CLOSE WINDOW

Q118: rab tu gnas pa mdor bsdus pa'i rgyud
Wyliee-texts produced with BDRC’s OCR application

རྣམས།། བཟོད་མཛད་དེ་དགེས་འགྲོ་བ་ཀུན།། འགྲོ་མགོན་ཐུབ་ཆེན་ཉིད་གྱུར་ཅིག། བཀྲ་ཤིས།། @#།། རྒྱ་གར་སྐད་དུ། སུ་པྲ་ཏིཥྛ་ཏན་ཏྲ་ས་གྲ་ཧ། བོད་སྐད་དུ། རབ་ཏུ་གནས་པ་མདོར ་བསྡུས་པའི་རྒྱུད།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་བྱིན་གྱིས་རློབ་པ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བརྡུངས་པ་དང་། བྲིས་པ་དང་། འབུར་དུ་བྱས་པ་ལ་སྩོགས་པ་རབ་ཏུ་གནས་པའི་ཆོ་ག་གསུངས་པ། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། མཚན་ཉིད་ཀུན་དང་ཡང་དག་ལྡན།། ཕྱག་རྒྱ ་སྔགས་དང་ཆོག་ཤེས།། ལས་རྣམས་ཀུན་ལ་མཁས་པས་སོ།། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ།། ཞི་བ་ལ། སོགས་རོ་ཡི་ལྡན།། ཚད་ཀྱིས་ཚད་ལ་ཕུབ་ཅིང་བཟང་།། དེ་འདྲ་རབ་ཏུ་གནས་པར་འགྱུར།། ཡང་ཐོག ་མཆོད་རྟེན་སོགས་གནས་དང་།། ཁྱིམ་དངལ་ཡིས་གནས་རྣམས་སུ།། སངས་རྒྱས་ལ་སོགས་རབ་གནས་ནི།། ཆོ་ག་དག་དང་ལྡན་བྱས་ལ།། ཆོ་ག་དམན་པས་མི་བྱ་སྟེ།། རབ་གནས་རྟག་པར་བཀྲ་མི་ཤིས།། འཇིག་རྟེན ་འདིར་ཡང་སྡུག་བསྔལ་ལ།། འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། དེ་བས་འབད་པ་ཐམས་ཅད་ཀྱིས།། དངོས་གྲུབ་འདོད་པས་ནན་ཏན་བྱ།། ཆོ་ག་བདག་ཉིད་ནུས་པ་ཡིས།། བརྟག་པ་ལས་གསུངས་ཚུལ་ལེགས་པ། ་དེས་བྱས་བསོད་ནམས་ཆེ་བ་ཡིན།། མཐོང་དང་མི་མཐོང་རྣམས་སུ་སྐྱེ།། སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས།། དེ་ལ་བྱིན་བརླབས་འཇུག་པར་འགྱུར།། གང་དུ་སྐུ་གཟུགས་རྫོགས་པ་ལ།། བྱིན་མ་བརླབས་པར་རིང ་གནས་ན།། དེ་ལ་བཀྲ་མི་ཤིས་འབྱུང་ཞིང་།། ཇི་སྲིད་མཆོད་པ་དེར་མི་འོས།། དཔེར་ན་སྐྱེས་བུ་ལ་ལ་ཞིག། རིག་པའི་མཚན་ཉིད་སྤངས་པ་ནི།། འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད།། དེ་དེ་བཞིན་དུ་གཟུགས་བརྙན་དེ།།། ་རབ་གནས་མ་བྱས་གཟུགས་བརྙན་ལ།། གང་ཞིག་མཆོད་ཅིང་ཕྱག་བྱེད་པ།། དམ་ཚིག་བྲལ་ཞིང་སྔགས་དམན་པས།། སྦྱིན་བསྲེག་ཐལ་བ་འབྲས་མེད་མཚུངས།། དེ་བཞིན་དུ་ཡང་སྔགས་གནས་པས།། ་ཆོས་ལྡན་མཆོད་པ་བྱེད་པ་གང་། དེ་ཡིས་ལས་ཀྱི་རྣམ་སྲིན་གྱིས།། སྐྱེ་བདུ་མཆོད་པར་འགྱུར།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ།། བཅོམ་ལྡན་འདས་ཆོས་ཐམས་ཅད་རབ་ཏུ་མི་གནས་པ་ལ་ཇི་ལྟར་ན། ་རྒྱས་པ་རྣམས་ཀྱིས་གནས་པ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སངས་རྒྱས་ཀུན་ནི་རབ་ཏུ་བཞུགས།། རབ་ཏུ་གནས་པ་གང་ནའང་མེད།། ཀུན་ཏུ་མཁའ་ལྟར་གནས་པ་ལ།། གཅིག་ཤོས་ཀྱིས་ནི་རབ ་ཏུ་བརྟགས།། འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས།། རབ་ཏུ་གནས་པ་རབ་ཏུ་བརྟག། དམ་པའི་དོན་དུ་དཔྱད་པ་ན། གང་ཞིག་གང་གིས་གང་དུ་བརླབ།། གཟོད་མ་ནས་ནི་སྐྱེ་མེད་ལ།། ཅི་འདྲ་ཇི་ལྟར་རབ་ཏུ་གནས།། དང་པོའི་ལས ་ཅན་སེམས་ཅན་རྣམས།། རྟོགས་པའི་རྒྱུ་རུ་མཛད་པར་ཟད།། དང་པོར་རེ་ཤིགས་ཡོངས་སུ་སྦྱངས་པར་གདུགས་དང་། རྒྱལ་མཚན་དང་། བླ་རེ་དང་། བ་དན་བསླང་པོ་རྣམས་སུ་མཆོག་ཏུ་གསོལ་བ་འདེབས་པས་གསོལ ་བབཏབ་པའི་བླ་མ།། སྤོས་དང་། མེ་ཏོག་ལས་སོགས་པ་ལྡན་པས་ཚེས་དང་རྒྱུ་སྐར་ཤིས་པ་ལ་སློབ་དཔོན་ལེགས་པར་མཉམ་པར་བཞག་པས་རབ་ཏུ་གནས་པའི་སར་འཁོད་དོ།། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ལ་སོགས་པ་རིགས་ལྔ་དང་རབ་ཏུ་འབྲེལ་བ་ཡིན་ལ།། དེ་དང་རབ་ཏུ་འབྲེལ་བའི་དཀྱིལ་འཁོར་གྱི་ཚོགས་ས་ཡོངས་སུ་གཟུང་ཞིང་ཐིག་གདབ་པ་དང་། རྡུལ་མཚོན་གྱི་ལས་དང་། གསོལ་བ་གདབ་པ་ལ་སོགས ་པ་བྱས་ལ་རྩ་བའི་སྔགས་སམ། རྒྱུད་ཀྱི་དགོངས་པས་སའི་གཏེར་དུ་ནོར་བུ་འམ། སོར་གདུབ་བཅུག་ལ། དེ་ནས་ལྷའི་ཁང་པར་རང་གི་སློབ་མ་དང་པོར་བཅུག་ལ།། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་དེ་བཞིན ་གཤེགས་པ་ལ་སོགས་པའི་སྐུར་བལྟས་ལ། ལྷ་ལ་མངོན་པར་ཕྱོགས་ཏེ་ཕྱག་འཚལ་ཞིང་། ཇི་ལྟར་འབྱོར་པའི་མེ་ཏོག་གིས་ཐལ་མོ་དང་དྲི་ཆུ་གཙང་མས་ཆོ་ག་བཞིན་དུ་བརྟགས་ལ། ཏིང་ངེ་འཛིན་ལ་ལེགས ་གནས་པས། ཞབས་བསིལ་མེ་ཏོག་སྤོས་སོགས་ལྡན།། རྣམ་པར་མི་རྟོག་སེམས་ཀྱིས་ནི།། མཆོད་ཡོན་རྣམས་ནི་ཕུལ་བྱས་ལ།། མཉམ་པར་གཞག་པས་སྔགས་འདི་ཡིས།། ལན་གསུམ་བར་དུ་བརྗོད་པར ་བྱའོ།། ཨོཾ་ས་མ་ཡ་སྟྭཾ་ས་མ་སསྟྭཾ་ཨ་ཧཾ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི།། དགའ་ལྡན་དུ་ནི་གནས་པ་ནས།། ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར།། དེ་བཞིན་གཟུགས་པན་འདིར་བཞུགས་ཤིག། འདི་རུ་མགོན ་པོ་བརྟག་པ་ཞུགས་ནས།། བྱང་ཆུབ་སེམས་ནི་བསྐྱེད་པ་དང་།། ཆེ་གེ་མོའི་དོན་སླད་དུ།། བདག་གི་འབྱོར་པ་ཉིད་ཀྱིས་ནི།། ཙ་འབྱོར་པའི་མཆོད་པ་རྣམས།། མེ་ཏོག་ལ་སོགས་འདི་བཞེས་ཤིག། བདག་དང་སློབ་མར་བཅས ་བལ།། རྗེས་སུ་བརྩེ་བར་དགོངས་སུ་གསོལ།། ཀུན་གྱིས་འདི་ལ་བྱིན་བརླབ་ཅིང་།། དེ་ཉིད་ཏུ་ནི་བཞུགས་པར་རིགས།། སྐུ་གཟུགས་སྟ་གོན་ལེགས་བྱས་ལ།། དེ་ནས་རྟག་པར་མཉམ་པར་བརྩམ།། སློབ་མ་བསྲུང ་པར་གནས་པ་ཡིས།། དེ་ལྟར་ཐམས་ཅད་སྤྱད་བྱས་ལ།། སྔགས་པའི་མཆོད་པའི་ཆོ་ག་སོགས།། བླ་མ་ཡིས་ནི་གང་སྒོ་བ།། མང་ཚགས་པ་ཀུན་བསྒྲུབ་པར་བྱ།། མཆོད་སྦྱིན་འབྲས་བུ་ཆེན་པོར་འགྱུར།། དེ་ནས་སྔག ་པས་སྙན་གསན་དབབ།། གདན་ལ་སྡོམ་བྱས་མཆོད་ཡོན་དང་།། མཆོད་པ་གཏོར་མ་སྤྲོས་མེ་ཏོག། དེ་བཞིན་དུ་ནི་མར་མེ་དག། སྔག་དང་ལྡན་པར་དབུལ་བར་བྱ།། སྐུ་གཟུགས་མདུན་དུ་ཕྱག་བྱས་ལ།། ན་བཟའ་སེར་པོས ་གཡོག་བྱ་ཞིང་།། དེ་ནས་སྔགས་པས་གདུག་བྱས་པ།། དེ་དག་བསྒྲུབ་ཕྱིར་དེ་ལ་ནི།། དེ་ལ་ལན་གཅིག་གཏོར་བྱ་བ།། དེ་དང་དེ་ལ་སྔགས་འདིས་ནི།། མེ་དང་དེ་ནས་ཆུ་ལས་གཏོར།། ཨོཾ་སརྦ་བ་བཾ་ད་ཧ་ན་བཛྲ་ཡ་སཱཿ ་ཞེས་བྱ་བས་སོ།། དེ་ནས་རྣམ་པ་ཀུན་གྱི་མཆོག་ལྡན་པའི།། དོན་བཞིན་དུ་ནི་བསྒོམ་བྱ་སྟེ།། དེ་ནས་གནས་གསུམ་རྣམས་སུ་བསྟིམ།། ཨོཾ་ཧཱུཾ་ཨཱཿའི་ཡི་གེ་གསུམ་ཨོཾ་ནི་སྤྱི་བོར་སྟིམ་བྱ་ཞིང་།། སྙིང་ཁར་ཧཱུཾ་གི ་ཡི་གེར་འགྱུར།། ངག་གི་ཕྱོགས་སུ་ཨ་ཡིག་གོ། སྐུ་གསུང་ཐུགས་ནི་བསྒྲུབ་པར་བྱ།། ཡང་ན་གང་གི་ས་བོན་གང་ཡིན་པ།། དེ་ནི་ཐུགས་ཁར་དེ་དགོད་དོ།། ཕྱག་རྒྱ་སྔགས་ཀྱིས་རབ་སྐུལ་ཞིང་།། ཅི་རིགས་པར་ནི ་སྙན་གསན་དབབ།། གསེར་རམ་དངུལ་ལ་མ་ཟངས་མ་འམ།། རྡོ་དང་དེ་བཞིན་ཤིང་དང་ནི། ས་འམ་དུང་ཆོས་དེ་བཞིན་ཏེ།། ཡང་ན་ཤིང་ལོའི་མདབ་མ་རྣམས།། མཆོད་ཡོན་སྣོད་དུ་སྦྱར་བར་བྱ།། དེ་བཞིན་བུམ་པ་གསེར ་ལས་སོ།། ཟངས་མའི་སྣོད་ཀྱི་མཆོད་ཡོན་ནི།། མཆོད་ཡོན་ལས་ལ་རབ་ཏུ་ཤིས།། གལ་ཏེ་ནུས་པས་མ་རྙེད་ན། ཇི་ལྟར་རྙེད་པ་ཀུན་ཏུ་བྱ།། དེ་ནས་དྲི་ཡི་ཏིལི་མར་སོགས།། ངུར་བའི་ཕོན་གྱི་པིར་གྱིས་སྦྱང་།། བཀྲ་ཤྭ ་རྔལས་སོགས་པའི་སྒྲ།། ན་ཆུང་རྣམས་ཀྱིས་དེ་བཞིན་བརྗོད།། ཏིལ་མར་ལ་སོགས་སྔགས་ཀྱིས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་བི་ཤོ་དྷ་ན་སྭཱ་ཧཱ།། བུམ་པ་ལྔའམ་ཡང་ནུ་བརྒྱད།། ཙན་ན་ལ་སོགས་རྣམས་ཀྱིས་བྷག། ་སྣ་ཚོགས་དྲི་ཆུས་དགང་བ་དང་།། འཁོར་ལོར་བྱས་ལ་མངོན་པར་བསྔགས།། བུ་མོས་བཀལ་བའི་སྲད་བུ་འམ།། ཡང་ན་རས་བལ་སྐུད་པའང་རུང་།། ཚོན་ཆེན་པོར་ནི་བསྒྱུར་བྱས་ལ།། དེ་ལ་སྔགས་ཀྱིས་དཀྲི་བར ་བྱ། སྨན་ལྔ་རིན་ཆེན་ལྔ་པ་ནི།། མེ་ཏོག་འབྲས་བུ་ལྡན་པ་སྟེ།། མེ་ཏོག་ཡུངས་དཀར་དང་ལྡན་དིང་།། བུམ་པ་མངོན་པར་སྡུག་པར་བྱ།། གཙུག་ཏོར་རྣམ་རྒྱལ་ཞེས་བྱ་དང་། གཟི་བརྗིད་གཞན་གྱིས་མི་རྫི་དང་།། ་བཀྲ་ཤིས་ཞི་རྣམས་སྔགས་ཀྱིས་ནི།། ཁྲུས་ཀྱི་ཚད་དུ་མངོན་པར་བསྔགས།། འཇམ་པའི་ཏིལ་མར་དག་དང་ནི།། ཨུ་དུ་མ་འབར་རའི་ལྕུག་མ་བཟང་།། ཁར་བའི་སྣོད་ཀྱི་ནང་དག་ཏུ།། བཀོད་ལ་རབ་ཏུ་དབུལ ་བར་བྱ།། དྲི་ལྔ་ཡིས་ནི་དེ་དག་བྱུག། ས་བོན་གྱིས་ནི་དེ་དག་བྱུག། སློབ་མ་ཚོགས་དང་བཅས་པ་ཡིས།། སྔགས་ཀྱི་གཙང་སྦྲ་བཀྲུ་བར་བྱ།། བཀྲ་ཤིས་ཞེས་བྱ་ཡིད་འོང་བའི།། བློ་དང་ལྡན་པས་ཚིགས་པ་བརྗོད།། ཆོ་ག་བཞིན་དུ། ་མངོན་དབང་བསྐུར།། སྔགས་ནི་ཇི་ལྟར་བལྟམ་པ་ཙམ་གྱིས་ནི།། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་བདག་གིས་ཁྲུས་གསོལ་ལོ།། ཞེས་བྱ་བ་ལ་སོགས་པས་སོ།། ཨོཾ་སརྦ་ཏ ་ཐཱ་ག་ཏ་ཨ་བྷི་ཥིཥེ་ཀ་ས་མ་ཡ་ཤཱི་ཡ་ཧཱུཾ། ལུགས་མ་རྣམས་ནི་ཡོངས་སུ་དཀྲུ།། རི་མོ་རྣམས་ནི་མེ་ལོང་ལའོ།། དག་བྱེད་ལྔས་ནི་སྔོན་དུ་བྱ།། རས་སམ་ལག་པ་དག་གིས་ནི།། བློ་དང་ལྡན་པས་སྐུ་ལུས་ལ།། གུར་ཀུམ་མར ་དང་བཅས་པས་སྐུ།། གོས་ཟུང་དག་ཀྱང་སྐུལ་གསོལ།། བློ་དང་ལྡན་པས་སྔགས་འདི་ཡིས།། དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ།། ཨོཾ་བཛྲ་དྷི་བ་ས་སོ་སྭཱ་ཧཱ།། ཨོཾ་བཛྲ་གན་དྷེ་སྭཱ་ཧཱ།། ཨོཾ་བཛྲ་ཨ་བ་ར་ཎ་བིད་ཤུད་དྷེ། ་སྭཱ་ཧཱ།། བློ་ལྡན་གྱིས་རང་ངམ་ཚིག་བསྐུལ།། ཕྱག་རྒྱ་སྔགས་ཀྱིས་རབ་བསྐུལ་ལ།། ཇི་ལྟར་འདོད་པར་མངོན་པར་བསྐུལ།། ཨོཾ་ཧཱཾ་ཨཾ་ཛཾ་ཁཾ།། དེ་ལྟར་ཅོད་པན་བཅིང་བྱས་ལ།། གདན་ལ་ལེགས་པར་བཞུགས་གསོལ་ཏེ།། ་བརྟག་པ་ལས་གསུངས་ཚུལ་གྱིས་སོ།། མདུན་ཕྱོགས་སུ་ནིམ་བུབ་ཅིང་། ཡོ་བ་མིན་ཞིང་དྲང་བ་ཡིས།། དེ་ལྟར་སྐུ་གཟུགས་མཛེས་པར་དགོད།། དེ་ལྟ་མིན་ན་སྐྱོན་འབྱུང་འགྱུར།། མེ་ཏོག་སྤོས་དང་དེ་བཞིན་དྲི།། མར་མེན ་བཟའ་སོགས་འབྱོར་དྲི།། དེ་ཀུན་སྔགས་དང་ལྡན་པ་ཡིས།། ལྷ་རྣམས་ལ་ནི་དབུལ་བར་བྱ།། ཨོཾ་བཛྲ་པུཥྤེ་ཨཱཿཧཱུ~ཾ་ཞེས་བྱ་བ་འདི་ལ་སོགས་པས་སོ།། མཆོག་ནི་མེ་ཏོག་འདི་དེ་ནི།། ཆུ་དང་ཐང་ལས་དེ་བཞིན་སྐྱེས།། མཆོག་ཏུ ་དད་པས་ཁྱེད་ལ་འབུལ།། ཅི་བདེ་བར་ནི་སོ་སོར་བ་ཞེས།། ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང་།། མཆོག་ཏུ་བདུག་པ་འདི་དེ་ནི།། བདག་གི་དད་པས་དབུལ་ལགས་ཀྱིས།། ཅི་བདེ་བར་ནི་བཞེས་སུ་གསོལ།། ལྷན་ཅིག་སྐྱེས་དང ་སྦྱར་ལས་བྱུང་།། མཆོག་ཏུ་གྱུར་པའི་དྲི་འདི་ནི།། བདག་གི་དད་པས་འབྲལ་ལགས་ཀྱིས།། ཅི་བདེ་བར་ནི་བཞེས་སུ་གསོལ།། སུན་པ་འཇོམས་བྱེད་སྡང་བའི་མཆོག། མང་དང་ཏིལ་གྱི་མར་མེ་འདི།། ཡང་དག་ཡེ་ཤེས ་སྤེལ་བྱའི་ཕྱིར།། དད་པས་བདག་གིས་དབུལ་བར་བགྱི།། བཟའ་དང་བཅའ་བ་ཕུན་སུམ་ཚོགས།། ཁ་དོག་དྲི་རོ་རྣམས་དང་ལྡན།། ཐམས་ཅད་ལྡན་པའི་ལྷ་ཡིས་བཤོས།། བདག་གིས་དབུལ་གྱིས་སོ་སོར་བ་ཞེས།། དེ་ལ་སོགས་པ ་གང་ཡང་རུང་།། ཅུང་ཟད་ཅི་འབྱོར་སྐུ་གཟུགས་ལ།། དེ་དག་ཐམས་ཅད་འདི་ཉིད་ཀྱིས།། རིམ་པ་ཡིས་ནི་དབུལ་བར་བྱ།། སྔགས་ཀྱི་གཙང་སྦྲ་ཙ་རུ་བྱ།། དེར་ནི་གསེར་གྱི་རང་བཞིན་གྱི།། ཐུར་མས་སྤྱན་ནི་དབྱེ་བར་བྱ།། ཞལ་ཟས་དེར ་དབུལ་པོ་ལྡན་པས།། ཨོཾ་ཙཀྵུ་ཙཀྵུ་ས་མན་ཏ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་དྷི་ཧ་ན་ས་མཱ་དྷི་པྲ་བྷཱ་ཎ་ནེ་སྭཱ་ཧཱ།། དེ་ལྟར་བཟླས་ནས་དེ་ནས་ཡང་།། སློབ་མ་རབ་ཏུ་བཅུག་བྱས་ལ།། ཁྱོད་ཀྱིས་ང་ལ་གང་གསོལ་བའི།། སྐུ་གཟུགས ་དག་ནི་ཁྱད་པར་དུ།། ཇི་ལྟར་གསུངས་པའི་རབ་གནས་པར།། དེ་དག་དོན་ནི་དེས་བྱས་ཏེ།། དེ་རྣམས་དོན་ནི་གྲུབ་ཟིན་གྱིས།། ཅི་བདེ་བར་ནི་མཆོད་པར་བྱོས།། དེ་ནས་དམ་ཚིག་དབང་བསྐུར་བར།། ཁྱོད་ལ་བྱས་ཀྱིས་བསྲེག་ལུགས ་ནི། སྟོང་ངམ་ཡང་ནི་དེ་ཡི་ཕྱེད།། སྔར་གསུངས་བར་མས་འབྲུ་རྣམས་ཀྱིས།། འོ་མ་ཅན་གྱི་བུད་ཤིང་ལ།། བསྲེགས་ཁུང་གྲུ་བཞིར་བསགས་བླུགས་བྱ།། དེ་ཉིད་མར་དང་འོ་མ་ཡིས།། ལྷག་མ་ཙ་རུང་ཕུལ་བྱས་ལ།། ་བདག་དང་སློབ་མ་ཐམས་ཅད་ནི།། ཞི་དང་རྒྱས་པ་འཕེལ་བར་བྱ།། ཨོཾ་བཛྲ་ཨ་ཡུ་ཤེ་སྭཱ་ཧཱ། ཨ་གད་ཙྪ་ཧ་རི་བིང་ག་ལ་ཏི་ཛ་ཏ་ཛ་ཧ་ལོ་ཧི་ཏི་ཀྵ་དེ་ཧི་དཱི་བ་ཡ་ཨིང་ན་ཙ་ལྱེ་ཀ་རྱན་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་པུཥྚ་ཡཻ་སྭཱ་ཧཱ།། དེ་ལྟར། ་བྱས་པ་འབང་པ་ཡིས།། ཁྲི་ཡི་སྟེང་དུ་བཞུགས་པར་བྱ།། སྐུ་གཟུགས་ཀྱི་ན་སུམ་འགྱུར་ཆའི།། ཚད་ཙམ་དུ་ནི་རབ་ཏུ་བརྟག། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། མེ་ཏོག་སྤོས་སོགས་སྔོན་འགྲོ་བའི།། ཕྱོགས་སྐྱོང་རྣམས ་ཀྱང་མཆོད་པར་བྱ།། ཨོཾ་ཨིན་དྲ་ཡེ་སྭཱ་ཧཱ། ཞེས་བྱ་བས་དབང་ལྡན་ལ་ཐུག་གི་བར་དུ་རོལ་མོའི་སྒྲ་བྱས་ལ། ཡང་དག་པར་མཆོད་དེ། གཤེགས་སུ་གསོལ་བར་བྱ་བ་ནི།། རྫོགས་སངས་རྒྱས་དང་དེ་ཡི་སྐུས།། ཚངས་སོགས་ལྷ་ཡི ་ཚོགས་རྣམས་པ།། གང་དག་ཆོག་མཚང་བ།། དེ་དག་བཟོད་པ་མཛད་པར་རིགས།། ཀུན་ཏུ་ཞི་དང་རྒྱས་པ་རུ།། ཡོན་བདག་ཆེ་ལ་རབ་མཛད་ནས།། སངས་རྒྱས་ཡུལ་དུ་གཤེགས་ནས་ནི།། སླང་ཡང་པྱོད་པར་མཛད་དུགསོལ།། ་ས་དང་ཆུ་དང་མེ་རླུང་གི། ལྷ་རྣམས་ཀུན་གྱིས་སྐུ་གཟུགས་ལ།། བསྐལ་པ་བརྒྱ་རུ་བསྲུང་གནས་མཛོད།། བགྱིས་ཤིང་ཡིད་བཟང་འགྱུར་བ་ཡིས།། སློབ་དཔོན་སློབ་མར་བཅས་པ་ཡིས།། བུ་དང་ཚ་བོ་བསྲུང་མཛད་ནས།། རང་གནས་བདེ ་བར་གཤེགས་སུ་གསོལ།། དཔྱིད་ཟླ་ར་བ་འམ་དཔྱིད་ཟླ་འབྲིང་།། དགྲན་དང་དཔྱིད་ཀྱི་ཐ་ཆུངས་ལ།། དབྱར་ར་དེ་བཞིན་དབྱར་འབྲིང་པོ།། ཉི་མ་བྱང་དུ་བལྟས་པ་ཡི།། དཀར་པོའི་ཕྱོགས་ནི་གཉིས་པའོ།། རིམ་བཞིན་དུ་བཞིན ་གསུམ་པའམ།། གང་ཚེ་གཟའ་དང་རྗེས་འཐུན་ན། ནག་པོའི་ཕྱོགས་ལའང་བརྩམ་པར་བྱ།། མི་རྣམས་སྔོན་དུ་འཕེལ་བར་བྱེད།། བཅོ་ལྔ་དེ་བཞིན་བརྒྱད་དང་ལྡན།། བཅུ་གསུམ་པའང་དེ་བཞིན་ནོ།། གནམ་སྟོང་དང་ནི། ་དེ་བཞིན་དུ།། བཅུ་བཞི་པ་ལ་བྱ་བ་མིན།། ཐམས་ཅད་དུ་ནི་ཆུ་སྨད་དང་། སྣར་མ་གྲོ་ཞིན་དེ་བཞིན་ཏེ།། ལག་པསྣམས་དང་སྔོན་དང་ནི།། རྒྱལ་དང་ཆུ་སྨད་དེ་བཞིན་ནོ།། ཁྲུམས་སྤད་ཀྱང་ནི་བཞིན་ཏེ། རྒྱུ་སྐར་འདི་རྣམས་ཐམས་ཅ ་རུ། སྐྱེ་དགུ་འཕེལ་ཞིང་དེ་ཡིས་ནི། རབ་ཏུ་གནས་པའི་མཆོག་ཏུ་བྱེད།། སྐར་མ་དཔོལ་རབ་གནས་བྱ།། དེས་ནི་ཤེས་རབ་ཆེན་པོར་འགྱུར།། ཡིད་ལ་འདོད་པ་གང་ཅིའང་རུང་།། དངོས་གྲུབ་མ་བཞིས་བསྟེར་བར་འགྱུར། ལུས།། ་ལས་ཤེས་པ་ཡང་དག་པ།། སྣརུམས་སམ་ཡང་ན་གྲོ་ཞིན་གྱིས།། ལག་གིས་སྐལ་བཟང་སྣར་མས་ནི།། གཞན་དག་ལས་ནི་རྒྱལ་བར་བྱེད།། མགོ་ཡིས་ཞི་བ་ཉེ་བར་སྟོན།། ཆུ་སྟོད་ཀྱིས་ནི་བུ་དག་གསོན།། རྟག་པར། ་དངོས་གྲུབ་ཁྲུམས་སྨད་ཀྱིས།། རྒྱལ་གྱིས་རྟག་པར་ཚེ་རིང་འགྱུར།། སྣརོན་གྱིས་མཆོག་ཏུ་བདེ་བར་བྱེད།། ལྷ་མཚམས་ཀྱིས་ནི་མཆོག་སྟར་འགྱུར།། ཕུར་བུ་ལག་དང་བ་བ་སངས།། ཟླ་བ་གཟའ་སོགས་ཤེས་བྱ་སྟེ།། འདི་རྣམ ་གཟའ་ལྡན་ལས་བྱས་ན།། རབ་ཏུ་གནས་པ་མཆོག་ཏུ་དགེ། གསུམ་པ་དྲུག་པ་བདུན་པ་དང་།། བཅུ་དང་བཅུ་གཅིག་ལ་ཟླ་བ།། གཉིས་པ་བཞི་པ་དེ་བཞིན་བརྒྱད།། བཅུ་དང་བཅུ་གཅིག་རྣམས་ལ་ལག། གཉིས་དང་དེ་བཞིན་བདུན ་པ་དགུ།། དེ་བཞིན་ཕུར་བུ་བཅུ་གཅིག་ལ།། དུས་སྦྱོར་ཞི་བ་ལ་བརྟེན་ནས།། དེ་ལ་ལྷག་པར་གནས་པར་བྱ།། དྲུག་བདུན་བཅུ་པ་དོར་བ་ཡིས།། པ་བ་སངས་ཉིད་དགེ་བ་ཡིན།། དེ་ལྟར་གཟའ་རྣམས་ཐམས་ཅད་ཀྱི།། སྟོབས་ལྡན ་མི་ལྡན་དེར་ཤེས་བྱ།། གང་ཆེ་ཞི་བའི་བཟའ་རྣམས་དང་། ཞིང་རྣམས་དགེ་བ་གང་ཡིན་པ།། དང་པོ་ལྟ་བ་གསུམ་དེ་ཡིན།། ནོར་འཇོམས་རྣམས་ནི་སྤང་བར་བྱ།། རྗེས་སུ་མཐུན་པར་བྱེད་པ་པོས།། སྐད་ཅིག་དེ་ལ་ཡོངས་གྲུབ ་ཅིང་།། རབ་ཏུ་གནས་པ་མཆོག་ཏུ་འགྱུར།། འཁོར་ལོས་བསྒྱུར་རྒྱལ་དབང་ཕྱུག་ནི།། ཐོབ་འགྱུར་དེ་ལ་ཐེ་ཚོམ་མེད།། གཟའ་དང་རྒྱུ་སྐར་དེར་མེད་དེ།། བགེགས་དང་ལོག་པར་འདྲེན་པའང་མེད།། གཟའ་རྣམས་ཐམས་ཅད ་རྗེས་མཐུན་ཞིང་།། བགེགས་དང་རྒྱུ་སྐར་ལྷ་རྣམས་ཉིད།། དེ་རུ་གྲུབ་པ་ཀུན་གནས་ཤིང་།། གཟུགས་བརྙན་མཆོད་རྟེན་ལ་སོགས་ཀྱིས།། དངོས་གྲུབ་དག་ནི་སྟེར་བར་བྱེད།། ཡིད་ཀྱིས་ཅུང་ཟད་གང་བསམས་པ།། ་སྐྱེ་དང་སྐྱེ་བར་འགྲུབ་པར་འགྱུར།། རྒྱན་རྣམས་མ་ལུས་པ་ཡིས་ནི།། ཕྱི་ནས་བཟོ་བོ་རྣམས་ལ་མཆོད།། གང་དག་དེ་ལ་གྲོགས་བྱེད་པ།། གཞན་དག་ཀྱང་ནི་མཆོད་པར་བྱ།། དེ་ནས་དེ་དག་ཐམས་ཅད་ལ།། དགའ་བས ་འདི་དག་བརྗོད་པར་བྱ།། ཇི་ལྟར་གསུངས་པའི་མཆོད་པ་རྣམས།། བདག་འཐུན་པ་ཡི་ནུས་པ་མེད།། དེ་ཕྱིར་བདག་ལ་ཁྱེད་བཟོད་མཛོད།། སྔགས་ཀྱི་གཙང་སྦྲ་བཟའ་བཅའ་དག། གཟུགས་བརྙན་དག་ལ་སྦྱིན་པར ་བྱ།། བདེ་གཤེགས་ལྷག་མ་འདི་དག་ནི།། ཟོ་ཞིག་སྡིག་པ་འབྱང་བར་འགྱུར།། ཞེས་བྱ་བས་སོ།། གླང་པོ་རྟ་གླང་ཤིང་རྟ་ནོར།། ཡོན་གྱི་དམ་པ་དབུལ་བར་བྱ།། དེ་ནས་དེ་ལ་ནན་ཏན་གྱིས།། ལོངས་སྤྱོད་གཡོ་བ་དབུལ་བར་བྱ།། གལ་ཏེ ་ལྡན་ཅིག་དགྱེས་འདོད།། ཐ་མ་གུས་པར་དགྱེས་བྱེ་ཞིང་།། དེ་ལྟར་རྣམ་པ་ཐམས་ཅད་དུ།། བླ་མ་ཡང་དག་མཉེས་པར་བྱ།། དེ་ནས་ཡང་དག་བརྟུལ་ཞུགས་ཅན།། དགེ་སློང་དགེ་བསྙེན་དགེ་སློང་མ།། མཆོག་ཏུ་གས་པས ་མཆོད་བྱས་ལ།། ཇི་ལྟར་བོས་པའི་ཡོན་ཡང་དབུལ།། དུང་དང་རོལ་མོའི་སྒྲ་ལ་སོགས།། བཟང་པོའི་གླུ་དང་གར་རྣམས་ཀྱིས།། གཉེན་དང་རིགས་རྒྱུད་འཁོར་རྣམས་ཀྱིས།། རོལ་མོ་ཆེན་པོ་མཚན་མོ་དབུལ།། དེ་ལྟར་ཐམས་ཅད ་བྱས་ཟིན་ནས།། གང་རུང་མཆོད་སྦྱིན་དཀྱིལ་འཁོར་ལ།། ཕུལ་ལམ་འབུལ་བར་བྱེད་པ་རྣམས།། སློབ་དཔོན་ལ་ནི་དབུལ་བྱའི།། གཟེ་བོ་ལ་ནི་མི་སྦྱིན་ཞིང་།། དགེ་སློང་རྣམས་ལའང་སྦྱིན་མི་བྱ།། སློབ་དཔོན་མཆོག་གི་ལྷ་ཡིན ་ཏེ།། ནོར་རྣམས་ཐམས་ཅད་དེ་ལ་དབུལ།། དེ་ནས་དཀྱིལ་འཁོར་བྱུག་བྱ་སྟེ།། བ་ཡི་ལྕི་བས་བྱུག་བྱ་ཞིང་། རྡུལ་ཚོན་ཆུ་བོར་དོར་བར་བྱ།། དྲི་ཡིས་ཡང་དག་ལེགས་པར་བྱུག། རབ་ཏུ་གནས་པ་མདོར་བསྡུས་པའི་ཆོ་ག ་མ་རྫོགས་སྷོ།། །། ཁ་ཆེའི་བཎྜི་ཏ་ཆེན་པོ་ཛྙཱ་ན་བཛྲ་དང་།།། ལོ་ཙྪབ་འགྲོ་དགེ་སློང་ཤེས་རབ་གྲགས་པས་བསྒྱུར་བའོ།། ་