| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤཱི་བཛྲ་མ་ཧཱ་བྷཻ་ར་བ་ནཱ་མ་ཏན་ཏྲ།། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ས་བྱ་བ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཁྲོས་པའི་རྒྱལ་པོ་ཆེན་པོ་ལ་ཕྱག་འཚལ་ལོ།། ་དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི།། བསྒྲུབ་པ་ཡང་དག་རབ་བཤད་དེ།། དེ་ཡིས་ལྷ་རྣམས་ཐམས་ཅད་ལ།། དྲག་ཤུལ་ཆེ་ཞིང་འཇིགས་པར་བྱེད།། དེ་ལ་ཐོགས་མར་སྔགས་པས་ཡིད་དུ་འོང་བའི་གནས་གང་ཡང ་རུང་བར་གནས་ལ་དགོས་པ་ཐམས་ཅད་བསྒྲུབ་པར་བྱའོ། ། དེ་ལ་གནས་གསུངས་པ་ནི། རུ་ཁྲོད་དམ།། ཆུ་ཀླུང་གི་འགྲམ་མམ། ཤིང་གཅིག་གམ། མཚན་མ་གཅིག་པ་འམ། བཞི་མདོ་འམ། རིའི་རྩེ་མོ་འམ། ་ཁང་སྟོང་ངམ། མ་མོའི་ཁྱིམ་མམ། ལྷའི་ཁང་པ་འམ། འཐབ་མོའི་གནས་སམ། གྲོང་ཁྱེར་རམ། ནགས་ཁྲོད་དམ། ཁྲོང་པར་ལ་སོགས་པའི་གནས་སུ་སྔགས་པ་གནས་ཏེ། ང་ལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྡོ་རྗེའི ་འཁོར་ལོའི་མིང་གི་རྒྱུད་འདིར་དབང་བསྐུར་བའི་རྣལ་འབྱོར་པས་དབང་དང་། དགུག་པ་དང་གསང་བ་དང་སྤྲད་པ་དང་དབྱེ་བ་དང་རེངས་པ་དང་། རབ་ཟི་དང་མིག་སྨན་དང་ས་འོག་དང་རི་ལུ་དང་གསེར་འགྱུར་དང་བཅུ ་ཀྱིས་ལེན་པ་དང་ནོར་དང་། འབྱུང་པོ་དང་རོ་ལངས་དང་ཤ་ཟ་དང་གནོད་སྦྱིན་དང་གནོད་སྦྱིན་མོ་དང་ཀླུ་ལ་སོགས་པའི་ཆོ་ག་འདིས་བསྒྲུབ་པར་བྱའོ།། དེ་ལ་ཆོ་ག་ནི་དང་པོར་རེ་ཤིག་སྔགས་པས་རོ་བསྲེགས་པའི ་ཐལ་ཆེན་གྱིས་ལུས་བྱུགས་ཏེ། མཚན་ཕྱེད་ན་གཅེར་བུ་སྐྲ་གསིལ་བ་བྱས་ལ་འཕགས་པ་མ་ཧེའི་གདོད་ཅན་གྱི་རྣལ་འབྱོར་གྱིས་དུར་ཁྲོད་ལ་སོགས་པར་དཀྱིལ་འཁོར་བྲིས་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ། ་རྟ་བབས་བཞི་ཡིས་རྣམ་པར་བརྒྱན།། དྲིལ་བུ་དར་གྱི་འཕན་ལ་སོགས།། མེ་ཏོག་ཕྲེང་བས་རྣམ་པར་ཀྲུགས།། གྲཝ་རྣམས་དག་ནི་ཐམས་ཅད་དང་།། སྒོ་ཁྱུད་ཀྱི་ནི་ཕུག་དག་ཏུ།། རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། ་ཟླ་བ་ཕྱེད་པ་དེ་བཞིན་ནོ།། དེ་དབུས་འཁོར་ལོ་བྲ་བ་ནི།། རེའུ་མིག་དགུ་བ་ཟླུམ་པོའོ།། སྒོ་གཅིག་པ་ནི་དབྱེ་བར་བྱ།། ལྷག་མ་ཡོངསུ་བཅད་པར་བྱ།། དེ་དབུས་མི་རོ་བྲི་བར་བྱ།། ཤར་དུ་མགོ་བོ་ལྷོར་ལག་པ།། ནུབ་ཏུ ་རྒྱུ་མ་བྱང་དུ་རྐང་པ་གཉིས། ཤར་གྱི་གྲང་ཐོད་པ། ལྷོར་ཐོད་ཚལ། ནུབ་བྱང་དུ་དུར་ཁྲོད་ཀྱི་རས། བྱང་ཤར་དུ་སྐྱེས་བུ་གསལ་ཞིང་ལ་བཙུགས་པའོ།། དེ་དག་ནི་འཁོར་ལོའི་དབུས་སུ་མཚན་མའི་ཕྱག་རྒྱའོ།། ་དེ་ནས་འཁོར་ལོའི་ཕྱི་རོལ་གྱི་ཕྱག་རྣམས་ནི་ཤར་ཕྱོགས་ཀྱི་སྣམ་བུལ་གྲི་གུག་དང་། མཚོན་རྩེ་གཅིག་པ་དང་། གཏུན་ཤིང་དང་། ཆུ་གྲི་དང་། རྡོ་རྗེ་རྩེ་གཅིག་པ་དང་། ལྕགས་ཀྱུ་ལ་སོགས་པ་རྣམས་བྲིའོ།། ལྷོ་ཕྱོགས ་ཀྱཻ་བྲམ་ཕུལ་དྷ་དང་། མངའ་དང་། ཁ་ཊྭཱཾ་ག་དང་། དབྱིག་ཐོ་དཔ་འཁོར་ལོ་དང་། རྡོ་རྗེ་ནགས་པ་ལ་སོགས་པཟིའོ།། ནུབ་ཕྱོགས་ཀྱི་སྣམ་བྲལ་རྡོ་རྗེ་དང་རལ་གྲི་དང་། གྲི་ཆུང་དང་། ཁྲབ་དང་། གན་དང་། དྲིལ་ཟུ་དཔ་རྡུང་། ་གི་བ་དན་ལ་སོགས་པ་བྲིའོ།། བྱང་ཕྱོགས་ཀྱི་སྣམ་བུ་ལ་སྡིག་འཛུབ་དང་། འཕན་རྩེ་གསུམ་པ་དང་། གླང་པོའི་ལྤགས་པ་དང་། རྡོ་རྗེ་ཐོ་བ་དང་། མདུང་དང་། མེཐབ་ལ་སོགས་པ་བྲིའོ།། སྒོ་བཞི་དང་སྒྲ་རྣམས་ལ ་རོ་ལངས་ཆེན་པོ་ཟའོ། ། གལ་ཏེ་མཆོག་གི་དངས་གྲུབ་འདོད་ནམར་ཁུ་ཆེན་པོའི་མར་མེ་དབུལ་ལོ།། མི་དང་ཁོང་བུ་དང་། ཛ་མོ་དང་། ཀྱི་དཔཝ་དང་། མ་ཧེ་དང་། གླང་པོ་ཆེ་དང་། བ་ལང་དང་། བ་མེན་དང་། ལུག་དང་ཇི ་དགས་དང་། ། བག་པ་ལ་སོགས་པའི་ཤ་རྣམས་དབུལ་བར་བྱའོ།། གཞན་ཡང་བྱ་རྒོད་དང་། འུག་པ་དང་། བྱ་རོག་དང་། ཁྲ་དང་། ཆུ་བྷར་དང་། ཐིད་རིལ་དང་། གཞད་དང་། རྨ་བྱ་དང་། ཁྱིམ་བྱ་དང་། རི་སྐྱེགས་དང་། ཁྲུད་ཆེན ་པོ་ལ་སོགས་པའི་ཤ་རྣམས་དབུལ་བར་བྱའོ། ། ཤིན་ཏུ་མཉམ་པར་བཞག་པས་བཟའ་བ་དང་།། སྟོན་མོ་དང་། སྦྱིན་སྲེག་དང་། གཏོར་མའི་ལས་བྱའོ།། དཀྱིལ་འཁོར་གྱི་གྲཝ་ཐམས་ཅད་དུ་ཁྲག་གིས་ཕྱག་ཆག་བྱའོ།། དཔལ ་རྡོ་རྗེ་འཇིགས་བྱེད་མ་ཧེའི་གདོང་གིས་སྦྱོར་བ་ལ་གནས་པས་ལྷ་བཤོས་ཐམས་ཅད་དབུལ་བར་བྱའོ། ། དེ་ནས་སྔགས་པས་སྔོན་དུ་སྤྱད་པ་བྱ་སྟེ། བདག་ཞི་བར་གྱུར་པའི་ཤིན་དུ་མཐུན་པའི་གྲོགས་སམ། བདག་གཅིག ་བུ་རྣམ་པར་སྣང་མཛད་ཀྱིས་ལུས་བྱུགས་ཏེ་གཅེར་བུར་ཕུད་ནས་སྒྲ་གསིལ། མཚན་བྱེད་ན་ཅང་ཏེའུ་དཀྲོལ་ལ་ཧ་ཧ་ཞེས་བྱ་ཞིང་མཉམ་པར་གཞག་སྟེ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་དངོས་གྲུབ་འདོད ་པས་འཇུག་པར་བྱའོ། ། རབ་ཏུ་ཞིམ་པའི་ཚད་ལ་སོགས་པ་བཏུང་བ་དང་། བཟའ་བའི་རོ་རྣམས་དབུལ་ལོ།། ཕྱི་ནས་དངོས་གྲུབ་དང་། དངོས་གྲུབ་མ་ཡིན་པ་ལ་དམིགས་ལ་དེའི་སྟེང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ ་མ་ཧེའི་གདོང་ཅན་བསམ་པར་བྱའོ། ། དེའི་མདུན་དུ་གཡས་བསྐུམ་དུ་གནས་ལ་ང་རྒྱལ་དང་བཅས་པས། སེམས་རྩེ་གཅིག་ཏུ་ཤིན་ཏུ་མཉམ་པར་བཞག་པས་ཡི་གེ་བཅུ་པའི་སྔགས་བཟླ་བར་བྱའོ།། དེ་ནས་འཇིགས ་པ་ཆེན་པོ་བྱུང་ན། དེ་ལ་སྔགས་པས་འཇིགས་པར་མི་བྱ་སྟེ། གལ་ཏེ་འཇིགས་པར་གྱུར་ན། དེ་ལ་བགེགས་ཆེན་པོའི་བར་ཆོད་འབྱུང་ངོ་།། བར་ཆད་བྱུང་ན་དངོས་གྲུབ་མི་འགྲུབ་པོ།། དེ་བས་ན་སྔགས་པས་འཇིགས་པར ་མི་བྱ་སྟེ། དེ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དགྱེས་སོ།། དགྱེས་ནས་ཁྱོད་ཅི་འདོད་ཅེས་གསུང་བ་དང་། དེ་ལ་རིག་འཛིན་གྱིས་སྨྲ་བར་བྱ་སྟེ། རལ་གྲི་དང་། ས་འོག་དང་། མི་སྨན་དང་། གསེར་འགྱུར་དང་། བཅུད་ཀྱིས ་ལེན་པ་འམ། དེ་ལས་གཞན་ཡང་ཡིད་ལ་འདོད་པའི་དངོས་གྲུབ་ངེས་པར་བདག་ལ་གསོལ་གཅིག་ཅེས་བརྗོད་ན། དེ་ལ་ཐེ་ཚོམ་མེད་པར་སྩོལ་ལོ།། བརྒྱ་ཞིག་ལ་སྔགས་པས་དེ་དག་མ་གྲུབ་ན་ཡང་དེའི་འཕྲ་མོའི ་ལས་ཐམས་ཅད་ངེས་པར་འགྲུབ་པ། ། འདི་ནི་འཇམ་དཔལ་ཞེས་བྱ་བའི་མིང་དཔལ་རྡོ་རྗེ་འཇིགས་བྱད་ཆེན་པོའི་འཁོར་ལོའི་སྐྱེར་བའི་རྒྱུད་ལས་དཀྱིལ་འཁོར་བསྟན་པའི་ས་རྟོག་པ་དང་པོའོ།། དེ་ནས ་ལས་ཀྱི་ཚོགས་ཀྱིས་ཆོ་ག་རབ་ཏུ་བཤད་དེ་རིམ་པ་ཇི་ལྟ་བ་བཞིན་དུ། བསད་པ་དང་སྐུད་པ་ལ་སོགས་པ་བསྔགས་པ་ས་ཁྲོས་པས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྦྱོར་བ་ལ་གནས་པའི་རྣལ་འབྱོར་གྱིས་བྱ་སྟེ། ་དང་པོ་ཁོ་ནར་སྔགས་པས་རེ་ཤིག་གནོད་མཛེས་སུ་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་གཙོ་བོ་ཡིན་པའི་ཕྱིར་རོ།། རྣལ་འབྱོར་གྱི་རྒྱུད་ལ་ལྷའི་སྦྱོར་བ་དང་ལྡན་པས་ཐོད་མ་ནི་བྱེ་སྟེ། མྱོ་བ་པོ་ཡིན་པའི་ཕྱིང་རོ། པ་དི་བ ་ལྟར་གསད་པར་འགྱུར་འདོད་པའི་སྔགས་པས་དུར་ཁྲོད་ཀྱི་རས་ལ། དྲག་དང་ཁྲག་དང་། ལན་ཚ་དང་། སྐྱེ་ཚེ་དང་། ནིམ་པ་དང་། དྷ་དྲ་རའི་ཁྲ་བ་ཡིས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོ་ལི་ཚེ་བཅུ་དྲུག་པ་བྱ ་རོག་ཆེན་པོའི་སྒྲོ་རྩེའི་སྨྱུ་གུའམ། མིའི་རུས་པའི་སྨྱུ་གུས་སྐྱེས་བུ་སྒྲ་བཤིག་པས་ཁ་ལྷོར་བལྟས་ཏེ། མ་ཧེའི་གདོང་གི་སྦྱོར་བས་བྲི་བར་བྱའོ།། མེ་གཉིས་ཀྱི་དབུས་སུ་བསྒྲུབ་བྱའི་མིང་དང་བཅས་པར་བཞག ་ལ་དེ་ཡི་གེ་བཅུ་པས་བསྐོར་ཞིང་ཧཱུཾ་བརྒྱད་བྲི། ། ཟུར་རྣམས་སུ་ཕཊ་ཀྱི་ཡི་གེ་རྣམས་བྲི།། བདག་ཉིད་ཚ་བའི་མར་གྱིས་ལུས་བྱུགས་ལ། ཐོད་པ་གཉིས་ཀྱི་དབུས་སུ་འཁྲུལ་འཁོར་རབ་ཏུ་བཙུག་ལ ་སྐྱེད་བུ་གསུམ་གྱི་སྟེང་དུ་བཞག་ནས་དུར་ཁྲོད་ཀྱི་མགལ་པས་མེ་རབ་ཏུ་སྦར་ཏེ། རྐང་པ་གཡོན་པས་མནན་ལ་ཡི་གེ་བཅུ་པའི་སྔགས་བཟླས་སོ།། དེ་ཡིས་སྐད་ཅིག་གིས་ཐེ་ཚོམ་མེད་པར་འཆིའོ།། གཞན ་ཡང་རིམས་ཀྱིས་ཐེབས་པར་འདོད་ན་འཁོར་ལོ་དེ་ཉིད་མིའི་ཉ་ཕྱིས་གཉིས་ཀྱིས་དབུས་སུ་ལེགས་པར་བཞག་ལ་མེ་ཐབ་ཀྱི་འོག་ཏུ་ཟུ་ཕྱེད་བརྐོ་ས་ལ་བཅུག་ནས་མེ་སྦར་ན་རིམས་ནད་ཀྱིས་འཛིན་ནོ། ། དེ་ལ་ལེ་ཆེ ་བཅཝ་དྲུག་པའི་རང་གྱུར་བ་འདི་གསུངས་ཏེ། འོན་ཀྱང་འདིའི་ལྡ་པར་ནི་ཡིག་སུམ་བཅུན་གཉིས་པའི་སྔགས་དང་ལྡན་པ་ལག་བཅུ་པའི་སྔགས་པབརྩུབ་པའི་མིང་དང་ལྷན་ཅིག་ཏུ་མི་གེ་དང་སྔགས་སྩལ་ལོ།། སྔོན་དུ་གསུངས། ་བའི་རྫས་དང་ལྷན་ཅིག་ཏུ་བྱ་རོག་གིས་བསྟེགས་པའི་ལྷག་མ་མེ་གཙང་བ་དང་། རྣམ་པར་སྣང་མཛད་དང་ལྷན་ཅིག་ཏུ་དྲར་ཁྲོད་ཀྱི་རས་ལ་བྱུགས་ཏེ། དེ་ལ་སྔོན་དུ་གསུངས་པའི་ཚོ་གས་འཁོར་ལོ་བྲིས་ཏེ།། དུར་ཁྲོད་དུ་སྲས ་ན་འཆི་བར་འགྱུར་རོ། ། ཤིང་གཅིག་གི་དྲུང་དུ་སྦས་ན་བསྐྲད་པར་འགྱུར་རོ།། མཚན་མ་གཅིག་པར་སྦས་ན་དབྱེ་བར་འགྱུར་རོ།། ཆུའི་ནང་དུ་སྦས་ན་རེངས་པར་འགྱུར་རོ།། ཁྱིམ་དུ་བཞག་ན་ཞི་བར་འགྱུར་རོ།། ཕྱུང་ནས ་ལེགས་པར་བཀྲུས་ན་གྲོལ་བར་འགྱུར་རོ། ། གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ་གཤིན་རྗེའི་འཁོར་ལོ་སྔོན་གྱི་ཚོགས་དུར་ཁྲོད་ཀྱི་རས་ལ་བྲིས་ཏེ། དུར་ཁྲོད་དམ། ལམ་བཞི་མདོ་དང་། ཤིང་གཅིག་དང་། གྲོགས་མཁར ་དང་ཆུ་འགྲམ་དང་། མཚན་མ་གཅིག་པ་པ་དང་། རྒྱལ་པོའི་སྒོ་དང་། རྣམ་པར་སྣང་མཛད་དང་། རྡོ་རྗེ་ཆུ་དང་། དུར་ཁྲོད་ཀྱི་སོལ་བས་བསྒྲུབ་བྱའི་གཟུགས་བརྙན་ཚད་སོར་བརྒྱད་པ་བྱས་ལ་དེའི་སྙིང་ཁར་འཁོར་ལོའི་སྔགས ་བཅུག་སྟེ། ། མིའི་རུས་པའི་ཕུར་བུས་གནས་ལྔར་གདབ་པར་བྱའོ།། ཚིགས་ཐམས་ཅད་ལ་ཚེར་མ་རྣོན་པོས་དགད་པར་བྱ་རོ།། དེ་ཐོད་པ་གཉིས་ཀྱི་དབུས་སུ་བཅུག་སྟེ། དེ་གྲོག་མཁར་དང་གནས་བདུན་གྱི་སས ་གཤིན་རྗེའི་གཟུགས་ཁྲུ་གང་ཙམ་ཞལ་གཙིགས་པ། གསུས་པ་ཆེ་བ། ཞལ་གཅིག་པ། ཕྱག་གཉིས་པ། ཕྱག་ན་རལ་གྲི་དང་། ཞགས་པ་འཛིན་པ། གཅེར་བུ་སྒྲ་གསིལ་བ་བྱས་ལ། དེའི་སྙིང་ཁར་ཐོད་པ་གཉིས ་བཅུག་སྟེ། ཉི་མ་ཕྱེད་དམ་ནས་ཕྱེད་ན་དུར་ཁྲོད་དམ་རོ་བསྲེགས་པའི་སར་སྦས་ཏེ། ཤིན་ཏུ་རིང་བར་མགོ་ལྷོར་བསྟན་ལ། ཁ་ཐུར་དུ་ཕུབ་ལ་སྦའོ།། ཁྱིམ་དུ་འོངས་པ་དང་། མཉམ་པར་བཞག་པས་མ་ཏེའི་གདོང་གི ་སྦྱོར་བས་བསྒྲུབ་བྱའི་མིང་དང་བཅས་པར་ཡི་གེ་བཅུ་པའི་སྔགས་བཟླས་པ་བྱས་ན་ཉི་མ་གསུམ་གྱིས་འཆིའོ། ། ཕྱུང་ནས་བཀྲུས་ན་ཐར་བར་འགྱུར་རོ།། དེ་ནས་རེངས་པའི་རབ་ཏུ་སྦྱོར་བ་གསུངས་ཏེ། རྟེའུ ་ལོའི་ལྤགས་པ་ལ་དུག་ལ་སོགས་པའི་རྫས་ཀྱི་ཡི་གེ་བཅུ་པའི་སྔགས་བྲིས་ལ། ལྤགས་པ་དེ་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང་། གཅིན་བཏང་བའི་ཤུལ་གྱི་སས་བཀང་ལ་དེའི་སྦས་བཅིང་བར་བྱའོ།། ཕྱི་ནས་བོང་བུའི ་གཅིན་དང་། ། རྣམ་པར་སྣང་མཛད་དང་ལྷན་ཅིག་རྔུ་རྫིས་ལ་ཁམ་པོར་དགང་བར་བྱའོ།། དེང་འཁོར་ལོ་བཅུག་ལ་རོ་སྲེག་པའི་མལ་བཞག་སྟེ། རྐང་པ་གཡོན་པས་མནན་ལ་གཤིན་རྗེའི་སྦྱོར་བས་ཡི་གེ་བཅུ་པའི་སྔག ་བཟླས་པ་བྱས་ན་ཞག་གཅིག་གིས་རེངས་པར་བྱེད་དེ། ། འདི་ནི་ཕྱིས་རྗེས་སུ་བཟུང་བ་མི་འབུབ་པའི་རབ་ཏུ་སྦྱོར་བའོ།། སྔགས་པས་ཤིན་ཏུ་ཁྲོས་པས་རབ་ཏུ་སྦྱོར་བར་བྱའོ།། གཞན་ཡང་དབྱེ་བའི་རབ་ཏུ་སྦྱོར་བ་ནི ་གཤིན་རྗེའི་འཁོར་ལོ་སྔོན་གྱི་ཆོ་གས་བྲིས་ལ། གནས་བདུན་གྱིསས།། མ་ཧེ་དང་རྟ་བྱས་ཏེ། དེ་གཉིས་གཅིག་གི་སྟེང་དུ་གཅིག་བཞག་ལ། དེ་གཉིས་ཀྱི་སྙིང་ཁར་འཁོར་ལོ་བཅུག་སྟེ། ནིམ་པའི་ཤིང་དྲུང་དུ་བཞག་གོ།། ་འཁོར་ལོ་ཡང་མ་ཧེ་དང་། རྟའི་ཁྲག་གིས་བྲིས་ཏེ་འདི་ནི་སྔགས་ཀྱི་བྱེ་བྲག་ཏེ། ཤིན་ཏུ་མཉམ་པར་བཞག་པས་བྱས་ན་ཞག་གསུམ་གྱིས་འབྱེད་པར་བྱེད་དོ།། དེ་ནས་སྔགས་པས་སྐྲད་པར་འདོད་ན་གནས་བདུན་གྱི ་སས་རྔ་བོང་བྱས་ལ་དེ་ཡི་རྒྱབ་ཏུ་ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པའི་རྣམ་པ་དམིགས་ཏེ། དེའི་སྟེང་དུ་བསྒྲུབ་བྱ་དམིགས་ལ་དེའི་རྒྱབ་ཏུ་གཤིན་རྗེའི་གཟུགས་ལག་པས་དབྱུག་པ ་འཛིན་པར་དམིགས་ཏེ། དེའི་དབྱུག་པས་རྡེག་ཅིང་ཁ་ལྷོ་རུ་བལྟས་ནས་ཁྲིད་པར་རྣམ་པར་བསམ་པར་བྱའོ།། འཁོར་ལོ་དེ་དེའི་སྙིང་ཁར་གོང་དུ་གསུངས་པའི་ཆོ་གས་བསྒྲུབ་བྱའི་མིང་དང་སྤེལ་བ་ཡང་དག་པར་བྲིས ་ལ་བཅུ་གན་ཞག་བདུན་གྱིས་ཐེ་ཚོམ་མེད་པར་སྨོད་པར་འགྱུར་རོ། ། དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་ཏེ། ཉི་མའི་ཚེ་ས་གཏུམ་བ་རོལ་བའི་མར་ཁུས་ཐུགས་ལ་ནིམ་པའི་ཤིང་ལ་འཛེགས་ནས། དེར་བཞག་ལ། ་དེའི་ལུས་ཀྱི་མར་ཁུ་ཉ་ཕྱིས་ཀྱིས་བཞར་ལ་དེར་གནས་པར་བཟུང་ངོ་།། མར་ཁུ་དེ་བླངས་ནས་ལྷ་ཆེན་པོའི་རྒྱལ་མཚན་གྱི་རས་བླངས་ལ་དེ་བསྲེགས་པའི་བར་གྱི་དུབས་དྲེག་པ་དེ་དང་མར་ཁུ་དེ་གཅིག་ཏུ་བྱས་ལ ་བསླད་པར་འདོད་པ་དེའི་མཆིལ་ལྡམ་ལ་དེ་བསྐུའོ། ། དེའི་ལག་པ་དང་རྐང་པ་གཉིས་ལ་ཡང་བྱུགས་ན་སྐད་ཅིག་གིས་དེ་བསྐྲོད་དོ།། དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ་ནི་དུར་ཁྲོད་ཀྱི་རས་སམ། གྲོ་གའི ་ལོ་མ་ལ་རུང་གི་དཀྱིལ་འཁོར་བྱ་རོག་གི་ཁྲག་དང་། བྱ་རོག་གི་སྦུ་གུས་བྲི་བར་བྱ་སྟེ། རླུང་གི་དཀྱིལ་འཁོར་གྱི་དབུས་སུ་བསྒྲུབ་བྱའི་མིང་དང་སྤེལ་གཏོར་མ་ཟ་བའི་མགྲིན་པར་བཅིངས་ལ། བྱ་རོག་བཟུང་ནས ་མ་ཧེའི་གདོང་པའི་སྦྱོར་བར་གནས་པའི་ཁ་ལྷོར་ལྟས་ལ་འཕང་སྟེ། དེའི་སྐད་ཅིག་གིས་བྱ་རོག་བཞི་ན་ས་ཀུན་ཏུ་འཁོར་རོ།། གཞན་ཡང་བསྐྲད་པ་ནི་ཚ་བའི་མར་ཁུས་བསྐུས་ལ་ནིམ་པའི་ཤིང་ལས་གཏོར ་མ་ཟ་བའི་ཆད་བླངས་ལ། ཆང་དེའི་ཤིང་པའི་ནགས་ཀྱི་ཤིང་མེས་བསྲེགས་པའི་ཐལ་བ་དེ་བླངས་ལ། གང་གི་མགོར་ཐུགས་པ་དེ་བསྨོད་པར་འགྱུར་རོ།། གཞན་ཡང་དབྱེ་བའི་རབ་ཏུ་སྦྱོར་བ་ནི། བྱ་རོག་དང ་འུག་པའི་བཤོག་པ་དང་། བྲམ་ཟེ་དང་གཏུམ་པོ་རྣམས་ཀྱི་སྒྲ་གཅིག་ཏུ་བྱས་ལ། དྷ་དུ་རའི་ཤིང་ལ་མེ་རབ་ཏུ་སྦར་ཏེ། དུ་བ་མེད་པའི་མེས་བསྲེགས་ལ། དེའི་ཐལ་བ་བླངས་ལ་ཡི་གེ་བཅུ་པའི་སྔགས་བཟླས ་ནས་བུད་མེད་དང་སྐྱེས་པ་གཉིས་ཀྱི་བར་དུ་ཐལ་བ་བཞག་ན། དེ་སྐད་ཅིག་གིས་འབྱེད་པར་བྱེད་དོ།། དེ་ནས་དུར་ཁྲོད་ཀྱི་རས་བླངས་ལ་དུག་ལ་སོགས་པའི་རྫས་ཀྱིས་ཟན་པའི་བར་དུ་བསྒྲུབ་བྱའི་མིང་བྲིས ་ལ་ཟེར་མོའི་དང་སྦྲུལ་གྱི་སྤུ་དང་ལྤགས་པ་བླངས་ཏེ། དེ་ལ་བཅུག་ནས་སྡོང་བུ་བྱས་ཏེ། གང་གི་ཁྱིམ་དུ་སྦར་བ་དེར་ཕན་ཚུན་འཐབ་པར་འགྱུར་རོ།། དེ་ནས་གསད་པར་འདོད་པ་ནི་བཤང་གཅི་ལ་གཟུགས། ་བརྙན་བྱས་ལ། དེའི་སྟེང་དུ་རུས་པ་ཕྱེ་མས་བ་ཏུ་ཟུགས་ལ། ངུ་ཁྲོད་ཀྱི་མེ་ལ་སྒྲ་གཤིག་པ་བྱས་ལ། ཁ་ལྷོར་བལྟས་ཏེ་མ་ཏེའི་གདོང་པའི་སྦྱོར་བས་ནམ་ཕྱེད་ན་དེ་གཏུབས་ལ་བསྲེག་གོ། གང་གི་མིང་དང་བཅས ་པར་བྱས་ན་དེ་སྐད་ཅིག་གིས་འཆིའོ། ། རྡོ་རྗེ་འཇིགས་བྱེད་ཆེན་པ་ཉིད་ཀྱི་རབ་ཏུ་སྦྱོར་བ་འདི་གསུང་སོ།། དེ་ནས་སྨད་པར་འདོད་པས་རྒྱལ་མཚན་གྱི་རས་ལ་ལ་ཆ་བཅུ་དྲུག་པའི་འཁོར་ལོ་ལ་ཡིག་བཅུ་པའི་སྔགས ་སྔོན་དུ་གསུངས་པའི་རྫས་དང་དུར་ཁྲོད་ཀྱི་སོལ་བས་གང་གི་མིང་དང་བཅས་པ་བྲིས་ཏེ། ནིམ་པའི་ཤིང་ལ་རྒྱལ་མཚན་གཞག་ན་དེ་སྨོད་པར་འགྱུར་རོ།། དེ་ནས་རེངས་པར་འདོད་པས་གཤིན་རྗེའི་འཁོར་ལོ་གཡམ ་པའམ་རས་ལ་བ་བླ་དང་ཡུང་བས་གང་གི་ང་དང་བཅས་པ་ལེགས་པར་བྲིས་ལ་བཞག་ན། དེ་རེངས་པར་འགྱུར་རོ།། གལ་ཏེ་སྔགས་ཏེ་སྔགས་པས་དབང་དུ་བྱ་བར་འདོད་ན། གྲོག་མཁར་གྱི་ས་དང་གུར་གུམ་དང ་གཾ་ཝང་དང་བབླ་དང་ཡུང་བ་རྣམས་ལྷན་ཅིག་དུ་བྱས་ཏེ། བསྒྲུབ་བྱ་པོ་འམ།། གལ་ཏེ་མོའི་གཟུགས་བརྙན་ཆད་སོར་བཅུ་དྲུག་པ་བྱས་ལ། གི་ཝང་དང་། སྲིན་ལག་གི་ཁྲག་གིས་གྲོ་ག་ལ་གཤིན་རྗེའི་འཁོར་ལོ་བྲིས་ཏེ། ་དེའི་སྙིང་ཁར་བཅུ་གནས་རང་གི་ཁྱིམ་དུ་བཞག་ལ། མེ་ཏོག་དམར་པོས་དུས་གསུམ་དུ་དབུལ་བ་དང་། ཁ་ནུབ་ཏུ་བལྟས་ལ་ཡཾ་གེ་བཅུ་པའི་སྔགས་བཟླས་པ་བྱས་ན། ཞག་བདུན་གྱིས་བརྒྱ་བྱིན་ཡང་དབང་དུ་འགྱུར་ན་ཡང ་ཕྲ་མོའི་མིལྟ་ཅི་སྤོས་དེ་ནས་ཡང་དགུག་པར་འདོད་ན། དེ་ལ་ཐོད་པལ་འཁོར་ལོ་ག་ཝང་དང་ཕྲིན་ལག་གི་ཁྲག་གིས་བྲིས་ཏེ། སེང་ལྡེང་གི་མ་ལ་བསྲོ་ཞིང་། གང་བྱ་བའི་མིང་དང་བཅས་པར་བཟླས་ན། དེ་སྐད་ཅིག་གིས ་རླུང་གི་ཤུགས་བཞིན་དུ་འགུག་པར་འགྱུར་རོ། ། དེ་ནས་སྔགས་པས་སྐྱོ་བར་བྱ་བར་འདོད་ན་དྷ་དུ་རའི་འབྲས་བུ་ཟངས་ལ། ཤ་ཆེན་དང་ལྷན་ཅིག་པུ་ཤིང་སྲིན་གྱིས་ཟོས་པའི་བྱེ་མ་དང་བསྲེས་ནས་བཟའ་བ་དང་བཏུང་བ་ལ་ནི ་སྤྱན་ནོ། ། སྔགས་ཀྱང་བཟླས་པ་བྱ་སྟེ། དེ་སྐད་ཅིག་གིས་སྐྱོ་བར་འགྱུར་ཞིང་ཞག་བདུན་གྱིས་འཆིའོ།། དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ། གཤིན་རྗེའི་སྔགས་སུ་དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པའི ་རྫས་ཀྱིས་བྲིས་ཏེ། མར་མེ་ཆེན་པོ་དང་རྣམ་པར་སྣང་མཛད་ཀྱི་གཟུགས་བརྙན་བྱས་ལ། དེའི་སྙིང་ཁར་འཁོར་ལོ་བཅུག་ནས་པའི་གནག་སུ་སོང་ལ་རོ་བསྲེགས་པའི་མེ་ལ་མཚོན་རྣོན་པོས་ཆུབས་ནས་རྣམ་པར་བརྩེག ་བའི་སྦྱོར་བས་རྣལ་འབྱོར་པ་གནས་ལ། རྣམ་པར་སྣང་མཛད་ཀྱིས་ལུས་བྱུགས་ཏེ།། ཁ་ལྷོར་བལྟས་ནས་བསྲེགས་ན་དེ་མྱུར་དུ་འཆིའོ།། དེ་ནས་འབྲལ་བའི་རབ་ཏུ་སྦྱོར་བ་འབྱུང་བ་ནི་བྱ་རོག་དང་འུག་པའི་རུས་པ་བླང ་ན་དེ་གཉིས་ལ་ལྕགས་ཀྱི་ཚེར་མས་བསྒྲུབ་བྱའི་མིང་དང་ལྷན་ཅིག་ཏུ་ཡི་གེ་བཅུ་པའི་སྔགས་བྲིས་ལ། གཅིག་པུ་གནས་སུ་གནས་ཏེ། གང་གི་མིང་དང་བཅས་པར་བཟླས་ཤིང་། དེ་ཅིག་ལ་གཅིག་བྲུད་ན་འབྲལ་བར ་འགྱུར་རོ། ། དེ་ནས་གཤིན་རྗེ་འཁོར་ལོ་གྲོ་གའི་མདབ་མ་ལ་བུད་མེད་དང་སྐྱེས་པའི་མིང་བྲིས་ནས་སྦལ་པའི་གསུས་པར་བཅུག་ན། གང་གི་མིང་དང་བཅས་ལ་ཐེམ་པའི་འོག་ཏུ་སྦས་ན། དེའི་ཡན་ལག་མཚོན ་གྱིས་འབུགས་པར་འགྱུར་རོ། ། དེ་ནས་བུ་མོ་རེངས་པའི་རབ་དུ་སྦྱོར་བ་འདི་གཤིན་རྗེའི་སྔགས་དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པས་བྲིས་ལ་རོ་བསྲེགས་པའི་སོལ་བས་གཟུགས་བརྙན་མཐོ་གང་ཙམ་གྱི ་ཚད་བརྩིགས་ལ། དེའི་སྙིང་ཁར་འཁོར་ལོ་བཅུག་ནས་རྐང་པ་གཡོན་པས་མནན་ལ། མ་ཧེའི་སྦྱོར་བས་ཆེ་གེ་མོའི་ཕོ་མོ་མྱུར་བར་རེངས་པར་གྱུར་ཅིག་ཅེས་ཡི་གེ་བཅུ་པའི་སྔགས་བཟླས་ན་རེངས་པར་འགྱུ་རོ།། ་འདི་ཡི་ལས་རྣམས་ནི་གཞན་སུ་ལ་ཡང་སྨྲ་བར་མི་བྱའོ།། གལ་ཏེ་སྔགས་པ་རྨོངས་པའི་བདག་ཉིད་ཅན་གྱིས་བྱེད་ན་དམྱལ་བར་ངེས་པར་ལྷུང་ངོ་།། དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་དང་། བླ་མ ་ལ་བརྙས་པར་བྱེད་པ་དང་། དམ་ཚིག་དང་བྲལ་བ་དང་། སྔགས་དང་བྲལ་བ་དང་། སྔགས་དང་རྒྱུད་ལ་འཕྱ་བར་བྱེད་པ་དང་སེམས་ཅན་ལ་འཚོ་བ་འདི་རྣམས་ལ་ཕན་པའི་ཕྱིར་སྔགས་པས་སྙིང་རྗེས་གདུངས་པའི་སེམས ་ཀྱིས་གནོད་པ་རབ་ཏུ་སྦྱོར་བ་བྱའོ། ། གལ་ཏེ་གཞན་ལ་བྱས་ན་དམ་ཚིག་ཉམས་ནས་ཚ་བ་ཆེན་པོར་འགྲོའོ།། དེས་རྒྱུད་གཞན་དུའང་བཤད་དེ། སློབ་དཔོན་ལ་ནི་སྨོད་བྱེད་དང་། ཐེག་པ་ཆེན་པོ་སྐུར་པ་དང་། སྔགས ་རྒྱུང་རབ་སྦྱོར་ཡེ་ཤེས་ལ། འཕྱ་བར་བྱེད་པའི་མི་གང་དག། དེ་ནི་འབད་ལ་གསང་བར་བྱ།། ཡང་ན་གནས་ནས་གཡོ་བར་བྱ།། རྣལ་འབྱོར་སྙིང་རྗེ་མང་བ་ཡིས།། གཞན་ལ་རུང་རུང་བྱས་ན་ནི།། དེ་ལ་དེ་བཞིན་ལས་དེ ་ནི། ། ཕྱིར་ལྡོག་པར་ནི་འབྱུང་བར་འགྱུར།། ཅི་ཕྱིར་སེམ་ཅན་ཐོ་བརྩམ་ཕྱིར།། རྣལ་འབྱོར་པ་ནི་འདི་ལའོ།། འདི་ལ་འཇམ་དཔལ་འཇམ་པའི་མཆོག། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས། ་ཐམས་ཅད་གྲུབ་པའི་རྟོག་པ་སྟེ་གཉིས་པའོ།། ། དེ་ནས་གོ་རིམས་ཇི་ལྟ་བ་ཚོགས་སྔགས་བཏུབ་རབ་ཏུ་གསུངས་ཏེ། རབ་ཏུ་གཙང་བའི་ཡུལ་ཁམས་སྔགས་པས་གནས་ལ་སྔགས་བཏུ་བར་བྱསྟེ། ་ཇི་ལྟར་དྲུག་པའི་དང་པོ་དང་།། ལྔ་པ་ཡི་ནི་ལྔ་པ་དང་།། དྲུག་པ་ཡི་ནི་གཉིས་པ་ལ།། དབྱངས་ཡིག་གཉིས་པ་དང་ལྡན་པ།། གཉིས་པ་ཡི་ནི་གསུམ་པ་ལ།། ཡང་ནི་དབྱངས་ཡིག་གཉིས་པ་ལྡན།། བདུན་པ་ཡི་ཡང་གསུམ ་པ་དང་། ། བཞི་པ་ཡི་ཡང་གསུམ་པ་ལ།། དབྱངས་ཡིག་བཅུ་གསུམ་དང་ལྡན་པ།། ལྔ་པ་ཡི་ཡང་ལྔ་པ་ལ།། དབྱངས་ཡིག་བཅུ་གཅིག་དང་ལྡན་པ།། དུག་པ་ཡིན་ཡོད། དྲུག་ཡེ་པོག་ཉིས་འགྱུ་དང་། ཡ་ནཱི་གིས་བ་བྱེན། ་ཡང་ལྔ་པ་ལ།། བཅུ་དང་གཅིག་གིས་གནན་ལྡན་པ།། བཞི་པ་ཡི་ནི་གསུམ་པ་ལ།། བཅུ་གསུམ་པ་ཡིས་མཉམ་མནན་པ།། དྲུག་པ་ཡི་ནི་གཉིས་པ་ལ།། དབྱངས་ཡིག་ལྔ་པ་དང་ལྡན་པ།། གསུམ་པ་ཡིན ་ལྔ་པ་དང་། ། རླུང་གི་ས་བོན་དེ་ནས་སྦྱིན།། དབྱངས་ཡིག་བཅུ་གསུམ་ཡང་དག་ལྡན།། བཞི་པ་ཡི་ནི་གསུམ་པ་དང་།། དེ་ནས་རླུང་གི་ས་བོན་སྦྱིན།། དྲུག་པ་ཡི་ཡང་དང་པོ་དང་།། བཞི་པ་ཡི་ནི་གསུམ་པ་དང་།། དེ་ལ ་རླུང་གིས་བོན་ནི། ། དབྱངས་ཡིག་བཅུགསམ་པ་དང་ལྡན།། བཞི་པ་ཡི་ནི་ལྔ་པ་ལ།། དབྱངས་ཡིག་གསུམ་པ་དང་ལྡན་པ།། དེ་ནས་མི་ཡི་ས་བོན་སྦྱིན།། རླུང་གི་ས་བོན་དེ་བཞིན་ནོ།། དེ་ནས་ཡི་གེ་ཐ་མ་སྦྱིན། དབྱངས ་ཡིག་བཅུ་གཅིག་པ་དང་ལྡན། ། རླུང་གི་ས་བོན་དེ་བཞིན་མཆོག། དྲུག་པ་ཡི་ནི་དང་པོ་དང་།། དེ་ནས་ཡི་གེ་ཐ་མ་སྦྱིན།། དབྱངས་ཡིག་བཅུ་གཅིག་པ་དང་ལྡན།། ཡང་ནི་རླུང་གི་ས་བོན་དང་།། གཉིས་པ་ཡི་ནི་དང་པོ ་དང་། ། དེ་ནི་གཉིས་འགྱུར་ལྡན་པར་བྱ།། བཞི་པ་ཡི་ནི་ལྔ་པ་ལ།། དབྱངས་ཡིག་གསུམ་པ་དང་ལྡན་པ།། དེ་ནས་མ་ཡི་ས་བོན་དང་།། ལྔ་པ་ཡི་ནི་ལྔ་པ་དང་།། དེ་ནས་རླུང་གི་ས་བོན་སྦྱིན།། དང་པོར་རྣམ་པར་སྣང ་མཛད་སྦྱིན། ། མཆོག་གི་དབང་ཕྱུག་དང་སྦྱར་བ།། ལྔ་པ་ཡི་ནི་གཉིས་པ་དང་།། གསུམ་པ་ཡི་ནི་དང་པོ་ནི།། མཁས་པས་ལན་གཉིས་བརྗོད་པར་བྱ།། འདི་ནི་འཇམ་དཔལ་ཞེས་བྱ་བའི།། འཇིགས་བྱེད་ཆེན་པོ ་རྒྱུར་འཁོར་ལོ། ། མ་ཧེ་གདོང་ཅན་རྩ་སྔགས་ཏེ།། འབུམ་བཟླས་པ་ཡིས་ལས་ཀུན་བྱེད།། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ།། མ་བྱུང་འབྱུང་བར་མི་འགྱུར་རོ།། བདུན་པ་ཡི་ནི་བཞི་པ་ལ།། དབྱངས་ཡིག་བཞི་པ་དང ་ལྡན་པ། ། མེ་ཡི་ས་བོན་འོག་ཏུ་སྦྱིན།། དེ་ནས་མངའ་བདག་བཅུ་དྲུག་མཐའ།། བདུན་པ་ཡི་ནི་གཉིས་པ་ལ།། དབྱངས་ཡིག་བཞི་པ་དང་ལྡན་ཞིང་།། གསུམ་པ་ཡི་ནི་དང་པོ་ལ།། འོག་ཏུ་མེའི་ས་བོན་གདགས།། མངའ། ་བདག་བཅུ་དྲུག་མཐའ་མ་སྟེ།། དྲུག་པ་ཡི་ནི་བཞི་པ་ལ།། དབྱངས་ཡིག་གསུམ་པ་དང་ལྡན་པ།། དང་པོ་ཡི་ཡང་དང་པོ་དང་།། དབྱངས་ཡིག་བདུན་པ་དང་ལྡན་པ།། འོག་ཏུ་མ་ཡི་ས་བོན་སྦྱིན།། བཞི་པ་ཡི་ནི ་དང་པོ་ལ། ། དབྱངས་ཡིག་གཉིས་པ་དང་ལྡན་པ།། བཞི་པ་ཡི་ནི་ལྔ་པ་ནི།། མཁས་པ་ཡི་ནི་ལན་གཉིས་བརྗོད།། དང་པོར་རྣམ་པར་སྣང་མཛད་སྦྱིན།། ཡ་ཚོགས་བརྒྱད་པའི་ས་བོན་ལ།། དབྱངས་ཡིག་དྲུག་པ་དང ་ལྡན་ལ། ། སྤྱི་བོ་རུ་ནི་ཐིག་ལེས་བརྒྱན།། ལྔ་པ་ཡི་ནི་གཉིས་པ་དང་།། གསུམ་པ་ཡི་ནི་དང་པོའོ།། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ།། མ་ཧེའི་གདོང་ཅན་སྦྱོར་བ་ཡིས།། ཐམས་ཅད་ལས་ནི་བྱེད་པའོ།། ལས་ཀྱི ་སྔགས་པ་གྲགས་པ་སྟེ། ། སུམ་འབུམ་བཟླས་ན་ལས་ཀུན་བྱེད།། དྲུག་པ་ཡི་ནི་དང་པོ་དང་།། ལྔ་པ་ཡི་ཡང་ལྔ་པ་ལ།། དབྱངས་ཡིག་གཉིས་པ་དང་ལྡན་པ།། བཞི་པ་ཡི་ནི་དང་པོ་སྟེ།། དེ་ཡི་ལྔ་པ་གླང་དུ ་བཞག། དང་པོ་ཡི་ནི་དང་པོ་དང་།། དང་པོར་རྣམ་པར་སྣང་མཛད་སྦྱིན།། མཚོགས་བརྒྱད་པའི་མ་བོར་།། བྱངས་ཡིག་དྲག་པ་དང་ལྡན་ལ།། སྤྱི་བོ་ནི་ཐིག་ལས་བརྒྱན།། ལྔ་པ་ཡི་ནི་གཉིས་པ་དང་།། གསུམ་པ་ཡི་ནི་དང་པོའོ།། འདི་ནི། ་མཧེ་གདོང་ཅན་གྱི།། སྙིང་པོའི་སྔགས་སུ་རབ་ཏུ་གྲགས།། ཡི་གེ་རེ་རེ་འབུམ་བཟླས་ན།། འཇིག་རྟེན་གསུམ་གྱི་ལས་ནི་གང་།། ཅི་ཡང་རུང་བ་ཐམས་ཅད་བྱེད།། སྔགས་བཏུ་བའི་ཆོ་གའི་དུས་འདིར་མཆོད ་པ་བྱའོ། ། འདི་ནི་འཇམ་དཔལ་ཞེས་བྱ་བ།། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས་སྔགས་བཏུབ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི ་བསྒྲུབ་པ་ཡང་དག་པར་བཤད་དེ། སྔོན་དུ་ཆོས་ཐམས་ཅད་ལ་བདག་མེད་པ་མངོན་དུ་འགྲོ་བས།། ལྷར་དམིགས་པར་བྱ་སྟེ། དང་པོར་རེ་ཤིག་རང་བཞིན་གྱིས་དག་པའི་སྔགས་བརྗོད་པས། ཆོས་ཐམས།། ་བདག་མེད་པའི་ངོ་བོར་བྱས་ནས། ནམ་མཁའི་དཀྱིལ་དུ་ཡཾ་གི་རྣམ་པར་ལས་གྲུབ་པའི་རླུང་གི་དཀྱིལ་འཁོར་མདོག་དུ་བའི་རྣམ་པ་བསམ་མོ།། དེའི་སྟེང་དུ་དང་པོའི་དབྱངས་ཡིག་ལས་གྱུར་པའི་ཟླ་བའི་དཀྱིལ ་འཁོར་དམིགས་ཏེ། དེའི་སྟེང་དུ་དྷིའི་རྣམ་པ་ལས་འཇམ་དཔལ་གཞོན་ནུའི་གཟུགས་སུ་གྱུར་པར་བསམ་པར་བྱའོ།། དེར་ཨའི་རྣམ་པ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་བསམ་སྟེ།། ཉི་མའི་དཀྱིལ ་འཁོར་དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་དང་རིག་པའི་ལྷ་མོ་དང་ཁྲོ་བོ་ལ་སོགས་པའི་ཤིན་དུ་བསྐུལ་ཏེ། ། ཡང་འོངས་ནས་ཉི ་མའི་དཀྱིལ་འཁོར་ལ་བཞུགས་པར་བསམ་མོ། ། དེ་ནས་ཡང་འཇམ་དཔལ་དང་དེ་བཞིན་གཤེགས་པ་ལ་སོགས་པ་དེ་རྣམས་གཅིག་ཏུ་གྱུར་ནས། ཉི་མའི་དཀྱིལ་འཁོར་དུ་བསམ་པར་བྱའོ།། འོད་ཟེར ་འབར་བའི་རྣམ་པས་དཔག་ཚད་སྟོང་ཕྲག་དརྒྱར་ཁྱབ་པར་གསལ་བར་བྱའོ། ། དེའི་སྟེང་དུ་ཧཱུ~ཾ་མདོག་ནག་པོའི་འོད་ཟེར་ལྔ་དང་ཡང་དག་པར་ལྡན་པར་བསམ་སྟེ། ཧཱུཾ་དེ་ལས་འོད་ཟེར་གྱི་རྣམ་པར་འཕྲོས ་པས། ། སྔོན་དུ་གསུངས་པ་བཞིན་དུ་ཡང་ཞུགས་ཏེ། ཡི་གེ་དེ་ལས་རྡོ་རྗེ་ཆེན་པོ་རྣམ་པར་གདེངས་པ་ཁ་དོག་ནག་པོའི་འོད་ཟེར་ལྔ་དང་ལྡན་པ་རྣམ་པར་དམིགས་པར་བྱ་སྟེ། རྡོ་རྗེ་དེ་ལས་ཕྲ་མོའི་རྣམ་པ་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ལྷ་མོས་ནམ་མཁའ་ཏིལ་གྱི་གང་བུ་ལྟར་གང་ཉི་མ་ལ་གནས་པ་རྣམ་པར་བསམ་པར་བྱའོ། ། དེ་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་ནི་སེམས་ཅན ་ཡོངས་སུ་སྨིན་པར་བཏུལ་ནས་བྱང་ཆུབ་ལ་རབ་ཏུ་བཀོད་དེ། ། ཡང་དེ་ཉིད་ལྷན་ཅིག་ཏུ་བསྡུས་ནས་རྡོ་རྗེའི་གཟུགས་བརྙན་ལ་རབ་ཏུ་ཞུགས་པར་བསམ་མོ།། རྡོ་རྗེའི་གཟུགས་དེ་ཉིད་ཞལ་དགུ་པ། མ་ཧེའི ་དང་ཅན་འཇིགས་པའི་དུས་ཀྱི་མེ་ལྟར་འབར་བ། རྡོ་རྗེ་འཇིགས་བྱེད་ཆེན་པོ་ཁམས་གསུམ་ཐ་བར་དྲས་པ།། ཞལ་གཤེས་པ། ས་ཧ་ཞེས་ལྷགས་འདྲིལ་བ། རྣམ་པར་གཅིགས་པའི་བློ ་གཉེར་འཇིགས་པ། ཁྲོ་གཉེར་གྱི་འགྲམ་ནས་སྨིན་མ་དང་སྤྱན་འཇིགས་པ་འི་དུ་ཐོས་ཐོ་པ། མིའི་ཁྲག་དང་ཚིལ་དང་། ཞག་དང་རྐང་པག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐལ་སོམ ་པ་ལ་སྡིགས་འཛུབ་བྱེད་པ། ། བརྒྱ་བྱིན་དང་ཚངས་པ་དང་དབང་ཕྱུག་ཆེན་པོ་དང་ཁྱབ་འཇུག་དང་གནོད་སྦྱིན་ལ་སོགས་པ་ཟབ།། ཐོད་པ་གཙིགས་པའི་རྩེ་མོ་འཇིག་སུ་རུང་བའི་བོད་པས་ཐོང་བྱས་པ། ་འཇིགས་པ་ཆེན་པོ་ཅན། བེད་ཅེས་སྒྲ་སྒྲོགས་ཤིང་ཐོད་པའི་འཕྱང་འཕྲུལ་གྱི་རྒྱན་གྱིས་བརྒྱན་པ། ཞབས་བཅུ་དྲུག་པ། གཅེར་བུའི་གཟུགས་མཚན་མགྱེན་དུ་དགྲེང་བ། གཡོན་བཏུང་ག། གསུམ་པ ་ཆེ་བ། སྒྲ་གྱེན་དུ་རྗེས་པ། འཇིགས་པ་ཆེན་པོར་བྱེད་པ་པད་ཅེས་སྒྲ་སྒྲོགས་པ། ཕྱག་སུམ་བཅུ་རྩ་བཞི་དང་ལྡན་པ། གླང་པོ་ཆེའི་ལྤགས་པ་རློན་པ་འཛིན་པ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ། མཧེའི ་གདོང་ཅན་རྣམ་པར་བསམ་པར་བྱ་སྟེ། དེ་ལྟར་ཤིན་ཏུ་བསམ་པ་བརྟན་པར་བྱས་སྟེ། དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ལ་ཤིན་དུ་མཉམ་པར་བཞག་པའི་སྔགས་པས་རྟག་ཏུ་བསྒོམ་པར་བྱ་སྟེ། གཡས་དང་པོན་གྲི ་གུག། གཉིས་པན་མཚོན་རྩེ་གཅིག་པ། གསུམ་པ་ན་གཏུན་ཤིང་། བཞི་པ་ན་ཆུ་གྲི། ལྔ་པ་ན་རྡོ་རྗེ་རྩེ་གཅིག་པ། དྲུག་པ་ན་སྟ་རེ། བདུན་པ་ན་མདུང་ཐུང་། བརྒྱད་པན་མདའ། དགུ་པན་ལུགས་ཀྱུ། བཅུ ་པ་ན་དབྱིག་ཐོ། བཅུ་གཅིག་པ་ན་ཁ་ཊྭཱཾ་ག། བཅུ་གཉིས་པ་ན་འཁོར་ལོ།། བཅུ་གསུམ་པ་ན་རྡོ་རྗེ། བཅུ་བཞི་པ་ན་རྡོ་རྗེ་ཐོ་བ། བཅཝ་ལྔ་པ་ན་རལ་གྲི། བཅུ་དྲུག་པན་ཅང་ཏེའུའོ།། གཡོན་པའི་དང་པོ ་བོང་བ། གཉིས་པ་ན་མགོ་གོ། གསུམ་པ་ན་ཕུབ། བའི་པན་རྐང་པ། ལྔ་པན་ཞགས་པ། དྲུག་པ་ན་གཞུ། བདུན་པ་ན་རྩཝ་ས། བརྒྱད་པན་དྲིལ་བུ། དགུ་པར་ལག་པ། བཅུ་བན་དུར་ཁྲོད་ཀྱི་རས། བཛྲ ་གཅིག་པ་ན་སྐྱེས་བུ་གསལ་ཞིང་ལ་བཙུགས་པ། བཅུ་གཉིས་པ་ན་མེ་ཐབ། བཅུ་གསུམ་པར་ཐོད་ཚལ། བཅུ་བཞི་པས་སྡིགས་འཛུབ། བཅཝ་ལྔ་པན་འཕན་རྩེ་གསུམ་པ། བཅུ་དྲུག་པན་རླུང་གིས་ཕྱར ་བའི་དུར་ཁྲོད་ཀྱི་རས། ཕྱག་གཉིས་ཀྱིས་གླང་པོ་ཆེའི་ལྤགས་པ་རློན་པ་འཛིན་པའོ།། ཞབས་གཡས་པའི་དངོ་པོས་མི། གཉིས་པས་མ་ཧེ། གསུམ་པས་གླང་། བཞི་པས་བོང་བུ། ལྔ་པས་རྔ་མོ།། དྲུག་པས་ཁྱི། བདུན ་པས་ལུག། བརྒྱད་པས་ཝ། ཞབས་གཡས་པས་འདི་དག་ལ་ཞོན་པའོ།། ཞབས་གཡོན་པའི་དང་པོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག། བཞི་པས་ནེ་ཚེ། ལྔ་པས་ཁྲ། དྲུག་པས་ཁྲུང་ཆེན་པོ ་བདུན་པས་རི་སྐྱེགས། བརྒྱད་པས་བཞད། ཞབས་གཡོན་པས་འདི་རྣམས་མནན་པའོ།། དཔལ་འཇིགས་བྱེད་ཆེན་པོའི་དང་པོའི་ཞལ་ནི་རབ་ཏུ་ནག་པ་ས་ཧེའི་རྣམ་པ་ཤིན་ཏུ་འཁྲོས་པ་ཅན། རཱ་གཡས་ཀྱི་ཞལ་གསུམ་ལ ་དང་པོ་སྔོན་པོ། ། གཉིས་པ་དམར་པོ། གསུམ་པ་སེར་པོ་སྟེ། མངའ་བདག་གི་ཞལ་གསུམ་ཤིན་ཏུ་ཁྲོས་པ།། རཱ་གཡོན་པར་ཞལ་གསུམ་ལ། དང་པོ་དཀར་པོ། གཉིས་པ་དུང་ཁ། གསུམ་པ་ནག་པོ་རབ་ཏུ ་ཁྲོས་པ། གཙིགས་པའི་ཞལ་རབ་ཏུ་བསམ་པར་བྱའོ།། རྭ་གཉིས་ཀྱི་བར་དུ་དབུས་ཀྱིས་ཞལ་དམར་པོ་རབ་ཏུ་འཇིགས་པ་ཞལ་ནས་ཁྲག་འཛག་པ་བསམ་པར་བྱའོ།། སྟེང་དུ་འཇམ་དཔལ་གྱི་ཞལ་ཅུང་ཟད ་སེར་བ་ཡུད་ཙམ་ཁྲོ་བ་བྱིས་པའི་རྒྱན་གྱིས་བརྒྱན་པ་སྤྱི་བོར་རལ་པ་ལྔ་དང་ལྡན་པར་རྣཾ་པཱ་བསམས་ཏེ། ཞལ་རྣམས་ཐམས་ཅད་སྤྱན་གསུམ་པར་སྒོམ་ཏེ། འདི་ལྟར་བདག་ཉིད་རྟག་ཏུ་རྩེ་གཅིག་ཏུ་དམིགས་སོ།། ་དེ་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་མ་ཧེའི་གདོང་ཅན་དེ་བདག་ཉིད་ཡིན་པར་བསྒོམས་ནས། དཔའ་བོའི་གནས་ལ་གནས་པའི་རྣལ་འབྱོར་པས་དེ་ནས་ཕྱི་ནས་སྔགས་བཟླ་བར་བྱ་སྟེ། བཟླས་པའི ་དུས་སུ་རང་གི་སྙིང་ཁར། ཉི་མའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་རང་གི་སྔགས་ཀྱི་ཡི་གེ་དགོད་པར་བྱའོ།། འབར་བ་དང་ཕྱི་ནས་མ་ཡེངས་པའི་ཡིད་ཀྱིས་བཟླས་པར་བྱའོ།། སྦྱོར་བ་འདི་ལ་གནས་པའི་སྔགས ་པ་ཡིས། རྟག་ཏུ་འཇིག་པ་བྱེད་ལས་ཀུན་བྱ།། དུར་ཁྲོད་གནས་ལ་བསྒོམ་བྱ་ཞིང་།། རྟག་ཏུ་བདུད་རྩི་ལྔ་རྣམས་བཟའ།། དེ་ཡིས་བསྒྲུབ་ལས་བསྒྲུབ་གཞན་མེད།། གཞན་ཡང་མར་མེ་ཆེ་ཟ་ཞིང་།། མཚན་མོ་རྒྱུ་བའི། ་རྣལ་འབྱོར་པས།། སུམ་འབུམ་རྩ་བའི་སྔགས་བཟླས་བྱ།། འདི་བཟློས་པ་ཡི་སྔགས་པ་ཡི།། ཐམས་ཅད་ལས་ནི་བྱེད་པར་འགྱུར།། འདི་ནི་འཇམ་དཔལ་འཇམ་པའི་མཆོག་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཆུང ་ལས་སྒོམ་པའི་རྟོག་པ་སྟེ། བཞི་པའོ།། ། དེ་ནས་དཔལ་འཇིགས་བྱེད་ཆེན་པོས་བསྟན་པའི་བྲིས་མུའི་ཆོ་ག་རབ་ཏུ་གསུངས་པ། དང་པོ་ས་པཔ་འོག་པ་པའི་སས་མསོག་ཡྀ་ལལ། བུ་སྐྱེས་པའི་རས་སམ། ་དེམ་རྙེད་ན་རབ་གང་ཡང་རུང་བ་ལ། རི་མོ་མཁན་བཟང་པོ་རྣམ་རྟོག་མེད་པ་མི་ཁྲོ་བ། གཙང་ག་མཁས་པ། ཡིད་གཞུངས་པ། དང་བ་དང་ལྡན་པ། བརྩེ་བ་ཅན། སྲེད་པ་དང་བྲལ་བ། འདི་ལྟར་ཡོན་ཏན་དང་ལྡན་པའོ།། ་དེ་ལྟ་བུའི་རི་མོ་མཁན་གྱི་ལག་པས་དཔའ་བོའི་རིས་ལ་བྲི་བར་བྱའོ།། གལ་ཏེ་དངོས་གྲུབ་འདོད་པས་དཔའ་བོའི་ཡོན་སྦྱིན་ནོ།། དེ་ལ་ཆོ་ག་ནི་གསང་བའི་གནས་སུ་གནས་ལ། ཤིན་ཏུ་མཉམ་པར་བཞག་པས་བྲི ་བར་བྱ་སྟེ། རི་མོ་མཁན་དང་སྒྲུབ་པ་པོས་མཐོང་བ་ལས་འཇིག་རྟེན་པ་གཞན་གྱིས་མི་མཐོང་བར་བྲི་བར་བྱ་སྟེ། ཞབས་བཅུ་དྲུག་པ། ཕྱག་སུམ་བཅུ་རྩ་བཞི་པ།། ཞལ་དགུ་པ། གཅེར་བུ་ཁ་དོག་ནག་པོ་གཡོར ་རྐྱང་པ། འཇིགས་པ་ཆེན་པོ་ཡང་འཇིགས་པར་བྱེད་པའི་རྣམ་པ་ཅན། མཚན་མ་གྱེན་དུ་འགྲེང་བར་ཐད་ཀ་བྲི་བར་བྱའོ།། ཞལ་དང་པོ་མ་ཧེ། རྭའི་གཡས་སུ་ཞལ་གསུམ་པ་སྟེ། སྔོན་པོ་དང་། དམར་པོ་དང་། སེར་པོ་ཤིན་ཏུ་ཁྲོས་པ ་བྲི་བར་བྱའོ། ། གཡོན་དུ་དཀར་པོ་དང་། དུང་ཁ་དང་། ནག་པོའོ།། དེ་གཉིས་ཀྱི་དབུས་སུ་རབ་ཏུ་དམར་པོ་བྲི་བར་བྱའོ།། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་སེར་པོ་ཅུང་ཟད་ཁྲོ་བ་བྲི་བར་བྱའོ།། ཕྱག་གཡས་པར་ཀྲྀ ་གུག་དང་། མཚོན་རྩེ་གཅིག་པ་དང་། གཏུན་ཤིང་དང་། ཆུ་གྲི་དང་། རྡོ་རྗེ་རྩེ་གཅིག་པ་དང་། སྟརེ་དང་། མདུང་དང་། མདའ་དང་། ལྕགས་ཀྱུ་དང་། དབྱིག་དོ་དང་། ཁ་ཊྭཱཾ་ག་དང་། འཁོར་ལོ་དང་། རྡོ་རྗེ་དང་། རྡོ་རྗེ་ཐོབ་དང་། རལ་གྲིང ་ཅ་ཏེའུའོ། ། ཕྱག་གཡོན་པ་ན་ཐོད་པ་དང་།། མགོ་བོ་དང་། ཕུབ་དང་། རྐང་པ་དང་། ཞགས་པ་དང་། གཞུ་དང་། རྒྱུ་མ་དང་། དྲིལ་བུ་དང་། ལག་པ་དང་། དུར་ཁྲོད་ཀྱི་རས་དང་། སྐྱེས་བུ་གསའ་ཤིང་གིས་ཕུབ་མ་དང་། མེ ་ཐབ་དང་། ཐོད་ཚལ་དང་། སྡིགས་འཛུ་བ་དང་། འཕན་རྩེ་གསུམ་པ་དང་། རླུང་གིས་བསྐྱོད་པའི་རས་སོ།། ཕྱག་གཉིས་ཀྱིས་གླང་པོ་ཆེའི་ལྤགས་པ་རློན་པ་འཛིན་པ་བྲིའོ།། ཞབས་གཡས་པས་མི་དང་། མེ་ཧེ་དང་། ་གླང་དང་། བོང་བུ་དང་། རྔ་མོ་དང་། ཁྱི་དང་། ལུག་དང་། ཝ་རྣམ་སོ།། ཞབས་གཡོན་པས་བྱ་རྒོད་དང་། འུག་པ་དང་། བྱ་རོག་དང་། ནེ་ཚོ་དང་། ཁྲ་དང་། བྱ་ཆེན་དང་། རི་སྐྱེགས་དང་། བཞད་རྣམ་སོ།། འདི་ལྟ་བུར་འདུག་པའི་རྗེ་རྗེ ་འཇིགས་བྱེད་ཆེན་པོ་བྲི་བར་བྱའོ། ། དེའི་འོག་ཏུ་ཕུ་ཁྲོད་ཆེན་པོ་ཡང་བྲི་བར་བྱའོ།། འཇིགས་པ་ཆེན་པོ་བྱེད་པ། སྲིན་པོ་དང་། ཞིང་སྐྱོང་བ་དང་། རོ་ལངས་དང་། ལྡན་པ་སྐྱེས་བུ་མདུང་རྩེ་བཙུགས་པའི་གཟུགས་དེར་མཐོང ་བར་བྱའོ། ། ནྱ་གྲོ་དྷའི་ཤིང་དག་གི་སྟེང་དུ་སྐྱེས་བུ་འཕྱང་བ་བྲི་བར་བྱའོ།། སྐྱེས་བུ་བསྲེགས་བཞིན་ཡང་བྲི། མདུང་གིས་ཕུག་པའི་སྐྱེས་བུ་ཡང་བྲི། བྱ་སྣ་ཚོགས་དང་བྱ་རོག་དང་། ཁྱི་དང་ལྕེ་སྤྱང་དང་། ཧ་ཧང་དབྱིན་པ་བྲི་། སྒྲུབ་པ་པོ་རྣམས་ཀྱང ་བྲི་སྟེ། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུལ་བ་གཅེར་བུ་སྒྲ་གཤིག་པ། ཕྱག་རྒྱ་ལྔས་བརྒྱན་པ། ཙང་ཏེའུ་དང་། ཐོད་པ་དང་། ཁནཱག་འཛིན་པ། ཐོད་པས་སྤྱི་བོར་བརྒྱན་པ། དགོད་ཅིང་ངུར་ཁྲོད་ད ་འཇུག་པ་བྲི། འདི་ནི་གསང་བའི་བྲིས་སྐུ་སྟེ། གནས་གཅིག་ཏུ་ལེགས་པར་བཞག་ལ། ཤ་ཆེན་གྱི་སྤོས་དབུལ། དེའི་མདུན་དུ་དུང་ཆེན་གྱིས་ཕྲེང་བས་བཟླས་པ་བྱ། སྔགས་པ་མཉམ་པར་གཞག་པས་དུས་གཟུ ་དུ་འབད་ལ་བྲིས་སྐུ་བསྲུང་ངོ་། ། གཞན་གང་ཡང་མི་གཞག་གོ། གཞན་གང་གི་མདུན་དུ་ཡང་མི་དགྲམ་མོ།། ཀླག་པ་དང་བཏུང་བ་དང་བཟའ་བ་དང་། སྟོན་མོ་ནི་ཤ་ཆེན་རྟག་ཏུ་མཚན་མ་བཟའོ།། གལ་ཏེ ་མཆོག་གི་དངོས་གྲུབ་འདོད་ན་དུས་གསུམ་དུ་རྣམ་པར་སྣང་མཛད་དང་ཁྲག་གི་སྤོས་བྲིས་སྐུའི་མདུན་དུ་དབུལ་ལོ། ། འདི་ནི་འཇམ་དཔལ་འཇམ་པའི་མཆོག་རྡོ་རྗེ་འཇིགས་བྱེད་ཆེན་པོ་རྣལ་འབྱོར་གྱི ་རྒྱུད་ལས་བྲིས་སྐུའི་ཆོ་གའི་རྟོག་པ་སྟེ་ལྔ་པའོ། ། །། དེ་ནས་སྦྱིན་བསྲེག་གི་ལས་ཀྱི་ཆོ་ག་གསུམ་པ་ཇི་ལྟར་སྔོན་གྱི་རིམ་པ་སྟེ། དང་པོར་རེ་ཤིག་སྔགས་པས་དབེན་པའི་གནས་སུ་ཕྱིན་ལ། ་མཚན་ཕྱེད་ན་སྦྱིན་བསྲེག་གི་ལས་ཀུན་བྱས་ཏེ། གོང་དུ་གསུངས་པའི་ལྷའི་རྣལ་འབྱོར་ལ་གནས་པ་ཡིས་ལས་ཐམས་ཅད་བྱའོ།། དེ་ལ་ལས་ནི་འདི་རྣམས་ཡིན་ནོ།། གལ་ཏེ་གསད་པར་འདོད་ན་དེར ་མིའི་རུས་པ་དང་། རྣམ་པར་སྣང་མཛད་དང་། བོང་བུའི་སྤངས་དང་། ཁྱིའི་སྤངས་དང་། ཚེ་རམ་དང་སྒྲ་དང་སེན་མོ་དང་དེ་དག་ཐམས་ཅད་ཚ་བའི་མར་ཁུས་སྦྲུས་ལ། མ་ཧེའི་ཞལ་གྱི་སྦྱོར་བས། ཤིན་དུ ་མཉམ་པར་གཞག་ལ། ཁ་ལྷོར་ལྟས་ཏེ་རོ་བསྲེགས་པའི་མེ་ལ། གང་གི་མིང་དང་བཅས་པར་བརྒྱ་རྩ་བརྒྱད་བསྲེགས་ན་ཐེ་ཚོམ་མེད་པར་དེ་ཞག་གསུམ་གྱིས་འཆིའོ།། ཡང་ནི་ཕྱོགས་གཅིག་ཏུ་གརྠ ་ལ་མེ་ཐབ་གྲུ་གསུམ་བྱས་ནས། དེར་སྔོན་དུ་གསུངས་པའི་རྫས་ཀྱིས་གཏུམ་པོའི་མེ་ལ་སྦྱིན་བསྲེག་བྱ་སྟེ། སྦྱོར་བ་དེས་ནི་ལས་དེ་ཉིད་འགྲུབ་བོ།། དེ་ནས་འབྲལ་བར་འདོད་ན་བྱ་རོག་དང་འུག་པ་དང་རྨ་བྱ་དང ་སྦྲུལ་དང་སྐྲ་དང་འབྲས་བུ་བ་དང་མ་ཧེ་དང་། རྟའི་ཤ་དང་། ལྷན་ཅིག་ཏུ་གང་གི་མིང་དང་བཅས་པར་ཡི་གེ་བཅུ་པའི་སྔགས་ཀྱིས་དུར་ཁྲོད་ཀྱི་མེ་ལ་སྲེགས་ན་ངེས་འབྲལ་བར་འགྱུར་རོ།། ཡང་ན་དུར་ཁྲོད་ཀྱི་ཤིང་ལ ་གཏུམ་པོའི་མ་རབ་ཏུ་སྦར་ལ་ཁྱིམ་དུ་གནས་ཏེ། གོང་གི་རྫས་དེ་བསྲེགས་ན། རྡོ་རྗེ་འཛིན་པ་ལྟ་བུ་ཡང་ཉི་མ་བདུན་གྱིས་འབྲལ་ལོ།། དེ་ནས་བསྐྲད་པར་འདོད་ན་བྱ་རོག་གི་ཤ་དང་། རྔ་མོའི་དྲུག་པ་དང་ལྷན་ཅིག ་ཏུ་ཆང་དང་ཡང་དག་པར་ལྡན་པ་རླུང་གི་དཀྱིལ་འཁོར་གྱི་དབུས་སུ། དུར་ཁྲོད་ཀྱི་ཤིང་ལ་མེ་རབ་ཏུ་སྦར་ལ། གཅེར་བུ་སྐྲ་བཤིག་པར་བསྒྱུར་ནས། ཁ་ལྷོ་ཕྱོགས་སུ་བལྟས་ཏེ། གཤིན་རྗེའི་སྔགས་ཀྱིས ་ཆེ་གེ་མོའི་མིང་དང་བཅས་པར་ལག་པ་གཡོན་པས་སྦྱིན་བསྲེག་སྟོང་བྱས་ན་སྐྲོད་པ་ལས་གཞན་དུ་མ་ཡིན་ནོ། ། དེ་ནས་རེངས་པར་འདོད་ན། བ་བླ་དང་ཡུང་བ་དང་ལྡོང་རོས་དང་གི་ཝང་དང་བཅས་པས་དཀྱིལ ་འཁོར་གྲུ་བཞི་པ་བྱས་ལ་ཁ་བྱང་དུ་བལྟས་ཏེ་ལས་ཀྱི་རྗེས་སུ་འབྲང་བའི་སྦྱོར་བ་དམིགས་ནས། གང་གི་མིང་དང་བཅས་པར་སྦྱིན་བསྲེག་བྱས་ན། དེ་ཉི་མ་བདུན་གྱིས་རེངས་པར་འགྱུར་རོ།། དེ་ནས་གྲོང་བླ་སྐད ་པར་འདོད་ན། ནིམ་པའི་ཤིང་ལ་མེ་རབ་ཏུ་སྦར་ལ། ཁྱིའི་ཤ་དང་སྦལ་བའི་ཤ་དང་ཁྱིམ་བྱའི་ཤ་དང་རྔ་མོའི་རྟུག་པ་དང་བྱི་ལའི་ཁྲག་གཅིག་ཏུ་སྦྲུས་ལ། གཤིན་རྗེའི་སྦྱོར་བ་ལ་གནས་པས། གྲོང་གི་མིང་དང་བཅས ་པར་ཡི་གེ་བཅུ་པའི་སྔགས་ཀྱིས་རླུང་གི་དཀྱིལ་འཁོར་གྱི་དབུསུ་སྦྱིན་བསྲེག་སྟོང་ཕྲག་བཅུ་བྱས་ན་གྲོང་སྐྲོད་པར་འགྱུར་རོ། ། ལས་དེ་རྣམས་ནི་ཤིན་དུ་ཡང་མཉམ་པར་གཞག་པར་བྱ་སྟེ། གཞན་དུ་ན་སྔགས་པ ་གཉི་བ་པར་གྱུའོ། ། ཞན་ས་ཡང་མི་བྱེད་། དེ་ངེས་པ་འདོད། ཡང་དང་། ནི་དང་ཅས་པ་ག་པླ་ཀ་ཡི། འི་དྲགས་དང་ཅས་པ་སོ་ལ་སུར་ཆེས་དུ་ཁྲོད་གྱི་མེ་སྦྱིན་སྲེགས་སྟོ་བྱས་ན་མས་པལས་གཞན་ཡིན་ནོ།། ཞེ་ཞི ་བ་བྱལ་དོད། ང་ང་དང་འོ་མད་དུས་དང་ཅས་པ་རཱ་ག་ཤི་མི་གཏསར་ཤིབ་དོད་པ་རིག་ནས་སུ་བྱིག་ཕྱོགས་སུ་བསྟས་ཏགནས་པ་དུ་གཀུམ་དུ་སྦྱིན་པསྲེག་སྟོང་རྩ་བརྒྱད་བྱས་ན་དེས་སུ་ཞི་བར་བྱས་པར་འགྱུར་རོ།། ནས་རྒྱས་པར་འདོད་ན་ཏིལ་དང་འབྲས་དང ་ནམ་དང་མར་དང་བཅས་པས་ཨུ་དུམ་འབའ་རའི་ཤིང་ལ་མེ་རབ་ཏུ་སྦར་ན་ལས་ཀྱི་རྗེས་སུ་འབྲང་བའི་ལྷའི་སྦྱོར་བ་དམིགས་ཏེ། ཁ་བྱང་དུ་བལྟས་ནས་མཉམ་པར་བཞག་པས་ཡི་གེ་བཅུ་པའི་སྔགས་ཀྱིས་དུས ་གསུམ་དུ་སྦྱིན་སྲེག་སྟོང་བྱས་ན་རྒྱས་པར་འགྱུར་རོ། ། དེ་ནས་དགུག་པར་འདོད་ན་སྐེ་ཚེས་གཟུགས་བརྙན་བྱས་ལ། དེ་ནས་སེང་ལྡེང་གི་མེའི་དབུས་སུ་གཤིན་རྗེའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བསྲེགས་ནམ ་གྲུབ་པ་ཡང་འགྲུབ་པར་འགྱུར་རོ། ། ཉི་མ་བདུན་གྱིས་གང་འདོད་པ་ཐེ་ཚོམ་མེད་པར་དགུགས་སོ།། དེ་ནས་སྐྱོ་བར་བྱ་བར་འདོད་ན། བྱ་རྒོད་ཆེན་པོའི་ཚད་དང་། ཤ་ཆེན་བསྲེགས་ན་སྐྱོ་བར་འགྱུར་རོ།། དེ་པྲབ ་སེལ་བསྲེགས་ན་བདེ་ལེགས་སུ་འགྱུར་རོ། ། དེ་ནས་ནོར་ནོར་མ་ཡིན་པར་བྱ་བར་འདོད་ན། རས་བལ་གྱི་མེ་ལ་དྷ་དྲ་རའི་འབྲས་བུ་དང་བཅས་པར་མཚན་མོ་ཡིགེ་བཅུ་པའི་སྔགས་བརྒྱ་རྩ་བརྒྱད་སྦྱིན་བསྲེག་བྱས་ན ་ཤིན་དུ་ཆུད་ཟོས་པར་འགྱུར་རོ། ། ཨ་རུ་རབ་སྲེགས་ན་སླར་རྫས་དེ་ཉིད་དུ་འགྱུར་རོ།། རྗེ་བཙུན་གྱི་མདུན་དུ་ཤ་ཆེན་ཆང་དང་བཅས་པ་ཟླ་བ་དྲུག་ཏུ་མཚན་མོ་སྦྱིན་བསྲེག་བརྒྱ་རྩ་བརྒྱད་བྱས་ན་ཡུལ་ཐམས་ཅད་ཀྱི ་བདག་པོར་འགྱུར་རོ། ། བ་ལང་ཤ་དང་ཁྲག་ཏུ་བཅས་པར་གང་གི་མིང་དང་བཅས་པར་སྦྱིན་བསྲེག་སྟོང་བྱས་ན་དེ་ཇི་སྲིད་འཚོའི་བར་དུ་བྲན་དུ་གནས་པར་ཐེ་ཙོམ་མེད་དོ།། ཁྱི་ཤ་རྡོ་རྗེ་ཆུ་དང་བཅས་པར་སྐྱེས་པའི ་བདག་ཉིད་ཀྱིས་མཚན་མོ་གང་གི་མིང་དང་བཅས་པར་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་བདག་ཉིད་ཀྱི་ནེར་དང་བཅས་པ་དབང་དུ་འགྱུར་རོ། ། རྟའི་ག་རྣམ་པར་སྣང་མཛད་དང་བཅས་པ་གཤིན་རྗེ་གཤེད་ཀྱི་སྔགས་ཀྱིས་སྦྱིན་སྲེག ་བརྒྱ་རྩ་བརྒྱད་གནས་གཅིག་ཏུ་གནས་ལ། མཚན་མོ་རྒྱལ་པོ་ལ་དམིགས་ནས་བྱས་ན་ཞག་བདུན་གྱིས་འཁོར་དང་བཅས་པ་དབང་དུ་འགྱུར་རོ།། གླང་པོའི་ཤ་ཁྲ་བ་དང་བཅས་པས་མིའི་འཇིག་རྟེན་ཀུན་ལ་དམིགས་ལ ་ཡི་གེ་བཅུ་པའི་སྔགས་ཀྱིས་མཚན་མོ་སྦྱིན་སྲེག་སྟོང་བྱས་ན་ཞག་བདུན་གྱི་དབང་དུ་འགྱུར་རོ། ། ཉ་དང་ཤ་དང་ཆང་དང་བཅས་པས་འཇིགས་པ་མེད་པར་ཡི་གེ་བཅུ་པའི་སྔགས་ཀྱིས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་བུད ་མེད་ཐམས་ཅད་དབང་དུ་འགྱུར་རོ། ། དེ་ནས་སྤད་པར་འདོད་ན། བྱ་རོག་གི་ཤམ་འདྲས་པར་ཡི་གེ་བཅུ་པའི་སྔགས་ཀྱིས་གང་གི་མིང་དང་བཅས་པར་སྦྱིན་སྲེག་སྟོང་བྱས་ན་ཉི་མ་བདུན་གྱིས་རྡོ་རྗེ་འཛིན་པ་ལ་བུ་ཡང་རབ་ཏུ ་འབྲོས་ན། ཕྲ་མོའི་མིལ་ཅི་སྤོས།། དེ་ནས་བྱ་རོག་གི་ཚང་དང་འབྲས་ཀྱི་ཕུབ་མ་དང་ལྷན་ཅིག་ཏུ་དྷ་དུ་རའི་ཤིང་གིས་མེ་རབ་ཏུ་སྦར་ནས། ཡི་གེ་བཅུ་པའི་སྔགས་གང་གི་མིང་དང་བཅས་པར་ནམ་བྱེད་ན་སྦྱིན་སྲེག་བྱས་ན། ་ཉི་མ་བདུན་གྱིས་སྲོད་པར་འགྱུར་རོ།། དེ་ནས་དབང་དུ་བྱ་བར་འདོད་ན་སེང་ལྡེང་གི་མེ་ལ་ཏིལ་དང་འབྲས་དང་བུད་མེད་ཀྱི་མེ་ཏོག་དང་ལྷན་ཅིག་ཏུ་རྡོ་རྗེའི་ཆུ་དང་བསྲེས་ཏེ། རྣལ་འབྱོར་གྱི་གཟུགས་དམར་པོ་དམིགས ་ནས་ཁ་ནུབ་ཏུ་བཟླས་ཏེ། ཡི་གེ་བཅུ་པ་གང་གི་མིང་དང་བཅས་པར་སྔགས་པས་བསྲེགས་ན། ཉི་མ་བདུན་གྱིས་དབང་དུ་འདུས་ཏེ་ཇི་སྲིད་འཚོའི་བར་དུ་མི་འབྲལ་ལོ།། དེ་ནས་འགུགས་པར་འདོད་ན་བདུད་རྩི་ལྔ་མར་དང ་བཅས་པར་སེང་ལྡེང་གི་མེ་ལ་གང་གི་མིང་དང་བཅས་པར་ཡང་སྦྱིན་བསྲེག་བརྒྱ་རྩ་བརྒྱད་བྱས་ན་དེ་སྐད་ཅིག་གིས་འོང་བར་འགྱུར་རོ། ། ལས་འདི་རྣམས་ནི་སྔོན་ཏུ་བསྙེན་པ་བྱས་པའི་སྔགས་པས་བྱའོ།། གཞན ་པས་བྱས་ན་སྔགས་པ་འཇིག་རྟེན་པས་དབྱེས་པར་འགྱུར་རོ། ། ཇི་ལྟར་བྱེ་བྲག་མི་བྱསྟེ།། གང་ལ་ཡང་བྱེ་བྲག་སྦྱིན་པར་མི་བྱའོ།། བྱེ་བྲག་ཕྱེ་ན་སྔགས་པས་དངོས་གྲུབ་མི་འགྲུབ་བོ།། དེས་ཅུང་གཞན་ལས་ཀྱང ་བཤད་ད། ། ཇི་ལྟར་བྱེ་བྲག་མ་སྐྱེས་པ།། དེ་བཞིན་བྱ་བའི་བྱེ་བྲག་སྨྲས།། རྡོ་རྗེ་སེམས་དཔས་ཀྱང་མི་འགྲུབ།། གང་གི་མདུན་དུའང་སྔགས་པ་ཡིས།། དེ་ཕྱིར་ལས་རྣམས་མཐོང་མི་བྱ།། གཞན་དང་ལྷན་ཅིག་དུ་མི་བྱ།། ་གལ་ཏེ་སྔགས་པས་ལས་བྱ་འདོད།། དེ་དག་གཅིག་པུ་ཞིག་གིས་བྱ།། སྔགས་པ་དེ་ཡིས་ལས་ཀུན་བྱེད།། འདི་ནི་འཇམ་དཔལ་འཇམ་པའི་མཆོག་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གྱི་རྒྱུད་ལས་སྦྱིན་སྲེག་གི་ལས ་ཀྱི་ཆོ་ག་རྒྱ་ཆེ་བའི་རྟོག་པ་སྟེ་དྲུག་པའོ། ། དེ་ནས་བསམ་གཏན་གྱི་ལས་ཀྱི་ཆོ་ག་ཇི་ལྟ་བ་ཡང་དག་པར་གསུངས་ཏེ། བསམ་གཏན་དང་སྔགས་ཀྱི་རབ་ཏུ་སྦྱོར་བ་ལས་དགོས་པ་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱ་སྟེ། ་དེའི་ཆོ་གའི་དང་པོར་རེ་ཤིག་རྣལ་འབྱོར་པ་མ་ཧེའི་གདོང་པའི་སྦྱོར་བ་ལ་གནས་པའི་སྔོན་དུ་སྦྱང་བ་བྱས་པས་ལས་ཐམས་ཅད་བྱའོ།། །། ར་བ་ལས་ཡོངསུ་གྱུར་པའི་མེའི་དཀྱིལ་འཁོར་ཀུན་དུ་གསལ་བར ་འབར་བར་རྣམ་པར་བསམས་ལ། དེའི་སྟེང་དུ་བསྒྲུབ་བྱ་གཅེར་བུར་སྒྲ་བཤིག་པ། བྲེད་པར་གྱུར་པ་བདག་གི་བདུན་དུ་རྣམ་པར་བསམ་མོ།། དེ་ནས་རང་གི་ལུས་ཁྲོ་བོའི་གཟུགས་མང་པོ་རྣམ་པར་སྤྲོས་ཏེ། ཁྲོ་བོ་དེ ་རྣམས་ཀྱིས་རལ་གྲི་བཏབ་ཅིང་ཁྲག་འཐུངས་པར་བསམ་པར་བྱའོ། ། བསྒྲུབ་བྱ་དེའི་ཤ་ཟ་བ་དང་། རྒྱུམ་དྲངས་པར་བསམ་པར་བྱའོ།། དེ་སྐད་སླ་བར་བྱ་སྟེ། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་དང་། བླ་མ་ལ་སྲུང ་བ་འདེབས་པ་ལ་རྒྱོབ་ཅིག་རྒྱོབ་ཅིག། སོད་ཅིག་སོང་ཅིག་བསམས་པ་ཙམ་གྱིས་རྡོ་རྗེ་འཛིན་པ་ཡང་ཞག་བདུན་གྱིས་འཆི་ན། ཕྲ་མོའི་སྲོག་ཆགས་གཞན་ལྟ་ཅི་སྨོས། དེ་ནས་གཞན་ཡང་བསམ་གཏན་གྱི་རབ་ཏུ་སྦྱོར་བ ་འབྱུང་བ་ནི་མཧེ་གདོང་བའི་སྦྱོང་བས་སལ་པ་གནས་ཏེ་ལས་ཐམས་ཅད་བསྒྲུབ་པར་བྱའོ། ། མེའི་དཀྱིལ་འཁོད་ཀྱི་དབུས་སུ་བསྒྲུ་བྱ་དྲུབ་བསམས་ལ། དེའི་མདུན་དུ་ལྡན་པ་མང་པ་བསམ་པར་བྱསྟེ། བྲན་པོ་དདགཿ ་དད་པའི་ལུས་ཅན་མ་རུངས་པ། ཤིན་ཏུ་གཏུམ་པར་ཤཟ་བ་དང་། ཁྲག་འཐུང་བར་རྣམ་པར་བསམས་པར་བྱའོ།། གཞན་ཡང་རྣམ་པ་སྣ་ཚོགས་པའི་བྱ་རྣམས་ཏེ། བྱ་ནོད་དག་དང་། བྱ་རོག་དང་འུག་པ་དང་ལ་རྣམས་དང ་ཁྱི་རྣམས་ཀྱིས་ཤ་ཟ་བ་དང་། ཁྲག་འཐུང་བར་རྣམ་པར་བསམ་པར་བྱ་སྟེ། བསམ་གཏན་འདིའི་རབ་ཏུ་སྦྱོར་བས་ཐེ་ཚོམ་མེད་པར་འཆིའོ།། དཔག་ཚད་བརྒྱན་གནས་པའི་སྐྱེས་བུ་ཡང་སེམས་ཀྱིས་བཟུང་བས་བསམ ་གཏན་བརྩམ་མོ། ། སྔགས་པས་བསམ་གཏན་བརྟན་པར་བྱའོ།། དེ་ནས་འབྲལ་བར་འདོད་ན་མ་ཧེའི་སྙིང་ཁར་བསྒྲུབ་བྱ་བསམ་པར་བྱ་སྟེ། བསྒྲུབ་བྱ་གཞན་རྟའི་སྙིང་ཁར་རྣམ་པར་བསམ་པར་བྱའོ།། རྟ་དང་མ ་ཧེ་གཉིས་ཕན་ཚུན་འཐབ་པར་བྱེད་པར་བསམ་སྟེ། ཇི་སྲིད་དུ་རྟ་དང་མ་ཧེ་གཉིས་ཕྱེ་བར་མ་གྱུར་གྱིས་བར་དུའོ།། ཕྱི་ནས་བསྒྲུབ་བྱ་དེ་གཉིས་རབ་ཏུ་མི་མཛའ་བར་བསམ་པར་བྱ་སྟེ། བསམ་པ་བཙམ་གྱིས་ཉི་མ ་བདུན་གྱི་བར་ངེས་པར་འཐབ་པར་འགྱུར་ཏེ་གཞན་དུ་མ་ཡིན་ནོ། ། དེ་ནས་བསྐྲད་པར་འདོད་ན་དེ་རུ་ཡཾ་ལས་ཡོངསུ་གྱུར་པའི་རྔ་མོ་བསམ་པར་བྱ་སྟེ། ཡི་དེའི་རྒྱབ་ཏུ་ཡཾ་གི་རྣམ་པ་ལས་གྱུར་པའི་རླུང་གི ་དཀྱིལ་འཁོར། ཟླ་བ་ཕྱེད་པའི་རྣམ་པར་བསམ་པར་བྱའོ།། དེའི་སྟེང་དུ་བསྒྲུབ་བྱག་ཅེར་བུ་སྲ་བཤིག་པ་བྲེད་པར་གྱུར་པར་བསམ་པར་བྱ་སྟེ། མ་ཧེའི་གདོང་ཅན་གྱི་སྦྱོར་བ་ལ་གནས་པས་དེའི་རྒྱབ་ཏུ་གཤིན ་རྗེའི་གཟུགས་ལག་པ་གཡས་པས་དབྱུག་པ་འཛིན་པ་སྒྲ་གསིལ་བ་རྣམ་པར་བསམ་པར་བྱ་སྟེ། རྔ་མོ་དེ་འལྷོར་བསྟན་ལ་གཏང་ངོ་།། དེའི་མིང་དང་བཅས་པར་གཤིན་རྗེའི་སྔགས་བརྗོད་པས་རྣམ་པར ་བསམ་པར་བྱའོ། ། ནས་འབྱོར་པས་འདི་བསམས་བཅམ་གྱིས་ནག་བདུན་ན་འདི་ཀར་རྡོ་རྗེ་འཛིན་པ་ཡང་ཐོང་པར་འགྱུར་རོ།། གཞན་ཡང་བསམ་གཏན་གྱིརབ་ཏུ་སྟོང་བྱིན་བྱ་རོག་གས། ག ་མ་ཅ་བསྒྲུ་བྱ་ཐལ་པགཅར་བྱརྣམ་པར་ལམ་མ། ། རྒྱ་ཅ་གཉེན་རྣརྣམ་པར་བམམ་པར་བྱེ། ལག་པ་ཐ་བ་གས་པ་བགྱུ་བྱ། པ་མ་ཏི་གདོ་ན་གྱིས་ག། ན ་ལྷོ་རུ་བལྟས་ནས་སོང་བར་བསམ་པར་བྱ་སྟེ། རྩེ་གཅིག་པའི་སྦྱོར་བས་བསམ་པར་བྱས་ན། རྩེ་གཅིག་པའི་སྦྱོང་བ་དེས་ནག་བདུན་གྱིས་སྨོད་པར་འགྱུར་རོ།། དེ་ནས་འཇུག་པར་བྱེད་པར་འདོད། ཡིན་མས ་བླང་བའི་དྲུང་གི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དྲུག་ཤིན་རྗེའི་གཟུགས་ལྤགས་ཀྱུ་དང་། འགས་པ་ལག་རྒྱ་ཐོགས་པ་རྣམ་པར་བསམ་སོ།། མཧེའི་གདོང་པའི་ནམ ་གནས་པས་དེ་ལ་བཀའ་བསྒོ། གཤིན་རྗེའི་སོང་ལ་ཡུལ་ཆེ་གེ་མོ་ནས་བུ་མོ་ཆེ་གེ་མོ་མྱུང་བར་ཁྲུག་ཅིག། དེ་སྐར་བསྐུལ་བས་ལ་གྱི་རྣམ་པར་བསྐྱོད་དེ་སོང་བར་རྣམ་པར་བསམ་པར་བྱའོ།། བསམ་གཏན་འ ་ཏུ་སྦྱོར་བ་ལ་གནས་པའི་སྔགས་པས། ཁམས་གསུམ་དུ་གཏོགས་པའི་བུད་མེད་པཐག་ལ་རོལ་པར་བྱའོ།། ཇི་ལྟར་བསམ་པ་བཏུན་པར་གྱུར་ན་འདིའི་རབ་ཏུ་སྟོང་བས་དེ་དག་བྱའི་གཞན་གྱིས་མི་བྱའོ།། དེམས ་ཛྭལ་གྱིས་ཟིན་པ་བླང་བའི་རབ་ཏུ་བྱེད་པ་གསུངས་ཏེ། རང་གི་སྙིང་ཁར་པང་མ་དཀར་པོ་མདབམ་བརྒྱད་པ་རྣམ་པར་བསམ་མོ།། དེའི་སྟེང་དུ་དབྱངས་ཡིག་གསུམ་པ་ཟས་འང་ས་ད་པ་རྣམ་པར་བས་པ་མོ།། དེ་མ ་རི་འོག་གི་གྲཝའི་གཟུགས་རྣམ་པར་བསམ་པར་བྱ་སྟེ། ། དེའི་སྤྱི་བོར་ཡི་གེ་ཨེ་ཁ་དོག་དཀར་པོ་ལས་བདུད་རྩི་འཛག་པ་བསམ་པར་བྱའོ།། ཀླུ་དེའི་མིག་རྣམས་ནས་བདུད་ཀྱི་འཕྲོས་ནས་བསྒྲུབ་བྱ་དེའི་ལུས་ལ ་སེམ་པར་བསམ་པར་བྱ་སྟེ། བསམ་གཏན་འདིའི་སྦྱོར་བས་ཁམས་གསུམ་ཡོངས་སུ་གང་བའི་དྲུག་ཀྱང་མེད་པར་འགྱུར་རོ།། དྲག་ཁུར་སྟོང་ཡང་ཟ་ནུས་སོ།། དེ་ནས་ཞུ་བའི་བསམ་གཏན་གྱི་རབ་ཏུ་སྦྱོར་བ་འབྱུང ་སྟེ། བརྔུབ་བྱ་མདུན་དུ་བསམ་སྟེ།། དེའི་རྐང་པ་གཉིས་ལ་ཡི་གེ་ཡོཾ་ལས་གྱུར་པའི་རླུང་གི་དཀྱིལ་འཁོར་བསམ་པར་བྱ། དེའི་སྐང་དུ་གསང་བའི་གནས་སུ་མེའི་དཀྱིལ་འཁོར་བུ་གསུམ་ལདོག་དམར་པོར་གྱིས། ་བྱིད་གྱིས་བརླབས་པ་བསམ་པར་བྱའོ།། དེའི་སྟེང་དུ་སྙིད་ཁར་སའི་དཀྱིལ་འཁོར་གྲུ་བཞི་པ་མདོག་སེ་པོ་ལཾ་གྱིས་བྱིན་གྱིས་བརླབས་པ་བསམ་པར་བྱའོ།། དེའི་སྟེང་དུ་དཔྲལ་བར་ཟླ་བའི་དཀྱིལ་འཁོར་རྣམ་པར ་བསམ་པར་བྱའོ། ། དེའི་དབུས་སུ་ཡི་གེ་པ་མགོ་ཟུར་དུ་གནས་པ་ལས་བདུད་བརྩི་འཛགས་པར་བསམ་སྟེ། འདི་ནི་ལེགས་པར་རྣམ་པར་བསམས་ནས་རླུང་གིས་མེ་རབ་ཏུ་སྦྱར་ཏི། མེ་དེས་དབང་ཆེན་གྱི་དཀྱིལ ་འཁོར་བསྲེགས་པར་རྣས་པར་བསམ། དབང་ཆེན་གྱི་དཀྱིལ་འཁོར་གྱི་དྲོད་ཀྱིས་བདུད་ཅིའི་དཀྱིལ་འཁོར་དེའུ་བར་བསམ་པར་བྱའོ།། འདི་ཡིས་སྦྱོར་བ་ཙམ་གྱིས་ནི་དེ་ཡི་བུད་མེད་འ་འགྱུར་ཏེ། འོ་མ་ཡིན ་ཤིང་བཞིན་དུ། ཞུ་བར་བྱེད་པར་ཐེ་ཚོམ་མེད། དེ་ནས་རྒྱལ་པོ་འམ། རྒྱལ་པོའི་བློན་པོ་དབང་དུ་བྱ་བར་འདོད་ན་སྔགས་པ་མ་ཧེའི་གདོང་ཅན་གྱི་རྣལ་འབྱོར་ལ་རབ་ཏུ་གནས་ལ། དེ་ལ་ཉིད་མདོག་དམར་པོར ་བསམས་ཏེ། བསྒྲུབ་བྱ་གང་དུ་གནས་པ་དེའི་སྟེང་དུ་གནས་ལ། ཕྱིན་ནས་རང་གི་ལུས་འཇམ་དཔལ་མདོག་དམར་པོ་ཕྱག་ན་ལྕགས་ཀྱུ་དང་ཞགས་པ་ཅན་ཕྱུང་སྟེ། འཇམ་དཔལ་ངེས་བསྒྲུབ་བྱའི་སྙིང་ཁ་དང ་མཐའ་པར་བཅིངས་ནས་བཀྲུག་པར་བསས་ཏེ། འཇམ་དཔལ་གྱི་གྲཝལ་རབ་ཏུ་གཟུག་གོ།། བསྒྲུབ་བྱ་མྱོས་པར་བབམ་པར་བྱའོ།། དེའི་སྙིང་ཁར་ཡི་གེ་བཅུ་པའི་སྔགས་རྣམ་པར་བསམ་པར་བྱའོ།། 58། ་ཁ་དོག་དམར་པོ་སྒྲུབ་པ་པོས་ཡེ་ཤེས་ཀྱི་གཟུགས་ཀྱིས་ཡི་གེ་ལ་ཞུགས་པར་བྱའོ།། དེ་དང་སྒྲུབ་བྱ་གཅིག་ཏུ་སྒྱུར་བར་བྱའོ།། བསམ་གཏན་འདིའི་རབ་ཏུ་སྦྱོར་བས་ཉི་མ་བདུན་གྱིས་འཁོར ་ལེས་སྒྱུར་བའི་ཡང་དབང་དུ་འགྱུར་ཏེ། ཇི་སྲིད་མཚོའི་བར་དུ་ཐེ་ཚོམ་མེད་དོ།། རབ་ཏུ་མཉམ་པར་བཞག་པའི་སྔགས་པས་མི་གཡོ་བའི་བསམ་གཏན་གྱིས་བྱའོ།། རྒྱུད་གང་ལ་ཡང་མི་སྦྱིན་ནོ།། གལ་ཏེ་སྔགས ་ཀྱང་མི་བསྟན། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་གྱི་བསམ་གཏན་གང་ལ་ཡང་མི་སྦྱིན། སྨྲ་བར་ཡང་མི་བྱ། སྔགས་ཀྱི་དབྱེ་བ་ཡང་མི་བྱ། བྲིས་སྐུ་ཡང་གང་གིས་མདུན་དུ་ཡང་མི་དགྲམ་སྟེ། ་ཐད་ཀ་ཡང་གསང་བར་གཞག་གོ། རྒྱུད་འདི་རབ་ཏུ་སྦྱོར་བ་དང་། ཟླས་པ་དང་སྨྲ་བ་གཞན་སུལ་འགའ་ཙམ་ཡང་མི་སྨྲ། གལ་ཏེ་སྨྲས་ན་དཔལ་རྡོ་རྗེ་འཇིགས་བྱེད་དང་། གཞན་ཡང་རྣལ་འབྱོར་མ་རྣམས་དང་། མཁའ་འགྲོ་མ ་རྣམས་ཀྱིས་ཟའོ། ། དམ་ཚིག་ཉམས་པར་འགྱུར་བས།། དེའི་ཕྱིར་སྔགས་པས་སུ་ལ་ཡང་མི་སྦྱིན་ནོ།། དེ་ནས་སྡེན་མག་མཉམ་པ་དང་། རྣམ་པར་རྟོག་པ་མེད་པ་དང་། དམ་པའི་བརྟུལ་ཞུགས་ཅན་དཔའ་བོ་བླ་མ་ལ་གུས་པ ་དུལ་བ་ཅན། དེ་བཞིན་གཤེགས་པའི་བསྟན་པ་ལ་ངེས་པར་འཛིན་པ། རྒྱུད་སྦས་པ། མི་ཁྲོ་བ། སྙིང་རྗེ་དང་ལྡན་པ། བཟླས་པ་དང་། བསམ་གཏན་ལ་ཕྱོགས་པ། རྣམ་པར་སྨིན་པ་ལ་འཛེམ་པ། འདི་ལྟ་བུའི་ཡོན་ཏན་ཁྱད ་པར་ཅན་ནི་སློབ་མ་བཟང་པོ་སྟེ། དཀྱིལ་འཁོར་དམ་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་མཆོག་ཏུ་གུས་པ། སྙིང་རྗེ་ཆེན་པོས་ཡིད་བརླན་པ། རྣམ་པར་རྟོག་པ་མེད་པ། མཆོག་ཏུ་བླ་མ་ལ་གུས་པ། རབ་ཏུ་བརྟག་པ་ལ་ཤིན་ཏུ ་རྣམ་པར་བསམས་ཏེ། བླ་མས་དེ་ལྟ་བུའི་སློབ་མ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་སྦྱིན་ནོ།། སྔགས་པས་གཞན་ལ་བྱིན་ན་དེ་དང་སློབ་མར་བཅས་ནས། དམྱལ་བར་འགྲོ་བར་ཐེ་ཚོམ་མེད་དོ།། འཇིག་རྟེན ་འདིར་ནི་འཇིགས་པ་ཆེན་པོར་འགྱུར་རོ། ། འཇིག་རྟེན་ཕ་རོལ་ཏུ་ནི་དམྱལ་བར་འགྲོའོ།། དམ་ཚིག་ཀྱང་ཉམས་པར་འགྱུར་རོ།། འདི་ནི་འཇམ་དཔལ་འཇམ་པའི་མཆོག། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར ་གྱི་རྒྱུད་ལས་བསམ་གཏན་གྱི་ལས་བསྒྲུབ་པའི་རྟགས་པའི་རྟོག་པ་སྟེ་བདུན་པའོ། ། །། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོའི་རྒྱུད་འབུམ་པ་ནས་གཏུས་ནས་ཕྱུང་བ་རྟོག་པའི་ཕྱོགས་ཀླགས་པས་འགྲུབ ་པ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་མེ་ཧེའི་གདོང་ཅན་གྱིས། དངོས་གྲུབ་འགྲུབ་པའི་རྟོག་པ་རྫོགས་སྷོ།། ། དཔལ་ཨུ་རྒྱན་གྱི་གནས་ཆེན་པོ་ནས་དཔལ་འཇམ་དཔལ་གྱི་རྒྱུད་ལས་འབྱུང་བ་རྒྱུད་ཀྱི་རྒྱལ ་པོ་ཆེན་པོ། ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞེས་བྱ་བ་བླ་མ་དམ་པའི་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་དཔལ་ལ་ལི་ཏ་བཛྲ་ས་བསྟོན་ནས་མཛད་པ་རྫོགས་སྷོ།། །། རྒྱ་གར་གྱི་པཎྜི་ཏ་མཆོག་གི་དངོས་གྲུབ ་རྙེད་པ་བཱ་རོ་ཕྱག་རྡུམ་གྱི་ཞལ་ལྡནས་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤཱི་བཛྲ་བྷཻ་ར་བཀལ་པ་ཏན་ཏྲ་རཱ་ཛཱ། བོད་སྐད་དུ། དཔལ་རྡོ་རྗེ ་