སྟེ། འབར་བའི་འཁོར་ལོ་དེ་བཞིན་དུ།། པད་མ་འདབ་བརྒྱད་ནོར་བུ་ཆེ།། ་དེ་ནས་དཀྱིལ་འཁོར་ཐམས་ཅད་བསྒྲུབ་པའི་རྒྱུད་ནི། དཀྱིལ་འཁོར་བརྟག་པ་བྱས་ནས་ནི།། ནང་གི་རིམ་པར་ཞུགས་བྱ་སྟེ།། དཀྱིལ་འཁོར་དག་ལ་ཛཿཧཱུཾ་བཾ་ཧོཿཔྲ་སིད་དྷ་མཾ་བརྗོད་བྱ།། དེ་ནས་རྡོ་རྗེ་སེམས་དཔའ་ཉིད་རྒྱུད་ནི། སངས། ་རྒྱས་ལ་སོགས་འགྲོ་ཀུན་གྱིས།། ཐམས་ཅད་བདག་ཉིད་བཅོམ་ལྡན་མཆོག། སེམས་ཅན་འབྱུང་ཕྱིར་སེམས་དཔའ་སྟེ།། རྡོ་རྗེ་སེམས་དཔའ་རབ་ཏུ་གྲགས།། དེ་ནས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བཤད་པའི་རྒྱུད་ནི། ་ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། འཁར་བ་མྱ་ངན་འདས་དེ་བཞིན།། དེ་ནས་ཐོག་མ་དང་ཐ་མ་མེད་པའི་དེ་ཁོ་ན་ཉིད་བཤད་པའི་རྒྱུད་ནི། ཐོག་མཐའ ་མེད་པ་ཐམས་ཅད་ནི། ནམ་མཁའ་འབྱུང་བ་ཆེན་པོའི་གནས།། ནམ་མཁའ་སྐྱེབ་སྐྱེ་མེད་ཕྱིར།། རྡོ་རྗེ་སེམས་དཔའ་དེ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་རབ་ཏུ་དགའ་བའི་བཤད་པའི་རྒྱུད་ནི། རབ་ཏུ་དགའ་ཕྱིར་ཉོན་མོངས་ཏེ། ་འགྲོ་བ་ཐམས་ཅད་བདེ་འདོད་པ།། དེ་ལ་བདེ་བ་རྣམ་དག་ཕྱིར།། སྲིད་གསུམ་སྔ་རེ་ལོ་བཅོམ་ལྡན་བྱུང་།། དེ་ནས་དང་པོའི་སྙིང་པོའི་དེ་ཁོ་ན་ཉིད་བཤད་པའི་རྒྱུད་མི། ཆགས་པ་ཀུན་ལ་ཆགས་པ་ཆེ།། འདོད་ལྡན་ཐམས་ཅད་སད་པར་བྱེད ་ཆགས་པ་འབར་བ་དྲི་ཟ་ཡི།། སྙིང་པོ་ཕྱག་ན་རྡོ་རྗེའོ།། དེ་ནས་ཡི་ག་ཧཱ་ག་གླུ་གླེང་བའི་རྒྱུད་ནི།། གླུ་ལས་ཆགས་པ་དགའ་ལས་འདོད།། རབ་ཏུ་དགའ་ལས་ཐམས་ཅད་འབྱུང་།། ཐམས་ཅད་འབྱུང་བར་གྲུབ་པའི་ཕྱིར།། བསྐལ ་པ་དང་པོར་བཅོམ་ལྡན་གསུངས།། དེ་ནས་ཡི་གེ་ཧཱུཾ་གི་བཟླས་པའི་དོན་གྱི་བཤད་པའི་རྒྱུད་ནི། མྱུར་དུ་ཐམས་ཅད་རྗེས་ཆགས་པས།། དངོས་གྲུབ་ཐམས་ཅད་རྗེས་སུ་ཆགས།། རྗེས་སུ་ཆགས་པར་བྱེད་མཆོག་ནི། སྙིང་པོའི་བཟླས ་པའི་དོན་ཡིན་ནོ།། དེ་ནས་རྡོ་རྗེ་སེམས་རྒྱུད་ནི།། གླུ་རྣམས་ཅི་ལྟར་ཁྲོ་བོ་ནི།། བསྡུས་ནས་ཀུན་ཏུ་འཇུག་པ་ན།། རྡོ་རྗེ་ཐོག་ནི་བརྟན་འགྱུར་པ།། དེ་བཞིན་རྡོ་རྗེ་འདུས་པའོ།། དེ་ནས་རྡོ་རྗེ་སེམས་དཔའ་འབྱུང་བ་ཤེས་པའི་རྒྱུད་ནི། ཐམ ་ཅད་བདག་ཉིད་སེམས་དཔའི་ནི།། བདག་གི་བདག་ཉིད་ལ་ཡང་གནས། རྡོ་རྗེ་སེམས་དཔའ་དངས་སུ་ནི།། མྱུར་དུ་ཐམས་ཅད་ལ་ཡང་ཞུགས།། དེ་ནས་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པའི་རྒྱུད་ནི།། འདོད་ལ་ཆགས་བ་དགའ་།། ་དེ་ལས་སྡིག་པ་སྡིག་ལས་སྡུག། སྡུག་ལས་ཏིང་འཛིན་ཤིན་ཏུ་བརྟན།། རྡོ་རྗེ་ཉིད་ལས་སངས་རྒྱས་འབྱུང་།། དེ་ནས་དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་འབྱུང་བ་ཤེས་པའི་རྒྱུད་ནི།། དེ་བཞིན་གཤེགས་པའི་རིགས་དེ་ཉིད།། ་དེ་ཉིད་རྡོ་རྗེའི་རིགས་ཆེན་པོ།། དེ་ཉིད་པད་མའི་རིགས་དག་པ།། དེ་ཉིད་ནོར་བུའི་རིགས་མཆོག་བཤད།། དེ་ནས་མངོན་པར་བྱང་ཆུབ་པ་ཤེས་པའི་རྒྱུད་ནི།། རང་སེམས་སོ་སོར་རྟོགས་པ་ནི།། བྱང་ཆུབ་སེམས་ནི་ཡང་དག་འབྱུང་།། རྡོ་རྗེ ་ཉིད་ཕྱིར་སངས་རྒྱས་ཉིད།། བདག་ཉིད་སངས་རྒྱས་རབ་ཏུ་བསྒོམ།། དེ་བཞིན་གཤེགས་པ་བདུད་ཉིད་དུ་ཤེས་པའི་རྒྱུད་ནི།། རང་སེམས་ཉིད་ནི་བདུད་ཉིད་ཏེ།། སེམས་ཉིད་དེ་བཞིན་གཤེགས་པ་ཡིན།། རང་གི་སེམས་ནི་འདུལ་བའི་ཕྱིར། ་སངས་རྒྱས་བདུད་ཉིད་དུ་ནི་འབྱུང་།། དེ་ནས་རྟོག་པ་ཐམས་ཅད་བསྒྲུབ་པ་ཤེས་པའི་རྒྱུད་ནི།། རྟོག་པ་ཀུན་ལ་གྲུབ་བྱ་གང་།། རྒྱུ་བ་དང་ནི་མི་རྒྱུ་ཡིན།། རང་གི་ལྷའི་རྣལ་འབྱོར་གྱིས།། དེ་དག་ཐམས་ཅད་བསྒྲུབ་པར་བྱ།། དེ་ནས་དང ་པོའི་སྙིང་པོ་བསྒྲུབ་པ་ཤེས་པའི་རྒྱུད་ནི། བཟླས་པའི་དོན་ཤེས་ནུས་པ་ཡིས།། རྡོ་རྗེ་སེམས་དཔའ་རབ་བསྒྲུབ་སྟེ།། ཇི་སྲིད་འདོད་པའི་བཟླས་པ་མཆོག། དངོས་གྲུབ་ཆེན་པོའི་བདེ་བ་སྟེར།། དེ་ནས་སྙིང་པོ་དང་། ཕྱག་རྒྱ་དང ་སྔགས་དང་། རིག་པ་ཤེས་པ་བསྒྲུབ་པའི་རྒྱུད་ནི།། སེམས་དཔའ་གང་གི་སྙིང་པོ་དང་། ཕྱག་རྒྱ་སྔགས་དང་རིག་པ་དང་། བཟླས་པའི་དོན་དུ་སེམས་དཔའ་ཆེ།། བདག་ཉིད་དམ་ནི་བསྒྲུབ་བྱ་བ། དེ་ནས་དངོས་གྲུབ་ཤེས་པའི ་རྒྱུད་ནི། རྡོ་རྗེ་སེམས་དཔའི་དངོས་གྲུབ་ཆེ།། དེ་བཞིན་དེ་བཞིན་གཤེགས་ཀུན་གྱི།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཉིད།། ལས་ཀུན་མཆོག་གི་དངོས་གྲུབ་ཕྱིར།། དེ་ནས་བསོད་ནམས་མེད་པ་ནས་ཀྱི་ས་རྩུ་པ་ཤེས་པའི་རྒྱུད་ནི། ་ཅི་འདོད་འཁོར་ལོ་བྲིས་ནས་ནི། ཅི་འང་རུང་བ་འམ་ཐལ་བས་ཀྱང་།། སེམས་དཔའ་ཆེན་པོ་བཞག་ནས་ནི།། ཉིན་ཞག་བཞིར་ནི་བསྒྲུབ་པར་བྱ།། དེ་ནས་སློབ་དཔོན་ཉིད་ཀྱི་གྲུབ་པ་ཤེས་པའི་རྒྱུད་ནི། བདེ་བ་ཆེན་པོ་རྡོ་རྗེ་ཡིས ་གསང་མཆག་དམ་ཚིག་གྲོང་ཁྱེར་པ། པི་བཞིན་རང་བཞིན་རང་ཉིད་ར་བཞུགས་ཏེ།། བདུད་ཅིའི་ཆུ་ཡིས་དབང་བསྐུར་བྱ།། དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་འབུལ་བའི་ཤེས་པའི་རྒྱུད་ནི་རྡོ་རྗེ་ཅན་ལ་མཆོད་པ་ཀུན། ་དེ་བཞིན་གཤེགས་པའི་རིགས་ལ་དཀར།། རྡོ་རྗེ་བདག་ཉིད་ནག་པོ་སྟེ།། དམར་པོ་པད་མ་ནོར་བུསེར།། དེ་ནས་དབུལ་བའི་ཤེས་པའི་རྒྱུད་ནི།། རྫོགས་པའམ་ནི་མཚང་བ།། ཡང་ན་ཅི་ལྟར་བརྙེད་པ་ནི།། རྡོ་རྗེ་གར་སོགས་མཆོད་པ་ཡིས། ་རྟག་ཏུ་ཐམས་ཅད་གྲུབ་པར་འགྱུར།། དེ་ནས་དུས་ཀྱི་མཆོད་པ་ཤེས་པའི་རྒྱུད་ནི།། དྲུག་ལྡན་ལ་སོགས་སྙན་པའི་གླུ།། གླུ་ནི་ཐམས་ཅད་ཅི་འདོད་པས།། རྡོ་རྗེ་འབྱེད་མ་ལ་སོགས་འགྲོལ།། མཆོད་པ་དག་ནི་རབ་དུ་བྱ།། དེ་ནས་གས་ཀྱི ་མཆོད་པ་ཤེས་པའི་རྒྱུད་ནི།། རྡོ་རྗེ་གར་བཅས་མཆོད་པ་ནི།། གོ་རིམས་ཅི་ལྟ་བ་བཞིན་དུ།། བཟླས་པའི་དོན་གྱི་མ་བརྗོད་ཀྱང་།། མཆོག་གི་སྒྲུབ་པ་འགྲུབ་པར་འགྱུར།། དེ་ནས་སྡིག་པ་ཆེན་པོ་བྱེད་པའང་ཤེས་པའི་རྒྱུད་ནི།། དཀྱིལ ་འཁོར་ལ་ནི་མ་ཞུགས་ཀྱང་།། ཚུལ་ཁྲིམས་འཆལ་པ་ལ་སོགས་ཀྱི། ཏིང་ངེ་འཛིན་གྱི་སྟོབས་ཀྱི་ནི།། སྡིག་པ་ཀུན་ལས་འགྲོལ་བར་འགྱུར།། དེ་ནས་དངོས་གྲུབ་མི་ཐོབ་པའི་རྒྱུད་ཤེས་པའི་རྒྱུར་ནི། ཆགས་པ་སྨད་པར་མི་བྱ ་སྟེ།། རྣམ་དག་དེ་བཞིན་བདེ་བ་སྟེ། བཅོམ་ལྡན་འདས་ཀྱང་ཆགས་པ་ཆེ།། འདི་མ་དག་པས་འགྲུབ་མི་འགྱུར།། དེ་ནས་མཆོག་གི་དངོས་གྲུབ་ཤེས་པའི་རྒྱུད་ནི།། ཅི་བཞིན་ཡུལ་དང་ལྡན་གྱུར་ནས། མཆོག་གི་དངོས་གྲུབ ་བསྒྲུབ་པར་བྱ།། རྟོག་པ་ཀུན་ལ་རྣལ་འབྱོར་འདི།། ཚེ་འདི་ཉིད་ལ་སྒྲུབ་པར་བྱེད།། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ཆེན་པོའི་རྡོ་རྗེ་རིན་པོ་ཆེ་ཆེན་པོ་ལས་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་ཆོ་ག་རྒྱས་པའོ།། ་དེ་ནས་བཅོམ་ལྡན་འདས་རྟོག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་རྡོ་རྗེ་རིན་པོ་ཆེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོ་ག་གཟིགས་པའི ་ཡ་ཨེ་ཤེས་ཀྱི་དབང་ཕྱུག་གི་རྡོ་རྗེའི་པད་མ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་མཛད་པས་འཕྲིན་ལས་དམ་པའི་ཆོ་ག་རྒྱས་པའི་རྡོ་རྗེ་ཐམས་ཅད་ལ་ཁྱབ་པ་མ་ལུས་ཤིང་ལུས་པ་མེད་པའི་རྡོ་རྗེའི་ཁམས་བརྟན ་པ་ཨའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཆོས་ཀྱི་དབྱིངས་སྤྲོ་བ་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འཁོར་ལོ་མངོན་པར་མཁྱེན་པར་མཛད་ནས་དང་པོའི་སྙིང་པོའི་གསང ་བའི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེའི་སྒྲུབ་པའི་རྒྱུད་འདི་གསུངས་སོ།། ཅི་སྲིད་འཁོར་བའི་གནས་ལ་ཞུགས།། དེ་སྲིད་སེམས་ཅན་དོན་པར་མཛད།། མྱ་ངན་འདས་བཞུགས་གཟི་བརྗིད་ཅན། སེམས་ཅན་དོད་ནི་ནུས་པ་མིར།། དེ་ཕྱིར ་སེམས་དཔའ་དམ་པ་རྣམས།། འཁོར་བ་སྲིད་དུ་འཁོར་བར་བཞུགས།། སེམས་ཅན་དོན་ནི་མངོན་པར་བཞེད།། ཐམས་ཅད་དག་པའི་མཆོག་ཆོས་ཅན།། དེ་བཞིན་གཤེགས་པས་མི་འདུལ་བས།། སེམས་ཅན་དོན་མི་མཛད། ་བསྟེ།། འདིར་ནི་རབ་གྲུབ་དངོས་གྲུབ་མཆོག། དུས་ཀུན་དུ་ནི་ཐམས་ཅད་དུ།། རྡོ་རྗེ་འཆང་ཆེན་ལ་སོགས་པ།། ཅི་ལྟར་བསོད་ནམས་རྣམ་སྨིན་གྱིས།། ཀུན་ལ་མཐོང་བ་ལ་སོགས་ཀྱིས།། རང་གི་ལས་ཀྱི་མཛད་མི་སྦྱོང་།། དཀྱིལ ་འཁོར་ལ་ནི་མ་ཞུགས་ཀྱང་། སྲིད་པ་འདི་ལ་སྐུར་གྲུབ་འགྱུར།། ཤིན་ཏུ་མཐོང་བ་ལ་སོགས་ཀྱིས།། སེམས་ཅན་ཐམས་ཅད་རབ་སྐུལ་མཛད།། ཀུན་ནས་དུས་ཀུན་ཐམས་ཅད་ལ།། དངོས་གྲུབ་ཐམས་ཅད་རབ་སྩོལ་འགྱུར། ་རྒྱལ་པོ་རྡོ་རྗེ་འཆང་ཆེན་པོ།། སྲིད་པའི་དབང་ཕྱུག་ཀུན་གྱི་གཙོ།། དེ་ཕྱིར་བསྒྲུབ་བྱ་འདི་བཤད་བྱ།། དངོས་གྲུབ་ཤིན་ཏུ་བརྟག་པའོ།། གང་གིས་སྲིད་པ་འདི་ཉིད་དུ།། ཤིན་ཏུ་རྟག་པའི་དངོས་གྲུབ་ཐོབ།། ལུགས་མ་འམན ་བརྡུངས་པའམ།། རི་མོར་བྲིས་པ་འམ་འདུས་བྱས་པའི།། ཕྱག་ན་རྡོ་རྗེའི་སྐུ་གཟུགས་ནི། ཅི་བཞིན་བཤད་པར་རབ་བཞུག་བྱའོ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་དེ་ཁོ་ན་ཉིད་བསྒྲུབ་པའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའོ།། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཡེ་ཤེས་ཀྱི་སླར་ཡང་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ།། ཉིན་རེ་སྔ་རོལ་དུས་ཅི་བཞིན།། དང་པོའི ་བདེ་བ་ཆེན།། འདིས་ནི་རྟག་པ་ཐམས་ཅད་ལ།། ཕྱག་རྒྱ་ཐམས་ཅད་མདོར་བསྡུས་པས།། དམ་ཚིག་ཡང་དག་བཅིངས་ནས་གྲུབ།། ཕྱི་ནས་མ་བསྒྲུབས་གྲུབ་པར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཆོས་ཀྱི་དེ་ཁོ ་ནཉིད་ཀྱི་གསང་བའི་སྔགས་སྒྲུབ་པ་འདི་གསུངས་སོ།། ལངས་པའམ་ནི་འདུག་པའམ།། གང་དང་དེར་ནི་གནས་པ་འམ།། ཐམས་ཅད་རྗེས་ཆགས་རྣལ་འབྱོར་གྱིས།། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར།། དེ་ནས ་བཅོམ་ལྡན་འདས་ཀྱིས་ལས་ཀྱི་གསང་བའི་དེ་ཁོ་ན་ཉིད་ཀྱི་རྒྱུད་འདི་གསུངས་སོ།། གསང་བའི་གར་མཆོག་མཆོད་པ་འམ།། ཡང་ན་མཆོད་པ་ཅི་བདེ་བར། བྱས་ཏེ་མགོན་པོ་བསྒྲུབ་བྱས་ན།། མཆོག་གི་དངོས་གྲུབ་མྱུར ་དུ་ཐོབ།། དེ་ནས་རང་གི་ཕྱག་རྒྱས་བདག་ཉིད་བསྒྲུབ་པའི་རྒྱུད་ནི། ཕྱག་རྒྱ་ཆེན་པོ་མཉམ་གཞག་སྟེ།། རང་གི་སྙིང་པོས་ལན་ཅིག་བསྒྲུབ།། བརྟན་ཞིང་ཤིན་ཏུ་དགྱེས་ཀུན་ཆགས།། ཤིན་ཏུ་དགྱེས་གྱུར་བདག་པོ་གྲུབ།། ་དེ་ནས་ཡི་གེ་ཧཱུཾ་གིས་གླུ་བླང་བའི་གྲུབ་པའི་རྒྱུད་ནི། རི་བྷི་ང་སྩོགས་རྒྱན་དང་ལྡན།། ཅི་ནུས་པ་དང་ཅི་འདོད་པ།། དྲི་ཟ་དང་པོ་བླངས་ནས་ནི།། ཡི་གེ་ཧཱུ~ཾ་གིས་གྲུབ་པར་འགྱུར།། ཞེས་བཅོམ་ལྡན་འདས་ཆགས་པ་ཆེན་པོ་དང་། ་པོའི་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཆེན་པོས་གསུངས་སོ།། དེ་ཁོ་ན་ཉིད་ཆེན་པོའི་གསང་བའི་དངོས་གྲུབ་བསྒྲུབ་པའི་རྒྱུད་དོ།། དེ་ནས་རྟོག་པ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ་བཤད་པར་བྱའོ།། ཞེས་བྱ་བ་བཅོམ་ལྡན་འདས་ཐོག་མང ་ཐ་མ་མེད་པའི་འཕྲིན་ལས་ཅན་རྡོ་རྗེ་སེམས་དཔས་གསུངས་སོ།། ཤིན་ཏུ་རིང་བའི་ཚེ་འཕེལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཆོས་སོ།། ཤིན་ཏུ་གཞོན་པའི་ནི་ཚོང་འཕེལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་བཅུད་ཀྱིས་ལེན་གྱིས་སོ།། གཟུགས ་ཆེན་པོ་དང་གཟི་བརྗིད་ཆེན་པོ་འཕེལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་གཟུགས་ཀྱིས་གཟི་བརྗིད་ཀྱིས་སོ།། འདུ་བྱེད་ཆེན་པོས་ཐམས་ཅད་འཕེལ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་འདུ་བྱེད་ཆེན་པོས་སོ།། སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་ཐམས་ཅད་བསྲུང ་བནི་བདེ་བ་ཆེན་པོ་རྡོ་རྗེ་གསུང་བས་སོ།། ཕྱོགས་ཐམས་ཅད་དང་མཚམས་དང་དཀྱིལ་འཁོར་བཅིང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་བསྐོར་བ་སྟེ། ཐམས་ཅད་རྡོ་རྗེ་ཆེན་པོའི་ངོ་བོ་ཉིད་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྡོ་རྗེས་ཀྱང་འཇུག་པར་མི་ནུས ་ཤིང་མི་ཕྱེད་པར་འགྱུར་རོ།། སྡིག་པ་ཐམས་ཅད་བསྲུང་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་བྱིན་གྱིས་བརླབས་པས་སོ།། བདག་ཉིད་ཀྱི་དངོས་གྲུབ་ཐམས་ཅད་དམ་གཞན་དག་རྡོ་རྗེར་བྱེད་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་གོ་ཆས་སོ།། འཐབ་མོ་ཐམ ་ཅད་ལས་རྣམ་པར་རྒྱལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་རྒྱལ་མཚན་མཆོག་གི་དཔུང་རྒྱན་གྱིས་སོ།། འཐབ་མོ་སྲུང་བ་ནི་བདེ་བ་ཆེན་པོའི་གཞན་གྱིས་མི་ཐུབ་པས་སོ།། གཞན་གྱིས་དཔུང་ཐམས་ཅད་གཞིག་པ་ནི་རྡོ་རྗེ་བདེ་བ ་ཆེན་པོའི་རྡོ་རྗེ་འཛིན་པར་བྱེད་པས་སོ།། གཞན་གྱི་དཔུང་ཉམས་པ་དང་ལྡང་བ་དང་ལྟུང་བ་དང་གསོད་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་བགློག་བསྐོར་བས་སོ།། རིམས་ཐམས་ཅད་ལ་སོགས་པའི་ནད་ཐམས་ཅད་དང་ནད་ཆེན་པོ ་ཞི་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་འཕྲོག་པས་སོ།། དུག་ཐམས་ཅད་གཞིག་པ་དང་དྲུག་མེད་པར་བྱ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཕྱག་རྒྱའི་ལས་ཀྱིས་སོ།། གདོན་ཐམས་ཅད་ལས་དགྲོལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་འབྱུང་པོ་བསྐྲད་པས། ་མ་མོ་དང་མཁའ་འགྲོ་མ་དང་གདོན་ཐམས་ཅད་དགྲོལ་བ་བདེ་བ་ཆེན་པོ་དང་གཞོམ་པ་དང་སྙིང་གཞན་དབྱུང་བ་དང་ཤི་བི་གསོ་བ་དང་ཚེ་འཕེལ་བ་དེ། ཤིན་ཏུ་བསྲུང་བ་རྣམས་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཕྱག་རྒྱའི་ལན་གྱིས་སོ།། ་ཐམས་ཅད་དབབ་པ་དང་གཡོ་བ་དང་འཆིང་བ་དང་གར་བྱེད་དུ་བཞུག་པ་དང་གླུ་ལེན་དུ་གཞུག་པ་དང་སྔ་མ་འབྱུང་བ་སོ་སོར་བརྟན་པ་དང་རྨད་དུ་འབྱུང་བ་དང་ཆོ་འཕྲུལ་བསྟན་པ་དང་བདེ་བ་ཐམས་ཅད་ལ་ཐམས་ཅད་སླར ་གཞུག་པ་དང་དགྲོལ་བ་དང་བསྲུང་བ་དང་སོས་སུ་བཅུག་པ་རྣམས་ནི་བདེ་བ་ཆེན་པོའི་རྡོ་རྗེ་དབབ་པས་སོ།། རྩུབ་དང་སིརྒྱུ་བའི་དངོས་པོ་ཐམས་ཅད་ལ་ཡིད་ཀྱིས་འདོད་པའི་བྲ་དབབ་པ་ཐམས་ཅད་གྲུབ་པ་ནི་བདེ་བཆེན ་པོ་རྡོ་རྗེ་བྲ་དབབ་པས་སོ།། རང་གི་ལུས་དང་ངག་དང་ཡིད་རྡོ་རྗེས་མཐོང་བ་དང་ཐོས་པ་དང་སྒྲུ་བ་དང་སྟོན་པའི་ཤེས་པ་གྲུབ་པ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་བདག་ཉིད་བསྒོམས་པས་སོ།། ཐམས་ཅད་ལས་འདས་པ་དང་མ་འངས་པ་དང་དག ་བྱུང་བ་ཐམས་ཅད་བཀའ་མཐོང་བའི་ཡི་གེ་སྣ་ཚོགས་པ་འམ། དངོས་པོ་ཐམས་ཅད་ཀྱིས་རྣ་བའི་ཤེས་པ་རབ་ཏུ་འཇུག་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཐམས་ཅད་མཁྱེན་པས་སོ།། གློག་དང་ཆར་བ་དང་ཐོག་དབབ་པ་ཐམས་ཅད ་བཟློག་པ་དང་། སྤྲིན་གཞིག་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཁྲོ་བོའི་ལྟ་བས་སོ།། སའི་འོག་ཐམས་ཅད་ལས་སྔར་མ་བྱུང་བའི་འབྲུ་ལ་སོགས་པའི་འབྲས་བུ་འབྱུང་བ་དང་། ཉེ་བར་ལེན་པ་དང་ཆུ་མེད་པའི་གནས་ལས་ཆུའི་དངོས་པོ་འབྱུང ་བ་ཨ་དང་ཉེ་བར་ལེན་པ་དང་མུན་པ་ཆེན་པོར་སྣང་བ་ཆེན་པོ་བསྐྱེད་པ་དང་ཉེ་བར་ལེན་པ་དང་རླུང་ཐམས་ཅད་ལ་བཀའ་བསྒོ་བ་དང་ཉེ་བར་ལེན་པ་དང་ནམ་མཁའ་ཐམས་ཅད་ལས་ཡིད་ཀྱི་འདོད་པའི་དངོས་པོ་ཐམས་ཅད་མཐོང་བ་དང་ཉེ་བར ་ལེན་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་སོ།། ཐམས་ཅད་གཞོམ་པ་དང་རེངས་པ་དང་དྲལ་བ་དང་རྨུགས་པ་དང་གཉིད་ལོག་པར་བྱ་བ་དང་རྒྱས་གདབ་པ་དང་ལྷུང་བ་དང་རྨོངས་པ་དང་གསད་པ་དང་ཕྱིར་ལྡོག་པ ་ནི་བདེ་བ་ཆེན་པོའི་གདུག་པའི་རྡོ་རྗེའི་ཕྱག་རྒྱས་སོ།། ཐམས་ཅད་རྗེས་སུ་ཆགས་པ་དང་དགུག་པ་དང་གཞུག་པ་དང་དབབ་པ་དང་བཅིང་བ་དང་དཀྲོལ་བ་དང་དྲལ་བ་དང་ལྟུང་བ་དང་ལྷུང་བ་བསླང་བ་དང་འདྲེན་པ་དང་བྲན་དུ་བྱེད་པ་དང ་མངག་གཞུག་བཀའ་བསྒོ་བ་བྱེད་པ་དང་ཐམས་ཅད་ཚུར་དྲང་བ་དང་ཕར་བཏང་བ་དང་གསད་པ་དང་སླར་གསོ་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་པ་དང་དབང་དུ་བྱེད་པའི་སྒྲུབ་པ་ནི་བདེ་བ་ཆེན་པོ་རྡོ་རྗེའི་ཐམས་ཅད་སྒྲུབ་པས་སོ།། རིགས ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ལ་སོག་པའི་མཆོག་གི་དངོས་གྲུབ་ཐམས་ཅད་དང་། མཆོག་གི་དབང་བསྐུར་བ་ལ་སོགས་པ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་ཐམས་ཅད་རྗེས་སུ་ཆགས་པ་ལ་སོགས་པའི་བདེ་བ་དང་། ་ཡིད་བདེ་བ་ཐམས་ཅད་རབ་ཏུ་གཞུག་པ་དང་། མཆོད་པ་ཆེན་པོ་ཐམས་ཅད་ལ་སོགས་པའི་ལས་ཐམས་ཅད་མྱུར་དུ་གྲུབ་པའི་ཆོ་ག་རྒྱས་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་མཆོག་གི་དངོས་གྲུབ་གྱིས་སོ།། དེ་ལ་བདེ་ཆེན་པོའི་རྡོ་རྗེ་གས ་བའི་དམ་ཚིག་གི་དང་པོའི་མཆོག་གི་དམ་ཚིག་ལས་ཀྱི་ཕྱག་རྒྱའི་རྒྱུད་ནི་འདི་ཡིན་ཏེ། བདེ་བ་ཆེན་པོའི་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའི་ཚེ་སྟེར་བའོ།། འདིའི་ལས་ཀྱི་ཕྱག་རྒྱ་ཐམས་ཅད་བཅིང་པོའོ།། དབུས་མའི་རྡོ་རྗེ་བཏུང་བར ་བྱ།། རྩེ་མོའི་འོད་ཟེར་བྱས་པས་གདོད་པ་ཡོངས་སུ་སྦྱངས་ཏེ་གདོང་བར་དགྲོལ་བར་བྱའོ།། བདག་ཉིད་ལ་ཀུན་ཏུ་བསྐོར་ནས་སྙིང་ཀར་དགྲོལ་བར་བྱའོ།། གཙུག་གཏོར་དང་ཕྱོགས་ཐམས་ཅད་དང་དཀྱིལ་འཁོར་བསྐོར་བའོ།། ་སྙིང་ཀ་དང་ཡིད་ཀྱིས་རྒྱབ་དང་ཕྲག་པ་དང་སྤྱི་བོ་དང་དཔྲལ་བར་གཞག་ལ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཕྲེང་བ་བཅིངས་ལ་གོ་ཆ་བ་སྟེ། མདུད་པ་བྱས་ནས་རྡོ་རྗེའི་གནས་རྣམས་སུ་སླར་ཡང་ཕྲེང་བ་བྱས་པས་རྒྱབ་ཏུ་མདུད་པ་བྱས་ཏེ་དང ་དབྱངས་བྱའོ།། སྙིང་ག་དང་དཔྲལ་བ་དང་མགྲིན་པ་དང་སྤྱི་བོར་གཞག་པར་བྱའོ།། དབུས་མའི་དང་མཆོག་གོ།། བྱ་བ་བའི་གྱེན་དུ་ཁ་བལྟས་པའི་དབུག་པ་དང་འཇིག་པའི་གདོང་གིས་ལྟ་བའོ།། འབར་བ་བཞིའི་ཚུལ་གྱིས་འདོད ་ཤིང་ཁྲོས་པའི་རང་གི་སྙིང་གར་བཅིངས་ཏེ་ཞི་བའི་ལྟ་བས་རྩེ་མོ་འཕྲོག་པར་བྱའོ།། ལྟ་བས་འཕྲོག་པར་བྱའོ།། དབབ་པས་མྱུར་དུ་འགྲོལ་བར་བྱའོ།། ཡོངས་སུ་བསྐོར་ནས་དཔྲལ་བར་གཞག་སྟེ། དབུས་མའི་རྡོ་རྗེ་སོར་མོའི་རྩེ ་གཉིས་བསྐྱོད་པར་བྱས་ན་ཅི་ལྟ་བ་བཞིན་དུ་ལས་བྱེད་པའི་སྙིང་གར་གཞག་སྟེ་དབུས་མ་རྡོ་རྗེའི་ལས་ནི་འདི་ལྟ་སྟེ། སྙིང་ཀར་སྟོད་པ་དང་སྐྱེད་པ་དང་འཆིང་བ་དང་གར་བྱེད་དུ་བཅུག་པ་དང་མགྲིན་པ་བསལ་བ་དང་རྡོ་རྗེ་རྩེ་མོ་བཅིང་བ ་དང་ཁ་དབུབ་པ་དང་མགྲིན་པ་བསལ་བ་དང་བཅིངས་པ་མྱུར་དུ་དཀྲོལ་བ་དང་བསྲུང་བ་དང་བྱབ་པའི་ལས་སོ།། སྙིང་ག་ལ་སྦྱོར་བ་སྤྱོད་པའོ།། ཉི་ནེ་རེ་ཞིང་སྔ་རོལ་དུ་ལན་ཅིག་ལུས་ཡོངས་སུ་སྦྱང་བ་དང་། མགྲིན་པ ་གསལ་བའི་ངག་དང་སྙིང་གར་གཞག་པ་དང་ཕྱག་རྒྱ་ལ་ལྟ་བ་སྟེ་ཉིན་རེ་སྔ་རོལ་ཏུ་ལན་ཅིག་དབང་པོ་ཐམས་ཅད་ལ་ཀུན་ཏུ་བསྐོར་བར་བྱའོ།། དབུས་མ་རྡོ་རྗེས་བྱེད་པ་ནི་ཁྲོ་བོའི་རྡོ་རྗེའི་ལྟ་བས་སོ།། དབུས་མའི་རྡོ་རྗེའི་ལས་ནི་འོག་ནས་འབྱུང ་སྟེ་ཉེ་བར་ལོངས་སྤྱོད་པ་དང་ཐམས་ཅད་ལ་དགུག་པར་བྱེད་པ་དང་དབབ་པ་སྦྱིན་པ་དང་འབར་བའི་མེ་སྟག་བྱེད་པ་དང་ཉེ་བར་ལེན་པ་དང་རླུང་གི་ཚུལ་དང་ནམ་མཁའ་བསྒོམ་པ་ལས་དུ་མའོ།། དབུས་མའི་རྡོ་རྗེའི་ལུས་ནི་ཕྱག་རྒྱས་གཞོམ ་པ་དང་རྩེ་མོ་གཉིས་སྙིང་གར་བཙིར་བ་དང་སེན་མོ་བྲུད་པ་དང་མིག་འདེགས་པ་དང་བཙུམ་པ་དང་། སོར་མོ་མཉམ་པོས་སྙིང་ཀར་བཏེག་པ་དང་ལྟུང་བ་དང་སྤང་བར་བྱེད་པ་དང་ཕན་ཚུན་རྡེག་པ་དང་རང་གི་སྙིང་གར་རང་བཞིན་དུ་གཞག་པའི ་ལས་སོ།། དབུས་མའི་རྡོ་རྗེ་ལས་ནི་མདའ་སྟོང་པ་དང་ལྕགས་གཉིས་ཀྱི་དགུག་པ་དང་གཡོན་པ་ལ་གཡས་པ་བཅུག་པ་དང་རྩེ་མོ་བསྐྱེད་པ་དང་གདུ་བུར་བཅིང་བ་དང་མྱུར་དུ་དགྲོལ་བ་དང་སོར་མོ་མཉམ་པོར་མྱུར་དུ་དྲལ་བ་དང ་ལྟུང་བར་བྱེད་པ་དང་འོག་ནས་བཏེག་པ་དང་གཡོན་པ་གཡས་པས་དྲང་བ་དང་། ལས་ཐམས་ཅད་ལ་སྦྱར་བར་བྱེད་པ་དང་འོག་ནས་བསྐྱོད་ཅིང་གྱེན་དུ་དྲང་བ་དང་། ཚུར་འདྲེན་པ་དང་ཕར་གཏང་བ་དང་། གཡོན་དང་གཡས་ཀྱིས་དྲག་པོ ་བ་དག་པ་དང་རང་གི་སྙིང་གར་རྩེ་མོ་འདྲེན་པ་དང་ལས་ཐམས་ཅད་ལ་ངེས་པར་སྦྱོར་བ་བྱེད་པའི་ལས་དང་སྙིང་གར་འཁོར་ལོ་གཞུག་པ་དང་དབང་སྐུར་བའི་ཕྲེང་བ་དང་ངར་དབྱངས་འཆིང་བར་བྱེད་པ་དང་སྙིང་ག་ལས་དྲངས་ཏེ་བདེ་བཚུར ་འདྲེན་པ་ཐམས་ཅད་ཡོངས་སུ་སྲུང་བ་དང་གར་གྱིས་བླངས་ཏེ་སྤྱི་བོར་དགྲོལ་བའི་ལས་སོ།། བདེ་བ་ཆེན་པོར་འགྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། དོན་ཡོད་ཐོགས་མེད་སྣ་ཚོགས་པའི།། ཕྱག་རྒྱའི་རྒྱུད་ནི་རབ་ཏུ་བཤད།། ་རྡོ་རྗེ་འཛིན་པ་ཆེན་པོ་ཡིས།། སངས་རྒྱས་སྲས་བཅས་བདག་ཉིད་ཀུན།། སེམས་ཅན་ཐམས་ཅད་སྐུར་གྲུབ་ཕྱིར།། དོན་ཡོད་དངོས་གྲུབ་ཀུན་སྩོལ་བའོ།། དཀྱིལ་འཁོར་དག་ཏུ་མཞུགས་པ།། སྡིག་པའི་ལས་ནི་ཀུན་དང་ལྡན།། དེ་དག ་ཀྱང་ནི་སྒྲུབ་འགྱུར་ཏེ།། བཅིངས་པ་ཙམ་གྱིས་སྡིག་བྱང་ཕྱིར།། གང་ཞིག་ལེ་ལོ་ཉིད་ཀྱིས་སམ།། བརྩོན་འགྲུས་ལྡན་ཡང་མ་ཚང་བ།། དཀྱིལ་འཁོར་མེད་པའི་སེམས་ཅན་གང་།། སློབ་དཔོན་ཉིད་བྱིན་མ་བརླབས་དང་།། དེ་དག་ག ་མཆོག་རྡོ་རྗེ་ཆེ།། རྡོ་རྗེ་སློབ་དཔོན་ཉིད་དུ་འགྱུར།། དོན་ཡོད་མཆོག་དང་སྣ་ཚོགས་པའི།། བཅིངས་པ་ཙམ་གྱིས་མྱུར་གྲུབ་བྱེད།། བསམ་པ་ཐམས་ཅད་ཡོངས་རྫོགས་པའི།། མཆོག་གི་དངོས་གྲུབ་ཀུན་ལ་འཇུག། དང་པོ་འབྱུང་བའི ་རྡོ་རྗེ་མཆོག། བདེ་བ་ཆེན་ལས་ཡང་དག་འབྱུང་།། དག་ཅིང་ཤིན་ཏུ་གྲུབ་པ་དང་།། འགྲོ་བ་ཐམས་ཅད་ལ་ཡང་ངོ་།། དེ་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པའི་གསང་བའི་རྒྱུད་ནི།། ལས་འདོད་ཐོག་མར་ཕྱག་རྒྱ་ནི།། སྐལ་པ་ཅི་བཞིན ་སྙིང་པོས་གྲུབ།། རང་གི་བདག་ཉིད་ངེས་སྦྱང་བྱ།། བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས།། བདེ་བ་ཆེན་པོ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་དོན་ཡོད་པའི་དངོས་གྲུབ་ཀྱི་མཆོག་ཅེས་བྱ་བ་རྒྱུད་ཕྱེ་མའི་ཚེ ་གརྒྱས་པ་ཡོངས་སུ་རྫོགས་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོངས་སུ་མཐར་ཐུག་པ་མེད་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་ཀྱི་ལས་ཀྱི་སྦྱོར་བ་ནི། རྡོ་རྗེ་འཆང་དེ་དང ་བཅས་པ་རྣམས་ཀྱིས་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་རྟོག་པའི་རྒྱལ་པོ་ཆེན་པོ་འདིས་སེམས་ཅན་གྱི་ཁམས་མ་ལུས་པ་ཀུན་ཏུ་ཁྱབ་ཅིང་སྤྲོ་བ་དངོས་གྲུབ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ། སྲིད་པ་ཐམས་ཅད་ཀྱི་རྩེ་མོ ་ཡོངས་སུ་མཐར་མཐུག་པའི་གསུང་རབ་ཡོངས་སུ་མཐར་ཐུག་པའི་དོན་དུ་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པ་ཡིན་ནོ།། རྡོ་རྗེའི་ནམ་མཁའ་ཆེན་པོ་ཡི།། ཆོས་ཀྱི་དབྱིངས་ནི་སྤྲོ་བ ་མཆོག། རྡོ་རྗེ་ནམ་མཁའ་ཆེན་པོ་ཡི།། ཆོས་དབྱིངས་སྤྲོ་བའི་དངོས་གྲུབ་སྟེ།། རྟག་ཏུ་སངས་རྒྱས་ཐམས་ཅད་ནི།། རྡོ་རྗེ་འཆང་ཆེན་བཅས་པ་དང་།། རྡོ་རྗེ་འཆང་གི་ཐེག་པ་ན།། ཡོངས་སུ་མཐར་ཐུགནུས་པ་མིན།། ཨེ་མའོ ་མངོན་ཞེན་སེམས་ཅན་དང་།། ལེ་ལོ་ཅན་དང་ལས་ཀུན་ལྡན།། ཐུགས་རྗེདམ་པའི་རྡོ་རྗེ་ཁྱོད།། བྱང་ཆུབ་སེམས་ནི་ཐན་མེད།། བདེ་བ་ཆེན་པོ་རབ་བསྒྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། རྟོག་པ་འདི་ནི་མཐར་ཐུག་པ།། རབ་ཏུ ་སླབ་ཕྱིར་མཐར་ཐུག་བརྗོད།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་གསན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་རྡོ་རྗེ་སེམས་དཔའ་བྱིན་གྱིས ་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ།། བདེ་བ་ཆེན་པོར་བསྒྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། ཐམས་ཅད་དངོས་གྲུབ་དོན་དུ་ནི།། ཡོངས་སུ་མཐར་ཐུག་བྱིན་བརླབས་པའོ།།། ་གང་གིས་ཚུལ་མཆོག་འདི་ནི་ཉན་འགྱུར་དང་།། གང་གིས་ཁྱིམ་ན་གསང་བ་ཐམས་ཅད་གནས།། བདེ་ཆེན་མཆོག་གི་རྡོ་རྗེ་མཆོག་གསང་བའི།། དངོས་གྲུབ་ཚེ་འདིར་དེ་དག་རྣམས་ལ་བསྟན།། བརྟན་པ་ཉིད་ཕྱིར་འདུལ་བ་དང་མི ་བྱེད།། སེམས་ཅན་དོན་དུ་རྒྱལ་བ་ལས་དག་ཕྱིར།། རྣམ་པར་སྦྱང་བར་མཛད་པ་འདི་ཡིན་ཏེ།། རྟོག་པ་འདི་ནི་བགེགས་མེད་བདུད་རྣམས་མེད།། དངོས་གྲུབ་འཕེལ་མེད་མིན་པ་བྱིན་གྱིས་བརླབས།། བདུད་དང་བརྟན་མེད་ཉིད ་ནི་བདག་མི་བྱེད།། བརྟན་པ་ཉིད་ཕྱིར་འདུལ་བ་དང་མི་བྱེད།། རྟོག་པ་ཆེན་པོའི་མཆོག་ནི་གང་བསྒྲུབ་པ།། མྱུར་དུ་དངོས་གྲུབ་མཆོག་ཕྱིན་བདག་བརྟན་འགྱུར།། བརྟན་ཞིང་རབ་བགྱིས་བརྟན་པས་རྗེས་སུ་ཆགས།། བདེ་བ ་ཆེན་པོ་ཀུན་བྱེད་ཤིན་ཏུ་རྒྱས།། ད་ཡི་དང་པོའི་སྙིང་པོ་གང་བསྒྲུབ་པ།། དེ་ལད་ནི་རྟག་ཏུ་དངོས་གྲུབ་སྟེར།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཅོམ་ལྡན་འདས་ཀྱིས ་གསུངས་པ་ལ་མངོན་པར་སྟོད་དོ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་མཆོག་ཏུ་གྲུབ་འི་ན་གྱིས་ཡོས་སུ་རྫོགས་སྷོ།།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ ་འདི་ཉིད་སླར་ཡང་སྟོན་པར་མཛད་ཅིང་ཞལ་རབ་ཏུ་འཛུམ་པ་དང་། མཆོག་དང་པོའི་རྡོ་རྗེ་བདེ་བ་ཆེན་པོ་རྡོ་རྗེ་བསྙེམས་པས་གསོར་ནས་རང་གི་ཐུགས་ཀར་སྟོང་པའི་ཚུལ་དུ་འཛིན་ཅིང་མཆོག་ཏུ་གས་པ་ཞིང་མཆོག་ཏུ་གྲུབ་པ ་ད་ཨོན་ཡོད་ཅིང་ཐོགས་པ་མེད་པ་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་འདི་རྟོག་པ་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་དང་བདུད་ཐམས་ཅད་འདུལ་བར་བྱིན་གྱིས་བརླབ་པའི་དབང་གིས་མ་གྲུབ་པ་རྣམས་ཀྱང་མཆོག ་དམ་པ་གྲུབ་པར་བྱེད་པ་དང་མཆོག་ཏུ་གསང་བ་དང་ཐོག་མ་དང་ཐ་མ་མེད་པའི་མཚོན་ཆ་མཆོག་དང་པོ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་དབང་ཕྱུག་ཆེན་པོའི་ཆེན་པོ་རྒྱུད་ཕྱི་མ་གསུངས་པ། དེ་ནས་ཐོག་མའི་གནས་ཉམས ་དགའ།། ནམ་མཁའ་ཀུན་ལ་རབ་ཏུ་གནས།། རིན་ཆེན་འོད་མཛེས་རབ་ཏུ་གསལ།། དྲི་མ་མེད་པའི་མདངས་ཀྱིས་བརྒྱད།། ཟུང་བཞི་པ་ལ་སྒོ་བཞི་པ།། སྒོ་ཁྱུད་རྣམས་ཀྱིས་རབ་ཏུ་བརྒྱན།། ཁ་ཁྱེར་གྱིས་ནི་ཡོངས་སུ་བསྐོར།། ་རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་མཆོད།། ཟླ་བ་ཕྱེད་ནི་རབ་ཏུ་གནས།། རྡོ་རྗེ་རིན་ཆེན་འབར་བྱེད་པ།། རླུང་གིས་བསྐྱོད་པའི་རྩེ་མོ་མཆོག། དར་འཕན་དྲིལ་བུ་སྒྲ་སྒྲོགས་པ།། དྲབ་མེ་ལོང་ཏོག་མེ་ཏོག། མེ་ཏོག་ཆུན་པོའི་རྒྱན་གྱིས་བསྐོར ་བདེ་བ་ཆེན་པོ་རྡོ་རྗེ་ཆེ།། རྡོ་རྗེ་ཀུན་གྱིས་ལེགས་སྦྱར་བ།། རྡོ་རྗེ་སེམས་དཔའི་བཞུགས་གནས་ཆེ།། སངས་རྒྱས་ཀུན་གྱིས་རྗེས་བརྟེན་པ།། བྱང་ཆུབ་སེམས་དཔའི་གནས་ཀྱི་མཆོག། རྡོ་རྗེ་འཛིན་པ་ཀུན་གྱི་གནས།། བདེ་བ ་ཆེན་པོའི་རྡོ་རྗེ་ཆེན།། རྡོ་རྗེ་རིན་ཆེན་མཆོག་བྱ་བའོ།། རྡོ་རྗེ་འཆང་ཆེན་བཞུགས་ནས་ནི།། བདེ་བ་ཆེན་པོ་རྣམ་པར་བཞུགས།། ཐོག་མཐའ་མེད་པའི་སེམས་དཔའ་དེ།། རྡོ་རྗེ་སེམས་དཔའ་དགའ་བ་ཆེན།། ཀུན་ཏུ་བཟང་པོ ་ཀུན་བ་ག་ཉིད།། རྡོ་རྗེ་སྙོམས་ཚུལ་བདག་པོའི་བ་ག། སེམས་ཅན་ཀུན་གྱི་སེམས་གང་ན།། བསྟན་པའི་ཕྱིར་ན་དཔའ་ཞེས་བྱ།། བསྟན་པར་བཞག་པས་ཅང་འཛིན་ཏེ།། ངེས་པ་ལས་ན་རྡོ་རྗེར་གྱུར།། སེམས ་དཔར་བྱིན་བརླབས་སྦྱོར་བ་ཡིས།། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར།། དེ་ཉིད་བཅོམ་ལྡན་སྣ་ཚོགས་པ།། བྱང་ཆུབ་སྤྱོད་པའི་རྗེས་མཐུན་པ།། བདུད་དང་བདུད་ལས་རྒྱལ་བ་ཉིད།། བྱང་ཆུབ་སངས་རྒྱས་དེ་ཉིད་དོ།། རྡོ་རྗེ ་དྲག་པོ་མཐར་བྱེད་ཉིད།། ཕྱག་ན་རྡོ་རྗེ་ཉིད་ཀྱང་དེ།། དེ་ཉིད་དེ་བཞིན་གཤེགས་པའི་རིགས།། དེ་ཉིད་རྡོ་རྗེའི་རིགས་ཆེན་པོ།། དེ་ཉིད་པད་མའི་རིགས་དག་པ།། དེ་ཉིད་ནོར་བུའི་རིགས་བཟང་བཤད།། དེ་ཉིད་འདོད་ཆགས་བྲལ་བ ་ཉིད།། འདོད་དང་འགྲོལ་བ་དེ་ཉིད་དེ།། དུས་གསུམ་སྲིད་གསུམ་མཆོག་གསུམ་སྟེ།། འཇིག་རྟེན་གསུམ་མཆོག་ཁམས་གསུམ་པ།། མི་གཡོ་ཐམས་ཅད་མཆོག་དེ་ཉིད།། བརྟན་པ་སྲ་བ་ནོར་ཆེན་པོ།། རྒྱུ་བ་སེམས་ཀྱི་འདུས་བྱས་པ། ་ཐམས་ཅད་བྱེད་པ་ཐམས་ཅད་ཉིད།། དང་པོའི་སེམས་དཔའ་སེམས་དཔའ་ཆེ།། བྱང་ཆུབ་སེམས་དཔའ་བདེ་རབ་སྩོལ།། སེམས་དཔའི་དཀྱིལ་ཀྲུང་བཅས་ནས་ནི།། པད་མའི་སྟེང་དུ་བཞུགས་པ་ནི།། བཙུན་མོའི་ཚོགས་བཅས་སྣ ་ཚོགས་པ།། རྡོ་རྗེ་ལྷ་མོས་ཡོངས་སུ་བསྐོར།། བདེ་བ་ཆེན་པོ་གྲུབ་དོན་དུ།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། མ་ལུས་འདུལ་བྱའི་དོན་དུ་ནི།། དངོས་གྲུབ་ཐམས་ཅད་རབ་གྲུབ་ཕྱིར།། དམ་ཚིག་མཆོག་ནི་མ་ལུས་པ།། རྒྱལ ་བས་ཀྱང་ནི་བསྲུང་བར་བྱ།། སྙེམས་བཅས་རྡོ་རྗེ་གསོར་བ་དང་།། རྡོ་རྗེ་སྙེམས་པའི་ཚུལ་འཆང་ཞིང་།། ཕྱག་རྒྱ་ཀུན་མྱུར་གྲུབ་མངོན་དུ།། རྡོ་རྗེ་སེམས་དཔའ་མཆོག་གྲུབ་ཕྱིར།། དངོས་གྲུབ་ཀུན་གྱི་ཐབས་ཆེན་པོ།། བསོད ་ནམས་ཀུན་གྱིས་ཆེར་མཐོང་བ།། ཡེ་ཤེས་ཕྱག་རྒྱ་ཡང་དག་ལྡན།། སྙིང་པོ་ཆེན་པོ་མ་ཡིན་ཏེ།། གང་གིས་བསོད་ནམས་མི་ལྡན་པའམ།། དེ་བཞིན་དཀྱིལ་འཁོར་མ་ཞུགས་པའང་།། དོན་ཡོད་ཐོགས་པ་མེད་མཆོག་འགྱུར། ་དངོས་གྲུབ་ཐམས་ཅད་རྙེད་དཀའ་ཡིས།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། གསང་བ་མཆོག་གི་དམ་ཚིག་བརྟན།། དངོས་པོ་ཐམས་ཅད་བསྒྲུབ་པ་སྟེར།། རྟོག་པ་ཐམས་ཅད་མྱུར་གྲུབ་བྱེད།། ཐོག་མཐའ་མེད་ཕྱིར་དང་པོར་འབྱུང་། ་དང་པོ་ནས་བྱུབང་བཤད།། ཊཱིག་ཞན་གྱི་ན་ཅི་འདོད་དང་། ཆགས་པ་ཀུན་གྱིས་པ་དགའ་བར།། རྗེས་སཆགས་པར་བགྱི་བཤེས།། བཞིན་འབབ་པའི་ལགས་འཕྱ།། ཉེ་བའི་རྐང་པོ་བནས་སྣང་བ།། བཞིམ ་དང་པོར་བཅོམ་ལྡན་གསུངས།། ། དེ་ནས་འདི་ནི་གསུངས་ཙམ་གྱིས།། སངས་རྒྱས་ཐམས་ཅད་སྲས་བཅས་པ།། རྡོ་རྗེ་འཛིན་བཅས་སྣ་ཚོགས་པ།། སྐད་ཅིག་གིས་ནི་འདུས་པར་འགྱུར།། རྡོ་རྗེ་འཛིན་ཆེན་གྱིས་བོག ་སར།། ཡུད་ཀྱི་འཇིག་རྟེན་གསུམ་པོ་འབྱུང་།། ཅི་ལཱར་འགྲོ་བ་རབ་གྲུབ་ཅེས།། བད་གཤེགས་རྣམས་ཀྱིས་དངོས་གྲུབ་དྲིས།། དེ་རྣམས་ཀྱིས་ནི་བཀའ་གས་ན་ནས།། རྡོ་རྗེ་འཛིན་རང་འགྲོ་བ་ནི།། འབྱིན་དང་རྩོལ་དང་སྟོན་པ་པོ།། ་བྱང་བས་ཚིག་ནི་འདི་སྐད་གསོལ།། ཆགས་བྲལ་གྱིས་འདུལ་འཇིག་རྟེན་རྣམས།། ཆགས་བྲལ་ཉིད་ཀྱིས་དག་པར་འགྱུར།། འདོད་ཆགས་ཆེན་པོ་བདེ་བ་ཆེན།། འདི་ནི་ཅི་ལྟར་འགྲུབ་པར་འགྱུར།། དེའི་ཚིག་དེ་གསན་ནས་མི། ་རྒྱལ་བ་རང་ཉིད་གྱིས་གསུངས་པ།། བྱང་ཆུབ་སེམས་དེ་ཐོག་མའི་ལྷ།། ཁྱོད་ནི་ཐབས་ཆེན་ཉིད་ཡིན་ནོ།། ཅི་སྲིད་འཁོར་བའི་གནས་སུ་རི།། མཁས་མཆོག་འདུག་པར་གྱུར་པའི་ཚེ།། དེ་སྲིད་མཚུངས་མང་སེམས་ཅན་དོན།། ་མྱ་ངན་མིའངའབྱེད་པར་ནུས།། ཅི་སྲིད་སེམས་ཅན་རྣམ་རྟོག་པ།། དེ་སྲིད་བྱང་ཆུབ་སྲིད་པ་ཆེ།། བྱང་ཆུབ་སེམས་ཙམ་ལ་པན་ཕྱིར།། རྡོ་རྗེ་ཅན་གྱིས་ཅི་བདེར་གྱིས།། དེ་ནས་ཐོག་པ་དང་དཀྱིལ་འཁོར།། དང་པོའི་དཀྱིལ་འཁོ ་བྱིན་གྱིས་བརླབས།། རྡོ་རྗེ་ཀུན་གྱིས་དམ་ཚིག་མཆོག། ཅི་བཞིན་ཚོགས་བསྒྲུབས་པ་ཉིད།། དེ་ནས་བཅོམ་ལྡན་འདས་དེ་ནི། བདེ་བ་ཆེན་པོ་གྲུབ་ཕྱིར་དང་།། འདོད་ཆགས་ཆེན་པོ་ནམ་དག་ཕྱིར།། གཙོ་བོས་མགོན་མ ་གསོལ་བ་བཏབ།། བཅོམ་ལྡན་ཁྱོད་ལ་གསོལ་བ་ནི།། འདོད་ཆགས་ཆེན་པོ་བདེ་བ་ཆེན།། སྙིང་པོ་འདི་ནི་རྟོག་པ་མཆོག། བདེ་ཆེན་མྱུར་དུ་གྲུབ་བྱེད་པའོ།། དེ་རྣམས་ཀྱི་ནི་བཀའ་གསན་ནས།། རྡོ་རྗེ་སེམས་དཔའ ་བདེ་ཆེན་པོ།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། དཀྱིལ་འཁོར་ཆེན་པོ་བཀའ་སྩལ་ཏོ།། དེ་ནས་རབ་ཏུ་བཤད་བྱ་བ།། དཀྱིལ་འཁོར་ཆེན་པོ་དམ་པ་དེ།། བདེ་བ་ཆེན་པོ་རྡོ་རྗེ་མཆོག། གསང་བ་དམ་པ་ཞེས་བཤད་པའོ།། ཐོག་མར་དམ་ཚིག ་གསུམ་ཐོབ་པའི།། རྡོ་རྗེ་སློབ་དཔོན་རང་ཕྱག་རྒྱས།། འཁོར་ལོ་ཀུན་གྱི་ཆོ་ག་ལ།། རྟག་ཏུ་རྡོ་རྗེ་དྲིལ་འཆང་བྱ།། རྟོག་པ་ཐམས་ཅད་ཡང་དག་འབེབས།། དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན།། དམ་ཚིག་ཆེ་གསུམ་ཞེས་བྱ་བའི།། ་རྒྱན་འདི་ཐམས་ཅད་སྒྲུབ་བྱེད་ཡིན།། དངོས་གྲུབ་ཆོ་ག་ཐམས་ཅད་དང་།། རྡོ་རྗེ་དྲིལ་བུ་རབ་བསྐུལ་བས།། ཆོ་ག་ལྷག་གམ་མ་ཚང་ཡང་།། འགྲུབ་འགྱུར་སྨད་པར་མི་བྱའོ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། ་མཆོག་གི་དང་པོ་མཐའ་ཡས་མཆོག། བླ་ན་མེད་ཅིང་མཉམ་མེད་པ།། ནམ་མཁའ་ཀུན་ལ་རབ་ཏུ་གནས།། མཆོག་སྟེ་ཡི་གེ་དམ་པ་ཡིན།། དཀྱིལ་འཁོར་གནས་ནས་སྦྱང་བྱས་ལ།། དེ་ཡི་དབུས་སུ་ཆོ་ག་བཞིན།། དངོས་གྲུབ ་བྱིན་བརླབས་ཆོ་ག་ཡིས།། དཀྱིལ་འཁོར་དེར་ནི་གྲུབ་པར་བྱ།། གླུ་དང་རོལ་མོའི་ཆོ་ག་དང་།། མེ་ཏོག་སྤོས་སོགས་མཆོད་པ་ཡིས།། ཅི་སྙེད་པ་དང་ཅི་འདོད་པར།། མཆོག་དང་པོར་ནི་རྟག་པར་བྱའོ།། མཆོག་གི་དང་པོར་མཐའ ་ཡས་མཆོག། བླ་ན་མེད་ཅིང་བདེ་མེད་པ།། ནམ་མཁའ་ཀུན་ལ་རབ་ཏུ་གནས།། གྲོང་ཁྱེར་དག་ནི་མི་འགྱུར་མཆོག། ཐོག་མ་མེད་མཆོག་རྟག་པ་སྟེ།། སངས་རྒྱས་འབྱུང་བའང་རབ་ཏུ་བཞུགས།། ཀུན་མཆོག་མཉམ་པ་ཉིད ་རྟེན་པས།། ལྷག་དང་མ་ཚང་མེད་ཀུན་གང་། མཐའ་དབུས་མེད་ནམ་མཁའ་ནི།། འདི་ནི་དབུ་མར་ན་མ་ཏགས་པ།། ཕྱག་རྒྱའི་སྦྱོར་བའི་ཏིང་འཛིན་གྱིས།། དེའི་དབུས་མར་རྣམ་རྟག་ཉིད།། དེའི་དབུས་སུ་པད་མའི་གཟུགས། ་ཡུ་བར་བཅས་པ་རབ་ཏུ་གཞག། སྣ་ཚོགས་པད་མས་ཡང་དག་ཁེབས།། ཐམས་ཅད་དག་པའི་གདན་དེ་ཡིན།། དེ་ནས་སྲིད་བུཉིས་འགྱུར་དུ།། བྱས་པའི་ཐེག་ནི་གདབ་བྱ་སྟེ།། ནམ་མཁའ་ཀུན་གྱི་ཚད་ཡིན་ཕྱིར། ་གདུལ་བྱའི་བློན་མཐའ་ཡས་པས།། ཚད་ནི་ཚད་མེད་པ་ཉིད་ཡིན།། མི་མཉམ་མེད་བཟུར་བཞི་པ།། དྲན་དང་དབང་པོ་སྒོ་བཞི་སྟེ།། བསམ་གཏན་རྣམས་ཀྱིས་རྟ་བབས་བཞི།། ཏིང་འཛིན་ཁྱམས་སུ་བཤད་པ་ཡིན།། ་ཁྱམས་ལ་རྟེན་པའི་རྡོ་རྗེའི་བདག། གཟུགས་རྣམས་ལྷ་མོས་མཆོད་པའོ།། རྒྱན་རྣམས་ཀུན་གྱིས་བཀྲ་བ་ནི།། བསམ་པ་ཐམས་ཅད་རྫོགས་བྱེད་པའོ།། གདུལ་བས་བསྐྱོད་པ་སྣ་ཚོགས་མཆོག། དམ་ཆོས་མཆོག ་སྟེ་ཀུན་ཏུ་འགྲོ།། རླུང་གིས་བསྐྱོད་པ་སྣ་ཚོགས་པའི།། བ་དན་རྩེར་བཏགས་དྲིལ་སྒྲ་སྒྲོགས།། མེ་ལོང་ཡེ་ཤེས་རྟག་མེ་ཏོག། བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་།། དྲ་བ་མེ་ལོང་མེ་ཏོག་ཆེ།། མེ་ཏོག་ཕྲེང་བའི་རྒྱན་གྱིས ་བསྐོར།། ཀུན་གྲུབ་མི་འགྱུར་བདེ་བ་ནི།། བདེ་བ་ཆེན་པོ་ཞེས་བཤད་དོ།། བདེ་བ་ཆེན་པོའི་གཞལ་ཡས་ཁང་།། དང་པོའི་གནས་སུ་བྲི་བར་བྱ།། ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག། ཀུན་མཆོག་དེ་ནི་ལེགས་བྲིས ་ནས།། ཐོག་མ་ཐ་མ་མེད་པའི་དབྱིངས།། ཕྱོགས་ཀུན་མཉམ་པ་ཉིད་དུ་བསམ།། དེ་ནི་ཕྱིའི་དཀྱིལ་འཁོར་ལོ།། དེའི་ནང་གི་འཁོར་ལོ་ནི།། དཀྱིལ་འཁོར་བརྒྱད་པ་ལྟ་བུ་ཡིན།། འདི་ནི་རྣམ་ཐར་བརྒྱད་པོ་སྟེ།། དངོས་གྲུབ ་ཀུན་གྱི་བདེ་བསྟེར།། བྱང་སེམས་ཐེག་པ་ཆེན་པོ་ཡི།། མདོ་སྡེའི་འཁོར་ལོ་རབ་བསྐུར་བས།། རྡོ་རྗེ་ཐིག་གིས་ཡོངས་བསྐོར་བ།། རྡོ་རྗེ་འཁོར་ལོ་ཡང་དག་ཟེ།། དེར་ནི་སྣ་ཚོགས་པད་མ་ཆེར།། རྡོ་རྗེ་སེམས་དཔ ་དགོད་པར་བྱ།། ལུགས་མའམ་ཡང་ན་བརྐོས་པའམ།། བྱས་པ་འམ་ཡང་ན་བྲིས་པ་སྟེ།། འཛུམ་བཅས་ཟླ་བའི་མདོག་ཅན་ལ།། དམར་ཞིང་སྣ་ཚོགས་འོད་འབར་བ།། སངས་ཀྱིས་ཀུན་གྱི་དབང་ལ་སོགས ་རྒྱན་དང་ན་བཟའ་སྣ་ཚོགས་པ།། སེམས་དཔའི་དཀྱིལ་དཀྲུང་དག་གིས་བཞུགས།། རྡོ་རྗེ་སྙེམས་ཚུལ་འཆང་བའི་མཆོག། སུ་ར་ཏ་སྟྭཾ་ཞེས་བརྗོད་ཅིང་།། རང་སྙིང་པོས་ཀྱང་གཞག་པར་བྱ།། དེའི་ཕྱོགས་ནི ་ཐམས་ཅད་དུ།། མཚན་ནམ་དེ་བཞིན་ཕྱེ་མ་ཡིས།། གོར་མེདག་ནི་ཅི་བཞིན་དུ།། རྡོ་རྗེ་ལ་མོ་ཡང་དག་ཟི།། རྡོ་རྗེ་མཚན་སྟོད་ལ་བརྩོན་བྱ།། རྡོ་རྗེ་ཆགས་མ་མདུན་དུ་བྲི།། ལྷ་མོ་རྡོ་རྗེ་རལ་མོ་ནི།། རྡོ་རྗེ་ཅན་ལ་རབ་འབྱུད་པ།། དྷ ་དུ་རྡོ་རྗེ་དྲན་མ་ནི།། ཆུ་སྲིན་རྒྱལ་མཚན་འཛིན་པའོ།། རྡོ་རྗེ་འདོད་པའི་དབང་ཕྱུག་མ།། རྡོ་རྗེ་ཁུ་ཚུར་གཉིས་བསྙེམས་བྲིས།། དེ་ནས་འདི་རྣམས་དགོད་པའི་ཕྱག་རྒྱ་ནི།། ཛ་བཛྲ་དྲཥྚི་ས་ཡ་ཀེ་མ་ཊ་ཧཱུཾ། ཨོཾ་བཛྲ་ཀཱི་ལི་ཀཱ་ལི་ཧཱུཾ། བཾ་བཛྲ ་ནི་སྥ་ར་ར་ཊ་ཧོ་བཛྲ་ཀ་མེ་ཤཱར་ཏ། འཚམས་སུ་རྡོ་རྗེ་སེམས་དཔའ་སྟོགས།། དུས་ཀྱི་མཆོད་པ་ཡང་དག་བྲི།། རྡོ་རྗེ་ལྷུང་ཅི་མ་དང་སྤྲིན།། སྟོན་དང་དབུན་ནི་རྡོ་རྗེ་མ།། མེ་ཏོག་བདུག་པ་མར་མེ་ཆེ།། དྲི་སྟེ་སྤྱི་བོར་ཐལ་སྦྱར་བ།། རྡོ་རྗེ་རྒྱལ ་པོའི་ལྷ་མོ་སྟེ།། དེ་ནས་ཕྱག་རྒྱ་རབ་བཤད་བྱ།། ཨོཾ་མ་དྷུ་བཛྲ་གྷུཾ་གྷུཾ། ཨོཾ་བཛྲ་མེ་གྷེ་གུ་ལུ་གུ་ལུ། ཨོཾ་ཤ་རད་བཛྲི། ཨོཾ་ཨོཾ། ཨོཾ་བཛྲ་ཤེ་ཤ་རི་ཧཱུཾ་ཧཱུཾ། སྒེག་མོ་གཞད་མ་གླུ་ཆེན་མ།། གར་མཛད་མ་ཡི་ལྷ་མོའི་ཚོགས།། རྡོ་རྗེ་རོལ་མོ་འདི ་དག་ནི།། ཕྱི་རོལ་གྱི་ནི་འཚམས་སུ་བྱ།། ཧར་ཏི་བཛྲ་བི་ལ་སཾ་ནི་ཛ་ཧ་ཏེར་ཏི་བཛྲ་ན་ད་ཏི་པེ་བ་བེ་བ། སྒོ་ཡི་གནས་ནི་ཐམས་ཅད་དུ།། གསོལ་ཀ་བ་ནི་བཞི་པོ་སྟེ།། རྡོ་རྗེ་ལྕགས་ཀྱུ་ཞུགས་པ་དང་།། སྔགས་སྒྲོག་དེ་བཞིན་དྲལ་མ་ཡི། ་བཛྲ་ཨ~ཾ་གུ་ཤ་ཛ་བཛྲ་པཱ་ཤེ་ཧཱུ~ཾ། བཛྲ་ཤང་ག་ལེ་གཾ། བཛྲ་གན་དྷ་ཧོ། དམ་ཚིག་འདི་ནི་ཐམས་ཅད་ཀྱིས།། དགོངས་ཤིང་བརྟག་པ་ཉིད་དུ་འགྱུར།། རྡོ་རྗེ་ལྷ་མོ་ལ་སོགས་ཆགས།། དངས་གྲུབ་ཀུན་ལ་འགྲུབ་པར་འགྱུར། ་གསོལ་ཀ་བ་དང་གསོག་མོ་ཡི།། གཅོམ་པོ་ཉ་བྲན་པའོ།། དེ་ནས་ཀུན་མཆོག་ལ་སོགས་པ།། མངོན་བྲིས་ཡང་དག་བསྒྲུབ་པར་བྱ།། དམ་ཚིག་མཆོག་ནི་བཅིངས་ནས་སུ།། མ་ཧཱུཾ་བ་ཧོཿཞེས་བརྗོད་བྱ།། སེམས ་དཔའི་དཀྱིལ་དཀྲུང་བཅས་ནས་ནི།། རྡོ་རྗེ་ཅན་གྱི་སྤྱན་སྔར་འདུག། བདེ་བ་ཆེན་པོ་རྡོ་རྗེ་མཆོག། བདག་པོ་ལན་ཅིག་ཡང་དག་དགུག། དྷཾ་མ་ཧཱ་སུ་ཁ་བཛྲ་སཏྭ། ཡ་ཧི་ཤ་གྷུ་མ། མ་ཧཱ་སུ་ཁ་བཛྲ་ཨ་མོ་གྷ་ཡ། ཨ་ནུ་པཱ་ལ་ཡ། ཐ ་བུདྡྷ་སུ་ར་ཏེ་ཏ་མ་ནུ་རག་ཏོ་མེ་བྷ་བ། སུག་ཏོ་ཤྩ་མཾ་བྷ་བ། དྲི་རློ་མེ་བྷ་བ། སུ་བོ་ཥྱོ་མེ་བྷ་བ། བྷ་ག་བཱན་ནན་དི་ན་ས་ཏྭ། སརྦ་སིད་དྷི་མེ་པྲ་ཡ། ཆ་ཨེ་ཤེ་ཏ་མ་ཏྲི་ཤ་ཨ་བེ་ཤྱ་ས་མ་ཡེ་ར་བདདྷ། བ་ཤཱི་ཀི་ར་མཾ། ཡི་མར་མུ་ཏྲ་བ་དཾ། ་ཛ་ཧཱུཾ་བཏ། འདི་ཡིས་བཅོམ་ལྡན་འདས་པར་ནི།། དཀྱིལ་འཁོར་དུ་ནི་རང་ཉིད་གཤེགས།། བཀུག་ཅིང་བཅུག་ལ་ཤིན་ཏུ་བརྟན།། དབང་དུ་གྱུར་ནས་རབ་ཏུ་ཐ། ཅེས་བཅོམ་ལྡན་འདས་དམ་ཚིག་ཆེན་པོས་གསུངས་སོ།། རྡོ་རྗེ ་སློབ་དཔོན་རང་ལྟ་ནི།། འོད་ཟེར་ཀུན་ནི་སྟོན་ལ་སོགས།། མཚན་མ་རྣམ་པ་མང་པོ་ནི།། ངོ་མཚར་གྱུར་པ་མཐོང་བར་འགྱུར།། དེ་ནས་རྡོ་རྗེ་མཆོད་ཡོན་ནི།། རྡོ་རྗེ་ཐལ་མོ་ཁ་དབྱེས་དབུས།། བུམ་པ་གང་དང་ཅི་སྙེད་པའི།། ་མེ་ཏོག་ལ་སོགས་ཀྱིས་ཀྱང་མཆོད།། བ་དན་རྩེ་མོར་དྲིལ་བཏགས་པ།། འཚམས་ཀྱི་ཆར་ནི་བཞག་པར་བྱ།། བུམ་པ་སྤོས་ཆུས་གང་བ་ལ།། རྡོ་རྗེར་བཅས་པས་བྱིན་བརླབས་པ།། ལྕུག་མ་ལ་ནི་ཡོངས་སུ་བཟླས།། དེ་ལ ་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ཆུར་བསྒྲུབ་པ་ནི་འདི་ཡིན་ཏེ།། ཧཱུཾ་མ་ཧཱ་པུ་ཁ་བཛྲ་ཨ་མོ་གྷ་ས་མོ་ཡོ་ད་སད་ད་ཨ་བྷི་ཥིཉ་ཙ། སརྦ་སུ་ཁ་སོ་མ་ན་སྠ་ནུད་ད་ཀུ་རུ་ཀུ་རུ་ཛ་ཧཱུཾ་བ་ཧོ།། འདི་ལན་ཉི་ཤུ་རྩ་གཅིག་ཡོངས་སུ ་བཟླས་ལ། བདག་ཉིད་ལ་རྡོ་རྗེས་དབང་བསྐུར་བར་བྱའོ།། བསང་གཏོར་བྱ་བ་དང་། འཐུངས་པས་ཀྱང་སྡུག་བསྔལ་ཐམས་ཅད་གསལ་བ་དང་། བདེ་བ་ཆེན་པོ་ཐམས་ཅད་འཕེལ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས ་དཔས་གསུངས་སོ།། དེ་ནས་འཁོར་ལོར་མི་ཞུགས་ཀྱང་།། རང་ཉིད་ཐོག་མར་བྱུང་ཐུགས་ཤིང་།། ངོ་ཀུན་གྱི་ཐོབ་དཔོན་ཆེ།། རྡོ་རྗེ་ཅན་གྱིས་རང་བྱིན་རྫོག།། དེ་ནས་རྡོ་རྗེ་ཛིན་ཐོབ་དཔོན།། རང་ཉིད་ཁྲུས་བྱས་དྲིབ་ལགས ་བླུགས།། ཅི་སྙེད་པའི་རྒྱན་གྱིས་བརྒྱན།། ཤིན་ཏུ་དམར་བའི་གོས་བགོ་ཞིང་།། མེ་ཏོག་ཕྲེང་བཏགས་ཁ་དྲིས་བསྒོ།། རྣམ་སྒེག་དགའ་བའི་རྡོ་རྗེ་དང་།། རྡོ་རྗེ་གར་གྱི་སྦྱོར་བ་ཡིས།། སྤྱི་བོར་མེ་ཏོག་ཐལ་སྦྱར་ནས།། གནས ་དེ་མགོན་ལ་ཕྱག་བྱའོ།། ཞུགས་ནས་དཀྱིལ་འཁོར་དེ་ལ་ནི།། བསྐོར་བ་དག་ནི་ལན་གསུམ་བྱ།། དེ་ནས་མདུན་དུ་འདུག་ནས་ནི།། དེ་ཁོ་ན་ཉིད་ལན་གཅིག་བརྗོད།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། རྡོ་རྗེ་ཆེན་པོ་ནོར་ཆེ་བ། ་ཡེ་ཤེས་ཆེན་པོ་ལས་ཆེན་པོ།། དེ་དག་རྡོ་རྗེ་སེམས་གྲུབ་བརྗོད།། དེ་ནས་མེ་ཏོག་སིལ་མ་ནི།། མགོན་ལ་གཏོར་ཏེ་ཆོ་ག་བཞིན།། དང་པོ་ཤར་ལ་སོགས་པ།། བསྟོད་པ་གླུ་རུ་ལན་ཅིག་བླང།། དེ་ནས་བཅོམ་ལྡན་འདས་ཀྱིས ་བསྟོད་པའི་རྒྱལ་པོ་མཚན་བརྒྱ་རྩ་བརྒྱད་པ་དེ་ཁོ་ན་ཉིད་ཆེན་པོ་ནི་འདི་ཡིན་ཏེ།། དཔལ་མཆོག་དང་པོ་སེམས་དཔའ་ཆེ།། དགའ་བ་ཆེན་པོའི་དགའ་ཆེན་པོ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་ཚུལ་བདག་པོའི ་བདག། སེམས་དང་སེམས་དཔའི་ཏིང་འཛིན་མཆོག། རྡོ་རྗེ་རྡོ་རྗེ་མཆོག་ཆེན་པོ།། ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག། བདུད་དང་བདུད་ནི་རབ་འཇོམས་པ།། ཐམས་ཅད་ཐམས་ཅད་བྱང་ཆུབ་ཆེ།། སངས་རྒྱས་སངས་རྒྱས ་སྐྱེས་མཆོག་སྐྱེས།། རྡོ་རྗེ་ཧཱུཾ་མཛད་ཡི་གེ་ཧཱུཾ།། འཇིག་རྟེན་དབང་ཕྱུག་ནོར་རབ་གསལ།། འདོད་ཆགས་ཆེན་པོ་བདེ་བ་ཉིད།། འདོད་དང་ཐར་པ་ནོར་ཆེ་བ།། དུས་གསུམ་སྲིད་གསུམ་མཆོག་གསུམ་དང་།། འཇིག་རྟེན་གསུམ ་མཆོག་ཁམས་གསུམ་པ།། བརྟན་པར་རང་བྱུང་གསལ་བ་སྟེ།། རབ་ཕྲ་རྩོམ་དང་ལེགས་བསགས་པ།། རྒྱུ་བ་རབ་མཆོག་ཐོབ་མཛད་པ།། སྲིད་པ་འཁོར་བ་སྤྱོད་མཛད་པ།། ཐོག་མཐའ་མེད་ཅིང་ཐོག་མཐའ་ཅན།། མདའ་ལྡན ་དང་པོར་ཐམས་ཅད་གནས།། སྙིང་པོ་ཕྱག་རྒྱ་སྦྱོར་དམ་ཚིག། དེ་ཉིད་བདེན་པ་མཆོག་པ་སྟེ།། དེ་བཞིན་གཤེགས་པའི་དངོས་གྲུབ་ཆེ།། ཆོས་དང་ལས་ནི་ཁམས་ཆེན་པོ།། དམ་པའི་ཆོས་ཏེ་ལས་མཆོག་བདག། བྱང་ཆུབ ་སམས་ནི་རབ་སྐྱོང་མཛད།། རྡོ་རྗེ་ཁྲོ་བོ་ཁྲོ་བ་ཆེ།། དུས་མཐའ་ལྟར་འབར་འདུལ་བ་པོ།། འདུལ་མཛད་ཆེན་པོ་གདུག་པའི་མཆོག། དྲག་པོ་དྲག་ཉིད་ཟད་མཛད་པ།། ཐམས་ཅད་དག་པ་པད་མ་ཆེ།། ཤེས་རབ་ཐབས ་ཏེ་ཚུལ་ཆེན་པོ།། འདོད་ཆགས་དག་པའི་ཏིང་འཛིན་མཆོག། སྣ་ཚོགས་ཆགས་པ་དབང་ཕྱུག་ཅེ།། ནམ་མཁའ་མཐའ་ཡས་རྟག་པའི་དོན།། འབྱུང་པོ་ཐམས་ཅད་གནས་ཆེན་པོ།། འབྱོར་པ་ཐམས་ཅད་གནས་འབྱོར། ་པ།། དཔལ་དང་གཙོ་བོ་རྒྱལ་པོ་སྟེ།། བསམ་པ་ཐམས་ཅད་རྫོགས་མཛད་པ།། ཕྱག་འཚལ་ཁྱོད་ལ་ཕྱག་འཚལ་ལོ།། ཕྱག་འཚལ་འདུད་ཅིང་ཕྱག་འཚལ་ལོ།། དད་པས་ཁྱེད་ལ་བདག་རྟེན་བགྱིད།། རྡོ་རྗེ་སེམས་དཔར ་བདག་གྲུབ་མཛོད།། གང་ཞིག་བསྟོད་པའི་རྒྱལ་པོ་འདི།། ཉིན་རེ་ནང་པར་བརྗོད་བྱེད་དམ།། ཆོས་ཀྱི་ཚིག་གིས་ལན་ཅིག་བརྗོད།། དངོས་གྲུབ་ཤིན་ཏུ་སྲུང་བར་འགྱུར།། གལ་ཏེ་འདིར་གྲུབ་མི་འདོད་ན།། དང་པོ་ཉིན་རེ་དུས་གསུམ ་རུ། བསྟོད་ན་སྡིག་པ་ལས་ངེས་གྲོལ།། ཞིང་དག་པ་ནི་གྲུབ་པར་བྱེད།། རྟག་ཏུ་སྡུག་བསྔལ་ཐམས་ཅད་སེལ།། ལན་ཅིག་རབ་ཏུ་བརྗོད་པ་ཡིས།། དངོས་གྲུབ་ཐམས་ཅད་སྐལ་བཟང་བྱེད།། ཕུན་སུམ་ཚོགས་དཔལ་འཕེལ་བར ་བྱེད།། དངོས་གྲུབ་དོན་ཡོད་ཡོན་ཏན་ཅན།། མཚན་བརྒྱ་རྩ་བརྒྱད་དམ་པའོ།། དེ་ནས་གསང་བའི་མཆོད་པས་ནི།། རབ་ཏུ་དགའ་བས་མགོན་ལ་མཆོད།། རང་གི་ཕྱག་རྒྱས་ལན་ཅིག་ནི།། རང་གི་ཕྱག་རྒྱ་བཅིངས་ཏེ་གྲུབ།། ་དེ་ནས་ལྷའི་ཆུ་དང་ནི།། དེ་བཞིན་སྐུ་མཆོག་གིས་དབང་བསྐུར།། རང་ཉིད་རྡོ་རྗེ་ཕྱག་རྒྱ་ལ།། སྙིང་པོ་འདི་ནི་བླང་བར་བྱ།། དེ་ལ་རྡོ་རྗེ་སེམས་དཔའ་དབང་སྐུར་བའི་སྙིང་པོ་ནི་འདི་ཡིན་ཏེ།། ཧཱུཾ་མ་ཧ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀ་ན ་ཧྲི་ཨ་བྷི་ཥིཉྩ་མི། སརྦ་བཛྲ་ཨ་དྷི་ད་ཏི་ཏྭཾ་ནི་ཌྷོ་མེ་བྷ་མེ་དྷ་དྷ་ནཱ་མ་མ་སྟེ་བྷ་ག་བ་ན་མ་ཧཱ་བཛྲ་དྷ་ར་སུ་ར་ཏ་སྟྭཾ། མ་ཧཱ་བཛྲ་སཏྭ། ཨོཾ་བྷུར་པུ་བ་སྭ།། དེ་ནས་རྡོ་རྗེ་དབང་སྐུར་བ།། ཕྱག་ན་རྡོ་རྗེ་མིང་འཛིན་པ།། རྡོ་རྗེ་འཛིན་ཆེན་སློབ ་དཔོན་དུ།། འདི་ཉིད་དུ་ནི་རབ་གྲུབ་འགྱུར།། དེ་ནས་ཀྱང་ནི་ཅི་འདོད་པར།། ཆོ་གའི་དམ་པ་བསྒྲུབས་ནས་ནི།། རྡོ་རྗེ་གར་གྱི་མཆོད་པ་ཡིས།། ལེགས་པར་མཆོད་ལ་ཕྱིར་བྱུང་བྱ།། དེ་ནས་བཅམས་ཏེ་རྡོ་རྗེའི་བདག། ་རྡོ་རྗེ་ཀུན་གྱི་གསང་རབ་འཛིན།། རྡོ་རྗེ་ཐམས་ཅད་འཛིན་སློབ་དཔོན།། དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར།། རྡོ་རྗེ་སེམས་དཔའི་དངོས་གྲུབ་ཆེ།། ཕྱག་རྒྱ་ཀུན་བདག་དབང་ཕྱུག་ཆེ། དྷ། ཐམས་ཅད་མཁྱེན་པའི་རྡོ་རྗེ་ཆེ། ་ལས་རྣམས་ཐམས་ཅད་དབུས་ལ་རྟག། མི་ཚུགས་པ་དང་མི་སོད་པ།། ཀུན་བྱེད་དངོས་གྲུབ་ཐམས་ཅད་སྟེར།། སེམས་ཅན་ཀུན་གྱི་རྒྱལ་པོ་ཆེ།། ཚར་གཅོད་པ་དང་ཕན་འདོགས་ནུས།། ཐམས་ཅད་རྗེས་ཆགས་བྱེད་ཀུན། ་མཆོག། ཀུན་རིག་པ་དང་ཀུན་གྱི་གནས།། འདོད་པ་ཐམས་ཅད་ལ་རབ་སྦྱོར།། ཕུན་ཚོགས་ཀུན་གྱི་དབང་ཕྱུག་ཆེ།། ལྷ་ལ་སོགས་པའི་སེམས་ཅན་ཀུན།། བསྒོ་བ་ཐམས་ཅད་རྟག་ཏུ་བྱེད།། སེམས་དཔའ་ཀུན་ནི་རྟག་ཏུ ་མཐོང་།། ཚེ་འདི་ཉིད་ལ་གྲུབ་པར་འགྱུར།། དེ་ཉིད་ཀྱིས་ནི་འདོད་པར་ལྡན།། དགའ་ཞིང་རང་ཉིད་དེ་བདག་པོར།། རྡོ་རྗེ་སློབ་དཔོན་འགྱུར་བ་ཡིན།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། བདེ་བ་ཆེན་པོ ་རྡོ་རྗེ་སློབ་དཔོན་བྱིན་གྱིས་བརླབ་ཅིང་འདུག་པའི་ཆོ་ག་རྒྱས་པའི་རྒྱུད་དོ།། །། དེ་ནས་སློབ་མ་འཇུག་པའི་ཆོ་ག་རྒྱས་པའི་རྒྱུད་རྗེས་སུ་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། ་རྡོ་རྗེ་མཆོད་ཡོན་སྙིང་ཀར་བསྐོར།། བཅིངས་ནས་བསམ་གཡོས་བཞིན་གིས་ནི།། མགོ་བོས་ཡང་དག་ཕྱག་བྱ་བ།། དངོས་གྲུབ་ཐམས་ཅད་གྲུབ་བྱེད་ཡིན།། དཀྱིལ་འཁོར་དུ་ནི་རབ་ཞུགས་ལ།། བསྐོར་བ་ལན་གསུམ་བྱས་ནས ་ནི།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། འགོ་བ་ཀུན་ལའང་གྲུབ་མཛད་བརྗོད།། དེ་ནས་དུས་ཀྱིས་མཆོད་པ་ཡིས།། བདེ་བ་ཆེན་པོ་ཡང་དག་མཆོད།། དེ་བཞིན་དུ་ནི་དབང་བསྐུར་བར།། རྡོ་རྗེ་གསང་བའི་སློབ་མ་གཞུག། དེ་ནས ་ཅི་བཞིན་བརྒྱན་ནས་ནི།། རྡོ་རྗེ་སློབ་དཔོན་གྱིས་རབ་གཞུག། སློབ་མའི་ཚོགས་རྣམས་བཅུག་ནས་ནི།། ཅི་འདོད་པའི་དངོས་གྲུབ་ཐོབ།། དེ་ནས་སློབ་མ་བཅུག་ནས་ནི།། དགའ་བ་ཆེན་པོ་འདི་བརྗོད་བྱ།། རབ་དགྱེས ་རབ་བདེ་བསྟན་པ་ཡི།། རྡོ་རྗེ་སེམས་བདག་དང་གྲུབ་མཛོད།། དེ་ནས་མེ་ཏོག་ཕྲེང་བ་ནི།། སྤྱི་བོ་ནས་ནི་མྱུར་དུ་དེར།། གང་དུ་མེ་ཏོག་བབས་གྱུར་ཏེ།། ལྷག་པའི་ལྷར་ནི་རབ་གྲུབ་འགྱུར།། དེ་ནས་ལྷ་ཡི་ཆུ་ཡིས་ན།། རྡོ་རྗེ ་འཛིན་དང་རང་དབང་བསྐུར།། རྡོ་རྗེ་ཆེན་པོ་རྡོ་རྗེ་ལྔ།། བྱིན་ལ་རྡོ་རྗེ་བོ་དྷི་བརྗོད།། ཨོཾ་མ་ཧཱ་སུ་ཁ་བཛྲ། བཛྲ་ཨ་བྷི་ཥ་ཀ་ན་སཱ་མ། ཨ་བྷི་ཥིཉྩ་མི། མ་ཧཱ་བཛྲ་དྷཱ་ར། ཧེ་བཛྲ་ནཱ་མ་སིད་དྷ་ན་མཿ། གང་ལ་རྡོ་རྗེ་མིང་གང་ཞིག་ཡིན ་བདེ་ལ་ཀྱེ་ཞེས་བྱ་བའི་སྒྲ་དང་སྦྱར་བར་བྱའོ།། དེ་ནས་སྙིང་པོ་བྱིན་ལ་ཕྱག་རྒྱ་བཅིང་བ་བསླབས་ནས། ཅི་ལྟར་མངོན་པར་འདོད་པ་བསྒྲུབ་པར་བྱའོ།། རྡོ་རྗེ་སེམས་དཔའི་ཆོ་ག་འམ།། གང་འདོད་རང་གྲུབ་པ་དེ་ལ།། དེ་ཉིད་ཀྱི་ནི ་དམ་ཚིག་ཉིད།། འཇུག་ལ་སོགས་པའི་ཆོ་ག་བཤད།། འཇིག་རྟེན་པ་ནི་སྣ་ཚོགས་དང་།། དེ་བཞིན་འཇིག་རྟེན་འདས་པ་རྣམས།། ཐམས་ཅད་རང་གི་གོ་རིམས་ནི།། རྒྱས་པར་བསྒྲུབས་ན་རབ་ཏུ་འགྲུབ།། འདི་ལ་རབ ་ཏུ་འཇུག་ཙམ་གྱིས།། མི་ཚུགས་པ་དང་མི་ལྡོག་པ།། ཉིད་དུ་རྒྱལ་བའི་སྲས་འགྱུར་ཞིང་།། བདེ་བ་ཆེན་པོ་རབ་གྲུབ་སྟེར།། དེ་ནས་རྡོ་རྗེ་འཛིན་སློབ་དཔོན་གྱི།། མནའ་ནི་དམ་དུ་བཀག་ནས་ཀྱང་།། དེ་ཉིད་ཆོས་དང་དམ་ཚིག་ནི།། ་རང་ཉིད་དང་ནི་གཞན་གྱིས་བསླབ།། དེ་ལ་འདི་ནི་མནའ་གྲུབ་པའི་རྡོ་རྗེ་ཆུས་དབང་བསྐུར་ནས་བརྗོད་པར་བྱའོ།། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་འགྲུབ་པར་འགྱུར། ་དངོས་གྲུབ་རྡོ་རྗེ་བདུད་རྩི་ཆུ།། དེ་ཉིད་ཆོས་དང་དམ་ཚིག་ནི།། གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས།། སྐྱེ་བོ་འདུག་ནང་གནས་པ་འགའ།། དད་པ་མེད་པས་བརྒོད་པར་འགྱུར།། དེ་ལ་འདི་ནི་དེ་ཁོ་ན་ཉིད་དང་དམ་ཚིག་གི། ་གསང་བའི་ཆོ་ག་རབ་ཏུ་སྦྱིན་པ་ཡིན་ཏེ། ཐོག་མཐའ་མེད་པའི་སེམས་དཔའི་ན།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་ཚལ་བདག་པོའི་བདག། དེ་ཁོ་ན་ཉིད ་མཆོག་གིས་གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོ་བཤད་པར་བརྗོད་པར་བྱའོ།། བཅོམ་ལྡན་འདས་དེ་ཉིད་ཆོས་ཀྱི་མཆོག་བཀའ་སྩལ་པར་མཛད་དོ།། སྲིད་པ་ངོ་བོ་ཉིད་ཀྱི་དག། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།། རང ་བཞིན་དག་པའི་སེམས་དཔའ་མཆོག། སྲད་པ་མཆོག་ནི་བྱེད་པ་ཡིན།། དེ་ལ་སྲིད་པ་རྣམ་པར་དགུ་པའི་ཐབས་རྟོག་པ་ཐམས་ཅད་ཀྱི་གསུང་བའི་མཆོག་དམཚིག་ཆེན་པོ་བརྟེན་པར་བྱ་བ་ནི་འདི་ཡིན་ཏེ། སྲིད་པའི ་བདེ་བ་ཤིན་ཏུ་ཆུད།། སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར་རོ།། ཤིན་ཏུ་བདེ་བ་དམ་པའི་ཐབས།། དམ་ཚིག་རྟག་ཏུ་བསྟེན་པར་བྱ།། འདོད་པའི་ལོངས་སྤྱོད་ཐམས་ཅད་ནི།། ཅི་འདོད་པར་ནི་བསྟེན་བཞིན་དུ།། རང་གི་ལྷག ་པའི་ལྟར་སྦྱར་བས།། བདག་དང་གཞན་ལ་མཆོད་པར་བྱ།། དེ་ལ་རྟོག་པ་ཐམས་ཅད་ཀྱི་གསང་པའི་མཆོག་གི་དམ་ཚིག་ཆེན་པོ་འདི་བརྗོད་པར་བྱསྟེ།། ཅི་སྲིད་འཁོར་བའི་གནས་སུ་ནི།། མཁས་མཆོག་འདུག་པར ་གྱུར་པའི་ཚེ།། དེ་སྲིད་མཚུངས་མེད་སེམས་ཅན་དོན།། མྱ་ངན་མི་འདའ་བྱེད་པར་ནུས།། གསང་བ་མཆོག་གི་དམ་ཚིག་ཐབས།། བསོད་ནམས་བྱིན་བརླབས་བསྒྲུབ་བྱེད་པ།། དངོས་གྲུབ་ཀུན་གྱི་དབང་ཕྱུག་རྟག། ་རྒྱུན་ཏུ་སེམས་ཅན་དོན་བྱེད་པའོ།། དེ་ལྟར་སེམས་ན་རབ་དང་རྡོ་རྗེ་ཉིད་དུ་བྱིས།། རང་གི་དམ་ཚིག་མི་བཟང་བདེ་སྐྱིད་བརྟེན་པར་གྱིས།། ངན་འགྲོ་ལ་མྱུར་དུ་བདེ་བ་སངས་རྒྱས་ཐམས་ཅད་དང་།། རབ་ཏུ་མཚུངས་ཤིང ་རྟོག་པ་ཉིད་དུ་རྟོགས་པར་འགྱུར།། དེས་ན་ཁྱོད་ཀྱི་བཅུད་དང་། ཁ་ཟས་དང་གནས་པ་དང་། གླུ་དང་རོལ་མོ་ལ་སོགས་པའི་མཆོད་པ་རྣམས་ལེགས་པར་བསབས་པ་བས། བདག་ཉིད་གང་ལ་སྲེད་པས ་ཀྱང་རྡོ་རྗེ་སློབ་དཔོན་ཆེན་པོ་མཆོད་པར་བྱའོ།། རྡོ་རྗེ་སློབ་དཔོན་མེ་ཏོག་སྩོགས།། ཅི་འདོད་པར་ནི་ལེགས་མཆོད་ཅིང་།། རྡོ་རྗེ་གར་གྱི་མཆོད་པ་ཡིས།། ཡང་དག་པར་ནི་མཆོད་དེ་བྱུང་།། དེ་ནས་རྡོ་རྗེ་འཛིན་སློབ་དཔོན།། ་གར་གྱི་མཆོད་པས་མཆོད་ནས་ནི།། རྡོ་རྗེ་ཐལ་མོ་སྦྱོར་བ་ཡིས།། སློབ་མ་ཀུན་གྱིས་རབ་ཏུ་མཆོད།། རོ་དང་ཁ་ཟས་གནས་པ་དང་།། གླུ་དང་རོལ་མོ་ཅི་འདོད་པས།། རྡོ་རྗེ་སེམས་དཔའ་དེ་བཞིན་བདག། ཡང་དག་མཆོད ་ནས་ཕྱིར་བྱུང་བྱ།། དཔལ་མཆོག་དང་པོ་ཞེས་པའི་དཀྱིལ་འཁོར་མཆོག་ཏུ་གསང་བའོ།།།། དེ་ནས་བསྒྲུབ་པ་བཤད་བྱ་བ།། དངོས་གྲུབ་ཤིན་ཏུ་རྟག་པ་སྟེ།། གང་གིས་སྲིད་པ་འདི་ཉིད་ལ།། དངོས་གྲུབ་རྟག་པ་ཐོབ་བྱེད་པའོ།། ་འདི་ཡིས་བྱང་ཆུབ་སེམས་དཔའ་ནི།། སྲིད་པར་གནས་ཤིང་སྲིད་པར་སངས།། དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ།། རྟག་ཏུ་སེམས་ཅན་ཀུན་དོན་བྱེད།། འདི་ཡིས་ཇི་ལྟར་མཆོག་གྲུབ་པ།། དེ་ལྟར་བྱང་ཆུབ་སྤྱོད་སྩོགས ་པས།། དགེ་བའི་ཚུལ་ནི་གཞན་གྱིས་ཀྱང་།། སངས་རྒྱས་ཀུན་སྩོགས་ཐོབ་མི་འགྱུར།། འདུལ་བྱ་མིན་པ་བསོད་ནམས་མེད།། སངས་རྒྱས་རྡོ་རྗེ་འཛིན་པ་ནི།། རྣམ་པ་ཀུན་ཏུ་མཐོང་སྩོགས་ཀྱིས།། སེམས་ཅན་དོན་བྱེད་མི ་ནུས་སོ།། དེ་བས་རྒྱུད་ཆེན་ལས་གྲུབ་པ།། སངས་རྒྱས་སེམས་ནི་རྡོ་རྗེ་འཛིན།། མཐོང་ལ་སོགས་པ་སེམས་ཅན་དོན།། ནམ་མཁའ་མཉམ་པ་བྱེད་པ་ཡིན།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། སྲིད་པའི་ངེས་པ་དྲི་མ་མེད།། ནམ ་མཁའ་མཐའ་ཡས་སེམས་ཅན་དོན།། མྱ་ངན་མི་འདའ་བྱེད་པ་ཡིན།། དཀྱིལ་འཁོར་དག་ཏུ་མཞུགས་པའམ།། བསོད་ནམས་མེད་པའམ་ལེ་ལོ་ཅན།། དེ་ཡང་ཀུན་མཆོག་གྲུབ་པ་ཡིས།། ཚེ་འདི་ཉིད་ལ་གྲུབ་པར་འགྲུབ། ཞེས ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་དོན་ཡོད་ཅིང་ཐོགས་པ་མེད་པ་མྱུར་དུ་སྒྲུབ་པའི་མཆོག། རྗེས་སུ་བཤད་པར་བྱའོ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། ལུགས ་མ་འམ་ནི་བརྐོས་པའམ།། བྱས་པའམ་ནི་བྲིས་པ་ཡི།། དང་པོའི་སེམས་དཔའ་བརྟགས་ནས་ནི།། མདུན་དུ་དེ་ནི་སྒྲུབ་པར་བྱ།། ཉིན་རེ་ཞིང་ནི་དང་པོ་རུ།། དེ་བཞིན་ཡུལ་དང་ལྡན་གྱུར་པས།། དང་པོའི་གསང ་མཆོག་གིས་བསྐུལ་སྟེ།། ཕྱག་རྒྱ་ཆེན་པོར་རང་བྱིན་བརླབ།། རྡོ་རྗེ་མིག་གིས་དེ་བཞིན་བལྟས།། རྡོ་རྗེ་སྙེམས་ཚུལ་བདག་པོ་དང་།། རྡོ་རྗེ་ཧཱུཾ་ནི་གྲུར་བླངས་པས།། རྡོ་རྗེསེམས་དཔའ་བ་སྒྲུབ་པར་བྱ།། རྡོ་རྗེ་ཆ་ལུགས་ཅི་བཞིན་དུ། ་མཆོག་གི་དང་པོ་རབ་ཏུ་དགྱེས།། གཟུགས་བརྙན་ལ་སོགས་དང་པོར་ནི།། ཅི་འདོད་པར་ནི་རབ་ཏུ་སྒྲུབ།། འདི་ཡིས་འདོད་པ་ཀུན་དབང་ཕྱུག་འདོད་པ་ཙམ་གྱིས་འགྲོ་འོང་ལྡིང་།། དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ།། ཀུན ་མཆོག་དམ་པའི་དབང་ཕྱུག་ཡིན།། ཕུན་སུམ་ཚོགས་ཀུན་བདག་ཐམས་ཅད།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། ཐམས་ཅད་འཇུག་མཛད་སྣ་ཚོགས་པ།། རྟག་པར་ཀུན་ཏུ་འདུལ་བའོ།། དངོས་གྲུབ་ཀུན་གྱི་བདེ་བ་མཆོག། ཕྱག ་རྒྱ་ཀུན་བདག་དབང་ཕྱུག་ཡིན།། རྡོ་རྗེ་ཀུན་གྱི་དངོས་གྲུབ་ཆེ།། ཐམས་ཅད་མཁྱེན་པའི་འབྱུང་གནས་ཆེ།། མི་ཚུགས་པ་དང་མི་སོད་པ།། ཐམས་ཅད་བྱེད་ཅིང་ཀུན་གྱི་གནས།། ཁམས་གསུམ་ལས་རྒྱལ་སྣ་ཚོགས་པ།། ཆར ་གཅོད་པ་དང་ཕན་འདོགས་པ།། ཀུན་ལ་རྗེས་ཆགས་ཀུན་གྱི་མཆོག། ཀུན་རིག་དངོས་གྲུབ་ཐམས་ཅད་སྟེར།། འཇིག་རྟེན་ཁམས་ནི་ཐམས་ཅད་དུ།། རང་གི་རྣམ་འཕྲུལ་རབ་སྟོན་བྱེད།། ཀུན་མཆོག་དངོས་གྲུབ་ཆེན་པོ ་སྟེ།། དབང་ཕྱུག་ཆེན་པོའི་དབང་ཕྱུག་ཆེ།། གཟུགས་དང་ཚེ་སྟོབས་རྡོ་རྗེ་མཆོག། རྡོ་རྗེ་སེམས་དཔའ་གཉིས་པ་བཞིན།། འགྲོ་བ་རྣམས་ཀྱིས་མཆོད་ཅིང་བརྗོད།། རང་གི་གཉེན་རྣམས་ཀྱིས་བརྟེན་པ།། རྒྱལ་པོ་རྡོ་རྗེ་འཆང་ཆེན ་ང།། རྒ་དང་འཆི་བ་མེད་པར་འགྱུར།། གལ་ཏེ་རྡོ་རྗེ་སམས་དཔའའམ། སངས་རྒྱས་བྱང་ཆུབ་སེམས་ཉིད་འདོད།། དངོས་གྲུབ་དི་ལྟར་འདོད་པ་ཉིད།། ཚེ་འདི་ཉིད་ལ་གྲུབ་པར་འགྱུར།། ཕྱི་མ་འམ་ནི་འཇིག་རྟེན་པ།། རྟོག་པ་ཀུན ་ཡ་དགའ།། རང་རྣམ་པ་9། དངས་ཐམམས་དུ་འགྱུ་།།། ཡང་བྷག་།། རྫྫ་གྶ། ག ་གསུངས།། དེ་ལ་ན་སྦྱར་ན་རང་གི་ཕྱག་རྒྱ་བསྡུབ་པའི་ཀླུད་ཡིན་ཏེ།། ཕྱག་རྒྱ་ཆེན་པོར་མཉམ་བཞགས།། རང་གགི་ཉིད་པོས་པ་ཅིག་སྡུག། བྱས་ན་དག། སུ་བ་སོད་ལ་ཊ།། དེ་ལ་ཙ་ཀང་ཡིག་དུག་ཀླུང ་རྒྱུད་ཡིན་ན་ན། རིདྷ་ཏ་སོགས་ཀྱིས་བརྒྱན་ལྡན།། ཅི་ནུས་པ་དང་ཅི་དགའདང་།། གཎ་ར་ལ་ཕྲོགས་གྲུབླངས་པའི།། ཡི་གེ་ཧཱུཾ་གིས་འགྲིབ་པར་འགྱུར།། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་མཆོག་དེ་སྒྲུབ་པའི་རླུང་བ་ཤད་དེ། གམ ་ཏེ་ཕྱག་རྒྱ་སྒྲུབ་འདོད་ན།། དེ་བཞིན་ཡུལ་དང་ལྡན་གྱུར་པས།། རང་ཉིད་ཀྱི་ནི་རྒྱ་བཅིངས་ལ།། ཡོངས་སུ་མི་སྤྲོའི་བར་དུ་བསྒྲུབ།། དེ་ལ་ཅི་ལྟར་ན་དམ་ཚིག་ཐམས་ཅད་གྲུབ་པའི་རྒྱུང་ཞེ་ན།། དམ་ཚིག་ཕྱག་རྒྱ་བཅིངས་ནས ་ནི།། ས་མ་ཡ~ཾ་སྟྭཾ་ཞེས་བརྗོད་ལ།། རང་གི་སྙིང་ཀར་རིམ་བཞིན་དུ།། ཕྱག་རྒྱའི་མཆོག་དེ་བསྒྲུབ་པར་བྱ།། དེ་ནས་ལས་ཀྱི་ཕྱག་རྒྱའི་མཆོག་སྒྲུབ་པའི་རྒྱུད་ནི། རྡོ་རྗེ་གར་གྱི་མཆོད་པ་ཡིས།། ཡོངས་སུ་མེ་སྐྱོའི་བར ་བསྒྲུབས་ན།། མཆེད་པ་ཀུན་སྩོགས་ལས་རྣམས་ནི།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། རྡོ་རྗེ་འཆང་ཆེན་ཉིད་དང་ནི།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད།། གཞན་ཡང་དངོས་གྲུབ་ཐམས་ཅད་ནི།། དམ་པོ་མྱུར་དུ ་འགྲིབ་པར་འགྱུར།། རྟོག་པ་ཐམས་ཅད་ཀྱི་སྒྲུབ་པ་ཆེན་པོ་དོན་ཡོད་པར་འགྲུབ་པའི་ཚི་ག་རྒྱས་པའི་རྒྱུད་དོ།།།། དེ་ནས་རྟོག་པ་ཐམས་ཅད་གྲུབ་པའི་དངོས་གྲུབ་ཀྱི་རྒྱུད་ནི།། ཉིན་རེ་ཞིང་དང་པོར་ལན་ཅིག་ཕྱག་རྒྱ་བ་སྒྲུབ་པར ་དོན་ཡོད་པ་དངོས་གྲུབ་ཐོགས་པ་མེད་པར་བཤད་པར་བྱའོ།། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་དང་། དཀྲུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བསྒྲུབ་པ་ལ་ནི་བདེ་བ་ཆེན་པོར ་རྡོ་རྗེ་ལྟ་བས་སོ།། བདེ་བ་དང་ཡིད་བདེ་བ་དང་ཕུན་སུམ་ཚོགས་པ་དང་དངོས་གྲུབ་ཐམས་ཅད་མངོན་པར་འཕེལ་བར་བྱ་བ་ལ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་ཆོས་སོ།། ཚེ་དང་ལང་ཚོ་དང་གཟུགས་དང་གཟི་བྱིན་ཆེན་པོ་མངོན་པར་འཕེལ། ་པབར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་བཅུད་ཀྱིས་ལེན་གྱིས་སོ།། དཔལ་ཆེན་པོ་དང་། སྐལ་པ་བཟང་པོ་དང་། གྲགས་པ་དང་། སྙན་པ་འཕེལ་བར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་གྲུབ་པས་སོ།། སྟོབས་ཆེན་པོ་དང་ཡེ་ཤེས་དང་ཆོས་དང་ལས་བསྒྲུབ་པར ་བྱ་བ་ལ་ནི་དང་པོའི་རྡོ་རྗེ་སྙིང་སྟོབས་ཆེ་བས་སོ།། རྫུ་འཕྲུལ་དང་ཆོ་འཕྲུལ་དང་རྨད་དུ་བྱུང་བ་དང་། རྣམ་པར་འཕྲུལ་པ་ཐམས་ཅད་སྟོན་པ་ལ་ནི་དང་པོའི་རྡོ་རྗེའི་རྣམ་པར་འཕྲུལ་པས་སོ།། ཐམས་ཅད་དུ་ཡི་གེ་དང་གཟུགས་ཀྱི་བདེན ་པ་ཐམས་ཅད་མཐོང་བ་དང་ཐོས་པ་དང་སྨྲ་བ་དང་འདྲི་བ་གྲུབ་པར་བྱ་བ་ལ་ནི་དང་པོ་རྡོ་རྗེ་དོན་ཡོད་པའི་བདེན་པས་སོ།། དབང་པོ་ཐམས་ཅད་ཀྱི་བདེན་པ་ཐམས་ཅད་མཐོང་བ་དང་ཐོས་པ་དང་སྨྲ་བ་དང་ཟིལ་གྱིས་མནན་པར་བྱ་བ་ལ་ནི ་དང་པོའི་རྡོ་རྗེ་དོན་ཡོད་པའི་བདེན་པས་སོ།། སྒྱུ་མ་ཐམས་ཅད་དང་བདེ་བའི་མཆོག་དང་ལུང་སྒོ་བ་དང་། ལན་ཐོབ་པ་གྲུབ་པ་ལ་དང་པོའི་རྡོ་རྗེ་རྨང་དུ་འབྱུང་བས་སོ།། གཏེར་ཐམས་ཅད་དབྱུང་བ་དང་ནོར་དབྲོག་པ་དང་རྒྱལ་སྲིད་ཐོབ་པ ་དང་། ས་ལ་ཉེ་བར་ལོངས་སྤྱོད་པ་ལ་ནི་དང་པོའི་རྡོ་རྗེས་དབང་བསྐུ་རབས་སོ།། ཡུལ་ཐམས་ཅད་དེའི་སྐྱེ་བོ་དང་གྲོང་ཁྱེར་དང་ནགས་དང་ཆུ་བོར་ཉེ་བར་ལོངས་སྤྱོད་པ་སྤྲུལ་པ་ལ་ནི་དང་པོའི་རྡོ་རྗེ་གྲུབ་པས་སོ།། ཐམས་ཅད་ལས་སྔོན ་མབྱུང་བའི་ལྷ་ཡུལ་དང་རིན་པོ་ཆེ་དང་ཁ་ཟས་དང་སྲུང་བ་དང་གཡོག་འཁོར་ལ་སོགས་པ་སྩལ་ཏེ། ཉེ་བར་ལོངས་སྤྱོད་པ་ལ་ནི་དང་པོའི་རྡོ་རྗེ་སྤྲུལ་པས་སོ།། སྐད་ཅིག་གིས་ས་བཞི་ཐམས་ཅད་འབྲུལ་སོགས་སྨིན་པར་སྐྱེད་པ་དང ་ཚྭའི་ཕུང་པོ་ཆེན་པོ་འབྱུང་བ་དང་། སྣང་བ་ཆེན་པོ་སྐྱེད་པ་དང་། རླུང་ཐམས་ཅད་དབང་དུ་བྱ་བ་ལ་ནི་དང་པོའི་རྡོ་རྗེ་དབྱིངས་ཀྱིས་དབང་ཕྱུག་གིས་སོ།། རྒྱབ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་བཟའ་བ་དང་བཏུང་བ་དང་རོང་རྩར ་གཞུག་པ་དང་ལས་ཐམས་ཅད་ལ་སྦྱར་བ་ལ་ནི། དང་པོའི་རྡོ་རྗེ་ན་ཡོད་པའི་ཐམས་ཅད་དབང་དུ་བྱེད་པས་སོ།། དངོས་གྲུབ་ཐམས་ཅད་ལས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔ་པོ་འི་ནུབ་གས་པ་སུ ་ལ་ནི་དང་པོའི་རྡོ་རྗེའི་བསྙེམས་པས་སོ།། རང་གི་བདག་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཐམས་ཅད་སྤྲུལ་ཅིང་སྟོན་པ་མི་སྣང་བ་དང་ནམ་མཁར་འགྲོ་བ་གྲུབ་པ་དང་། ཤིན་ཏུ་ཕྲ་བ་དང་སྦོམ་པ་དང་དུ་མར་སྟོན ་པལ་ནི་དང་པོའི་རྡོ་རྗེ་གཟུགས་སྣ་ཚོགས་པས་སོ།། འཇིག་རྟེན་གསུམ་གྱི་བདག་པོར་འགྱུར་བ་ཐམས་ཅད་དབབ་པ་དང་། དབང་དུ་བྱ་བ་དང་བཅིང་བ་དང་ལས་ཐམས་ཅད་ལ་སྦྱར་བ་ལ་ནི་དང་པོའི་རྡོ་རྗེ་ཧཱུཾ་མཛད་ཀྱིས་སོ།། ་ལྷ་ཐམས་ཅད་དབབ་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་ཐམས་ཅད་ལས་ངེས་པར་སྦྱར་བ་ལ་ནི་དང་པོའི་རྡོ་རྗེ་ལྷའི་བདག་པོས་སོ།། ཀླུ་ཐམས་ཅད་གདོན་པ་དང་། འདུལ་བ་དང་དབང་དུ་བྱ་བ་དང་ལས་ཐམས་ཅད་ལ་ངེས ་པར་སྦྱར་བར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་འབར་བའི་རྡོ་རྗེས།། གནོད་སྦྱིན་ལ་སོགས་པ་ཐམས་ཅད་དགུག་པ་དང་དབང་དུ་བྱ་བ་དང་ལས་ཐམས་ཅད་ལ་ངེས་པར་སྦྱར་བར་བྱ་བ་རང་སྐྲག་པར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་གདོན་འདུལ་བས་སོ།། ་དཀྱིལ་འཁོར་ཐམས་ཅད་རྟག་པ་དང་འཇུག་པ་དང་བརྗོད་པ་དང་བསྒྲུབ་པ་དང་ལས་ཐམས་ཅད་ལ་ངེས་པར་སྦྱར་བར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་འཁོར་ལོས་སོ།། ཕྱག་རྒྱ་ཐམས་ཅད་དགུག་པ་དང་བཅིང་བ་དང་དབང་དུ་བྱ ་བདང་བརྟན་པར་བྱ་བ་དང་། བསྒྲུབ་པ་ལ་ནི་ང་པོའི་རྡོ་རྗེ་ཕྱག་རྒྱ་གྲུབ་པས་སོ།། དམ་ཚིག་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་སྒྲུབ་པ་ལ་ནི་དང་པོའི་རྡོ་རྗེ་དམ་ཚིག་མཆོག་གིས་སོ།། ལས་ཐམས་ཅད ་རབ་ཏུ་བསྒྲུབ་པ་ལ་རྣམ་པར་མའི་འཇིགས་པར་བྱ་བ་དང་། བརྟན་པར་བྱ་བ་དང་གྲགས་པ་ཆེན་པོ་རབ་ཏུ་བསྒྲགས་པ་ལ་ནི་དང་པོའི་རྡོ་རྗེ་ལས་གྱེས་སོ།། རྡོ་རྗེ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང ་དུ་བྱ་བ་བསྒྲུབ་པ་ལ་ནི་དང་པོའི་རྡོ་རྗེས་སོ།། སེམས་དཔའ་ཆེན་པོ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་སྒྲུབ་པ་ལ་ནི་དང་པོའི་རྡོ་རྗེ་སེམས་དཔས་སོ།། དེ་བཞིན་གཤེགས་པ་ཐམས ་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་སྒྲུབ་པ་ལ་ནི་དང་པོའི་དེ་བཞིན་གཤེགས་པས་སོ།། རྡོ་རྗེ་འཛིན་པ་ཆེན་པོ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་ནི་དང་པོའི་རྡོ་རྗེ་འཛིན་པས་སོ།། ་ཞེས་ཀྱང་གསུངས་སོ།། དཀྱིལ་འཁོར་དག་ཏུ་མ་ཞུགས་པའམ།། སྡིག་པ་ཐམས་ཅད་བྱས་པ་འམ།། རང་གི་སྙིང་པོ་མ་བསྒྲུབས་པའམ།། དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར་བས།། མ་བསྒྲུབས་པར་ཐམས་ཅད་འགྲུབ ་པོ།། དོན་ཡོད་པའི་གྲུབ་པ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གྲུབ་པའོ།།།། དེ་ནས་དང་པོའི་སྙིང་པོ་མ་སྒྲུབས་པའི་ཐམས་ཅད་དོན་ཡོད་པ་ཐོགས་པ་མེད་པ་ལས་ཐམས་ཅད་ཀྱི་རྒྱུ་སྐད་ཅིག་ལ་བསྒྲུབ་པ་རྗེས་སུ་བཤད་པར་བྱའོ།། ཞེས་བཅོམ ་ལྡན་འདས་རྡོ་རྗེ་ཐམས་ཅད་ཀྱི་སྣ་ཚོགས་པའི་འཕྲིན་ལས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ།། དོན་ཡོད་པ་དང་ཐོགས་མེད་པ།། བདག་ཀྱང་བདེ་གཤེགས་ལྷན་ཅིག་ཏུ།། ལས་ཀྱི་རབ་འབྱམ་འདི་དག་ནི།། དངོས་གྲུབ་སྐད་ཅིག ་གིས་གྲུབ་བྱེད།། འདི་ལྟ་སྟེ་ཐམས་ཅད་ཤིན་ཏུ་བསྲུང་བ་དང་། ཡོངས་སུ་བསྐྱང་བ་དང་ཞི་བ་དང་བདེ་ལེགས་སུ་བྱ་བ་དང་ཚེ་མངོན་པར་འཕེལ་བར་བྱ་བ་དང་རྡོ་རྗེ་གར་གྱི་སེམས་དཔའི་ཚུལ་གཙུག་གཏོར་གྱི་ཕྱག་རྒྱས་སོ།། དཀྱིལ ་འཁོར་ཐམས་ཅད་འཚམས་དང་ཕྱོགས་དང་དམ་ཚིག་དང་དངོས་གྲུབ་བཅད་ཞིང་བསྲུང་བ་ལ་ནི་རྡོ་རྗེ་གར་གྱིས་འབྲང་བ་ཆེན་པོས་སོ།། ཉིན་གསུམ་པ་དང་ཉིན་བཞི་པ་དང་སླར་ཟློས་པ་དང་རྟག་པ་ཅན་དང་ཁྱབ་འཇུག་གི་རིམས་ཐམས ་ཅད་གསལ་བ་ལ་ནི་རྡོ་རྗེ་གར་གྱི་རིམས་ནད་མེད་པས་སོ།། གདུང་བ་ཐམས་ཅད་དང་གནོད་བྱེད་དང་ནད་དང་མྱ་ངན་དང་སྡུག་བསྔལ་ཐམས་ཅད་གཞི་ག་ལ་ལ་ནི་རྡོ་རྗེ་གར་གྱི་སྡུག་བསྔལ་ཉེ་བར་ཞིབས་སོ།། དུག་དང་སྦྱར་བའི་དུག ་ལས་ཉ་བར་ཐར་པ་དང་དབབ་པ་དང་བཅིང་བ་དང་བཟའ་བ་དང་བདུད་རྩིར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་ཉེ་བའི་དུག་གིས་སོ།། གདོན་ཐམས་ཅད་དབབ་པ་དང་བཅིང་བ་དང་དམ་ཚིག་འཛིན་ཏུ་གཞུག་པ་དང་རབ་ཏུ་གདུལ་བ་དང་བསྲུང་བ་ལ་ནི་ཛཿ ་གར་གྱི་གདོན་ལས་ཐར་པའོ།། ཐམས་ཅད་ལ་བཅིང་བ་དང་ཐར་པ་དང་དྲལ་བ་དང་ལྟུང་བ་དང་ལྡང་བ་ལ་ནི་རྡོ་རྗེ་གར་གྱི་རྡོ་རྗེ་ཆེན་པོའི་ཁྲོ་བོས་སོ།། མཁའ་འགྲོ། མཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་དང་གདོན་ལས་ཐར་བར ་བདང་ཤི་བ་བསྐྲད་པར་བྱ་བ་དང་ཚེ་མངོན་པར་འཕེལ་བ་དང་ཤིན་ཏུ་བསྲུང་བ་ལ་ནི་རྡོ་རྗེ་གར་གྱི་ཕྱག་རྒྱའི་ལན་གྱིས་སོ།། སྒྲིབ་པ་ཐམས་ཅད་དང་སྡིག་པ་ཐམས་ཅད་དང་རྨིལ་མ་ངན་པ་དང་ལྟས་ངན་པ་དང་བུར་གཞག་པ་ལ་ནི་རྡོ་རྗེ་གར ་གྱི་ཞི་བས་སོ།། ཐམས་ཅད་དབབ་པ་དང་བསྐྱོར་བ་དང་གར་བྱེད་དུ་གཞུག་པ་དང་ཐམས་ཅད་བདེན་པར་སྨྲ་བ་གཞུག་པ་དང་། པྲ་སེན་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་གར་གྱིས་ཐམས་ཅད་དབེབས་པའི་ཕྱག་རྒྱས་སོ།། ཐམས་ཅད་རྒྱས ་གདབ་པ་དང་བསང་བ་དང་ལྟུང་བར་བྱ་བ་དང་བསྐྲད་པ་དང་སླར་གསོ་བ་ལ་ནི་དོན་ཡོད་གྲུབ་པའི་རྡོ་རྗེ་གར་གྱིས་མཁའ་འགྲོ་མ་ཆེན་མོས་སོ།། ཐམས་ཅད་རེངས་པར་བྱ་བ་དང་རྨོངས་པར་བྱ་བ་དང་གཉིད་ལོག་པར་བྱ་བ་དང་བསད་པ་དང ་གཟའ་བར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་གདུག་པའི་སྲིན་པོས་སོ།། གཞན་གྱི་དཔུང་ཐམས་ཅད་སྐྲག་པར་བྱ་བ་དང་གཞིག་པར་བྱ་བ་དང་དབང་དུ་བྱ་བ་དང་ལྟུང་བར་བྱ་བ་དང་བསད་པར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་གཤེད་བྱེད་གྱིས་སོ།། ཁྲོ་བ ་ཐམས་ཅད་གསལ་བ་དང་བཞིན་རས་དང་བར་བྱ་བ་དང་བརྩོད་པ་ལས་རྒྱལ་བ་དང་འཇིགས་པ་ལས་ཐར་པ་དང་གཡུལ་འགྱེད་པ་ལས་རྒྱལ་བར་བསྒྲུབ་པ་ལ་ནི་རྡོ་རྗེ་གར་གྱི་རྒྱལ་མཚན་མཆོག་གི་དཔུང་བརྒྱན་གྱིས་སོ།། སྤྲིན་ཐམས ་ཅད་ཡང་དག་པར་གཟུང་ཤིང་མི་གཡོ་བར་བྱ་བ་དང་ཆར་ཆེན་པོ་དབབ་པ་དང་རླུང་དང་ཆར་བ་དང་ཀློག་དང་སེར་བ་བཟློག་པ་དང་དྲོ་བ་དང་གྲང་བ་བསལ་བ་ནི་རྡོ་རྗེ་གར་གྱི་དབང་པོའི་རྡོ་རྗེས་སོ།། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ ་ཐམས་ཅད་ཤིན་ཏུ་གྲུབ་པ་ལ་ནི། རྡོ་རྗེ་གར་གྱི་འདོད་པའི་དབང་ཕྱུག་གིས་སོ།། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྗེས་སུ་ཆགས་པ་དང་དགུག་པ་དང་དབང་དུ་བྱ་བ་དང་རྩེ་བ་དང་ལས་ཐམས་ཅད་ལ་ངེས་པར་སྦྱར་བ་ལ་ནི ་རྡོ་རྗེ་གར་གྱི་དངོས་གྲུབ་ཐམས་ཅད་ཀྱིས་སོ།། ལྷ་ཐམས་ཅད་དབབ་པ་དང་གྲུ་ཐམས་ཅད་དབང་དུ་བྱ་བ་དང་གནོད་སྦྱིན་དང་འབྲང་པོ་དང་མ་མོ་ཐམས་ཅད་ལ་ངེས་པར་སྦྱར་བ་ལ་ནི། རྡོ་རྗེ་གང་གྱི་རྡོ་རྗེ་མྦུའི་མཆོག་གིས་སོ།། རྣམ་ཐོས ་སྲས་མནན་ནས་དཔལ་དྲང་བ་དང་། ལྷའི་བུ་མོ་ཐམས་ཅད་རབ་ཏུ་དབྲོག་པ་དང་། ལྷ་དང་ལྷ་མ་ཡིན་གྱི་བུད་མེད་ཐམས་ཅད་དང་རྩེ་བ་དང་འཇིག་རྟེན་གསུམ་མ་ལུས་པ་ལས་རྒྱལ་བ་དང་འདོད་པའི་དབང་ཕྱུག་ཐམས་ཅད་ལས་རྒྱལ ་པདང་དབང་ཕྱུག་ཆེན་པོ་ཐམས་ཅད་དབྲོག་པ་ལ་ནི་རྡོ་རྗེ་གར་གྱི་སྐྱེས་བུ་བྱེད་པ་ཆེན་པོས་སོ།། མཆོད་པ་ཐམས་ཅད་སྒྲུབ་པ་དང་ཐམས་ཅད་རྡོ་རྗེ་དབྱ་བ་དང་བདུད་ལ་སོགས་པ་ཐམས་ཅད་རབ་ཏུ་གཞོམ་པ་དང་། ཕྱག་རྒྱ་ཐམས་ཅད ་བཅིང་བ་དང་དངོས་གྲུབ་ཀྱི་མཆོག་ལ་སོགས་པ་མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་རྒྱུ་མྱུར་དུ་གྲུབ་པར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་དོན་ཡོད་ཅིང་། ཐོགས་པ་མེད་པ་མྱུར་བའི་ལས་སྣ་ཚོགས་ཀྱི་དངོས་གྲུབ ་དམ་པས་སོ།། །། དེ་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་ནི། ཉིན་རེ་དང་པོ་ལན་ཅིག་ནི། ཕྱག་རྒྱ་ཐམས་ཅད་རབ་བསྒྲུབ་བྱེད། སྙིང་མཆོག་ལན་ཅིག་བཟླས་ནས་ནི།། ཕྱག་རྒྱ་ཆེན་པོ་རབ་གྲུབ་བྱ།། དེའི་རྗེས ་ལཉེ་སྙིང་པོ།། ལས་རྣམས་ཀུན་ལ་ངེས་སྦྱར་བས།། དོན་ཡོད་གྲུབ་པས་ལས་རྣམས་ནི།། ཀུན་ལ་ཤིན་ཏུ་གྲུབ་པར་འགྱུར།། ཕྱག་རྒྱ་ཐམས་ཅད་རབ་བྱིན་རློབ།། ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ནི།། དཀྱིལ་འཁོར་དག་ཀྱང་མ་མཐོང་བ།། མ ་བཤད་པ་ལའང་རབ་འགྲུབ་འགྱུར།། རྟོག་འདིར་འཇིག་པ་ཡོད་མིན་ཏེ།། འཁོར་ལོ་མེད་ལ་བརྒྱ་བྱིན་ལ།། གང་ཕྱིར་བདག་ལ་བྱིན་རློབ་པས།། རང་སྲས་རྒྱུ་ནི་འགྱུར་བ་ཡིན།། སྡིག་པ་ཆེན་པོ་བྱེད་པ་འདི།། བསམ་པ་ཤེས ་ནས་སྦྱིན་པར་བྱ།། འདི་དག་བཅིངས་ཙམ་ཉིད་དག་བྱེད།། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།། དཔལ་མཆོག་དང་པོའི་རྟོག་པ་ཆེན་པོའི་རྒྱལ་པོ་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ཆོ་ག་རྒྱས་པའི་རྟོག་པའོ།། ་དེ་ནས་སྟོན་པ་རྡོ་རྗེས་འཛིན། འབྱིན་པ་བྱེད་པ་བདེ་བ་ཆེ།། བདེ་ཆེན་ཅན་དུ་བརྟན་ཕྱིར་དང་།། སེམས་ཅན་ཐམས་ཅད་རྣམ་དག་ཕྱིར།། ཁམས་ཀུན་དང་མཉམ་ཟད་པ་མེད།། ཀུན་གྱི་བདག་ཉིད་ལ་ཞུགས་ཏེ།། མཉམ་པའི་དངོས ་གྲུབ་མཆོག་སྤྲོས་ནས།། དེ་བཞིན་གཤེགས་པའི་རིགས་བྱུང་ངོ་།། མཐའ་ཡས་པ་ཡི་ཞིང་ཐམས་ཅད།། འཇིག་རྟེན་ཀུན་གྱི་ཁམས་བཅས་པས།། དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས།། ཏིལ་གྱི་གང་བུ་བཞིན་མྱུར་གང་།། འཇག ་རྟེན་ཁམས་ནི་ཐམས་ཅད་དུ།། སེམས་ཅན་ཀུན་མདུན་ཡང་དག་བཞུགས།། སེམས་ཅན་ཐམས་ཅད་རྣམ་དག་ཕྱིར།། རང་གི་ལས་ཀྱིས་དག་པར་འགྱུར།། དེ་ཚེ་སེམས་ཅན་ཁམས་རྣམས་ནི།། རང་བཞིན་གྱིས་ནི་གསོད་ཀའི་ཕྱིར ་རང་གི་ལས་ནི་སྦྱོང་དོན་དུ།། བཏང་སྙོམས་ཆེན་པོ་མཛད་པ་ཡིན།། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན།། སེམས་དཔའ་ཆེན་པོ་བདེ་བ་ཆེ།། བྱང་ཆུབ་ཆེན་པོར་ཐུགས་བརྟན་པས།། སྐད་ཅིག་གིས་ནི་ཡང་དག་བསྐུལ།། སེམས་ཅན་ལ ་པན་བསོད་ནམས་ཅན།། བྱང་ཆུབ་སེམས་ནི་བརྟན་པ་དག། སེམས་ཅན་ཁམས་ནི་རྒྱུད་འགྱུར་བས།། ཤིན་ཏུ་བཏང་སྙོམས་མ་མཛད་ཅིག། དེ་ནས་སངས་རྒྱས་ཀྱིས་གསུངས་པ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། ཐུགས ་རྗེའི་བདག་ཉིད་ཅན་གྱིས་ཐབས།། བྱང་ཆུབ་སེམས་མཆོག་ཁྱོད་སྤྲོས་ཤིག། དེ་ནས་སྟོན་པ་རྡོ་རྗེ་འཛིན།། དེ་ཚེ་ཀུན་ནས་བྱིན་གྱིས་བརླབས།། བདེ་བ་ཆེན་པོ་རྡོ་རྗེ་ཆ།། དཀྱིལ་འཁོར་ཆེན་པོ་དམ་པ་ཡིན།། ཁམས་གསུཾ ་འཁོར་བའི་རྒྱ་ཁྱོན་གྱིས།། འཁོར་ལོ་ཆེན་པོ་གདོང་ནས་བྱུང་།། དེའི་ཁམས་གསུམ་གནས་པ་ཡིས།། སེམས་ཅན་ཐམས་ཅད་ཡང་དག་བསྒྲུབས།། སངས་རྒྱས་ཀུན་སོགས་དངོས་གྲུབ་ལ།། དེ་ཚེ་དག་པ་གྲུབ་པར་འགྱུར།། ་དེ་ནས་སངས་རྒྱས་ཐམས་ཅད་ནི།། འདུས་ནས་གསོལ་བ་འདེབས་མཛད་པ།། དེ་བཞིན་གཤེགས་པའི་རིན་པོ་ཆེ།། སངས་རྒྱས་ཀུན་མཆོག་བཤད་དུ་གསོལ།། དེ་ནི་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང ་ཐུགས་ལ་ཡང་དག་གནས།། སྐུ་གསུང་ཐུགས་ནི་རྡོ་རྗེ་ལ།། ཡང་དག་སྨོས་ཏེ་འདི་གསུངས་སོ།།།། ཨོཾ་ཉྩ་ཁཾ། དེ་ནས་འདི་གསུངས་པ་ཙམ་གྱིས། སངས་རྒྱས་ཐམས་ཅད་འདུས་ནས་ནི།། བདུད་བཅོམ་ལ་སོགས་མཛད་ནས་ན། ་བྱང་ཆུབ་སྙིང་པོར་བྱིན་གྱིས་བརླབས།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། དཀྱིལ་འཁོར་དེ་ནི་མཆོག་གསུངས་པ།། སེམས་ཅན་ཀུན་ལ་བདེ་དོན་ཕྱིར།། རྟོག་པ་ཀུན་གྱི་བདེ་བ་ཆེ།། དེ་ནས་ཡང་དག་བཤད་བྱ་བ།། དཀྱིལ་འཁོར་ཆེན ་པོ་དམ་པ་སྟེ།། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་མཆོག། རྡོ་རྗེ་འཁོར་ལོ་ཡང་དག་བྲི།། འཁོར་ལོ་ལྟེ་བར་སངས་རྒྱས་ཉིད།། འཛུམ་པའི་ཚེམས་ནི་མི་སྣང་བ། སུར་ཏེ་ས་མ་ལ་སྟྭཾ། ཨོཾ་སིད་དྷམཱཾ་ཞེས་བརྗོད་དགོད། མདུན་དུ ་བདུད་ལས་རྣམ་རྒྱལ་བར།། མདད་པའི་སངས་རྒྱས་ཡང་དག་ཟི།། གཡས་སུ་བྱང་ཆུབ་སེམས་དཔའ་ཡི།། ནོར་ཆེན་པོས་ནི་དབང་བསྐུར་བ།། རྒྱབ་དུ་བྱང་ཆུབ་སེམས་དཔའ་དང་།། མཉམ་དུ་ཆོས་ཀྱི་འཁོར་ལོ་བསྐོར། ་གཡོན་དུ་ལོག་པར་རྣམ་དྲེགས་པ།། སྡིག་པ་བསྡུས་པ་ཀུན་འབྱིན་པའོ།། དེ་ནས་འདི་རྣམས་ཀྱི་སྙིང་པོ་ནི།། བཛྲ་ས་ཏྭ་བཛྲ་རདན། བཛྲ་དྷམ། བཛྲ་ཀརྨ། དེ་ནས་ཕྱག་རྒྱ་རྣམས་ཏེ། སཏྭ་བཛྲི་བཛྲ་རད་ནེ། བཛྲ་པད་མི། བི་ཤ་བརྠ ་འཚམས་ཀྱི་ཆར་ནི་རྡོ་རྗེ་དང་། རིན་ཆེན་སྡོང་བུ་ནོར་བུ་བྲིའོ།། འཚམས་རྣམས་སུ་ཡང་ལྷ་མོ་སྟེ།། ལྕགས་ཀྱུ་ལ་སོགས་སྒོ་རྣམས་སུའོ།། དེ་བཞིན་སྔ་མ་ཙ་ལྟ་བར།། འཁོར་ལོ་དེ་ནི་བརྟགས་པར་བྱ།། མཆོད་པའི་ཐལ་མོ་སྙིང་ཀར ་བཅིངས།། གཡོན་དུ་དེ་བཞིན་བསྐོར་བར་བྱ།། མེ་ཏོག་དང་བཅས་ཕྱག་རྒྱ་འདི།། སངས་རྒྱས་ཀུན་གྱི་དམ་ཚིག་རིམ།། མེ་ཏོག་བཅས་ཏེ་སྙིང་ཀར་བཅིང་།། བསམ་པ་གཡོས་པས་གདུང་བར་བྱ།། མགོན་ལ་མགོ་བོས་ཕྱག་བྱས ་ལ། བསྐོར་བ་ལན་གསུམ་བྱས་ནས་ནི།། ཞུགས་ནས་མེ་ཏོག་དོར་བར་བྱ།། ཤིན་ཏུ་གསང་བ་ཡང་དག་དགུག། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་དང་།། དབང་དུ་བྱ་བ་དང་དགུག་པ་དང་བསྒྲུབ་པར་བྱ ་བའི་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་ཨ་ཀ་རོ་མུ་ཁ་མ་སརྦ་དྷརྨ་ཏཱཾ་ཨཱ་དྱ་རུད་པནན་ཏྭཱད། དེ་ནས་ཆོ་ག་ཅི་བཞིན་དུ། སྟོན་ལ་མེ་ཏོག་སིལ་མ་དོར།། སངས་རྒྱས་བྱང་ཆུབ་རབ་སྒྲུབ་ཕྱིར།། འགྲོ་བའི་མགོན་ལ་དེ་ཉིད་བརྗོད།། དེ་ཡིས ་ཀུན་ནས་སངས་རྒྱས་ནི།། ཐམས་ཅད་འདུས་པ་ཉིད་དུ་འགྱུར།། ཐམས་ཅད་མི་དམིགས་སྦྱོར་བ་ཡིས།། དངོས་གྲུབ་ཐམས་ཅད་སྩོལ་བར་མཛོད།། དཀྱིལ་འཁོར་དེར་ཞུགས་པ་ལ་ནི།། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།། ་དགའ་བ་ལ་སོགས་མཚན་མ་མཆོག། སྣ་ཚོགས་ལ་ནི་འབྱུང་བར་འགྱུར།། དེ་ནས་དེ་བཞིན་ཆོ་ག་ནི།། རྒྱས་པབ་སློབ་མ་མཆོག་ཏུ་གཞུག། མཆོད་པའི་ཐལ་མོས་འཁོར་ལོ་ཆེ།། མཆོད་པ་བྱས་ནས་སླར་དབྱུང་བྱ།། སྒྲུབ་པ་བྱས ་ནས་དངོས་གྲུབ་ཀྱང་།། ཆོ་ག་ཅི་བཞིན་རབ་བཤད་བྱ།། རས་ལ་བཅོམ་ལྡན་བདུད་ལ་སོགས།། རྣམ་པར་རྒྱལ་བ་བརྙེས་པར་བྲི།། བསྒྲུབ་འདི་ལན་གཅིག་ཙམ་གྱིས་ནི།། དེ་འདྲའི་སྒྲུབ་པ་གྲུབ་པར་འགྱུར་རོ།། སྐུ་གཟུགས ་སྩོགས་མདུན་ཡང་དག་པར།། ཡེ་ཤེས་ཁུ་ཚུར་ཡོངས་བཟུང་ལ།། རྡོ་རྗེའི་ཚིག་གིས་ཆོ་ག་བཞིན།། བཟླས་བརྗོད་སྟོང་ཕྲག་རྒྱ་བྱའོ།། མདོར་ན་འབུམ་ནི་རྫོགས་པ་ན།། ཅི་འདོད་དངོས་གྲུབ་ཐམས་ཅད་དང་།། ཚེ་མཆོག་འདི ་ལ་སངས་རྒྱས་ཉིད།། ཐོབ་འགྱུར་འདི་ལ་ཐེ་ཙོམ་མེད།། དེ་ནས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའི་སྒྲུབ་པ་ཆེན་པོའི་རྒྱུད་ནི། ཕྱག་རྒྱ་གར་དུ་གཅིག་བཅིངས་ནས།། བདག་ནི་སངས་རྒྱས་ཡིན་བསྒོམས་ན།། ཕྱག་རྒྱ ་ཆེན་པོ་དངོས་གྲུབ་ཆེ།། བརྟན་པ་མྱུར་དུ་ཐོབ་པར་འགྱུར།། དེ་ནས་དམ་ཚིག་བསྒྲུབ་པའི་རྒྱུད་ནི། སྙིང་ཀེར་རྡོ་རྗེ་གཟུགས་བཞག་སྟེ། ས་མ་ཡ་བྷྲཱུཾ་ཞེས་བརྗོད་ལ།། བཟླས་བརྗོད་འབུམ་གྱིས་བསྒྲུབས་ནས་ནི།། དངོས ་གྲུབ་ཐམས་ཅད་ཐོབ་པར་འགྱུར།། དེ་ནས་ལས་ཀྱི་ཕྱག་རྒྱ་ཐམས་ཅད་བསྒྲུབ་པའི་རྒྱུད་ནི།། བདུད་ལས་རྒྱལ་བའི་མཆོག་བཅིངས་ཏེ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། མཚུངས་མེད་སེམས་ཅན་དོན ་བྱས་ནས། ལས་ཀྱི་ཕྱག་རྒྱ་རྟག་ཏུ་འགྲུབ།། ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་མཆོག་བསྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་དོ།།།། དེ་ནས་མ་བསྒྲུབས་དངོས ་གྲིབ་མཆོག། ལས་རྣམས་རབ་འབྱམ་དམ་པ་སྟེ།། སྡིག་པ་ཀུན་སེལ་སྣ་ཚོགས་པ།། གོ་རིམས་བཞིན་དུ་རབ་བཤད་བྱ།། འདི་ལྟ་སྟེ་ནད་ཐམས་ཅད་དང་མྱ་ངན་དང་གནོད་པ་དང་གནོད་བྱེད་དང་དུག་དང་སྦྱར་བའི་དྲག་དང ་གཤེད་བྱེད་དང་།། གཡེངས་བྱེད་དང་རོ་ལངས་དང་སྔགས་དང་སྨན་དང་བགེགས་དང་ལོག་འདྲེན་དང་སྡིག་པ་དང་རྨི་ལམ་ངན་པ་དང་དུས་མ་ཡིན་པར་འཆི་བ་དང་རིམས་དང་གདོན་དང་མཁའ་འགྲོ་མ་དང་ཉེ་བར་འཚེ་བ ་དང་འགོ་བའི་ནང་དང་ཉེས་པ་དང་ཉོན་མོངས་པ་དང་ལུས་དང་ངག་དང་སེམས་ཀྱི་སྡུག་བསྔལ་ཐམས་ཅད་རྣམ་པར་བཤིག་པ་ལ་ནི།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡུག་བསྔལ་འཕྲོག་པར་བྱེད་པས་སོ།། ་ཚེ་དང་ལང་ཚེ་དང་གཟུགས་དང་ཁ་དོག་དང་གཟི་བྱིན་ཆེན་པོ་དང་མདངས་དང་སྟོབས་དང་སྤྲོ་བ་དང་བརྩོན་འགྲུས་དང་དཔལ་དང་བསྐལ་པ་བཟང་པོ་དང་བསོད་ནམས་དང་མིང་དང་སྙན་པ་དང་གྲགས་པ་དང་དྲན་པ ་དང་བློ་གྲེས་དང་བརྟན་པ་དང་རྟོག་པ་དང་སྟོབས་དང་ཏིང་ངེ་འཛིན་དང་ཕུང་པོ་དང་འདུ་བྱེད་དང་སྐུ་དང་གསུང་དང་ཐུགས་འཕེལ་བ་ལ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་ཐོས་སོ།། དེ་བཞིན་གཤེགས། ་པ་ཐམས་ཅད་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་ཡེ་ཤེས་དང་སྟོབས་དང་ཐབས་དང་རྡོ་རྗེ་དང་སྒྲུབ་པ་དང་གཟུངས་དང་ས་དང་སྤྱོད་པ་དང་སོ་སོ་ཡང་དག ་པར་རིག་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ཆོས་དང་ལས་དང་སྣ་ཚོགས་པའི་བྱ་བ་དང་སེམས་ཅན་གྱི་དོན་དང་སངས་རྒྱས་ཀྱི་མཛད་པའི་དོན་དང་སྐུ་དང་གསུང་དང་ཐུགས་དང་རྡོ་རྗེ་ཆེན་པོ་གྲུབ་པ་ལ་ནི། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་ཀྱིས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཀུན་ཏུ་བཟང་པོའི་ཆོ་ག་སྤྱད་པ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན ་དངའཕོ་བ་དང་སྐྱེ་བའི་ས་དང་གཞོན་ནུའི་རོལ་པ་སྟོན་པ་དང་མངོན་པར་འབྱུང་བ་དང་དཀའ་བ་སྤྱད་པ་སྟོན་པ་དང་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་བདུད་ཐམས་ཅད་འདུལ་བ་དང་། བྱང་ཆུབ་ཆེན་པོར་མངོན་པར་བྱང ་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མུ་སྟེགས་ཐམས་ཅད་ཚར་གཅོད་པ་དང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་ལྷ་ལས་བབས་པ་དང་འདུས་པ་ཆེན་པོའི་བྱིན་གྱིས་རླབས་པ་དང་གདུག་པ་ཐམས་ཅད་འདུལ་བ ་ད་ཨང་འདུལ་བ་ལ་རབ་ཏུ་གཞག་པ་དང་ངན་འགྲོ་ཐམས་ཅད་ལས་འདོན་པ་དང་མདོ་སྡེ་ཐམས་ཅད་སྟོན་པར་མཛད་པ་དང་རྟོགས་པ་ཐམས་ཅད་བྱིན་གྱིས་བརླབས་པ་དང་རྟོགས་པ་ཐམས་ཅད་སྩོལ་བ་དང་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལ་དམིགས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་སྤྲུལ་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་ཀྱི་རྡོ་རྗེས་སོ།། ཅི་ལྟར་ཕྱག་རྒྱ་འདི་དག་གིས།། བྱང་ཆུབ་སེམས་ལ་མངོན་རྟེན་པ། ་དེ་ལྟར་བྱང་ཆུབ་སྤྱོར་སྔོགས་ཀྱིས།། བྱང་ཆུབ་དམ་པ་ཐོབ་མི་འགྱུར།། དོན་ཡོད་བསོད་ནམས་དམ་པ་ཡི།། ལས་ཀྱི་རབ་འབྱམ་སྒྲུབ་བྱེད་པ།། ཆོ་ག་མ་གྲུབ་པ་རྣམས་གྲུབ།། སངས་རྒྱས་ཆོས་ནི་རབ་སྟེར་བྱེད།། རྣམ་པ་ཀུན་ཏུ ་དང་ལྡན་པའི།། སེམས་ཅན་ཀུན་ལ་སྦྱིན་པར་བྱ།། དཀྱིལ་འཁོར་དག་ཏུམ་ཞུགས་པ།། སྐད་ཅིག་གིས་ནི་སྦྱོར་བར་བྱེད།། དཔལ་མཆོག་དང་པོའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། བྱང ་ཆུབ་རྡོ་རྗེ་བྱིན་གྱིས་བརླབ་པའི་རྡོ་རྗེ་རྟོག་པ་རྒྱས་པའོ།། །། དེ་ནས་སྣ་ཚོགས་ལས་ཆེན་པོ།། ཁྱབ་བདག་རྡོ་རྗེ་འཛིན་ཆེན་པོ།། གདུག་པ་ཐམས་ཅད་འདུལ་བའི་མཆོག། སེམས་ཅན་ཀུན་ལ་རྗེས ་སྟོན་མཛད།། དེ་བཞིན་གཤེགས་པའི་རིགས་བསྐྱེད་པས་གང་ཕྱིར་ཉེས་བྱས་ཀྱིས་གདུག་པའོ།། རང་གི་རང་སེམས་སྤྱོད་པ་ཡིས།། ཞི་བས་སེམས་ཅན་ཀུན་གྱི་དོན།། གདུལ་བ་རབ་ཏུ་བསྒྲུབ་མི་ནུས།། སངས་རྒྱས ་ཀུན་གྱིས་བསྒྲུབ་བྱ་བ།། ཞི་བའི་འགྲོ་ལྡིང་ཐམས་ཅད་ཡིན།། གང་ཚེ་བདེ་གཤེགས་སེམས་ཅན་དོན།། དམ་པ་མཛད་པར་མི་སྤྱོད་པ།། དེ་ཚེ་ཉིད་ཀྱི་དངོས་པོ་ཀུན།། གཙོ་བོས་རྡོ་རྗེ་གསོལ་བ་བཏབ།། སེམས་ཅན་ཐམས་ཅད ་འདུལ་མཛད་པ།། བཅོམ་ལྡན་འདས་ལ་གསོལ་བ་བཏབ།། ཨུཥྚ་ས་མ་ཡ་ཀྲོ་དྷ་ནི་སུམ་བྷ་ཛྭ་ལ་བཛྲ་ཧཱུ~ཾ། དེ་ནས་སྔགས་འདི་གསུངས་ཙམ་གྱིས།། ཕྱག་ན་རྡོ་རྗེ་རང་ཉིད་གཙོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། སླར་བྱུང ་ནས་ནི་མདུན་ན་གནས།། ཁྲོ་ཚན་རྒྱལ་པོའི་སྐུ་ཡིས་ནི།། སེམས་དཔའི་དཀྱིལ་དཀྲུང་གིས་ལེགས་བཞུགས།། འབར་བའི་ཕྲེང་འོད་ཀྱིས་གསོལ་པ།། སྲེག་པའི་བསྐལ་པ་གཞན་འདྲ་བ།། གཡོན་པའི་རྡོ་རྗེ་སྙེམས་པ་ཆེ།། དྲག ་གསོར་བས་སྤྱོད་མཛད་ཅིང་།། འབར་བའི་རྡོ་རྗེ་ཚོར་འབར་བ།། རྣམ་པར་འབྲོ་བས་སྲེག་པ་འདྲ།། འབར་བ་ཆེན་པོ་གསོད་པ་ནི།། བསྐལ་བའི་མེའི་ཕུང་པོ་འདྲ།། དང་པོའི་རྡོ་རྗེ་ཁྲོག་ཉེར་བཅས།། རྡོ་རྗེ་མཆོག་འཛིན་པས་གས ་དེ་ལ་རྡོ་རྗེ་ཆེན་པོ་མ་དང་ཉི་མ་ལྟར་འབར་བཞེས་བྱ་བའི་སྙིང་པོ་འདི་ཡིན་ཏེ་ནྟུ། དེ་ནས་འདི་ནི་གསུངས་ཙམ་གྱིས།། སྡིག་བཀུན་གྱི་བྱུང་ཤིང་ཟད།། འཇིག་རྟེན་ཁམས་ཀྱི་འཇིག་རྟེན་གསུམ།། ཐམས་ཅད་གཡོས་ཤི ་འཚུལ་བར་འགྱུར།། ཅན་ལསོགས་ལྷ་རྣམས་ནོ།། གལ་བ་མེད་ཅིང་རྨོངས་པར་འགྱུར།། རྡོ་རྗེ་འབ་བ་ཁྲུགས་པ་ཀུན།། དེ་བཞིན་འཇིག་པསཟུར་བྱུང་།། ན་ཐོས་དང་ནི་རང་རྒྱས་རྣམས།། ཕྱ་ན་འདསཔ ་པར་འགྲོ།། ལྷལ་སོགས་པའི་སྲིང་གསུམ་ཀུན།། དེ་ཚེ་ཀུན་ཏུ་རྨོངས་པར་འགྱུར།། སངས་རྒྱས་ཐམས་ཅད་འདུས་པ་ཡིས།། སངས་རྒྱས་བྱང་ཆུབ་ཡང་བསྟན་མཛད།། སེམས་དཔའ་ཀུན་གྱི་ཐབས་ཆེན་པོ།། དམ་པ ་ཡང་ནི་ཐུགས་སུ་ཆུད།། དེ་ནས་རྡོ་རྗེ་འབར་བའི་མཆོག། འབར་བའི་ཕྲེང་བ་འཁྲུགས་པའི་འོད།། རྡོ་རྗེ་མཆེ་བ་གཙིགས་པའི་ཞལ།། ཞལ་རས་ཁྲོ་དང་བཅས་པ་ཡིན།། གཡོན་བརྐྱང་བས་ནི་ལགས་པར་བཞུགས།། ་སྤྱན་འབར་འཇིགས་སུ་རུང་བ་སྟེ།། དབུས་སྒྲ་གྱེན་དུ་བརྫེས་ཤིང་གཡོ།། ཀུན་ནས་འཁྱིལ་ཅིང་འབར་བ་ཆེ།། རྡོ་རྗེ་གསང་བའི་རྣལ་འབྱོར་ཆེ།། མཁའ་འགྲོའི་ཚོགས་ཀྱི་ལུས་ཅན་རྣམས།། ཕྱུང་ནས་ཀུན་ཏུ་འགྲོ་བ་རྣམས།། ་ཐམས་ཅད་དུ་ནི་འབར་བ་འཁྲུག། རླུང་བསྐྱོད་སྐལ་པའི་མེ་ལྟ་བུར།། འབར་བའི་ཕྲེང་བ་ཀུན་ཏུ་འཁྲུགས།། འཇིག་རྟེན་ཁམས་ནི་མ་ལུས་ན།། སངས་རྒྱས་ཐམས་ཅད་སྲས་བཅས་པ།། ཡང་དག་བཞུགས་པ་ལེགས་བསྐུལ ་ཏེ།། འཇིག་རྟེན་ཐམས་ཅད་ཡོངས་སུ་བསྐོར།། བཀུག་ནས་སེམས་ཅན་ཀུན་དོན་དང་།། བསྟན་པ་ཐམས་ཅད་འགྲུབ་པའི་ཕྱིར།། འཇིག་རྟེན་གསུམ་བདག་དེ་རྣམས་དང་།། རྒྱུ་དང་མི་རྒྱུའི་སེམས་མེད་བྱས།། དེ་ནས་རྡོ་རྗེ ་འཛིན་རྒྱལ་པོས།། ཀུན་མཆོགས་ཡི་དབང་ཕྱུག་ནི།། དེ་རྣམས་ལ་ན་ཐུགས་རྗེ་ཡིས།། འཆི་བསྐུར་གསོ་བརྟན་པོར་གཟུངས།། ཨོཾ་ཨུ་ཏིཥྛ་མ་ཧཱ་དྷི་བ་ཏ་བཛྲ་ནི། ཤཱིགྲཱ་མ་ཨུད་ཐ་པ་ཡ་ཧཱུཾ། ཆུབ་དང་མི་རྒྱུ་བ་ཐམས་ཅད ་བསྐང་འོ།། དེ་ནས་ས་གསུམ་བསླང་བན།། ཐམས་ཅད་དུནི་ཤི་བག་སོ།། སངས་རྒྱས་དཔའ་ཐོས་པཀྲལ་གྱུར་ཅིང།། རྡོ་རྗེ་ཅན་གྱིས་ཀྱང་རྗེས་འརྟུལ།། དེ་ནས་རྡོ་རྗེ་འཛིན་ཁྲོབས།། འབ་བ་རྡོ་རྗེ་གསར་བྱེད་ཅིང་། ་དམ་ཚིག་ལ་གནས་ཞེས།། རྣ་ཆགས་པ་ལ་བཀའ་རབ་བ་སྒོ།། དེ་རྣམས་ཀྱིས་གསོལ་པ། འདི་སུ་ཞིག་ལགས། བཅོམ་ལྡན་འདས་ནི་ཞིབ་ལ། གནོད་སྦྱིན་གཟུགས་ཅན་གང་ལགས་གསུངས།། ཁྱེད་ཅིང་མཆོག་ཀྱི་རྫམ ་ཞུས་པ་བདེན་པའི་ཚིག་ཏུ་གསུངས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་སངས་རྒྱས་རྣམ་གྲོལ་བ།། གདོད་སྐྱེས་རྡོ་རྗེ་གནོད་སྦྱིན་ཆེ།། དཀོན་མཆོག་གསུམ་དང་དེ་བཞིན་དུ།། དེ་ལ་སྐྱབས་སུ་འགྲོ། ་བར་གྱིས།། འཇིག་རྟེན་གསུམ་པོས་འདི་ཐོས་ནས།། ཚོགས་བདག་ཚོགས་ཀྱི་དབང་ཕྱུག་བཅས།། བསྐལ་པའི་མེ་དཔུང་ལྟ་བུ་ཡི།། འབར་བའི་མཚོན་གྱིས་འཐབ་པར་བརྩམས།། དེ་རྣམས་ཀྱིས་སྨྲས་པ། བདག་ཅག་གིས ་ནི་སངས་རྒྱས་རིགས།། རྡོ་རྗེ་གནོད་སྦྱིན་ཤེས་མ་ཡིན།། བདག་ཅག་འཇིག་རྟེན་གསུམ་པོ་ཅིག། གནོད་སྦྱིན་བསྒོབས་ཅི་ཞིག་བྱ།། དེ་ནས་རྡོ་རྗེ་འཛིན་ཁྲོས་ནས།། ཁྲོ་གཉེར་དཔྲལ་བར་བསྡུས་ཆེ་གནས།། དེ་ནས་ཁྲོ ་གཉེར་ཐམས་ཅད་ནི།། རྡོ་རྗེ་འཛིན་པའི་རྗེས་སུ་སྤྱོད།། གཡོན་པ་སྙེམས་པ་རྒྱ་བཅས་པས།། སྨིན་མ་སྤྱན་བསྡུས་པས་རྒོད་ཅིང་།། ནམ་མཁའ་ཁྱབ་པའི་དབྱངས་ཀྱིས་ནི།། དྲག་དུ་ཁྲོས་བཅས་པ་སྨྲས་སོ།། དེ་ལ ་ཁམས་གསུམ་རྣམ་པར་རྒྱལ་བའི་ཉེ་བའི་སྙིང་པོ་སེམས་ཅན་མ་ལུས་པ་ལས་རྒྱལ་བ་ནི་འདི་ཡིན་ཏེ། ཧི། དེ་ནས་སྙིང་པོ་འདི་ཕྱུང་བས། དེས་རྒྱལ་བཅུ་གཅིག་བཅིངས་པ་དང་།། དམ་ཚིག་བརྟན་པ་འཛིན་དུ་བཅུག། རྡོ་རྗེ ་མིང་གིས་དབང་བསྐུར་ནས།། ལག་ན་རྡོ་རྗེ་འཛིན་མཆོག་བྱས།། རྡོ་རྗེ་མིང་ནི་བྱིན་ནས་སུ།། འཇིག་རྟེན་གསུམ་པོའི་ཏིང་འཛིན་གཞག། དེ་ནས་རྡོ་རྗེ་ཆེན་པོ་མཆོག། མགོན་པོ་ཡིས་ནི་གསོལ་བ་བཏབ་པ།། སེམས ་ཅཙན་ཀུན་ལ་རྗེས་སྟོན་པས།། རྟོག་པ་འདི་ནི་བཤད་དུ་གསོལ།། རྡོ་རྗེ་འཛིན་པས་གསུངས་པ་ཡི།། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ཏུ།། འབར་བའི་འཁོར་ལོ་ཡང་དག་བྲི།། དེའི་དབུས་སུ་བཞག་བྱ་བ།། སྔོན་པོ་འབར ་བའི་གཟུགས་བཟང་བ།། ཞལ་གྱི་མཆེ་བ་ཅུང་ཟད་གཙིགས།། ཞལ་ནི་ཁྲོ་དང་བཅས་པས་བཞད།། སེམས་དཔའི་དཀྱིལ་དཀྲུང་གིས་ལེགས་བཞུགས།། བསྙེམས་བཅས་ཤས་ཆེར་འབ་རབ་ལ།། འོད་ཟེར་འབར་བ ་འོདོ་འཁྲུག་པའི།། རྡོ་རྗེ་གསོར་བར་མཛད་ལ་བརྩོན།། དེའི་ངོས་ནི་ཐམས་ཅད་དུ།། རྡོ་རྗེ་རྣལ་འབྱོར་མའི་གཟུགས།། རྡོ་རྗེ་མཚོན་ཆ་མདྲང་ཆེན་དང་།། རལ་གྲི་ཞགས་པ་མཚན་འཛིན་མ།། མཚམས་སུ་མཐུ ་དང་ཁ་ཊྭཱཾ་ག། འཁོར་ལོ་བ་དན་སྣ་ཚོགས་འཛིན།། རྡོ་རྗེ་རིགས་ནི་སྣ་ཚོགས་པ།། འབར་བའི་འཁོར་ལོ་ཡོངས་སུ་བསྐོར།། དཀྱིལ་འཁོར་དགོད་པར་བྱ་བ་ནི།། ཐིག་བདུན་གྱིས་ནི་ཡང་དག་དུ།། དང་པོ ་རྡོརྗེ་ཕྱག་རྒྱ་བདག། གཉིས་པ་སྔགས་ཀྱི་ལྷ་མོ་སྟེ།། གསུམ་པར་རྡོ་རྗེ་རྒྱལ་པོ་ནི།། རྡོ་རྗེ་ལྷ་མོ་ཡང་དག་བསྐོར།། རྡོ་རྗེ་ཆེན་པོ་སྒེག་མོ་ཆེ།། བཞི་པར་གླུ་མཁན་མ་ལ་སོགས།། རྒྱལ་རིགས་གསོལ་ཀ་ཟན ་རྣམས་ཀྱི།། ཁྲོ་བོ་རྣམས་ནི་ལྔ་པ་ལ།། དྲུག་པར་རྡོ་རྗེ་ཕོ་ཉ་མཆོག། གནོད་སྦྱིན་སྲིན་པོ་ཀིང་ཀར། དབང་ཕྱུག་དམ་པ་དྲག་པོ་སྩོགས།། གཏུམ་པོ་ཆེན་པོ་འདུལ་བར་མཛད།། ཕྱི་མའི་དཀྱིལ་འཁོར་དབྱིབས་རྣམས ་སུ།། མདོར་ན་མིང་པོ་གསུམ་ལ་སོགས།། ལྷ་ལ་སོགས་པའི་ཚོགས་ཐམས་ཅད།། ལེགས་པར་བྲི་བ་འམ་གཞག་པར་བྱ།། འཚམས་སུ་ལྷ་མོར་རབ་བཤད་པ།། དེ་རྣམས་ཀྱི་ནི་སྒོ་དབུས་སུའང་།། རྡོ་རྗེ་ལྕགས་ཀྱུ་སྒྲོགས ་ཁྲོ་བཅས།། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། གོ་རིམ་དག་ནི་ཅི་བཞིན་དང་།། ཆོ་ག་རྒྱས་པ་ཅི་བཞིན་བྱ།། ཁྲོས་པས་རྡོ་རྗེས་གསོར་བ་དང་།། ཁྲོ་གཉེར་འཛུམ་དང་བཅས་པས་འདུད།། དེ་ནས་ཁྲོ་ཞིང་སློབ་དཔོན་ཆེ།། ་རྡོརྗེ་ཅན་མཆོག་རབ་ཞུགས་ལ།། རྡོ་རྗེ་ཧཱུཾ་མཛད་ཀྱིས་བསྡིགས་མཛུབ།། ཧཱུཾ་མཛད་རབ་ཏུ་སྦྱར་བར་བྱ།། སྙེམས་དང་བཅས་པས་རྒྱས་གདབ་ཉིད།། དེ་བཞིན་ཁྲོ་བས་འདུལ་བ་ལ།། རྡོ་རྗེ་འཆང་ཆེན་དགྱེས་པ་ཡིས། ་གདུག་པ་ཉིད་ལ་རབ་ཏུ་དགྱེས།། དེ་ནས་མེ་ཏོག་གྲངས་ནས་ནི།། ཁྲོས་པས་བདག་པོ་ཆེ་ལ་གཏོར།། རྡོ་རྗེ་འབར་བའི་སྔགས་ཀྱུ་ཆེས།། ཡང་དག་པར་ནི་དཀྲུག་པར་བྱ།། ཨོཾ་མ་ཧཱ་བཛྲ་ཛྭ་ལ་ཡཱན་ལཱ་རྒ་ཡ་ཧིངས ་བཛྲ་ཀུ་ལ་པྲ་བ་ཤ་ཡ་ཧཱུཾ། སརྦ་མུ་ཏྲཾ་ག་ནཱན་བྷན་དྷ་ན་ཏྲ་ཏ་སརྦ་ས་མ་ཡཾ་སཱ་དྷ་ཡ་ཕཊ་སརྦ་དུ་ཤཱན་དཧ་བ་ཙ་བྷསྨི་ཀུ་རུ་མ་ཧཱ་ཀྲོ་དྷ་ཨ་ག་ནི་བཛྲ་ནི་ཧཱུཾ་ཕཊ། ཨ་ཨ་ཨ་ཨ། དེ་ནས་བཅོམ་ལྡན་འདས་ཁྲོ་བོའི ་རྒྱལ་པོ་བརྟན་པ་ཆེ་བྱོན་འགྱུར།། རྡོ་རྗེ་རིགས་ལ་སོགས་པ་ཀུན།། དངོས་གྲུབ་ཐམས་ཅད་གསོལ་བར་མཛད།། དེ་ནས་ཧཱུཾ་ལ་སོགས་པའི་སྒྲའི།། མཚན་མ་རྣམས་ཀྱང་འབྱུང་བར་འགྱུར།། གལ་ཏེ་སློབ ་མ་ལ་སོགས་ལ།། སྙིང་གར་དབབ་པ་ཕྲ་བ་སྐྱེ།། དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི།། ཕྱག་རྒྱས་སློབ་མ་གཞུག་པར་བྱ།། བཅུག་ནས་དང་པོའི་སེམས་དཔའ་ཡི།། རང་གི་སྙིང་པོ་བརྗོད་པར་བྱ།། ཧཱུཾ་ཧཱུཾ་བཛྲ་པྲ་ཧ་ར་ནི ་ཕཊ། ཧཱུཾ་བཛྲ་ཤུ་ལ་ཡ་གྲི་ཎི་དྲི་ཏ། མ་ཏ་ས་ཧཱུཾ་བཛྲ་ཀོ་ཤེ་ཚིན་དྷཙྪ་ཨོཾ་བཛྲ་ཨ་མ་ལ་པཱ་ཤེ་མ་ཊ།། རྡོ་རྗེ་འགུགས་པ་དང་རྡོ་རྗེ་མདུང་དང་རྡོ་རྗེ་རལ་གྲི་དང་། རྡོ་རྗེ་ཞགས་པ་སྟེ་རྡོ་རྗེ་ཁྲོ་བོའི་བསྲུང་བའོ།། དེ་ནས་འདི ་རྣམས་ཀྱི་ཕྱག་གྱ་རྡོ་རྗེ་དོན་ཡོད་པའི་ཐོགས་པ་མེད་པ། ཤིན་ཏུ་གྲུབ་པ་སྟོབས་དང་ཕ་རོལ་གནོན་པ་རྣམས་སེམས་ཅན་མངོན་པར་རྒྱས་གདབ་པར་ནུས་པ་རྣམས་བསྐུལ་བར་བྱའོ།། ཨོཾ་བཛྲ་གྷུ་ཧྱེ་སིད་དྷ ་པར་མ་ཡོ་གི་ཤྭ་རི་ཏི། ཧཱུཾ་བཛྲ་ཙརྦྷ་དྷོཁ་ཊྭཱཾ་ག་མ་ཧཱ་བཛྲ་ཀ་བ་ལ་ཡ་མ་ཀཱ་ཏེ་རུ་རུ་ལུ་རུ་ལུ་ནི་ཧཱུཾ་བཛྲཱ་ན་ར་ཡ་ནི་ཛི། ཧཱུཾ་བཛྲ་བ་ཊ་ཀེ་ཛི། རྡོ་རྗེ་ཁྲོ་བོའིམཁའ་འགྲོམ་ལན་ཅིག་བཟླས་ཏེ་དགོད་པའམ་བྲི་བར་བྱའོ།། ་བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཀྱི་སྙིང་པོས་བཞུགས་སུ་གསོལ་ན།། དངོས་གྲུབ་ཐམས་ཅད་ལ་དོན་ཡོད་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ།། དེ་ནས་དམ་ཚིག་བརྗོད་པར་བྱ་སྟེ་སེམས་ཅན་མངལ་བདེ་ཕྱིར་དང་། ་བསྟན་པ་ཐམས་ཅད་འགྲུབ་པའི་ཕྱིར།། གདུག་པ་འདུལ་ལས་བསོད་ནམས་ནི།། འགྱུར་ཞེས་རྡོ་རྗེ་འཛིན་གྱིས་གསུངས།། དེ་ནས་བཅོམ་ལྡན་འདས་རྡོ་རྗེཧཱུ~ཾ་མཛད་ཀྱི་ཕྱག་རྒྱ་དང་བཅས་པའི་འཛུམ་མོ་སྦྱར་བར ་བྱའོ།། དེ་ནས་བཅོམ་ལྡན་འདས་གདུག་པ་ཐམས་ཅད་དང་། བདུད་ཐམས་ཅད་དང་འཇིག་རྟེན་གསུམ་པོ་ཐམས་ཅད་ཡང་དག་པར་འདུལ་བ་ཉིད་དུ་བྱིན་གྱིས་བརློབ་པར་མཛད་དོ།། དེ་ནས་དབང་བསྐུར་བ་རྒྱས་པ་ལ་སོགས ་བདེ་བཞིན་དུ་བྱས་ལ། རྡོ་རྗེ་ཁྲོ་བའི་ལས་བཞི་པ་བསླབ་པར་བྱ་སྟེ། ཕྱག་རྒྱ་རྣམས་ཀྱིས་སེམས་ཅན་རྣམས་རྒྱས་གདབ་པ་དང་། ཕྱག་རྒྱ་གཞིག་པ་དང་གསད་པ་དང་སླར་འཚེ་བ་བྱའོ།། གང་ལ་ཕྱག་རྒྱ་སྦྱར་བ་ནི་འཆི་བ ་འགྱུར་ན་དེ་ནི་གདུག་པ་ཡིན་པར་ཤེས་པར་བྱའོ།། དེ་ནས་འཚེ་བར་བྱེད་པའི་ཕྱག་རྒྱས་འཚོ་བར་བྱས་ལ།། ཤིན་ཏུ་བསྲུང་བ་རབ་ཏུ་སྦྱར་བ་བྱས་ན་ཤིན་ཏུ་བསྲུང་བ་ཡིན་པའི་ཕྱིར། གདུག་པ་རྣམས་སླར་ཡང་གནོད་པར་མི་བྱེད ་དོ།། དེ་ནས་བརྩམས་ཏེ་སློབ་མ་བཟང་།། རྡོ་རྗེ་ཚོགས་ནི་ཀུན་གྱིས་ཀྱང་།། མི་ཚུགས་པ་དང་མི་སོད་པར།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། དེ་ནས་འདིར་སྒྲུབ་བཤད་བྱསྟེ།། ཅི་བཞིན་སྐུ་ནི་དགེ་འདུན་དུ།། རྡོ་རྗེ་གསོར་ནི ་དང་པོར་ནི།། བཟླས་བརྗོད་སྟོང་ཕྲག་བརྒྱ་བྱའོ།། འབུམ་ཚད་ནས་ནི་སེམས་དཔའ་ཆེ།། རྡོ་རྗེ་སེམས་དཔའ་དང་མཉམ་མཆོག། རྡོ་རྗེ་ཁྲོ་བོ་རྒྱལ་པོ་མཆོག། རྒས་དང་འཆི་བ་མེད་པར་འགྱུར།། གདུག་པ་རྣམས་ནི་རྗེས་འདུལ ་ཞིང་།། སངས་རྒྱས་ཀུན་ལ་རབ་མཆོད་པར།། འཇིག་རྟེན་གསུམ་ནི་ལགས་སྣང་ཞིང་།། ཅིས་ཀྱང་འཇིགས་པ་མེད་པར་འགྱུར།། དེ་ནས་དེ་ཁོ་ན་ཉིད་ཀྱི་སྙིང་པོ་སྒྲུབ་པ་ནི།། འགྲེང་ངམ་ཡང་ན་འདུག་པའམ།། འགྲོའམ་ཉལ ་བར་བྱེད་པ་ནི།། ཅི་ལྟ་དེ་ལྟར་འབུམ་བཟླས་ན།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། འདི་ཡིས་འདོད་པའི་དབང་ཕྱུག་ཀུན།། འདོད་པ་ཙམ་གྱིས་འགྲོ་འོང་ལྡིང་།། དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ།། རྒས་དང་འཆི་བ་མེད ་པར་འགྱུར།། འགྲོ་བ་རྣམས་ཀྱི་མཆོད་པ་དང་།། རང་གི་ཉེ་རུ་རྣམས་ཀྱིས་བསྟེན།། གདུག་པ་ཐམས་ཅད་རྗེས་འདུལ་ཞིང་།། གང་ལ་འཇིགས་པ་མེད་པར་རྒྱུ།། ཞེས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོས་གསུངས་སོ།། ་དེ་ནས་ཕྱག་རྒྱའི་དམ་པ་སྒྲུབ་པ་ནི། ཅི་བཞིན་དུས་སུ་ཕྱག་རྒྱ་བ་ཅིང་།། བདག་ཉིད་ངེས་པར་བསྲེགས་ནས་ནི། སྲིད་ཉིད་དུའོ་ཆེན་པོའི།། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།། དེ་ནས་དམ་ཚིག་བསྒྲུབ་པ་ནི།། ་བདག་ནི་ཐམས་ཅད་བསར་བྱནས།། བརྗོད་ཅིང་ཕྱགན་རྡོ་རྗེ་ཡིས།། དམཚིག་ཕྱག་རྒྱ་བཅིངས་ནས་ནི།། བཟླས་ན་རྡོ་རྗེ་འཛིན་འགྲུབ་འགྱུར། དེ་ལ་མ་བསྒྲུབ་པ་ནི།། རྣམ་པ་བཞིར་ནི་བྱེད་ཅིང་།། ཁམས་ཅད་དབ་བའི་ཕྱིར ་བསན།། རྡོ་རྗེ་ལས་ཉིད་ཐེབ་པར་འགྱུར།། རྔུབ་པཆེན་པ་ཆག་རྒྱས་པའི་རྒྱུད་དོ།། དེ་ནས་དང་ས་གྲུབ་སྒྲུབ་པ་ནི།། རྡོ་རྗེ་ཁྲོ་མཆོག་རྒྱལ་པོ་ལ།། ལས་ཀྱི་རྒྱུད་ནི་དམ་པ་ས།། གོ་རིམས་བཞིན་དུ་བཤད་པརཿ།། འདི་ས་སྟེ་ཐམས་ཅད ་བཐེག་པ་དང་བསྐྲད་པ་དང་གཞིག་པ་དང་རེངས་པར་བྱ་བ་དང་གཉིད་ལོག་པར་བྱ་བ་དང་རྒྱས་གདབ་པ་དང་། རྨོངས་པ་དང་གཞིག་པ་དང་བཅིངས་པ་དང་། གཟིར་བ་དང་དྲལ་བ་དང་བརྡེག་པ་དང་འབར་བ་དང་བསྒྱེལ་བ་དང་བཙོ་བ་དང ་གཅད་པ་དང་དགུག་པ་དང་ཕྱེ་མར་བྱ་བ་དང་གཏོར་བ་དང་རྣམ་པར་གནོམ་པ་དང་རིམས་དང་དུག་དང་གདོན་གྱིས་ཟིན་དུ་གཞུག་པ་དང་། སྦྱོར་བ་བྱ་བ་དང་བསད་པར་བྱ་བ་ལ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱིས་སོ།། ཐམས་ཅད་འདུག་པར་བྱ་བ་དང ་ན་གེས་པར་དཀོད་པ་དང་གར་བྱེད་དུ་གཞུག་པ་དང་གླུ་ལེན་དུ་གཞུག་པ་དང་བརྒྱལ་དུ་གཞུག་པ་དང་བརྩེར་གཞུག་པ་དང་ཧ་ཧ་ཞེས་རྒོད་དུ་གཞུག་པ་དང་འཁོར་བ་དང་དྲང་བ་དང་འོད་དུ་གཞུག་པ་དང་ནུབ་པར་བྱ་བ་དང་དབྱུང་བ་དང་འཕང ་པ་ཨ་དང་ཉེ་བར་གདེགས་པར་བྱ་བ་དང་བསྒྱུར་བ་དང་ང་རོ་འདོན་པར་བྱ་བ་དང་ངུར་གཞུག་པ་དང་རང་ཉིད་བརྡེག་པར་བྱ་བ་དང་འཆིང་བར་བྱ་བ་དང་སྐྲ་འབལ་བར་བྱ་བ་དང་ཞེ་འགྲས་པར་བྱ་བ་དང་གོས་བཤུ་བ་དང་ཁྲོ་བ་འབར་བར་བྱ་བ་ལ་ནི་ཁྲོ ་བོའི་གདན་གྱིས་ཕྱག་རྒྱས་སོ།། ཐམས་ཅད་དགུག་པ་དང་གཞུག་པ་དང་དབབ་པ་དང་བྲི་སེ་ན་བསྒྲུབ་པ་དང་བདེན་པར་སྨྲ་བར་བྱ་བ་དང་སྒྱུ་མ་སྟོན་པ་དང་ལན་སྟོན་པ་དང་དུས་ཚིགས་ཀྱི་འཁོར་ལོ་ཡོངས་སུ་བཟློག་པ་དང་རུས་མ་ཡིན། ་པར་ཤིང་ལས་མེ་ཏོག་དང་འབྲས་བུ་སྨིན་པར་བྱེད་པར་སྟོན་པ་དང་འབྲུ་ཐམས་ཅད་ཡང་དག་པར་སྟོན་པར་བྱ་བ་དང་རིམས་དང་སྦྱར་དུག་དང་དུག་དང་མཁའ་གྲོ་མ་ལས་ཐར་བར་བྱ་བ་དང་གཡུལ་འགྱེད་པ་ཐམས་ཅད་ལས་ཐར་བར་བྱ་བ ་དང་གཞན་གྱི་དཔུང་གཞོམ་པ་དང་ཕྱོགས་དང་མཚམས་དང་དཀྱིལ་འཁོར་བཅིང་བ་དང་ཤིན་ཏུ་བསྲུང་བ་དང་ཡོངས་སུ་སྐྱོབ་པར་བྱ་བ་དང་ཐར་བར་བྱ་བ་དང་བསླང་བ་དང་དབང་དུ་བྱ་བ་ལ་ནི་ཁྲོ་བོ་ཆེན་པོ་སྣ་ཚོགས་གྲུབ་པས་སོ།། ་ལྷ་ལ་སོགས་པ་ཐམས་ཅད་ལྟུང་བར་བྱ་བ་དང་ཀླུ་གདོན་པ་དང་གནོད་སྦྱིན་རྗེས་སུ་འབྲང་བར་བྱ་བ་དང་སྲིན་པོ་སྐྲག་པ་དང་མཁའ་འགྲོ་མ་ལ་སོགས་པའི་གདོན་ཐམས་ཅད་ལ་པ་དང་བདུད་ཀྱི་དཔུང་ཐམས་ཅད་གནོམ་པ་དང་མ་མོ་རྣམས ་ག་དུལ་བ་དང་གདུག་པའི་ཚོགས་རྣམ་པར་གཏོར་བ་དང་གདུག་པ་རྣམས་ཚར་གཅད་པ་དང་འདུམ་པ་དང་འཇིགས་པ་མེད་པ་ཡང་དག་པར་བསྐྱེད་པ་དང་ནོར་བུ་བཟང་པོ་དབང་དུ་བྱ་བ་དང་ནོར་སྤྲིན་ལས་ནོར་ཐམས་ཅད་དབྲོག་པ་དང ་ར་ནམ་ཐོས་སྲས་མནན་ནས་དཔལ་དྲང་པ་དང་ལྷའི་བུ་མོ་གཞོན་ནུ་མ་ཐམས་ཅད་དང་རྩེ་འཇོ་བྱ་བ་དང་བརྒྱ་བྱིན་མནན་ནས་བདེ་སོགས་མ་དབྲོག་པ་དང་སྐེམ་བྱེད་ཚར་གཅད་པ་དང་ཚངས་པ་ལྟུང་བར་བྱ་བ་དང་ཁྱབ་འཇུག་འདུལ་བ་དང ་ད་བང་ཕྱུག་ཆེན་པོ་ལས་རྣམ་པར་རྒྱལ་བ་དང་འདོད་པའི་དབང་ཕྱུག་མནན་ནས་དགའ་བ་མོ་དབྲོག་པ་དང་རྡོ་རྗེ་བསྒྲུབ་པ་དང་བྱང་ཆུབ་ཆེན་པོ་བསྒྲུབ་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པ་བྱ་བ་དང་དགུག་པ་དང ་གཟུག་པ་དང་དམ་ཚིག་གིས་བཅིང་བ་དང་དབང་དུ་བྱ་བ་བསྒྲུབ་པ་ལ་ནི་རྡོ་རྗེ་ཁྲོ་བོ་ཆེན་པོ་རྒྱལ་པོ་དམ་པའི་དངོས་གྲུབ་གྱིས་སོ་ནས་ཀྱང་གསུངས་སོ།། ལན་ཅིག་བཟླས་པས་མཆོག་གྲུབ་པ།། ཐོག་མའི་རྩ་སྙིང་བཟང་ལན་ཅིག། ་དེའི་འོག་ཏུ་ཁྲོ་གཉེར་གྱིས།། བསྒྲུབ་བྱ་ཐམས་ཅད་དགུག་པ་ཡིན།། དཔལ་མཆོག་དང་པོའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་རྡོ་རྗེ་མེ་དང་ཉི་མ་ལྟར་རབ་ཏུ་འབར་བའི་རྟོག་པའི་ཆོ་གའི་རྒྱས་པའོ།།།། དེ་ནས་ཏིང་འཛིན་ཐམ ་ཅད་ནི།། རྣམ་དག་མཆོག་གི་ཆོས་ཉིད་ལས།། སྤྱན་རས་གཟིགས་དབང་ཆེན་པོ་ནི།། རྡོ་རྗེ་སེམས་དཔའི་རྩི་ཆེན་ཡིན།། གདུག་པ་ཐམས་ཅད་འདུལ་དོན་དུ།། རང་རིགས་རིན་པོ་ཆེ་སྐྱེ་ན།། སངས་རྒྱས་ཀུན་གྱི་ཁྲོབ་ཆེས ་ཐབས་མེད་པས་ནི་ཐབས་ཡིན་ནོ།། འདོད་ཆགས་ལ་སོགས་ཀུན་བསགས་པས།། མ་དག་སེམས་ཅན་ཁམས་རྣམས་ནི།། དེ་རྣམས་ལ་ནི་རབ་སྤྱོད་པར།། སྐྱེས་བུ་མཆོག་ནི་རྣམ་པར་མཁྱེན།། མཆོག་ཏུ་མི་འདུལ་བ་ཉིད་ཀྱིས།།། ་སངས་རྒྱས་ཀྱང་ནི་མངའ་མི་མཛད།། འཇིག་རྟེན་ཀུན་ན་འཇིག་རྟེན་མཆོག། རང་སྙིང་བཟང་པོ་ལ་སྙོམས་ཞུགས།། དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཆོས་ཐམས་ཅད་རང་བཞིན་གྱིས ་ར་ནམ་པར་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་གང་ལ་གཟིགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཁམས་གསུམ་པ་ཐམས་ཅད་ཀྱི་དབང་ཕྱུག་ཐམས་ཅད་ཉིད་ཐུགས་སུ་ཆུད་པར ་གྱུར་པའོ།། སྙེམས་པས་པད་མ་གཡོན་པ་ནི།། གཟུང་སྟེ་འདབ་མ་འབྱེད་མཛད་པས།། ཅི་ནུས་པའི་ཏིང་འཛིན་གྱིས།། རང་བཞིན་གྱིས་ནི་གཟིགས་པར་མཛད།། ཅི་ལྟར་པད་མ་དམར་པོ་འདི།། ཚོན་གྱི་ཉེས་པས་མི་གོས་པ།། གནས ་ཀྱི་ཉེས་པ་སྣ་ཚོགས་པའི།། ཁམས་གསུམ་པ་ནི་དེ་བཞིན་དག། འདི་ལ་གཟིགས་པ་ལ་སོགས་པས།། རྒྱལ་བ་རྣམས་ནི་དབང་པོར་གྱུར།། དེ་ཡིས་རྡོ་རྗེ་སེམས་དཔའ་ནི།། སྤྱན་རས་གཟིགས་ཀྱི་དབང་ཕྱུག་གྱུར།། དེ་བས་སྒོམ ་རིའི་སྟེ་། གང་རློམས་པས་བསྒོམས་པ་ནི། རྗེ་ཆ་བ་ཆེད་པནི། ད་མ་ཆེན་པོ་ཆ་བར་འགྱུར།། སེ་རླུངས་རི་ཡི་དང་པོ་ནི། རྟུལ་པོ་ཆེད་མངས་མཉམ་།། སྙེམས་པ་གཡོན་པའི་དམཆོག་གི།། བས་པ་མཆོག་རྣམ་པ་ད་ཟིགས། དེན་ད་མ། ནན་པོ་མཆོག་ཛིན་པ། ས་རྒྱ་འདོགས་གྲུ་འི། ན་ནི་རུང་དི་ཤོག ་གྲོས་ཆོས་འདུབ་དང། ཞུགས་པར་དུ་བྲིས་བྱ། ཀྱི་འཁོར་ཆེན་པོའི་ཚུལ་གྱི་ནི།། དེ་ལ་པདྨ་གེ་བ་དེར།། གྲོ་ཐམས་ཅད་ནམ་སྦྱོ་བའི།། ཚུམ་གྱི་འདུས་བར་མ་དད་པ་ནི། ངད་མའི་གིས་མཆོག་སྟོན་པའི་ཕྱི། ལ་བ་རྣམས་ཀྱིས་གསོལ་བ་བཏག། དེན་ཐམས་ཅད་དུས་མཛད་ཅིང་།། ཤི་ཏུདཀ་བ་ཆོས་འཛིན་པ།། རྡོ་རྗེ་ཚེས་སྟི་རང་རྒྱལ་པོ།།། ་འཇིག་རྟེན་དབང་པོས་བཀའ་སྩལ་པ།། ཕྱི་ནི་དཀྱིལ་འཁོར་ཆེན་པོ་ལ།། པད་མ་འདབ་མ་བརྒྱད་པ་བྲི།། དེའི་དབུས་སུ་སྤྱན་འཛུམ་པ།། འཇིག་རྟེན་དབང་ཕྱུག་དགོད་པར་བྱ།། གསེར་སྦྱངས་ལ་བུའི་པད ་མནི།། གཡོན་སྙེམས་ཚུལ་གྱིས་གཟིགས་མཛད་པ།། རྒྱལ་མཚན་ཀུན་གྱིས་རྣམ་པར་སྤྲས།། སངས་རྒྱས་སྐུ་མཆོག་སྤྱི་བོར་བཞུགས།། དེ་ཡི་ངོས་ནི་ཐམས་ཅད་དུ།། སངས་རྒྱས་སུནི་བརྒྱད་པོ་བྲི།། རང་གི་ཏིང ་འཛིན་པད་མཆེའི།། ཏིང་ངེ་འཛིན་ལ་རྣམ་པར་གཟིགས།། འཇིག་རྟེན་དབང་པོའི་གཟུགས་ལོགས་སུ།། སངས་རྒྱས་ལ་སོགས་རིགས་ཀྱི་ལྷ།། ཞི་བསྲེད་མེད་བུ་ཚངས་པ།། འདོད་པའི་གཟུགས་ནི་པད་མ་ཅན།། སྤྱི་བོར ་ཞིང་མགྲིན་འདེགས་པ།། རྟ་མགྲིན་ལྕགས་ཀྱུ་བཅིངས་ནས་ནི།། ཆོས་ཀྱི་ཚིག་གིས་སྤྱན་དྲངས་བྱ།། དེ་ནས་པད་མའི་སྙིང་པོ་ནི།། སརྦ་ཏ་ཐཱ་ག་ཏ་པད་མཛ། ཧཱུཾ་བཛྲ་པད་མ་ཧེ་པད་མ། པད་མ་བ་ཧོ་པད་མ་ནི་རཱ་ཛ། དེ་ནས་འཚམས ་རྣམས་སུན།། ཧཱུཾ་པད་མེ་ཙཎ་ཊེ་ཤར་ཏྣ། ཧེ་མ་ཧཱ་བི་ཤྲ་པད་མ་ཙུ་ར་ཎེ་སིདྷཙྪ། མཊ་ཧྲཱིཿཔད་མ་པད་མོ་ཧཱུ་ཨ། ཧོ་པད་མ་ཨ་ཤྭ། ཀྲ་མ་ཀྲ་མ་དྷུ་ཛ། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། ཆོ་ག་རྒྱས་པ་བྱས་ནས་ནི།། པད་མཚན ་པོ་མ་ཏོག་བཅས།། མ་ཡེངས་ཡིད་ཀྱིས་ཕྱག་བྱའོ།། དཀྱིལ་འཁོར་ཞུགས་ནས་ཏིང་ངེ་འཛིན།། ལས་བྱུང་གཟུངས་འདི་བརྗོད་པར་བྱ།། ཨོཾ་བི་ཤོདྷ་ཡ། མ་ཆུས་ནི་བུད་དྷ་མཧཱསཏྭ། དྷ་ཏྱ་ས་མསཿ། རཱག་དིས་ཉཙ་ཡ་ཙི ་མེསརྦདྷ་མེ་བཛྲན་ཅི་ཏེ་མ་ས་རྦ་དྷ་མ་མྱ་ཛིན།། གཟུངས་ཀྱི་ཕྱག་རྒྱགས་ན་ནས་ནི།། དགྱེས་པར་པད་མ་འཛིན་པ་གྲུབ།། དེ་ནས་འཛུབ་མོ་ལྤགས་ཀྱུར་བཅིང་།། ཆོས་ཀྱི་ཚིག་གིས་ལེགས་སྤྱན་དྲང་།། ཨོཾ་སརྦཏ་ཐཱ་ག་ཏ་ཨཿ ་ལོ་ཀི་ཤྭ་བོད་མ་ཧ་ཏ། ཡ་ཧི་ཤཱི་གྷྲི་མེ་མཱ་བཛྲ་མུ་ཏྲ།། ཨ་གཽ་ཤྱ་ས་བེ་ས་མ་ཡེ་རབ་དྷ་བི་ཤི་ཀེ་མི། ཛ་ཧཱུ~ཾ་བི་ཏོ། ཤོ་དྷ་ཡ་སརྦ་སཱ་དྷ་ཡ་བ་མ་མ། མ་ཧཱ་བཛྲ་དྷ་ར་སྟོ།། དེ་ནས་འཇིག་རྟེན་མགོན་པོ་མཆོག། འཇིག་རྟེན་འཛིན་པ ་རང་ཉིད་བྱོན།། འཇིག་རྟེན་ཀུན་མཆོག་འགྲུབ་འགྱུར་བའི།། ཏིང་འཛིན་ཆོག་ངེས་པར་མཛད།། དེ་ནས་དེ་བཞིན་སློབ་མ་རྣམས།། གཞུག་པའི་ཆོག་རྒྱས་པ་རྣམས།། དངོས་གྲུབ་ཐམས་ཅད་སྦྱིན་པ་ཡི། ་ཤེས་དག་ནི་བསླབ་པར་བྱ།། ཏིང་འཛིན་སྙིང་པོ་འདི་ཡི་ནི།། བསྒྲུབ་པ་ཆེན་པོ་གདོད་ནས་བྱུང་།། འཇིག་རྟེན་ཀུན་གྱི་དབང་ཕྱུག་ཉིད།། གོ་རིམ་བཞིན་དུ་བཤད་པར་བྱ།། བུད་མེད་རྣམས་ཀྱི་ནང་ཞུགས་པའམ།། ་གདུག་པ་རྣམས་ཀྱི་ནང་ཆུང་བའམ།། གང་ཡང་རུང་བ་འདུག་ནས་ནི།། པད་མ་ཆེན་པོ་ཡོངས་སུ་བཟུང་།། དུས་དང་སྟོབས་ནི་ཅི་བཞིན་དུ།། ཉིན་རེ་ཅི་ནུས་བསྒྲུབ་པར་བྱ།། ཆོ་ག་འདི་ཡིས་ཚེ་འདི་ལ།། མྱུར་དུ་མཆོག་ནི ་འགྲུབ་པར་འགྱུར།། འདོད་ཆགས་ཀུན་གྱི་བདེ་མྱུར་བར།། འདོད་པ་ཙམ་གྱིས་འགྲེ་འོང་ལྡིང་།། འཇིག་རྟེན་ཀུར་གྱི་དབང་ཕྱུག་རྒྱ་ལ།། རྒ་དང་འཆི་བ་མེད་པར་འགྱུར།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད།། ་ཕྱག་ན་རྡོ་རྗེ་ཉིད་དང་ནི།། དངོས་གྲུབ་ཀུན་གྱི་མཐའ་ཡས་མཆོག། ཚེ་འདི་ཉིད་ལ་ཐོབ་པར་འགྱུར།། དེ་ནས་ཕྱག་རྒྱ་བ་སྒྲུབ་པ་ནི།། ཕྱག་རྒྱ་བཅིངས་ཏེ་ཏིང་འཛིན་གནས།། དངོས་གྲུབ་ཆེན་པོ་ཉིད་ཐོབ་བོ།། དམ་ཚིག ་དམ་ཚིག་མཆོག་གིས་སྟེ།། ལས་ནི་ལས་མཆོག་ཕྱག་རྒྱས་སོ།། བསྒྲུབ་པ་ཆེན་པོ་ཆོ་གའི་རྒྱུད་དོ།།།། དེ་ནས་དངོས་གྲུབ་མ་གྲུབ་པའི།། ཏིང་འཛིན་ལས་ནི་འདྲེན་མ་དག། དང་པོར་ཏིང་འཛིན་གྲུབ་པ་ནི། ་གོ་རིམས་བཞིན་དུ་རབ་བཤད་བྱ།། འདི་ལྟ་སྟེ་སྒྲིབ་པ་ཐམས་ཅད་དང་སྡིག་པ་དང་རྨི་ལམ་ངན་པ་དང་ལྷས་ངན་པ་དང་ཡམས་དང་འཚེ་བ་དང་ནད་འགོ་བ་དང་ཉོན་མོངས་པ་དང་དུས་མ་ཡིན་པར་འཆི་བ་དང་འཇིག ་པ་དང་སྐྲག་པ་དང་རྩོད་པ་དང་འཐབ་པ་དང་བྱིས་པའི་གདོན་དང་དམུ་རྒོད་དང་ཉོན་མོངས་པ་དང་ངལ་བ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་དབུལ་བ་དང་རྒྱས་པ་དང་རེག་ན་མི་བདེ་བ་དང་སྐལ་པ་ངན་པ་དང་། ནད་མེད་པ་མ་ཡིན་པ་དང་ནོར་རླག་པ་རྣམས་ལ་ནི། ་པད་མ་ཆེན་པོ་ཞི་བས་སོ།། རླུང་དང་མཁྲིས་པ་དང་ཁྲག་དང་བད་ཀན་དང་འདུས་པ་དང་མ་ཞུབ་པ་དང་རིམས་དང་སྦྱར་བའི་དུག་དང་དུག་དང་མཛེ་དང ་འ་བྲམ་བུ་ཕྲ་མོ་དང་གཡན་པ་དང་རྐང་ཤུ་དང་སྨན་དང་ཆུ་འདི་མུ་རྫིང་དང་མཚན་མར་རྡོལ་དང་ཤ་བ་ཀྲག་དང་ཟད་བྱེད་དང་ཁྲག་ཟད་པ་དང་ཁུ་བ་ཟད་པ་དང་ནད་ཐམས་ཅད་དང་གནོད་པ་དང་གནོད་བྱེད་དང་གདོན་དང་ཕྲ་མེན ་རྣམས་གསོ་བ་ལ་ནི། པད་མ་ཆེན་པོ་སྨན་གྱི་ཕྱག་རྒྱས་འཛིན་པས་སོ།། ཐམས་ཅད་རྡོ་རྗེར་བྱས་པ་དང་ཆོས་དང་ཆོ་ག་དང་གཙུག་ཏོར་དང་གཙུག་ཕུད་དང་མཚམས་དང་ཕྱོགས་དང་དཀྱིལ་འཁོར་དང་ས་དང་ནམ་མཁའ་དང་རྡོ་རྗེའི ་ག་དན་དང་ཁང་པ་ཆེན་པོ་དང་རྡོ་རྗེ་ར་བ་དང་མེ་འབར་བ་དང་ཐལ་བའི་ར་བ་དང་རྡོ་རྗེ་དང་རི་བོ་དོན་ཡོད་པ་ལ་སོགས་པ་དང་སྲད་བུས་ཡོངས་སུ་བསྐོར་བ་དང་ཕུར་བུས་གདབ་པ་དང་ཟས་དང་བཏུང་བ་དང་གོས་དང་རྒྱན་དང་ཕྱག་རྒྱ་དང ་བསྲུང་བ་ལ་ནི་པད་མ་ཆེན་པོ་ཐམས་ཅད་བསྲུང་བས་སོ།། ཚྭ་ཐམས་ཅད་དང་སྟོབས་དང་ཁ་དོག་དང་གཟི་བརྗིད་དང་མདངས་དང་ལང་ཚེ་དང་བརྩོན་འགྲུས་དང་སྤྲོ་བ་དང་ནད་མེད་པ་དང་དཔལ་དང་སྐལ་པ་བཟང་པོ་དང་ནོར་དང་འབྲུ ་དང་དབང་ཕྱུག་དང་འབྱོར་པ་དང་དངོས་གྲུབ་དང་བློ་དང་རྙེད་པ་དང་བཀྲ་ཤིས་པ་དང་མིང་དང་གྲགས་པ་དང་སྙན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དམ་པ་འགྲུབ་པ་ལ་ནི་པད་མ་ཆེན་པོ་མཆོག་གྲུབ་པས་སོ།། དཔལ་མཆོག་དང ་པོའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས། ཆོས་ཐམས་ཅད་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེའི་ཆོ་ག་རྒྱས་པའོ།།།། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཐམས་ཅད་མི་འགྱུར་ནམ་མཁའ་ཚེ།། ཐམས་ཅད་དབང་བསྐུར་ཀུན་གྱི ་དོན།། ཀུན་དབང་རིན་ཆེན་ཐམས་ཅད་འཛིན།། ཏིང་ངེ་འཛིན་གྱིས་བྱིན་གྱིས་རླབས།། དྲག་པོ་ཆེན་པོ་རབ་སད་མཛད།། ཆོས་རྣམས་ལ་ནི་རྣམ་གཟིགས་པས།། ཀུན་དོན་དབང་ཕྱུག་གདོད་ནས་བྱུང་།། ཉི་ཟླ་དང་ནི་གཟའ་སྐར་ཅན།། ་ནམ་མཁའ་ཉིད་དུ་གྱུར་པ་ཡིན།། དེ་ནས་རིན་ཆེན་ཏིང་འཛིན་ནི།། ངེས་པར་རྡོ་རྗེ་ཅན་དུ་བརྗོད།། དེ་ནས་ནམ་མཁའ་རྡོ་རྗེ་ཉིད།། ལྗང་སྔོན་བཱི་དུརྱ་མཉམ་མདངས།། རྡོ་རྗེ་རིན་ཆེན་བསྣམས་དགེ་བ།། ནམ་མཁའི ་སྙིང་པོར་ཡང་དག་གྱུར།། དེ་ནས་བཅོམ་ལྡན་ཐོག་མ་འདི།། མཛོད་སྤུ་ཀུན་གྱི་གནས་ན་བཞུགས།། ཏིང་འཛིན་ལ་ནི་རྣམ་གཟིགས་པས།། འཇིག་རྟེན་དབང་ཕྱུག་བདག་པོ་ཉིད།། སངས་རྒྱས་ཐམས་ཅད་སྲས་བཅས་དང་།། ་དེ་བཞིན་རྡོ་རྗེ་འཛིན་པ་མཆོག། རྡོ་རྗེ་རིན་ཆེན་དེ་ཡིས་ནི།། ཀུན་རིག་ཀུན་གྱི་དབང་སྐུར་དང་།། བསམ་པ་ཐམས་ཅད་རྫོགས་བྱའི་ཕྱིར།། ཀུན་མཆོག་ཀུན་ལ་དབང་བསྐུར་ནས།། ཤིས་པ་བརྗོད་པ་འདི་གསུངས་སོ།། ཨོཾ་སརྦ་བརྠ ་སཏྭ་ཨ་ཏི་པ་ཏི་ཏྲ་མ་ཨ་བྷི་ཥིཉྩ་མི་བྷུ་ར་བུབས།། དེ་ནས་བཟང་པོས་འདི་གསུངས་ཤིང་།། ལེགས་པར་ཤིས་བརྗོད་དབང་བསྐུར་བས།། རྡོ་རྗེ་རིན་ཆེན་ཆེད་དེ་ལས།། ཆོས་ཀྱི་གཙོ་བོར་བྱུང་བར་གྱུར།། བྱུང་ནས་འགྲོ་བ་ཐམས ་འདི་ག་པ་ནི་དང་ཤུ་ན།། ན་ས་སུནས།། སླར་ཡང་དཀྱིལ་འཁོར་ཚུལ་གྱིས་བཞུགས།། བདེ་གཤེགས་ཀུན་གྱིས་བྱིན་བརླབས་པས།། རྡོ་རྗེ་རིན་ཆེན་བླ་ན་མེད།། ཤིན་ཏུ་དབང་ཕྱུག་ཆེན་པོའི་མཆོག། དངོས་གྲུབ་གསོལ ་བའི་རྟོག་པ་གསུངས།། དཀྱིལ་འཁོར་ཆེན་པོ་ཕྱི་རོལ་ནི།། ནམ་མཁའི་འཁོར་ལོ་ནམ་མཁའི་མདོག། ཉི་མ་ཟླ་བ་སྐར་མ་དང་།། གཟའ་རྣམས་ཀྱིས་ནི་བརྒྱན་པ་བྲི།། དེ་དབུས་ནམ་མཁའ་སྙིང་པོ་ནི།། བདག་ཉིད་ཐམས་ཅད ་དགྱེས་པ་གཞག། དག་པའི་བཻ་དཱུརརྱ་མདོག་འདྲ།། འོད་ཟེར་འབར་བ་སྣ་ཚོགས་འཁྲུག། གཡོན་པ་རིན་ཆེན་ཐུགས་ཀར་སྟོང་།། གཡས་པས་ནོར་ཆེན་རབ་སྩོལ་བ།། དེའི་ངོས་སུ་སེམས་དཔའ་མཆོག། བཞི་པོ་གཟུངས ་བཅས་དམ་པ་ཡིན།། དབང་བསྐུར་བ་དང་གཏེར་ཉིད་དང་།། ནོར་བུ་ཆེན་པོ་བླ་མེད་དང་།། འབྱོར་པ་དཔལ་ནི་ཕུན་སུམ་ཚོགས།། རང་གི་མཚན་མས་མཆོད་པས་ནི།། དེ་ལ་དེ་དག་གི་སྙིང་པོ་འདི་ཡིན་ཏེ།། བཛྲ་ཨུ0f7fཱཛྲ་བཛྲ་རང ་ནཧཱུཾ། བཛྲ་དྷརྨ་བཾ། བཛྲ་ཀ་ར་མ་ཧོ། དེ་ནས་གཟུངས་རྣམས་ཀྱི་སྙིང་པོ་བཤད་དེ།། ཨོཾ་པྲ་ཏི་བཛྲི་ཎི་ཕཊ། ཨོཾ་བཛྲེ་སྲི་ཏི་ཧི་ཏྲི། ཨོཾ་ཙན་དྷ་མ་ནི་ཏོ།། ཨོཾ་བཛྲ་མ་ཧཱ་མ་ཧེ་ཧ་མ། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། ཆོ་ག་རྒྱས་པ་ཅི་བཞིན ་བྱ།། ནོར་བུའི་ཁུ་ཚུར་གྱིས་བཞུགས་ལ།། མཁའ་སྐྱེས་ལ་ནི་མགོས་ཕྱག་བྱ།། གཞུགས་ནས་ནམ་མཁའ་མཁས་པ་ཡི།། དམ་ཚིག་དམ་པ་བརྗོད་པར་བྱ།། ཁྱེད་ནི་ནམ་མཁའ་ལས་བྱུང་བའི།། ཐམས་ཅད་ཀྱི་ནི་ལྔ་པ་ཡིན།། ་ཨོཾ་སིད་དྷ་ཧཱུ~ཾ་དྷུ། སིད་དྷ་བྷུ་བ། སིད་དྷསྭ། སིད་དྷ་མ་ཧཱ་བཛྲ་རད་ན། བཱ་ཥཱ་ཊ་ཊ་ཏྲཾ།། འདི་ནི་བཟླས་པ་ཙམ་གྱིས་ནི།། མཁའ་སྙིང་དངོས་གྲུབ་ཐམས་ཅད་དང་།། ཕྲན་ཚོགས་ཀུན་ལ་ཤིན་ཏུ་ནི།། འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད། ཅེས ་བཅོམ་ལྡན་འདས་རིན་ཆེན་བླ་ན་མེད་པས་གསུངས་སོ།། དེ་ནས་ནོར་བུ་ཁུ་ཚུར་གྱི་ལྕགས་ཀྱུས་དགུག་པར་བྱའོ།། ཨོཾ་བྷུ་རཱ་ཡ་དཱི་ཛཱ་བྷུ་བ་པྲ་བི་ཤ་ཧཱུཾ་སཱ། གྲིཧྞཱ་བཾ་བ་བ་ཊ་ཊ་སིད་དྷ་ཏོ་ཏྲཾ།། དེ་ནས་བཅོམ་ལྡན་མྱུར་དུ་ནི། ་བྱོན་ནས་དངོས་གྲུབ་ཐམས་ཅད་ནི།། འབྱོར་པ་ཤིན་ཏུ་གཡོ་བ་ལ།། དོན་ནི་རབ་ཏུ་འགྲུབ་པར་འགྱུར།། དེ་ནས་སློབ་མས་ཕྱག་རྒྱ་ནི།། མེ་ཏོག་བཅས་པ་མཆོག་གིས་གཞུག། བཅུག་ནས་དེ་ཉིད་མཆོག་བསྙིང་པོ།། བདེན་པ་ལན ་ཅིག་བརྗོད་དུ་གཞུག། དེ་ནས་འབྱོར་པའི་མཆོག་བརྟག་པ།། དཔལ་གྱི་ཕུན་ཚོགས་མཆོད་པ་ཆེ།། འཇིག་རྟེན་མཆོག་གི་དངོས་གྲུབ་རྣམས།། བདེ་བར་གཤེགས་པ་དེ་བཞིན་འཐོབ།། དེ་ནས་དེ་ཕྱིར་བསྒྲུབ་པ་བཤད།། ་རྡོ་རྗེ་རིན་ཆེན་རྒྱལ་མཆོག་གིས།། དཔག་མེད་ཟློས་པས་བསྒྲུབ་བྱ་ཞིང་།། འདི་ཡིས་སྐྱེས་མཆོག་འདི་ཉིད་ལ།། འདོད་ཆགས་འགྲོ་དང་འོང་བར་འགྱུར།། རིན་ཆེན་ཀུན་གྱིས་དབང་ཕྱུག་རྒྱལ།། རྒ་དང་འཆི་བ་མེད་པར་འགྱུར།། ་དངོས་གྲུབ་ཀྱི་དམ་པ་ཐམས་ཅད་ཀྱང་དེ་བཞིན་ནོ།། ཕྱག་རྒྱ་བསྒྲུབ་པ་ནི་དགའ་བ་ཉིད་ཀྱིས་སོ།། དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་ནི།། དམ་ཚིག་གི་ཁུ་ཚུར་གྱིས་སོ།། དེ་བཞིན་དུ་ལས་བསྒྲུབ་པ་ནི་དངོས་གྲུབ་བླ་ན་མེད ་པ་ཡིན་ནོ་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་ཉིད་དེའི་རྒྱུད་དོ།། དེ་ནས་ཕྱི་རོལ་ལས་རྣམས་ཀྱི། རབ་འབྱམ་རྒྱུ་ནི་དམ་པ་དང་།། དངོས་གྲུབ་ཆེན་པོ་ཀུན་བསྒྲུབས་པ།། གོ་རིམས་ཅི་བཞིན་རབ་བཤང་བྱ།། འདི་ལྟ་སྟེ་དབྱོར་པ ་ཏ་ཧམས་ཅད་དགུག་པ་དང་གཞག་པ་དང་བཅིང་བ་དང་དབང་དབྱ་བ་དང་དབྲོག་པ་དང་བསག་པ་དང་ལེན་པ་དང་འདྲེན་པ་དང་འགུགས་པ་དང་གཏོང་བ་དང་གཞག་པ་དང་འཕེན་པ་དང་འདེགས་པ་དང་འབེབས་པ་དང་བརྡེག་པ ་ད་ཨང་སྦྱང་བ་དང་རྙེད་པ་དང་ཉོ་བ་དང་བཙོང་བ་དང་ཀུན་ཏུ་འགྲེང་པ་དང་ཉེ་བར་དགོད་པ་དང་བརྟན་པར་བྱ་བ་དང་རྡོ་རྗེར་བྱ་བ་དང་འབྱོར་པ་ཐམས་ཅད་བསྒྲུབ་པ་དང་འབྱོར་པའི་ཐམས་ཅད་ཀྱི་མཆོག་སྒྲུབ་པ་ལ་རྡོ་རྗེ་རིན་ཆེན་གྱི་དབང ་བསྐུར་བས་སོ།། དཔལ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་བ་དུ་བྱ་བ་དང་དབྲོག་པ་དང་བསག་པ་དང་ལེན་པ་དང་འདྲེན་པ་དང་འགུགས་པ་དང་གཏོང་བ་དང་གཞིག་པ་དང་འཕེན་པ་དང་འདེགས་པ་དང་འབེབ ་པ་ཨ་དང་བརྡེག་པ་དང་སྦྱར་བ་དང་རྙེད་པ་དང་ཐོ་བ་དང་བཙོང་བ་དང་ཀུན་ཏུ་འགྱེད་པ་དང་ཉེ་བར་དགོད་པ་དང་བརྟན་པར་བྱ་བ་དང་རྡོ་རྗེར་བྱ་བ་དང་འབྱོར་པ་ཐམས་ཅད་སྒྲུབ་པ་དང་འབྱོར་པ་ཐམས་ཅད་ཀྱི་མཆོག་སྒྲུབ་པ ་ལནི་རྡོ་རྗེ་རིན་ཆེན་དཔལ་གྱིས་སོ།། ཕུན་སུམ་ཚོགས་པ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་དབྲོག་པ་དང་བསག་པ་དང་ལེན་པ་དང་འདྲེན་པ་དང་འགུག་པ་དང་གཏོང་བ་དང་བཞིག་པ་དང་འཕེན ་པ་ཨ་དང་འདེགས་པ་དང་འབེབས་པ་དང་བརྡེག་པ་དང་སྦྱང་བ་དང་རྙེད་པ་དང་ཉོ་བ་དང་བཙོང་བ་དང་ཀུན་ཏུ་འགྱེད་པ་དང་ཉེ་བར་དགོད་པ་དང་བརྟན་པར་བྱ་བ་དང་རྡོ་རྗེར་བྱ་བ་དང་འབྱོར་པ་ཐམས་ཅད་བསྒྲུབ་པ་དང་འབྱོར་པ་ཐམས་ཅད་ཀྱི ་མཆོག་སྒྲུབ་པ་ལ་ནི། རྡོ་རྗེ་རིན་ཆེན་ཕུན་སུམ་ཚོགས་པས་སོ།། མཆོད་པ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་དབྲོག་པ་དང་བསག་པ་དང་ལེན་པ་དང་འདྲེན་པ་དང་དགུགས་པ་དང་གཏོང་བ་དང ་ག་ཞིག་པ་དང་འཕན་པ་དང་འདེགས་པ་དང་འབེབས་པ་དང་བརྡེག་པ་དང་སྦྱང་བ་དང་རྙེད་པ་དང་ཉོ་བ་དང་བཙོང་བ་དང་ཀུན་ཏུ་དགོད་པ་དང་ཉེ་བར་དགོད་པ་དང་བརྟན་པར་བྱ་བ་དང་རྡོ་རྗེར་བྱ་བ་དང་འབྱོར་པ་ཐམས་ཅད་སྒྲུབ་པ ་དང་འབྱོར་པ་ཐམས་ཅད་ཀྱི་མཆོག་སྒྲུབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་མཆོད་པ་བསྒྲུབ་པས་སོ་ཞེས་ཀྱང་གསུངས་སོ།། སེམས་ཅན་ཐམས་ཅད་བདེ་དོན་ཏུ།། རྡོ་རྗེ་སེམས་དཔའ་ནོར་ཆེ་བ།། རང་གི་རྒྱ་མཆོག་ལན་གཅིག་བ་སྒྲུབ། ་ཡི་གེ་ཏྲཾ་ནི་སྦྱར་བར་བྱ།། དཔལ་མཆོག་དང་པོའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་རྡོ་རྗེ་རིན་ཆེན་གྱི་རྟོག་པའི་ཚི་ག་རྒྱས་པའོ།།།། དེ་ནས་རྒྱལ་བ་རྡོ་རྗེ་འཛིན།། འཇིག་རྟེན་གསུམ་པོ ་ཁམས་གསུམ་པ།། འཇིག་རྟེན་གསུམ་བདག་ཐམས་ཅད་ལ།། འཇིག་རྟེན་གསུམ་མཆོག་འདུལ་མཛད་པ།། ཆོ་ག་བཞིན་དུ་བསྒོམས་གྱུར་ཅིང་།། སེམས་ཅན་དོན་ཕྱིར་ཆོ་གས་བཞུགས།། འདོད་ཆགས་ཞེ་སྡང་གཏི་མུག ་རྣམས།། རྟག་ཏུ་རྣམ་པར་གནས་པ་ཡིན།། མི་མཉམ་པ་ཡིས་སྟེན་གྱུར་ནས།། དུག་ཉིད་དུ་ནི་ཉེ་བར་འགྲོ།། བདུད་རྩི་ཉིད་ཀྱིས་བསྟེན་གྱུར་ན།། བདུད་རྩི་ཉིད་དུའང་འགྱུར་བ་ཡིན།། འདོད་ཆགས་ཚངས་པ་མཆོག་སྦྱིན་པ། ་ཞེ་སྡང་དྲག་པོའི་ཏིང་འཛིན་གྱིས།། གཏི་མུག་ཁྱབ་འཇུག་བརྟན་མཛད་ནས།། འཇིག་རྟེན་གསུམ་པོ་བྱིན་གྱིས་བརླབས།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། རྟག་ཏུ་གནས་པས་སྲིད་གསུམ་གནས།། ཆོས ་བསྟེན་ནས་གསུམ་མཆོག་སྟེ།། ཆོས་མིནི་བསྟོན་པས་ངན་སོང་གསུམ།། འདོད་ཆགས་སྦྲང་རྩིར་བྱེད་པར་བཤད།། ཞེ་སྡང་རྒྱལ་བར་བྱེད་པར་བཤད།། གཏི་མུག་རེག་ནི་སྒྲུབ་བྱེད་ཅེས།། ཀུན་ཏུ་གསང་བའི་མིང་ཡིན་ནོ།། ་ང་ནི་འཇིག་རྟེན་གཅིག་པུ་ཉིད།། འཇིག་རྟེན་གསུམ་དུ་རབ་ཏུ་བཤད།། ང་ནི་འདོད་པ་གཅིག་པུ་ཉིད།། ཚངས་པ་དྲག་པོ་གཡུང་དྲུང་ཡིན།། དེ་ནས་གསུམ་པ་འདི་ཡི་མཆོག། སྦྱང་ཕྱིར་རྡོ་རྗེ་སྦྱང་འཛིན་པ།། གཟུགས་ནི་གསུམ ་པ་འདི་དག་ཉིད།། བདག་ཉིད་ཁོ་ན་བྱུང་བ་ཡིན།། གང་ཕྱིར་འཇིག་རྟེན་འདི་དག་ནི།། རྟག་ཏུ་ཡང་ནི་འདི་སྐད་སྨྲ།། ཚངས་སོགས་ཀྱིས་འདུལ་ཡང་དག་པའི།། སངས་རྒྱས་བྱང་ཆུབ་སྣོད་མ་ཡིན།། དེ་རྣམས་སྦྱང་ཕྱིར ་བཅོམ་ལྡན་འདས།། རྡོ་རྗེ་འཆང་ཆེན་རང་ཉིད་ནི།། གཟུགས་ནི་གསུམ་པོ་འདི་མཛད་ནས།། ཕྱིས་ནི་སངས་རྒྱས་ཉིད་མི་འགྱུར།། དེ་ནས་ཚངས་པ་ལྷ་སོགས་ལྷ།། འཇིག་རྟེན་གསུམ་མཆོག་དབང་ཕྱུག་ཆེ།། དཀྱིལ་འཁོར་དེར་ནི ་གསང་སྙིང་པོ།། རང་གི་རང་གྲུབ་ཕྱིར་རབ་ཕུལ།། ཨོཾ་བྷུར་བུ་བ་སྲ།། ཟུར་བཞི་པ་ལ་སྒོ་བཞི་པ།། སྒོ་སྲུངས་བཞིས་ནི་རབ་བསྲུངས་པ།། ཁ་ཁྱེར་གྱིས་ནི་ལེགས་བསྐོར་བ།། ཕྱིའི་དཀྱིལ་འཁོར་བྲི་བར་བྱ།། དེའི་ནང་མ་ཉིད་དང་ནི།། དཀྱིལ ་འཁོར་གཞུ་ཡི་དབྱིབས་ཅན་ལ།། སྦྲང་རྩིར་བྱེད་དང་རྒྱལ་བྱེད་ཉིད།། བསྒྲུབ་པ་ཐམས་ཅད་བསྒྲུབ་པ་ནི།། གོ་རིམས་དག་ནི་ཅི་བཞིན་དུ།། ལེགས་པར་བྲིའམ་གཞག་པར་བྱ།། པུས་མོ་གཉིས་ཀྱིས་བཞུགས་ལ་དེར།། རྩེགས་མདམ ་ཚིག་ཀྱིས་མཚན་པས།། ཞུགས་ཏེ་དམ་ཚིག་བཅིངས་ནས་ནི།། ཡང་དག་པར་ནི་དགུག་པར་བྱ།། ཨོཾ་བྷུ་ར་བུ་བ་སྭ་སྭ་སྟི་ནཱ་མ་སྭཱ་ཧཱ།། ཉི་ཤུ་རྩ་གཅིག་བཟླས་པ་ཡིས།། ཐམས་ཅད་ཐམས་ཅད་ཀྱིས་བསྐོར་བ།། ཐམས་ཅད་གྲུབ་ཕྱིར ་འོངས་པ་ལ།། དེ་སྙེད་པ་ཡི་གཏོར་མ་སྦྱིན།། སློབ་དཔོན་རབ་ཏུ་ཞུགས་པ་ཡིས།། སློབ་མ་ཐམས་ཅད་གཞུག་པར་བྱ།། དེ་ཉིད་གསང་བ་བརྗོད་ནས་ནི།། དམ་ཚིག་མཆོག་ནི་སྦྱིན་པར་བྱ།། གལ་ཏེ་ཁྱོད་ཀྱིས་རྩེ་གསུམ་གཅིག། སྙིང་པོ ་སྣོད་མིན་ལ་སྨྲས་སམ།། ཅི་སྐད་སྨྲས་པའི་ཆོས་རྣམས་ནི།། གལ་ཏེ་འདིར་ནི་མ་སྤྱད་དམ།། སྙིང་སྟོབས་རྡུལ་དང་མུན་པ་ཉིད།། ཚངས་པ་དྲག་པོ་གཡུང་དྲུང་སྟེ།། མིང་པོ་གསུམ་པོ་འདི་ཉིད་ནི།། ནམ་ཡང་བརྙས་པར་མི་བྱའོ།། ་གང་ཞིག་འདི་རྣམས་སྒོམ་པ་སློབ།། ཡང་དང་ཡང་དུ་ཞུགས་ནས་ནི།། དཀྱིལ་འཁོར་མཆོད་པ་བྱེད་པ་དང་།། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར།། རང་གི་ཕྱག་རྒྱ་བསླབས་ནས་ནི།། དེ་ལ་གར་གྱི་མཆོད་པ་དང་།། འདོད་ཡོན ་དམཔ་ལྔ་རྣམས་ཀྱིས།། རྟག་ཏུ་དཀྱིལ་འཁོར་མཆོད་པཿ།། འཇིག་རྟེན་གསུམ་འབྱིན་པའི་རྒྱུང་པ།།། དེ་ནས་སྦྱིན་པ་རྡོ་རྗེ་འཛིན།། སེམས་ས་ན་ཀུན་དུ་སྟོན་མཛད་པ།། འཇིག་རྟེན་གསུམ་བྱུང་དོན་གྲུབས།། 8། ་ཡང་སྲིང་མོ་རྣམས་འབྱིན་མཛད།། ཀུན་ཏུ་ཆགས་དང་ཞེ་སྡང་རྨོངས།། བརྟན་པར་བྱེད་པའི་རྒྱུ་ཡིན་ནོ།། དགའ་དང་ཕྲག་དོག་བུད་མེད་ནི།། རབ་ཏུ་གྲགས་པའི་དངོས་གྲུབ་སྟེར།། གང་ཞིག་འཇིག་རྟེན་ཀུན་ཏུ་བཤད།། ཆོག ་ཀུན་གྱིས་མཆོད་ལྷ་མོ་རྣམས།། ཞི་དང་འཇིགས་མ་དེ་བཞིན་གསེར།། གྲུབ་པ་དང་ནི་ཞི་བར་བཤད།། ཕྱི་རོལ་སེམས་ཅན་ཕན་ཕྱིར་དང་།། རྟོགས་དོན་ཁོང་དུ་ཆུད་བྱའི་ཕྱིར།། དེ་རྣམས་ཀྱི་ནི་སྙིང་པོ་དང་།། དཀྱིལ་འཁོར་དེ་བཞིན ་དམ་ཚིག་བཤད།། ཧི་ཧཱུཾ་ཤྲཱི་ཤྭ། དཀྱིལ་འཁོར་བཟང་པོ་སྒོ་བཞི་པ།། སྲད་བུ་གསུམ་གྱིས་དཀྱིལ་འཁོར་བྱ།། འཚམས་ཀྱི་ཐིག་ནི་ཀ་བ་ཆེ།། བཞི་པོ་དག་ནི་རིམ་པ་བཞིན།། དེ་ཡི་དབུས་སུ་དཀྱིལ་འཁོར་ནི།། བཞི་པོ་དག་ནི་དེ ་བཞིན་བྱ།། རང་གི་སྙིང་པོ་བཞི་པོ་ནི།། རང་གི་སྒོར་ནི་ཕྱོགས་པར་གཞག། སྐལ་བཟང་ལག་ན་རལ་གྲི་མཚོན།། སྲིང་མོ་ཕུབ་ཅན་ཞིབ་མོ།། ཕག་མོ་ལག་ན་གཏེར་ཉིད་དེ།། གྲུབ་པ་མོ་ནི་སྙེམས་དང་བཅས།། དེ་ནས་དང་པོའི་དཀྱིལ ་འཁོར་དུ།། ཀུན་ནས་དེ་བཞིན་ཞུགས་ནས་ནི།། སྲིང་མོ་རྣམས་ཀྱི་རང་གི་རྒྱས།། གོ་རིམ་དག་ནི་ཅི་བཞིན་དུ།། ཞུགས་ནས་དེ་བཞིན་ཆོ་ག་བཞིན།། སྤོས་ལ་སོགས་པས་མཆོད་པ་བྱ།། དེ་ཉིད་གསང་བ་རབ་བསྒྲུབ་པས།། ཀུན་ནས ་དགུག་པ་དག་ཏུ་བྱ།། ཨོཾ་སུམ་བྷ་ག་ར་ཏིཥྛ་མ་ཡ་ཧཱི་བུ། རཀྵ་ས་མ་ཏིཥྛ་མ་ཡ་ཧཱི་བྷུར་བ། བྷ་ར་ཧ་ཨ་མིརྱཱ་ཏ་མ་ཡ་སྭཱ་ཧཱ།། སིད་དྷཀ་སིད་དྷི་ས་མ་ཡ་ཧི་ཨཱི་མཱ་དྷི་མུ་ཏཱ་བྷི། ཧཱི་ཧཱུཾ་ཤཱི་བྷོ།། དེ་ནས་ལུས་ནི་ཐམས་ཅད་ཀྱིས།། དེ་བཞིན་དུ ་ནི་ལེགས་བཞུགས་ལ།། དེ་ནས་ཕྱག་རྒྱ་བཅིངས་བསྟན་ཏེ།། གསང་བ་མཆོག་འདི་བརྗོད་པར་བྱ།། གལ་ཏེ་གསང་ཉིད་མ་བསྲུངས་ན།། གང་ཞིག་སེམས་ཅན་དོན་ཞུགས་དང་།། གང་ཡང་དཀྱིལ་འཁོར་སྒྲུབ་བྱེད་པ།། དེ་རྣམས ་ཁྱེད་ཀྱིས་བསད་པར་འགྱུར།། ཆོས་དང་ལྡན་པ་བདུད་རྩི་ཉིད།། དེ་རྣམས་ཁྱེད་ཀྱིས་བསད་པར་འགྱུར།། ཆོས་དང་ལྡན་ལ་བདུད་རྩི་ཉིད།། ཆོས་མིན་པས་ནི་དུག་པས་ལྷག། ཅི་སྙེད་པ་དང་དུས་ཅི་བཞིན།། ཡུལ ་རྣམས་ཉེ་བར་བསྟེན་པ་དང་།། ཕྱག་རྒྱ་གར་གྱི་མཆོད་པ་ཡིས།། ཅི་བདེ་བར་ནི་རྟག་ཏུ་མཆོད།། སྲིང་མོ་བཞིའི་རྒྱུད་དོ།།།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། སའི་དབང་ཕྱུག་ཀུན་གྱིས་མཆོག། འདོད་ཆགས་ཞེ་སྡང་གཏི་མུག ་ཆེ།། སྒྲུབ་པ་དང་ནི་རབ་སྒྲུབ་ཉིད།། འདོད་ཆགས་སྩོགས་དུག་གཞིག་ཕྱིར་དང་།། ཀུན་ནས་བདུད་རྩི་ཉིད་བྱའི་ཕྱིར།། ཞེ་སྡང་ལས་བྱུང་ཀླུ་ཡི་ནི།། དཀྱིལ་འཁོར་དམ་པ་འབྱུང་བར་འགྱུར།། དེ་ལ་སྙིང་པོའི་འདི་ཡིན་ཏེ།། ཕུད་ཟུར ་བཞི་བ་ལ་སྒོ་བཞི་པ།། སྲད་བུ་ཐམས་ཅད་ཡང་དག་བྲི།། སྒོ་ཁྱུད་ཀླུ་ཡི་གདེངས་ཀ་མཆོག། མཚམས་ཀྱི་རྩེ་མཆོག་མཇུག་མ་མ་དྲང་།། དེའི་དབུས་སུ་ཀླུ་རྒྱལ་ནི།། མཐའ་ཡས་གདེངས་ཀ་བཅས་པ་ནི།། ཀླུའི་རིགས་ནི་བརྒྱད་པོ ་རག། ཤེས་རབ་ཅན་གྱིས་ཀུན་ཏུ་བྲི།། དེ་ནས་ཁྲོས་ནས་ཞུགས་ནས་ནི།། ཀླུ་འཛིན་པའི་ཤུགས་ཀྱིས་ནི།། ཞུགས་ནས་དཀྱིལ་འཁོར་དེ་ཉིད་དུ།། སྦྲུལ་གྱིས་གདེངས་ཀས་དགུག་པར་བྱ།། ཨོཾ་ཧྲཱི་ཨ་ནཱི་ཛ་ལ་བ་བེ་ག་བྲི་དྷི་བྷིན་དྷར་ཤེ ་ཤཱ་ཡ་ཏི་པྲམསརྦ་ནཱ་ག་ཀུ་ལཱ་ནཱན་ཡ་པུཿས་མ་ཡ་པྲ་བེ་ཤ་ཡ་ཕུཿསརྦཱ་ན་ས་དྷ་ཡ་ཕུཿཏ་ཏ་ས་སརྦ་ནཱ་ག་བུ་ཏྲ་ཀ་ཕུཿ། དེ་ལྟར་བྱས་ན་ལེགས་པར་བཞུགས་ཤིང་དགའ་བར་འགྱུར་རོ།། དེ་ནས་སློབ་དཔོན་གྱིས་དུག་མེད་པར་བས ་པར་བྱའོ།། དེ་ནས་བརྩམས་ཏེ་དུག་ཐམས་ཅད་ཟོས་ཀྱང་བདུད་རྩིར་འགྱུར་རོ།། ནོར་རྒྱས་བརྩེ་བར་བྱེད་དོ།། དུག་ཐམས་ཅད་སྦྱར་བ་དང་གཞིག་ནུས་པར་འགྱུར་རོ།། དེ་ནས་མནའི་སྙིང་པོ་སྦྱིན་པར་བྱ་བ་དང་། འདོད་ཆགས་ཞེ་སྡང ་གཏི་མུག་རྣམས།། འཇིག་རྟེན་ན་ནི་འདི་གསུམ་དུག། གལ་ཏེ་བདེན་པ་ལས་འདས་ན།། འདི་དག་གིས་ནི་རྟག་གསོད་འགྱུར།། ཁྱོད་ཀྱིས་གློག་ལ་བརྙས་མི་བྱ།། སེར་བ་བཟློག་པར་མི་བྱ་ཞིང་།། གལ་ཏེ་དངོས་གྲུབ་པ ་དགའ་མ། ཅི་ནས་སྦལ་ནི་བསད་མིཐ།། ཀླུའི་དཀྱིལ་འཁོར་རོ།།།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། སྡུག་བསྔལ་ཐམས་ཅད་སེལ་བའི་མནག། སེམས་ཅན་ཀུན་ལ་བདེ་བའི་ཕྱིར།། གདོན་བྱེད་རྒྱལ་འཁོར་བྱུང་བ་ཡིན། ་འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། ཉེས་བྱས་ཀྱིས་ནི་དུག་ཉིད་འགྱུར།། གདོན་དང་རིམས་དང་སྡིག་པ་དང་།། དམྱལ་བར་ཡང་ནི་འགྱུར་བ་ཡིན།། དེ་ནས་གདུག་པའི་སྙིང་པོ་ནི།། ཧཾ། ཟུར་བཞི་པ་ལ་སྒོ་བཞི་པར།། གདོན ་དཀྱིལ་འཁོར་ཀུན་ཏུ་བྲི།། དེ་དབུས་དང་པོར་གདོན་ལ་སོགས།། ཆོ་ག་རྒྱས་པ་གདོན་པར་བྱ།། དེ་ནས་བཤད་པ་བཞིན་ཞུགས་ནས།། རྒོད་ཅིང་མྱུང་བར་དཀྱིལ་འཁོར་དུ།། རྡོ་རྗེ་འཛིན་བཞུགས་ནས་ནི།། ཁྲོས་པས་རྐང་པ་གཡོན ་པས་མཏེ།། དེ་ནས་གདོན་དང་རིམས་སྡིག་པ།། དམྱལ་བ་ཐམས་ཅད་རྟག་ཏུ་ནི།། སྡིག་པ་ཆེན་པོ་བྱེད་པ་ཡང་།། རྡོ་རྗེས་རབ་ཏུ་འཇིག་པར་འགྱུར།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། སྡུག་བསྔལ ་ཐམས་ཅད་ལས་འདོན་པའི་རྒྱུད་དོ།། །། དེ་ནས་སྟོན་པ་རྡོ་རྗེ་འཛིན།། ཀུན་མཆོག་དབང་ཕྱུག་དམ་པ་ཡིས།། སེམས་ཅན་ཀུན་དོན་རབ་བསྒྲུབ་ཕྱིར།། དཀྱིལ་འཁོར་ཐམས་ཅད་གསུང་བ་ཡིན།། དེ་ལ་སྙིང་པོར ་འདི་ཡིན།། ཨོཾ་ཨཱཿཊྚཥྚྲྀ་ཎཱ~ཾ། དེ་ནས་འདི་ནི་གསངས་ཙམ་གྱིས།། ཀུན་མཆོག་དབང་ཕྱུག་དམ་པ་ནི།། གཟུགས་ཀུན་གྱི་ནི་ཀུན་མཆོག་གི། དབང་ཕྱུག་དམ་པ་མཛད་པ་ཡིན།། གས་བ་ཆེན་པོ་ལྔ་ལས་ནི།། ག ་འདུལ་བར་མ་གྱུར་པ།། དེ་ཚེ་སྣ་ཚོགས་ཆེར་མཛད་པ།། འགྲོ་བ་འདུལ་བའི་དམ་པ་ཡིན།། དེ་ན་ག་ཀྱི་ཛིན་ག་ཙ།། མཆོག་སྣ་ཚོགས་རྣམ་པར་རྒྱལ།། ཀུན་མཆོག་དབང་ཕྱུག་དམ་པ་ཡི།། དཀྱིལ ་འཁོར་ཆེན་པོ་བྲིས་ནས་ནི།། དེའི་དབུས་སུ་ཆོག་བཞིན།། རྡོ་རྗེ་སེམས་དཔའ་བ་བཞག་ལ།། རྡོ་རྗེ་མ་མོ་ཚོགས་དཀྱིལ་འཁོར།། དའི་ངོས་ནི་ཐམས་ཅད་དུ།། ཀུན་མཆོག་བདག་པོའི་སྐུ་རྣམས་སོ།། རྡོ་ཨུ0f7fམཆོག་བཅས་མ ་མ་ནི། རང་གི་རིགས་ཀྱིས་བསྐོང་བ་གཞག། རྒྱལ་བཛད་སྲང་མེད་བུའི།། གཟུགས་འཛིན་འཁོར་ལོ་བསྡམས་པ་བྲི།། ཁྱབ་བདག་རྡོ་རྗེ་ཅན་རྡོརྗེ། གཏུམ་དབང་རྡོ་རྗེ་མདུང་བསྡམས་པ།། རྡོ་རྗེ་པར་བྱུད་པད་མ་ཅན།། ་རྡོ་རྗེ་འཛིན་པ་ཚངས་གཟུགས་ལྡན།། ནམ་མཁའ་སྙིང་པོ་འདོད་པའི་གཟུགས།། རྡོ་རྗེ་དང་བཅས་མེ་ཏོག་མཚོན།། དཀྱིལ་འཁོར་གྱི་ནི་འཚམས་རྣམས་སུ།། རིགས་ཀྱི་ལྷ་མ་ཐོ་བར་བྱ།། རྡོ་རྗེ་དཔལ་མོ་དཀར་མོ་དང་། ་རྡོ་རྗེ་སྔོལ་མ་མཁའ་རྡོ་རྗེ།། དེ་ནས་དཀྱིལ་འཁོར་གྱི་བདག་པོ་འདི་རྣམས་ཀྱི་སྙིང་པོ་འདི་བཤད་པར་བྱ་སྟེ། ཨོཾ་བཛྲ་ནཱ་རཱ་ཡན་ཚན་ད་པྲ་ཏི་ཧ་ན་བཛྲ་ཙག་ཏཱན་ཏོ།། བྷ་ག་བཱན་བཛྲ་ཏ་ཐཱ་ག་ཏ། ཛ་ཧཱུཾ་བཾ་ཏོ་བཛྲ་དྷ་ར་ཏེ། བཛྲ་ཏ ་ག་ཏ་ཏྲཱུཾ། བཛྲ་ཀྲོ་དྷ་མ་ཧཱ་ཡོ་གེ་ནི་ག་ཎེ་ཤྭ་ར། མ་ཏ་བཛྲ་ཀུ་ལོ་གྲ་བ་ནེ་ཧོ།། བྷ་ག་བཱན་བཛྲ་ཙན་ཌེ་ཤྭ་རཱ་ཡ། ཏ་ཧ་ཏ་ཏ་ཧྲཱིཿབཛྲ་པད་མོ་བྷ་བ་ཏོ།། བྷ་ག་བཱན་བཛྲ་ལོ་ཀི་ཤྭ་རེ་མ་ཏཱ་པྲ་མེ་སདྡྷ། ཨོཾ་བྷུ་བུ་བ་སྭ། སསྟི་ནཱ་མ་སཱརྠ། ཏེ་བཛྲ ་སུ་མཱ་ཡཱཾཿ། ས་ཀ་མ་མི་ས་དྷ་ལ་ཏོ།། བྷ་གདུན་བཛྲ་ཨཱ་ཀཱ་ཤ་གརྦྷ། བབ་ཏཏཏྲེ། བཛྲ་ཨ་ཀ་གརྦྷ་ཨ་ཤེ་ཤ་མུ་ཏི། ན་མོ་ལེན་སྭཱ་དྷེ་ན། བྷ་ག་བ་ཏི་པྲ་དཱ་པ་ར་མ~ཾཀྵ་མ་ཏེ། ཚེན་དབཛྲར་ནི་ཅན་དྲན་རྟེན་ས་རྟེན་ཐ་བ་ཀན། ་ཤྭཏ་སྭ་བི་ད་ཡེ་སཧཱ། བཛྲ་བར་མི། ཨི་བད་གོ་མེ་ཏཱཏི་དྷིཏྲལ་ཀ་བ་ད་ཡ་ཤྭ་ར་བཛྲརྦ་དྷམ་གནས་མས། བཛྲ་དྷ་ན་མ་མུཿ། ཏད་ཡཿ། མཏལ་མ་ཡོལ་ལ་ལ་ལ་བཛྲག་མུག་པ་སཧཱ། བརྫས་མ་ལནམ་ཡིན ་སད་དྷེ་ན་བྷ་ག་བ་ཏེ། པྲ་དྷ་བོ་དྷི་བུད་དྷ་དྷ་ར། བཛྲ་དྷརྨ་པྲ་ཡོ་ག་ན་ཏེན་ས་ཏྭེ་ན་སིད་དྷ་མ། ཨོཾ་ཏེ་རེ་ཏུད་ཏཱ་རེ་ཏུ་རེ་སཱཏྨ། བཛྲ་དྷ་མཏ། ཨོཾ་ཀརྨ་བཛྲན་སིད་དྷ་སིད་དྷ་བི་ཤུད་དྷཱ་ས་དྷུ་བ་ཏ། གན་ན་ནས་པ་གས་ན་། ་བཻ་པྲ་ཡ་པ་རི་པུ་ར་ནི་སྭཱ་ཧཱ།། ཕྱིའི་དཀྱིལ་འཁོར་གནས་རྣམས་སུ།། རྡོ་རྗེ་འཛིན་པར་དཕྱོགས་གནས།། ལྷ་དབང་དང་ནི་མ་མོ་ཉིད།། འཇིག་རྟེན་སྐྱོང་རྣམས་དགོད་པར་བྱ།། ཚོགས་ཀྱི་དབང་ཕྱུག་རྡོ་རྗེ་ཡི།། རོལ་མོཆེ་བཅུ་རུང་།།། ་བྱེད་པ།། ཕྱིའི་དཀྱིལ་འཁོར་ཁ་ཁྱེར་དང་།། སྒོ་དང་འཚམས་གསུའང་དེ་བྲིའོ།། སྒོ་རྣམས་ཀུན་ཏུ་འཇུག་པ་ནི།། རང་གི་ཕྱག་རྒྱ་རབ་ཏུ་གཞུག། དཀྱིལ་འཁོར་དམ་པ་ལྔ་པར་ནི།། དང་པོའི་སྦྱོར་བས་འཇུག་པར་བྱའོ།། དེ་ནས ་དབུས་སུ་འདུག་ནས་ནི།། དང་པོ་ལྕགས་ཀྱུ་ཆེ་དེ་ཉིད།། སྙིང་པོ་འདི་ནི་བརྗོད་བྱེད་ཅིང་།། འགུགས་པ་འདི་ནི་བརྗོད་པར་བྱ།། ཨོཾ་མ་ཧཱ་སུ་ཀ་བཛྲ་སཏྭ་སིདྡྷི་ཧཱུཾ། སརྦ་ཏ་ཐཱ་ག་ཏན། ས་མ་ཡ་ཨཱ་ཀར་ཤ་ཡ་ཛ་བཛྲ་ཀཱ་ལ་དཱི་པཾ། དམ་ཡ ་ཏྲོ་དྲ་བེ་ཤ་ཡ་ཧཱུཾ། སརྦ་ལེ་ཀཻ་ར་རེ་པྲ་བེ་ཤྲ་ས་མ་ཡ་བན་དྷ་ན་བེ། ཡ་མ་སརྦ་ར་དན་དཱི་བཾ་མ་ཧཱ་མ་ན་རཱ་ཛ་ནཾ། བྷ་ཤཾ་ཀུ་རུ་ཏོ།། ཏྲཱ་ཨཿཏྭཱ་ཏྭཱ་ཏྲི།། དེ་ནས་གསང་བ་ཆེན་པོ་ཡི།། སྙིང་པོ་བཟང་པོ་འདི་བརྗོད་པས།། རྡོ་རྗེ་འཆང་ཆེན་རྒྱལ་པོ་ནི། ་འཁོར་ལོ་ཐམས་ཅད་དང་བཅས་པར།། བཀུག་ཅིང་རབ་ཏུ་བཅུག་པ་དང་།། བདེན་པས་བཅིངས་ཏེ་དབང་དུ་བྱས།། དཀྱིལ་འཁོར་རྒྱལ་པོ་མཆོག་ཐམས་ཅད།། དངོས་གྲུབ་ཀུན་གྱིས་འགྲུབ་པར་འགྱུར།། དེ་ནས་གོ་རིམས་ཅི་བཞིན ་དུ།། དཀྱིལ་འཁོར་ཐམས་ཅད་སྒྲུབ་པ་དང་།། དངོས་གྲུབ་དེ་རྣམས་ཉིད་ཀྱང་ནི།། ཐམས་ཅད་ཀྱང་ནི་བསྒྲུབ་པར་བྱ།། བདེ་བ་ཐམས་ཅད་མི་འགྱུར་གནས།། བདེ་བ་ཆེན་པོ་ཞེས་བརྗོད་དོ།། རྡོ་རྗེ་འདི་ནི་བསྒྲུབ་ལ་སོགས།། འདི ་ནི་ཚེ་འདིར་འགྲུབ་པར་འགྱུར།། དེ་ལྟར་སྣ་ཚོགས་པའི་དོན་སྦྱང་བའི་དོན་གྱི་ཆོ་ག་འགྲོ་བ་དཔག་ཏུ་མེད་པ་འདུལ་བ། མཐའ་མེད་ཅིང་སྣ་ཚོགས་པ་མཉམ་པ་མེད་པའི་ཕུལ་དུ་བྱུང་བ་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས ་ཐམས་ཅད་འཛིན་པའི་བདེ་བའི་མཆོག་བྱེད་པ་རྒྱལ་བ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་སྲིད་པའི་བདེ་བ་མཆོག་བྱེད་པ་གསུངས་པ་ཡིན་ནོ།། དཔལ་མཆོག་དང་པོའི་རྟོག་པའི་རྒྱལ་པོ་ལས་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མི ་རྩ་བའི་རྒྱུད་ཀུན་གྱི་མཆོག་དབང་ཕྱུག་དམ་པའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྷོ།། །། དེ་ནས་གསང་བ་རས་བྲིས་ཀྱི་ཚོགས་གསུངས་པ་ནི། སངས་རྒྱས་ཀུན་གྱིགས་པ་ཆེ།། དམ་ཚིག་མཆོག་ནི་སྒྲུབ་པ་དང་།། བདེ་བ་ཆེན་པོའི་གཞལ་ཡས་ཁང་།། དངོས ་གྲུབ་ཀུན་གྱིས་ལུས་བྱས་པ།། དེ་བཞིན་གཤེགས་མཆོག་ཆེན་པོ་ཡི།། རིན་ཆེན་རྒྱལ་པོ་སྩོགས་ཀྱིས་བརྒྱན།། བདེ་བ་ཆེན་པོ་ཆགས་པ་ཡི།། གླུ་དང་རོལ་མོ་རྗེས་ཆགས་པ།། བླ་མེད་དགའ་བ་ཆེན་པོ་ཡི།། ་མཆོད་པ་ཀུན་གྱིས་རབ་ཏུ་མཆོད།། དགའ་བ་ཆེན་པོ་དཔལ་གྱི་གནས།། རང་གི་བཞུགས་གནས་མཆོག་དེ་ལ།། རབ་ཏུ་དགའ་བའི་རྒྱལ་པོ་མཆོག། མི་འགྱུར་མཆོག་ནི་ཡང་དག་བཞུགས།། རྡོ་རྗེ་སེམས་དཔའ་བདག ་རང་ཉིད།། རབ་ཏུ་དགའ་བ་མི་འགྱུར་མཆོག། ཀུན་ཏུ་བཟང་པོ་འཁོར་བ་དང་།། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས།། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། རྡོ་རྗེ་སྙམས་པ་བདག་པོའི་བདག། ཀུན་མཆོག་ཆག ་པ་ཆེན་པོ་ཡི།། དངོས་གྲུབ་དབང་ཕྱུག་རྗེས་གྲུབ་པ།། གླུ་དང་རོལ་མོ་ཐོག་མཐའ་མེད།། མཆོག་ནི་བཅོམ་ལྡན་འདས་ཀྱིས་གསུངས། ཧཱུཾ། དེ་ནས་འདི་ནི་གསུངས་ཙམ་གྱིས།། རྡོ་རྗེ་ཐམས་ཅད་འཛིན་པ་ནི།། གསང་བ་ལྔ ་ཡི་དེ་ཉིད་ཆེ།། ཕྱག་རྒྱའི་ལྷ་མོ་བྱུང་བར་གྱུར།། རྟག་ཏུ་ཆགས་དང་དངོས་གྲུབ་ཆེ།། རྣམ་རྒྱལ་དབང་ཕྱུག་ལྷག་པའི་ལྷ།། ཕྱག་རྒྱ་དམ་པ་བཞི་པ་སྟེ།། སེམས་དཔའ་བྱིན་གྱིས་བརླབས་པའི་སྐུ།། དེ་ནས་དེ་རྣམས་ཀྱི་སྙིང་པོ ་འདི་ཡིན་ཏེ། ཀུན་མཆོག་སོ་སོར་རྟོག་པ་དང་།། དངོས་གྲུབ་ཀུན་གྱི་བདེ་བའི་མཆོག། ཀུན་མཆོག་རྣམ་རྒྱལ་མཐོང་བའམ།། ཐམས་ཅད་དབང་ཕྱུག་མཆོད་པ་ཆེ།། དངོས་གྲུབ་རྣམས་དང་ཕུན་ཚོགས་དང་།། དགའ་བ་དག ་དང་བདག་པོ་རྣམས།། རྡོ་རྗེ་ལྷ་མོ་ཐོག་མཐའ་མེད།། རྡོ་རྗེ་སེམས་དཔའི་སྐུའི་མཆོག་ཅེས་བྱའོ།། དེ་ནས་མཆོག་ཏུ་གསང་བའི་མི་རྣམས་ནི་དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་དགའ་བའི་དམ་ཚིག་གི་འདོད་པའི་རྡོ་རྗེ་མ་དང་། དགའ ་བ་ཆེན་པོ་དཔལ་དོན་ཡོད་ལ་ཆགས་པའི་དམ་ཚིག་གི་རྡོ་རྗེ་ཀཱི་ལི་ཀཱི་ལི་དང་། དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་ལ་ཆགས་པའི་དམ་ཚིག་རྣམ་པར་རྒྱལ་བའི་རྡོ་རྗེ་མ་དང་། དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་ལ་ཆགས ་པའི་དམ་ཚིག་རྡོ་རྗེ་འདོད་པའི་དབང་ཕྱུག་མའོ།། འདི་རྣམས་གསང་བའི་མཚན་དག་ནི།། མཁས་པས་གང་ཞིག་དད་པས་བརྗོད།། དེ་ནི་ཕྱག་རྒྱ་ཐམས་ཅད་ཀྱི།། དངོས་གྲུབ་ཀུན་བདག་བདག་པོར་འགྱུར།། ཞེས་བཅོམ་ལྡན ་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་གསང་བ་གསུངས་པ་ཡིན།། དེ་ནས་འདི་སྒྲུབ་བཤད་བྱ་བ།། དངོས་གྲུབ་ཤིན་ཏུ་རྟག་པ་སྟེ།། སྡིག་པ་ཆེ་ལ་དགའ་བ་དང་།། སྒྲུབ་པ་གང་ཞིག་མ་གྲུབ་ཀྱང་།། རྡོ་རྗེ་སེམས་དཔས་གསུངས་པ ་བཞིན། དེ་དག་ཀྱང་ནི་མྱུར་འགྲུབ་འགྱུར།། ཉིན་རེ་འམ་ནི་ཟླ་རེ་འམ།། དེ་བཞིན་ལོ་ནི་རེ་རེ་ལ།། ཅི་མངོན་མངོན་འདོད་བསྒྲུབ་པར་བྱ།། ཅི་རྙེད་པ་དང་ཅི་བདེ་བས།། རས་ལ་བཅོམ་ལྡན་བྲི་བར་བྱ།། ཀུན་བདག་དམ་ཚིག་དབང་ཕྱུག ་སྟེ།། གང་ཞིག་བྲིས་པར་གྱུར་ན་ནི།། མཆོག་ཏུ་རྟག་པའི་ཐར་པ་ཐོབ།། བཞད་པ་དང་བཅས་ཟླ་བའི་འོད།། སྣ་ཚོགས་པད་མའི་འོད་འབར་བ།། སངས་རྒྱས་ཀུན་གྱི་དབང་བསྐུར་སྩོགས།། སྣ་ཚོགས་རྒྱན་དང་ན་བཟར་ལྡན།། སམ? ་དཔའི་དཀྱིལ་མོ་དཀྲུང་གིས་བཞུགས།། རྡོ་རྗེ་སྙེམས་པའི་མཆོག་འཆང་བ།། གཡོན་པ་དྲིལ་བུ་མཆོག་སྙེམས་པ།། རྡོ་རྗེ་སེམས་དཔའ་རབ་ཏུ་བརྟག། དེའི་ལོགས་ན་བཞུགས་པ་རྣམས།། དེའི་འོད་ཀྱིས་དཀྱིལ་འཁོར་བརྟེན། ་རབ་ཏུ་དགའ་དང་བདེ་བའི་སྐུ།། གསང་བ་ཆེན་པོ་དགོད་པར་བྱ།། དང་པོ་པད་མ་ལྟར་དཀར་དམར།། གཞན་ནི་བ་ལ་ཤ་ལྟར་དཀར།། གཞན་ནི་ཨུད་པ་ལ་འདབ་ལྟར་སྔོ།། རྡོ་རྗེ་སྐམས་མ་སེར་པོ་འཛིན།། དང་པོ་དང་ནི་གཉིས་པ ་དག། གཡས་ཀྱི་ལོགས་ལ་བརྟེན་པ་སྟེ།། གསུམ་པ་དང་ནི་བཞི་པ་དག། གཡོན་གྱི་ལོགས་སུ་བཞུགས་པ་ཡིན།། རྡོ་རྗེ་ཀཱི་ལི་ཀི་ལི་མ།། དབུས་ཀྱི་རང་ལྷ་དགྱེས་པར་སྤྲོ།། དེའི་ལོགས་ལ་རྡོ་རྗེ་ཆེའི།། མདའ་ནི་གསོར་བལ ་བརྩོན་པ།། སྙེམས་པའི་ཕྱག་གིས་ཡོངས་འཁྱུད་པའི།། ཆུ་སྲིན་རྒྱལ་མཚན་སྒྲེང་དང་བཅས།། དེའི་ལོགས་ན་བཞད་དང་བཅས།། མཆོད་པས་བདག་པོ་ལ་ལྟ་ལ།། སངས་རྒྱས་རིན་ཆེན་དབང་བསྐུར་མཚན།། ཐམས་ཅད་སྤྱན ་གྱིས་ཕྱག་རྒྱ་གཟིགས།། རང་ལ་བདག་ནི་ཐུགས་གཏད་པ།། ཟུང་དུ་ལྟ་ཞིང་བཞུགས་པའོ།། རས་རིས་འདི་ནི་མཐོང་བ་ཡིས།། རྟག་པའི་བསོད་ནམས་ཐོབ་པར་འགྱུར།། མཆོད་པ་དང་ནི་བརྟགས་པ་ཡིས། ་མཆོག་ཏུ་དགའ་བའི་ཐར་པ་ཐོབ།། ཅེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལྟར་མཆོག་ཏུ་དགའ་བ་རབ་ཏུ་འདོད་པ་ནི།། མཆོག་ཏུ་དགའ་བ་དག་པ་དམ་པའི་དངོས་གྲུབ་འགྲུབ།། གསལ་ཞིང་རྣམ་པར་རྒྱས། ་བ་ཡི།། རྒྱལ་བའི་རས་རིས་ཆེན་པོ་འདི།། ཐམས་ཅད་གཟིགས་པ་རྣམས་མཆོད་པ།། ཆེན་པོ་ཡི་ནི་དཔལ་འདིར་རོལ།། འཁོར་ལོ་དེ་ནི་བརྟགས་བྱས་ནས།། མཆོག་ཏུ་གསང་བའི་དཀྱིལ་འཁོར་ནི།། རྣམ་པར་དབེན་པའི་ཁང་པར ་འམ།། ཡང་ན་སྒྱིད་མོས་ཚལ་སྩོགས་སུ།། དེ་བཞིན་གཤེགས་མཆོག་ཆེན་པོ་ཡི།། རས་རིས་རྒྱལ་པོ་སྩོགས་ཀྱིས་བརྒྱན།། དྲིལ་བུ་དང་བཅས་ཡིད་དགའ་བའི།། བླ་རེ་ཕུལ་བས་མཆོག་གྱུར་པའི།། རྡོ་རྗེ་གླུ་ཡི་མཆོད་སྩོགས ་དང་།། ཀླུ་དང་རོལ་མོས་རྣམ་འཕྲལ་པ།། མེ་ཏོག་སྤོས་སྩོགས་རབ་སྦྱོར་བ།། མར་མེའི་སྦྱོར་བས་ཡང་དག་མཆོད།། ཁང་པ་སུམ་རྩེགས་དཀྱིལ་འཁོར་དུ།། མཆོག་གི་གསང་བསྒྲུབ་པར་བྱ།། ཡང་ན་བདག་ཉིད་ཁོ་ན་མཆོག ་རང་གི་ལྷག་པའི་ལྷར་སྒོམ་བྱ།། དེ་ནས་འཁོར་ལོར་མ་ཞུགས་ཀྱང་།། རང་ཉིད་ཀྱིས་ནི་རྟག་ཞུགས་ནས།། རྡོ་རྗེ་ཀུན་འཆང་སློབ་དཔོན་ནི།། དངོས་གྲུབ་ཀུན་ལ་འགྲུབ་པར་འགྱུར།། རང་ཉིད་ཁྲུས་བྱས་དྲི་ཞིམ་བསྒོས།། ་ཅི་སྙེད་རྒྱན་དང་གོས་དང་ལྡན།། སྣ་ཚོགས་གོས་ཀྱིས་ཡང་དག་བཀླུབས།། ཕྲེང་བཅས་ཁ་ནི་དྲི་ཞིམ་པ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཡིས།། མེ་ཏོག་སྤོས་དང་དྲི་སྣོད་བཅས།། རྡོ་རྗེ་གླུ་ནི་འདི་དག་གིས།། གར་བྱེད ་གྲོང་ཁྱེར་འཇུག་པར་བྱ།། དེ་ལ་མཆོག་ཏུ་གསང་བའི་དཔལ་དམ་ཚིག་གསུམ་འཇུག་ལ་མཆོག་ཏུ་གསང་བའི་གླུའི་མཆོད་པ་མཆོག་ཏུ་གྲུབ་པ་འདི་ཡིན་ཏེ། དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བའི།། ཐར་པའི ་གྲོང་དུ་བཅོམ་ལྡན་བདེ་ཆེན་འཇུག། མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱིས།། ཛ་ཧཱུ~ཾ་བ་ཏོ། རབ་ཏུ་གྲུབ་པར་མཛད།། རབ་ཏུ་ཞུགས་ཏེ་གཡོན་པ་ཡིས།། རྡོ་རྗེའི་མིག་གིས་མགོན་ལ་འདྲ།། གཡོན་པ་སྙེམས་པ་ཅུང་ཟད ་བཤད།། སྟོད་ཅིང་མཛེས་པའི་མིག་བཙུམས་པ།། དེ་ལ་མཆོག་ཏུ་གསང་བ་དམ་པ་དཔལ་དམ་ཚིག་གསུམ་གྱི་ཕྱག་འཚལ་བའི་མེ་ཏོག་གི་སིལ་མ་དོར་བའི་མཆོག་ཏུ་གསང་བ་རྡོ་རྗེའི་གླུའི་མཆོད་པའི་མཆོག་ཏུ་གྲུབ་པ་འདི་ཡིན ་ཏེ།། མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན།། སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད། ཛཿཧཱུཾ་བཾ་ཏེཿཧི་ཧེ་ཧེ་ཧི། མགོན་པོ་སྙིམ་པའི་མེ་ཏོག་བཞེས་སུ་གསོལ།། དེ་ནས་མེ་ཏོག་སིལ་མ་དོར།། རྡོ་རྗེ་སེམས་དཔའི་དབང ་བསྐུར་བས།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་།། ལྡན་པའི་དོན་གསལ་སྦྱིན་པར་བྱ།། དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་རྡོ་རྗེ་སེམས་དཔའ་དབང་བསྐུར་བའི་མཆོག་ཏུ་གསང་བའི་རྡོ་རྗེའི་གླུའི་མཆོད་པ་མཆོག ་ཏུ་འགྲུབ་པ་འདི་ཡིན་ཏེ། ཨོཾ། སངས་རྒྱས་ཀུན་ལྡན་རིན་ཆེན་མཆོག་གིས་བརྒྱན།། ལྷའི་ཅོད་པན་དང་བཅས་ཁྱོད་ལ་འདུད།། རྡོ་རྗེ་འཆང་བདག་རིན་ཆེན་དབང་བསྐུར་བས།། རྡོ་རྗེ་སེམས་དཔའ་ས་མ་ཡ་སྟྭཾ་ཧཾ།། དེ་ཉིད་ཀྱིས་ནི་རྔ ་རྗེགཟུང་།། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ།། དམ་ཚིག་གིས་ནི་ཕྱག་རྒྱད་གྲོབ།། བྱིན་གྱིས་བརླབས་ནས་སྙིང་པོ་བཟླས།། རྡོ་རྗེ་ལ་སོགས་ཐོབ་གཟུང་བས།། རྡོ་རྗེ་སེམས་དཔའ་གཉིས་པ་འདྲ།། རྡོ་རྗེ་ཐམས་ཅད་འཛིན་རྒྱལ་པོ།། རྡོ་རྗེ ་ཅན་གྱིས་བྱིར་བརླབས་འགྱུར།། ཞེས་བྱ་བ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱིས་བདག་ལ་བྱིན་གྱིས་བརླབས་པའི་སྒྲུབ་པ་གཅིག་པུའི་ཆོག་མཆོག་ཏུ་གྲུབ་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུང ་སོ།། དེ་ནས་འདིར་བསྒྲུབ་བཤད་བྱ་བ།། དངོས་གྲུབ་ཤིན་ཏུ་རྟག་པ་ཡང་།། གང་གིས་སྒྲུབ་པོ་དམ་པ་དང་།། སྡིག་ཆེན་བྱེད་པ་རྣམས་ཀྱང་ནི།། རྡོ་རྗེ་སེམས་དཔས་གསུངས་པ་བཞིན།། མ་གྲུབ་རྣམས་ཀྱང་གྲུབ་པར་འགྱུར།། ལུགས ་མའམ་ན་བརྡུངས་པའམ།། འདུས་བྱས་པའམ་བྲིས་པའམ།། དང་པོའི་སེམས་དཔའ་བཞུགས་གསོལ་ནས།། དེའི་མདུན་དུ་ཆོག་བཞིན།། རྟག་ཏུ་རྡོ་རྗེ་དྲིལ་འཆང་ཤིང་།། དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ།། ་ཐམས་ཅད་དགུག་དང་མཆོད་པ་ཆེ།། བདག་བྱིན་བརླབས་སྩོགས་བསྒྲུབ་རྣམས་སོ།། དེ་ལ་ཅི་ལྟར་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་དངོས་གྲུབ་ཐམས་ཅད་དགུག་པའི་རྒྱུད་ནི་འདི་ཡིན་ཏེ། རང་ལྷག་ལྔའི ་སྦྱོར་བ་ལས།། ཐམས་ཅད་དགུག་པའི་སྦྱོར་བ་ཡིས།། ཡན་ལག་མཆོག་གི་རོལ་བཅས་པས།། གར་བྱ་ཞིང་ནི་དགུག་པར་བྱ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་མཆོག་ཏུ་གསང་བའི་དམ་ཚིག་བྲི ་གླུའི་མཆོད་པ་ནི་འདི་ཡིན་ཏེ། ཛ་མཆོག་དང་པོ་རྡོ་རྗེ་འཆང་བ་རྡོ་རྗེ་སེམས་དཔའ་བདེ་བ་རབ་རྟོགས་རབ་ཏུ་དགའ་བ་ཁྱོད་བདག་སངས་རྒྱས་སོ་སོར་རྟོགས། ཧཱུཾ་མཆོག་རྡོ་རྗེ་ལས་ནི་མཆོག་ཏུ་མི་འགྱུར་ཟད་མེད་སྲིད་པ་རབ་བསྒྲུབ་པ་དེ་དང ་ཡིད་བདེ་དམ་ཚིག་བདག་ལ་དངོས་གྲུབ་མཛོད།། བ་མཆོག་བདག་གི་སྐུ་འཛིན་རྣལ་འབྱོར་ཐམས་ཅད་རྣམ་རྒྱལ་བསྒྲེང་བ་རབ་མཆོག་དག་པ་བདེ་བར་འགྱུར་བའི་པད་མའི་རྒྱལ་པོ་ཀྱེ། ཧོ་རབ་མཆོག་ནི་མཆོག་གི་དངོས་གྲུབ་དམ ་པ་ཐམས་ཅད་དབང་ཕྱུག་དམ་པར་བདག་གྱུར་ཅིག། རྟག་པར་བདག་འཕེལ་ནམ་མཁའི་སྙིང་པོ་ཁྱོད།། ཧུ་ལུ་ཧུ་ལུའི་སྒྲུབ་པས་དབབ་པར་མཛོད།། དམ་ཚིག་ཆེན་པོས་ཡང་དག་དགུག་པ་ཁྱོད།། དེ་བཞིན་གཤེགས་པ་ཀུན་གྱི ་དམ་ཚིག་སྟེ།། རབ་ཏུ་དགའ་བ་མཆོག་བདག་པོ།། དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་པ་ཚིག་གསུམ་གྱི་དངོས་གྲུབ་ཐམས་ཅད་ཀྱི་མཆོད་པ་ཆེན་པོའི་ཆོ་ག་ཅི་ལྟར་ཡིན། རང་ལྷའི་རྣལ་འབྱོར་ཅི་བཞིན་དུ།། མཆོད་པ་ཀུན ་མཆོག་སྐུ་རྣམས་ཀྱི།། མཆོད་དེ་སྔགས་པས་ཀླུ་རྣམས་ཀྱི།། རོལ་མོའི་རྣམ་འཕྲུལ་གྱིས་རྗེས་མཆོད།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཀྱི་མཆོད་པ་ཆེན་པོའི་ཆོ་གའི་མཆོག་ཏུ་གསང་བའི་དམ ་ཚིག་གི་རྡོ་རྗེའི་གླུའི་མཆོད་པ་ནི་འདི་ཡིན་ཏེ། ཐམས་ཅད་རྗེས་སུ་ཆགས་པ་བདེ་བ་དམ་པའི་ཐུགས།། རྡོ་རྗེ་སེམས་དཔའ་ཁྱོད་ནི་རབ་ཏུ་དགའ་བ་ཡིན།། བདེ་བ་ཆེན་པོ་གསལ་མཐོང་བ་དག་ལ་བརྟན་གྱུར་ཅིག། མྱུར་དུ་སོ་སོར་མཁྱེན ་ནས་རབ་ཏུ་འདུད་པ་བསྒྲུབས།། དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ།། དམ་ཚིག་གསུམ་གྱི་དངོས་གྲུབ་ཐམས་ཅད་བྱིན་གྱིས་བརླབས་པའི་སྒྲུབ་པ་ཆེན་པོ་ཅི་ལྟར་ཡིན།། རང་ལྷའི་སྦྱོར་བ་ཅི་བཞིན་དུ།། ཕྱག་རྒྱ་ཀུན་གྱིས་བྱིན་བརླབ ་དེ་ཉིད་ཆེན་པོའི་མཆོག་གིས་ནི།། རང་ཉིད་བསྒྲུབས་ཏེ་སྙིང་པོ་བཟླ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་བྱིན་གྱིས་བརླབས་པའི་གསང་བ་ཆེན་པོའི་དམ་པའི་དམ་ཚིག་གི། རྡོ་རྗེ་གླུའི་མཆོད་པ་མཆོག ་ཏུ་གྲུབ་པ་འདི་ཡིན་ཏེ། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ་རྡོ་རྗེ་ཆེ་རང་བཞིན།། རྡོ་རྗེ་སེམས་དཔར་བདག་གྲུབ་མཛོད།། ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ།། དབང་ཕྱུག ་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད།། ཉེས་པ་མི་མངའ་རྟག་པ་ཁྱོད།། འདོད་ཆགས་ཀྱིས་ནི་རྗེས་ཆགས་པ།། འདོད་ཆགས་ཆེན་པོ་དགའ་བ་ཆེ།། བཅོམ་ལྡན་དེ་ཉིད་ཀྱིས་གྲུབ ་མཛོད།། ཤིན་ཏུ་དག་པ་ཀུན་གྱིས་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད།། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོ་ལྷག ་པའི་ལྷ།། གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས།། རྡོ་རྗེ་སྙེམས་བདག་བདག་མཛོད་ཅིག། དཔལ་མཆོག་དང་པོའི་བཅོམ་ལྡན་ཁྱོད།། གང་གིས་དོན་དང་གླུ་ཡིས་བསྟོད།། དེ་ནི་དངོས་གྲུབ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོ་ཉིད་གྲུབ ་འགྱུར།། ཞེས་བྱ་བ་མཆོག་གི་དེ་ཁོ་ན་ཉིད་ཀྱི་མཆོག་ཏུ་བསང་བའི་གླུ་ཆེན་པོ་མཆོག་ཏུ་གྲུབ་པ།། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་སོ།། དངོས་གྲུབ་ཆོ་ག་འདི་ཡིས་ནི།། རྡོ་རྗེ་སེམས་དཔའ་ཡང་དག་རྟོགས།། ཀུན་མཆོག ་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཉིད་ནི་རབ་བསྒྲུབ་པའོ།། ཀུན་ནས་འོད་ཟེར་སྟོན་སོགས་དང་།། སོ་སོར་སྟོན་པའི་རྨད་བྱུང་རྣམས།། རྡོ་རྗེའི་ཚིག་གིས་རང་ལྷ་ལས།། ངོ་མཚར་གྱུར་རྣམས་མཐོང་བར་འགྱུར།། རྟོག ་པ་ཀུན་གྱི་སྣ་ཚོགས་ཆེ།། དངོས་གྲུབ་དབང་ཕྱུག་བདེ་རྣམས་ཀྱིས།། མྱུར་དུ་རང་གིས་བྱིན་བརླབས་པས།། རྡོ་རྗེ་སློབ་དཔོན་གྱིས་འཐོབ་བོ།། ཅེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་དང་པོས་གསུངས་སོ།། དེ་ལ་མཆོག ་ཏུ་གསང་བའི་དཔལ་དམ་ཚིག་གསུམ་གྱི་ལྷ་ཐམས་ཅད་ཀྱི་བདག་ལ་བྱིན་གྱིས་བརླབ་པའི་སྒྲུབ་པ་ཆེན་པོའི་རྒྱུད་ཅེ་ལྟར་ཡིན།། རང་ལྷ་རྣལ་འབྱོར་ཅི་བཞིན་དུ།། ལྷ་ཀུན་བདག་ཉིད་སྐུ་རྣམས་ཀྱིས།། རང་ལྷའི་རྣལ་འབྱོར་བདག་ཉིད་ཀྱིས།། རང ་ལྷག་ལྷ་ཉིད་བསྒྲུབ་པར་བྱ།། དེ་ནས་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་ཀུན་མཆོག་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོ་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་མི་འགྱུར ་བདམ་པ་བླ་ན་མེད་པའི་དགའ་བ་དང་། རབ་ཏུ་དགའ་བ་དང་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་དམ་པའི་ཆོ་ག་རྒྱས་པ་རྗེས་སུ་གྲུབ་པ་ནི་འདི་ཡིན་ཏེ།། རང་ལྷའི་རྣལ་འབྱོར་ཅེ་བཞིན་དུ།། རྡོ་རྗེ་ཀུན་མཆོག་སྐུ་རྣམས་ཀྱིས ་གླ་དང་རོལ་མོའི་ཆོ་ག་ནི།། རྡོ་རྗེ་ཉིད་ཀྱི་རྗེས་ཆགས་འགྱུར།། རང་ལྷའི་སྦྱོར་བ་ཅི་བཞིན་དུ།། དབྱངས་ཀྱི་རྩབས་རྣམས་པས།། ཀླུ་དང་རོལ་མ་ཚིག་ནི།། དྲིལ་བུ་ཉིད་ཀྱིས་རྗེས་སུ་བརྗོད།། རང་ལྷའི་སྦྱོར་བཅེ་བཞིན་དུ།། སྣ་ཚོགས ་ཕྱག་རྒྱའི་བདག་པོ་མཆོག། གླུ་དང་རོལ་མོའི་ཆོ་ག་ནི།། དམ་ཚིག་གིས་ནི་རྗེས་བསྒྲུབ་བྱ།། འདི་ཡིས་རྟོག་པ་ཐམས་ཅད་ལ།། རྡོ་རྗེ་འབེབས་པས་རབསད་པས།། རང་གི་ལྷའི་དམ་ཚིག་ནི།། ཐམས་ཅད་བཞི་འགྱུར་འགྲུབ་པར་འགྱུར།། ་མཆོག་དུ་གསང་བ་དམ་པའི་དཔལ།། དམ་ཚིག་གསུམ་གྱི་གླུ་ཆེན་པོ་དང་།། རོལ་མོའི་ཚིག་མཆོག་དུ་གསང་བ་མཆོག་ཏུ་གྲུབ་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་རྡོ་རྗེས་གནས་ཅི་བཞིན།། ཅི་སྙེད་པ ་དང་ཅེ་བདེབས།། མེ་ཏོག་སྤོས་ཀྱིས་མཆོད་ནས་ནི།། ཁང་པ་འམ་སྦེད་མོས་ཚལ་སོགས་སུ།། བདག་ཉིད་ཅི་འདོད་རབ་བསྒྲུབས་ནས།། ཅི་སྙེད་རྒྱན་དང་གོས་དང་ལྡན།། སྣ་ཚོགས་གོས་ཀྱིས་ཡང་དག་ཀླུབས།། མེ་ཏོག་ཕྲེང་བཅས ་ཁ་དྲི་ཞེམ།། ལུགས་མའམ་ནི་རྡུངས་པ་འམ།། འདུས་པའམ་ནིར་མོར་བྲིས།། དང་པོའི་འཁོར་ལོ་དེ་མདུན་དུ།། ཆོ་ག་བཞིན་དུ་བཞུགས་གསོལ་ནས།། རང་ལྷའི་རྣལ་འབྱོར་ཅི་བཞིན་དུ།། རྡོ་རྗེ་དྲིལ་བུ་རབ་སད་པས།། ཐམས་ཅད ་དགུག་དང་མཆོད་པ་ཆེ།། བདག་བྱིན་བརླབ་སོགས་འགྲུབ་པར་བྱ།། སྔོན་དུ་ལན་ཅིག་བསྒྲུབ་བྱས་ནས།། དེ་ནས་དེ་རྗེས་ཅི་འདོད་པར།། ཅི་འདོད་པ་དང་ཅི་སྒྲུབ།། ཐམས་ཅད་བཟའ་ཞིང་ཐམས་ཅད་བྱེད།། ལངས་པ་འམ་ནེ ་འདུག་པའམ།། རབ་ཏུ་རྒོད་དམ་སྨྲ་བ་འམ།། ཅི་བཞིན་དེ་བཞིན་དེ་དང་དེར།། ཅི་འདོད་པར་ནི་དེ་བཞིན་གཞག། གསང་བ་མཆོག་གི་འཁོར་ལོ་ནི།། མེ་ཏོག་སོགས་ཀྱིས་མཆོད་ནས་ནི།། ཅི་བཞིན་དུ་ནི་རྗེས་གྲུབ་བྱ།། འདི ་ནིའདོད་པ་ཀུན་དབང་ཕྱུག། འགྲོ་དང་འོད་དང་འདོད་ན་འཕུར།། དངོས་གྲུབ་ཀུན་གྱི་དབང་ཕྱུག་འགྲུབ། རྒ་ཤི་མེད་པའི་གཙོ་བོར་འགྱུར།། རྡོ་རྗེ་སེམས་དཔའ་འགྲུབ་ཆེན་པོ།། ཕྱག་རྒྱ་ཀུན་གྱི་དབང་ཕྱུག་བདག ་རྡོ་རྗེ་ཀུན་འཛིན་རྒྱལ་པོ་ནི།། རྡོ་རྗེ་མཚོན་ཆ་ཐམས་ཅད་འཛིན།། མི་ཐུབ་པ་དང་མེ་སོད་ཅིང་།། ཐམས་ཅད་བྱེད་ཅིང་ཀུན་གྱི་རྟེན།། སེམས་ཅན་ཀུན་གྱི་རྒྱལ་པོ་ཆེ།། ཚར་གཅོད་རྗེས་སུ་བཟུང་བར་ནུས།། ཀུན་མཆོག་རྗེས་སུ་ཆགས ་པ་ཆེ།། འདོད་པ་འགྲུབ་པ་བདེ་བའི་མཆོག། ཀུན་ལས་རྣམ་རྒྱལ་གྲུབ་འགྱུར་ཏེ།། ཀུན་མཆོག་དབང་ཕྱུག་དམ་པ་ཡིན།། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོའི་གོའཕངས་གནས།། རྒྱལ་པོ་རྡོ་རྗེ ་ཀུན་འཛིན་པ།། སངས་རྒྱས་ཐམས་ཅད་རབ་འགྲུབ་འགྱུར།། དེ་ལྟར་མཆོག་ཏུ་རྗེས་ཆགས་དགའ་བ་པད་མའི་རབ་ཆེ།། མཆོག་ཏུ་གསང་བ་གྲུབ་པའི་བླ་ན་མེད་པའི་དངོས་གྲུབ་སྩོལ།། མཆོག་གི་རྒྱལ་མཚན་བསྒྲེང་བས ་གང་ཞིག་རྗེས་སུ་བསྟེན་པ་སྟེ།། མཆོག་གི་དངོས་གྲུབ་དབང་ཕྱུག་ཆེན་པོ་ཉིད་དེས་ཉམས་མྱོང་བ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དཔལ་མཆོག་དང་པོ་ལས་གསང་བ་ཆེན་པོ་དམ ་པའི་དཔལ་དམ་ཚིག་གསུམ་དང་དངོས་གྲུབ་ཐམས་ཅད་དགུག་པ་དང་།། མཆོད་པ་ཆེན་པོ་དང་། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་སྒྲུབ་པའི་ཆོ་ག་རྒྱས་པའོ།། གསང་བ་མཆོག་ནི་དགྱེས་པ་དང་།། སངས་རྒྱས ་ཀུན་གྱི་རྗེས་བསྟན་པ།། རྡོ་རྗེ་སེམས་དཔའ་རང་གི་གནས།། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས།། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས ་ཚུལ་བདག་པོའི་བདག། འདི་ནི་རང་བྱུང་བཅོམ་ལྡན་འདས།། ལྷག་པའི་ལྷ་ནི་ཅིག་པུ་ཉིད།། ཅེས་བྱ་བ་གྲུབ་པར་འགྱུར་རོ།། དེ་ལྟར་མཆོག་ཏུ་རྗེས་ཆགས་དགའ་བ་པད་མ་རབ་ཆེ།། མཆོག་ཏུ་གསང་བ་བླ་ན་མེད་པའི་དངོས་གྲུབ ་སྩོལ།། མཆོག་གི་རྒྱལ་མཚན་བསྒྲེང་བ་གང་ཞིག་རྗེས་སུ་བསྟེན་པ་སྟེ།། མཆོག་གི་དངོས་གྲུབ་བདེ་བ་ཆེན་པོ་ཉིད་དེས་ཉམས་མྱོང་བ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དཔལ་མཆོག་དང་པོ ་ལས།། དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་རྣལ་འབྱོར་ཐམས་ཅད་ཀྱི་དབང་ཕྱུག་དེ་གཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་དམ་ཚིག་གི་དཀྱིལ་འཁོར་མཆོག་ཏུ་བསང་བ་ཡོངས་སུ ་རྫོགས་སྷོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དམ་ཚིག་ཆེན་པོའི་སློབ་མའི་ཆོ་ག་རྒྱས་པ་རྗེས་སུ་བཟུང་བ་བཤད་པར་བྱའོ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། ་དེ་ལ་དང་པོ་ཁོ་ནར་རེ་ཤིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དམ་པའི་སྔགས་འདི་ལན་ཅིག་བརྗོད་པས་སྐྱེད་དུ་བཅུག་སྟེ།། ཨོཾ་སརྦ་ཡོག་ཅིང་ཏཾ་ཨུ་པ་ཏ་ཡ་མི།། འདི་བརྗོད་པ་ཙམ་གྱིས་དེ་བཞིན ་གཤེགས་པ་ཐམས་ཅད་དང་མི་བྲལ་ཞིང་ཕྱིར་མི་ལྡོག་པ་དང་བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།། དེ་བཞིན་གཤེགས་པ་ཉིད་དུ་ཡང་རྟོགས་པར་བྱའོ་ཞེས་བྱ་བ་ཡང ་གསུངས་སོ།། བྱང་ཆུབ་སེམས་ནི་བླ་མེད་པ།། མཆོག་ཏུ་བསྐྱེད་པར་བྱས་ནས་ནི།། སྙིང་ཀར་རྡོ་རྗེ་རབ་གཞག་ནས།། སུ་ར་ཏ་ས་མ་ཡ་སྟོམ་ཏོ།། སྙིང་པོས་རྡོ་རྗེ་ཅི་བདེ་བ་སྒྲུབ།། འདི་ཡིས་རྡོ་རྗེ་སྐུལ་བ་ན།། འདོད་པ་ཀུན་ལས་འགྲུབ ་པར་འགྱུར།། དེ་ཉིད་སྐུལ་བས་མྱུར་དུ་ནི།། བྱང་ཆུབ་སེམས་ནི་བླ་མེད་པ།། ཀུན་མཆོག་དངོས་གྲུབ་ཆེན་པོའི་ཕྱིར།། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར།། ཞེས་བྱ་བའི་མཆོག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།།། ་གར་བྱས་སྤྱི་བོར་ཐལ་མོ་སྦྱར།། གོས་ཀྱིས་གདོང་ནི་གཡོགས་པ་རྣམས།། ཅི་འདོད་དངོས་གྲུབ་འདོད་པ་ཡིས།། སློབ་མ་ཐམས་ཅད་གཞུག་པར་བྱ།། ཅི་འདོད་དངོས་གྲུབ་སེམས་དཔའ་ཡིས།། སློབ་མ་མེ་ཏོག་འདོར་དུ་གཞུག ་ཕྱག་རྒྱ་གང་ལ་དེ་བབས་པའོ།། དེ་དེའི་ལྷ་མོ་བསྒྲུབ་པར་བྱ།། དེ་ནས་གདོད་གཡོགས་དགྲོལ་བྱས་ལ།། རྣམ་པ་ཀུན་གྱི་ཡོན་བླངས་ནས།། སངས་རྒྱས་རིན་ཆེན་དབང་བསྐུར་གྱིས།། དམ་ཚིག་གསུམ་ནི་གསལ་བར་སྦྱིན། ་དེ་ལ་རྡོ་རྗེ་ཆེན་པོའི་མནའི་ཆུས་དབང་བསྐུར་ཏོ།། འདི་སྐར་བརྗོད་པར་བྱའོ།། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲེག་པར་བྱ།། དམཆོག་བསྲུངས་ན་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ།། རྡོ་རྗེ ་དྲིལ་བབྲག་ཏུ་ནི་གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས།། སྐྱེ་བོ་འདུས་པའི་ནང་ན་གནས།། དད་པ་མེད་པས་བཞད་རྒད་སྤྱོད།། ཞེས་བྱ་བས་མནའ་བསྐྲག་གོ།། དེ་ལ་སངས་རྒྱས་ཀྱི་རིན་པོ་ཆེའི་དབང་བསྐུར་བའི་ཆོ་ག་ནི་འདི་ཡིན་ཏེ།། ་རྡོ་རྗེ་ཆུ་ཡིས་དབང་བསར་ནས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་དབང་བབྲང་བའི་གནས་སུ་བཞག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཡ་ཨ་ཏི་པ་ཏི་སྟྭ~ཾ།། ཨདྷིཥཉྩ་མི་མནྟ་བཛྲ་དྷར་ཞེས་བྱ་བའི་སྔག་འདས ་རྡོ་རྗེ་ལག་ཏུ་སྦྱིན་པར་བྱའོ།། འདི་ནི་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་འཆང་གིས་རྡོ་རྗེ་སྟེ།། རྡོ་རྗེ་འཆང་གི་བརྟུལ་ཞུགས་ཆེ།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། བྱང་ཆུབ་མཆོག་གི་སེམ ་ཆེན་པོ།། ཡོངས་སུ་མི་སྲང་རྟག་ཏུ་བསྒྲུབས།། ཤིན་ཏུ་གསང་བ་དེ་འདི་ཡིན་ཏེ། ཨོཾ་བཛྲ་ཀར་མ་བཱ་དྷི་དྷི་ཤྲཱི་བཛྲ་ནཱ་མ་སིད་དྷ་ས་མ་ཡ་སྟྲ་བྷུ་བུབ་ས། གང་ལ་རྡོ་རྗེའི་མིང་བཏགས་པ་དེ་ལ་ཀྱེའི་སྒྲ་དང་པོར་སྣང་བར་བྱའོ།། དེའི་མིང་དེ་ཡ ་ཅི་སྲིད་བྱང་ཆུབ་སྙིང་པོའི་མཐར་ཐུག་པའི་བར་གྱི་དེ་བཞིན་གཤེགས་པའི་ཡང་མིང་དུ་འགྱུར་རོ།། དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་སྦྱིན་པ་ནི་འདི་ཡིན་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམ ་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག། ཞེས་བྱ་བ་བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་མཆོག་གི་དེ་ཁོ་ན་ཉིད་ཀྱི་གསང་བ་ལྔའི་དེ་ཁོ་ན་ཉིད་བཤད་པར་བྱས་ནས ་རྡོ་རྗེ་སྦྱིན་པར་བྱའོ།། འདི་བཅོམ་ལྡན་འདས་སྲིད་པའི་བདག་པོ་དམ་པ་ཀུན་གྱི་མཆོག་དབང་ཕྱུག་གི་དམ་པ་དེ་བཞིན་གཤེགས་པ་དེ་ཉིད་ཆོས་ཀྱི་མཆོག་གི་བཀའ་ཡང་དག་པ་སྩོལ་བར་མཛད་པ་ནི།། སྲིད་པ་རང་བཞིན་ཉིད་ཀྱིས་དག ་རང་བཞིན་གྱིས་ནི་སྲིད་བྲལ་བྱས།། རང་བཞིན་དག་པའི་སེམས་དཔའ་མཆོག། སྲིད་པ་མཆོག་ནི་མཛད་པ་ཡིན།། མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པ་ནི་དྲིལ་བུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བྱ་བའམ། ་ལྷ་བསྒྲུབས་དཀྲོལ་བར་བྱའོ།། དེ་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་སད་པའི་ཕབ་པ་རྣམས་ཀྱིས་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བྱེད་པ་ཡིན་ནོ།། རྡོ་རྗེ་ཐམས་ཅད་འབེབས་པར་བྱེད་པ་དང་རབ་ཏུ་སྒྲུབ་པར་བྱེད་པ་དང་། ་དབང་དུ་བྱེད་པ་དང་རབ་ཏུ་དད་པར་བྱེད་པ་ཞེས་བྱ་བར་བསྒྲུབ་པར་འགྱུར་རོ།། དེ་ནས་སྲིད་པ་དག་པའི་ཐབས་ཀྱིས་མཆོག་རྟོག་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་དམ་ཚིག་ལ་རྟག་ཏུ་རྟེན་པར་བྱའོ་ཞེས་བྱ་བའོ།། དེ་ལ་འདི་ནིང་ཁྱོད་ཀྱི་སྲིད ་བདེ་ཤིན་ཏུ་གྱུར་བ་ནི།། སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར།། ཤིན་ཏུ་བདེ་བ་དམ་པའི་ཐབས།། དམ་ཚིག་འདི་ནི་རྟག་ཏུ་བསྐྱེད།། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ།། ཅི་འདོད་པར་ནི་བསྟེན་བཞིན་དུ།། རང་གི་ལྷའི་སྦྱོར་བ་ཡིས།། དག། ་དང་གཞན་ལ་མཆོད་པར་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་མཆོག་ཏུ་གསང་བའི་ཐེག་པ་ཆེན་པོ་ཡང་ཆེན་པོ་དམ་ཚིག་གི་སྦྱོར་བ་ནི་བཅོམ་ལྡན་འདས་ཀྱི་དམ་ཚིག་གོ། འདི་ལྟར་དེ་བཞིན་གཤེགས་པ་ཀུན ་གྱིས་ཀྱང་།། འདའ་བ་རུ་ནི་མི་མཛད་པས།། ཕྱག་རྒྱ་དམ་ཚིག་ཞེས་ནི་བསྒྲགས།། ཡིད་ཀྱི་སྐུ་ནི་བརྟན་ཕྱིར་རོ།། ཞེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་འདི་བརྗོད་པར་བྱ་སྟེ།། ཅི་སྲིད ་འཁོར་བའི་གནས་སུ་ནི།། མཁས་མཆོག་འདུག་པར་གྱུར་པའི་ཚེ།། ཅི་སྲིད་མཚུངས་མེད་སེམས་ཅན་དོན།། མྱ་ངན་མི་འདའ་བྱེད་པར་ནུས།། གསང་བའི་དམ་པ་དམ་ཚིག་ཐབས།། བསོད་ནམས་བྱིན་གྱིས་བརླབས་བསྒྲུབས་པ།། ་རྟག་ཏུ་དངོས་གྲུབ་ཀུན་དབང་ཕྱུག། སེམས་ཅན་དོན་ནི་བྱེད་པ་ཡིན།། དམ་ཚིག་འདིས་ནི་མཆོག་སྒྲུབ་ཅིང་།། ཅི་བདེ་བར་ནི་སྒྲུབ་བྱེད་པ།། ཉེས་པ་སྤྱད་ཀྱང་སྡིག་ཀུན་གྱིས།། རྣམ་པ་ཀུན་ཏུ་གནོད་མི་འགྱུར།། འདོད་པ་ཆེན་པོ་གྲུབ ་པར་འགྱུར།། ཀུན་བདག་དམ་ཚིག་དབང་ཕྱུག་དང་།། ཐམས་ཅད་རྡོ་རྗེ་འཛིན་རྒྱལ་པོ།། ཀུན་མཆོག་དབང་ཕྱུག་དམ་པའོ།། ལས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱིས།། མ་ལུས་བསྒྲུབས་པས་འགྲུབ་པར་འགྱུར།། བདག་གཞན་ཐམས་ཅད ་རྒྱས་བཏབ་པས།། ཡང་ན་བསྒྲུབ་བྱ་ཀུན་ལ་ཡང་།། དོན་ཡོད་མཆོག་ཏུ་གྲུབ་པ་དང་།། རྣལ་འབྱོར་ཐམས་ཅད་རྗེས་གྲུབ་བྱེད།། དཔལ་ལྡན་སྡུག་བསྔལ་ཀུན་འཕྲོག་བྱེད།། དམ་ཚིག་འདའ་བར་དཀའ་བའོ།། ཞེས་བྱ་བ་མཆོག ་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། རྡོ་རྗེ་ལ་སོགས་ཐོབ་འཛིན་པས།། དངོས་གྲུབ་ཀུན་གྱི་བདེ་བ་ཀུན། ཕབ་པས་རྡོ་རྗེ་སློབ་མ་ཡིས།། དཀྱིལ་འཁོར་དུ་ནི་ཉམས་སུ་མྱོང་།། དེ་ནས་ཐམས་ཅད ་བཟེངས་སྟོད་པས།། སངས་རྒྱས་ཀུན་གྱི་བདག་ཉིད་དངོས།། རྡོ་རྗེ་མིང་གིས་དབང་བསྐུར་བས།། དེ་བཞིན་གཤེགས་ནི་ལུང་བསྟན་བྱ།། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུང་བསྟན་པའི་རྡོ་རྗེ་སེམས ་དབའི་ཚིག་འདི་ཡིན་ཏེ།། སངས་རྒྱས་ཀུན་གྱི་ཕྱག་རྒྱ་མ།། གཟེངས་སྟོད་པ་ཡིས་གང་ལུང་བསྟན།། དེ་ནི་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་མིང་གིས་དབང་བསྐུར་བའོ།། ཨོཾ་འདྲི་ནངས་ཁྱོད་ལུང་བསྟན་སྟེ།། རྡོ་རྗེ་སེམས་དཔའདེ ་བཞིན་གཤེགས།། སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར།། སྲིད་པའི་ངན་འགྲོ་ལས་ཁྱེད་སྟོན།། ཧེ་བཛྲ་ན་མཿཏ་ཐཱ་ག་ཏ་སིད་དྷ་ས་མ་ཡ་སྟཾ་བྷུར་བུ་བས། གང་ལ་གཟེངས་སྟོང་པ་འདི་དང་ཕྱག་རྒྱ་ཆེན་པོར་ལུང་བསྟན་པ་མཆོག་ཏུ་གསང ་བ་ཨའི་ཚོ་གས་བྱས་པ་དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་འཆང་དང་བཅས་པའི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དང་བཅས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་རང་གི་དམ་ཚིག་གི་སློབ་དཔོན་རྣམས་དང་མགྲིན་ཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་དོ།། འདི་ལྟ་སྟེ་གཟེངས་བསྟོད་པ་འདི་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་དང་མཆོག་ཏུ་གསང་བ་དམ་པའི ་དངོས་གྲུབ་ཀྱིས་བྱིན་གྱིས་བརླབས་པ་འདི་དང་སྔགས་ཀྱི་སྟོབས་ལ་དད་པ་བྱའོ།། དེ་ནས་ཅི་ལྟ་བ་བཞིན་དུ་ཞུགས་པ་རྣམས་ལ།། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་ལ་སོགས་པའི་དབུགས་དབྱུང་བ་སྦྱིན་པར་བྱའོ།།། ་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཆང་དང་བཅས་པ། ཅི་སྙེད་པ་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དང་བཅས་པ་གང་ཡིན་པ་དེ་དག་ཐམས་ཅད་རང་གི་དམ་ཚིག་ལ་རྗེས་སུ་ཆགས་པས་འདིར་དགུག་པ་དང ་ཏུ་གཞུག་པ་དང་དབང་དུ་བྱ་བ་དང་བསྒྲུབ་པ་དང་རྗེས་སུ་སྒྲུབ་པ་རྣམས་ཀྱིས་རྡོ་རྗེའི་དབྱིངས་ཐམས་ཅད་བརྟན་པར་གྱུར་པ་ཉིད་ཀྱིས། འདི་བསྟན་པར་འགྱུར་བ་ཆོས་ཀྱི་དབྱིངས་ཐམས་ཅད་ཀུན་ཏུ་ཁྱབ་པ་ཉིད་ཀྱིས། ཀུན་ཏུ ་ཞུགས་པ། ནམ་མཁའི་ཁམས་ཐམས་ཅད་ཀྱི་རྒྱ་ཆེ་བ་ཉིད་ཀྱིས་འདིར་རབ་ཏུ་བཞུགས་ཤིང་། ལེགས་པར་རབ་ཏུ་བཞུགས་པ་གང་ཡིན་པ་དེ་དང་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་ལ་རག་ལས་པའི ་དེ་བཞིན་གཤེགས་པ་ཉིད་ལ་ལྷག་པར་དམིགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་གི་སློབ་དཔོན་དེ་བཞིན་གཤེགས་པ་ཐམས་ཅད་འདི་ཡིན་ནོ།། ཞེས་བྱ་བས་བྱིན་གྱིས་བརླབས་ནས། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་གི་སློབ་དཔོན་གྱིས་དམ་ཚིག་གི་མགྲིན་གཅིག་ཏུ་ཁྱེད་རྣམས་ལ་དབུགས་དབྱུང་བ་མཛད་པ་ཡིན་ཏེ་དང་བར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི ་དབུགས་དབྱུང་བ་འདི་ཡིན་ཏེ།། གསང་བའི་དཀྱིལ་འཁོར་དམ་པ་ནི།། མཐོང་བ་དང་ནི་ཞུགས་པས་ཀྱང་།། སྡིག་པ་ཀུན་ལས་ངེས་གྲོལ་ཞིང་།། ཁྱེད་རྣམས་དེར་ཉིད་ལེགས་པར་གནས།། བདེ་ཆེན་ཐོབ་པ་འདི་ལས་ནི།། སླར ་འཆི་བ་ནི་ཡོད་མིན་ཏེ།། མི་ཚུགས་པ་དང་མི་སོད་པས།། ཅིས་ཀྱང་མི་འཇིགས་རོལ་པར་གྱིས།། སྲིད་པའི་སྡུག་བསྔལ་ལྡོག་པ་ནི།། སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར།། སྟོན་པ་མཆོག་ཏུ་གྱུར་པ་ཁྱོད།། སྲིད་པ་ཤིན་ཏུ་གྲུབ་པ་ཡིན། ་དམ་ཚིག་སྡོམ་པ་གྲུབ་པ་འདི།། ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ།། སངས་རྒྱས་ཀུན་གྱིས་མཐུན་པར་གསུངས།། དམ་པ་རྟག་པའི་བཀའ་ཡིན་ནོ།། གང་ཞིག་སྐྱེད་པ་ཙམ་གྱིས་ནི།། སངས་རྒྱས་ཉིད་དུ་ངོགས་མེད་པའི།། བྱང་ཆུབ ་སེམས་ནི་གཏང་མི་བྱ།། ཕྱག་རྒྱ་རྡོ་རྗེ་གང་ཡིན་པ།། དམ་པའི་ཆོས་ནི་མི་སྨོད་ཅིང་།། ནམ་ཡང་བཏང་བར་མི་བྱའོ།། མི་ཤེས་པའམ་རྨོངས་པ་ཡིས།། དེས་ནི་སྨད་པར་མི་བྱའོ།། རང་གི་བདག་ཉིད་ཡོངས་སྤངས་ནས། ་དཀའ་ཐུབ་རྣམས་ཀྱིས་གདུང་མི་བྱ།། ཅི་བདེ་བར་ནི་བདེ་བར་གཟུང་།། འདི་ནི་མ་བྱོན་རྫོགས་སངས་རྒྱས།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས།། ནམ་ཡང་ཡོངས་སུ་སྤང་མི་བྱ།། སློབ་དཔོན་སྨད་པར་མི་བྱ་སྟེ།། འདི་ནི་སངས ་རྒྱས་ཀུན་དང་འངདྲ།། སངས་རྒྱས་ཀུན་མཚུངས་ཐ་མ་ཡིས།། སློབ་དཔོན་ལ་ནི་གང་སྨད་པ།། དེས་ནི་སངས་རྒྱས་ཀུན་སྤད་པས།། རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་སྟེ།། རིམས་དང་དྲུག་དང་སྦྱང་དྲུག་དང་།། མ3། ་འགྲོ་རྣམས་ཀྱིས་གཙེས་པ་དང་།། གདོན་དང་ལོག་འདྲེན་གཏུམ་པོ་ཡིས།། གསང་ནས་སེམས་ཅན་དམྱལ་བར་ལྟུང་།། དེ་བས་འབད་པ་ཐམས་ཅད་ཀྱིས།། རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ།། དགེ་བ་རབ་ཏུ་མི་སྤྱོམས་པ།། ནམ ་ཡང་སྨད་པར་མི་བྱའོ།། བླ་མ་ལ་ནི་གུས་བཅས་ཡོན།། རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ།། དེས་ནི་རིམས་སྩོགས་གནོད་པ་རྣམས།། ཕྱིར་ཞིང་འབྱུང་བར་མི་འགྱུར་རོ།། རང་གི་དམ་ཚིག་སློབ་དཔོན་ནི།། སྦྱིན་མིན་བུ་དང་ཆུབ ་མ་དང་།། རང་སྲོག་གིས་རྟག་བསྟེན་བྱས་ན།། ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས།། གང་གིས་བསྐལ་པ་བྱེ་བར་ནི།། གྲངས་མེད་པར་མི་རྙེད་དཀའ་བའི།། སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ།། ཚེ་འདི་ཉིད་ལ་སྟེ་ར་བར་བྱེད།། རྟག་ཏུ ་རང་གི་དམ་ཚིག་བསྲུང་།། རྟག་ཏུ་དེ་བཞིན་གཤེགས་པ་མཆོད།། རྟག་ཏུ་བླ་མ་ལ་ཡང་འབུལ།། འདི་ནི་སངས་རྒྱས་ཀུན་དང་འདྲ།། དེ་བྱིན་སངས་རྒྱས་ཐམས་ཅད་ལ།། རྟག་ཏུ་སྦྱིན་པ་ཉིད་དུ་འགྱུར།། དེ་བྱིན་བསོད་ནམས ་ཚོགས་ཡིན་ཏེ།། ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར།། དེ་ཕྱིར་འདི་ནི་ལེགས་གནས་པས།། དེང་ཁྱོད་སྐྱེ་བ་འབྲས་བུར་བཅས།། རང་བྱུང་དམ་ཚིག་ལྷ་དང་མཉམ།། དེང་ཁྱོད་གྱུར་པར་ཐེ་ཙོམ་མེད།། སངས་རྒྱས ་རྡོ་རྗེ་འཛིན་བཅས་པར།། ཀུན་གྱི་དེང་ཁྱོད་དབང་བསྐུར་བས།། ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ།། རྒྱལ་པོའི་བདག་པོར་བསྟན་པ་ཡིན།། དེ་ནི་བདུད་ལས་རྣམ་རྒྱལ་ཏེ།། གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས།། ཁྱེད་རྣམས ་ཀྱི་ནི་སངས་རྒྱས་ཉིད།། དེ་འདིར་ཐོབ་པར་ཐེ་ཙོམ་མེད།། ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་འཆང་དང་། བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་བཅོམ་ལྡན ་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་བདེན་པས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་དམ་ཚིག་གི་སློབ་དཔོན་དང་། སློང ་མའི་ཚོགས་རྣམས་ཀྱིས་དབུགས་དབྱུང་བ་ནི་འདི་ཡིན་ཏེ།། ཕྱིར་མི་ལྡོག་པའི་ཕྱག་རྒྱ་ཡིས།། བྱང་ཆུབ་སེམས་དང་ལྷན་ཅིག་བསྐྱེད།། སངས་རྒྱས་ཉིད་ཀྱང་རྟོག་བྱ་སྟེ།། ཞེས་བྱའོ།། དེའི་རྒྱུ་གང་ཡིན་ཞེ་ན། གང་ཕྱིར་ཁྱེད་རྣམས ་ཀྱི་བདག་ཉིད་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་ཙམ་གྱིས་མཐུ་ཉིད་ཀྱིས་ཕྱིར་མི་ལྡོག་པར་འགྱུར་བ་ཡིན་ནོ།། ཕྱིར་མི་ལྡོག་པ་ཉིད་ཀྱི་ཕྱིར་ངེས་པའི་ཕུང་པོ་ལ་རྣམ་པར་གནས ་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་རྗེས་སུ་རྟོགས་པར་བྱའོ་ཞེས་བྱའོ།། དེ་ནས་ཐམས་ཅད་ཀྱི་དཔལ་དམ་ཚིག ་གི་སློབ་དཔོན་གྱི་མཆོག་ཏུ་གསང་བའི་དབུགས་དབྱུང་བ་འདི་ཡིན་ཏེ།། རྡོ་རྗེ་སེམས་དཔའི་བདག་སྦྱོར་བ།། རྣལ་འབྱོར་ཀུན་དང་རྗེས་སྦྱོར་ལྡན།། སངས་རྒྱས་ཉིད་དུ་རྟོགས་བྱ་སྟེ།། མཁས་པས་མཆོག་ཏུ་རྟག་པའོ་ཞེས་བྱོང ་དེའི་རྒྱུ་གང་ཡིན་ཞེ་ན་གང་གི་ཕྱིར་ཁྱེད་རྣམས་ཀྱི་བདག་ཉིད་ཐམས་ཅད་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་ཡོངས་སུ་བཟུང་བ་གདོན་མི་ཟ་བ་ཉིད་ཀྱི་ཕྱིར།། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པ་ཉིད་དུ་རྟོགས་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ།། རང་གི་དམ་ཚིག་གི་རྗེས་སུ་སྒྲུབ་པས་མཆོག་གི་དངོས་གྲུབ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད ་དུ་དེ་དག་རྟོགས་པར་བྱའོ།། དེའི་ཕྱིར་གནས་སྐབས་ཐམས་ཅད་དུ་ཡང་ཅི་ནུས་པས་སྡུག་བསྔལ་དང་། ཡིད་མི་བདེ་བ་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་ཁྱེད་རྣམས་ཀྱིས་རང་གི་བདག་ཉིད་ཐམས་ཅད་ཁོ་ན་རྗེས་སུ་བསྲུང་ཞིང་བསད ་བར་མི་བྱའོ།། ཅི་སྙེད་པའི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བླ་ན་མེད་པའི་ཐེག་པ་ཆེན་པོའི་དམ་ཚིག་གི་སྦྱོར་བས་ཡང་དག་པར་མཆོད་ལ། བདེ་བར། ་བཟུང་བ་དང་ཡང་དག་པར་འཕེལ་བར་བྱའོ།། བདག་ཉིད་ལ་ཅི་ལྟ་བ་བཞིན་དུ་མངོན་པར་བརྩོན་པ་དེ་བཞིན་དུ་གཞན་རྣམས་ལ་ན་ཚོད་སྐྱེད་པ་ཡིན་ནོ།། ལྟ་བ་ལོག་པ་དང་ཕྱི་རོལ་མུ་སྟེགས་པ་དང་ཉན་ཐོས་པ་ཐམས་ཅད་དང ་རང་སངས་རྒྱས་ཀྱི་སར་ལྟུང་བས་ལུས་འདི་ཤིན་དུ་གསང་བ་ཡིན་ནོ།། ངག་ནི་ཤིན་ཏུ་མི་སྨྲབས་སོ།། སེམས་ནི་ཤིན་ཏུ་འགོག་པས་སོ།། གང་གིས་ཀྱང་ཁྱེད་ཀྱི་ལུས་ངག་ཡིད་ཀྱིས་རྡོ་རྗེ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ ་གསུང་ཐུགས་ཀྱི་རྡོ་རྗེ་དཔལ་རང་གིས་དམ་ཚིག་གི་བླ་ན་མེད་པའི་དངོས་གྲུབ་མཆོག་ཏུ་རྟག་པར་འབྱུང་བར་འགྱུར་ཞེས་བྱ་བ་ཡང་གསུངས་སོ།། འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས།། ཅིས་ཀྱང་མི་འཇིགས་རོལ་པར་གྱིས།། ་དམཚིག་འདི་ནི་འདའ་དཀའ་སྟེ།། སྡིག་པ་མེད་ཀྱིས་མ་འཇིགས་ཤིག། ཅེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་མཆོག་ཏུ་བདེན་པ་གསུངས་སོ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུག། ་ལ་དགོངས་པ་ཡིན་ནོ།། དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས།། རང་གི་དམ་ཚིག་མི་ཟད་བདེ་ཏེར་སྙེནན་གྱིས།། དེ་ནི་འགྲོ་ལ་མྱུར་བ་དེ་རྡོ་རྗེ་སེམས་དཔའ་དང་།། རབ་ཏུ་མཉམ་ཞིང་རྟག་ཏུ་ཉིད་དུ་རྟོགས་པར་གྱིས།། དེ་ནས་རོ་དང་བཟའ་དང ་སྤྱོ་པ་གར་དང་གླུ།། རོལ་མོའི་མཆོད་སོགས་ཀྱིས་ནི་མགོན་མཆོད་པ།། རྡོ་རྗེ་བླ་མ་ཆེན་པོས་དེ་ཕུལ་ནས།། རང་དང་གཞན་དག་ཅི་འདོད་མཆོད་པར་བྱ།། མྱོས་བྱེད་བྱོས་བྲལ་བཏུང་བ་ནི།། ཅི་འདོད་པར་ནི་བསྟེན་པ་ཡིས།། ཀླུ་དང ་རོལ་པོའི་ཚི་ག་སྩོགས།། ཅི་བཞིན་རྗེས་འགྲོའི་བཟླས་པ་བྱ།། རང་གས་ཚོགས་བླངས་པ་ཡི།། གླུ་དང་རོལ་མོ་གར་རྣམས་ཀྱིས།། སྣ་ཚོགས་ཕྱག་རྒྱའི་མཆོད་པ་དང་།། རྡོ་རྗེ་སེམས་དཔའི་རོལ་མོ་སྩོགས།། བུད་མེད ་རྩོག་པ་དང་ལྡན་པའམ།། རང་གི་སློབ་མ་དང་བཅས་པ།། ཅི་འདོད་པ་ཡི་ལོངས་སྤྱོད་ཀྱིས།། མཆོད་པ་བྱས་པས་མྱུར་དུ་འགྲུབ།། ཞེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་གསང་བའི་ཚེ ་གའི་གླུའི་ཁྱད་པར་ནི་འདི་ཡིན་ཏེ།། ཧཱུཾ་བཅོམ་ལྡན་འདས་མཆོག་དང་པོའི་རྡོ་རྗེ་སེམས་དཔའིའོ།། ཨ།། དེ་བཞིན་གཤེགས་པ་རྣམས་ཀྱིའོ།། ཧི་དཔལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའིའོ།། ཨོཾ་པད་པའི་སྙིང་པོའིའོ།། ཧ་ནམ ་མཁའི་སྙིང་པོ་སྟེ།། བྱང་ཆུབ་སེམས་དཔའ་ཆེན་པོའི་རྒྱལ་པོ་ནམ་མཁའི་སྙིང་པོ་ཡིན་ནོ།། ཞེས་བྱ་བ་གསུངས་སོ།། རང་གསང་སྙིང་པོའི་གླུ་དག་ནི།། ཡི་གེ་ལྔ་པོས་བྱ་བ་སྟེ།། རང་གསང་ཚོགས་བླངས་པ་འདི།། མཆོག་ཏུ་གཤེགས་པ་ཀུན། ་ཀྱི་ཡིད།། དེ་ནས་མཆོག་ཏུ་གསང་བ་རྡོ་རྗེ་གླུའི་མཆོད་པ་ནི།། རྡོ་རྗེ་དྲིལ་བུ་མཉམ་སོགས་བཅས།། རྣམ་པར་དབེན་པར་རོལ་པོ་དཀྲོལ།། རང་གསང་ཚོགས་གླུ་བླངས་པ།། གསང་བའི་རོལ་མོས་རབ་ཏུ་བསྒྲུབ།། དེ་ནས་མཆོག་ཏུ ་ཤིན་ཏུ་གསང་བའི་རྡོ་རྗེ་གར་གྱི་མཆོད་པ་ནི།། འཛིན་པ་དང་བཅས་གཟུང་བ་ཚེའི།། གར་ནི་རབ་ཏུ་བྱས་ནས་ཀྱང་།། དཀྱིལ་འཁོར་འདྲ་བའི་གར་བྱས་ནས།། ཡོངས་སུ་བསྐོར་བས་རང་མཆོད་བྱ།། དེ་ནས་མཆོག་ཏུ་གསང་བའི་ཕྱག་རྒྱ ་སྣ་ཚོགས་པའི་མཆོད་པ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་ལྷའི།། རྟོག་པ་ཐམས་ཅད་རྣམ་འཕྲུལ་པ།། གཏམ་རྒྱུད་ཕྱག་མཚན་ཕྱག་རྒྱ་ཡིས།། གང་ཞིག་གར་དེ་རོལ་མོ་ཡིན།། གསེར་རབ་ཡང་ན་དངུལ་དང་ནི།། དེ་བཞིན་ཤིང ་ལས་བྱས་པ་ཡི།། རང་གི་ལྷའི་གདོང་རྣམས་ཀྱིས།། གྲུབ་པའི་ཕྱག་རྒྱས་གར་རྣམས་བྱ།། དཀྱིལ་འཁོར་གང་དང་གང་བསྟེན་པ།། ཕྱག་རྒྱ་སྣ་ཚོགས་མཆོད་པ་ཡིས།། སློབ་མའི་ཚོགས་ནི་དེ་དང་དེ།། བཟླ་ཞིང་ཐམས་ཅད་མཆོག ་ཏུ་གཞུག། སྣ་ཚོགས་ཆོ་ག་འདི་ཡིས་ནི།། སྡིག་པ་ཀུན་ལས་རྣ་བ་གྲོལ་འགྱུར།། བསོད་ན་པས་ཀུན་ཀྱང་འཕེལ་འགྱུར་ཏེ།། རྟག་ཏུ་སྲུང་བར་གྱུར་པ་ཡིད།། རིབས་དང་གདོན་དང་དུག་དང་ནད།། སྦྱར་དྲུག་པཁའ་འགྲོའི་འཚེ ་བ་དང་། བདུད་དང་གསོད་པར་བྱེད་པ་རྣམས།། འདིས་ནི་རབ་ཏུ་ཞི་བར་འགྱུར།། དངོས་གྲུབ་དག་ནི་ཕུན་ཚོགས་འགྱུར།། དགའ་བ་དེ་བཞིན་བདག་པོ་རྣམས།། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི།། རྣལ ་འབྱོར་དམ་པ་ཐོབ་པར་འགྱུར།། ཞེས་བྱ་བ་ཤིན་ཏུ་གསང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པའི་ཆོ་ག་རྒྱས་བལྷག་པའི་ལྷ་ཐམས་ཅད་རེ་རེའི་མཆོག་གསང་བ་འཇུག ་པའི་རྡོ་རྗེ་གླུའི་མཆོད་པའི་ཆོ་ག་རྒྱས་པ་མངོན་པར་བརྗོད་ནས།། རྡོ་རྗེ་སློབ་དཔོན་གྱིས་བྱས་པའམ་དེ་ལས་གཞན་ཅི་འདོད་པའི་གླུ་དང་རོལ་མོ་རྣམས་ཀྱིས་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་ཚིག་ཆེན་པོའི་མཆོག་ཏུ་གྲུབ་པ ་ཞེས་བྱ་བ་སྟེ། དེ་རེ་ཤིག་ཐོག་མ་ཁོ་ནར་བཅོམ་ལྡན་འདས་དཔལ་མཆོག་དང་པོའི་རྡོ་རྗེ་སེམས་དཔའ་མཆོག་ཏུ་གསང་བའི་དམ་ཚིག་གི་འཇུག་པའི་གླུའི་མཆོད་པ་ནི།། ཐམས་ཅད་རྗེས་སུ་ཆགས་པ་བདེ་བ་དམ་པའི་ཐུགས།། རྡོ་རྗེ་སེམས ་དཔའ་ཁྱོད་ནི་རབ་དགའ་དམ་ཚིག་སྟེ།། བདེ་བ་ཆེན་པོ་བརྟན་ཞིང་མཐོ་བ་གསལ་གྱུར་ཅིག། སོ་སོར་རྟོགས་ནས་མངོན་དུ་ཕྱོགས་ཤིང་ལྷུར་བསྒྲུབས་ཤིག། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་མཆོག་ཏུ་གསང་བའི་དམཆིག ་གི་འཇུག་པའི་རྡོ་རྗེ་གླུའི་མཆོད་པ་ནི།། རྡོ་རྗེ་སེམས་དཔ་སྡུས་པས་ན།། རྡོ་རྗེ་རིན་ཆེན་བླ་ན་མེད།། རྡོ་རྗེ་ཆོས་ནི་གླུ་བླངས་པས།། རྡོ་རྗེ་ལས་ནི་བྱེད་པར་འགྱུར།། དེ་ནས་རྡོ་རྗེ་རིགས་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་གི་འཇུག་པའི་རྡོ་རྗེ ་གླུའི་མཆོད་པ་ནི། ཧཱུཾ་རྡོ་རྗེ་མདའ་གཞུ་དང་བཅས་ཁྱོད་ལ་འདུད།། རྡོ་རྗེ་ཆགས་པའི་དམ་ཚིག་དཔལ་ཁྱོད་འདུད།། ཁ་ཊྭཱཾ་འཇིག་དུས་རྡོ་རྗེ་ཁྱོད་ལ་འདུང།། རྡོ་རྗེ་དྲིལ་བུ་བསྐྱོད་པའི་དཔལ་ཁྱོད་ལ་འདུང།། དེ་ནས་པད་མའི་རིགས་ཐམས་ཅད་ཀྱི་མཆོག་ཏུ ་གསང་བའི་དམ་ཚིག་གི་འཇུག་པའི་རྡོ་རྗེ་གླུའི་མཆོད་པ་ནི། ལ་ལར་སྐྱེ་བོ་མ་དྲངས་པའི་སྲོག་འཕྲོག་བྱེད་པ་ཤིན་ཏུ་དྲག་པོའི་སྐུ། ལ་ལར་འགྲོ་བ་མཐའ་ཡས་འདུལ་ཕྱིར་ཤིན་ཏུ་རྣོ་བའི་འཁོར་ལོ་འཛིན་པའི་སྐུ།། ལ་ལར་པད་མའི་གདན་གྱི་ཤིན་ཏུ ་ཞི་བའི་སྐུ་སྟེ་འགྱུར་པ་མེད་པ་སྟེ། ལ་ལང་ཤིན་ཏུ་འབར་བའི་འདོད་པའི་དམ་ཚིག་པད་མའི་རྒྱལ་པོ་བདག་བསྒྲུབས་ཤིག། དེ་ནས་ནོར་བུའི་རིགས་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་གི་འཇུག་པའི་རྡོ་རྗེ་གླུའི་མཆོད་པ ་ནི། དབང་སྐུར་ཐམས་ཅད་དབང་ཕྱུག་དམ་པ་ལས།། ཡང་དག་བསྒྲུབས་ཤིང་མི་ཟད་གཏེར་གྱིས་མཆོག། ཀུན་མཆོག་རྒྱལ་མཚན་རྣམ་རྒྱལ་བསྒྲེང་པ་ལས། རྡོ་རྗེ་རན་ཆེན་དཔལ་བདག་ལེགས་མཆོད་གྱུར།། དེ་ནས་མིང་པོ ་གསུམ་གྱི་ནི་ཐུར་བུ་བ་སྭ། དེ་ནས་སྲིང་མོ་བཞི་རྣམས་ཀྱི།། ཏྲི་ཧཱུཾ་ཤྲཱི་བྷྱོ། དེ་ནས་ཀླུའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ནི། ཕུ་ཕུ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེའི་སྡིག་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེ་གྲཝ ་མཆོད་པ་ནི། སརྦ་མ་ག་མན་ཌ་ལ་མི་དཾ་བཛྲ་དྷ་རཱ་ཀྲ་མ་བེ་མར་དྷ་བི་ཀི་ར་བྷ་ན་ཛ་ཨུད་སཱ་དྷ་ཡ། ནཱ་ཤ་ཡ་ཧ་ན་ད་ཏ་པ་ཙ་བྷ་སྨི་ཀུ་རུ་ཀྲོ་དྷ་ཧཱུཾ་ཀཱ་ར་མན་ཏྲི་ན། དེ་ནས་ཐམས་ཅད་ཀྱི་མཆོག་དབང་ཕྱུག་དམ་པའི་དཀྱིལ་འཁོར་ཆེན་པོའི་མཆོག ་ཏུ་གསང་བའི་དམ་ཚིག་གི་རྡོ་རྗེ་གླུའི་མཆོད་པ་ནི། ལ་ལར་དྲི་མེད་ཟླ་བའི་དཀྱིལ་འཁོར་སྟོང་གི་འོད་ཀྱིས་སྐུ་ནི་རྣམ་པར་མཛེས།། ལ་ལར་འཇིགས་དུས་ཉི་མ་འཆར་ཀ་བྱེ་བའི་འོད་ཟེར་ཚོགས་ནི་འཇིགས་ཆེར་འབར།། ལ་ལར་མདངས་དང ་འོད་ཟེར་དང་ལྡན་བདེ་ཞིང་ཞི་བའི་རྒྱལ་བའི་སྐུ་འཛིན་པ།། ལ་ལར་ཤིན་ཏུ་མཛེས་པའི་གཟུགས་འཆང་མཆོག་གི་མདའ་དང་བཅས་པའི་གཞུ་འཛིན་པ། ལ་ལར་གདུལ་བྱ་རྣམ་པར་སྤྱད་ཕྱིར་བརྩོན་པའི་རྡོ་རྗེ་སེམས་ཁྱོད་མཁའ་བཞིན ་བཞུགས།། པ་ལུས་འདུལ་བ་མཁས་པའི་བདེ་བ་དམ་པ་ཉིད་ཕྱིར་བདག་ལ་གྲུབ་གྱུར་ཅིག། དེ་ནས་མཆོག་ཏུ་གསང་བའི་ཆོ་ག་དམ་པའི་གསང་བའི་མཆོག་དཔལ་དམ་ཚིག་གསུམ་གྱི་འཇུག་པའི་རྡོ་རྗེ་གླུའི་མཆོད་པ་མཆོག་ཏུ་གྲུབ་པ་ནི ་འདི་ཡིན་ཏེ། དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བའི།། ཐར་པའི་གྲོང་ཁྱེར་བཅོམ་ལྡན་པ་དེ་ཆེན་འཇུག། མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱིས།། ཛ་ཧཱུཾ་བཾ་ཧོ། རབ་ཏུ་གྲུབ་པར་མཛོད།། དེ་ནས་ཤིན་ཏུ་མཆོག་ཏུ་གསང་བའི་ཆོ་ག ་མཆོག་ཏུ་གསང་བ་བླ་ན་མེད་པའི་དམ་པ་དཔལ་དམ་ཚིག་བླ་ན་མེད་པའི་མཆོག་ཏུ་ཤིན་ཏུ་གསང་བའི་རྡོ་རྗེ་གླུའི་མཆོད་པ་མཆོག་ཏུ་ཤིན་ཏུ་གྲུབ་པ་ཞེས་བྱ་བ་མངོན་པར་བརྗོད་ནས། ཤིན་ཏུ་མཆོག་གི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གླུའི ་མཆོད་པའི་གླུ་དང་གར་གྱི་ཆོ་གས་ཅི་ལྟ་བ་བཞིན་དུ་རྗེས་སུ་བསྒྲུབས་ནས། སོ་སོར་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་ཤིན་ཏུ་གསང་བ་བླ་ན་མེད་པའི་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས ་པའི་དམ་ཚིག་ཆེན་པོའི་མཆོད་པ་མཆོག་ཏུ་ཤིན་ཏུ་གྲུབ་པའི་ཡིན་ནོ་ཞེས་བྱ་བ་ཡང་གསུངས་སོ།། སྣ་ཚོགས་ཆོ་ག་འདི་ཡིས་ནི།། རྡོ་རྗེ་སེམས་དཔའ་བསྡུས་པ་ཡིན།། ཀུན་མཆོག་སྣ་ཚོགས་ཆེན་པོ་ཡི།། རྣལ་འབྱོར་དབང་ཕྱུག་རབ་ཏུ ་གྲུབ།། ཞེས་བྱ་བ་ཤིན་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལྟར་དཔལ་མཆོག་དང་པོའི་རྟོག་པའི་ཆོ་ག་རྒྱས་པ་གཏམ་རྒྱུད་སྣ་ཚོགས་ཅན།། མཆོག་ཏུ་གསང་བའི་རོལ་མོ་བླ་ན་མེད་པའི་དངོས་གྲུབ ་ཉམས་དང་ལྡན་པ་སྟེ།། གང་གིས་སྣ་ཚོགས་པའི་རྒྱལ་མཚན་མཐོན་པོ་དང་ལྡན་ཀུན་དུ་རྗེས་བསྟེན་པ།། མཆོག་གི་དངོས་གྲུབ་བདེ་བ་ཆེན་པོ་ཉིད་ནི་དེ་ཡིས་ཡང་དག་ཉམས་སུ་མྱོང་།། དོན་ཡོད་མཆོག་ཏུ་བསོད་ནམས་ལྡན།། ཆོ་ག་མཆོག ་ཏུ་རྟག་པ་སྟེ།། ཀུན་མཆོག་གསང་བ་ཆེན་པོ་ནི།། དངོས་གྲུབ་ཐམས་ཅད་མྱུར་སྒྲུབ་བྱེད།། གང་ཞིག་གྲོང་ཁྱེར་མཆོག་དགྱེས་པར།། ཞུགས་ཏེ་སྒྲུབ་པར་བྱེད་རྣམས་ནི།། ཤིན་ཏུ་མཆོག་གི་འདོད་པ་ཡིས།། དངོས་གྲུབ་དབང་ཕྱུག་བདེ་དེས ་ཐོག།། གང་གིས་དངོས་གྲུབ་མ་ཐོབ་དང་།། བསོད་ནམས་ཕུན་ཚོགས་བྱེད་པ་རྣམས།། དཀྱིལ་འཁོར་མཆོག་ཏུ་རབ་ཞུགས་ན།། བསྒྲུབ་པོ་འདིར་ནི་རབ་གྲུབ་འགྱུར།། གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག། སྙིང་པོ་སྩོགས་ཀྱིས་མ་གྲུབ ་དང་།། ཉེ་བའི་སྙིང་པོས་བསྒྲུབ་བྱས་ཀྱང་།། མ་གྲུབ་འདིར་ཞུགས་གྲུབ་པར་འགྱུར།། དཔལ་མཆོག་དང་པོའི་རྩ་རྒྱུད་དུ།། དེ་བཞིན་མྱུར་དུ་གྲུབ་པ་ཡིན།། ཅི་ལྟ་དང་པོའི་ཁྱིམ་བཞུགས་ནས།། རྡོ་རྗེའི་དཀྱིལ་འཁོར་གྲུབ་པ་ལྟར།། དཀྱིལ ་འཁོར་ཐམས་ཅད་གྲུབ་པ་ཡིས།། དེ་ལྟར་ཐམས་ཅད་གྲུབ་པ་མིན།། ཅི་ལྟར་མཆོག་ཏུ་གསང་བ་ཡི།། ཁང་བཟངས་དམ་པ་མཐོང་བ་ཡིས།། དམ་ཚིག་རྣམས་ལ་ཉམས་པ་དང་།། སྒྲིབ་པ་ཀུན་གྱིས་བསྒྲིབས་པ་དང་།། བདུད་སྒྲོགས ་གདོན་གྱིས་རེག་པ་ཡང་།། རྟག་པའི་ཐར་པ་ཐོབ་པར་འགྱུར།། དཀྱིལ་འཁོར་དུ་ནི་མ་ཞུགས་པ་འམ།། ཡང་ན་དཀྱིལ་འཁོར་མ་གྲུབ་པ།། སླར་ཡང་མཆོག་ཏུ་རབ་ཞུགས་ན།། དེ་དག་མྱུར་དུ་གྲུབ་པར་འགྱུར།། སྒྲུབ་མིན་ཡང་འདིར ་ཅུང་ཟད་མེད།། དངོས་གྲུབ་ལས་དང་བདེ་དེ་བཞིན།། དངོས་གྲུབ་ཐམས་ཅད་བཞི་འགྱུར་དུ།། རྟོག་པ་ཀུན་ལས་བསྒྲུབ་པར་བྱ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དཔལ་མཆོག་དང་པོ་ལས་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་ཤིན་ཏུ་གསང་བ་རྫོགས་སྷོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཇིག་རྟེན་གསུམ་གྱི་དམ་ཚིག་མཆོག་གི་གསར་བའི ་ཆོ་གའི་མཆོག་ནི་འདི་ཡིན་ཏེ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། དམ་ཚིག་ཆེན་པོ་གསུམ་འདི་ཡིན།། བྱང་ཆུབ་སེམས་དཔའ་མཆོག་འཛིན་པའི།། རས་ལ་དཀོན་མཆོག་གསུམ་བྲི་བྱ།། གོ་ཆ་དང་བཅས་རྡོ་རྗེ་མཆོག ་གོ་ཆ་སྩོགས་ཀྱིས་ལེགས་པར་བརྒྱན།། རྡོ་རྗེ་མཚོན་ཆ་བརྗོད་པ་དང་།། པད་མ་རིན་ཆེན་མཆོད་པའོ།། འཁོར་ལོ་དེ་ནི་རྟགས་ནས་སུ།། གསང་བའི་དཀྱིལ་འཁོར་དམ་པའོ།། ཅི་རིགས་པར་ནི་བསྒྲུབ་བྱས་ནས།། སུམ་འགྱུར་དུ་ནི ་འགྲུབ་པར་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་ཞེས་བྱ་བའི་སྙིང་པོ་མཆོག་གི་དངོས་གྲུབ་མ་ལུས་པ་སྟེ་ར་བ་འདི་ཡིན་ཏེ།། ཨོཾ་བྷུ་ཁ~ཾ།། ཁྱིམ་འམ་ཡང་ན་ནགས་ཚལ་ལམ།། སྔ་མ་བཞིན་དུ་བརྒྱན་ནས ་ནི། མཚོན་ཆ་མཆོག་གི་ཆོ་ག་ཡིས།། ཐམས་ཅད་བྱས་ནས་འདི་བརྗོད་བྱ།། དེ་ཉིད་ཀྱིས་ན་བཅོམ་ལྡན་འདས།། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས།། ལྷ་ངན་རྣམས་ལ་ཕན་པའི་ཕྱིར།། འདི་དག་མྱ་ངན་འདས་པ་སྙོམ།། ་མ་ལུས་འདུལ་བ་ལ་བརྩོན་པས།། བརྟན་ཞིང་ངེས་པའི་ཆོ་ག་བགོས།། ཤིན་ཏུ་སྲིད་པ་ལ་གནས་མཆོག། གོ་ཆ་ལ་སོགས་བགོས་པ་ཡིན།། སངས་རྒྱས་ཆོས་དང་དགེ་འདུན་ཞེས།། དཀོན་མཆོག་གསུམ་དུ་གྱུར་པ ་ཡིན།། སྲིད་པ་ཤིན་ཏུ་བསྒྲུབ་པ་ཡི།། རྣམ་པར་དག་པའི་དཔའ་མཛད་མཆོག། ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་རྡོ་རྗེའོ།། དེ་ནས་མཆོག་དུ་གསང་བའི་ཆོས་ཉིད་ཀྱི་དྲིལ་བུ་ནི། ་ཐམས་ཅད་ནམ་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མེད།། ནམ་མཁའ་དང་མཉམ་སྦྱོར་བ་ཡིས།། ཀུན་མཆོག་མཉམ་པ་ཉིད་དུ་གསལ་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། དེ་ནས་དམ་ཚིག ་ཆེན་པོ་གསུམ་གྱི་སྡོམ་པ་ཞེས་བྱ་བ་ནི།། ལོངས་སྤྱོད་ཀུན་ལ་ལོངས་སྤྱོད་པ།། རང་ལྷ་བདག་ཉིད་ཀྱིས་བསྟེན་ན།། དཀོན་མཆོག་གསུམ་ལ་མཆོད་པའི་མཆོག། བདག་གིས་བྱ་ཞེས་བརྗོད་ཅིང་མཆོད།། ཞེས་བྱ་བ་ནི་དེ་བཞིན ་གཤེགས་པའི་རྣལ་འབྱོར་བསྒྲུབ་པའོ།། ཐབས་ཀྱི་ཆོ་ག་འདི་ཡིས་ནི།། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱང་།། བཟའ་མིན་བཟའ་བ་བཟའ་བྱས་ན།། རྟག་པའི་དངོས་གྲུབ་འཐོབ་པར་འགྱུར།། ཞེས་བྱ་བ་ནི་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་ཆེན་པོ་གསུམ་མོ།། དེ་ལྟར་བརྗོད་ནས་སྙིང་པོ་བྱིན་ལ་ཕྱག་རྒྱ་བཅིང་བ་སློབ་དུ་བཅུག་ནས་ཅི་ལྟར་མངོན་པར་འདོད་པ་བསྒྲུབ་པར་བྱའོ།། དེ་ནས་རྡོར་འཛིན་སློབ ་དཔོན་གྱིས།། རྡོ་རྗེ་མཆོད་པས་མཆོད་ནས་ནི།། ཅི་འདོད་པའི་མཆོད་པ་ཡིས།། སློབ་མ་ཐམས་ཅད་མཆོག་ཏུ་གཞུག། ལོངས་སྤྱོད་ཀུན་ལ་ལོངས་སྤྱོད་ཀྱང་།། དཀོན་མཆོག་གསུམ་པོ་ལ་ཕུལ་བ།། འདོད་པས་བདག ་དང་གཞན་རྣམས་ལ།། མཆོད་པ་ཉིད་དུ་འགྲུབ་པར་འགྱུར།། དཔལ་མཆོག་དང་པོ་ལས་མཆོག་ཏུ་གསང་བའི་ཆོ་གའོ།།། དེ་ནས་རྡོ་རྗེ་ཆེན་པོ་ཁྲོ་བོའི་རྒྱལ་པོའི་མཆོག་ཏུ་གསང་བའི་ཆོ་ག་ནི། ་རས་ལ་བཅོམ་ལྡན་བྲི་བྱ་སྟེ།། རྡོ་རྗེའི་རིགས་ཀུན་བདག་པོ་ནི།། རྡོ་རྗེ་ཉི་མ་མེ་ལྟར་འབར།། ཆོ་ག་ཅི་བཞིན་མཆོག་ཏུའོ།། དེའི་པད་འདབ་ཅིག་བཞུགས་པ།། དེའི་འོད་ཀྱིས་འཁོར་ལོར་རྟེན།། གསང་བའི་རྡོ་རྗེ་རྣལ་འབྱོར ་ཆེའི།། མཁའ་འགྲོ་མ་རྣམས་ལོགས་ལ་བྲི།། དང་པོར་དམར་དང་དཀར་པོ་དང་།། གཞན་ནི་ཐལ་བ་ལྟར་དཀར་བ།། གསུམ་པོ་དཀར་དང་ལྟ་བ་སྐྱེ།། བཞི་པ་གསེར་ལྟར་དྲི་མེད་པའོ།། རྡོ་རྗེ་གཏུམ་པོའི་དབང་ཕྱུག་གྲུབ།། རྡོ་རྗེ་ཥནྡྷ ་བསྒྲེང་དང་བཅས།། རྡོ་རྗེ་འདོད་པ་མེ་ལྟར་འབར།། དེ་ཡི་ལོགས་ལ་མཚན་མ་གཏོད།། རྡོ་རྗེ་ཁྱབ་འཇུག་མ་རྡོ་རྗེའི།། འཁོར་ལོ་གཏོད་པ་དེ་བཞིན་གཞན།། རྡོ་རྗེ་དྲིལ་བུ་བ་དན་མ།། དེའི་ལོགས་ན་གཡོན་སྙེམས་མ།། ཅུང་ཟད་མཆ ་གཙིགས་པ་ཡིས།། ཁྲོ་དང་བཅས་པས་ཞལ་བཞད་པ།། རང་བདག་ལ་ནི་ཐུགས་གཏད་ཅིང་།། སྐུ་ནི་ཟུར་གྱི་ཕྱོགས་པ་བཞུགས།། དེ་ནས་འདིར་ནི་སྙིང་པོ་ནི། ཧཱུཾ། དེ་ནས་ཉེ་བའི་སྙིང་པོ་ནི།། རྡོ་རྗེ་དྲིལ་སྩོགས་ལྷན་ཅིག་ཏུ།། རྣམ་དབེན ་རོལ་མོ་བརྡུངས་པ་ལས།། ཏི་ཡི་གླུ་དང་རོལ་མོ་ནི།། བརྡུང་ཞིང་ཟུར་བཞི་རབ་ཏུ་བསྒྲུབ།། ཞེས་བྱ་བ་ནི་འདིར་བཟླས་པའི་ཆོ་གའོ།། འཁོར་ལོ་དེར་ནི་བསྟན་བྱས་ནས།། གསང་བའི་དཀྱིལ་འཁོར་དམ་པ་ནི།། མཚོན་ཆ་མཆོག་གི ་ཆོ་ག་ཡིས།། ཆོ་ག་ཐམས་ཅད་རྒྱས་པའོ།། དེ་ནས་དེ་ཁོ་ན་ཉིད་དང་ཆོས་དང་དམ་ཚིག་གི་ཆོ་ག་སྦྱིན་པ་ནི།། རྟག་ཏུ་ཆགས་པ་ལས་བྱུང་ཁྲོ།། རྡོ་རྗེ་མེ་ཡིས་ཕུང་པོ་སྐུ།། འབར་བའི་རྡོ་རྗེ་ཁྲོ་བོ་ཆེ།། རབ་འབར་བའི་ཚོགས་ཀྱི་སྐུ།། རྡོ ་རྗེ་འབར་བའི་རྣལ་འབྱོར་ཆེ།། མཁའ་འགྲོ་མ་རྣམས་ཀུན་ཏུ་འབར།། ཞེས་བྱ་བ་ནི་རྡོ་རྗེའོ།། དེ་ནས་ཆོས་ནི། ཐམས་ཅད་ནམ་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མེད།། ནམ་མཁའ་དང་མཉམ་རྣལ་འབྱོར་པས།། ་ཐམས་ཅད་མུར་བ་ཉིད་དུ་བསྒྲུབ།། ནམ་མཁའ་ཀུན་མཆོག་སྦྱོར་བ་ཡིས།། ཐམས་ཅད་ནམ་མཁའ་ཞེས་བརྗོད་ཅིང་།། རྡོ་རྗེ་ཕྱག་རྒྱས་རྒྱས་བཏབ་པས།། འཇིག་རྟེན་གསུམ་ཡང་ཟ་བར་བྱེད།། ཅེས་བྱ་བ་ནི། རྡོ་རྗེ་རྣལ་འབྱོར་གྱི ་མཁའ་འགྲོ་མའི་མཆོག་ཏུ་གསང་བའི་དམ་ཚིག་གོ། ཆོ་ག་འདི་ཡིས་ཐམས་ཅད་དུ།། མཉམ་པར་གཞག་པས་བསྒྲུབ་པར་བྱ།། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། ལས་ཀྱི་ཚོགས་རྣམས་མི་ཟད་པའོ།། ཞེས་བྱའོ།། དེ་ནས། ་ཙི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་ཚོ་གས་རང་གི་ཕྱག་རྒྱ་རྣམས་ཀྱིས་གར་གྱི་མཆོད་པ་བྱས་ནས་འགྲུབ་པར་འགྱུར་རོ།། དཔལ་མཆོག་དང་པོ་ལས་རྡོ་རྗེ་རྣལ་འབྱོར་གྱི་ཆོ་གའོ།། དེ་ནས་མཆོག་ཏུ་ཕྲ་བ་དང་། ཤིན་ཏུ་བཟང་བའི ་རྡོ་རྗེ་ཡི།། གྲུབ་ཆེན་གསང་བའི་རྣལ་འབྱོར་གྱི།། མཁའ་འགྲོ་མ་ཡི་འཁོར་ལོ་བཤད།། གྲོང་ཁྱེར་སྐྱེད་མོས་ཚལ་སྩོགས་ནི།། ཅི་ལྟ་བར་བཞིན་རྒྱས་བྱས་ནས།། རྡོ་རྗེ་འཛིན་ཀུར་སློབ་དཔོན་གྱིས།། ཅི་བཞིན་དུ་ནི་བསྒྲུབས་པ་ཡི།། ་ཡིད་འོང་བཞི་དང་ལྷན་ཅིག་ཏུ།། རང་གི་ཕྱག་རྒྱས་མེ་ཏོག་གཏོར།། ཅི་ལྟ་བ་བཞིན་གྲོང་ཁྱེར་འཇུག། གཡོན་པའི་ཁ་ནི་གྱེན་དུ་གཏོད།། རྡོ་རྗེ་དྲག་པོ་གཞད་ཆེན་པོ།། སྒྲ་སྒྲོགས་མཆོག་གི་ཕྱག་རྒྱ་ཡིས།། འཇུག་ཏེ་མགོ་ལ་ཕྱག ་འཚལ་བྱ།། དེ་ལ་ཕྱག་ནི་འདི་ཡིན་ཏེ། ཨོཾ་ཞེས་བྱ་བ་བརྗོད་བྱས་ལ།། ཤིན་ཏུ་དགའ་བའི་དབུས་རླུང་གིས།། རུ་ལུ་རུ་ལུ་ལཱྀ་དྲུག་ལྡན་པར་མའི་རུ་ལུ་རུ་ལུ་ལཱྀ་སྟེ། འདི་ནི་རྡོ་རྗེ་དྲག་པོའི་ཕྱག་འཚལ་བའི་སྒྲ་སྒྲོགས་པའི་མཆོད་ཅེས་བྱ་བ་འདིར། ་རྡོ་རྗེ་ཕྱག་གི་ཕྱག་རྒྱ་སྟེ།། ཕྱག་རྒྱ་ཐམས་ཅད་དང་གཞན་རྨོངས་པ་དང་ཐོགས་པ་མེད་པའི་དངོས་གྲུབ་ཐམས་ཅད་དང་ལས་ཐམས་ཅད་ལ་དགོངས་ཤིང་མཆོག་ཏུ་གྲུབ་པ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་མཆོག ་ཏུ་ཤིན་ཏུ་གསང་བ་འདི་གསུངས་སོ།། དེ་ནས་ཡིད་འོང་དམ་བཅས་པས།། མེ་ཏོག་སིལ་མ་དོར་ནས་ནི།། རྡོ་རྗེ་པད་མའི་དབང་བསྐུར་གྱིས།། དམ་ཚིག་གསུམ་ནི་གསལ་བར་སྦྱིན།། དེ་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ནི་འདི ་ཡིན་ཏེ།། པད་མའི་ཐོད་པ་ལས་བྱ་སྟེ།། དེ་ཡང་རྡོ་རྗེ་བྱིན་གྱིས་བརླབས་པས་ན།། རྡོ་རྗེ་པད་མ་ཞེས་བྱ་བའོ།། དེ་ནས་འདིར་ཕྱག་རྒྱ་བཅིང་བ་ནི།། སོར་མོ་ཐམས་ཅད་ཕན་ཚུན་སྦྱར།། ཀུན་མཆོག་རྩེ་མོ་དང་བཅས་པ།། མཐེ་བོ ་རྡོ་རྗེས་དཀའ་བ་ནི།། རྡོ་རྗེ་པད་མ་ཞེས་འགྲུབ་པོ།། རྡོ་རྗེ་པད་མའི་ཕྱག་རྒྱ་འདིས།། རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་སྦྱོར་བ་དང་། རྡོ་རྗེ་པད་མའི་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བར་བྱའོ།། འདིས་དབང་བསྐུར་བ་ཙམ་གྱིས་དེ་བཞིན་གཤེགས ་པ་ཨ་རྣམས་ཀྱིས་ཤིན་དུགདྲུག་པ་དང་དྲག་པོ་དང་རབ་ཏུ་གཏུམ་པ་དང་མ་རུངས་པའི་སེམས་ཅན་ཐལ་བར་བརླག་ནས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཁམས་གསུམ་མ་ལུས་པའི་སྟོབས་ཆེན་པོ་དང་ལྡན་པའི་འཁོར་ལོས་སྒྱུར་བའི་དེ་བཞིན་གཤེགས ་ཐམས་ཅད་ཅེས་བྱ་བར་བྱིན་གྱིས་བརློབ་པར་འགྱུར་བ་དང་།། མཆོག་ཏུ་བརྟག་པའི་བསྲུང་བར་ཡང་འགྱུར་རོ་ཞེས་མཆོག་ཏུ་ཤིན་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་།། ཆོས ་ཀྱི་དྲིལ་བུ་དཀྲོལ་བར་བྱ།། དམ་ཚིག་གི་ནི་ཕྱག་རྒྱ་ཆེར།། བྱིན་གྱིས་བརླབས་ནས་སྙིང་པོ་བཟླ།། རྡོ་རྗེ་ལ་སོགས་ཐོབ་པ་བཟུང་།། རྡོ་རྗེ་སེམས་དཔའ་གཉིས་པ་འདྲ།། རྡོ་རྗེ་རྣལ་འབྱོར་དབང་ཕྱུག་གྲུབ།། རྡོ་རྗེ་ཅན་གྱིས་བྱིན་བརླབས ་འགྱུར།། བུད་མེད་རྣམས་ཀྱང་འབེབས་གྱུར་ནས།། སྟོན་པའི་རྡོ་རྗེ་ཕབ་པ་ཡིས།། རྡོ་རྗེ་དང་བཅས་ཕྱག་མཚན་འཛིན།། རྣལ་འབྱོར་མ་རྣམས་རབ་ཏུ་འགྱུར།། དེ་ལ་ཐོག་མར་རེ་ཤིག་རྡོ་རྗེ་ཉི་མ་ཆེ་ལྟར་འབར་བ་ཆེན་པོ་ཐལ་བ་དེ་རབ་ཏུ ་ཟློག་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་ཁྲོ་བོའི་རྒྱལ་པོའི་བདག་པོ་མཆོག་དང་པོ་ཡང་དག་འབེབས་པར་བྱེད་པ་སྟེ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་འཁོང་དུ ་འ་ཛིན་པའི་ཁྲོ་བོའི་མེ་འབར་བའི་རྡོ་རྗེ་རྡོ་རྗེ་དང་བཅས་པའི་ཁ་ཊྭཱཾ་གའི་རྒྱལ་མཚན་དང་ངེས་པར་སྦྱོར་བ་བདན་དང་བཅས་པའི་དྲིལ་བུ་འཆང་བ་རྡོ་རྗེ་སྙེམས་པའི་བདག་པོ་ཤིན་ཏུ་ཁྲོ་བ་འབེབས་པས་སྒེག་པ་དང་བཅས་པའི་སྨིན་འཚམ ་ཀྱི་ཁྲོ་གཉེར་ཤིན་ཏུ་འཇིགས་ཤིང་འཇིགས་པར་བྱེད་པའི་སྤྱན་སེར་པོ་དང་ལྡན་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་འཇིགས་པ་ཆེན་པོས་འཇིགས་པར་བྱེད་པའི་སྤྱན་གྱིས་ལྟ་བའི་ཕྱག་རྒྱ་འདིས་སྟོང་ཕྲག་སཏུ ་བཟླས་པས་འགྲུབ་པར་མཛད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པ་དང་དགུག་པ་དང་གཞུག་པ་དང་དབང་དུ་བྱ་བ་དང་འབེབས་པར་ནུས་པའོ།། ཐམས་ཅད་ནམ་མཁར་སྦྱོར་བའི་ཏིང་ངེ ་འཛིན་དང་། ལན་ཅིག་བརྗོད་པ་ཙམ་གྱིས་ཁམས་གསུམ་མ་ལུས་པའི་རྡོ་རྗེ་བདུད་རྩི་ལ་སོགས་པའི་བདུད་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་གདུག་པ་དང་དྲག་པོ་དང་རབ་ཏུ་གཏུམ་པ་དང་མ་རུངས ་པའི་སེམས་ཅན་རྣམས་དང་མཁའ་འགྲོ་མ་དྲག་པོ་ཐམས་ཅད་དང་གང་ཞིག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཏེ། དེ་དག་ཀྱང་ཐལ་བར་རློག་པར་འགྱུར་ན།། དགྲ་བོ་ལ་སོགས་པ་གཞན་རྣམས་ལྷ་མོས་ཀྱང་ཅི་དགོས།། ་དོན་ཡོད་ཅིང་ཐོགས་པ་མེད་པ་དང་དངོས་གྲུབ་ཐམས་ཅད་དང་ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ།། དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཐབས་ཤིན་ཏུ་དྲག་པོ་འདིའི་མན་ངག་གི་བཟླས་པ ་ནི། སྣའི་དབུགས་ཕྲ་བ་ཉིད་ཀྱིས་བདེན་པའི་རྡོ་རྗེ་ཚིག་གིས་གྲུབ་པའི་ཡིད་ཀྱིས་འདོད་པས་ལས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཚོགས་རྣམས་ལ་དམ་པའི་མཆོག་ཏུ་གྲུབ་པའོ།། ཧཱུཾ་དེ་ནས་མཆོག་ཏུ་གསང་བའི་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག ་མའི་ལྷ་ཆེན་པོ་རྣམས་ཀྱིས་བཤད་པར་བྱ་སྟེ། དེ་ལ་ཐོག་མར་རེ་ཤིག་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ་ཞེས་བྱ་བའི་ལྷ་མོ་ཆེན་མོ་རྡོ་རྗེ་གཞུ་དང་མདའ་སྟོང་པའི་སྤྱན་གཡོན་པ་སྟེ། རྡོ་རྗེ་སྤྱན་གྱི་ལྟ་བའི་ཕྱག་རྒྱ་འདིས་ཐམས་ཅད་བསྐུ ་པར་མཛད་པ་དང་སྒེག་པ་དང་བཅས་ཤིང་གཡོ་བའི་སྤྱན་གྱིས་ཟུར་གྱིས་གཟིགས་པའི་ཕྱག་རྒྱས་གབ་བཙམ་གྱིས་ཐམས་ཅད་ལ་རྒྱས་ཁེབས་པར་མཛད་པ་དང་དོན་ཡོད་པ་ཐོགས་པ་མེ་དངོས་པོ་ཐམས་ཅད་ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ།། ་དེ་ནས་བཅོམ་ལྡན་འདས་ཡུམ་འདིའི་རྡོ་རྗེ་ཕྲ་མའི་གཡོན་པའི་ཁྲོ་བོའི་བཟླས་པ་ནི། ཡིད་ཀྱིས་འདོད་པའི་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལ་མཆོག་ཏུ་གྲུབ་པའོ།། ཧྲཱིཿགཉིས་པ་ནི་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བའི ་དམ་ཚིག་གི་ལན་ཞེས་བྱ་བའི་ལྷ་མོ་སྟེ།། དབུས་སུ་རང་གི་ལྷག་པའི་ལྷ་སྟོད་པའི་ཞལ་འཛུམ་པའི་སྤྱན་ཅུང་ཞིག་འཛུམས་ཤིང་།། དགའ་བ་ཆེན་པོ་རྡོ་རྗེ་སྤྱན་གྱི་ལྟ་བའི་ཕྱག་རྒྱ་འདིས་ཐམས་ཅད་སྒྲུབ་པར་མཛད་པ་དང་ཙུམ་པ་དང་འཁྱུད ་པ་ལ་སོགས་པའི་རེག་པའི་ཕྱག་རྒྱས་བཏབ་པ་ཙམ་གྱིས་ཐམས་ཅད་ལ་རྒྱས་འདེབས་པར་མཛད་པ་དང་། ཕྱག་རྒྱ་ཐམས་ཅད་འཇོམས་པར་མཛད་པ་དང་ཐམས་ཅད་ཀྱིས་གསོད་པར་མཛད་པ་དང་དོན་ཡོད་ཅིང་ཐོགས་པ་མེད ་བར་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ།། དེ་ནས་བཅོམ་ལྡན་འདས་ཡུམ་འདིའི་བྱ་རོག་གི་མགྲིན་པའི་དབྱངས་ཀྱིས་རྡོ་རྗེ་ངག་གི་ཁྲོ་བོའི་བཟླས་པ་ནི་ཡིད་ཀྱིས་འདོད་པའི ་དངོས་གྲུབ་ཐམས་ཅད་དང་། ལས་ཀྱིས་ཚོགས་རྣམས་ལ་མཆོག་ཏུ་གྲུབ་པའོ།། ཧཱ། གསུམ་པ་ནི་རྡོ་རྗེ་ཆེན་པོའི་འདོད་པའི་མེ་འབར་བ་ཐལ་བར་རློག་པ་ཞེས་བྱ་བའི་ལྷ་མོ་ཆེན་མོ་སྟེ། བཅོམ་ལྡན་འདས་ཀྱི་རྡོ་རྗེ་ཆེན་པོ་དང་ཁ་ཊྭཱཾ་གའི ་རྒྱལ་མཚན་འཆང་བ་སྒེག་པ་དང་བཅས་པའི་བཞད་པས་སྨིན་འཚམས་ཀྱི་ཁྲོ་གཉེར་གྱི་ཁྲོ་བོའི་སྤྱན་སྟེ། རྡོ་རྗེ་ཆེན་པོའི་ཁྲོ་བོ་ཀཱི་ལི་ཀི་ལ་ཁྲོ་བོའི་སྤྱན་གྱི་ལྟ་བའི་ཕྱག་རྒྱ་འདིས་ཐམས་ཅད་སྒྲུབ་པར་མཛད་པའོ།། བཛྲ་ཞེས་བྱ་བ་དང་རུ་ལུ ་རུ་ལུ་རུ་ལུཾ་ཏཱི་ཞེས་བྱ་བ་ཙམ་གྱིས་བདུད་ཐམས་ཅད་འཇོམས་པ་དང་། དོན་ཡོད་ཅིང་ཐོགས་པ་མེད་པའི་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་དུ་གྲུབ་པའོ།། ཧི། བཞི་པ་ནི་རྡོ་རྗེ་ཆེན་པོ་འདོད་པའི ་མེ་འབར་བ་ཐལ་བར་རློག་པའི་འཆི་བ་སློང་བ་ཞེས་བྱ་བ་གཡོན་སྙེམས་པ་གཡས་པས་རང་གི་སྤྱི་བོར་རྡོ་རྗེ་དྲིལ་བུ་བསྐྱོད་པར་མཛད་པ་སྒེག་པ་དང་བཅས་པའི་སྤྱན་ཤིན་ཏུ་གདངས་པ་སྟེ། རྡོ་རྗེ་རྒྱལ་པོ་དྲིན་གྱི་སྤྱན་གྱིས་ལྟ་བའི་བྱབ ་རྒྱས་ཐམས་ཅད་སྒྲུབ་པར་མཛད་པ་ཐལ་ལྕག་ལ་སོགས་དང་གཞང་གང་དང་རྡེག་པ་དང་ཕྱག་རྒྱས་རྒྱས་བཏབ་པས་འཆིང་བ་ཐམས་ཅད་སློང་བར་མཛད་པ། དོན་ཡོད་ཅིང་ཐོགས་པ་མེད་པ་དངོས་གྲུབ་ཐམས་ཅད་དང་ལས ་བ།། ཀྱི་ཚོགས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ།། དེ་ནས་བཅོམ་ལྡན་འདས་ཡུམ་འདིའི་དྲོལ་བུའི་དབྱངས་ཀྱི་རྡོ་རྗེ་ཁྲོ་བའི་བཟླས་པ་ནི་ཡིད་ཀྱི་འདོད་པའི་དངོས་གྲུབ་ཐམས་ཅད་དང་ལས་ཀྱི་ཚོགས་ཐམས་ཅད་ལ་མཆོག་ཏུ་གྲུབ་པལ། ་དེ་ལ་སོགས་པ་མཐའ་ཡས་མཆོག། ཆོས་དབྱིངས་མཉམ་དང་མི་མཉམ་པ།། ནམ་མཁའི་ཁམས་ལྟར་གྲངས་མེད་ཅིང་།། རྡོ་རྗེ་ཉི་མ་ལས་བྱུང་བ།། ནམ་མཁའ་ཀུན་གྱི་གནས་སྐབས་ཀྱི།། དཀྱིལ་འཁོར་འདི་ལ་རབཞུགས་པ།། ་རྡོ་རྗེ་མཆོག་གི་རྣལ་འབྱོར་གྱི།། དབང་ཕྱུག་མ་ལུས་ཀུན་ནས་འབབས།། དེ་ནས་རྡོ་རྗེ་རྣལ་འབྱོར་པ་སྟོན་པ་དེས་རྣལ་འབྱོར་པ་རང་གི་ལོགས་དག་ཏུ་དགོད་པ་ཡིན་ཏེ།། བླ་ཚེས་དཀྱིལ་འཁོར་རྣམ་པ་ཡིས།། དཀྱིལ་འཁོར་གྱིས་ནི་དགོད ་པར་བྱ།། དགོད་ནས་ཐམས་ཅད་ཀུན་མཆོག་གི། དངོས་གྲུབ་དམ་པ་བསྒྲུབ་པར་བྱ།། ཐམས་ཅད་དགུག་དང་མཆོད་པ་ཆེ།། བདག་བྱིན་བརླབ་སྩོགས་གྲུབ་པ་ཡིས།། ཤིན་ཏུ་གསང་བའི་དཀྱིལ་འཁོར་དེ།། བརྟག་པ་དང་ནི་བསྒྲུབས་ནས ་ཀྱང་།། རྡོ་རྗེ་འཛིན་ཀུན་སློབ་དཔོན་གྱིས།། རྡོ་རྗེ་སློབ་མ་རྣམས་གཞུག་བྱ།། དེ་ལ་རེ་ཤིག་ཐོག་མ་ཁོ་ནར་སློབ་དཔོན་གྱིས་བཅུག་སྟེ། ཚོགས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་གསུམ་གྱིས་བྱིན་གྱིས་རླབས་ཀྱིས་རྡོ་རྗེ་རྣལ་ཁྱོད་མ་རྣམས་ལོགས ་ཅིག་དུ་གཞག་ནས།། སྐྱེས་པ་རྣམས་ཀྱང་གཞུག་ཅིང་བྱང་ཆུབ་ཀྱི་སེམས་ཀྱིས་རྡོ་རྗེ་ཆེན་པོའི་ཁྲོ་བའི་དམ་ཚིག་དང་དམ་ཚིག་སྡོམ་པ་དག་ལེན་དུ་གཞུག་པར་བྱའོ།། ཁྱེའུ་དང་བུ་མོ་རྣམས་རབ་ཏུ་གཞག་ལ་ཚོགས་དང་བཅས་པའི་རང ་ཉིད་ཀྱིས་ཞུགས་ཏེ་བསྲུང་བ་དང་བསྐྱབ་པ་དང་སྦབ་ཐམས་ཅད་བྱའོ།། དེ་ནས་འདིར་སློབ་མ་གཞུག་པའི་ཆོ་ག་རྒྱས་པ་ནི།། བྱང་ཆུབ་སེམས་ནི་བླ་མེད་པ།། མཆོག་ཏུ་བསྐྱེད་པ་བྱས་ནས་ནི།། གར་བྱས་སྤྱི་བོར་ཐལ་སྦྱར་མཆེད།། སླབ་མ ་ཐམས་ཅད་གཞུག་པར་བྱ།། ཅི་འདོད་པའི་དངོས་གྲུབ་སྐྱེད།། སློབ་མ་མེ་ཏོག་དོར་དུ་གཞུག། རྣལ་འབྱོར་མ་ནི་གང་ལ་བབས།། དེ་དང་དེའི་ལྷ་མོ་འགྲུབ།། དེ་ནས་གདོད་གཡོགས་དཀྲོལ་ནས་ནི།། རྣམ་པ་ཀུན་ཏུ་ཡོན་བླངས་ནས།། རྡོ་རྗེ ་པད་མའི་དབང་བསྐུར་གྱིས།། དམ་ཚིག་གསུམ་ནི་གསལ་བར་སྦྱིན།། འདིར་མན་པ་སྒག་པ་དང་དབང་བསྐུར་བ་ནི་དེ་ཉིད་དོ།། དེ་ལ་འདིར་དམ་ཚིག་གསུམ་སྦྱིན་པ་ནི་འདི་ཡིན་ཏེ།། མི་བྱེད་པ་དང་སོ་སོར་རྟོགས།། གདུག་པ་ཐམས་ཅད ་གནོན་པ་དང་།། སངས་རྒྱས་ཀུན་དངོས་རྡོ་རྗེ་སྟེ།། བྱང་ཆུབ་སེམས་ནི་ཆེ་ཞིང་བརྟན།། མཚོན་ཆ་དེ་ནི་རྒྱལ་ཀུན་གྱིས།། ཀུན་ཏུ་བཟང་པོའི་ལག་ཏུ་སྦྱིན།། བསྟན་པ་ཐམས་ཅད་གྲུབ་པའི་ཕྱིར།། དེ་ཕྱིར་ཕྱག་ན་རྡོ་རྗེ་ཡིན།། དེ་ནས་རྡོ་རྗེ་ཉི་མ་མེ་ལྟར ་འབར་བའི་མཆོག་ཏུ་གསང་བ་ནི།། རྟག་ཏུ་ཆགས་པ་ལས་བྱུང་ཁྲོ།། རྡོ་རྗེ་སེམས་དཔའ་གདུལ་བྱའི་ཕྱིར།། རྡོ་རྗེ་ཉི་མ་མ་ལྟར་འབར།། མཆོག་ཏུ་འཇིགས་པར་བྱེད་པ་ཡིན།། དེ་ནས་མཆོག་ཏུ་གས་བའི་རྡོ་རྗེ་རྣལ་འབྱོར་གྱི་མཁའ ་འགྲོ་ལ་རྣམས་ཀྱི་གསང་བ་མཆོག་གི་ད་ཁོན་ཉིད་ནི། རྡོ་རྗེ་ཉི་མ་འཆང་བས་བྱུང་།། དེ་བཞིན་གཤེགས་པའི་གྲིབ་མ་འདི།། སྤྲུལ་ཏེ་མ་ལུས་བདུད་ལ་སོགས།། གདུག་པའི་ཁྲག་ནི་གསོལ་བར་སྤྱོད།། ཅེས་བྱ་བ་ནི་གསང་བ་མཆོག་གི་དེ་ལོ ་ན་ཉིད་དོ།། དེ་ནས་འདིར་མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པའི་དྲིལ་བུའི།། ཤིན་ཏུ་གདུག་ཅིང་དྲག་པོ་དང་།། བདག་པོ་དྲག་པའི་བུ་རྣམས་དང་། ཤིན་དུ་གཉིད་ནི་ལོག་པས་དག། རྡོ་རྗེ་མཆོག་ནི་འཛིན་པས་གསུངས།། ཞེས་བྱ་བ ་ནིབཅོམ་ལྡན་འདས་ཀྱིས་གསུངས་སོ།། མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པའི་རྡོ་རྗེ་ཁ་ཊྭཱཾ་གའི་རྒྱལ་མཚན་དང་བ་དན་གྱིས་དྲིལ་བུ་ཐམས་ཅད་འབེབས་པ་དང་། རབ་ཏུ་གྲུབ་པར་བྱེད་པ་དང་།། ཐམས་ཅད་ལྟུང་བར་བྱེད་པ་དང་། ་སློང་བར་བྱེད་པའོ།། དེ་ནས་རྣལ་འབྱོར་མཆོག་གི་དམ་ཚིག་ནི།། ཁྲག་ཆེན་ག་བུར་དང་བཅས་པ།། ཙན་དན་དམར་ངང་སྦྱར་བ་ནི།། ཚོགས་ཀྱི་ནང་དུ་རབ་ཞུགས་ནས།། རྡོ་རྗེ་དང་བཅས་རྡོ་རྗེ་འཛིན།། སྲིན་ལགས་མེ་རྩེ་མོ་ཡིས།། ་ནམ་མཁའ་ཐམས་ཅད་སྦྱོར་མཆོག་ལྡན།། ཟླ་བའི་བཏུད་པ་བཞིན་མྱངས་ན།། རྟག་པའི་དངོས་གྲུབ་ཐོབ་པར་འགྱུར།། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་།། ཅི་འདོད་པ་ནི་བསྟོན་བཞིན་དུ།། ནམ་མཁའ་ཀུན་མཆོག་སྦྱོར་བ་ཡིས།། དངོས་གྲུབ ་ཐམས་ཅད་ཐོབ་པར་འགྱུར།། ནམ་མཁའ་ཀུན་མཆོག་སྦྱོར་བ་ཡིས།། ནམ་མཁའ་ཐམས་ཅད་ཅེས་བརྗོད་ཅིང་།། རྡོ་རྗེའི་ཕྱག་རྒྱས་བཏབ་པ་ཡི།། འཇིག་རྟེན་གསུམ་ཡང་བཟའ་བར་བྱ།། དངོས་གྲུབ་ལས་དང་དེ ་བཞིན་བདེ།། འདི་ལ་ཅུང་ཟད་མི་འགྲུབ་མེད།། ལས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱིས།། དངོས་གྲུབ་མ་ལུས་སྒྲུབ་པར་འགྱུར།། དོན་ཡོད་མཆོག་ཏུ་གྲུབ་པ་དང་།། གདུག་པ་ཐམས་ཅད་གནོན་པར་བྱེད།། སྡུག་བསྔལ་ཀུན་འཕྲོག་དཔལ ་དང་ལྡན།། རྣལ་འབྱོར་འདི་ནི་ལས་ཀུན་བྱེད།། ཅེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་རོ་དང་བཟའ་དང་སྤྱོད་པ་གར་དང་གླུ།། རོལ་མོའི་མཆོད་པ་སོགས་ཀྱིས་མགོན་ལ་མཆོད ་ཕུལ་བ་དེ་ཡིས་རྡོ་རྗེ་བླ་མ་ཆེ།། དད་པས་བདག་དང་གཞན་རྣམས་མཆོད་པར་བྱ།། མྱོས་བཅས་མྱོས་བྱེད་བཏུང་བ་ནི།། ཅི་འདོད་པར་ནི་བསྟེན་པ་ཡིས།། རྡོ་རྗེ་ཉི་མ་མི་འབར་སོགས།། ཅི་བཞིན་རྗེས་འགྲོའི་བཟླས་པ་བཟླ།། རང ་གསང་ཚོ་གས་བྲངས་པ་ཡི།། གླུ་དང་རོལ་མོ་གར་རྣམས་དང་།། སྣ་ཚོགས་ཕྱག་རྒྱའི་མཆོད་པ་དང་།། ཁམས་གསུམ་རྣམ་རྒྱལ་ལ་སོགས་པ།། བུད་མེད་ཚོགས་དང་བཅས་པ་ཡི།། མཆོད་པ་རྒྱ་ཆེན་ཐམས་ཅད་དང་།། ཅི་འདོད ་པ་ཡི་ལོངས་སྤྱོད་ཀྱིས།། མཆོད་པ་བྱས་ན་རབ་ཏུ་བསྒྲུབ།། ཅེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་ལ་སོགས་པའི་དབུགས་དབྱུང་བ ་སྦྱིན་པར་བྱ་སྟེ།། འགྲོ་བ་ཀུན་གྱི་ཁམས་རྣམས་ཀྱི།། ཕྲ་རབ་རྡུལ་དང་མཉམ་པ་ཉིད།། རྟོག་པའི་རྒྱལ་པོ་གྲུབ་པ་སྟེ།། སངས་རྒྱས་ལ་སོགས་མཆོག་གྲུབ་པའོ།། གང་ཞིག་བློ་ནི་དཔག་མེད་པའི།། ཁྱད་པར་དུ་ནི་དམིགས་མི།། ་འགྱུར།། དེ་བཞིན་གཤེགས་པས་བདེ་བ་ནི།། དམ་པ་ཐམས་ཅད་བསྡུས་པའོ།། ཟད་པ་ཐམས་ཅད་ཟད་འགྱུར་དང་།། འཕེལ་བ་ཐམས་ཅད་འཕེལ་བར་འགྱུར།། གང་ཞིག་མཐོང་བས་མི་སྣར་འགྱུར།། གང་ནས་ཡང་ནི་འཇིགས ་མེད་བྱེད།། དྲག་པོ་དབང་པོ་ཉེ་དབང་ཟླ།། ཉི་མ་མཁའ་འགྲོ་ཚོགས་དཀྱིལ་འཁོར།། ཁྲོས་ནས་ཡི་གེ་ཧཱུ~ཾ་ཙམ་གྱིས།། མ་ལུས་པ་ནི་ཐལ་བར་བྱེད།། རྣལ་འབྱོར་མཁའ་འགྲོ་མའི་དཀྱིལ་འཁོར།། མཆོག་ཏུ་ཞུགས་ཏེ་མཐོང་ནས་ནི།། ་སྡིག་པ་ཀུན་ལས་རྣམ་གྲོལ་ཏེ།། ཁྱེད་རྣམས་དང་ནི་རབ་ཏུ་གནས།། སླར་ཁྱོད་འཆི་བ་ཡོད་མིན་ཏེ།། ཁྱད་པར་དུ་ནི་ངན་འགྲོ་མེད།། གཞན་གྱིས་མི་ཐུབ་མི་སོད་ཅིང་།། ཅིས་ཀྱང་མི་འཇིགས་དགའ་བར་གྱིས།། ཤིན་ཏུ་སྲིད་པའི་དངོས ་གྲུབ་རྣམས།། སྟོན་པའི་མཆོག་ཏུ་གྱུར་པ་ཡིན།། དམ་ཚིག་སྡོམ་པ་གྲུབ་པ་འདི།། རྟག་ཏུ་ཡང་ནི་བསྲུང་བར་བྱ།། སངས་རྒྱས་ཀུན་གྱིས་མཐུན་པར་གསུངས།། དམ་པ་རྟག་པའི་བཀའ་ཡིན་ནོ།། བྱང་ཆུབ་སེམས་ནི་སྤང་མི་བྱ།། དམ ་ཆོས་དེ་བཞིན་དམ་ཚིག་དང་།། སློབ་དཔོན་སྨད་པར་མི་བྱ་སྟེ།། གང་ཕྱིར་རྡོ་རྗེ་འཛིན་ཀུན་དེ།། སེམས་ཅན་ཀུན་ལ་ཕན་ཕྱིར་དང་།། ཐེག་པ་ཐམས་ཅད་གྲུབ་པའི་ཕྱིར།། གདུག་པ་འདུལ་བ་དག་པ་ཅེས།། རྡོ་རྗེ་མཆོག་ནི་འཛིན་པས ་གསུངས།། ཤིན་ཏུ་གདུག་ཅིང་གཏུམ་པ་དང་།། བདག་པོ་གྲོགས་པོ་བུ་རྣམས་ཀྱང་།། ཕྱག་རྒྱའི་རྣལ་འབྱོར་མངོན་སྤྱོད་ཀྱིས།། ཤིན་ཏུ་གཉིད་ནི་ལོག་ཏུ་གཞུག། རྟག་ཏུ་རང་གི་དམ་ཚིག་བསྲུང་།། རྟག་ཏུ་དེ་བཞིན་གཤེགས ་རྣམས་མཆོད།། རྟག་ཏུ་བླ་མ་ལ་ཡང་དབུལ།། དེ་ལ་ཕུལ་ན་འབྲས་བུ་ཆེ།། དེ་བྱིན་སངས་རྒྱས་ཐམས་ཅད་ལ།། རྟག་ཏུ་བྱིན་པ་ཉིད་དུ་འགྱུར།། དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ།། ཚེགས་ལས་དངོས་གྲུབ་མཆོག་ཏུ་འགྱུར།། དེ ་ཁྱོད་སྐྱེ་བ་འབྲས་བུར་བཅས།། གང་ཕྱིར་འདི་ལ་རབ་ཏུ་གནས།། དམ་ཚིག་རྒྱལ་པོ་དང་མཉམ་པར།། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས།། སངས་རྒྱས་རྡོ་རྗེ་འཛིན་ཀུན་གྱིས།། དེ་རིང་ཁྱེད་ལ་དབང་བསྐུར་བས།། ཁམས་གསུམ ་གྱི་ནི་རྒྱལ་སྲིད་ཆེ།། སྟོབས་དཔལ་འཁོར་ལོ་སྒྱུར་བ་ཡིན།། རྡོ་རྗེ་དམ་པའི་གསང་མཆོག་རྣལ་འབྱོར་མའི།། མཆོག་གི་དམ་ཚིག་གསང་བ་མཐོང་ནས་ནི།། བདུད་ལ་སོགས་པའི་ཤ་ཡང་ཟོས་ནས་ནི།། དེ་བཞིན་གཤེགས་སྦྱོར ་ཐོབ་ནས་ཁྱོད་གྲུབ་ཡིན་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དཔལ་མཆོག་དང་པོ་ལས་མཆོག་ཏུ་གསང་བའི་རྡོ་རྗེ་རྣལ་འབྱོར་གྱི་མཁའ་འགྲོ་མའི་དཀྱིལ་འཁོར་གྱི་ཆོ་ག་མཆོག་ཏུ་གྲུབ་པའོ།། ་དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་མཆོག་ཏུ་གསང་བ་འགྲོ་བ་འདུལ་བའི་ཆོ་ག་ནི།། རས་ལ་བཅོམ་ལྡན་བྲི་བར་བྱ།། པད་མ་གར་གྱི་དབང་ཕྱུག་གཙེ།། གློག་གི་འཁོར་ལོ་ཡོངས་འགྱུར་བའི། ་འཁོར་བའི་རྣམ་འཕྲུལ་གར་རྣམས་ཀྱིས།། པད་མ་ལ་སོགས་ཕྱག་མཚན་བྲི།། ཕྱག་རྒྱ་འཁོར་ལོ་ལྟར་མཛད་པ།། དེའི་ལོགས་ནི་ཐམས་ཅད་ལ།། ཁྲོ་གཉེར་མ་སོགས་བྲི་བར་བྱ།། དྲག་མོ་ལ་སོགས་ཕྱག་མཚན་གཟུགས།། པད་མའ ་ལྷ་མོ་པད་མར་བཅས།། དཀྱིལ་འཁོར་དེར་ནི་བརྟག་བྱས་ན།། གསང་བའི་དཀྱིལ་འཁོར་དམ་པ་ནི།། མཚོན་ཆ་མཆོག་གི་གང་གང་གིས།། ཐམས་ཅད་བྱས་ནས་འདི་བརྗོད་བྱ།། དེ་ཉིད་སངས་རྒྱས་བཅོམ་ལྡན་འདས།། སྤྱན་རས་གཟིགས ་ཀྱི་དབང་ཕྱུག་སྟེ།། འདུལ་བའི་ཐབས་ཀྱིས་དག་པ་ཡི།། རོལ་པའི་གར་ནི་མཛད་པ་ཡིན།། ཞེས་བྱ་བ་ནི་མཆོག་གི་རྡོ་རྗེ་སྟེ།། ཅི་ལྟར་པད་མ་དམར་པོ་འདི།། གནས་ཀྱི་ཉེས་པ་སྣ་ཚོགས་གྱིས།། མཚོན་གྱི་ཉེས་པས་མི་གོས་པ།། དེ་བཞིན ་ཁམས་གསུམ་དག་པའོ།། ཞེས་བྱ་བ་ནི་མཆོག་ཏུ་གསང་བའི་ཆོས་ཉིད་དྲིལ་བུའོ།། ཆོ་ག་གང་དང་གང་དག་གིས།། འགྲོ་བ་རྣམས་ནི་འདུལ་འགྱུར་བ།། པད་མ་དག་མཆོག་རྣལ་འབྱོར་བདག། དེ་དང་དེ་ཡིས་དག་པར་བྱ།། ཞེས་བྱ་བ་ན ་རྡོ་རྗེ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གོ།། དེ་ནས་ཅི་ལྟ་དེ་བཞིན་དུ་པད་མ་གར་གྱི་མཆོད་པས་མཆོད་ལ་ཆོག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་དོན་ཐམས་ཅད་གྲུབ་པའི་ཆོ་ག་སྟེ། ་བའི་དཀྱིལ་འཁོར་བྲིས་ནས་ནི།། རས་རིས་དེ་ནི་བློ་གྲོས་ཆེ།། ལྗང་ཀུ་བཻ་དཱུརྱ་ལྟར་མཚུངས།། ནམ་མཁའི་སྙིང་པོ་བྲི་བར་བྱ།། དེ་ཡཾ་པད་མ་གཅིག་ལ་གནས།། དེའི་འོད་ཀྱི་འཁོར་ལོར་བརྟེན།། དབང་བསྐུར་མ་དང་གཏེར་མ་དང་།། ་རྒྱལ་མཆོག་མངའ་བདག་མཆོད་ཆེན་པོ།། གསང་བའི་དཀྱིལ་འཁོར་དམ་པ་དེའི།། འཁོར་ལོ་བརྟག་པར་བྱས་ནས་ནི།། མཚོན་ཆ་མཆོག་གི་སྦྱོར་བ་ཡིས།། ཆོ་ག་རྒྱས་པ་ཅི་བནིན་པའོ།། དེ་ནས་རྡོ་རྗེ་མཆོག་གི་ནི།། ཉི་མ་འདི་ནི་དམ ་པ་སྟེ།། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་།། ནམ་མཁའི་སྙིང་པོ་བཅོམ་ལྡན་འདས།། བསམ་པ་ཐམས་ཅད་ཡོངས་རྫོགས་མཛད།། དེ་ནས་ཆོས་ཀྱི་རིན་པོ་ཆེའི་དྲིལ་བུ་ནི།། བསམ་པ་གྲུབ་པ་ཐམས་ཅད་ཀྱི།། ནོར་གྱི་བསམ་པ ་གྲུབ་པ་མཆོག། དེ་ཡང་འདོད་པར་རབ་གྲུབ་ཕྱིར།། འདོད་ལས་ཐར་པ་བདེ་བ་ཆེ།། ཞེས་བྱའོ།། སྦྱིན་མིན་རྣམས་ནི་སྦྱིན་བྱའོ།། འདོད་པ་ཀུན་གྱི་བདེ་བ་རྣམས།། བདག་ཉིད་དང་ནི་གཞན་རྣམས་ལ།། བསམ་པ་ཐམས་ཅད་རྫོགས་ཕྱིར་རོ།། ་ཞེས་བྱ་བ་ནི་དམ་ཚིག་གི་མཆོག་གོ།། དམ་ཚིག་འདི་ཡིས་མཆོག་ཏུ་ནི།། རྡོ་རྗེ་སེམས་དཔའ་བདེ་བ་ཆེ།། མྱུར་དུ་ཡང་དག་དམ་པ་མཆོག། མི་འགྱུར་མཆོག་ནི་གྲུབ་པར་མཛོད།། དེ་ལྟར་གསང་བའི་མཆོག་གི་ཚུལ་དག་ནི།། ཅི་བཞིན ་ཆོ་ག་མཆོག་ཏུ་རྒྱས་པ་སྟེ།། མཆོག་ཆེན་དེ་ནི་རྟོག་པ་ཐམས་ཅད་ཀྱི།། སྙིང་པོ་ཁྱད་པར་དངོས་གྲུབ་འགྲུབ་པར་འགྱུར།། དཔལ་མཆོག་དང་པོ་ལས་རྟོག་པ་ཐམས་ཅད་ཀྱི་བསྒྲུབ་པའི་ཆོ་གའོ།།།། དེ་ནས་གྲུབ་ཆེན་ཐམས་ཅད་ཀྱི། ་བསྒྲུབ་པའི་མཆོག་ནི་བདེ་བ་ཆེ།། རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེ།། རྟོག་པ་ཀུན་མཆོག་གྲུབ་པའི་ཕྱིར།། སྡོད་མ་ཡིན་པའི་སེམས་ཅན་ནི།། སྡིག་པ་ཐམས་ཅད་བྱེད་རྣམས་ལ།། མཐོང་བ་ལ་སོགས་སེམས་ཅན་དོན།། སེམས་དཔའ་ཆེན་པོས ་མཛད་པ་ཡིན།། མཐོང་མེད་ལོང་བ་དེ་རྣམས་ནི།། བསོད་ནམས་མེད་སོགས་རྟགས་ལྡན་ལ།། རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག། མཐོང་བའི་ཐབས་ཀྱི་རྒྱུ་རྣམས་ནི།། རྡོ་རྗེ་སེམས་སོགས་སེམས་མཆོག་གི། སྐུ་གསུང་ཐུག ་ཀྱི་རྡོ་རྗེ་ཡིས།། དམ་ཚིག་མཆོག་ནི་བཅིང་བ་སྟེ།། དམ་ཚིག་འདའ་བར་བཀའ་བའོ།། རྡོ་རྗེ་སེམས་སོགས་སེམས་དཔའ་ཡི།། གང་ཕྱིར་སྐུ་རྣམས་བརྟན་པ་ནི།། དེའི་ཕྱག་རྒྱས་གྲགས་པ་སྟེ།། དངོས་གྲུབ་ཀུན་ཕྱིར་དེ་དག་སྤྲུལ།། གང་དག ་བཟུང་བ་ཙམ་གྱིས་ནི།། རྡོ་རྗེ་སེམས་དཔའ་ལ་སོགས་མཆོག། མཐོང་ཞིང་མངོན་པར་མཐོང་བ་ཉིད།། མཆོག་ཏུ་བསྡུས་པར་གྱུར་པ་ཡིན།། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི།། གང་ཕྱིར་བསྡུས་པར་འགྱུར་བ་སྟེ།། རྡོ་རྗེ ་སེམས་སྩོགས་སེམས་དཔའ་རྣམས།། ཉམས་པས་འཇིགས་པས་གྲུབ་པར་འགྱུར།། ཅི་ལྟར་རྒྱལ་པོ་རྣམས་ཀྱི་བཀའི།། རྟགས་ཀྱི་ཕྱག་རྒྱ་འདའ་དཀའ་བ།། ཕྱག་རྒྱ་གསོལ་བ་ཀུན་གྱིས་ཀྱང་།། འདའ་བར་ནུས་པ་མ་ཡིན་ནོ།། ་སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན།། དེ་ལྟར་བསྐལ་པ་བྱེ་བས་ཀྱང་།། ཐོབ་པར་མི་འགྱུར་མྱུར་དུ་ནི།། ཅི་ལྟར་ཕྱག་རྒྱ་མཆོག་བཟུང་བའོ།། ཅི་ལྟར་འདུལ་ལྡན་འཇིག་རྟེན་ནི།། དེ་ལྟར་དངོས་གྲུབ་གསུངས་པ་ཡིན།། དེའི་ཐབས་ནི་ཕྱག་རྒྱ ་སྟེ།། དངོས་གྲུབ་ཐམས་ཅད་མཆོག་ཏུ་བྱེད།། གང་ཞིག་བཅིངས་པ་ཙམ་གྱིས་ནི།། འདུས་པ་བདེ་བ་ཆེན་པོ་རྣམས།། རྡོ་རྗེ་སེམས་སྩོགས་སྐད་ཅིག་གིས།། བྱིན་གྱིས་བརླབ་པ་བརྟན་པར་མཛད།། ཞེས་བྱའོ།། དེ་ནས་འདི་གསུངས ་ནས་བཅོམ་ལྡན་འདས་ཀྱིས་མཁས་ཤིང་མཆོག་ཏུ་ཕྲ་བ་དང་།། ཟབ་པ་དང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་མཆོག་ཏུ་དག་པ་ཐོག་མ་དང་ཐ་མ་མེད་པ།། མི་ཟད་ཅིང་ཟད་པ་མེད་པ།། དོན་ཡོད་ཅིང་ཐོགས་པ་མེད་པ།། ཤིན་ཏུ ་མ་ཆོག་ཏུ་དགའ་བ་མ་ལུས་པའི་བདེ་བ་ཆེན་པོ་དང་ཡིད་བདེ་བ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོ་མཆོག་ཏུ་མི་འགྱུར་བའི་དངོས་གྲུབ་ཐམས་ཅད་ཀྱི་མཆོག ་རྡོ་དབབ་པ་རྣམས་ཀྱིས་རབ་ཏུ་སད་པར་མཛད་ནས། བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དོན་ཡོད་པའི་མཆོག་གི་གསང་བ་ཅེས་བྱ་བའི་མཚོན་ཆ་མཆོག་འདི་མཆོག་ཏུ་གསང་བའི་ཆོག་རྒྱུད་ཕྱི་མའི་མཆོག་བྱིན་གྱིས་རློབ་པར་མཛད ་པའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་བདག་ལ་བྱིན་གྱིས་བརླབ་པ་བསྒྲུབ་པ་ཅིག་པུའི་ཚིག་བཤད་པར་བྱའོ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། ཉིནར་སྔོན་དུ་ལན་ཅིག་ཏུ། ་ཕྱག་རྒྱ་ཆེ་དང་སྙིང་པོ་བཟླས།། ཀུན་གྱི་ཕྱག་རྒྱ་རབ་གྲུབ་པའི།། བདག་བྱིན་བརླབ་པ་གཅིག་པུས་འགྲུབ།། ཅེས་བྱ་བ་ནི་མཆོག་ཏུ་གྲུབ་པའོ།། དེ་ནས་མཆོག་ཏུ་གསང་བ་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུ་གྲུབ་པའི་ཆོ་ག་མཆོག་ཏུ ་གྲུབ་པ་ནི།། ལན་གཅིག་དམ་ཚིག་གསུམ་མཆོག་ཏུ།། གསང་བ་དམ་པའི་ཁང་པར་ནི།། རྡོ་རྗེ་ལ་སོགས་ཐོབ་བཟུང་བ།། རྡོ་རྗེ་ཅན་གྱིས་བྱིན་རླབས་འགྱུར།། དེ་ནས་ཤིན་ཏུ་མཆོག་ཏུ་གསང་བའི་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུ ་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་ཤིན་ཏུ་མཆོག་ཏུ་གྲུབ་པ་ནི།། རྡོ་རྗེ་དྲིལ་བུ་ཀུན་བདག་ཉིད།། སྣ་ཚོགས་ཕྱག་རྒྱའི་སྐུར་བདག་ལྡན།། ཕྱག་རྒྱ་ཀུན་གྱི་རྣལ་འབྱོར་བདག། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར།། གྲུབ་པའི་ཆོ་ག་འདི་ཡིས ་ནི།། རྡོ་རྗེ་སེམས་དཔའ་ཡང་དག་སྡུས།། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོ་ཉིད་བྱིན་བརླབས།། དོན་ཡོད་རབ་ཏུ་བདག་བྱིན་བརླབས།། རང་བཞིན་ཉིད་ཀྱིས་ཐམས་ཅད་དུ།། མདོར་ན་ཕྱག་རྒྱ་ཐམས ་ཅད་ནི།། རང་ཉིད་བཅིངས་ནས་གྲུབ་པར་འགྱུར།། བདག་བྱིན་བརླབས་དང་དོན་ཡོད་ཕྱིར།། མྱུར་དུ་འབད་མེད་དངོས་གྲུབ་རྣམས།། ལས་ཀྱི་ཚོགས་ཀྱིས་སྒྲུབ་པ་ཡིས།། དངོས་གྲུབ་ཀུན་མྱུར་འགྲུབ་པར་འགྱུར།། འདི་ཡིས་བཅུར ་ཟད་མི་འགྲུབ་མེད།། དངོས་གྲུབ་ལས་དང་དེ་བཞིན་པ་དེ།། ཐམས་ཅད་བྱིན་བརླབ་བསྒྲུབ་པ་ཡིས།། མི་འགྱུར་བ་ནི་ཀུན་གྲུབ་བྱེད།། ཅེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དཔལ་མཆོག་དང་པོ་ལས་དངོས ་གྲུབ་ཐམས་ཅད་བྱིན་གྱིས་བརླབ་པའི་ཆོ་ག་མཆོག་ཏུ་གསང་བ་ཞེས་བྱ་བའོ།། །། དེ་ནས་མཆོག་ཏུ་གསང་བའི་རྣལ་འབྱོར་ཐམས་ཅད་ཀྱི་ཆོ་ག་རྗེས་སུ་བཤད་པར་བྱའོ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས ་གསུངས་ཏེ། དེ་ལ་ཐོག་མ་ཁོ་ནར་རེ་ཤིག་དོན་ཡོད་ཅིར་ནི་རྣལ་འབྱོར་གྱི་སྐད་ཀྱི་དབྱིངས་སོ།། འདི་ཡང་བཙོན་པ་ཡིན་ནོ་ཞེས་བྱ་བ་ནི་སྐད་ཀྱི་དབྱིངས་ཀྱི་དོན་ཏོ།། གང་གིས་བརྩོན་པ་ཡིན་ཞེ་ན།། སྨྲས་པ་རང་གི་ལྷག་པའི་ལྷ་རྗེས་སུ ་དྲན་པར་སྦྱོར་བས་ན་རྣལ་འབྱོར་རོ།། སླར་ཡང་གཞན་ནི་ཡང་དག་པར་བསྡུ་བ་དང་ཡང་དག་པར་ཀུན་ཏུ་སྦྱོར་བ་དང་ཡང་དག་པར་སྦྱོར་བ་ཞེས་བྱ་བ་ནི་རྣལ་འབྱོར་བརྗོད་པའི་རྣམ་གྲངས་སོ།། གང་ཡང་དག་པར་ཀུན་ཏུ་སྦྱོར ་བ་ཡིན་ཞེ་ན།། རང་གི་ལྷག་པའི་ལྷ་རྫས་སུ་དྲན་པའི་རྣལ་འབྱོར་རྗེས་སུ་བསྒྲུབ་པས་རང་གི་ལྷག་པའི་ལྷའི་རྣལ་འབྱོར་སྒྲུབ་པའི་སྦྱོར་བ་ཞེས་བྱའོ།། དེ་ལ་ཅི་ལྟར་ཐམས་ཅད་ཀྱི་རྣལ་འབྱོར་ཡིན་ཞེ་ན། དམ་ཚིག་གི་རྣལ་འབྱོར་ནི་ཐམ ་ཅད་ཀྱི་རྣལ་འབྱོར་ཞེས་བྱ་བ་ཡིན་ནོ།། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་།། འདའ་བ་རུ་ནི་མི་མཛད་པས།། ཕྱག་རྒྱ་དམ་ཚིག་རྗེས་སུ་བསྒྲགས།། ཡིད་ཀྱི་གཟུགས་ནི་བརྟན་ཕྱིར་རོ།། ཞེས་བྱ་བ་ནི་དམ་ཚིག་གི་དོན་ཏོ།། དེ་ལ ་རྗེས་སུ་བསྒྲུབ་པའི་རྣལ་འབྱོར་ནི་དམ་ཚིག་གི་རྣལ་འབྱོར་ཏེ་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱ་བའོ།། འདི་ལྟ་སྟེ་རྫས་མང་པོ་ཡང་དག་པར་སྦྱར་བས་སྦྱོར་བ་ཞེས་བྱ་བ་གྲུབ་པ་དེ་བཞིན་དུ། ཐམས་ཅད་ཀྱི་བདག་ཉིད་ཀྱི་ཕྱག་རྒྱའི ་སྦྱོར་བའི་ཡང་དག་པར་ཀུན་ཏུ་སྦྱོར་བས་ན་ཐམས་ཅད་ཀྱི་རྣལ་འབྱོར་ནི་དམ་ཚིག་གི་རྣལ་འབྱོར་རོ།། དེ་ལ་ཅི་ལྟར་ན་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཡིན་ཞེ་ན།། སངས་རྒྱས་ཀུན་བདག་ཡང་དག་སྦྱོར།། ཅི་ལྟའི་དབྱིབས ་དང་སྐུ་དང་ལྡན།། བདག་ཉིད་བདག་ཉིད་ཉིད་ལ་ནི།། བཀོད་ནས་རྗེས་སུ་བསྒྲུབ་པར་བྱ།། ཞེས་བྱ་བ་ནི་རང་གི་དམ་ཚིག་གི་རྣལ་འབྱོར་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱ་བའོ་དེ་ལ་རྗེས་སུ་བསྒྲུབ་པ་ནི། ལྷག་པའི་ལྷ་ནི་གང་གང ་གིས།། ཕྱག་རྒྱ་གང་དང་གང་འཆིང་བ།། དེ་དང་དེའི་རྣལ་འབྱོར་གྱིས།། ཕྱག་རྒྱ་དེ་དང་དེ་སྦྱོར་བྱ།། ཞེས་བྱའོ།། དེ་ནས་མཆོག་ཏུ་གསང་བའི་རབ་མཆོག་གི་རྗེས་སུ་བསྒྲུབ་པའི་ཆོ་ག་རྒྱས་པ་མཆོག་ཏུ་ཤིན་ཏུ་གྲུབ་པ་ནི། བདག ་ནི་སངས་རྒྱས་ཐམས་ཅད་ཉིད།། གཟི་བརྗིད་ཅན་ནི་ཉིད་ཀྱང་ཡིན།། རང་གི་ལྷའི་རྣལ་འབྱོར་གྱིས།། དེ་ཕྱིར་བདག་ཉིད་བརྟག་པར་བྱ།། ཕྱག་རྒྱ་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོ་མཆོག་ཏུ་གསང་བ་ཞེས་བྱ་བའོ།། དེ་ནས ་མཆོག་ཏུ་ཤིན་དུ་གསང་བའི་མཆོག་གི་རྗེས་སུ་བསྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་ཤིན་ཏུ་མཆོག་ཏུ་གྲུབ་པ་ནི། རང་ལྷའི་སྦྱོར་བ་ཅི་བཞིན་དུ། སྣ་ཚོགས་ཕྱག་རྒྱའི་དབང་བསྐུར་ལྡན།། ཕྱག་རྒྱ་ཀུན་བདག་རྣལ་འབྱོར ་བདག། མི་འགྱུར་མཆོག་ཏུ་གྲུབ་པར་འགྱུར།། རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་ཚིག་མཆོག་གི་རྣལ་འབྱོར་ནི་ཡང་དག་པར་ཀུན་ཏུ་སྦྱོར་བ་ཞེས་བྱ་བའོ།། དེ་ནས་གཞན་ཡང་སླར་མཆོག་ཏུ་ཤིན་ཏུ་གསང་བ ་མཆོག་གི་རྗེས་སུ་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་མཆོག་ཏུ་གྲུབ་པ་ལས་ཀྱང་ཤིན་ཏུ་མཆོག་ཏུ་གྲུབ་པ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔར་བདག་སྦྱོར་བའི།། ཅི་བཞིན་དབྱིངས་དང་བསྐུར་ལྡན་པ།། ཀུན་བདག་ཕྱག ་རྒྱའི་རྣལ་འབྱོར་པ་དག། མི་འགྱུར་མཆོག་ནི་གྲུབ་པར་འགྱུར།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། དམ་ཚིག་གསལ་བའི་རྗེས་འགྲོ་བ།། རྣལ་འབྱོར་ཀུན་བདག་གྲུབ་པ་སྟེ།། གསལ་ཞིང་ཤིན་ཏུ་གྲུབ་མཆོག་ཡིན ་འདི་ཡིས་མི་འགྲུབ་ཅུང་ཟད་མེད།། དངོས་གྲུབ་ལས་རང་དེ་བཞིན་བདེ།། ལས་ཀྱི་ཚོགས་ཀྱི་དངོས་གྲུབ་དང་།། དངོས་གྲུབ་མ་ལུས་མྱུར་དུ་འགྲུབ་ཞེས་བྱ་བ་ནི། གསང་བའི་དམ་ཚིག་གི་རྣལ་འབྱོར་ཏེ།། ཤིན་ཏུ་མཆོག། ་ཏུ་རབ་ཏུ་གྲུབ་པའོ།། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་།། ཅི་འདོད་པར་ནི་བསྟན་པ་ཡིས།། རྣལ་འབྱོར་དག་ནི་འདི་དག་གིས།། རང་གི་བདག་ཉིད་རབ་མཆོད་བྱ།། ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤིན་ཏུ ་གསང་བ་བླ་ན་མེད་པ་ཐེག་པ་ཆེན་པོའི་དམ་ཚིག་ཆེན་པོའི་རྣལ་འབྱོར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་གྱི་རང་གི་དམ་ཚིག་གི་རྣལ་འབྱོར་དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག ་རྣལ་འབྱོར་ཐམས་ཅད་ཀྱི་བླ་ན་མེད་པའི་བཅུད་ཀྱིས་ལེན་གྱི་མཆོག་གི་དངོས་གྲུབ་ཀྱི་རྣལ་འབྱོར་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའོ།། རྡོ་རྗེ་སེམས་དཔའི་མཆོག་གི་ཚེ་དང་ན ་ཚོད་གཞོན་པ་དང་ནད་མེད་པ་དང་གཟུགས་དང་ཁ་དོག་དང་གཟི་བརྗིད་དང་སྟོབས་དང་སྤྲོ་བ་དང་དངོས་གྲུབ་མཆོག་ཐམས་ཅད་དང་དཔལ་དང་སྐལ་པ་བཟང་པོ་དང་། དགའ་བ་ཆེན་པོ་དང་ཤིན་ཏུ་བདེ་བ་དང་ཡིད། ་བདེ་བ་ཐམས་ཅད་ལ་དམ་པ་མཆོག་ཏུ་གྲུབ་པའོ།། ཅི་སྲིང་བ་ལུས་ཤིང་ལུས་པ་མེད་པ་ལ་མ་ལུས་པའི་དངོས་གྲུབ་ཆེན་པོ་དམ་པ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི ་ལས་ཀྱི་ཚོགས་མཆོག་ཏུ་གྲུབ་པ་སྟེ།། རྒྱས་བཏབ་པ་ཙམ་གྱི་སྐད་ཅིག་གིས་རབ་ཏུ་གྲུབ་པ་ཡིན་ནོ།། དེ་རྒྱུ་གང་གིས་ཕྱིར་ཤེ་ན་འདི་ལྟ་སྟེ། སྤྱོད་པ་ཕྱག་རྒྱལ་རག་ལུས།། ཕྱག་རྒྱརྣལ་འབྱོར་ལ་གནས་པ། རྣལ་འབྱོར་ཁྱད་པར ་གྱིས་བསྒྲུབ་བྱ།། རྣལ་འབྱོར་དམ་ཚིག་གིས་བསྒྲུབ་བྱེད།། སེམས་ནི་སྟོང་པ་སྒྱུ་མར་མཚུངས།། ལུས་དང་བྲལ་བར་མ་གྲུབ་སྟེ།། ལུས་དེ་ཡང་ནི་གཅིག་པ་འདྲ།། བྱ་བ་མེད་ཅིང་སེམས་དང་བྲལ།། ལུས་ཀྱང་སེམས་དང་བྲལ་བ་སྟེ།། སེམས ་ཀྱང་ལུས་དང་བྲལ་བ་ནི།། གྲུབ་པ་མ་ཡིན་དེ་བཞིན་འདི།། ཕྱག་རྒྱརྣལ་འབྱོར་ཆོ་གར་བརྗོད།། ཅི་ལྟར་ལུས་ནི་སེམས་ཀྱིས་དང་།། སེམས་ཀྱང་ལུས་ཀྱིས་གྲུབ་འགྱུར་བ།། དེ་བཞིན་ཕྱག་རྒྱརྣལ་འབྱོར་གྱིས།། རྣལ་འབྱོར་དམ་ཚིག ་བསྒྲུབ་པས་སོ།། དེ་ལྟར་དམ་ཚིག་རྣལ་འབྱོར་དག། ཕན་ཚུན་དུ་ནི་བསླབ་པའི་ཕྱིར།། ཕན་ཚུན་ནི་ཡང་རྟག་བདག་ཉིད།། དེ་བཞིན་གཤེགས་པར་གྲུབ་པར་འགྱུར།། ཞེས་བྱ་བ་ནི་ཤིན་ཏུ་མཆོག་ཏུ་གསང་བ་མཆོག་ཏུ་གྲུབ་པ ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་ཅི་ལྟར་ཕྱག་རྒྱ་ཐམས་ཅད་དང་རྣལ་འབྱོར་དག་རྗེས་སུ་བསྒྲུབ་པ་ཡིན་ཞེ་ན། ཕྱག་རྒྱ་སྐུ་ནི་བརྟན་པའི་ཕྱིར།། དེ་ཡང་བདེ་བས་བརྟན་པར་འགྱུར།། སྡུག་བསྔལ་གྱིས།། ་ནི་གཡོ་བར་འགྱུར།། ཡང་ན་འཆི་བ་ཐོབ་པར་འགྱུར།། དེ་ནི་རྣལ་འབྱོར་སེམས་ལས་བྱུང་།། ཡིད་བདེ་བ་ཡིས་རབ་ཏུ་སྒྲུབ།། ཡིད་མི་བདེ་བས་གཡོ་བ་འམ།། ཡང་ན་འགོག་པ་ཐོབ་པར་འགྱུར།། དེ་ཕྱིར་འབད་པ་ཐམས་ཅད་ཀྱིས།། ་ཕྱག་རྒྱ་རྣལ་འབྱོར་རྗེས་གྲུབ་བྱེད།། དཀའ་ཐུབ་མེད་ཅིང་ངེས་པ་མེད།། བདེ་བ་དགའ་བས་བསྒྲུབ་པར་བྱ།། ཞེས་བྱ་བ་ཤིན་ཏུ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་དམ་ཚིག་ཐམས་ཅད་ཀྱི ་རྣལ་འབྱོར་རྗེས་སུ་སྒྲུབ་པའི་བདེ་བ་གང་ཡིན་ཞེ་ན། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་།། ཅི་འདོད་པར་ནི་བསྟེན་པ་ཡིས།། རང་གི་ལྷའི་རྣལ་འབྱོར་གྱིས།། བདག་དང་གཞན་རྣམས་མཆོད་པར་བྱ་ཞེས་བྱའོ།། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བླ་ན་མེད་པའི་ཐེག་པ་ཆེན་པོའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐེག་པ་ཆེན་པོའི་ཡང་ཆེན་པོའི་རྣལ་འབྱོར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་བདེ་བ་ཞེས་བྱ་བའོ།། དེ་ལ་དམ་ཚིག ་ཐམས་ཅད་ཀྱི་རྣལ་འབྱོར་རྗེས་སུ་སྒྲུབ་པ་གང་ཡིན་ཞེ་ན།། དཀའ་ཐུབ་ཉེས་པ་མི་ཟད་པས།། སྡུག་བསྔལ་ལྡན་པས་མྱུར་དུ་སྐམས།། སྡུག་བསྔལ་གྱིས་ནི་སེམས་གཡེང་འགྱུར།། རྣལ་འབྱོར་ལ་ནི་སྦྱོར་བ་མིན།། དེ་ཕྱིར་ཅི་འདོད་ལ་སྤྱོད་པ ་ཀུན་ཟབ་དེ་བཞིན་ཐམས་ཅད་བྱེད།། ཅི་འདོད་བྱ་བ་ལ་སྤྱོད་པ།། ཅི་འདོད་པར་ནི་སྤྱོད་པ་སྤྱོད།། གང་དང་གང་དུ་འཆགས་པ་དང་།། རྒོད་པའམ་ནི་སྨྲ་བའམ།། གང་དང་དེ་རུ་ཅི་བཞིན་དེ།། དཀྱིལ་འཁོར་དུ་ནི་མཞུགས་སམ།། སྒྲིབ་པ ་རྣམས་དང་ལྡན་པའམ།། རང་གི་ལྷའི་རྣལ་འབྱོར་བདག། ཚིག་གིས་ཀྱང་ནི་དེ་བཞིན་འགྱུར།། དེ་ཉིད་རྣལ་འབྱོར་འདི་ཡིས་ནི།། ཐམས་ཅད་ཉིད་ནི་བསྒྲུབ་པར་བྱ།། རང་སྤྱོད་སྡིག་པ་ཐམས་ཅད་ཀྱིས།། རྣམ་པ་ཀུན་ཏུ་གནོད་མི ་འགྱུར། འདོད་པ་ཆེན་པོ་ཀུན་བདག་ཉིད།། དབང་ཕྲག་དམ་པ་གྲུབ་པར་འགྱུར།། ཐམས་ཅད་རྡོ་རྗེ་འཛིན་རྒྱལ་པོ།། ཀུན་མཆོད་དབང་ཕྱུག་དམ་པའོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད།། རྣལ་འབྱོར་འདི་ཡིས་རྙེ་སྐུ ་ན།། དངོས་གྲུབ་རྣམས་དང་ལས་མཆོག་གི། ཚོགས་རྣམས་གཞན་ལྟ་སྨོས་ཅི་དགོས།། དོན་ཡོད་མཆོག་ཏུ་རྩུབ་པ་དང་།། ཕྱག་རྒྱ་ཐམས་ཅད་རྗེས་གྲུབ་བྱེད།། དཔལ་ལྡན་སྡུག་བསྔལ་ཀུན་འཕྲོག་པའི།། རྣལ་འབྱོར་འདི་ནི་རྨ ་ཡ།། འགྱུར་མཆོག། ཅེས་བྱ་བ་མཆོག་ཏུ་ཡིན་པ་བདེ་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་རྣལ་འབྱོར་ཐམས་ཅད་བཅིང་བ་ཅི་ལྟར་ཡིན་ཞེན།། བསམ་པ་མེད་ཅིང་ཐམས་ཅད་སྨྲ།། དེ་བཞིན་ཐམས་ཅད་པས་ས ་ནས་ཀྱང་།། ཡེགས་ཙམ་ལ་སྙོམས་འཇུག་པ།། རང་བཞིན་ཉིད་དུ་སྙོམས་པར་ཞུགས།། དེ་ལ་ཅི་ལྟར་རྣལ་འབྱོར་ཐམས་ཅད་བཅིང་བ་དང་ལུང་བསྟན་པ་ཡིན་ཞེ་ན།། རང་གི་ལྟ་སྤྱོང་བ་ཡིས།། དངོས་གྲུབ་ཐམས་ཅད་རང་སྤྱོང་བས ་ཤེས་ཅམ་ལ་བྱོང་བ་འད།། རྒལ་འབྱོར་ཞེས་ནི་བརྗོད་པ་ཡིན།། ཞེས་བྱ་བ་ནི་ཕྱག་ཏུ་ཐམས་ཅད་ཀྱིརྣལ་འབྱོར་གྱི་ཚིག་མཆོག་ཏུ་གན་ཏུ་གསང་བཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་རྣལ་འབྱོར་དང་རྣལ ་འབྱོར་ཆེན་པོ་དང་ཤིན་ཏུན་ལ་འབྱོར་བཅིང་བ་དང་ལུང་བསྟན་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་བདག་སྦྱོར་བས།། མཆོད་པ་ཀུན་གྱི་རྗེས་སྦྱར་བ།། རྣལ་འབྱོར་ཐམས་ཅད་རབ་སྤྱོར་འདི།། རྣལ་འབྱོར་ཤེས་ནི་བརྗོད་པར་བྱ།། དེ་ལ་འདི ་ལྟར་བརྗོད་བྱ་སྟེ།། དེ་ཉིད་ཆེན་པོ་འདིས་གྲུབ་སྟེ།། མཆོག་ཏུ་མཆོག་གི་བདག་ཉིད་ནི།། ཤིན་ཏུ་མཆོག་ཏུ་གསང་བ་སྟེ།། སོ་སོའི་སྐྱེ་བོལ་བརྗོད་མིན།། རྡོ་རྗེ་སློབ་དཔོན་སློབ་མ་མཆོག། དེ་ཉིད་དང་པའི་རྗེས་འབྲང་ལ།། ཐམས་ཅད་ནལ ་འབྱོར་ཆོ་ག་སྦྱོར།། གཞན་རྣམས་ལ་ནི་རིམས་ཀྱིས་སོ།། འདི་ལ་སྒྲུབ་མེད་ཅུང་ཟད་མེད།། དངོས་གྲུབ་ལས་དང་བདེ་བ་དང་།། ཐམས་ཅད་རྣལ་འབྱོར་རྗེས་སྒྲུབ་པས།། མི་འགྱུར་ཐམས་ཅད་སྒྲུབ་པར་བྱེད།། ནལ་འབྱོར་ཆོ་ག་གསལ་བ ་དེ།། གཅིག་པུའང་གང་ལ་ཡོད་བྱུང་ན།། གཞན་གྱིས་པ་ཐུབ་མི་མེད་ཅིང་།། བདུད་ལ་སོགས་པས་ནོན་མ་འགྱུར།། དེ་ལ་རྒྱལ་པོ་རྡོ་རྗེ་འཛིན།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། ཀུན་མཆོ་ག་དངོས་ཐུབ་ཆེན་པོ་ཡི། མ ་འབྱོར་དབང་བླག་རབ་གྲུབ་འགྱུར།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དཔལ་མཆོག་དང་པོ་ལས་ཤིན་ཏུ་གསང་བའི་ནལ་འབྱོར་ཐམས་ཅད་ཀྱི་ཚིག་མཆོག་ཏུ་གསང་པའོ།། ་དེ་ནས་རྟོག་པ་ཐམས་ཅད་དོན་ཡོད་ཅིང་།། ཐོགས་པ་མེད་པ་མཆོག་ཏུ་མཁས་ཤིང་ཕྲ་བ་རྒྱ་ཆེ་བ་ཞིང་ཟབ་པ་བསམ་གྱིས་མི་ཁྱབ་ཅིང་ཤིན་ཏུ་ཚད་མེད་པ་མ་ལུས་ཤིང་ལུས་པ་མེད་པའི་མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ་མཆོག་ཏུ་གྲུབ་པའི་ཕྱག་རྒྱའི་རྒྱུད་བཤད་པར་བྱའོ།། ཞེས་བྱ་བ་ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་པའི་རྒྱུད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། གཡོན་པའི་བད་མར་བཀོད་པ་ཡི།། ་ཞབས་ཀྱི་པད་མ་ཅི་བདེ་བར།། སེམས་དཔའི་དཀྱིལ་མོ་དཀྲུང་བཅིངས་ཏེ།། རང་ཉིད་ལུས་ནི་དྲང་པོ་འཛིན།། རྡོ་རྗེ་ག་སོ་རབས་ཀུན་ལས་རྒྱལ།། མཆོག་གིདངོས་གྲུབ་ཀུན་གྱི་ཕྱིར།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། རྡོ་རྗེ་སེམས་དཔའ ་ཉིད་དུ་འགྱུར།། འདིས་ནི་རྡོ་རྗེ་སེམས་དཔའ་འམ།། སངས་རྒྱས་ཉིད་ནི་གཟི་ཅན་ཉིད།། དངོས་གྲུབ་ཀུན་གྱི་དབང་ཕྱུག་ཡིན།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། ཞེས་བྱ་བ་ཐམས་ཅད་ཀྱི་བདག་ཉིད་བརྟན་པའི་བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔས་གསུངས་སོ།། དཀྱིལ་འཁོར་དུ་ནི་མཞུགས་ཀྱང་།། ཕྱག་རྒྱ་ཆེན་པོ་ཡོངས་བཟུང་བར།། བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་།། ཕྱག་རྒྱས་མཆོད་ཅིང་བཀུར་བར་འགྱུར།། གང་གིས་འདི་མཐོང་ཕྱག་བྱེད་དང་།། བསྟོད ་པ་དང་ནི་མཆོད་པར་བྱེད།། སྟོན་པ་མཐོང་དང་ཕྱག་བྱེད་དང་།། དེ་ཡིས་བདག་པོ་མཆོད་པར་འགྱུར།། དངོས་གྲུབ་ཀུན་གྱི་ཆགས་ཆེན་པོའི།། བདེ་བ་ཕུན་ཚོགས་དབང་ཕྱུག་ཆེ།། ཕྱག་རྒྱ་ཆེན་པོས་གྲུབ་འགྱུར་ཏེ།། རྡོ་རྗེ་སེམས ་དཔའ་གཉིས་པ་འདྲ།། ལྷ་ལ་སོགས་པའི་དངོས་གྲུབ་ཀུན།། ལས་ཀུན་གྱིས་ནི་བདེ་བ་ཡང་།། ཕྱག་རྒྱ་ཆེན་པོའི་བྱིན་བརླབས་ཀྱིས།། ཁྱད་པར་དུ་ནི་རབ་ཏུ་འཇུག། དེ་ཡིས་མི་འགྲུབ་གང་ཡང་མེད།། དངོས་གྲུབ་ལས་དང་དེ་བཞིན ་བདེ།། ཕྱག་རྒྱ་ཆེན་པོའི་བདག་བྱིན་བརླབས་པས།། བསྒྲུབས་པའི་སྟོབས་ཀྱིས་མཆོག་ཀུན་འབྱུང་།། དེ་ནས་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ཆེན་པོ་ཀུན་གྱི་དཀྱིལ་འཁོར་ཆེན་པོ་ཐམས་ཅད ་ཀྱི་དམ་ཚིག་དང་ཆོས་དང་ལས་དང་། གདོན་མི་ཟ་བར་དགུག་པ་དང་གཞུག་པ་དང་འབེབས་པ་དང་རྗེས་སུ་ཆགས་པ་དང་དབང་དུ་བྱེད་པ་དེ་དང་བསྒྲུབ་པ་ཐམས་ཅད་དང་མཆོག་གི་སྒྲུབ་པ་ཐམས་ཅད་ཀྱི་དམ་ཚིག་ཆེན ་པོའི་ཕྱག་རྒྱ་བདེ་བ་ཆེན་པོའི་རྡོ་རྗེའི་གསང་བའི་དམ་ཚིག་ཅེས་བྱ་བའོ།། དེ་བཅིང་བ་ནི་འདི་ཡིན་ཏེ།། སོར་མོ་ཐམས་ཅད་མཉམ་སྦྱོར་བས།། རྡོ་རྗེ་ཐལ་མོ་ཞེས་བརྗོད་དོ།། ཀུན་མཆོག་ནང་དུ་བསྡམས་པ་ཡིས།། རྡོ་རྗེ་བསྡམས་པ ་བཤད་པ་ཡིས།། རྡོ་རྗེ་བསྡམས་པའི་ནང་དུ་ནི།། འཛུབ་མོ་མཐེ་བོ་ཡང་དག་སྦྱར།། གཡས་པའི་ཐེ་བོང་བརྟགས་ཀྱི་ནི།། རྩེ་མོ་བཀུག་ནས་བཙིར་བར་བྱ།། མདའ་ལྔ་བསྡུས་པ་བཅིངས་ནས་ནི།། དབུས་མ་བཅིངས་པའི་ནང་དུ ་གནས།། མཐེ་བོང་མཐེའུ་ཆུང་རྡོ་རྗེར་བསྡམས།། དེའི་དང་པོའི་རྡོ་རྗེ་མཆོག། རྡོ་རྗེ་བསྡམས་པ་དེ་བཅིངས་ནས།། དབུས་མའི་རྡོ་རྗེ་ལྕགས་ཀྱུ་གཉིས།། དགུག་པའི་ཚུལ་ནི་དེ་ཉིད་ཀྱིས།། རང་གི་སྙིང་ཀར་ལྕགས་ཀྱུ་བརྡེག། ་ལྗགས་ཀྱུའི་རྒྱལ་པོ་འདི་ཡིས་ནི།། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ།། དགའ་བའི་རྡོ་རྗེ་ལུགས་ཀྱུ་དགུག། སླར་ཡང་ཉེ་བའི་སྙིང་པོ་བསྒྲུབ།། སྙིང་ཀར་བརྡེག་པ་དྲག་པོ་ནི།། རྗེས་སུ་ཆགས་པའི་མེ་ཡིས་གདུངས།། སྙིང་པོ ་འཕྲོག་པས་དབང་གྱུར་དགྱེས།། མྱུར་དུ་བྱོན་ནས་གྲུབ་པར་འགྱུར།། ཞེས་བཅོམ་ལྡན་འདས་ཆགས་པ་ཆེན་པོ་དང་བདེ་བ་ཆེན་པོ་རྡོ་རྗེ་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ།། དེ་བཞིན་དུ་དེ་བཞིན ་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་རྡོ་རྗེ་ལ་སོགས་པ་དང་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་རྒྱས་བཏབ་པས་འོངས་ཏེ་མྱུར་དུ་འགྲུབ་པར་འགྱུར་རོ།། གལ་ཏེ་མ་འོངས་ན་འཇིག་པར་འགྱུར ་རོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་སྙིང་པོ་མཆོག་གི་ཕྱག་རྒྱའོ།། རྡོ་རྗེ་མཆོད་ཡོན་རྡོ་རྗེ་ཐལ་མོ་ཤིན་ཏུ་རབ་ཏུ་བརྐྱང་བའི་ཐལ་མའོ།། དེ་ནས་དང་པོའི་རྡོ་རྗེའི་ཕྱག་རྒྱ་དབུས་མའི་རྡོ་རྗེ་བཟུང་བའི་མེ ་ཏོག་གི་ལྕུག་མས་བཟླ་བར་བྱའོ།། རྡོ་རྗེའི་ཆུ་དང་རྡོ་རྗེ་ཁུ་ཚུར་གྱིས་དབང་བསྐུར་ན། ཐམས་ཅད་ཀྱི་བདག་པོ་ཉིད་དང་ཆེ་འཕེལ་བ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ལ་དགོས་པ་ཡིན་པས་བཏུང་བ་བྱས་ན་སྡུག་བསྔལ་ཐམ ་ཅད་འཇོམས་པ་ཡིན་ནོ།། དེ་ནས་དང་པོའི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་ནི།། བདན་གསུམ་དང་ཁ་ཊྭཱ~ཾ་ག། བཅིངས་ན་ཅི་ནུས་པར་ནི་དགའ།། རྡོ་རྗེ་གར་བསྐོར་དགྲོལ་བ་ཡིས།། ཡོངས་སུ་བསྐོར་བར་འཛིན་པ་ཆེ།། ཀ་པུ་ཏ་ཥའི ་སྦྱོར་བ་ནི།། སྤྱི་བོར་གཞག་ཏེ་ཕབ་ནས་ཀྱང་།། སྒེག་བཅས་འཛུབ་མོ་མཐེའུ་ཆུང་སོགས།། དཀྲོལ་ནས་རྡོ་རྗེ་ཅན་ལ་དབུལ།། འདི་ཡིས་དཀྱིལ་འཁོར་མ་ཞུགས་ཀྱང་།། རྡོ་རྗེ་སློབ་དཔོན་ཉིད་ཐོབ་གྱུར།། རང་ཉིད་ཞུགས་པ་ཙམ་གྱིས ་ནོ།། མཆོད་པས་དོན་ཡོད་གྲུབ་ཕྱིར་རོ།། ཡོངས་སུ་རྫོགས་པའམ་མཚང་པ།། ཡང་ན་སླར་ཡང་ཅི་སྙད་པའི།། མ་ཏོག་ལ་སོགས་མཆོད་མཚན་ནས།། ཐུན་མོང་དངོས་གྲུབ་ཀུན་སྲོལ་བའི།། ཁ་དན་གསུམ་མཆོག་ཁ་ཊྭཱཾ་ག། སྒེག ་བཅས་མཐའ་མ་ལ་སོགས་དཀྲོལ།། སྲོག་འགྱུ་མཆོག་ཏུ་བསྐོར་བ་ཡིས།། རྡོ་རྗེ་གར་ཞེས་དེ་བཤད་དོ།། སྒེག་མོ་དགའ་བའི་རྡོ་རྗེ་ནི།། རྡོ་རྗེ་གར་གྱི་མཆོད་པས་མཆོད།། སྒེག་པ་དང་བཅས་པའི་འཛུམ་པའི་མིག་གིས་ཕྲག ་འཚལ་བས།། རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རྗེས་སུ་ཆགས་པར་བྱས་ནས། ཕྱག་བྱེད་དུ་གཞུག་པའོ།། རྡོ་རྗེ་ཐལ་མོ་བསྐོར་བས་མ་ལུས་པ་བྱས་ནས་ཐམས་ཅད་ལ་བསྟོད་པའི་ཕྱག་རྒྱའོ།། དེ་བཞིན ་ག་ཤེགས་པ་ཐམས་ཅད་ལྕགས་ཀྱུ་མཆོག་ནི་རྡོ་རྗེ་བསྡམས་པའི་མཐེ་བོ་བསྟན་པའི་དཀྱིལ་མོ་དཀྲུང་འཛུབ་མོ་གཉིས་བཀུག་པའི་ལུས་ཅན་དབུས་མ་མཉམ་པའི་ཁ་འབྲས་པའི་མཆོག་གི་ཡན་ལག་སྤྱི་བོར་གཞག་ལ ་གཡས་ལོག་སུ་ཐམས་ཅད་ལ་ཅོད་པན་བཅིངས་ལ་མདུན་ལོགས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མདུད་པའི་ཚུལ་བྱ་སྟེ། ཕྲེང་བ་བཅིངས་པ་བྱས་ལ་སྒེག་པ་དང་བཅས་པས་མཐེའུ་ཆུང་ལ་སོགས་པ་བཀྲོལ་ཏེ། ལོགས་གཉིས་ལ ་དར་དབྱངས་བཅིངས་པའི་ཚུལ་དུ་བྱས་ལ་མཉམ་པའི་ཐལ་མོས་རྒྱས་བཏབ་པས། རྡོ་རྗེ་སེམས་དཔའི་དབང་བསྙུང་བར་འགྱུར་བ་ཡིན་ནོ།། དེ་ནས་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩིའི་ཆུས་དབང་བསྐུར་བར་བྱས ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་ཉིད་དང་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་བ་ཡིན་ནོ།། རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔབ་རྡོ་རྗེ་འོད་ཟེར་འབར་བ་རྩེ་མོ་ཅན་ཁ་དག་དམར་པོ་སྦྱིན་པར་བྱའོ།། སླབ་མས་ཀྱང་སློབ་དཔོན་ལ་ཡོན ་བུལ་ལ་དེ་ནས་མེ་ཏོག་ལ་སོགས་པའི་དབང་བསྐུར་བ་ཐམས་ཅད། ཐམས་ཅད་ཀྱི་སློབ་དཔོན་ལས་རྡོ་རྗེ་ཐལ་མོ་བསྐོར་བའི་ཕྱག་འཚལ་བའི་ཕྱག་རྒྱས་བླང་བར་བྱ་སྟེ་དེ་ལྟར་ན་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་གའོ།། ་དེ་ནས་དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་གྲུབ་པའི་རྡོ་རྗེ་འཆང་ཆེན་པོ་རྒྱལ་པོ་བསྒྲུབ་པའི་ཕྱག་རྒྱའི་རྒྱུད་ནི། བདེ་བ་ཆེན་པོའི་གསང་བའི་ཆེན་པོའི་ལྕགས་ཀྱུ་རང་གི་སྙིང་པོའི་སྔགས་ལན་ཅིག་བརྗོད་པས་རྔ ་སེམས་དཔའ་སྤྱན་དྲང་བའོ།། སེམས་དཔའི་དཀྱིལ་མོ་དཀྲུང་དང་ལྡན་པས་རྡོ་རྗེ་གར་གྱི་མཆོད་པ་དབུལ་བས་ཀློག་འགྱུ་བའི་གར་དང་རྡོ་རྗེ་ཁུ་ཚུར་ཡོངས་སུ་བཟུང་བས་སྙོམས་པ་དང་བཅས་པའི་རྡོ་རྗེ་མཚན ་ཆ་མ་ལ་སོགས་པ་སྒྲུབ་པར་བྱས་ལ་སྒེག་མོ་དགའ་བའི་རྡོ་རྗེ་མས་ཕྱག་བྱའོ།། རྡོ་རྗེ་གླུས་ནི་གྲུ་ལེན་ཅིང་།། བཟླས་པའི་དོན་ནི་ཅི་བདེ་བར།། རྡོ་རྗེ་གར་གྱི་མཆོད་པ་ཡིས།། ཡང་དག་མཆོད་ནས་མྱུར་དུ་གྲུབ།། དེ་ལས ་དང་པོར་རྡོ་རྗེའི་གསང་བའི་གླུ་དི་དང་པོ་ལ་སོགས་པ་རྣམས་ཀྱིས་བླང་བར་བྱསྟེ། ཐམས་ཅད་བདེ་བ་དམ་པ་རྗེས་སུ་ཆགས་པའི་ཐུགས།། རྡོ་རྗེ་སེམས་དཔའ་ཁྱེད་ནི་རབ་ཏུ་དགའ་བ་ཡིན། བདེ་བ་ཆེན་པོ་བརྟན་ཞིང་འཡོང ་བར་བདག་གྱུར་ཅིག། སོ་སོར་རྟོགས་ཤིང་མྱུར་ཏུ་བསྒྲུབས་ཤིང་ཕྱག་འཚལ་ལོ།། རྡོ་རྗེའི་གླུ་ནི་འདི་ཉིད་ཀྱིས།། བདེ་ཆེན་ལ་ནི་ལན་ཅིག་བསྟོད།། རྗེས་སུ་ཆགས་ནས་ཤིན་ཏུ་དགྱེས།། བརྟན་པར་གྱུར་ནས་སྒྲུབ་པར་འགྱུར།། ་ཕྱག་རྒྱ་ཆེན་པོ་ལན་ཅིག་ཏུ་སྙིང་པོས་བདག་ཉིད་ལ་བྱིན་གྱིས་བརླབ་པར་བྱའོ།། ཤིན་ཏུ་གཡོ་མེད་ལྕེ་རྩེ་དང་།། སོ་དང་མཆུ་གཉིས་ཡང་དག་ལྡན།། རྡོ་རྗེ་ངག་ནི་དབྱངས་དང་བྲལ།། རིགས་ཀུན་རབ་ཏུ་གྲུབ་པར་བྱེད།། རི་བི་ཏ་སོགས་ཧཱུཾ ་གི་གླུ།། རྒྱན་ལྡན་ཅི་འདོད་ཅེ་ནུས་པར།། དྲུག་ལྡན་ལ་སོགས་སྙན་པའི་གླུ།། ཅི་འདོད་གྲི་མ་རཱ་གའི་གླུ།། རབ་དགའ་རྡོ་རྗེ་གར་གྱིས་ནི།། གན་དར་ཡི་ཀླུ་མཆོག་བླང་།། དག་འདི་ནི་མཆོག་ཏུ་གྲུབ་པ་ཡིན་ཏེ། བཟླས་པ་ཐམས་ཅད་ལ་དགོས་པ།། ་བསྲོད་མངོན་པར་འདོད་པའི་བཟླས་པའོ།། བཟླས་པའི་དོན་ནི་ཉེ་བའི་སྙིང་པོ་ཤེས་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་སྒྲུབ་པའོ།། ཕྱག་རྒྱ་ཆེན་པོས་རང་ལ་བྱིན་གྱིས་བརླབས་ནས། རྡོ་རྗེའི་སྟབས་དེ་བཞིན་དུ་བལྟ་ཞིང་། རྡོ་རྗེ་སྙོམས་པ། ་འཛིན་ཅིང་ཡི་གེ་ཧཱུཾ་དང་གླུའི་བཟླས་པས་བཅོམ་ལྡན་འདས་བསླབ་པར་བྱའོ།། ལན་ཅིག་བསྒྲུབ་པ་ནི་ཅི་ལྟ་བ་བཞིན་མངོན་པར་འདོད་པའི་བཟླས་པས་སོ།། དེ་ནས་དེའི་འོག་ཏུ་ཅི་ལྟར་མངོན་པར་བརྩོན་པ་དང་ཅི་ལྟར་འདོད་པ་དང་ཅི་ལྟར ་མ་ངོན་པར་འདོད་པ་དང་ཅི་ལྟར་བྱིན་གྱིས་བརླབས་ནས་ཡི་གེ་ཧཱུཾ་གི་གླུའི་བཟླས་པས་དགའ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དགའ་བའི་ཤུགས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་ཅི་ལྟ་བ་བཞིན་དུ་འདོད་པ་དང་ཅི་ལྟར ་དགའ་བ་བསྒྲུབ་པའོ།། དེ་ནས་ཕྱག་རྒྱ་ཆེན་པོ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། ཅི་བཞིན་གཟུགས་ཀྱི་རྗེས་འབྲང་བས།། མཚན་མའི་ཕྱག་རྒྱ་ཡང་དག་ལྡན།། སེམས་དཔའ་ཆེན་པོ་རང་ཉིད་འགྱུར།། དེ་ནས་དམ་ཚིག་གི་ཕྱག ་རྒྱ་ནི་བདེ་བ་ཆེན་པོའི་རྡོ་རྗེ་བཤད་པའོ།། འདི་ལས་རྡོ་རྗེ་མདའ་ལ་སོགས་པ་འབྱུང་བ་ཡིན་ནོ།། འདི་ལྟསྟེ། ཕྱི་རོལ་དུ་ཁལྟས་པའི་འཛུབ་མོ་གཉིས་བཀུག་པ་ཙམ་ནི་རྡོ་རྗེ་མདའའོ།། མཐེ་བོ་ཡོངས་སུ་བཅིང་བ་ནི།། རྡོ་རྗེ་ཀཱི་ལི་ཀཱི་ལའོ།། ་མཐེ་བོ་གཉིས་ཀ་ཕྱེ་ནས་འཛུབ་མོ་གཉིས་ཀྱི་རྩེ་མོས་དབུས་མ་འདྲེས་པའི་སྲིན་ལག་དང་མཐེའུ་ཆུང་མཉམ་པའི་ཁ་བྱེ་བ་ནི་རྡོ་རྗེ་ཆུ་སྲིན་ནོ།། བརླ་གཉིས་ལ་བསྐོར་ཞིང་གནས་པ་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མའོ།། རྡོ་རྗེ་ཐལ་མོ་རང ་ག་ཨི་སྙིང་ཀར་བསྐོར་བས་སྒེག་པ་དང་བཅས་པའི་མིག་གིས་བལྟ་ཞིང་མགོ་བོས་ཕྱག་བྱས་ལ་སྤྱི་བོར་བཞག་ལ་ཕབ་སྟེ་གྱེན་དུ་གཏོར་བ་དང་འོག་ཏུ་བླུགས་པ་དང་མཐེ་བོང་སྦྱར་ནས་བསྐོར་བ་དང་རབ་ཏུ་བརྐྱང་ཞིང་བྱུག་པ་ནི ་མེ་ཏོག་དང་སྤྲོས་དང་མར་མེ་དང་དྲི་དབུལ་བའི་རྡོ་རྗེ་མཆོད་པ་རྣམས་སུ་བརྗོད་པ་ཡིན་ནོ།། བྱིའི་འཚམས་རྣམས་སུ་རྡོ་རྗེ་ཐལ་མོ་སྙིང་ཀར་བསྐོར་བས་སྒེག་པའོ།། ཁ་ལ་ཡོངས་སུ་བསྐོར་ནས་སྤྱི་བོར་གཞོག་པའོ།། གཡོན་པའི་འཛུག ་མོ་བཀུག་པའི་གཡོན་པ་གཡས་པ་བཀུག་པས།། རྡོ་རྗེ་པི་བང་བརྡུང་ཞིང་རྡོ་རྗེའི་གླུའི་མངོན་པར་བསྟོད་པའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གར་བྱས་ལ་སྤྱི་བོར་རྡོ་རྗེ་ཐལ་མོ་བཅིངས་པའོ།། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི ་གཡས་པའི་འཛུབ་མོ་ལྕགས་ཀྱུའོ།། མཐེ་བོ་གཉིས་ཀྱི་མདུང་བའོ།། འཛུབ་མོ་དང་མཐེ་བོ་རྣམས་ཀྱི་མདུད་པའོ།། གཉིས་ཀྱི་ནང་དུ་མཐེ་བོ་བཅིངས་པའོ།། དེ་ནས་གསང་བའི་དམ་ཚིག་རྣམས་ནི་བདེ་བ་ཆེན་པོའི་དམ་ཚིག་གི་གསང་བའི ་ལྗགས་ཀྱུ་སྟེ། དེ་ལ་བྱུང་བ་ནི། འཐེབ་འཛུབ་ཅེ་སྦྱར་དབུས་མའི་རྩེ།། མིག་འབྲས་ལྟར་བྱས་འཛིན་པའོ།། དབུས་མའི་རྡོ་རྗེའི་འོག་ཏུ་ནི།། འཐེ་བོང་གིས་མནན་བཙིར་བར་བྱ།། རྡོ་རྗེ་འདྲེན་པ་དང་འདྲ་བ།། སྲིན་ལག་མཐེའུ་ཆུང་ཁ་ཕྱེ་བ།། ་བསྐོར་ན་ས་དབུས་མོར་བཞག་པ་སྟེ།། གཞན་རྣམས་ཐམས་ཅད་ཅི་བཞིན་བཤད།། དམ་ཚིག་གི་རྡོ་རྗེ་འབེབས་པ་འཛུབ་མོ་གཉིས་བཀུག་པ་གཉིས་སུ་བྱས་ན་རྡོ་རྗེ་ཁུ་ཚུར་རོ།། དེ་ནས་ལས་དང་དམ་ཚིག་གི་ཕྱག་རྒྱ་ནི།། རྡོ་རྗེ་དང ་བཅས་པའི་ཁུ་ཚུར་གཉིས་ཀྱིས་སོ།། འདི་ལྟ་སྟེ་གཡོན་སྙེམས་པས་གཡབ་པ་བསྟོད་པའི་ཚུལ་གྱིས་སྙིང་ཀར་བཟུང་བ་སྟེ།། རྡོ་རྗེ་སྙེམས་མའོ།། བསྟོད་པ་དང་བཅས་པའི་སྙིང་ཀར་འཛིན་པའོ།། རྡོ་རྗེ་བསྟོང་པའི་ཚུལ་ནི་ཀཱི་ལི་ཀཱི ་ལལོ།། རྒྱལ་མཚན་བསྒྲེང་བའོ།། སྙེམས་པ་གཉིས་བསྟོང་པ་ནི་འདོད་པ་ཐམས་ཅད་ཀྱི་རྡོ་རྗེ་དབང་ཕྱུག་མའོ།། འཚམས་རྣམས་སུ་ནི་རྡོ་རྗེ་གར་མ་བཤད་པའོ།། སྒེག་མོ་ལ་སོགས་པ་ཡང་དེ་བཞིན་ནོ།། རྡོ་རྗེ་སྒོ་བ་རྣམས་སྦྱིན ་གཡོན་པའི་མདུད་པ་ལག་པ་གཡས་པ་སྟེང་དུ་བྱུང་བས་རྡོ་རྗེ་བཀའ་བསྒོ་བ་བྱེད་པའོ།། དེས་གཡས་པ་བསྟོད་པའོ།། འཛུབ་མོ་དང་མཐེ་བོང་འཁྲིག་མར་བཟུང་སྟེ་མདུད་དེ་བཙིར་རོ།། རང་གི་སྙིང་ཀར་དྲིལ་བ་བཀྲོལ་བའི་ཆུ་ལ་ལོ།། འདི་རྣམ ་ཀྱིས་ཐམས་ཅད་དགུག་པ་དང་བཅིང་བ་དང་གཞུག་པ་དོན་ཡོད་པར་བསྒྲུབ་པར་བྱའོ།། ཞེས་བྱ་བ་ཡང་གསུངས་སོ།། ཅི་བཞིན་གྲུབ་མཆོག་མཚན་མ་རྣམས།། དངོས་གྲུབ་ཆེན་པོ་མྱུར་དུ་གསོལ།། དང་པོའི་ཕྱག་རྒྱ་དག་འདི་དག། དཀྱིལ ་འཁོར་མེད་པ་རྣམས་ཀྱང་འགྲུབ།། དེ་ནས་དངོས་གྲུབ་མེད་པ་བསྒྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིང་བ་ནི།། དང་པོའི་རྡོ་རྗེ་ཕྱག་རྒྱ་བཞིའི་ཕྲེང་བའི་ཚུལ་དུ་བསྒྲུབ་པར་བྱའོ།། གཞུག་པ་དང་དགུག་པ་དང་བརྟན་པ་དང་ལས་རྣམས་ལྟ་བས་སོ ་ག་དང་ཉེ་གང་སྙིང་ཀད་དབང་བསྐུར་བ་དང་སྤྱི་བོར་གཞག་པར་བྱའོ།། དབུས་མའི་རྡོ་རྗེ་སྙིང་ཀ་དང་རྟགས་དང་ཁ་དང་དབང་བསྐུར་བའི་གནས་སུ་གཞག་ནས་བཏུང་བར་བྱའོ།། འཛུབ་མོ་དང་དབུས་མ་དང་སྲིན་ལག་དང་མཐེའུ་ཆུང་གི ་རྡོ་རྗེའོ།། དཔུང་པ་དང་སྙིང་ཀ་དང་ལྕེ་དང་སྤྱི་བོར་བསྟོད་པའོ།། ནམ་མཁར་སྐྱེད་པ་དང་འཛུབ་མོ་དང་སྲིན་ལག་འབར་བ་དང་སྙིང་ཀར་དགའ་བ་དང་རང་གི་ལུས་ལ་བསྐོར་བའོ།། ཐམས་ཅད་བསྐོར་ནས་དབང་པོ་ཀུན་ལ་གཞག་པར ་བྱའོ།། དབུས་མའི་རྡོ་རྗེ་དབང་པོ་ཐམས་ཅད་ལ་རེག་པའོ།། རང་གི་ལས་བྱེད་པས་སོ།། དབང་བསྐུར་བར་གཞག་ནས་དེ་བཞིན་དུ་དངོས་གྲུབ་བྱེད་པའོ།། ས་ལ་གཞག་ནས་བྱའོ།། ཐམས་ཅད་དུ་བཀོར་ནས་ཡིད་ཀྱི་སྤྲུལ་པར་བྱའོ།། ་འཛུམས་པ་མེད་པའི་ཁྲོ་ཞིང་འབར་བ་ལ་གཡོ་བ་ནི་ལྟ་བས་བལྟའོ།། བཟའ་བ་དང་བཏུང་བ་དང་སྐྱེད་པ་བསྐྱོད་པ་དང་སྤྱི་བོས་བཀའ་སྒོ་པོའོ།། ཐམས་ཅད་དུ་བསྐོར་ཞིང་ཐམས་ཅད་དུ་དྲན་པས་སོ།། མཐེའུ་ཆུང་དང་མཐེ་བོང་དང ་དབུས་མའི་རྡོ་རྗེ་བཞི་སྙིང་ཀར་བྱའོ།། འཛུབ་མོ་གཉིས་ཀྱིས་ཡི་གེ་ཧཱུཾ་དང་བཅས་པས་དགུག་པར་བྱའོ།། དབུས་མའི་རྡོ་རྗེས་དཔྲལ་བར་འཕྲེང་ལ་མིག་བྱེད་པས་སོ།། རང་གི་སྙིང་ཀར་བཅིངས་ལ་གཡོ་བ་མེད་ཅིང་མ་བཙུམས་པའི ་ལྟབས་ས་འོག་ཏུ་ལྟ་ཞིང་ཧ་ཧཱུ~ཾ་དྷཾ་ཞེས་བརྗོད་པར་བྱའོ།། གནོད་སྦྱིན་ལ་སོགས་པའི་གདོང་བ་བྲིས་ནས་རྡོ་རྗེས་དགུག་པའོ།། འོག་གི་ཕྱོགས་སུ་བཞག་ན་རྟག་པར་འགྱུར་རོ།། ཁའི་དབུས་སུ་བཞག་ན་རབ་ཏུ་ཞུགས་པར ་འགྱུར་རོ།། ཕྱག་བྱས་ན་མཆོད་པར་འགྱུར་རོ།། སྙིང་ཀས་གྲུབ་པར་འགྱུར་རོ།། ཅིག་ཆར་དུ་སོར་མོ་ཐམས་ཅད་དྲལ་བ་ནི་ཡིད་ཀྱི་ས་ལས་སོ།། བཅིངས་ནས་ཛཿཧཱུཾ་བཾ་ཧོཿདབུས་མའི་ཕྱི་རོལ་ཏུ་བཅིངས་པས་སྤྱི་བོ་དང་སྙིང ་ཀ་དང་ཁ་དང་ཕྱོགས་རྣམས་བསྐོར་བའོ།། སྙིང་ཀར་བཞག་ནས་རང་གི་རྡོ་རྗེར་བསྒོམ་པའོ།། རང་ཉིད་བྱང་ཆུབ་སེམས་དཔའ་བསྒོམ་པའོ།། རང་ཉིད་དེ་བཞིན་གཤེགས་པ་རྗེས་སུ་དྲན་པའོ།། རང་ཉིད་རྡོ་རྗེ་འཆང ་ཆེན་པོ་རྗེས་སུ་དྲན་པའོ།། དེ་ནས་ལས་ཀྱི་ཚོགས་རྣམས་བསྒྲུབ་པའི་ཕྱག་རྒྱའི་རྒྱུད་ནི།། རྡོ་རྗེ་གར་ལས་བྱུང་བའི་ཕྱག་རྒྱ་རྡོ་རྗེ་འཆང་བ་དག་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་དོན་ཡོད་ཅིང་ཐོགས་པ ་མེད་པའོ།། རྡོ་རྗེ་སྐུ་མཆོག་གི་གཙུག་ཏོར་གྱི་ལས་ནི་རྡོ་རྗེ་བསྡམས་པ་བཙིར་བ་དང་དབུས་མའི་ནོར་བུ་དང་བསྐོར་བ་དང་སོར་མོ་ཐམས་ཅད་ཀྱི་རྡོ་རྗེ་དང་སོར་མོ་ལྷག་མའི་འོད་ཟེར་གྱི་འཁོར་ལོའོ།། ཁྲོ་བོ་རྡོ་རྗེ་ཁུ་ཚུར་གཉིས ་ཀྱིས་ཕྱོགས་ཀྱིས་འཁོར་ལོ་བསྐོར་ཞིང་བསྐོར་བའོ།། ཁར་བསྐོར་བའོ།། སྙིང་ཀར་ཕབ་ཅིང་འབར་བར་བྱེད་པས་ཕྱོགས་ཐམས་ཅད་དུ་རྡོ་རྗེ་འབར་བའི་རབ་སྟེ་ཁྲོ་བ་ཆེན་པོ་འབར་བའི་རྡོ་རྗེ་བདག་གིས་ཀྱང་འཇུག་པར་ནུས་སོ།། ་དམ་ཚིག་བརྗོད་པར་བྱའོ།། བསྒྲུབ་པ་ལ་བརྩམ་མོ།། རྡོ་རྗེ་སེམས་དྲ་བའི་རྡོ་རྗེ་ལྟ་བའི་འཕྲོག་པ་རྣམས་ཀྱིས་གསུམ་དང་བཞི་དང་ཕྱིར་ལྡོག་པ་དང་རྟག་ཏུ་འབྱུང་བ་དང་དཔག་ཏུ་མེད་པ་ནི་བསྐོར་ཞིང་བཙུམ་པ་མེད་པའི་མིག ་གིས་རབ་ཏུ་ཞི་བའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་གི་ལྕགས་ཀྱུའི་མདུད་པ་དང་འཛུབ་མོ་གཉིས་མཉམ་པའི་ལས་ནི་སྙིང་ཀར་རབ་ཏུ་གཞག་པར་བྱ་བའོ།། འཛུབ་མོའི་རྩེ་མོས་གནན་པར་བྱའོ།། རྒོད་པར་རབ་ཏུ་གཞུག་པའོ།། ་ཡོངས་སུ་བསྐོར་བ་ནས་དེ་བཞིན་དུ་མཛོད་སྤུར་བཞག་པར་བྱའོ།། ཁ་ཊྭཱཾ་ག་གཉིས་ཀྱིས་རྡོ་རྗེ་བཅིང་བས་མཐེའུ་ཆུང་རྡོ་རྗེའི་ལེགས་པར་བྱེད་པའི་ཚུལ་གྱིས་ཉེ་བར་འཕེལ་བའོ།། བསྡུས་པའི་དོན་གྱི་ཚུལ་ལོ།། རྡོ་རྗེ་བཏེག་པའོ།། ་ཐལ་མོས་འཕྲོག་པའོ།། རྡོ་རྗེས་བརྡུང་བའོ།། རྡོ་རྗེ་སྔམས་པའི་འཛུབ་མོ་གཉིས་བཀུག་ཅིང་བསྣམས་ལ་ནང་དུ་བཞག་སྟེ། མཐེ་བོང་གཉིས་ཁཕྱེ་བའི་མཆེ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ།། དེས་མཐིལ་དཔྲལ་པར་བརྡབ ་པའོ།། འཛུབ་མོའི་སེན་མོ་བྱུང་བའོ།། དབུས་མའི་རྡོ་རྗེ་བསྟན་པའོ།། བྱབས་ནས་མྱུར་དུ་ཕྱག་རྒྱ་བཀྲོལ་བའོ།། སོར་མོ་སྦྱར་ནས་རྡོ་རྗེ་གཙུག་ཏོར་རོ།། བ་དན་གསུམ་པ་གཉིས་ཁ་གྱེན་དུ་ཁ་ལྟས་པ་དང་འོག་ཏུ་ཁ་ལྟ་བའི ་འཛུབ་མོ་དང་དབུས་མའི་མདུད་པ་བྱས་ལ་འཛུབ་མོ་དང་དབུས་མ་དེ་དག་འདུས་པའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་ལས་སོ།། མདུད་པ་བཙིར་བའོ་ཅིག་ཆར་དུ་ཕྱག་རྒྱ་དཀྲོལ་བའོ་བཙིར་ནས་དྲལ་བའོ།། དབུས་མས་བསྣུན་ཏེ་ནམ་མཁའ ་ལས་ལྟུང་བའི་ཚུལ་ལོ།། སློང་བའི་ཚུལ་ཡང་ངོ་བོ་དན་གསུམ་པ་གཉིས་མཉམ་པའི་མཐེའུ་ཆུང་རྩེ་མོའི་རྡོ་རྗེ་དབུས་མར་མདུད་པས་ཡོངས་སུ་བསྐོར་ལ་དབང་བསྐུར་བའི་གནས་སུ་འཛུབ་མོའི་རྩེ་མོ་བཞག་པའོ།། དབྱེ་བ་ནི་ཡི་གེ ་ཧཱུཾ་གིས་སོ་གདོན་ལས་དཀྲོལ་བ་ནི་ཡི་གེ་དྷི་མུ་ཡིས་སོ།། འཆི་བ་སློང་པ་ནི་ཡི་གེ་ཨ་ཡིས་སོ།། ཚེ་འཕེལ་བ་ནི་ཡི་གེ་ཧཱུཾ་གི་བྲུས་སོ།། ཤིན་ཏུ་བསྲུང་བ་ནི་ཡི་གེ་ཧཾ་གི་ཆོས་ཀྱི་ས་དག་གིས་སོ།། པད་མ་ཆེན་པོ་བཅིངས་ནས་ཅི་སྲིད ་འདོད་པའི་བཟླས་པ་འམ། ཡང་ན་པད་མའི་ཁུ་ཚུར་གཡོན་པ་བསྙེམས་བར་མར་དང་ཏིལ་མར་དང་ཏིལ་དང་འབྲས་དང་ཁམས་ཀྱི་ཕྱེ་མ་སྦྱིན་སྲེག་མཆོག་ཏུ་གྲུབ་པ་སྟེ། ཨོཾ་ནི་བ་ར་ཎ་སརྦ་དྷརྨ་ཏཱ་བཛྲ་ཧ་ནི་ཧཾ། ཨོཾ་པི་ར་ཛོ ་བ་གི་ཏ། སརྦ་དྷརྨ་བཛྲ་ཧ་རི་ནི་ཧཾ་ཨོཾ་ས~ཾ་ནོ་བ་སརྦ་དྷརྨཱ་པྲ་ཏི་བི་དྷ་བཛྲ་ཧ་ར་ནི་ཏཾ། ཨོཾ་ནི་རི་ཏི་མི་ཏ་སརྦ་དྷརྨ་ཏཱ་བཛྲ་ཧ་ར་ནི་ཧཾ། ཨོཾ་སྭ་བྷ་བ་བྷ་ས~ཾར་སརྦ་དྷརྨ་ཧ་རི་ནི་ཧཾ། ཀ་ཏ་ཀ་གཉིས་ཀྱི་རྡོ་རྗེ་བསྡམས་པ་ལེགས་པར་བྱེད་པའི ་རྡུལ་གྱིས་སེན་མོ་དྲུག་པའོ།། འོག་དང་བྱང་དུ་རྡོ་རྗེ་བསྡམས་པས་བསྐྱོད་པའོ།། རྡོ་རྗེ་བསྡམས་པའི་མཐེ་ཆུང་ལ་སོགས་པ་དཀྲོལ་བས་གུར་རོ།། རྡོ་རྗེ་བསྡམས་པའི་འཛུབ་མོའི་རྡོ་རྗེ་དག་འབྱིན་པའོ།། རྡོ་རྗེ ་བསྡམས་པའི་མཐེའུ་རུང་ལ་སོགས་པ་དཀྲོལ་བས་གར་རོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ལྕགས་ཀྱུས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་གཟུགས་བརྙན ་གྱི་ཚུལ་གྱི་གསལ་བར་སྟོན་པ་དང་། སྭ་སྙན་གྱི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་བདག་ཉིད་ལ་བདེན་པ་ཐོས་སུ་གཞུག་པའོ།། རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ནས་རྡོ་རྗེ་ལྟ་བའི་ལས་སོ།། འདི་ལྟ་སྟེ་འཛུམ་པ ་མེད་པའི་ལྟ་བ་སྦྱིན་པའོ།། མིག་འབྲས་སྟེང་དུ་ཡོངས་སུ་བསྐོར་བའོ།། བཙུམས་པས་མྱུར་དུ་ལྟ་བའོ།། འོག་ནས་བསླང་བའོ་བྱབ་པ་ཡང་ངོ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་འཛུབ་མོ་བཀུག་ཅིང་ཡོངས་སུ་བསྐོར་ཏེ ་མཆེ་བ་རྣམ་པར་གཙིགས་པའི་འཇིགས་པའི་གདོང་གིས་གཡོ་བ་མེད་པ་ཉིད་དོ།། ཡན་ལག་ཐམས་ཅད་ཀློད་པར་འགྱུར་བའོ།། རབ་ཏུ་གཉིད་ལོག་ཅིང་ཁ་གདངས་པའོ།། རང་གི་སྙིང་གར་བརྡེག་པའོ་མྱུར་དུ་མྱང་བའི་རྡོ་རྗེ ་ཀ་ཧུ་ཚུར་གཉིས་བཅིངས་ནས་ཁ་གདངས་ཏེ་འཇིགས་པར་བྱེད་པའི་ཁ་དང་ལྡན་པ་སྐྲ་གྱེན་དུ་བརྫེས་པའི་སྤྱི་བོས་འོག་ནས་གྱེན་དུ་བསླང་བར་བྱ་བའི་ལས་ནི་ཡི་གེ་བྷོ་དང་རྡོ་རྗེ་ཁུ་ཚུར་མནན་པ་དང་ཡི་གེ་ཧཱུཾ་དང་བཅས་པའི ་ཡན་ལག་མཆོག་གི་སྡིབས་འཛུབ་དང་། རང་ཉིད་མྱུར་དུ་ཁྲོས་པས་ལྟུང་བའོ།། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྲིན་ལག་དང་མཐེའུ་ཆུང་མཉམ་པ་ཁ་ཕྱེ་བའི་བདན་རྒྱལ་མཚན་མཆོག་གི་དཔུང་རྒྱན་གི་ལ་ས་ནི་ཕྱག་འཚལ་བ ་དང་རྒོད་པ་དང་ལྕེ་བསྐྱོད་པ་དང་དཔུང་པ་གཉིས་བསྙེམས་པའི་སྟོད་པ་དང་རྒྱལ་མཚན་བསྒྲེང་བའོ།། སེམས་དཔའི་དཀྱིལ་མོ་དཀྲུང་གིས་གནས་ཤིང་རྡོ་རྗེ་གསོར་བ་ཉིད་ཀྱིས་ནི་ནམ་མཁའ་དབུགས་གཏོར་བ་དང་ཀུན་ཏུ ་གཡོ་ཞིང་བཙུམས་པའི་ལྟ་བས་ཆར་འབེབས་པའི་ཚུལ་དང་ཁྲོ་བོ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་བཟླས་པ་དང་ལྟ་བ་དབྲོག་པ་དང་གྲང་བས་ཡན་ལག་བསྐོར་ཞིང་ཐམས་ཅད་རབ་ཏུ་འབར་བར་བྱེད་པ་འབེབས་པའོ།། རྡོ་རྗེ ་བསྡམས་པའི་གཡོན་པའི་འཛུབ་མོ་བཀུག་པའི་ཤིང་བུ་གཡས་པའི་འཛུབ་མོས་བསྡུས་པ་ནི་རྡོ་རྗེ་བི་བང་ངོ་།། རྡོ་རྗེ་བསྡམས་པའི་ལག་མཐིལ་དག་མཉེ་བའོ།། ཁ་དབུས་མཉམ་པའི་དབུས་མ་ལྕེའོ་རབ་ཏུ་དགའ་བའི ་རྡོ་རྗེའི་ཕྱག་རྒྱའོ།། བདེ་བ་ཆེན་པོ་རྡོ་རྗེ་མཆོད་པའི་ལས་ནི་དང་པོའི་གླུའི་བཟླས་པ་ཅི་སྲིད་མངོན་པར་འདོད་པའོ།། གཡོ་བ་མེད་ཅིང་དགོད་པ་དང་དགུག་ལ་ནི་རབ་ཏུ་དགའ་བའི་རྡོ་རྗེའི་ལྟ་བའི་ལྕགས་ཀྱུ་མས་སོ།། རང་གི་མ ་མཆུ་སོ་དག་གིས་ནང་དུ་ཡོངས་སུ་བཟུང་བའོ།། རང་གི་དབང་པོ་བསྐྱོད་པའོ།། རབ་ཏུ་དགའ་བའི་རྡོ་རྗེའི་གར་གྱིས་ཡིད་ཀྱིས་འདོད་པའི་བཀའ་བསྒོ་བ་ཡང་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སྦྱོར་བ་དེས་ཀྱང་འདའ་བར ་མ་ཨི་ནུས་ན་བརྟན་པ་དང་གཡོ་བའི་དངོས་པོ་གཞན་ལྟ་སྨོས་ཀྱང་ཅི་དགོས་རྡོ་རྗེ་ཐལ་མོའི་མཐེ་བོ་གཉིས་སེམས་དཔའི་དཀྱིལ་མོ་དཀྲུང་གིས་འཛུབ་མོ་བསྒྲེང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་མཆོག་སྟེ་འདི ་སྐད་ཅིག་ཙམ་བཟུང་བས་ཤིན་ཏུ་བྱིན་གྱིས་བརླབས་ནས་བཅོམ་ལྡན་འདས་གཟུང་ཞིང་མཆོད་ནས་སྒྲུབ་པར་འགྱུར་བ་དང་། དངོས་གྲུབ་ཐམས་ཅད་ལ་གྲུབ་པ་དང་དགོས་པ་ཡིན་ནོ།། སྤྱི་བོར་གཞག་སྟེ་སྟེང་ནས ་གཡས་སུ་བསྐོར་བར་བྱའོ།། ས་ལ་བཞག་ནས་ཁྲོ་གཉེར་གྱིས་གྱེན་དུ་དྲང་བར་བྱའོ།། གནོད་སྦྱིན་གྱི་གཟུགས་བརྙན་བྲིས་ལ་དེའི་སྙིང་གར་བཞག་པར་བྱས་ན་མ་ངག་གཞུག་ཏུ་འགྱུར་རོ།། དབང་ཕྱུག་ཆེན་པོའི་གནས་སུ ་ཁྲོ་ཞིང་བཟླས་པར་བྱའོ།། མ་མོའི་གནས་སུ་བཅིངས་ལ་ཡི་གེ་བྷྱོ་སྦྱར་བར་བྱ་སྟེ་མ་མོ་འཁོར་དང་བཅས་པ་ཐམས་ཅད་བསྙེན་བཀུར་བ་དང་རོལ་མོ་ལ་སོགས་པའི་བཀའ་བསྒོ་བ་ཐམས་ཅད་བྱེད་པར་འགྱུར་རོ།། རྡོ་རྗེ་གསོར། ་བའི་ཕྱག་རྒྱས་ཁྲོ་བ་དང་བཅས་པའི་བཞད་པའི་གདོང་གིས་ལས་འདི་ལྟར་བྱ་བ་ཡིན་ཏེ་འདུས་ན་རྐང་པ་གཡོན་པས་གནན་ནས་བསྒྲུབ་པར་བྱའོ།། མདུན་དུ་གཞོན་ནུ་མ་བསྒྲུབ་ཅིང་མིག་གཉིས་ཀྱིས་འཕྲོག་པར་སྦྱར ་བར་བྱའོ།། བྷ་ག་བྲིས་ནས་ལྷས་ཏེ་སྒྲུབ་པར་བྱའོ།། དབང་ཕྱུག་ཆེན་པོ་རྐང་པ་གཡོན་པས་མནན་ལ་ཡི་གེ་ཧཱུཾ་སྦྱར་བར་བྱའོ།། འདོད་པའི་དབང་ཕྱུག་རྡོ་རྗེའི་འདས་བསྣུན་ཏེ་དེ་ནས་འོག་ཏུ་ཁ་བལྟ་བར་བཞག་སྟེ་གསོར་བར་བྱེད ་པའོ།། རྡོ་རྗེ་གསང་བའི་མཆོད་པས་བདེ་བ་ཆེན་པོའི་དམ་ཚིག་ཅེས་བྱ་བའི་བཤད་པའོ།། ཐམས་ཅད་རྡོ་རྗེར་བྱེད་པ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གོ་ཆ་བཅིང་བར་བྱས་ལ་སྤྱི་བོར་དང་དབང་བསྐུར་བའི་གནས་སུ་གཉིས་གཉིས ་བཞག་ལ་ལོགས་གཉིས་ལ་གཉིས་དང་ཕྲེང་བའི་ཚུལ་གྱིས་དེ་བཞིན་དུ་དར་དཔྱངས་བཅིངས་པས་སོ།། གཡོན་དུ་རྡོ་རྗེའི་མདའ་འཕང་བའོ།། རྡོ་རྗེ་བསྙེམས་མའོ་ཕྱག་རྒྱ་ཆེན་པོ་ཡང་ངོ་།། དཔལ་མཆོག་དང་པོ་ལས་ཕྱག་རྒྱ ་ཐམས་ཅད་ཀྱི་རྒྱུད་ཀྱི་ཆོ་ག་རྒྱས་པའོ།། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་རྒྱུད་ནི་སེམས་དཔའི་རྡོ་རྗེ་མའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་རོ།། རྡོ་རྗེ་རིན་ཆེན་གྱི་དབང་བསྐུར ་བ་བྱས་ན་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་དང་བཅས་པ་སྦྱིན་པར་བྱའོ།། མཆོད་པ་ནི་མཉམ་པའི་ཐལ་མོ་ཅི་ལྟ་བ་བཞིན་དུ་གྱེན་དུ་གཏོར་བ་ལ་སོགས་པ་རྣམས་ཀྱིས་སོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་པ་ནི་གཡོན་པའི ་འཛུབ་མོ་ཕྱི་རོལ་ཏུ་ཁ་བལྟས་པ་གཡས་པའི་ཁུ་ཚུར་ཁ་བལྟས་པས་བཟུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་མངོན་པར་རྫོགས་པའི་བྱང་ཆུབ་མཆོག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཆུར ་ཞེས་བྱ་བར་བརྗོད་པ་སྟེ། དོན་ཡོད་ཅིང་ཐོགས་པ་མེད་པར་འདི་བཅིངས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་འབྲས་བུ་དང་ལྡན་པ་དང་བདུད་ལ་སོགས་པ་གཞན་གྱིས་ཐོབ་པར་མི་འགྱུར། ་རོ།། ཕྱག་རྒྱ་འདི་གང་གིས་བཅིངས་པ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་རྟོགས་པར་བྱེད་པའོ།། དེ་མཆོད་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པར་འགྱུར་རོ།། དེ་ལ་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའོ།། ་དམ་ཚིག་གི་ཕྱག་རྒྱ་ནི་པད་མ་ཆེན་པོའོ།། རྡོ་རྗེའི་ཕྱག་རྒྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་དུ་རྟོགས་པར་བྱེད་པའོ།། དེ་མཆོད་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པར་འགྱུར་རོ།། སྐུ་མཆོག་ནི་བཤད་དོ།། ་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཤད་པའོ།། རྡོ་རྗེ་ཐལ་མོ་འོག་ཏུ་བརྐྱང་ལ་མཐེའུ་བོ་དང་འཛུབ་མོ་རྩེ་མོ་བཅིང་བ་སྙིང་ག་ལས་བཏེག་སྟེ་དབང་བསྐུར་བའི་གནས་སུ་རྩེ་མོ་རབ་ཏུ་བཞག་པ་ནི་རིན་ཆེན་མའོ།། དེ་ཉིད་གྱེན་དུ་ཁ ་བལྟས་པའི་འཛུབ་མོ་གཉིས་ཕྱིར་བཀུག་པས་རྡོ་རྗེ་པད་མའོ།། སེམས་དཔའ་རྡོ་རྗེ་མ་ནི་ཕྱི་རོལ་དུ་དབུས་མ་བཅིང་བའོ།། ཆོས་ཀྱི་ཕྱག་རྒྱའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་ཞེས་བཤད་དོ།། གཡོན་པ་ཆོས་གོས ་དང་བཅས་པ་རང་གི་སྙིང་གར་སྟོང་པའི་ཚུལ་གྱིས་བཟུང་སྟེ། གཡས་པས་ས་གནོན་ཞིང་རབ་ཏུ་རྒྱལ་བར་བྱེད་པ་ཞེས་བྱ་བ་དེས་བདུད་ཀྱི་སྟོབས་རྣམས་འཇོམས་པའོ།། དེ་ཉིད་ཡོངས་སུ་བསྐོར་ཏེ་གྱེན་དུ་ཁ་ལྟ་བར་བཟུང ་ནས་བཟེངས་བསྟོད་པ་ཞེས་བྱ་བ་ལྟུང་བ་སློང་བར་བྱེད་ཅིང་ལུང་བསྟོན་པར་བྱེད་པའོ།། དེ་ཉིད་ཆོས་གོས་མཐའ་མར་པད་མའི་འདབ་མ་ཁ་འབྱེད་པར་བྱེད་པ་ཆེས་འབྱུང་སྟེ། ཆོས་ཐམས་ཅད་སྦྱོང་བར་བྱེད་པའོ།། དེ་ཉིད་པ ་དོན་གསུམ་གྱིས་བཟུང་བ་སློང་བར་བྱེད་པ་སྟེ་གདོན་མི་ཟ་བར་དངོས་གྲུབ་སྩོལ་བའོ།། འདི་རྣམས་གཡས་པས་ལས་བྱེད་ཅིང་དོན་ཡོད་པ་དང་བཅིངས་པ་ཙམ་གྱིས་འགྲུབ་པའོ།། ལྷག་མ་ནོ་ཅི་ལྟ་བ་བཞིན་དུ་བཟུང་བས་སོ།། ་དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ནང་གཟིར་བའོ།། མིག་ཡོངས་སུ་སྦྱང་བའོ།། སྙིང་གར་བཞག་པའོ།། བྱབ་པའོ།། ཁུ་ཚུར་གྱིས་འཕྲོག་པའོ།། བཟའ་བའོ།། ཁྲོས་ནས་སྟོར་བར ་བྱའོ།། ཕུར་བུ་གདོན་པའོ།། རྟིང་བ་ལ་བརྡེག་པའོ།། ཡི་གེ་ཨོཾ་བྲིས་ནས་དབྱི་བར་བྱའོ།། སོ་རྣམས་ཀྱིས་བཟུང་བར་བྱའོ།། ཡི་གེ་ཧཱུཾ་དང་བཅས་པས་བརྡེག་པར་བྱའོ།། མཚོན་ཆ་བྲིས་ནས་དབྱི་བར་བྱའོ།། ཀུན་ཏུ་སྦྱིན ་བསྲེག་བྱའོ།། དཱུར་བའི་སྦྱིན་བསྲེག་བྱའོ།། སྤྱི་བོར་བཞག་ལ་ལྟ་བས་བྱབ་པར་བྱའོ།། སྟོང་དུ་ཁོ་ཊྭཱཾ་ག་བཟུང་བའོ།། རང་གི་ཁྱིམ་དུ་བསྐོར་བར་བྱའོ།། རང་གི་ཁྱིམ་དུ་བཞག་པར་བྱའོ།། འཇུག་པར་བྱའོ།། སྙིང་ཀ་ལས་གདོན་པར་བྱའོ།། ་ལུས་ལ་བཀོར་བར་བྱའོ།། དག་འབྱིན་པའོ།། སྙིང་ཀར་བཅིང་བར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ནི་སྒྲ་མཆོག་གོ།། བརྟན་པར་བྱའོ།། དབང་པོ་ལ་གཞག་པར་བྱའོ།། ཁ་ལལོ།། དེ་ཉིད་དུ་བསྐོར་བར་བྱའོ། པལ ་བར་གཞག་པར་བྱའོ།། སྙིང་ཀར་རོ།། དཔུང་པ་གཉིས་ལའོ།། བརླ་གཉིས་ལའོ།། ཕྲེང་བ་བཅིང་བའོ།། དབང་པོ་རྣམས་ལའོ།། སྤྱི་བོ་ལའོ།། གདོང་པ་ལའོ།། ཁ་ལས་གཏོན་ནས་སོ།། ཐམས་ཅད་དུ་བསྐོར་བར་བྱའོ།། ཕྱོགས་རྣམས ་སུ་བསྐོར་བར་བྱའོ།། རང་དང་གཞན་དག་དེ་བཞིན་གཤེགས་པ་རྗེས་སུ་དྲན་པའོ།། སྙིང་ཀ་ལས་རྗེས་སུ་དྲན་པའོ།། སྙིང་ཀར་གཞག་ནས་དགའ་བ་བསྐྱེད་པར་བྱའོ།། སངས་རྒྱས་ཉིད་བསྐྱེད་པར་བྱེད་དོ།། སངས་རྒྱས་ཐམས ་ཅད་ཉིད་བསྒོམ་པའོ།། ཕུང་པོ་ལྔ་ལ་གཞག་པར་བྱའོ།། རྫ་མཁན་གྱི་འཁོར་ལོ་ལྟར་བསྐོར་བར་བྱའོ།། ལུས་རྗེས་སུ་དྲན་པའོ།། ལྕེ་གཞག་པར་བྱའོ།། ཡིད་ཀྱིས་མངོན་པར་བདུད་པར་བྱའོ།། གཏོར་བ་རྗེས་སུ་དྲན་པར་བྱའོ།། ་ཚུལ་ཁྲིམས་སོ།། བྱམས་པའོ།། བརྩོན་འགྲུས་སོ།། ཤེས་རབ་བོ།། ཡེ་ཤེས་སོ།། སྟོབས་སོ།། ཐབས་སོ།། ངེས་པར་བརྗོད་པའོ།། གཟུངས་སོ།། སའོ།། སྤྱོད་པའོ།། སོ་སོ་ཡང་དག་པར་རིག་པའོ།། མ་འདྲེས་པའོ།། ཆོས་སོ།། ལས་སོ།། ་ལུས་སྣ་ཚོགས་སོ།། སེམས་ཅན་གྱི་དོན་ནོ།། སངས་རྒྱས་ཀྱང་དོན་ནོ།། ལུས་སོ།། ངག་གོ།། ཡིད་དེ།། རྡོ་རྗེ་ཆེན་པོའོ།། ཨོཾ་བ་དྷ་ཙི་ཏ་བཛྲེ། ཨོཾ་ས་མན་ཏ་བྷ་ཏྲ་ཙ་ཏྱེ། ཨོཾ་ཙིན་དྷ་མ་ནེ། མོ་ཨ་ནིར་ཏྟེ། ཨོཾ་ཛི་ཏི་བི་བར་ཏེ། ཨོཾ་སཿ ་ཛྙཱ་ནི་ཨོཾ་མ་ཧཱ་རཱ་ག་དྷརྨ་ཏེ། ཨོཾ་བི་རཱ་ཀ་པ་ཚེ། ཨོཾ་བཛྲ་ཏྲི་དྷ་ཙིད་ཏེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཨོཾ་སྭ་བྷཱ་བ་བི་ཤུད་དྷཱཿདྷརྨ་ཏ་ཛྙཱ་ན་བི་ཤུད་དྷེ། ཨོཾ་ཀརྨ་བི་ཤུད་དྷེ། ཧཱུཾ་སུམ་བྷ་བཛྲི་ཎི་ཕཊ། ཨོཾ་ཀརྨ་རཱ་གེ། ཨོཾ་ཛ་བཛྲ་ཎི། ཨོཾ་ཧཱུཾ་སརྦ་དྷརྨ་ནི། ་ཨོཾ་ཧྲཱིཿོཾ་ཨ་ཀཱ་རོ་མུ་ཁཾ། ཨོཾ་པྲ་ཛྙཱ་བཱ་ར་མི་ཏཱ་ཡེ། བ་ཧཱུཾ། ཨོཾ་ཨོཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཝེ་ཨོ་ས་ཐཱན། ཀྵ་བ་ཤུད་དྷེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིད་ཏ་བཛྲ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངག་གི་ཕྱག་རྒྱ་ནི་དབྱངས་ཤིན་ཏུ ་ཟབ་པའི་སྒྲ་དང་ལྡན་པའི་ཕྱག་རྒྱའི་ཆོས་ཀྱི་དག་སྟེདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཐོགས་པ་མེད་པར་འགྲུབ་པའོ།། དེ་ནས་བཟླས་པ་ནི་རྗེས་སུ་དྲན་པས་སོ།། བསྒྲུབ་པ་ལ་དེ་བཞིན་ན།། ལས་ལ་ཉེ་བར་སྦྱོར་བ་ནི་དེ་བཞིན ་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བའོ།། དེ་ནས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཕྱག་རྒྱ་བཅིང་བ་དེ་ནི་དེ་ལ་ཕྱག་རྒྱ་ཆེན་པོ་ནི་བདག་ཉིད་ཐམས་ཅད་ཀྱིས་རྗེས་སོ།། ་དམ་ཚིག་གི་ཕྱག་རྒྱའི་རྒྱུད་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སོར་མོ་ཐམས་ཅད་ཀྱི་འབར་བའི་དཀྱིལ་འཁོར་གྱི་ནང་མཐེ་བོང་གི་རྡོ་རྗེ་བཞག་ལ་ཁམས་གསུམ་པ་ཐམས་ཅད་བསྲེག་པ་དང་། འཚེད་པ་དང་། ཐལ་བར་བྱེད་པར་ནུས་ཏེ། ་བཅོམ་ལྡན་འདས་ཀྱིས་ཀྱང་དབང་དུ་བྱེད་པར་འགྱུར་རོ།། དེ་ཉིད་ཀྱི་གཡོན་པའི་སོར་མོ་སྡིགས་འཛུབ་བྱ་ཞིང་གཡས་པའི་ལྕགས་ཀྱུས་དགུག་པར་བྱས་ན་ཐམས་ཅད་འགུགས་པའོ།། རྡོ་རྗེ་ཧཱུ~ཾ་མཛད་ཀྱིས་ཕྱག་རྒྱས་ནི་ཁྲོ་བོའི་རྡོ་རྗེ ་བུ་ཚུར་གཉིས་པའི་རྡོ་རྗེས་མཐེའུ་རླུང་གི་ལྕགས་ཀྱུ་བཅིངས་ཏེ། དེས་སྡིགས་འཛུབ་བྱ་ཞིང་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་ཉམས་སུ་མྱོང་བ་ཡིན་ནོ།། རྡོ་རྗེ་ཐལ་མོས་འཛུབ་མོ་བཅིངས་ལ་ཁྲོ་གཉེར་ཟུང་དུ ་བཞག་པར་བྱ་ཞིང་མེ་སྟག་ཏུ་མྱུར་དུ་འཕྲོ་ཞིང་གཡོ་བ་ནི་རྡོ་རྗེ་ཁྲོ་གཉེར་རོ།། ཐམས་ཅད་བསྲེག་པར་བྱེད་པ་དང་། ཐམས་ཅད་འདུལ་བར་བྱེད་པ་དང་། རབ་ཏུ་འདུལ་བར་བྱེད་པ་ནི་ཁྲོ་གཉེར་གྱི་ཕྱག་རྒྱའོ།། རྡོ་རྗེ་ཐལ་མོ་ལེགས ་པར་བསྐོར་བས་གཡོན་པའི་འཛུབ་མོ་ལྗགས་ཀྱུ་སྟེ་དགུག་པ་དང་གཞུག་པ་དང་བསྒྲུབཔ་ཐམས་ཅད་ལ་དོན་ཡོད་པའོ།། རྡོ་རྗེ་པད་མ་དབུས་མཉམ་པའི་ཁ་འབྲས་ཀྱི་མཛད་དོ།། རྡོ་རྗེ་པད་མ་ནི་ཐམས་ཅད་གཅོད་པར ་བྱེད་པའོ།། རྡོ་རྗེ་བསྡམས་པ་ནི་མཐེ་བོ་དང་འཛུབ་མོའི་གདུ་བུས་གཡས་པའི་ཧཱུཾ་གིས་འཛུབ་མོ་བཟུང་སྟེ། ཐམས་ཅད་དགུག་པ་དང་གཞུག་པ་དང་མཆོག་ཏུ་གྲུབ་པའོ།། རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བ་ནི་གཡས་པའི་འཛུབ་མོས ་གཡོན་པའི་ཡི་གེ་ཧཱུཾ་བཟུང་སྟེ་གཞུ་རྒྱུར་འདྲེན་པ་ཞེས་བྱ་བ་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པ་དང་འབིགས་པར་བྱེད་པའོ།། རྡོ་རྗེ་བསྡམས་པ་ལས་རྡོ་རྗེ་ཧཱུཾ་མཛད་ཀྱི་མཆོག་གོ། རྡོ་རྗེ་བསྡམས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར ་གཡས་པའི་རྩེ་གསུམ་གྱིས་མཚན་པས་ཡོངས་སུ་བཟུང་བ་སྟེ། ཐམས་ཅད་དྲལ་བར་བྱེད་པའོ།། རྡོ་རྗེ་ཧཱུཾ་མཛད་ཀྱིས་གཡས་པའི་ཁུ་ཚུར་གྱིས་མཐེའུ་ཆུང་ཡང་དག་པར་བརྐྱང་བ་གཡོན་ལག་པའི་སྟེང་དུ་གཞག་པ་ནི་ཁ་ཊྭཱ~ཾག ་བསྒྲེང་བ་སྟེ། གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཕྱེ་ཞིང་དྲལ་བར་བྱེད་པ་དང་། རྒྱས་འདེབས་པ་དང་། གསོད་པ་དང་། ཟ་བ་ལ་སོགས་པའི་ཡོ་བྱད་ཐམས་ཅད་གཡས་པས་འཁོར་ལོ་བཟུང་བའི་ཚུལ་སྟོད་ཅིང་དོར་བ་སྟེ། ཐམས་ཅད ་གཅོད་པ་དང་གཅོད་པར་བྱེད་པའོ།། རྡོ་རྗེ་ཆེན་པོའི་ཁྲོ་བོའི་རྡོ་རྗེའོ།། གཡས་པའི་རྡོ་རྗེ་འབེབས་པ་དང་སྦྱོར་བ་སྤྲོ་ཞིང་གཡོ་བའི་འདབ་མ་ཅན་གྱི་ས་བ་དན་གསུམ་པའོ།། རྡོ་རྗེ་བསྡམས་པའི་མཐེ་བོང་དང་འཛུབ་མོ་གཉིས་ཀྱི་རྡོ་རྗེ ་ལས་བྱུང་བའི་སྲིན་ལག་མཉམ་པར་བྱུང་ཞིང་ས་ཐེའུ་ཆུང་ཁ་བྱའོ།། དཔལ་ཐམས་ཅད་དབྱེད་བ་དང་། རྣམ་པར་རྒྱལ་བར་བྱེད་པ་དང་། གདུག་པ་ཐམས་ཅད་འཇོམས་པར་བྱེད་པ་དང་ཐམས་ཅད་འབེབས་པར་བྱེད་པའོ།། རྡོ ་སེམས་དཔའི་དབང་བསྐུར་བཤད་པའོ།། རྡོ་རྗེའི་རིགས་ཐམས་ཅད་ཀྱིས་ནི། རྡོ་རྗེ་ཐལ་མོམཉམ་བྱས་ལ།། འཛུབ་མོ་གཉིས་ཀྱིས་དར་དབྱངས་བཅིང་།། མཐེ་བོ་སྲིན་ལག་རྡོ་རྗེ་ནི།། ཡོངས་སུ་བསྐོར་ཏེ་དབང་བསྐུར་རོ།། འབར་བའི ་རྡོ་རྗེ་རྩེ་ལྔ་པ་ཕྱག་ནས་གཟུང་བར་བྱའོ།། ཅི་འབྱོར་པས་སློབ་དཔོན་ལ་ཡོན་ཕུལ་ཏེ་དངོས་གྲུབ་ཐམས་ཅད་ཀྱི་མཆོག་ཕུན་སུམ་ཚོགས་པ་རྣམས་འགྲུབ་པར་འགྱུར་རོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས ་གསུངས་སོ།། རྡོ་རྗེ་ཕྱག་རྒྱ་རྡོ་རྗེ་ཏི་རི་ཏི་རི་ལས་འབྱུང་བ་སྟེ་དོན་ཡོད་ཐམས་ཅད་བསྒྲུབ་པར་བྱེད་པའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་བཞི་ནི་དམ་ཚིག་ཕྱག་རྒྱའི་ལྷ་མོ་རྣམས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་དམ་ཚིག་ནི ་རྡོ་རྗེ་ཁུ་ཚུར་གཡོན་པས་སྙོམས་པ་ཐམས་ཅད་སྒྲུབ་པ་དང་། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་གསོར་བ་སྟེ། འདིས་ཐམས་ཅད་རྒྱལ་བ་དང་འབར་བ་དང་སྲེག་པ་དང་། ལྟུང་བ་དང་། རྒྱས་བཏབ་པ་དང་། གསད་པ་དང་། ་སློང་བ་དང་། ཁམས་གསུམ་ལས་རྣམ་པར་རྒྱལ་བ་དང་། བརྟན་པ་དང་། གཡོ་བ་ཐམས་ཅད་ལ་ངེས་པར་སྦྱོར་བ་དང་། དངོས་སུ་གྲུབ་པ་དང་། མཆོག་ཐམས་ཅད་བསྒྲུབ་པའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་བསྡིགས ་འཛུབ་དང་བཅས་པའི་འཛུབ་མོ་ནི་ཁྲོ་བོའི་ཁུ་ཚུར་རོ།། དེ་དག་གི་ལས་དམ་ཚིག་གི་ཕྱག་རྒྱའོ།། འཛུབ་མོའི་སོར་མོ་གཉིས་ཀྱིས་ཐམས་ཅད་དགུག་པའོ།། སྙིང་ཀར་གཅིག་ཤོས་དང་གཡས་པས་གདུག་པ་ཐམས་ཅད་གཅོད ་པའོ།། ཁྲིབ་མའི་མདུད་པས་གཡས་པའི་ཁྲོ་བོ་འགུགས་པས་ཐམས་ཅད་དགུག་པ་དང་རབ་ཏུ་གཞུག་པའོ།། བསྟོད་པ་དང་བཅས་པའི་མདའ་འཕངས་པའོ།། དེ་བཞིན་དུ་རྡོ་རྗེ་རྩེ་གསུམ་པ་ལ་སོགས་པའི་རྡོ་རྗེ་གར་གྱི་སྦྱོར་བས ་རང་གི་ཕྱག་རྒྱ་གྱེན་དུ་འཕང་པའོ།། ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་གྱེན་དུ་འཕང་པའོ།། ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ལ་རྡོ་རྗེ་ཐལ་མོ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་སྟེ་རྡོ་རྗེ་གར་གྱི་སྦྱོར་བ་རང་གི་དམ་ཚིག་གི་ཕྱག ་རྒྱ་སྟེང་དུ་དོར་བ་སྟེ། ཐམས་ཅད་ལ་རྒྱས་གདབ་པ་དང་། བསྒྲུབ་པ་དང་། གསོད་པ་དང་། འབེབས་པ་དང་། འཚོ་བར་བྱེད་པ་ནི་རྡོ་རྗེ་གར་གྱི་མཆོད་པའོ།། དེ་ནས་དག་གི་ཕྱག་རྒྱ་ནི་སྤྲིན་གྱི་སྒྲ་སྒྲོགས་པའི་ཧཱུཾ་ཡི་གེ་ཧཱུཾ་པྲ ་བའི་སྒྲ་དང་བཅས་པ་ཁྲོ་ཞིང་གསལ་བའི་ཁྲོ་བོའི་རྡོ་རྗེ་དག་གོ།། སྒྲུབ་པའི་དོན་བསྒྲུབ་པར་བྱའོ།། དེ་ནས་མ་གྲུབ་ན་ལས་ཀྱི་ཕྱག་རྒྱ་བཅིང་བའོ།། བསྒྲུབ་པ་ནི་དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་ལན་ཅིག་ཏུ་བྱ་བའོ།། ་ལས་ལ་ངེས་པར་སྦྱོར་ཁྲོ་གཉེར་གྱིས་སོ།། རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བའོ།། སྐེ་ཚེ་དང་བཅས་པའི་ཏིལ་མར་རྣོན་པོའི་སྦྱིན་སྲེག་ནི་གཡས་པས་སོ།། དེ་ཉིད་ཀྱི་བཏང་བའོ་དེ་ཉིད་ཀྱིས་ཐམས་ཅད་འཆིང་བའོ།། གཡོ་བ་མེད ་པ་ཉིད་དོ།། གཉིད་ལོག་པ་བསྟན་པའོ།། ཁྲོ་བོའི་རྡོ་རྗེ་ལྟ་བའི་སྡིགས་འཛུབ་བོ།། ཕྱག་རྒྱ་གློང་བར་འགྱུར་བའོ།། འཛུབ་མོ་གཉིས་ཡང་དག་པར་སྦྱར་ནས་ཕྱེ་བའོ།། དེ་དག་ཉིད་ཀྱིས་གདུ་བུ་བཅིང་བའོ།། མཆེ་བས་བཅིར་བའོ།། ་དེ་ནས་དྲལ་བའོ།། གཡས་པས་རྡེག་པའོ།། འཛུབ་མོ་གཉིས་ཀྱིས་འབར་བའོ།། གཡས་པའི་འཛུབ་མོ་གཡོན་པ་ལྟུང་བའི་ཚུལ་ལོ།། འཛུབ་མོ་གཉིས་ཀྱིས་འབར་བར་ཕྱེ་བའོ།། གཅོད་པའོ།། འཛུབ་མོ་གཉིས་ཀྱིས་སོར་མོ ་སྦྱར་བའི་རྩེ་མོ་གཅོད་པའོ།། ལག་པ་གཉིས་མཉེ་བའོ།། ཐམས་ཅད་དུ་སོར་མོ་ཐམས་ཅད་དོར་བའོ།། གཅིག་ཅར་དུ་ཕྱག་རྒྱ་དཀྲོལ་བའོ།། དྲང་ཞིང་གཡོ་བས་སྡིགས་འཛུབ་པོ། གཡས་པའི་འཛུབ་མོ་གདེངས་ཀ་བསྐྱོད ་པས་སྡིགས་འཛུབ་པོ།། གཡས་པའི་འཛུབ་མོ་མཆེ་བས་བཟུང་བའོ།། རུ་བ་དང་། དགོད་པ་དང་། རྒྱུག་པ་ལ་སོགས་པས་བསྟན་པའོ།། འཛུབ་མོ་གཉིས་ཀྱིས་སེ་གོལ་རྡེབས་པའོ།། གཡོན་པའི་སྟེང་དུ་གཡས་པ་ཉེ་བར ་གཞག་པའོ།། ས་ལ་རབ་ཏུ་གཞག་པའོ།། བསྐྱོད་པའོ།། གར་བྱའོ།། འབྱིན་པའོ།། བརླབ་པར་བྱའོ།། ཐམས་ཅད་དུ་བསླབ་པར་བྱའོ།། ཧ་ཧར་དགོད་པའོ།། སྐོར་བའི་དགུག་པར་བྱའོ།། དྲང་བར་བྱའོ།། བཏང་བར་བྱའོ།། ཡོངས་སུ ་སོར་ནས་ནུབ་པར་བྱའོ།། དེ་ནས་དོར་བའོ།། མྱུར་དུ་དོར་བའོ།། དེ་བཞིན་དུ་ཀུན་ནས་འདྲེན་པའོ།། དེ་བཞིན་དུ་གྱེན་དུ་དྲང་བའོ།། རང་ཉིད་ཀྱིས་ང་རོ་བྱའོ།། དྲ་བར་བྱའོ།། བདག་ཉིད་ལ་བརྡེག་པར་བྱའོ།། སྙིང་ཁར་བརྡེག་པར་སྦྱིན ་པར་བྱའོ།། རང་ཉིད་ཀྱིས་རང་གི་སྐྲ་བལ་བར་བྱའོ།། སྡང་བར་སྡོམ་པའོ།། རང་གིས་གོས་སྟོད་པར་བྱའོ།། ཁྲོ་བས་དེ་བཞིན་དུ་འབར་བ་སྟོན་པའོ།། གཡས་པའི་འཛུབ་མོས་ལྕགས་ཀྱུའོ།། དེ་ཉིད་ཀྱིས་རབ་ཏུ་གཞུག ་པའོ།། གཡས་པའི་སེ་གོལ་ལོ།། གཡོན་པའི་སེ་གོལ་ལོ།། ལྕེ་རེག་པ་ནི་འཛུབ་མོ་གཉིས་ཀྱིས་སོ།། ཡན་ལག་ལ་བ་སྤུ་གཡས་སུ་བསྐོར་བསྐོར་བས་འཁྱིལ་བའོ།། ལྟུང་བ་ལ་སོགས་པ་བྱེད་པའོ།། དུས་སུ་བསྒོམ་པའོ།། ཁྲོ་བའི ་ལྟབས་ཤིང་དྲུང་རྣམས་ལ་ཡིད་ཀྱིས་འདོད་པའོ།། དེ་བཞིན་དུས་ལའོ།། ལྟ་བའོ།། སྨིན་མའོ།། སོའོ།། བུའོ།། ཕྱག་རྒྱས་རྡེག་པའོ།། རྒྱལ་མཚན་བསྒྲེད་པའོ།། ཁྲོ་བ་དང་བཅས་པའི་འཇིགས་བྱེད་ཀྱིས་ལྟ་བས་སོ།། འཛུམས ་པ་མེད་པས་ལྟ་བས་སོ།། དེ་བཞིན་དུ་འབར་བ་འཆིང་བས་སོ།། ཕྱག་རྒྱ་བསྐོར་བའོ།། གཙུག་ཏོར་ལས་འཛུབ་མོའི་རྡོ་རྗེ་བཞག་པར་བྱའོ།། དེ་བཞིན་དུ་སྙིང་ཁར་རོ།། ཕྱག་རྒྱ་དེ་དགྲོལ་བའོ།། ཕྱག་རྒྱ་ཟུར་དུ་བསླང་བའོ།། ་འཛུབ་མོའི་རྩེ་མོ་བརྟན་པར་སྦྱར་བའོ།། ལ་བས་སྟེང་ནས་འོག་ཏུ་ལྟུང་བའོ།། འོག་ནས་གྱེན་དུ་འདྲེན་པའོ།། ཡི་གེ་ཧཱུཾ་ཁྲོས་པའོ།། འཇིགས་བྱེད་ཀྱི་ལྟབས་སོ།། རྡོ་རྗེ་ཁཊ་དྲལ་བ་ཁྲིབས་སོ།། རྡོ་རྗེ་སྙིང་ཁར་སྒོམ་པའོ།། ་རྡོ་རྗེ་རྩེ་གསུམ་དྲལ་བའོ།། གདུག་པའི་དཀྱིལ་འཁོར་གཞིག་པར་བྱའོ།། ཡི་གེ་ཧཱུཾ་གིས་སོ།། ཧའོ།། གཡས་སུ་དབུགས་དབྱུང་བའོ།། དེ་ཉིད་ཀྱིས་དོང་རྩེ་གསོར་བའོ།། ཁྲོ་བོའི་ལྟ་བ་དེ་བཞིན་དུའོ།། ཁུ་ཚུར་གཡས་པས ་པ་ནན་ཏེ་གཡོན་པས་སོ།། བཟུང་ནས་དགུག་པར་བྱའོ།། དོང་རྩེ་གསོར་བས་ནི་གཉིས་ཀྱིས་སོ།། གཡོན་པའི་དྲིལ་བུ་དྲལ་བའོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཡས་པའི་ཁུ་ཚུར་གཡོན་པའི་རྡོ་རྗེ་ཁྲོ་བོས་མནན་ཏེ། ་མཐེའུ་ཆུང་གི་གདུ་བུ་བཀྲོལ་བའི་ཁུ་ཚུར་གྱིས་འཁྲིགས་པར་བྱའོ།། གཡས་པའི་དྲིལ་བུ་དྲལ་བའོ།། ཚིགས་དང་བྲལ་བ་ལྟུང་བ་ནི་ཡིད་ཀྱིས་སོ། འཁོར་ལོ་དྲལ་བའོ།། རྩེ་གསུམ་དྲལ་བའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི ་གཡོན་པའི་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་མནན་ཏེ་དེ་བཞིན་དུ་གདུ་བུ་བཀྲོལ་བས་འཕྲོག་པར་བྱའོ།། རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཆང་ཆེན་པོ་རྗེས་སུ ་དྲན་པས་མདྲན་དུ་བསྒྲུབ་པར་བྱའོ།། རྡོ་རྗེ་ཁྲོ་བོ་རྒྱལ་པོའི་ཕྱག་རྒྱའི་རྒྱུད་དོ།།། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་ནི་པད་མ་ཆེན་པོ་རྡོ་རྗེའི་ཐལ་མོ་ཁ་སྒྲུབ་པ་དབུ་མ་ངང་མཐེ་བོད་དང ་མཐེའུ་ཆུང་ཁ་ཕྱེ་བའི་འདབ་མ་བཞི་པོ་ཆོས་ཉིད་ཐམས་ཅད་ཐོབ་པ་དང་། ཐམས་ཅད་རྗེས་སུ་ཆགས་པར་བྱེད་པའོ།། ཕྱག་རྒྱ་ཆེན་པོ་རྣམས་ནི་དེ་བཞིན་ནོ།། དམ་ཚིག་ཕྱག་རྒྱ་རྡོ་རྗེ་པད་མ་བཤད་པའོ།། པད་མའི་རིགས་རྣམས་ཀྱི་རྡོ ་བསྡམས་པ་ལས་བྱུང་བའོ།། དེ་ལ་པད་མ་དེ་བཞིན་གཤེགས་པ་རྣམས་ནི་ནང་གི་རྡོ་རྗེ་བསྡམས་པ་ལས་བྱུང་བའོ།། དེ་བཞིན་གཤེགས་པའི་པད་མ་བདེ་བར་གྱེན་དུ་ཁ་ཕྱེ་བ་ལྟ་བུའི་ཏིང་ངེ་འཛིན་གྱིས་མིང་ཅན་གྱིས་ཕྱག་རྒྱ ་པད་མའི་སྤྱན་ཞེས་བྱའོ།། རྡོ་རྗེ་པད་མ་ཆེན་པོའི་རྡོ་རྗེ་པད་མ་སྙིང་ཁར་རྡོ་རྗེ་བཅིངས་པ་རྡོ་རྗེ་པད་མའི་ཆགས་པ་ཞེས་བྱ་བའོ།། པད་མ་ཆེན་པོའི་བདག་པོའི་འཛུབ་མོ་མཉམ་པ་འོག་ཏུ་ཁ་ལྟ་བ་པད་པར་དཟུང་བ་པད་མའི་སྒྲོལ་མ་ཞེས ་བྱ་བའི་ཕྱག་རྒྱའོ།། པད་མ་ཆེན་པོའི་པད་མ་རིན་པོ་ཆེ་གཉིས་བཟུང་ཞིང་ངེས་པད་མ་སྦྲན་པའོ།། འདི་རྣམས་ཀྱི་ཆོས་ཉིད་ཐམས་ཅད་ལས་ཐོབ་པ་དང་ཐམས་ཅད་རྗེས་སུ་ཆགས་པ་དང་སྲིད་པའི་སྡུག་བསྔལ་གྱི་ཚོགས་ཐམས་ཅད་ལས ་སྒྲོལ་བ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཤིན་ཏུ་གྲུབ་པ་ཞེས་བྱའོ།། རྡོ་རྗེ་རྩེ་གསུམ་དྲལ་བའོ།། དེ་ནས་པད་མའི་ལྷའི་བདག་པོ་རྣམས་ཀྱི་ཕྱིར་རོལ་གྱི་བསྡམས་པ་ལས་བྱུང་བའོ།། དེ་ལ་དོན་ཡོད་རྒྱལ་པོ་ནི་འོག་ཏུ ་འཛུབ་མོ་གཉིས་ཀྱི་ཁ་འབུས་པ་ཁྲོ་གཉེར་ལ་གཞག་པར་བྱ་སྟེ། པད་མོའི་ཁྲོ་གཉེར་གྱི་སྤྱན་ནོ།། རྡོ་རྗེ་བསྡམས་པ་ཁ་གྱེན་དུ་འབར་བ་ནི་མགྲིན་སྔོན་གྱིའོ།། གཡོན་པའི་འཛུབ་མོའི་དཀུག་པ་མཐེ་བོས་ཡོངས་སུ་གཟང་སྟེ། ་དུང་གི་དབྱིབས་དེ་གཡས་པའི་མཐེ་བོང་བསྒྲེང་བའི་གཏེག་སྟེ། མཐེའུ་ཆུང་མཉམ་པའི་ཁ་འབུས་པའི་པད་མ་དང་སོར་མོ་ལྷག་པ་ཡང་དག་པར་རྐྱང་བའི་འཁོར་ལོ་ནི་པད་མའི་ཁྱབ་འཇུག་མོའོ།། པད་མ་ལས་བྱུང་བའི་འཛུབ་མོ་གཉིས ་བཀུག་པའི་ལྕགས་ཀྱུ་དང་སོར་མོ་ལྷག་མ་ཁ་ཕྱེ་བའི་པད་མ་ལས་བྱུང་བའི་ཞེས་བྱའོ།། རྟ་མགྲིན་གྱི་ནི་འཛུབ་མོ་གཉིས་ཤིན་ཏུ་སྦྱར་བའི་ལྕགས་ཀྱུ་རྒོད་མའི་ཁ་ཤིན་ཏུ་རབ་ཏུ་བརྐྱང་བའི་སྲིན་ལག་གི་རྩེ་མོ་དང་མཐེའུ་ཆུང་དང་གཉིས ་རབ་ཏུ་བརྐྱང་བ་སོ་སོའི་བྱེ་ལ་གཡོན་གཡོ་ཞིང་བཟུང་བ་ནི་པད་མའི་ལྕགས་ཀྱུ་ཞེས་བྱ་བའོ།། འདི་རྣམས་ཀྱི་དབང་བསྐུར་བ་ཐམས་ཅད་དང་། ལས་ཐམས་ཅད་དང་། གྲོལ་བ་ཐམས་ཅད་དང་། དགུག་པ་ཐམས་ཅད་ཀྱི་དངོས་གྲུབ ་དོན་ཡོད་པའོ།། དེ་བཞིན་གཤེགས་པའི་སྐུ་མཆོག་གི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཤད་པའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་ནི་ཁ་ཊྭཱཾ་ག་བཅིངས་ནས་པད་མའི་རིགས་ཐམས་ཅད་ཀྱི་དམ་ཚིག་ཅི་ལྟ་བ་བཞིན་དུ་བཟུང་བས་སོ།། ངག་གི་ཏིང་ངེ་འཛིན ་གྱིས་གཟུངས་དགུག་པ་ནི་ཆོས་ཀྱི་ངག་གིས་ཟླས་པའི་དོན་ཤེས་པའོ།། པད་མ་ཆེན་པོ་བཅིངས་ནས་ཡིད་ཀྱིས་སྦྱིན་བསྲེག་བྱའོ།། སེམས་ཀྱིས་ཞི་བར་བྱའོ།། དངོས་པོ་བསྲུང་བར་བྱའོ།། རྣམ་པར་སྤྱད་པར་བྱའོ།། ཞེས་བྱ་བ་བསྒྲུབ ་པར་བྱའོ།། ལས་ཐམས་ཅད་ཕྱག་རྒྱའི་ཚོགས་སོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་དོ།། དེ་ནས་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་དེ་བཞིན་ནོ།། དམ་ཚིག་གི་ནི་ཕྱག་རྒྱ་རྡོ་རྗེ་རིན་ཆེན་ཏེ་མཐེ་བོང་དང ་འཛུབ་མོའི་སོར་མོ་བཞིའི་རྩེ་མོ་བསྙམས་ནས་འོག་ཏུ་རབ་ཏུ་བསྡུས་ཏེ། དབང་བསྲུར་བའི་རྡོ་རྗེ་ཐལ་མོས་དབང་བསྐུར་བ་ཐམས་ཅད་ཐོབ་པའོ།། དེ་ཅི་ལྟ་བ་བཞིན་དུ་དབང་བསྐུར་བའོ།། རྡོ་རྗེ་དེ་ཉིད་སྙིང་ཁར་རོ།། གྱེན་དུ་ཁ་ལྟ་བའོ།། ་ཉིད་ཁུ་ཚུར་རོ།། ཁུ་ཚུར་སྤྱི་བོར་གཞག་ལ་མེ་ཏོག་ལ་སོགས་པའི་མཆོད་པ་དཔྲལ་བར་བྱའོ།། འདི་ཉིད་གཉིས་སུ་བཞག་ནས་ལས་ཀྱི་ཕྱག་རྒྱར་གཟུང་བའོ།། དབང་བསྐུར་བ་ཐམས་ཅད་ཀྱི་རིན་པོ་ཆེའི་གཏེར་གྱི་མཆོད་པ་ཐོབ་པའི ་དོར་དུ་ཡང་དག་པར་རྫོགས་པའོ།། བཅོམ་ལྡན་འདས་ཀྱི་ལས་ཀྱི་དམ་ཚིག་ནི་གསལ་བ་ཡོངས་སུ་རྫོགས་པར་བྱེད་པའོ།། གཡོན་པའི་ཁུ་ཚུར་སྙིང་ཁར་བསྟོད་ནས་གཡས་པ་ནོར་སྦྱིན་པ་བཀྲོལ་བའོ།། ནོར ་བུའི་ཁུ་ཚུར་གྱི་ཕྱག་རྒྱ་ཉིད་ཀྱིས་སོ།། སྙིང་པོའི་ངག་ཀླུའི་རྒྱལ་པོས་བཟླ་བ་སྟེ་བཀའ་སྒོ་ཞིངདེ་དེ་བཞིན་དུ་ལས་ལ་ཉེ་བར་སྦྱོར་བའོ།། གལ་ཏེ་མ་གྲུབ་ན་དབང་བསྐུར་བར་གནས་པའི་རྡོ་རྗེ་རིན་ཆེན་གྱིས་ནམ་མཁར་ལས་ཐམས ་ཅད་ཀྱི་བཀའ་བསྒོའོ།། ཆོས་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་ཚོགས་ནི་འདིའོ།། དོན་ཡོད་ཐོགས་མེད་གྲུབ་པ་དང་། ལས་ཀྱི་ཚོགས་ནི་སྒྲུབ་པ་དང་། ངག་གི་ཕྱག་རྒྱའི་བཀའ་བསྒོ་བ། ཐམས་ཅད་མྱུར་དུ་མཁའ་ལས་བྱུང་། ཞེས་བྱ་བ ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དབང་བསྐུར་བ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའོ།། དེ་ནས་ཕྱིའི་རྒྱུད་ནི་ཕྱག་རྒྱ་ཆེན་པོ་ནི་གཡོན་པར་ཁམ་ཕོར་དང་གཡས་ན་མདའ་སྟོད་པའོ།། དེ་རྣམས་ཀྱི་དམ་ཚིག ་རི་འཇུག་པ་ལ་བྱ་སྟེ། ལག་པ་གཉིས་ཀྱི་མཐེ་བོ་དང་མཐེའུ་ཆུང་གི་གདུ་བུས་ལུ་གུ་རྒྱུད་བཅིང་བར་བྱས་ལ་འཛུབ་མོ་དང་དབུས་མ་དང་། སྲིན་ལག་བསྙེམས་ཏེ་རྩེ་གསུམ་པས་མཚན་པ་ནི་མིང་པོ་རྣམས་ཀྱིའོ།། ཅི་ལྟར ་བཞིན་དུ་བཟུང་བས་ལྷ་མོ་རྣམས་ཀྱིའོ།། རྡོ་རྗེ་བསྡམས་པའི་དབུས་མ་དང་སྲིན་ལག་གིས་སོར་མོའི་རྩེ་མོ་བཞི་ལ་འཛུབ་མོ་དང་མཐེའུ་ཆུང་བཞིའི་རྩེ་མོ་འདུས་པ་ནི་ལྷ་མོ་རྣམས་ཀྱི་འདའ་བར་བཀའ་བའི་དམ་ཚིག་གོ། ་སྲིང་མོ་བཞིའི་དཀྱིལ་འཁོར་གྱི་ཕྱག་རྒྱའོ།། གང་གི་ཚེ་དཀྱིལ་འཁོར་གྱི་བརྟག་པར་མ་ནུས་ན་དེའི་ཚེ་འདི་བཅིངས་ཏེ་བལྟས་ན་དཀྱིལ་འཁོར་བརྟག་པ་དང་མཐོང་བ་དང་མཆོད་པ་ཅི་འགྲུབ་པར་འགྱུར་རོ།། གདེངས་ཀ་ཅན ་གྱི་དབང་པོ་རྣམས་ཀྱི་ནི་མཐེ་བོང་བཅིངས་ནས་ཕྱི་རོལ་ཏུ་ཁ་བལྟས་པའི་སོར་མོའི་གདེངས་ཀ་བསྒྲེང་བ་སྟེ། ཀླུ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བའི་དམ་ཚིག་སྟེ། གལ་ཏེ་འདའ་བར་བྱེད ་ན་འཆི་བར་འགྱུར་རོ།། ལྟོ་འཕྱེ་ལག་པ་སྟེ་ཐམས་ཅད་བསྒྲུབ་པར་བྱེད་པའོ།། དབུས་མ་སྲིན་ལག་བཞིའི་མདུད་པ་ལེགས་པར་བྱེད་པའི་སྦྱོར་བས་ཉེ་བར་སྟོད་ཅིང་བསྡུས་ལ་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་གཉིས་ཀྱིས་བརྡེག་པར ་ཏྱ་སྟེ་ཉེ་བར་འཕེལ་བ་དྲུག་ཐམས་ཅད་འབར་བའོ།། ཀུན་ནས་བསྡུས་ན་དུག་ཐམས་ཅད་མཆིང་བའོ།། འདི་ཉིད་ཀྱིས་དྲུག་ཐམས་ཅད་བཟའ་བ་དང་འཕོ་བ་དང་དུག་མེད་པར་བྱ་བའོ།། གདུག་པའི་དཀྱིལ་འཁོར་ནི་རྡོ་རྗེ་ཁུ་ཚུར ་གྱིས་བཟུང་བའི་རྡོ་རྗེས་ཁྲོས་ནས་མྱུར་དུ་གཞིག་པར་བྱའོ།། ཕྱིའི་ཕྱག་རྒྱའི་རྒྱུད་དོ།། དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཆོག་དབང་ཕྱུག་དམ་པ་སྣ་ཚོགས་པའི་ཕྱག་རྒྱ་ནི་རྡོ་རྗེ་ཐལ་མོ་མཉམ་གཞག་ནས།། བ་དན་གསུ ་ནི་ཡོངས་སུ་བཟུང་། རྡོ་རྗེ་ཁྱབ་འཇུག་ཅེས་བྱ་བ། དོར་ན་ཐམས་ཅད་གཅོད་པར་བྱེད།། རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་ཉོན་མོངས་པའི་སྒྲ་ཐམས་ཅད་མགོ་རྣམས་ཅད་ནས་མཆོག་ཏུ་བྱུང་བ་ཐམས་ཅད་གྲུབ་བོ།། མཐེའུ་ཆུང ་མཐེ་བོ་དང་སྦྲེལ་བའི།། ལག་གཉིས་སྙེད་དང་འོག་ཏུ་ནི།། དབུས་མ་གསུམ་གྱི་རྩེ་གསུམ་མཚན།། རྡོ་རྗེ་འཛིན་མ་ཞེས་སྒྲུབ་པའོ།། རྡོ་རྗེ་དམ་ཚིག་ཕྱག་རྒྱ་རྡོ་རྗེ་གདུམ་པའི་དབང་ཕྱུག་མ་ཞེས་བྱ་བ་དོན་ཡོད་པའི་དམ་ཚིག་གོ།། ་རྡོ་རྗེ་པད་མ་མཉམ་བཞག་ནས།། གང་དེར་ཅི་བཞིན་དེ་བཞིན་དུ།། ཤིན་ཏུ་ཐོབ་དཀའི་སངས་རྒྱས་ཀྱང་།། བསྒྲུབ་པས་བཟླས་པས་སྒྲུབ་པར་བྱེད།། རྡོ་རྗེ་ཆོས་ཉིད་ཅེས་བྱ་བའི་ཕྱག་རྒྱ་སྒྲོལ་མའོ།། འཛུབ་མོ་བསྡམས་པའི་ཕྱི ་རོས་དགུག། མཐེ་བོ་རྡོ་རྗེ་བཀབ་པ་སྟེ།། རྡོ་རྗེ་ཆེན་པོའི་ནོར་བུ་སྟེར།། ཞེས་བྱ་བ་ནི་རྡོ་རྗེ་ནོར་བུ་ཞེས་བྱ་བའི་ཕྱག་རྒྱའོ།། དེ་ནས་ཐམས་ཅད་ཀྱི་དབང་ཕྱུག་དམ་པས་བསྒྲུབས་པའི་དངོས་གྲུབ་ཐམས་ཅད་ཀྱི་ཚིགས་ཀྱི་ཕྱག་རྒྱའི ་རྒུད་ནི་འདི་ཡིན་ཏེ། དེ་ལ་དང་པོར་རེ་ཤིག་དང་པོའི་དངོས་གྲུབརྒྱ་རབཏུ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རབ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་ཆེན་པོ་སྟོང་འབྱུ་ཏེ། ཅི་ལྟ་བ་བཞིན་དུ་དམ་ཚིག་ཕྱག་རྒྱ་མཚན་རྣམས་ཀྱིས་ལག་པ་གཡས་པ་དང་། གཡོན་པ་དག ་གི་རྡོ་རྗེ་ཆེན་པོའི་སྦྱོར་བས་ལས་ཐམས་ཅད་ཀྱི་དངོས་གྲུབ་ཏུ་སྒྲུབ་པར་བྱེད་པའི་སྟོང་ཉིད་དུ་འགྱུར་ཏེ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པས་སོ།། དེ་ལྟར་རང་གི་མཚན་གྱི་ཁུ་ཚུར་རྡོ་རྗེ་གར་ལས་བྱུང་བའི་ཕྱག་རྒྱ་སྟོང་དང ་པོའི་ལས་ཀྱི་ཚོགས་བརྒྱ་སྒྲུབ་པར་བྱེད་པའི་རྡོ་རྗེ་ལས་བྱེད་པ་གསུམ་མོ།། དེ་ལྟར་ལག་པ་གཡས་པ་དང་གཡོན་པའི་གཅིག་ཤོས་ཀྱིས་ལས་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའི་ལས་ཀྱི་ཕྱག་རྒྱ་སྟོང་བཞི་པའོ།། དེ་ལྟར་མ་ལུས་པའི ་ཕྱག་རྒྱ་བཅིངས་པ་ནི་ལག་པ་ཅིག་གིས་ཕྱག་རྒྱ་ཐམས་ཅད་བཅིང་བ་རབ་ཏུ་སྒྲུབ་པའོ།། དེ་ལྟར་འགྲོ་བ་ཀུན་དོན་དུ།། འཁོར་དང་དམ་ཚིག་ལས་དང་བཅས།། ཀུན་མཆོག་དབང་ཕྱུག་དམ་པ་ནི།། རྡོ་རྗེ་སེམས་དཔས་སྒྲུབ་པར་མཛད ་དེ་ལྟར་གསང་བ་རྒྱ་ཆེན་རྨད་དུ་བྱུང་།། མཆོག་ཏུ་འགྲོ་བ་ཐམས་ཅད་སྤྱོད་བྱེད་པ།། མཆོག་དང་པོའི་བླ་མ་བླ་ན་མེད།། གསལ་བའི་རྒྱུད་ནི་ང་ཡིས་ཡང་དག་བཤད།། དཔལ་མཆོག་དང་པོ་རྟོག་པའི་རྒྱལ་པོ་ལས་རིགས་ཐམས ་ཅད་ཀྱི་ཕྱག་རྒྱའི་རྒྱུད་དོ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། གསང་བ་ཀུན་གྱིས་བདག་བརྟན་པས།། དེ་ཉིད་ཕྱག་རྒྱའི་རྒྱུད་ཆེན་པོའི།། མཚོན་ཆ་དམ་པ་འདི་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྟོག་པ་ཐམས་ཅད ་ཀྱི་གསང་བའི་དཀྱིལ་འཁོར་གྱི་རྟོག་པའི་ཚོགས་མཆོག་ཏུ་མཁས་ཤིང་ཕྲ་བ། རྒྱ་ཆེལ་ཟབ་པ། བསམ་གྱིས་མི་ཁྱབ་པ་ཚད་མེད་པ། གསལ་ཞིང་མཉམ་པ་མེད་པ། བླ་ན་མེད་པའི་བླ་མ་མཐར་ཐུག་པ་མེད་པའི་དངོས་གྲུབ་ཀྱི ་གསང་བ་བསྒྲུབ་པ་མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་རྣམས་སྒྲུབ་པ་པོ་དོན་ཡོད་ཅིང་ཐོགས་པ་མེད་པ་བཤད་པར་བྱའོ།། ཞེས་བྱ་བ་བཅོམ་ལྡན་འདས་མཆོག་ཏུ་གསང་བས་གསུངས་སོ།། མ ་མཆུ་སོ་རྣམས་ཀྱིས་བཟུང་ལ་དགའ་བ་ཆེན་པོས་དང་པོའི་རྡོ་རྗེའི་ལྟ་བས་ལྟ་ཞིང་བྱེད་པ་དག་གོས་མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་རྣམས་སྒྲུབ་པར་བྱེད་པའོ།། བདེ་བ་ཆེན་པོའི་གསང ་བ་ཆེན་པོའི་རྡོ་རྗེ་རྡོ་རྗེ་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞད་པ་ཆེན་པོས་དགོད་ཅིང་བརྟན་པའི་རྡོ་རྗེ་ལྟ་བུའི་བྱེད་བདག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་རྣམས་སྒྲུབ་པར་བྱེད་པ་སྟེ། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ།། ཁྲོ་གཉེར་དང་བཅས་ཁྲོ་བོའི་རྡོ་རྗེ་ལྟ་བ་དང་བཅས་པའི་བྱེད་པ་དག། སྣའི་དབུགས་ཆེན་པོའི་ཡི་གེ་ཧཱུཾ་གིས་རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་པ་སྟེ། རྡོ་རྗེ་ཉི་མ་ལྟར ་འབར་བའི་ལྟ་བའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ།། བདེ་བས་ཅུང་ཟད་འཛུམ་པས་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ལྟ་བའི་བྱེད་པ་རྣམས་ཀྱིས་མཆུ་མཉམ་པའི་ཏིང་ངེ་འཛིན་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས ་ཀྱི་ཡེ་ཤེས་ཀྱི་ཚོགས་རྣམས་སྒྲུབ་པར་བྱེད་པ་སྟེ་པད་མ་ཆེན་པོའི་སྤྱན་ཞེས་བྱའི་ཕྱག་རྒྱའོ།། སྙེམས་པ་དང་བཅས་པའི་ཏིང་ངེ་འཛིན་གྱིས་ཕྲ་བར་འཛུམ་པའི་ལྟ་བའི་བྱེད་པ་རྣམས་དང་། བཞིན་འཛུམ་པ་དང་། བཞད་པས ་ནམ་མཁའ་ལ་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་སྒྲུབ་པར་བྱེད་པ་སྟེ་རྡོ་རྗེ་ཆེན་པོ་ནི་ནོར་བུའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ།། དོན་ཡོད་ཐོགས་མེད་གྲུབ་པ་དང་།། བདེན་པའི་བདག་ཉིད་འཇིགས་པ་མེད།། སངས་རྒྱས ་ཀུན་དང་བདག་གིས་ཀྱང་།། གསང་བའི་ཕྱག་རྒྱ་ལེགས་གྲུབ་སྩོལ།། དཀྱིལ་འཁོར་དུ་ནི་མ་ཞུགས་ཀྱང་།། དེ་ནས་དེ་ཕྱིར་མཆོག་དང་པོ།། བཅོམ་ལྡན་རྡོ་རྗེ་སེམས་དཔའི་མཆོག། དང་པོ་ཤིན་ཏུ་མཁས་ཤིང་ཕྲ་ལ་ཟབ་ཅིང ་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་སྟེ། མཆོག་གི་མཆོག་ནི་དང་པོ་དང་།། མཆོག་ཏུ་གསང་བ་དམ་པ་སྟེ།། འཛུམ་པའི་ཕྱག་རྒྱ་ལ་སོགས་ཚོགས།། རྡོ་རྗེ་སེམས་དཔས་གསུངས་པ་ཡིན།། རྡོ་རྗེ་འཆང་ཆེན་པོ་ཡི་སློབ་དཔོན ་ནི།། མཆོག་ཏུ་དང་ཞིང་རབ་དགའ་བས།། སྙིང་པོ་ལ་སོགས་རྣམས་མེད་ཀྱང་།། མྱུར་དུ་ཐམས་ཅད་སྒྲུབ་པར་བྱེད།། སྙིང་པོ་ཕྱག་རྒྱ་སྔགས་རིག་པ།། སྒྲུབ་པ་འདི་ནི་རྨད་འབྱུང་སྟེ།། དངོས་གྲུབ་ཐམས་ཅད་རབ་སྒྲུབ་པས།། མ་གྲུབ ་རྣམས་ཀྱང་འགྲུབ་པར་འགྱུར།། གང་ཞིག་གྲུབ་པར་མ་གྱུར་དང་།། བསོད་ནམས་བྲན་ཚོགས་མི་ལྡན་ན།། བདག་ཉིད་དམ་ནི་རྡོ་རྗེ་སེམས།། སྦུབས་ན་དེ་ནི་མྱུར་དུ་འགྲུག།། གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག། ་སྙིང་པོ་སོགས་དང་ཉེ་སྙིང་པོས།། སྒྲུབ་པར་བྱས་ཀྱང་མ་གྲུབ་ན།། འཛུམ་པའི་ཕྱག་རྒྱས་བསྒྲུབ་པར་བྱ།། དེ་ཕྱིར་གསང་བའི་བཙུན་མོ་འདི།། རྡོ་རྗེ་སེམས་དཔས་རབ་དགའ་བྱེད།། རྡོ་རྗེ་སེམས་དཔས་དགའ་བ་ཆེ།། དགྱེས་པ། ་དེ་ཡིས་མྱུར་དུ་འགྲུབ།། དེ་ཉིད་ཆེན་པོ་འདི་གྲུབ་པ།། དམ་པ་མཆོག་གི་བདག་ཉིད་ནི།། གསང་བ་མཆོག་ཏུ་བསོད་ནམས་ལྡན།། སོ་སོའི་སྐྱེ་བོ་ལ་བརྗོད་མིན།། དེ་ཉིད་གྲུབ་པའི་རྗེས་འབྲང་བའི།། རྡོ་རྗེ་སེམས་དཔའི་གྲུབ་པ་གང་།། ་གལ་ཏེ་དངོས་གྲུབ་མཆོག་འདོད་ན།། དེ་བཞིན་གཞན་ལ་སྦྱིན་མི་བྱ།། གང་གིས་གྲུབ་པར་མ་གྱུར་ན།། དེ་ལ་དེ་ཉིད་སྦྱིན་པར་བྱ།། དེ་ཉིད་འཛུམ་པས་མྱུར་དུ་ནི།། བདག་བྱིན་བརླབས་པས་འགྲུབ་པར་འགྱུར།། དེ་ཉིད་ཆེན་པོ ་དག་པ་འདི།། རྡོ་རྗེ་ཅན་གྱི་མཚོན་ཆ་མཆོག། ཕྱག་རྒྱའི་རྒྱུད་ནི་བླ་མེད་པ།། མཆོག་ཏུ་གསང་བ་བཤད་པ་ཡིན།། དེ་ཉིད་དད་པའི་རྗེས་འབྲང་བའི།། རྡོ་རྗེ་སློབ་དཔོན་ཀུན་མཆོག་ལ།། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། ་གཞན་རྣམས་ལ་ཡང་དེ་བཞིན་སྦྱིན།། ཕྱག་རྒྱའི་རྒྱུད་ནི་གཅིག་པུ་འདི།། བདག་ཉིད་གང་ལ་ཡོད་གྱུར་ན།། བདུད་ལ་སོགས་པ་རྣམས་ཀྱིས་ནི།། མི་ཐུབ་པ་དང་མི་སོང་འགྱུར།། དེ་ལ་རྒྱལ་པོ་རྡོ་རྗེ་འཛིན།། ཀུན་མཆོག་དངོས ་གྲུབ་ཀུན་གསོལ་པ།། ཀུན་གསོལ་ཀུན་བྱེད་ཐམས་ཅད་དུ།། བཀའ་བསྒོ་བ་ཀུན་གྲུབ་པར་འགྱུར།། དཔལ་མཆོག་དང་པོ་གསང་བའི་བླ་མ་དམ་པའི་དཔལ་རང་གི་དམ་ཚིག་གི་བླ་ན་མེད་པའི་མཆོག་ཏུ་གསང་བའི་ཕྱག ་རྒྱ་ཆོ་གའོ།། དེ་ནས་བཅོམ་ལྡན་འདས་དཔལ་མཆོག་དང་པོ་རྡོ་རྗེ་སེམས་དཔའི་མཆོག་དང་པོ་མཆོག་ཏུ་མཁས་ཤིང་བྲལ་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་ལ་མཐའ་མེད་ཅིང་ཤིན་ཏུ་མཐའ་ཡས་པའི་ཚད་མེད་ཅིང ་གཞལ་དུ་མེད་པ། བླ་ན་མེད་པ་དོན་ཡོད་ཅིང་ཐོགས་པ་མེད་པའི་མཆོག་ཏུ་གསང་བའི་སྙིང་པོ་མཆོག་ཏུ་གསང་བ་ཞེས་བྱ་བ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཆེན་པོའི་བདག་པོ་ཉིད་ལ་སོགས་པའི་དངོས་གྲུབ་ཐམས ་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་མི་འགྱུར་བའི་དམ་པ་བླ་ན་མེད་པའི་གསང་བ་དང་། རབ་ཏུ་དགའ་བའི་ཐམས་ཅད་དང་། བདེ་བ་དང་ཡིད་བདེ་བའི་དངོས་གྲུབ་ཀྱི་མཆོག་གྲུབ་པར་བྱེད་པ་དང་། མཆོག་གི་ཕྱག་རྒྱའི ་རྒྱུད་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། ཙུམ་བྷ་ནས་འཁྱུད་པ་ལ་སོགས་པའི་བཅོམ་ལྡན་འདས་མཆོག་དང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཐམས་ཅད་ནི་དགའ་བ་ཆེན་པོ་དཔལ་རྡོ། ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་རྣལ་འབྱོར་ཞེས་བྱ་བ་སྟེ་ཐམས་ཅད་རྣལ་འབྱོར་ཞེས་བྱ་བར་གང་བརྗོད་པའོ།། དེ་གང་དང་གང་ལ་ཉེ་བར་སྦྱོར་བ་དེ་དང་དེར་བཅོམ་ལྡན་འདས་ནི། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། ་དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། བྱིན་བརླབས་མཆོག་ནི་རྟག་མཛད་ནས།། རྡོ་རྗེ་སེམས་དཔའ་མྱུར་དུ་གྲུབ།། ཙུམ་བྷ་ན་འཁྱུད་པ་ལ་སོགས་པའི་རེག་བྱའི་རྒྱ་བཏབ་པ་ཙམ་གྱིས་ཀྱང་མ་ལུས་ཤིང་ལུས་པ་མེད་པ་དང ་ལྷག་མ་མེད་པ་ཐམས་ཅད་ཀྱི་མཆོག་དབང་ཕྱུག་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལུས་ཀྱི་ཚོགས་ཡིད་ཀྱི་འདོད་པ་གྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཤིན་ཏུ་མཆོག་ཏུ་གསང་བའི་ཕྱག་རྒྱའོ།། ་རྣམ་པར་འཕྲུལ་པ་དང་བཅས་པའི་འཛུམ་ཞིང་གཡོ་བའི་མིག་གི་ཟུར་གྱིས་ལྟ་བའི་ཕྱག་རྒྱ་སྟེ། བཅོམ་ལྡན་འདས་ཀྱི་དགའ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་མདའ་ཞེས་བྱ་བས་རྒྱས་བཏབ་པས་ཐམས་ཅད་རྗེས་སུ་ཆགས་པ ་དང་། དགུག་པ་དང་། དབང་དུ་བྱ་བ་དང་། དངོས་གྲུབ་མཆོག་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལུས་ཀྱི་ཚོགས་ཡིད་ཀྱི་འདོད་པ་རྣམས་སྒྲུབ་པར་བྱེད་པའོ།། འདུམ་ཞིང་ཅུང་ཟད་ཕྱེ་བའི་མིག་གིས་ལྟ་བ་ནི་མཆོག་ཏུ ་དགའ་བའི་དཔལ་རྡོ་རྗེ་སྤྱན་ཞེས་བྱ་བའི་ཕྱག་རྒྱ་ཐམས་ཅད་སྒྲུབ་པར་བྱེད་པ་འདིས་ལྟ་ཞིང་བཏུང་བར་བྱའོ།། འདི་ནི་བཅོམ་ལྡན་འདས་ཀྱི་རབ་ཏུ་དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་དགའ་བའི་བཅུད་ཀྱིས་ལན་གྱི ་མཆོག་གི་དངོས་གྲུབ་ཅེས་བྱ་བའི་ཕྱག་རྒྱ་སྟེ་ཚེ་ཟད་པ་ཐམས་ཅད་ཀྱང་འདིས་རྡོ་རྗེ་སེམས་དཔའི་ན་ཚེད་གཞོན་པ་དང་། ནད་མེད་པ་དང་། གཟུགས་དང་སྟོབས་དང་། གཟི་བརྗིད་ཀྱི་སྟོབས་དང་། སྤྲོ་བ་དང་། དངོས་གྲུབ་ཀྱི་མཆོག ་ཐམས་ཅད་དང་། དཔལ་དང་བསྐལ་པ་བཟང་པོ་དང་། དགའ་བ་ཆེན་པོ་དང་། ཤིན་ཏུ་བདེ་བ་ཐམས་ཅད་དང་ཡིད་བདེ་བ་དང་། དངོས་གྲུབ་ཀྱི་མཆོག་ཐོབ་པ་སྟེ། ཅི་སྲིད་དངོས་གྲུབ་ཀྱི་མཆོག་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ ་དམ་པ་གྲུབ་སྟེ། བཅོམ་ལྡན་འདས་ཡུམ་གྱི་རྒྱས་བཏབ་པ་ཙམ་གྱིས་སྐད་ཅིག་མ་ཅིག་གིས་གྲུབ་པའོ།། སྙེམས་པ་དང་བཅས་པའི་གཡོན་པའི་མིག་དགོད་ཅིང་བསྟོད་པ་ནི་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་དཔལ་རྡོ་རྗེ་དོན ་ཡོད་པའི་དགའ་བའི་རྒྱལ་མཚན་མཆོག་གི་དཔུང་རྒྱན་ཞེས་བྱ་བའི་ཕྱག་ཀྱི་སྟེ། འདིས་རྒྱས་བཏབ་པ་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱེད་པ་དང་། ཕྱག་བྱེད་དུ་བཅུག་པ་དང་། རབ་ཏུ་སྒྲུབ་པར་བྱེད་པ་དང་། ཅི་སྲིད་མཆོག་ཐམས ་ཅད་གྲུབ་ཅིང་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཉིད་རབ་ཏུ་སྒྲུབ་པར་བྱེད་པའོ།། སྒེག་པ་དང་བཅས་པའི་ལྟ་བ་དང་། འཛུམ་པ་དང་གསོང་ཞིང་ཕྱག་འཚལ་བ་དང་ལྡན་པ་ནི་བཅོམ་ལྡན་འདས་ཀྱི་ཕྱག་འཚལ་བའི་ཕྱག་རྒྱ་སྟེ། དགའ། ་བ་ཆེན་པོ་དཔལ་དོན་ཡོད་པའི་དབང་ཕྱུག་ཀཱ་ལི་ཀཱི་ལ་ཞེས་བྱ་བའི་ཕྱག་རྒྱ་སྟེ། འདིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བརྟན་དང་གཡོ་བའི་དངོས་པོ་ཐམས་ཅད་ལ་རྒྱས་བཏབ་པས་འདུད་པར་གྱུར་ན་དངོས་གྲུབ་མཆོག་ཐམས་ཅད ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཀྱི་མཆོག་གི་དམ་པའི་དངོས་གྲུབ་ཀྱིས་གྲུབ་པར་འགྱུར་རོ།། རྣམ་པར་འཕྲུལ་པ་དང་། སྒེག་པ་དང་བཅས་པའི་འཛུམ་པའི་ཞལ་ཉིད་ནི་བཅོམ་ལྡན་འདས་མཆོག་དང་པོ ་རྡོ་རྗེ་སེམས་དཔའི་དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་དགའ་བ་ཡིས་བརྩོན་པ་ཞེས་བྱ་བ་མཆོག་ཏུ་གསང་བའི་རྡོ་རྗེ་འཛུམ་པའི་ཕྱག་རྒྱ་སྟེ། འདིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་སློབ་དཔོན་མཆོག་དང ་པོའི་གླུ་ནི། ཀུན་མཆོག་དངོས་གྲུབ་ཆེན་པོ་ནི།། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་ཀུན་རྒྱལ་པོ་སྟེ།། མི་འགྱུར་མཆོག་ནི་འགྲུབ་པར་འགྱུར།། རྣམ་པར་འཕྲུལ་པ་དང་བཅས་པའི་སྒེག་པའི་འཛུམ་པའི་ཕྱག ་རྒྱས་རྒྱས་བཏབ་པ་ཙམ་གྱིས་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོའི་བདག་པོ་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ལས་ཀྱི་ཚོགས་ཡིད་ཀྱི་འདོད་པ་རྣམས་གྲུབ་པར་བྱེད་དོ།། སརྦ་ཀུ་རུ་ཡཐཱ་སུ ་ཁཾ་ཞེས་བྱ་བ་བརྗོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཐེག་པ་ཆེན་པོའི་མདོ་སྡེའི་དབང་པོའི་རྒྱལ་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས ་པ་ཨ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་གསང་བའི་རྡོ་རྗེ་བྱིན་གྱིས་བརླབས་པ་ཞེས་བྱ་བ་འདི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཆོས་ཐམས་ཅད་རྣམ་པར་དག་པ་ལ་སོགས་པ་མ་ལུས་ཤིང་ལུས་པ་མེད ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཐོབ་པའི་ཡེ་ཤེས་དང་། མངོན་པར་ཤེས་པ་དང་མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཚོགས་རྣམས་གྲུབ་པར་བྱེད་པའོ།། རྣམ་པར ་འཕྲུལ་བ་དང་བཅས་པའི་འཛུམ་ཞིང་སྨིན་པའི་ཁྲོ་གཉེར་རྡོ་རྗེ་ལྟ་བའི་ཕྱག་རྒྱ་ནི་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཀཱི་ལི་ཀཱི་ལ་ཞེས་བྱ་བའི་ཕྱག་རྒྱ་སྟེ། འདིས་རྒྱས་བཏབ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བརྟན་པ་དང་གོས། ་བའི་དངོས་པོ་ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པ་དང་། དབང་དུ་བྱ་བ་དང་། འབེབས་པ་དང་། གཞུག་པ་དང་། གར་དང་། གླུ་དང་། རྣམ་པར་འཕྲུལ་པ་སྟོན་པ་དང་། བདེན་ངག་ཐམས་ཅད་དང་། གྲོལ་བ་དང་། པྲ་དབབ་པ་ཐམས ་ཅད་བསྒྲུབ་པ་དང་། སྒྱུ་མ་ཐམས་ཅད་དང་། རྨད་དུ་བྱུང་བ་ཐམས་ཅད་སོ་སོར་སྟོན་པ་དང་སྣ་ཚོགས་པའི་གཟུགས་ཐམས་ཅད་ཀྱིས་བྱ་བ་སྟོན་པ་དང་། ཐམས་ཅད་ལ་རྒྱས་བཏབ་པ་དང་། གནོད་པ་དང་འདུལ་བ ་དང་གསད་པ་དང་། ཐམས་ཅད་པྱིར་འདྲེན་པ་དང་། ཐམས་ཅད་བསྒྲུབ་པ་དང་། མཆོག་གི་དངོས་གྲུབ་ལ་སོགས་པ་གཞོམ་དུ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་རྣམས་གྲུབ་པར་བྱེད་པའོ།། ཐམས་ཅད། ་དག་པའི་ཏིང་ངེ་འཛིན་གྱིས་ཐམས་ཅད་མཉམ་པ་ཉིད་ཀྱི་གཟུགས།། བླ་ཚོགས་པའི་བྱ་བ་ལ་རབ་ཏུ་འཇུག་པའི་མཆོད་པ་བྱིན་གྱིས་བརླབ།། རྡོ་རྗེ་པད་མ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས ་ཀྱི་དབང་ཕྱུག་གི་ཕྱག་རྒྱ་སྟེ། ཐམས་ཅད་རྣམ་པར་སྣང་བ་དང་། བསྲུང་བ་དང་། ཡོངས་སུ་མྱོང་བ་དང་། རིམས་ཐམས་ཅད་དང་། དྲུག་དང་། བྱུར་བའི་དྲུག་དང་། གདོན་དང་ནད་དང་མཁའ་འགྲོ་མའི་ཕྱག་རྒྱ་ཉེ་བར་ཞི་བ་དང་། ཤི ་ཡང་དག་པར་གས་པ་དང་། དབང་ཕྱུག་ཐམས་ཅད་ཐོབ་པ་དང་། གཟུགས་ན་ཚོགས་པའི་བྱ་བ་ཐམས་ཅད་ལ་རབ་ཏུ་འདྲུག་པ་ལ་སོགས་པའི་དངོས་ཐ་བ་མཐའ་མས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱིས ་རབ་ཏུ་བྱེད་པའོ།། ནམ་མཁའ་ཕྲ་བར་བཔྱོད་པ་དག་གིས་རོལ་ཞིང་རྣལ་འབྱོར་ཐམས་ཅད་ཀྱིས་རྗེས་སུ་ཆགས་པར་བྱ་སྟེ། འདི་ལ་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་རྡོ་རྗེ་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ཕྱག་བྱ་བའི་ཕྱག་རྒྱ་སྟེ། ་འདིས་རྒྱས་བ་བས་བཅོམ་ལྡན་འདས་རྗེས་སུ་ཆགས་ཤིང་དགྱེས་པ་དང་། བརྟན་པར་རྗེས་སུ་ཆགས་ནས་ནམ་མཁའ་ཐམས་ཅད་ཀྱི་བདག་ཉིད་ཀུན་གྱིས་དངོས་པོ་ཉིད་ཀྱི་བྱིར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ་མཆོག་གི་དངོས་ཆུབ་ལ་སོགས་པའི་དངོས་ཐུ་ཐམས་ཅད་ཀྱིལས་ཀྱི་ཚོགས་ཡིད་ལ་འདོད་པ་རྣམས་བསྒྲུབ་པར་བྱེད་པའོ་ཞེས་བྱབ་ཡང་གསུངས་སོ།། མཆོག་དང་པོ་ནི་མཆོག་ཉིད་དུ།། གསང་བ་དམ་པ་གསུངས་པ་ཡིན།། ་མིག་སོགས་ཕྱག་རྒྱས་རྒྱས་བཏབ་པའོ།། རྡོ་རྗེ་སེམས་དཔས་གསུངས་པ་ཡིན།། རྡོ་རྗེ་ཀུན་འཛིན་སློབ་དཔོན་གྱི།། ཙུམ་བྷ་ན་དང་འཁྱུད་སོགས་ཀྱིས།། ཐམས་ཅད་རྣལ་འབྱོར་རྗེས་བསྒྲུབ་སྟེ།། མྱུར་དུ་ཀུན་ལ་རྒྱས་གདབ་བྱ།། སྙིང་པོ ་ཕྱག་རྒྱ་སྔགས་རིག་པའི།། སྒྲུབ་པ་འདི་ནི་རྨད་བྱུང་སྟེ།། གྲུབ་པ་མེད་པ་རྣམས་ལ་ཡང་།། དངོས་གྲུབ་ཐམས་ཅད་རབ་སྒྲུབ་བྱེད།། གང་ལ་དངོས་གྲུབ་མེད་གྱུར་དང་།། བསོད་ནམས་ཕྲན་ཚོགས་མེད་པའང་།། བདག་ཉིད་རྡོ་རྗེ་སེམས་དཔའ ་འམ།། རྒྱས་བཏབ་མྱུར་དུ་འགྲུབ་པར་འགྱུར།། གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག། སྙིང་པོ་ལ་སོགས་ཉེ་སྙིང་པོས།། བསྒྲུབ་བྱ་ཐུབ་པར་མ་གྱུར་ན།། ཙམ་བྷ་སོགས་ཀྱིས་རྒྱས་བཏབ་བྱ།། གང་ཕྱིར་གསང་བའི་ཕྱག་རྒྱ་ནི།། དངོས་གྲུབ ་ཀུན་གྱི་བདེ་དམ་པ།། རྡོ་རྗེ་སེམས་དཔའི་མཆོད་པ་མཆོག། དེ་ཡི་མྱུར་དུ་འགྲུབ་པར་འགྱུར།། དེ་ཉིད་ཆེན་པོ་འདི་གྲུབ་པ།། མཆོག་གི་བདག་ཉིད་དམ་པ་སྟེ།། མཆོག་ཏུ་གསང་བ་བསོད་ནམས་ལྡན།། སོ་སོ་སྐྱེ་བོ་ལ་བརྗོད་མིན།། རྡོརྗེ ་སློབ་དཔོན་སློབ་དཔོན་མཆོག། དེ་ཉིད་དང་བའི་རྗེས་འབྲང་ལ།། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། སྤྲིན་ཏོ་གཞན་ལ་སྦྱིན་མི་བྱ།། ཕྱག་རྒྱའི་རྒྱུད་འདི་འབའ་ཞིག་གི། བདག་ཉིད་གང་ལ་ཡོད་གྱུར་ན།། བདུད་ལ་སོགས་པ་ཐམས ་ཅད་ཀྱིས།། མི་ཐུབ་པ་དང་སོད་མི་འགྱུར།། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཀུན་མཆོག་དངོས་གྲུབ་ཀུན་སྤེལ་པ།། ཐམས་ཅད་མཛད་ཅིང་ཐམས་ཅད་མཁྱེན།། ཐམས་ཅད་བསྒྲུབ་པར་མཛད་པ་ཡིན།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔས་གསུངས་སོ།། དཔལ་མཆོག་དང་པོ་ལས་མཆོག་ཏུ་གསང་བ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུ་དཕྱག་རྒྱ་བཅུ་པ་རྫོགས་སྷོ།།། དེ་ནས་མཆོག་ཏུ་མཁས་ཤིང་ཕྲ་བ་ལ་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ ་ཤིན་ཏུ་མཐའ་ཡས་པ་ཚད་མེད་པ་ཅིང་གཞལ་དུ་མེད་ཅིང་བརྗོད་ཀྱིས་མི་ལང་ཞིང་རབ་ཏུ་ཁྱབ་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་བཤད་པའོ་ཞེས་བྱ་བ་བཅོམ་ལྡན་འདས་མཆོག་ཏུ་གྲུབ་པའི་རྡོ་རྗེས་གསུངས་སོ།། དེ་ལ ་ཕྱག་རྒྱ་བཅུ་ནི་བདག་ཉིད་ཐམས་ཅད་བསྐྱེད་པར་བྱེད་པའོ།། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམཚིག་ལས་བྱུང་བའོ།། སྔོན་དུ་དང་པོའི་དངོས་གྲུབ་ཐམས་ཅད་མཆོག་ལ་སོགས་པའི ་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མྱུར་དུ་གྲུབ་པར་བྱེད་པ་སྟེ། དེ་ལ་འདི་ནི་སྐུའི་ཕྱག་རྒྱ་སྟེ། བ་དན་གསུམ་པ་དང་ཁ་ཊྭཱཾ་གའི་ཕྱག་རྒྱ་བཅིངས་ནས་གཡོན་པ་དྲིལ་བུ་དང་བཅས་ཤིང་གཡས་པ་སྨད་པའི་ཚུལ་དུ་བྱེད་པ་སྟེ། སྒེག ་པ་དང་བཅས་པའི་འཛུབ་མོ་ལ་སོགས་པ་དཀྲོལ་བའི་གར་གིས་རྡོ་རྗེ་འདོད་པའི་དབང་ཕྱུག་མ་བསྟོད་པ་སྟེ། ཐམས་ཅད་ཀྱི་མཆོག་དངོས་གྲུབ་ཆེན་པོ་དབང་ཕྱུག་ཆེན་པོའི་མཆོག་གི་ཕྱག་རྒྱས་དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི ་དགྱེས་པའི་དམ་ཚིག་དངོས་གྲུབ་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་མ་ཞེས་བྱ་བ་སྟེ། དེས་རྡོ་རྗེ་སྙམས་མ་ཡོངས་སུ་གཏང་བར་བྱས་ན་དངོས་གྲུབ་བཞིར་འགྱུར་རོ།། རྡོ་རྗེ་བསྙེམས་མ་ཉིད་ཀྱིས་རྒྱས་བཏབ་ན་ཐམས་ཅད་ཀྱི་མཆོག་གི་དངོས ་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོའི་བདག་ཉིད་མི་འགྱུར་བའི་མཆོག་གོ། མདའ་གསོར་བས་རྒྱས་བཏབ་ན་རྡོ་རྗེ་ལྷ་མོ་རྣམས་ཀྱང་རྗེས་སུ་ཆགས་པར་བྱེད་ན་བུད་མེད་གཞན་རྣམས་ལྷ་མོས་ཀྱང་ཅི་དགོས།། རྡོ་རྗེ་ཀཱི་ལི་ཀཱི་ལས་རྒྱས་བཏབ ་ན་ལྷ་དང་ལྷ་མ་ཡིན་གྱི་བུད་མེད་ཐམས་ཅད་ཀྱི་བུད་མེད་ཐམས་ཅད་རོལ་པར་བྱེད་ཅིང་མ་གྲུབ་ན་ཡང་ཐམས་ཅད་སྒྲུབ་པར་ནུས་པ་ཡིན་ནོ།། ཆུ་སྲིན་གྱི་རྒྱལ་མཚན་སྒྲེང་བའི་ཕྱག་རྒྱ་འདིས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་གསོང་བའོ།།། ་རྡོ་རྗེ་འདོད་པའི་དབང་ཕྱུག་མས་ཡོངས་སུ་དགོད་ཅིང་ཕྲེང་བ་དོར་བའི་སྔགས་དང་ཕྱག་རྒྱས་བཏབ་པ་ཙམ་གྱིས་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་ཐོབ་པའོ།། མཆོག་ཏུ་གསང་བའི་རས་རིས་ཀྱི་ཕྱག་རྒྱ་ཅིག་བ་བཞིན་དུ་བརྗོད་པར ་བྱའོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་མཆོད་པས་རབ་ཏུ་དགའ་བ་ལ་སོགས་པའི་མཆོད་པ་ཐམས་ཅད་ཐོབ་པ་མི་ཟད་པའོ།། རྡོ་རྗེ་བསྟོད་པའི་ཕྱག་རྒྱས་སྲིད་པ་གསུམ་ཐམས་ཅད་བསྐྱོད་པ་དང་དབང་དུ་བྱེད་པའོ།། ་རྡོ་རྗེ་ནི་མཛད་ཀྱི་ཕྱག་རྒྱ་དང་རྐང་པས་བྷའི་གཟུགས་བརྙན་མནན་ཅིང་རྒྱས་བཏབ་ནས་སྡིགས་འཛུབ་བྱས་ཏེ། ལྷ་ལ་སོགས་པའི་སེམས་ཅན་དེ་དང་དེ་རིང་པོར་མི་ཐོགས་པར་རྒྱས་བཏབ་པས་བཀའ་བསྒོ་བ་ཐམས་ཅད་དང ་ལས་རྣམས་བྱེད་པར་འགྱུར་རོ།། སྟན་མཐོན་པོ་ལ་དཀྱིལ་ཀྲུང་ཕྱེད་པས་འདུག་སྟེ། རྐང་པ་གཡོན་པས་རྡོ་རྗེ་སེམས་དཔའི་གཟུགས་བརྙན་ཡང་མནན་ནས་རྡོ་རྗེ་གསོར་ཞིང་རྡོ་རྗེ་སེམས་དཔས་མནན་ནས། དངོས ་གྲུབ་ཡིད་དུ་འོང་བ་ཐམས་ཅད་དང་ཕུན་སུམ་ཚོགས་པ་རྣམས་ཉམས་སུ་མྱོང་ན་ལྷ་ལ་སོགས་པའི་སེམས་ཅན་ལྟ་སྤོས་ཀྱང་ཅི་དགོས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རང་གི་རྟགས་བཟུང་ནས་གཡས་པ་རྡོ་རྗེ་ལ་སོགས ་པ་སྟོང་པའི་ཚུལ་གྱིས་འཛིན་ཅིང་། ཡིད་ལ་འདོད་པའི་ལྷའི་བུ་མོ་ཐམས་ཅད་ལ་རྒྱས་འདེབས་ཤིང་སྟོབས་ཀྱི་ས་རོལ་པར་བྱེད་པ་འམ་སྒྲུབ་པར་བྱེད་པ་སྟེ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའོ།། ནས་དམ་ཚིག་གི་ཕྱག་རྒྱ་ནི་བདེ་བ་ཆེན་པོ ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ལས་བྱུང་བ་ནི་བཅུ་སྟེ་སྙིང་ཀ་ར་སེན་མོ་འདེག་པའོ།། ལྕགས་ཀྱུ་བརྡེག་པའོ།། གཡོན་པའི་ལྕགས་ཀྱུ་ལ་གཡས་པ་དེ་གཞུག་པའོ།། ལྕགས་ཀྱུའི་རྩེ་མོ་བཙིར་བའོ།། ཕན་ཚུན་སེམས་བྲུད ་པའི་སྙིང་ཀར་བྱས་པའོ།། ལྕེ་མཉམ་པར་བྱིན་པའོ།། སྙིང་ཀར་རྡོ་རྗེ་བརྟན་པར་རབ་ཏུ་གཞག་པའོ།། རྡོ་རྗེ་བྱ་བའོ།། རྩེ་བའི་ཕྱག་རྒྱ་ཡང་ངོ་།། འདི་རྣམས་ཀྱིས་དངོས་གྲུབ་དང་། ཕུན་སུན་ཚོགས་པ་དང་། བདེ་བ་དང་། ཕྱག ་རྒྱ་དང་། དམ་ཚིག་དང་། དཀྱིལ་འཁོར་དང་། ཆོས་དང་། ཡེ་ཤེས་དང་། ལས་དང་། བདེ་བ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་དོན་ཡོད་པ་ཐོབ་པར་འགྱུར་རོ།། དེ་ནས་གསང་བའི་དམ་ཚིག་གི་རྡོ་རྗེ་བསྡམས་པ་ལས་བྱུང་བའི ་ལས་བཅུ་ནི་དབུས་མའི་ལྕགས་ཀྱུས་སོ།། ཁ་སྦྱོར་གྱི་ནང་དུ་རྡོ་རྗེ་སོར་མོ་རྣམས་ཐམས་ཅད་ཀྱི་ལས་སོ།། མཐེ་བོ་རྡོ་རྗེའོ།། དེ་ཉིད་ཀྱིས་མཐིལ་གཉིས་སུ་བྲུད་པའོ།། འཛུབ་མོ་རྡོ་རྗེའོ།། དེ་ཉིད་ཀྱིས་ལྕགས་ཀྱུ་གཉིས ་སོ།། དབུས་མའི་རྡོ་རྗེའོ།། དེ་ཉིད་ཀྱིས་སོར་མོའི་རྩེ་མོ་བཅིང་བར་བྱའོ།། སྲིན་ལག་གི་རྡོ་རྗེའོ།། དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དག་གིས་རོལ་མོ་འོ།། མཐེའུ་ཆུང་གི་རྡོ་རྗེའོ།། དེ་ཉིད་ཀྱིས་མཐེ་བོ་གཉིས་ཀྱི་སེན་མོ་བཙིར ་བའོ།། འདི་རྣམས་ཀྱིས་བཏབ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་བསྒྲུབ་པ་དང་། རྗེས་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། དགུག་པ་དང་། རོལ་པ་དང་། ཆགས་པས་བཅིང་བ་དང་། ཐམས ་ཅད་སྨྲར་གཞུག་པ་དང་། གར་བྱེད་དུ་གཞུག་པ་དང་། དགོང་དུ་གཞུག་པ་དང་། གསོད་པའོ།། དེ་ནས་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅུ་ནི་རྡོ་རྗེ་གར་གྱིས་མཆོད་པ་ལྷ་དང་ལྷ་མ་ཡིན་གྱི་བུ་མོ་ཐམས་ཅད་དང་། བུ་མོ་གཞོན་ནུ ་མ་ཐམས་ཅད་བརྟན་པར་རྗེས་སུ་ཆགས་པ་ནི་རྡོ་རྗེ་ལྟ་བས་སོ།། རབ་ཏུ་དགའ་བའི་བསྒྲུབ་པ་ནི་མ་མཆུ་ནང་དུ་གཡོ་བར་བྱེད་པས་མྱ་བ་དང་བཏུང་བའོ།། ཆགས་པ་བརྟན་ཞིང་ལྟུང་བར་ནི་དབུགས་རིངས་པོར་གཏོང་བས་སོ།། ་དེ་ནས་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་ཐོབ་པ་ནི་དཔུང་པ་གཉིས་སྟོད་པས་སོ།། ཐམས་ཅད་ཀྱིས་མཆོད་པར་འགྱུར་བ་ནི་སྙིང་ཀར་གཞུག་པས་སོ།། ཡོད་པ་ཐམས་ཅད་རྙེད་པ་ནི་མིག་དགུག་པས་སོ།། འདོད ་པའི་ཆགས་པ་བསྐྱེད་པ་ནི་དབུས་དང་བཅས་པའི་དམན་པའི་གདོང་གིས་བལྟ་བས་སོ།། ཐམས་ཅད་འབེབས་པའི་མཆོག་ནི་རང་གི་སྙིང་ཕྲ་བར་བསྐྱོད་པའི་ལས་རྣམས་ཀྱིས་སོ།། འདོད་པའི་ཆགས་པ་གསང་བ་ནི་དབུགས ་བཏང་བས་རང་ཉིད་ལྡང་བར་བྱེད་པས་སོ།། འདོད་པ་ཐམས་ཅད་ཀྱི་རྗེས་སུ་སྤྱོད་པ་ལ་སོགས་པའི་ལས་ཐམས་ཅད་ཀྱི་བྱེད་པ་ནི་གའ་བསྒོ་བས་སོ།། དེ་རྣམ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བརྟན་པ་དག་གཡོ་བའི ་དངོས་པོ་ཐམས་ཅད་ལ་ཡང་ཉེ་བར་སྦྱོར་ན་དོན་ཡོད་གྲུབ་པས་སྐད་ཅིག་ཉིད་ཀྱིས་བཏན་ཞིང་མི་འགྱུར་བའི་དངོས་གྲུབ་ཀྱིས་རྒྱས་བཏབ་ན་དེ་འགྲུབ་པར་འགྱུར་རོ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས། ་སུངས་སོ།། དེ་ནས་ལས་ཀྱི་ཕྱག་རྒྱ་བཅུ་ནི་རྡོ་རྗེ་བསྙེམས་མའི་ཕྱག་རྒྱས་ཐམས་ཅད་བསྒྲུབ་པའོ།། རྡོ་རྗེ་མཚོན་ཆམས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་རྗེས་སུ་ཆགས་པའོ།། རྡོ་རྗེ་ཀཱི་ལི་ཀཱི་ལས་རབ་ཏུ་དགའ ་བའི་རེག་བྱ་དང་། དངོས་གྲུབ་ཐམས་ཅད་བདེ་བར་གྲུབ་པའོ།། རྒྱལ་མཚན་བསྒྲེང་བས་འཐབ་མོ་ཐམས་ཅད་ལས་རྣམ་པར་རྒྱལ་བའོ།། རྡོ་རྗེ་འདོད་པའི་དབང་ཕྱུག་མས་བདག་པོ་ཆེན་པོ་ཉིད་དོ།། དུས་ཀྱི་མཆོད་པས་མཆོད ་པར་འགྱུར་བ་ཉིད་དོ།། རྡོ་རྗེ་གསོ་བས་ཐམས་ཅད་འདུལ་བའོ།། རྡོ་རྗེ་དོར་རབས་ཐམས་ཅད་གསོད་པ་དང་། ཐམས་ཅད་འཕྲོག་པའོ།། གཡོན་པ་བསྙེམས་ཤིང་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་ལས་རྣམས་ཀྱིས་སྒྱུ་མ་དང ་འཕྲུལ་ཐམས་ཅད་དང་། སོ་སོར་སྟོན་པ་དང་། རྨུགས་པ་དང་། རེངས་པ་དང་། གཉིད་ལོག་ཏུ་གཞུག་པ་དང་། བསྐོར་བ་དང་། བསྐྲད་པ་དང་། འབྲུ་དང་ལྟུང་བ་འཕོ་བ་དང་། དབང་དུ་བྱེད་པ་ལ་སོགས་པའི་ལས་ཐམས་ཅད ་བསླབ་པར་བྱེད་པའོ།། རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་བཅུ་ནི་རྡོ་རྗེ་ཐལ་མོ་ལས་བྱུང་བའོ།། རྡོ་རྗེ་སྐུ་མཆོག་གིས་དངོས་གྲུབ་ཐམས་ཅད་དོ།། འཛུབ་མོ་གཉིས་ཀྱིས་ལྕགས་ཀྱུས་དངོས་གྲུབ་ཐམས་ཅད་དོ།། རྡོ་རྗེ་གནོད་སྦྱིན ་བྱས་བདུག་ཐམས་ཅད་ལ་སོགས་པའི་གདུག་པ་འདུལ་བའི་དེ་ཉིད་ཀྱིས་མཐེ་བོའི་རྡོ་རྗེས་བཀབ་པས་ཐམས་ཅད་རྙེད་པའོ།། དེ་ཉིད་ཀྱིས་མཐེ་བོ་གཉིས་བཅུག་པའི་གཙུག་ཏོར་རྡོ་རྗེས་ཐམས་ཅད་བསྲུང་བའི་མཐེ་བོ་རྡོ་རྗེ་ནང་དུ་བཅུ ་པ་དེ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པ་དང་དགུག་པ་དང་། དབང་དུ་བྱེད་པ་སྒྲུབ་པའོ།། མཐེའུ་ཆུང་རྡོ་རྗེ་སེན་མོ་གཉིས་ཀྱི་རྩེ་མོ་གཉིས་འཛུབ་མོ་གཉིས་ཀྱིས་ལེགས་པར ་གཟུང་བས་མཐོ་བ་ནི་དཔལ་དགུག་པ་དང་དབང་དུ་བྱེད་པའོ།། རྡོ་རྗེ་གནོད་སྦྱིན་གྱི་རྒྱལ་མོ་དེ་ཉིད་ཀྱིས་ནོར་ཐམས་ཅད་དང་དཔལ་དབྲོག་པའོ།། དེ་ཉིད་ཀྱི་དབུས་མ་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་རྩེམ ་ཡོངས་སུ་བཅིང་བས་བདུད་ལ་སོགས་པའི་གདོན་ལས་གྲོལ་བ་དང་། དབང་དུ་བྱས་ནས་ལས་ཐམས་ཅད་ལ་སྦྱོར་བའོ།། རབ་ཏུ་དགའ་བའི་རྡོ་རྗེས་ཡུལ་ཐམས་ཅད་ཀྱི་མཆོག་བསྒྲུབ་པའོ།། དེ་ནས་གསང་བའི་ཕྱག་རྒྱ ་རབ་ཏུ་དགའ་བའི་རྡོ་རྗེ་ལས་བྱུང་བའོ།། སེམས་དཔའ་མནན་ནས་རྡོ་རྗེ་ལྷ་མོ་རོལ་དུ་གཞུག་པའོ།། དེ་ཡང་རབ་ཏུ་དགའ་བའི་རྡོ་རྗེ་ཆེན་པོས་རྒྱས་བཏབ་པས་སོ།། རྡོ་རྗེ་དང་བཅས་པའི་རབ་ཏུ་དགའ་བའི་རྡོ་རྗེས་སོ།། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་ཚོགས་པ་དང་བྲལ་བའི་འཁོར་ལོས་སོ།། འཛུབ་མོ་དང་། དབུས་མ་དང་། སྲིན་ལག་གི་འཁོར་ལོ་སྒྲེང་བར་བྱས་ལ་མཐེ་བོ་དང་། མཐེའུ་ཆུང་མཉམ་ལ་དྲལ་བར་བྱ་སྟེ་རབ་ཏུ་དགའ་བའི་རྡོ་རྗེ་བསྒྲུབ་པ་དེ་ཁོ་ན་ཉིད་ཀྱིས ་རྒྱས་བཏབ་ཅིང་བསྒྲུབ་པར་འགྱུར་རོ།། བཅི་བས་འདོད་པ་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱེད་པའོ།། འཛུབ་མོ་ལྕགས་ཀྱུས་འདོད་པ་ཐམས་ཅད་ཀྱི་བདེ་བ་དགུག་པའོ།། འཛུབ་མོས་ཕྲག་དོག་ལ་སོགས་པའི་འདོད་པ་ཐམས་ཅད ་ཀྱི་སྡུག་བསྔལ་རབ་ཏུ་ཞི་བའོ།། རྟགས་བསྟོད་པས་རབ་ཏུ་དགའ་བ་འབེབས་ཤིང་དེ་ནས་བསྒྲུབ་པའོ།། སྐུ་གནས་གཡོ་བས་བུད་མེད་དང་སྐྱེས་པདག་གིས་རབ་ཏུ་དགའ་བ་ལ་འཇིག་རྟེན་ལས་འདས་པའི་འདོད་པ་ཐམས་ཅད་ཀྱི་བདེན་པ ་ཆེན་པོ་ཤིན་ཏུ་མཐའ་ཡས་པའོ།། ཁ་སྦྱོར་བཅིང་བས་ཅི་སྲིད་འཚོ་བའི་བར་དུ་འདུས་པ་དང་བྲལ་བ་ཡང་ངོ་།། རྟགས་ཀྱི་སེན་མོ་གཡོན་པའི་མཐིལ་བྲུད་པས་ཤིན་ཏུ་བརྟན་པའི་འདོད་པ་ལ་ཆགས་པ་ཉིད་དུ་འགྱུར་རོ།། གཞན་གྱི་འདོད ་པ་དང་མི་ལྟ་ཞིང་གཞན་ལ་མི་འགྲོ་བར་ཤིན་ཏུ་བདེ་བ་དང་ཡིད་བདེ་བ་སྟེར་བའི་བུད་མེད་ཐམས་ཅད་འགྲུབ་པར་འགྱུར་རོ།། སྐྱེས་གནས་ཀྱི་སེན་མོ་བྲུད་པས་སྐྱེས་བུ་རྣམས་སོ།། དེ་ནས་ཐམས་ཅད་ཀྱི་བདག་ཉིད་ཀྱི་གསང་བའི་ཕྱག ་རྒྱ་བཅུ་སྟེ།། དེ་ལ་ལུས་ཐམས་ཅད་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁ་ཚུར་གཉིས་ཀྱིས་འཁྱུད་ལམ་མཆུ་སོ་རྣམས་ཀྱིས་བཟུང་སྟེ། རྨོངས་པས་བདེ་བ་སྟེང་དུ་གཞུག་བསྒྲུབ་པས་རབ་ཏུ་དགའ་བའི་དངོས་གྲུབ་ཀྱིས་རྡོ་རྗེ་སེམས་དཔའ་ཤིན་ཏུ ་འགྲུབ་པར་འགྱུར་རོ།། མཆོག་དང་པོའི་དངོས་གྲུབ་ཀྱིས་སུ་ར་ཏ་སྟྭཾ་ཞེས་བཅོམ་ལྡན་འདས་ལ་བརྗོད་ཅིང་དེ་ཁོ་ན་ཉིད་བསྐུལ་བ་གྲུབ་པར་འགྱུར་རོ།། རབ་ཏུ་དགའ་བའི་ཡེ་ཤེས་ཀྱིས་ཐམས་ཅད་བསྒྲུབ་པའོ།། ལག་པ་གཡོན་པའི་བུ་ཚུག་པར ་རེག་ན་ཐམས་ཅད་བསྒྲུབ་པའོ།། བདེ་བ་ཆེན་པོ་རྡོ་རྗེ་ལས་བླང་བའི་རྡོ་རྗེ་ཆེན་པོའི་ལྟབས་ཐམས་ཅད་གྲུབ་པའོ།། སྨིན་བགྱེན་དུ་བཏེག་པས་ལྟུང་བ་སློང་བའོ།། ང་གི་མ་མཆུ་ནང་དུ་མྱང་བས་སྐལ་བ་བཟང་པོ་ཆེན་པོ་བསྒྲུབ་པའོ།། ་རང་གི་ལྕེ་བསྐྱོད་པས་རང་ཉིད་ཀྱི་བདེན་པ་ཐམས་ཅད་དང་དེ་ཁོ་ན་ཉིད་གསལ་ཞིང་མི་སླུ་བར་སྨྲ་བའོ།། རང་གི་ལུས་ལ་འབེབས་པས་གཟུགས་ཐམས་ཅད་ཡོངས་སུ་བསྒྱུར་བ་སྟེ། རྡོ་རྗེ་སེམས་དཔའ་འམ་སངས་རྒྱས་སུ་ཡང་འགྱུར་བ ་ཡིན་ནོ།། རང་གི་བདག་ཉིད་རྡོ་རྗེ་བསྒོམས་པས་ནམ་མཁའ་ལ་འགྲོ་བའོ།། དེ་ནས་དང་པོ་ལས་ཐམས་ཅད་ཀྱི་ཕྱག་རྒྱ་བཅུ་ནི་རྡོ་རྗེ་ཐལ་མོ་ཁ་ཊྭཱཾགས་སོ།། དངོས་གྲུབ་ཐམས་ཅད་རྡོ་རྗེ་ཁུ་ཚུར་དག་གིས་སོ།། དེ་བཞིན་གཤེགས་པའི ་ཁུ་ཚུར་དག་གིས་དངོས་གྲུབ་ཐམས་ཅད་དོ།། ཐམས་ཅད་གསོད་པ་ནི་ཁྲོ་བོའི་ཁུ་ཚུར་དག་གིས་སོ།། ཐམས་ཅད་སྦྱར་བའི་པད་མའི་ཁུ་ཚུར་དག་གིས་སོ།། ནོར་ཐམས་ཅད་དབྲོག་པ་ནི་ནོར་བུའི་ཁུ་ཚུར་གྱིས་སོ།། ཐམས་ཅད ་འབེབས་པ་ནི་ཐམས་ཅད་འབེབས་པའི་ཁུ་ཚུར་གྱིས་སོ།། ཐམས་ཅད་གར་བྱེད་དུ་གཞུག་པ་ནི་ཁ་ཊྭཱཾ་ག་གཏོར་བའི་ཁུ་ཚུར་དག་གིས་སོ།། ཐམས་ཅད་སྨད་གཞུག་པ་ནི་འཛུབ་མོ་མཉམ་པའི་ལྕེའི་ཁུ་ཚུར་དག་གིས་སོ།། ཐམས། ་ཅད་བསྟོད་པ་ནི་བརྟན་པའི་འུ་ཚུར་དག་གིས་སོ།། ཐམས་ཅད་གཞུག་ཅིང་དོན་ཡོད་པར་བསྒྲུབ་པར་ནི་རྡོ་རྗེ་ལུགས་ཀྱུའི་ཁུ་ཚུར་གྱིས་སོ།།། དེ་ནས་རྡོ་རྗེ་ཁ་ཆུང་གཉིས་ཀྱིས་ཅི་འདོད་པའི་ལག་པའི་སོར་མའི་ཕྱག་རྒྱ་བཅུ་སྟེ། ་དོན་ཡོད་ཅིང་ཐོགས་པ་མེད་པར་སྐད་ཅིག་མས་མྱུར་དུ་གྲུབ་པར་བྱེད་པ་འདི་ལྟ་སྟེ། པི་བང་དང་། གླིང་བུ་དང་། རྫ་རྔ་དང་། མུ་ཀུཎ་ཌ་དང་། ཆ་ལང་དང་། རྔ་བོ་ཆེ་དང་། རྔ་ཟླུམ་དང་། རྔ་པ་ཌ་ཏ་དང་། འགུན་ཛ་དང་། ཏི་མི་ལ་སྟེ། འདི ་རྣམས་ཀྱིས་རྒྱས་བཏབ་ན་ཐམས་ཅད་དུ་རྗེས་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། འབེབས་པ་དང་། རིམས་དང་། དྲུག་དང་། སྨར་དུག་དང་། གདོན་ལས་གྲོལ་བ་དང་། གསོད་པ་དང་འཐབ་མོ་ལས་རྣམ་པར་རྒྱལ། ་བ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་ཡིན་ནོ་ཞེས་བྱ་བ་གསུངས་སོ།། འདོད་ཆགས་ཆེན་པོས་རྣམ་དག་ཕྱིར།། རྡོ་རྗེ་སེམས་དཔའ་ཆེན་པོ་ཡིན། ཕྱག་རྒྱའི་རྟོག་པ་རབ་ཏུ་བརྟགས།། རྡོ་རྗེ་སློབ་དཔོན་སློབ་མ་མཆོག། དེ་ཉིད ་དད་པའི་རྗེས་འབྲངས་ལ།། རྟོགས་པ་ཙམ་གྱིས་སྐད་ཅིག་གིས།། དོན་ཡོད་ཀུན་གྲུབ་བདེ་བར་གསོལ། ཞེས་བྱའོ།། དཔལ་མཆོག་དང་པོ་ལས་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་རྫོགས་སོ།། ་དེ་ནས་མཆོག་ཏུ་མཁས་ཤིང་མཐའ་ལས་འདས་པ་ཚད་མེད་ཅིང་གཞལ་དུ་མེད་པ་མ་ལུས་ཤིང་ལུས་པ་མེད་པའི་མཆོག་གི་དངོས་གྲུབ་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་དམ ་པ་གྲུབ་པ་ཞེས་བྱ་བ་རྡོ་རྗེ་གར་ལས་བྱུང་བའི་ཚོགས་ཐམས་ཅད་ཀྱི་ཕྱག་རྒྱ་སྟོང་བཤད་པར་བྱའོ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། ཕྱག་རྒྱ་ཆེན་པོ་མཉམ་བཞག་ནས།། སྒེག་བཅས་འཛུམ་ལ་སོགས ་བཀྲོལ་བ་ཡིས།། ལས་ཀྱི་ཕྱག་རྒྱ་ཆེན་པོ་བརྒྱ།། ཐམས་ཅད་གར་གྱིས་བསྒྲུབ་པར་བྱ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ལྕགས་ཀྱུས་ཁྱད་པར་དུ་ལས་ཀྱི་ཕྱག་རྒྱ་བཅིང་བ་སྟེ་བརྒྱ་ཕྲག་དང་པོ་མཆོག་ཏུ་བསྒྲུབས་ཏེ་རྡོ་རྗེ་དམ་ཚིག་ལྷ་མོ ་རྣམས་ཀྱིས་ཕྱག་རྒྱའོ།། རྡོ་རྗེ་བསྡམས་པ་བཅིངས་ནས་ནི།། ཁ་སྦྱོར་ནང་དུ་གསལ་བ་སྟེ།། མཆོག་དང་པོའི་གསང་ཆེན་གྱིས།། ལས་ཀྱི་ཕྱག་རྒྱ་རྒྱ་གཞན་ཡིན་ཞེས་བྱ་བ་རྡོ་རྗེ་ལྷ་མོ་གསང་བ་ཐམས་ཅད་ཀྱི་ཕྱག་རྒྱའོ།། རྡོ་རྗེ་ལས་ཀྱི ་མཆོད་པ་ཆེའི།། ཐལ་མོས་སྤྱི་བོར་བཟུང་ནས་ནི།། ལས་ཀྱི་ཕྱག་རྒྱ་གྲུབ་པས་ན།། དབང་པོ་རྣམས་དང་སྦྱར་བར་བྱ།། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་མཆོད་པ་ཆེན་པོའི་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ།། རྡོ་རྗེ་སྙེམས་མས་གར་བྱ་ཞིང་།། སྒེག ་བཅས་མཐེའུ་ཆུང་སོགས་བཀྲོལ་བས།། དེ་ཉིད་བཅིངས་ནས་གར་བྱ་ཞིང་།། ཁྱིམ་འདི་ནི་འབྱུང་བ་ཡིན།། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱིལས་དོན་ཡོད་པའི་དམ་ཚིག་གྲུབ་པའི་དབང་ཕྱུག་ཆེན་པོའི་མཆོག་གི་ཕྱག་རྒྱ་བརྒྱའོ།། རྡོ་རྗེ་ཐལ ་མོ་མཉམ་བཞག་ནས།། ཐམས་ཅད་ཀྱི་ནི་བསྒྲུབ་པར་བྱ།། མཆོག་དང་པོའི་ལས་ཆེན་པོའི་ཕྱག་རྒྱ་མཆོག་གཞན་ཡིན་ནོ་ཞེས་བྱ་བ་རྒྱལ་མོ་ཐམས་ཅད་ཀྱི་ཕྱག་རྒྱ།། མདའ་ལྔ་བསྡུས་པ་བཅིངས་ནས་ནི། ལས་ཀྱི་ཕྱག་རྒྱ་བདེ་བརྒྱ། ་རབ་ཏུ་དགའ་མཆོག་མ་བཀྲོལ་བར།། བདེ་བ་ཉིད་དུ་མངོན་པར་སྦྱར།། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་འདོད་པ་མའི་ཕྱག་རྒྱའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། ཅི་བཞིན་ཕྱག་རྒྱ་མཆོག་སྦྱོར་བས།། ལས་ཀྱི ་ཕྱག་རྒྱ་སྣ་ཚོགས་བརྒྱ།། མཆོག་དང་པོ་ནི་རབ་ཏུ་རྟག། ཅེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལྷ་མོའི་ཕྱག་རྒྱའོ།། རྡོ་རྗེ་ལྷ་མོའི་ཁ་ཊྭཱཾ་ག། ལུས་ཀུན་གྱི་ནི་གར་བྱ་ཞིང་།། རྡོ་རྗེ་གར་མཆོག་གླུ་བླང་ཞིང་།། དང ་བོའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའོ།། ཅི་ལྟར་གོང་དུ་རྒྱས་གསུངས་པ།། རོལ་མོ་མཆོག་གི་ཕྱག་རྒྱའི་ཚོགས།། རོལ་མོ་རྡུང་ཞིང་དགླུ་ལེན་པ།། ཕྱག་རྒྱ་ཀུན་གྱིས་གསལ་བརྒྱ། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་ལྷའི་བུ་མོའི་ཚོགས་ཀྱི ་ཕྱག་རྒྱ་སྟེ་ཕྱག་རྒྱ་སྟོང་མཆོག་ཏུ་གྲུབ་པའོ།། དེ་ལ་སོགས་པ་མཐའ་ཡས་མཆོག། ཆོས་དབྱིངས་མཉམ་དང་མི་མཉམ་པ།། ནམ་མཁའི་མཁའ་ལྟར་གྲངས་མེད་པའི།། ཕྱག་རྒྱའི་རྒྱལ་མོ་གྲུབ་མཆོག་སྟེར།། ཀུན་མཆོག ་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོའི་མཆོག་གྲུབ་ཕྱིར།། ནམ་མཁའ་ཀུན་གྱི་གོ་སྐབས་ཀྱིས།། དཀྱིལ་འཁོར་འདིར་ནི་རབ་ཏུ་ཞུགས།། དམ་པ་མཆོག་ཏུ་གྲུབ་པ་དང་།། དམ་པ་མཆོག་ཏུ་གྲུབ་པར་བྱེད།། མཆོག་གི ་དམ་བརྒྱུད་ཆེན་པོ།། དམ་པ་མཆོག་གི་དངོས་གྲུབ་སྟེར།། རྡོ་རྗེ་སློབ་དཔོན་སློབ་མ་མཆོག། དེ་ཉིད་དད་པའི་རྗེས་འབྲངས་ལ།། ཕྱག་རྒྱ་ཀུན་གྱི་ཚུལ་འདི་ནི།། བསྟན་པར་བྱ་སྟེ་གཞན་ལ་མིན།། དེ་ལྟར་མཆོག་ཏུ་མི ་འགྱུར་དམ་པའི་དངོས་གྲུབ་བདེ་བ་ཡི།། མཆོག་ཏུན་མ་དག་རྡོ་རྗེ་བ་དེ་གྲུབ་མཐའ་ཡས་འབྲས་བུར་ལྡན།། དཔལ་མཆོག་དང་པོའི་གསལ་བའི་དེ་ཉིད་མཆོག་གི་རྩཝའི་ཚུལ་ལོ།། མཆོག་ཏུ་རྟག་པའི་རྟོག་པའི་ཚུལ་འདི ་ཡོངས་སུ་མཐར་ཐུག་པའོ།། དཔལ་མཆོག་དང་པོ་ལས་དམ་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་རྫོགས་སོ།།།། དེ་ནས་སེམས་དཔའ་ཆེན་པོ་ཀུན།། རྡོ་རྗེ་འཛིན་དང་བཅས་པའི་མཆོག། རྡོ་རྗེ་འཆང ་ཆེན་གཙོ་བོ་ནི།། མགོན་ལ་བདེ་གཤེགས་རྣམས་ཀྱིས་གསོལ།། ཀུན་མཆོག་ནམ་མཁའ་ཆེན་པོ་ཡི།། དངོས་གྲུབ་དབང་ཕྱུག་རབ་གྲུབ་ཕྱིར།། རྟོག་པ་ཐམས་ཅད་ཀུན་བསྡུས་པའི།། དེ་ཉིད་སེམས་དཔའ་ཆེན་པོས ་གསུངས།། རྣམ་རྟོག་མེད་པའི་ཆོས་རྣམས་ལ།། རྟོག་པའི་དོན་འདི་གང་བརྗོད་པ།། གང་གིས་རྒྱུད་འདི་ཕྱི་མ་ལ།། དང་པོའི་གནས་མཆོག་ཅི་ལྟར་ལགས།། དེ་བཞིན་རྡོ་རྗེ་སེམས་དཔའ་ཉིད།། རབ་དགའ་ཉིད་དང་བཟང་བ ་ཉིད།། རྡོ་རྗེ་སྙེམས་བདག་ཅི་ལྟར་ལགས།། སེམས་དང་སེམས་དཔའ་ཏིང་འཛིན་དང་།། དེ་བཞིན་རྡོ་རྗེ་རྡོ་རྗེ་འཛིན།། རྡོ་རྗེ་འཆང་ཆེན་ཉིད་དང་ནི།། བྱང་ཆུབ་སྤྱོད་པ་ཅི་ལྟར་ལགས།། བདུད་དང་བདུད་ལས་རྒྱལ་བ་ཉིད།། བྱང་ཆུབ་སངས ་རྒྱས་ཅི་ལྟར་ལགས།། རྡོ་རྗེ་གཏུམ་པོ་ཐར་བྱེད་ཉིད།། ཕྱག་ན་རྡོ་རྗེ་ཅི་ལྟར་ལགས།། ཅི་ལྟར་དང་པོའི་རིགས་བྱུང་དང་།། འདོད་པ་ཐར་པ་ཅི་ལྟར་ལགས།། ཅི་ལྟར་མགོན་པོ་རྣམ་གསུམ་དང་།། ཁྱོད་ནི་ཅི་ལྟར་ཐམས་ཅད་ཉིད།། དང ་པོའི་སྙིང་པོ་ཅི་ལྟར་བྱུང་།། དེ་ཅི་ཉེ་སྙིང་ཅི་ལྟར་ལགས།། བདེ་ཆེན་རྡོ་རྗེ་ཆེན་པོ་ཡི།། དོན་ཡོད་དམ་ཚིག་ཅི་ལྟར་ལགས།། དཀྱིལ་འཁོར་ཞེས་བྱ་ཅི་སྐད་གསུངས།། དེ་ཡིན་མ་སྨིན་ཅི་ལྟ་བུ།། ཐིག་གདབ་པ་དང་བརྟག་པ་ཡིས།། ་དངོས་གྲུབ་ཅི་ལྟར་གསུངས་པ་ལགས།། གསང་བ་ལྔ་ཡི་དེ་བདེ་བ།། ཅི་ལྟར་གྱུར་པ་ཅི་ལྟ་བུ།། དཀྱིལ་འཁོར་བདག་པོ་རྣམས་དང་ནི།། རིགས་རྣམས་གསལ་བ་ཅི་ལྟར་ལགས།། ཐམས་ཅད་དབང་བསྐུར་དེ་ཉིད་དང་།། ཕྱག་མཚན ་ཚོགས་ཀྱི་དེ་ཉིད་དང་།། ཐམས་ཅད་དགུག་གཞུག་མཆོད་པ་ཆེ།། བདག་བྱིན་བརླབས་སོགས་སྒྲུབ་པ་ཚེ།། དེ་ནི་དེ་ཉིད་གསད་པ་དང་།། དོན་ཡོད་པ་ནི་མཆོག་ཉིད་དེ།། མི་འགྱུར་དམ་པ་གྲུབ་པའི་ཕྱིར།། ཐམས་ཅད་བདག་ཅག ་རྣམས་ལ་གསུངས།། ཞེས་བྱ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་མད་གསུངས་སོ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། རྟོག་པ་ཀུན་གྱི་བདག་པོ་ནི།། ཐེ་ཙོམ་ཚོགས་རྣམས་གསན་ནས་སུ། ་དེའི་ལན་ནི་གསུངས་པ་ཡིན།། དེ་ལ་རྟོག་པའི་དོན་གྱི་རྒྱུད་ཅི་ལྟར་ཡིན་ཞེ་ན།། རྣམ་རྟོག་མེད་པའི་ཆོས་རྣམས་ལས།། སེམས་ཅན་དོན་ནི་ཡོངས་རྟགས་པས།། དེས་ན་རྟོགས་པར་གསུངས་པ་སྟེ།། རྟོག་པ་ཡོངས་སུ ་དག་ཕྱིར་རོ།། དེ་ནས་རྒྱུད་ཕྱི་མ་ཅི་ལྟར་ཡིན་ཞེ་ན།། རྒྱུད་ནི་རྒྱུན་ཞེས་བྱ་བར་བཤད།། ཕྱི་མ་སྔར་དང་ཡང་དག་བྱུང་།། དེ་ཉིད་གསང་བའི་གསང་བ་དང་།། ཕྱི་མ་དང་བཅས་རྒྱུད་དུ་འདོད།། དེ་ལ་དང་པོ་གནས་ཤེས་བྱ་བའི ་རྒྱུད་ཅི་ལྟར་ཡིན་ཞེ་ན།། ནམ་མཁའ་ཀུན་ལ་རབ་ཏུ་གནས།། རྡོ་རྗེ་ཀུན་མཆོག་རབ་བཞིན་མཆོག། བདེ་བ་ཆེན་པོ་དགའ་བ་ཆེ།། གྲོང་ཁྱེར་དེར་ནི་མི་འགྱུར་མཆོག། ཅེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས ་དཔས་རྟོག་པ་ཐམས་ཅད་ཀྱི་རྟོག་པའི་དེ་ཁོ་ན་ཉིད་ཅེས་བྱ་བ་འདི་གསུངས་སོ།། དེ་ལ་ཐོག་མ་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ཅི་ལྟར་ཡིན་ཞེ་ན།། ནམ་མཁའི་སྐྱེ་བ་མཚན་ལྡན་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། ་སེམས་དཔའ་རྡོ་རྗེ་ཆེ་རང་བཞིན།། རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད།། དེ་ནས་བཅོམ་ལྡན་འདས་དེ་གང་ཡིན་ཞེ་ན།། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་པ་ཀུན་གྱི ་རྒྱལ།། རབ་ཏུ་དགའ་བ་མི་འགྱུར་མཆོག། དེ་ལ་བཅོམ་ལྡན་འདས་དགའ་བ་ཆེན་པོ་ཉིད་ཅི་ལྟར་ཡིན་ཞེ་ན།། ཉེས་པ་མེད་ཅིང་ཤིན་ཏུ་རྟག། འདོད་ཆགས་ཀུན་གྱི་རྗེས་ཆགས་པ།། དེ་ཉིད་འདི་ཡིས་གསང་བ་འདི། ་འདོད་ཆགས་ཆེན་པོ་དགའ་བ་ཆེ།། དེ་ལ་ཅི་ཀུན་ཏུ་བཟང་པོ་ཉིད་ཅི་ལྟར་ཡིན་ཞེ་ན།། ཤིན་ཏུ་དག་པ་ཀུན་གྱི་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། བྱང་ཆུབ་སེམས ་དཔའི་ཆོ་ག་མཆོག། དེ་ལ་རྡོ་རྗེ་བསྙེམས་བྱའི་བདག་པོ་བཅོམ་ལྡན་འདས་ཅི་ལྟར་ཡིན་ཞེ་ན།། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག། རྡོ་རྗེ་དབང་ཕྱུག་ཆེར་བསྟོད་པས།། རྡོ་རྗེ་བསྙེམས ་པའི་བདག་པོ་བདག་ཅེས་བྱ་བ་ནི་བཅོམ་ལྡན་འདས་མཆོག་དང་པོའི་སྐྱེས་བུའོ།། མཆོག་དང་པོའི་དེ་ཉིད་འདི།། རྡོ་རྗེ་སེམས་དཔའ་གང་ཡང་བརྗོད།། དངོས་གྲུབ་ཀུན་གྱི་འབྱོར་པ་རྣམས།། དེ་ལ་ཐམས་ཅད་གྲུབ་པར་འགྱུར།། ་ཞེས་བྱ་བ་མཆོག་གི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་དེའི་འོག་ཏུ་ལས་ཀྱི་བྱ་བས་བཅོམ་ལྡན་འདས་ཐམས་ཅད་ཀྱི་མཆོག་ཉིད་དུ་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས ་དཔས་གསུངས་སོ།། དེ་ལ་བཅོམ་ལྡན་འདས་ཐམས་ཅད་ཀྱི་སེམས་ཅན་ཅི་ལྟར་ཡིན་ཞེ་ན།། བསམ་གྱིས་མི་ཁྱབ་རྒྱ་ཆེ་བ།། ཟབ་དངོས་ཀུན་དེ་མི་འགྱུར་བ།། ཐམས་ཅད་ཁྱབ་ཅིང་དྲི་མ་མེད།། བྱང་ཆུབ་སེམས་ནི་བདག ་བརྟན་པ།། དེ་ནས་འདིའི་ལས་ཀྱི་ཁྱད་པར་ནི།། སེམས་ཉིད་བརྟན་པ་ཉིད་སེམས་པས།། ཏིང་འཛིན་དེ་ལ་མཉམ་པར་གནག། རྣམ་ཤེས་ལས་ནི་རྡོ་རྗེ་ཀུན།། རྡོ་རྗེ་ལས་ནི་འཛིན་འགྱུར་ཏེ།། བཅོམ་ལྡན་འདས་རྡོ་རྗེ་འཛིན ་ཅེས་ཡིན་ནེན།། སེམས་དཔའི་བྱིན་པ་རླབས་སྦྱོར་བ་ནི།། བདག་ལ་བྱིན་པརླབས་མཆོག་བསྒྲུབ་པ།། ཉིན་རེ་སྒྲུབ་པར་བྱེད་ན་དེས།། རྡོ་རྗེ་སེམས་དཔའ་ཉིད་ཐོབ་འགྱུར།། དེ་ལ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་འི་སྤྱོད་ལ་ཅིག ་ཡིན་ཞེ་ན།། སྙིང་སྟོབས་རྡུལ་དང་མུན་པས་ཀྱང་།། གང་ཕྱིར་སེམས་ཅན་དོན་གྲུབ་པས།། ད་ཕྱིར་དེ་ནི་ཀུན་ཏུ་བཟང་།། བྱང་ཆུབ་སྤྱོད་པའི་རྗེས་འཇུག་པའོ།། དེ་ལ་ཅི་སྟར་བཅོམ་ལྡན་འདས་བདུད་ཉིད་དང་འདུལ་བས་རྒྱལ་བ ་ལྟར་ཡིན་ཞེ་ན།། སེམས་ཉིད་ཁོ་ན་བདུད་ཉིད་དེ།། སེམས་ཉིད་དེ་བཞིན་གཤེགས་པའོ།། རང་སེམས་གདུལ་བར་བྱ་བའི་ཕྱིར།། བདག་ནི་བདུད་ཉིད་གྱུར་པ་ཡིན།། དེ་ལ་ཅི་ལྟར་བཅོམ་ལྡན་འདས་མངོན་པར་རྫོགས་པའི་བྱང ་ཆུབ་དང་སངས་རྒྱས་ཡིན་ཞེ་ན།། རང་སེམས་སོ་སོར་རྟོག་པའི་ཕྱིར།། བྱང་ཆུབ་སེམས་མཆོག་རྡོ་རྗེ་ཉིད།། དེ་ཕྱིར་དེ་ཉིད་སངས་རྒྱས་ཉིད།། བདག་བྱིན་བརླབས་མཆོག་གྲུབ་ཕྱིར་རོ།། དེ་ཅི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན། ་ཞེ་ན། མི་བྱེད་སོ་སོར་རྟོགས་པ་དང་།། གདུག་པ་ཐམས་ཅད་ངེས་པར་གནོན།། སངས་རྒྱས་ཀུན་དངོས་རྡོ་རྗེ་སྟེ།། བྱང་ཆུབ་སེམས་ནི་བརྟན་པ་བདག། ཀུན་ཏུ་བཟང་པོའི་ལག་ཏུ་ནི།། མཚོན་ཆ་དེ་ནི་རྒྱལ་བས་བྱིན།། བརྟན་པ་ཐམས ་ཅད་གྲུབ་པའི་ཕྱིར།། དེས་ན་ཕྱག་ན་རྡོ་རྗེ་དེས།། དེ་ལྟ་ཅི་ལྟར་དང་པོའི་རིགས་ལས་བྱུང་བས་ཤེས་པའི་རྒྱུད་ཡིན་ཞེ་ན།། ཤེས་རབ་ཕ་རོལ་བྱིན་པ་ཡུམ།། ཡབ་ནི་ཐབས་ལ་མཁས་པ་སྟེ།། རྡོ་རྗེ་སེམས་དཔའ་གདུལ་བྱའི་ཕྱིར། ་རིགས་རྣམས་རབ་ཏུ་བྱུང་བའོ།། དེ་ལ་ཅི་ལྟར་བཅོམ་ལྡན་འདས་འདོད་དང་ཐར་པ་ཡིན་ཞེ་ན།། བཅོམ་ལྡན་འདས་ནི་ཆགས་པ་ཆེ།། དངོས་གྲུབ་ཐམས་ཅད་རྗེས་ཆགས་ཕྱིར་དངོས་གྲུབ་ཐམས་ཅད་མི་འགྱུར་བ་དེ།། བདེ་བ་ཆེན་པོ་ཞེས ་བརྗོད་པའོ།། དེ་ལ་ཅི་ལྟར་བཅོམ་ལྡན་འདས་རྣམ་པ་གསུམ་ཡིན་ཞེ་ན། བདག་ནི་དུས་གསུམ་མཐའ་ཡས་ཕྱིར།། དེ་ནི་སྲིད་གསུམ་གདུལ་བྱའི་ཕྱིར།། གསུམ་མཆོག་འཇིག་རྟེན་གསུམ་ཀུན་ཕྱིར།། འཇིག་རྟེན་གསུམ་ང་ཁམས ་གསུམ་པ། དེ་ལ་ཅི་ལྟར་བཅོམ་ལྡན་འདས་ཐམས་ཅད་ཉིད་ཞེ་ན།། དེ་ཉིད་བརྟན་པ་ཐམས་ཅད་པདེ།། བསོད་ནམས་ཀུན་མཆོག་ཆེ་བའི་ཕྱིར།། གཡོ་བ་སེམས་ཀྱིས་འདུས་བྱས་ཕྱིར།། སྒྱུ་མ་ཐམས་ཅད་ང་ཡིན་ནོ།། ཞེས་བྱ་བ་དང ་གི་ལས་ཀྱི་བྱ་བའི་དེ་ཁོ་ན་ཉིད་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་ཅི་ལྟར་དང་པོའི་གླུ་བྱུང་བ་ཤེས་པ་ཡིན་ཞེ་ན། སྲིད་པ་ཤིན་ཏུ་གྲུབ་པ་ཡི།། དབང་ཕྱུག་ཆེན་པོ་མཆོག་གྲུབ་ཕྱིར།། གཟི་ཅན་སེམས་ཅན་དོན་མཛད་ཕྱིར།། སྐལ ་པ་ཐོག་མར་བཅོམ་ལྡན་འདས་ཀྱིས་གསུངས།། དེ་ནས་དེ་གང་ཡིན་ཞེ་ན། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས་རབ་ཏུ་དག་བ་མི་འགྱུར་མཆོག། གསང་བའི་ཕྱིར་ནི་སྙིང་པོར་བརྗོད།། ཡི་གེ་ཧཱ་ནི་མི་འགྱུར་མཆོག། དེ་ནས་ཉི་བའི་སྙིང་པོ་ཡི།། དེ་ཁོ་ན་ཉིད་ཤེས་པ་ནི།། དེ་ཉིད་གསང་ཞིང་གསང་བ་དང་།། སྙིང་པོ་རབ་ཏུ ་འརྗོད་པར་བྱ།། སྙིང་པོ་རྗེས་སུ་སྒྲུ་བ་པར་བྱུག།། བའི་སྙིང་པོག་དུ་བརྗོད།། དེ་བ་ཅི་ལྟང་བདེ་བ་ཆེན་པོ་ཛ་དོན་ཡོད་པདམ་ཚིག་གི་བཤད་པའི་རྒྱུད་ཡིན་ནེ་ན། ས་ཅུ་བཀུན་གྱི་མི་འགྱུར་བདེ།། དེ་བ་ཆེན་པོ་ཞེས་བརྗོད་དོ།། རྡོ་དེགི་དོན་ཡོད་ཀུག། དང་ཚིག་འདའ་བ་དཀའ་བའོ།། ཞེས་བྱ་འི་མཆོག་གི་དམ་པའི་རྒྱུ་མལྡན ་ག་རྡོརྗེ་སེམས་དཔས་གསུངས་སོ།། དེ་བ་ཅི་ཀྱི་ཅོ་བྱི་ན་ཤེས་པ་ཡིན་ནེན། ལྟ་གནས་དང་འོར་ཡོ་དང་། ཙིཿ་དརྒོད་ང་གྲོ་བ་དང་། འོད་དང་ཅས་པ་རྒོད་པ་གང། དེ་སུའི་འོར་ལོམ་ཆོག་གིས་སྦྲུལ།། དེནས་རྣམ་པར་ཤེས་པ་ནི། སེམས་སྩོགས་ལྷ་རྣམས་ཀྱི། འཁོར་ལོ་མངོན་སུམ་མཐོང་བ་ཡིས།། ་ན། པའི་བསོད་ནམས་ཅི་འདྲ་བ།། བྱིར་ན་བྲིས་ནའང་དེ་བཞིན་ནོ།། དེ་ནས་ཐིག་གདབ་ཆོག་ནི།། ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲིས།། ཕྱོགས་ཀུན་མཉམ་པ་ཉིད་དམིགས་ལ།། ཤར་དང་ནུབ་དང་བྱང་དང་ལྷོར།། ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད།། རྡོ་ཐིག་གིས་ཡོངས་བསྐོར་བ།། བབརྒྱད་ཀྱིས་ཉེར་མཛེས་ཤིང་།། སྒོ་བ་ནི ་རྟབབས་པ་ཁྱེར་དང་།། དབང་བྱེད་ལ་སོགས་བརྒྱད།། དེ་དག་པོ་དོན་ཤེས་པ་ནི་རྡོ་རྗེ་སེམས་དཔའ་ཇི་ལྟ་བུ་ཞེ་ན།། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག་རྡོ་རྗེ་སེམས་དཔའ་ཆེ་ར་བཞིན།། བལ་མཆོག་དང་པོ་ཞེས་བྱར་བརྗོད། དེན་བཅོམ་ལྡན་འདས་དེ་གང་ཞེ་ན།། ནམཆོག་དངོས་གྲུབ་ཆེན་པ་ཡི།། དབང་།། ་རྩུ་རྐྱེན་རྟོག་པ་།། དོན་ཛིན་པཀུན་རྒྱལ།། བདུ་ག་མི་བྱུང་མཆོག། བྱསཅོམ་ལྡན་དས་རྡོ་འཛི་པས་གསུས་སོ།། དེ་ནས་སྤྱན་དས་གཟིགས་དབང་གིས།། པད་མ་དཱག་དང་མཚུས་པ།། ཐམས་ཅད་དག་པ་ཐན་མེད།། རྣཾ་རྗེ་མས་དཔ ་རང་བདག་ཉིད།། སྟན་ངས་གཟིགས་ཀྱི་དང་དྲུག་ཉིད་དེ་ནས་པད་མའི་རིགས་ཀྱི་དེའོན་ཉིད་ནི།། རྡོནི་ཆོས་ནིར་བགྲུབ་བྱིར།། སེམས་ཅན་ཐམས་ཅད་རྣམ་དག་བྱིར།། པདམ་ཆེན་པོའི་རིགས་དག་པའི།། ཏིང་འཛིན་ཡེ་ཤེས་ཀུན་ནས་སྡུས་ཤེས་བྱའོ།། ་དེ་ཡིན་མ་པ་འོ་དང་པ་ཡིན་ནོ། ཐམས་ཅད་ནམ་མཁའ་བཅོམ་ལྡན་འདས། སེམས་ཅན་པསོད་ནམས་མཐོང་ཞིང་ཆེ། རྣམ་མ་པའི་སྙིང་བསེམས་དཔའ ་དང་། དེ་ནས་ནོར་བུའི་རིགས་ཀྱི་ནི།། དབང་བསྐུར་བ་དང་གཏེར་དང་ནི།། རྡོ་རྗེ་རྒྱལ་མཚན་མཆོད་པ་ཆེ།། ནོར་བུ་ཆེན་པོའི་རིག་གྲུབ་པ།། བསམ་པ་ཐམས་ཅད་ཡོངས་རྫོགས་པའོ།། ཞེས་བྱ་བ་དཀྱིལ་འཁོར་ཐམས་ཅད་ཀྱི་དེ་ལོ ་ན་ཉིད་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། རྡོ་རྗེ་རིགས་ཐམས་ཅད་ཀྱི་དབང་བསྐུར་བ་ཤེས་པ་ནི། སངས་རྒྱས་རིན་ཆེན་རྡོ་རྗེ་བྱེད།། རྡོ་རྗེ་རིན་ཆེན་རྡོ་རྗེ་ལ།། སྤྱན་རས་གཟིགས་ལ་རྡོ་རྗེ་སྐུ།། ནོར་བུ་ནོར། ་བུའཛིན་པའོ།། དེ་ནས་མཆོག་དང་པོའི་ཕྱག་མཚན་གྱི་དེ་ཁོ་ན་ཉིད་དོ།། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོའི་མཚོན་ཆ་ཆེ།། གསང་བ་ལྔ་ཡི་དེ་ཉིད་ཆེ།། རྡོ་རྗེ་རྩེ་ལྔ་ཞེས་བརྗོད་དོ།། དེ་ནས་རིགས་ཐམས་ཅད ་ཀྱི་ཕྱག་མཚན་གྱི་དེ་ཁོ་ན་ཉིད་ཤེས་པ་ནི།། སངས་རྒྱས་ཐམས་ཅད་སངས་རྒྱས་ཉིད།། སྣ་ཚོགས་བྱ་བ་རྡོ་རྗེ་ཅན།། འཇིག་རྟེན་དབང་ཕྱུག་རྡོ་རྗེ་ཆོས།། ནོར་བུ་ནོར་བུ་བསགས་པའོ།། ཞེས་བྱ་བ་དབང་བསྐུར་བ་ཐམས་ཅད་ཀྱི་ཕྱག ་མཚན་གྱི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་ཅི་ལྟར་ཐམས་ཅད་དགུག་པའི་རྒྱུད་ཡིན་ཞེ་ན། རྟོག་པ་ཐམས་ཅད་གསང་ཆེན་གྱིས།། རྡོ་རྗེ་ལྕགས་ཀྱུ་དྲིལ་བཅས་པས།། བཀུག་སྟེ ་ནས་རྗེས་བསྒྲུབ་པ།། དྲིལ་བུ་ཉིད་ཀྱི་བྱ་བ་ཡིན།། ཅི་ལྟར་མཆོད་པ་ཐམས་ཅད་ཀྱི་ཆོ་ག་ཡིན་ཞེ་ན།། རྟོག་པ་ཀུན་གྱི་གསང་ཆེན་གྱིས།། རབ་ཏུ་དགའ་བས་མཆོད་ནས་ནི།། གླུ་དང་རོལ་མོ་རྣམ་འཕྲུལ་བས།། མཆོད་དེ་སླར ་ཡང་རྣལ་འབྱོར་མཆོད།། དེ་ལ་ཅི་ལྟར་དངོས་གྲུབ་ཐམས་ཅད་ཀྱི་བྱིན་གྱིས་རླབས་པའི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཡིན་ཞེ་ན།། རྟོག་པ་ཀུན་གྱི་གསད་ཆེན་གྱིས།། ཕྱག་རྒྱ་ཀུན་གྱིས་ལེགས་བྱིན་བརླབས།། དམ་ཚིག་ཆེན ་པོ་འདི་ཉིད་ཀྱིས།། རང་ཉིད་བསྒྲུབས་ནས་སྙིང་པོ་བཟླས།། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་པའི་བདག་པོ་བདག། ཅེས་བྱ་བ་མཆོག ་དང་པོའི་སྐྱེས་བུའོ།། དེ་ཅི་ལྟར་རང་ལྷག་པའི་ལྷ་ཐམས་ཅད་ཀྱི་བསྒྲུབ་པ་ཆེན་པོའི་རྒྱུད་ཡིན་ཞེ་ན། བརྟན་པ་དང་ནི་གཡོ་བ་དང་།། རྟོག་པ་ཀུན་ལས་བསྒྲུབ་བྱ་གང་།། རང་གི་ལྷག་པའི་ལྷ་སྦྱོར་བས།། དེ་དག་ཐམས་ཅད ་བསྒྲུབ་པར་བྱ།། དེ་ནས་ཐམས་ཅད་རྗེས་སུ་བསྒྲུབ་པའི་རྒྱུད་ནི། རྡོ་རྗེ་དྲིལ་བུ་འཛིན་གྱུར་ནས།། རྡོ་རྗེ་དྲིལ་བུ་རབ་སད་ཅིང་།། རྟོག་པ་ཐམས་ཅད་རྗེས་བསྒྲུབ་པས།། མཆོག་དང་ལ་སོགས་འགྲུབ་པར་འགྱུར།། དེ་ལ་ཅི་ལྟར་འབད ་པ་མེད་པ་ཐམས་ཅད་བསྒྲུབ་པའི་རྒྱུད་ཡིན་ཞེ་ན། བསྒྲུབ་བྱ་ཅི་འདོད་བསྒྲུབས་ནས་ནི།། ཕྱི་ནས་ཅི་ལྟར་འདོད་པ་ཡིས།། ཅི་འདོད་སྤྱོད་པ་ལ་སྤྱོད་ཅིང་།། ཐམས་ཅད་བྱེད་ཅིང་ཐམས་ཅད་བཟའ།། ལངས་པ་འམ་ནི་འདུག་པའམ།། ་གང་དང་དེ་རུ་འཆག་པའམ།། དགོད་པ་དང་ནི་སྨྲ་བའམ།། གང་དེར་ཅི་བཞིན་དེ་བཞིན་ནོ།། དབང་པོ་གང་དང་གང་ལ་མ་གྱུར།། དེ་དང་དེ་ཡི་ངོ་བོར་བྱ།། མཉམ་པར་གཞག་ནས་རྣལ་འབྱོར་གྱིས།། རང་གི་ལྷག་པའི་ལྷ ་སྦྱོར་བྱ།། དེ་ཉིད་རྣལ་འབྱོར་འདི་ཡིས་ནི།། ཐམས་ཅད་ཉིད་ནི་བསྒྲུབ་པར་བྱ།། སངས་རྒྱས་ཀུན་དངོས་ཐམས་ཅད་ནི།། རྟག་ཏུ་མཐོང་ཞིང་གྲུབ་པར་འགྱུར།། དམ་ཚིག་ཆེན་པོ་དེ་ཉིད་ནི།། མཁས་པ་གང་ཞིག་དད་པས ་ཀློག། དེ་ནི་སྡིག་ཀུན་དང་བྲལ་བས།། དངོས་གྲུབ་ཀུན་གྱི་དབང་ཕྱུག་འགྱུར།། ཞེས་བྱ་བ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་དོ།། དེ་ལྟར་དཔལ་མཆོག་དང་པོའི་ཆོ་ག་མ་ཉམས་མཆོག་གི་བླ་མ་གསལ།། མཆོག་ཏུ་གསང ་བ་བསྒྲུབ་པའི་ཆོ་ག་བདེ་མཆོག་མྱུར་དུ་གྲུབ་ཕྱིར་གསོལ།། རྡོ་རྗེ་མཆོག་འཛིན་དང་བཅས་བདེ་གཤེགས་སྲས་བཅས་རྣམས་ཀྱིས་བྱིན་བརླབས་པ།། བདེ་ཆེན་དམ་པ་རྡོ་རྗེ་འཛིན་པ་དགའ་ཆེན་མཆོག་གིས་དེ་གསུངས ་སོ།། དཔལ་མཆོག་དང་པོ་ལས་མཆོག་ཏུ་གསང་བའི་ཆོ་ག། དེ་ནས་སྟོན་པ་རྡོ་རྗེ་འཛིན།། མཁའ་ལྟར་ཐུག་མེད་ཀུན་ཏུ་འགྲོ།། སངས་རྒྱས་ཀུན་གྱིས་བསྟོད་ནས་ནི།། རྟོག་པའི་མཐར་ཐུག་དོན་གསུངས་སོ།། བདག་གི་སྙིང ་པོ་དང་བདེ་མཆོག་ཆེན་པོའོ།། བདེ་ཆེན་མཆོག་གི་མཆོག་དང་རྗེས་སུ་ཆགས་པ་ཆེ།། ཀུན་མཆོག་སེམས་དཔའ་རྣམས་ཀྱི་རྟག་ཏུ་འབྱུང་གནས་ནི།། ཀུན་མཆོག་འབྱོར་པའི་དང་དྲུ་འདི་ནི་གསོ་བ་ཡིན།། མཐའ་ཡས་པ ་དང་ཐོག་མེད་མཐར་ཐུག་མེད་པ་ནི། མཆོད་བྱ་ཆེན་པོ་ཐམས་ཅད་རྣམས་ཀྱི་ཚུལ་ཆེན་པོ།། ནམ་མཁའ་དང་མཚུངས་མཆོག་གི་དངོས་འཕེལ་གསོལ།། དེ་ནི་སྲས་ཀྱང་མཐར་ཐུག་བྱེད་པར་ནུས་པ་མིན།། སེམས་ཅན་རྣམས ་ནི་དམན་ལ་ཞན་ཅིང་ཉུང་ལ་དགའ།། དད་པ་མེད་ཅིང་བསླུ་བ་བྱེད་ལ་མ་སྦྱངས་པ།། རྟག་ཏུ་རྗེས་སུ་ཆགས་ཤིང་ཆགས་བྲལ་ལ་ཆགས་པ།། དེ་རྣམས་ལ་ནི་ཕན་ཕྱིར་འདི་ནི་མཐར་ཐུག་པའོ།། གང་གི་ཁྱིམ་ན་འདི་གནས ་གང་གིས་རབ་ཏུ་བསྒྲུབས་པ་འམ།། ཡང་ན་ཇི་བཞིན་གསུངས་པ་རྟག་ཏུ་འདིར་བསྒྲུབ་བྱེད།། སོ་སོར་ཉམས་སུ་མྱོང་བའི་མཐུ་ཡིས་ཐམས་ཅད་དུ།། བདུད་ཀྱི་ལས་ཚོགས་རྣམས་ཀྱིས་དེ་ནི་གནོད་མི་ནུས།། རྡོ་རྗེ་འཆང ་སྩོགས་སྒྲ་ནི་གང་གིས་སྒྲུབ་བྱེད་པ།། གཟུགས་རྙན་ལས་སོགས་ཐམས་ཅད་འདིར་ནི་ཅི་བཞིན་གསུངས།། དེས་ནི་ཐམས་ཅད་སོ་སོར་ཉམས་མྱོང་ནུས་པར་ལྡན།། བདུད་ཀྱི་ལས་ཚོགས་རྣམས་ཀྱིས་དེ་ནི་གདོན་མི་ནུས།། ་གང་ཞིག་རྡོ་རྗེ་ལས་སོགས་གཟུགས་བརྙན་ལ་སོགས་པ།། ཅི་ལྟར་འདོད་པ་འདི་དག་ཐམས་ཅད་བསྒྲུབ་པར་བྱེད།། རབ་ཏུ་འདོད་པས་ཡི་གེ་ཧཱུཾ་ལས་བྲིས་ནས་ནི།། འདོད་པའི་དངོས་གྲུབ་དེ་ཡིས་སྟེར་ཞིང་ཐོབ་པར་འགྱུར།། ་རྒྱལ་པོ་རྣམས་ཀྱིས་རྣམ་པར་སྦྱངས་པར་མཛད་པ་ནི།། གང་ལ་དོན་ཀུན་དག་ཕྱིར་མཛད་པར་མི་འགྱུར་མིན།། འདིར་ནི་བགེགས་བྱེད་བདུད་རྣམས་ཀྱང་ནི་ཡོད་མ་ཡིན།། རྟོགས་པས་དངོས་གྲུབ་འཕེལ་ཞིང་བྱིན་གྱིས ་བརླབས་པ་ཡིན།། ང་ནི་བདུད་ཉིད་མི་འགྱུར་བརྟན་མེད་ཉིད་མི་འགྱུར།། བརྟན་པ་ཉིད་ཕྱིར་ང་ནི་བརྟན་པར་མཛད་པ་ཡིན།། རྟག་པ་འདི་ནི་མཆོག་ཆེན་གང་གིས་སྒྲུབ་བྱེད་པ།། དེ་ལ་དེ་ནི་དངོས་གྲུབ་མྱུར་དུ་སྒྲུབ་པར་བྱེད།། ་དངོས་གྲུབ་ཆེན་པོ་ལས་ཐམས་ཅད་དུ་རྗེས་སུ་ཆགས་ཤིང་ཤིན་ཏུ་མཉེས་པ་དང་།། ཤིན་ཏུ་བརྟན་པ་དང་། ཤིན་ཏུ་རྒྱས་པ་དང་། རྟག་ཏུ་རྒྱ་ཆེ་བར་འགྱུར་བ་ཡིན་ནོ།། གང་ཞིག་མཆོག་གི་རྒྱལ་པོ་སྙིང་པོ་སྒྲུབ་བྱ་པ།། ་རྒྱལ་བ་ཐམས་ཅད་དགྱེས་ཤིང་རྒྱལ་བ་དགྱེས་པར་མཛད།། དེ་དག་གྲགས་པ་ཆེན་པོ་ཐོབ་ནས་བདེ་བའང་ཐོབ།། དེ་ཕྱིར་འདི་ལ་དད་ཅིང་གུས་པར་བྱ་བ་ཡིན།། དེ་ནས་རྒྱལ་བ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ལེགས་སོ། ་ཞེས་བྱ་བ་བྱིན་ཏེ།། ཡབ་མཆོག་སངས་རྒྱས་སྲས་ནི་ལེགས་སོ་ལེགས།། སྲས་མཆོག་སངས་རྒྱས་སྲས་ནི་ལེགས་སོ་ལེགས།། རྡོ་རྗེ་མཆོག་ནི་རྡོ་རྗེ་འབྱུང་བ་ལེགསོ་ལེགས།། དམ་པ་ཆོས་ཀྱི་བདག་ཉིད་ལེགས་སོ་ལེགས། ་སངས་རྒྱས་རྣམས་ཀྱི་ཡང་དག་བྱིན་བརླབས་པ།། རྟག་ཏུ་མི་འགྱུར་དོན་ཡོད་གྲུབ་པ་ཆེ།། ཅི་ལྟར་དང་པོའི་གྲུབ་པ་དེ་བཞིན་དུ།། ཕྱི་ནས་ཀྱང་ནི་དེ་བཞིན་གྲུབ་པར་འགྱུར།། དེ་ལྟར་ངག་ཆེན་གསུངས་ནས་ནི།། སྲས་དང ་བཅས་པའི་སངས་རྒྱས་རྣམས།། རྡོ་རྗེ་སེམས་དཔའ་ཆེན་པོ་ཡི།། གསུང་ལ་རྗེས་སུ་ཡི་རང་མཛད།། དཔལ་མཆོག་དང་པོ་ལས་རྟོག་པའི་རྒྱལ་པོ་ཐམས་ཅད་ཀྱི་ཆོ་ག་རྫོགས་སྷོ།། ་ཐུགས་དམ་པའི་སྙིང་པོ་ཐཾ་ཡིད་དུ། རྒྱ་གར་གྱི་མཁན་པོ་བ་ཎ་ཌི་ཏ་མཁས་པ་ཆེན་པོ་མན་ཏྲ་ཀཱ་ལ་ཤེ་དང་། སྒྲ་སྐྱུར་གྱི་ལོ་ཙྪ་བ་ལྷ་བཙན་པོ་དགེ་སློང་བླ་མ་ཞི་བའི་འོད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ ་པ།། ། ལོནྡོ་ཆེན་པོ་རིན་ཆེན་བཟང་པོ་ཡིས།། དཔལ་མཆོག་དང་པོའི་རྒྱུད་འདི་བསྐུར་བ་ལ།། བར་བར་དཔེ་མ་རྙེད་པས་མ་འགྱུར་ནས།། བདག་གིས་འབད་པས ་དཔེ་བཙལ་རྙེད་པས་བསྒྱུར།། ་