CLOSE WINDOW

Q1042: 'phags pa gser 'od dam pa mdo sde'i dbang po'i rgyal po las gsungs pa'i smon lam
Wyliee-texts produced with BDRC’s OCR application

པས་མཛད་པའི་མར་མའི་སྨོན་ལམ་གྱི་མདོ། རྫོགས་སྒོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གསེར་འོད་དམ་པའི་རྔ་ཅན་སྒྲ་ཡིས་ནི།། སྟོང་གསུམ་འཇིག་རྟེན་འཇིག་རྟེན་གསུམ་འདི་ན།། ངན་སོང་སྡུག་བསྔལ་ག་ཤིན་རྗེའི་སྡུག་བསྔལ ་དང་། དབུལ་བའི་སྡུག་བསྔལ་སྡུག་བསྔལ་ཞི་བར་ཤོག། རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི།། འཇིག་རྟེན་རྨོངས་པ་ཐམས་ཅད་ཞི་གྱུར་ཅིག། ཇི་ལྟར་ཐུབ་དབང་འཇིགས་མེད་འཇིགས་ཞི་ལྟར། སེམས་ཅན་འཇིགས་མེད་འཇིགས་དང་བྲལ་བར་ཤོག། ཇི་ལྟར ་འཁོར་བར་ཀུན་མཁྱེན་ཐུབ་དབང་པོ། ། འཕགས་པའི་ཡོན་ཏན་ཀུན་དང་ལྡན་པ་ལྟར།། སྐྱེ་དགུ་ཏིད་འཛིན་བྱང་ཆུབ་ཡན་ལག་གི། ཡོན་ཏན་ལྡན་ཞིང་ཡོན་ཏན་རྒྱ་མཚོ་གྱུར།། རྔ་བོ་ཆེ་ཡི་སྒྲ་སྐད་དེ་ཡིས་ནི།། སེམས་ཅན་ཐམས་ཅད་ཚངས་པའི་སྒྲ་ལྡན་གྱུར།། ་སངས་རྒྱས་དམ་པ་བྱང་ཆུབ་མཆོག་རེག་ཤོག། ཆོས་ཀྱི་འཁོར་ལོ་དགེ་བསྐོར་གྱུར་ཅིག། བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་པར་ཤོག། འགྲོལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག། ཉོན་མོངས་འཇོམས་གྱུར་སྡུག་བསྔལ་སེལ་བར་ཤོག། འདོད་ཆགས ་ཞེ་སྡང་གཏི་མུག་ཞི་གྱུར་ཅིག། སེམས་ཅན་གང་དག་ངན་སོངསར་གནས་ཏེ།། རུས་པའི་ལུས་ལ་མེ་ལྕེ་རབ་འབར་བ།། དེ་དག་རྔ་ཆེན་བསྒྲགས་པ་ཐོས་གྱུར་ཅིག། སངས་རྒྱས་ཕྱག་འཚལ་ལོ་ཞེས་ཚིག་ཟོས་ཤོག། སེམས་ཅན་ཀུན་གྱིས་ཚེ་རབས་བརྒྱ་དག་དང་། ་ཚེ་རབས་སྟོང་ཕྲག་བྱེ་བར་སྟེ་དྲན་ཤོག། ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིང་།། དེ་དག་གི་ནི་རྒྱ་ཚན་གསུང་ཐོས་ཤོག། རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི།། སངས་རྒྱས་རྣམས་དང་རྟག་ཏུ་འགྲོགས་རྙེད་གྱུར།། སྡིག་པའི་ལས་རྣམས་རྣམ་པར་སྤོང་ཤོག། བྱ་བ ་དགེ་བ་རྣམས་ནི་སྤྱོད་གྱུར་ཅིག། མི་དང་ལྷ་དང་སྲོག་ཆགས་ཐམས་ཅད་ཀྱི།། དེ་དག་བསམ་དང་སྨོན་ལམ་གང་ཡིན་པ།། རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི།། དེ་དག་རྣམས་ཀྱི་དེ་ཀུན་རྫོགས་གྱུར་ཅིག། སེམས་ཅན་གང་དག་སེམས་དམྱལ་མི་བཟང་སྐྱེས།། ལུས ་ལ་མེ་ལྕེ་ཀུན་ཏུ་རབ་ཏུ་འབར། ། སྐྱབས་མེད་མྱ་ངན་བཅས་ཤིང་ཡོངས་འཁྱམ་པ།། མེ་རྣམས་མ་ལུས་རབ་ཏུ་ཞི་བར་ཤོག། སེམས་དམྱལ་ཡི་དགས་མི་ཡི་འཇིག་རྟེན་ན།། སེམས་ཅན་སྡུག་བསྔལ་མི་བཟང་དྲག་པོ་གང་།། རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི།། དེ ་དག་རྣམས་ཀྱི་སྡུག་བསྔལ་ཀུན་ཞི་ཤོག། རྟེན་མེད་དཔུད་གཉེན་མེད་པ་དང་།། སྐྱབས་མེད་པར་ནི་གྱུར་པ་དག། དེ་རྣམས་ལ་ནི་སྐྱོབ་པ་དང་། དཔུང་གཉེན་རྟེན་མཆོག་བདག་གྱུར་ཅིག། སངས་རྒྱས་རྐང་གཉིས་དམ་པ་དག་ཐུགས་པ་རྩེ་ཐུགས་རྗེ་ལྡན་པའི ་ཐུགས། ། གང་དག་ཕྱོགས་བཅུའི་འཇིག་རྟེན་ན།། བཞུགས་པ་བདག་ལ་དགོངས་སུ་གསོལ།། བདག་གིས་སྔོན་ཆད་སྡིག་པའི་ལམ།། ཤིན་ཏུ་མི་བཟང་གང་བགྱིས་པ།། སྟོབས་བཅུའི་སྤྱན་སྔར་བདག་མཆིས་ཏེ།། དེ་དག་ཐམས་ཅད་བཤགས་པར་བརྩི།། པ ་མངག་ཏུ་མི་འཛིན་དང་། ། སངས་རྒྱས་རྣམས་སུ་མ་འཛིན་དང་།། དགེ་བ་དག་ཏུ་མི་འཛིན་པས།། སྡིག་པ་བདག་གིས་གང་བགྱིད་དང་།། བྱུག་པའི་རྒྱགས་པས་དྲེགས་པ་དང་།། རིགས་དང་ལོངས་སྤྱོད་རྒྱགས་པ་དང་།། གཞོན་པའི་རྒྱགས་པས་དྲགས་པ ་ཡིས་བདག་གིས་སྡིག་པ་གང་བགྱིས་དང་། ། ཉེས་བསམས་ཉེས་པར་སྨྲས་པ་དང་།། ཉེས་པར་བགྱིས་པའི་ལས་རྣམས་དང་།། ཉེས་པའི་དམིགས་སུམ་བལྟས་པས།། བདག་གིས་སྡིག་པ་གང་བགྱིས་དང་། བྱིས་པའི་བློ་ཡིས་འཇུག་པ་དང་།། མི་ཤེས་ལྡན ་བའི་སེམས་དང་ནི། ། སྡིག་པའི་གྲོགས་པོའི་དབང་གྱུར་དང་།། ཉོན་མོངས་རྣམ་པར་འཁྲུག་སེམས་དང་།། རྩེད་མོ་དགའ་བའི་དབང་ཉིད་དང་།། མྱ་ངན་དང་ནི་ན་དབང་དང་།། ནོར་གྱིས་མཆོག་ཉེས་པ་ཡིས། བདག་གིས་སྡིག་པ་གང་བགྱིས་དང་།། འཕགས་མིན།། ་སྐྱེ་བོ་འདྲ་བ་དང་།། པྲན་དག་སེར་སྣ་རྒྱུད་ནི།། གསོ་དང་དབུལ་བའི་ཉིས་པ་ཡིས།། བདག་གིས་སྡིག་པ་གང་བཀྱིས་དང་།། སངས་པབྱུང་བའི་དུས་ཀྱིཚོ།། འདོད་པ་རྣམས་དང་འཇིགས་ཅུ་དང་།། ཟུག་ཐོ་མ་ཡིན་ནུ་པ་ཡིས།། བདག་གིས་སྡིག་པ་གང ་དང་། གཡོ་བའི་སེམས་ཀྱིས་དབང་ཉིད་དང་།། འདོད་དང་ཁྲོ་བའི་དབང་དག་དང་།། བཀྲེས་དང་ནམ་གྱིས་ཉེན་པ་ཡིས།། བདག་གིས་སྡིག་པ་གང་བགྱིས་དང་།། བབའ་བ་དག་དང་བདྲུང་བ་དང་། བུད་མེད་དྷ་དང་གོས་ཀྱི་བྱེད།། ཉོན་མོངས་གཟུང་བ་སྣ་ཚོགས ་ཅི་། ། བདག་གིས་སྡིག་པ་གང་བགྱིས་དང་།། ལུས་དང་ངག་དང་ཡིད་ཀྱིས་སྡིག། ཉེས་པར་སྤྱད་པ་ནམ་གསུམ་བསགས།། འདི་འདྲའི་ཚུལ་གྱིས་གང་བགྱིས་པ།། དེ་དག་ཐམས་ཅད་བདག་འཆགས་སོ།། སངས་རྒྱས་རྣམས་དང་ཆོས་རྣམས་དང་།། དེ་བཞིན ་ཉན་ཐོས་རྣམས་ལ་ཡང་། ། གུས་པ་མ་ལགས་གང་བགྱིས་པ།། དེ་དག་ཐམས་ཅད་བདག་འཆགས་སོ།། གང་ཡང་རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་།། གུས་པ་མ་ལགས་བགྱིས་པ་རྣམས།། དེ་དག་ཐམས་ཅད་བདག ་འཆགས་སོ། ། དམ་ཆོས་སྨྲ་བ་རྣམས་ལ་ཡང་།། གུས་པ་མ་ལགས་བགྱིས་པ་དང་།། ཆོས་ལའ་དགུས་པར་མ་བགྱིས་པ།། དེ་དག་ཐམས་ཅད་བདག་འཆགས་སོ།། བདག་གིས་རྟག་ཏུ་མི་ཤེས་པས།། དམ་པའི་ཆོས་ནི་སྤངས་པ་དང་།། པ་མ་རྣམས་ལམ་གུས་གང་།། དེ་དག ་ཐམས་ཅད་བདག་འཆགས་སོ། ། བླུན་པ་དང་ནི་བྱིས་པ་དང་།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ།། དེ་དག་ཐམས་ཅད་བདག་འཆགས་སོ།། བདག་ནི་ཕྱོགས་བཅུའི་འཇིག་རྟེན་དུ།། སྟོབས་བཅུ་རྣམས་ལ་མཆོད་པར་ཤོག། ་བདག་ནི་ཕྱོགས་བཅུར་སེམས་ཅན་རྣམས།། སྡུག་བསྔལ་ཀུན་ལས་འདོན་གྱུར་ཅིག། སེམས་ཅན་བསམ་གྱིས་མི་ཁྱབ་ཀུན།། ས་བཅུ་དག་ལ་འགོད་པར་ཤོག། ས་བཅུ་དག་ལ་གནས་ནས་ཀྱང་།། ཐམས་ཅད་དེ་བཞིན་གཤེགས་གྱུར་ཅིག། ཇི་སྲིད་སྡུག་བསྔལ་རྒྱ ་མཚོ་ལས། ། དེ་ཀུན་ཐར་བགྱིད་ནུས་སྲིད་དུ།། སེམས་ཅན་རེ་རེའི་ཕྱིར་ཡང་ནི།། བསྐལ་པ་བྱེ་བར་སྤྱོད་པར་ཤོག། གསེར་འོད་དམ་པ་ཞེས་བགྱི་བ།། ལས་རྣམས་ཐམས་ཅད་བྱང་བྱེད་པ།། ཟབ་མོ་དག་ནི་སྟོན་པ་འདི། སེམས་ཅན་དེ་དག་སྟོན་གྱུར་ཅིག། གང་གིས ་བསྐལ་པ་སྟོང་རྣམས་སུ། ། སྡིག་པ་ཤིན་དུ་མི་བཟང་བགྱིས།། ལན་ཅིག་རབ་ཏུ་བཤགས་པ་ཡིས།། དེ་དག་ཐམས་ཅད་བྱང་བར་འགྱུར།། གང་གིས་ལས་ཀྱི་སྒྲིབ་པ་རྣམས།། མྱུར་དུ་ཡང་དག་ཟད་འགྱུར་བ།། གསེར་འོད་དམ་པ་དགེ་བ་ཡི།། བཤགས་པ་འདི་དག ་བཤགས་ནས་ནི། ། རིན་ཆེན་འབྱུང་གནས་མཆོག་བཅུ་པོ།། ས་བཅུ་ལ་ནི་གནས་པར་ཤོག། སངས་རྒྱས་ཡོན་ཏན་སྣང་གྱུར་ཅིག། སྲིད་པའི་ཚེ་ལས་སྒྲོལ་བར་ཤོག། སངས་རྒྱས་རྒྱ་མཚོ་ཆུ་བོ་དང་།། ཡོན་ཏན་རྒྱ་མཚོ་ཟབ་མོད།། སངས་རྒྱས་ཡོན་ཏན་བསམ ་ཡས་ཀྱིས། ། ཐམས་ཅད་མཁྱེན་དུ་རྫོགས་པར་ཤོག། ཏིང་འཛིན་བརྒྱ་ཕྲག་སྟོང་རྣམས་དང་།། གཟུངས་རྣམས་བསམ་གྱིས་མི་ཁྱབ་དང་།། དབང་སྟོབས་བྱང་ཆུབ་ཡན་ལག་གིས།། སྟོབས་བཅུ་དམ་པར་འགྱུར་བར་ཤོག། དགོངས་པའི་ཐུགས་ཀྱིས་སངས་རྒྱས ་ནམས། དག་ལ་རྣམ་པར་གཟིགས་སུགསས།། ཐུགས་རྗེ་ལྡན་པའི་ཐུགས་ཅས་ན།། ནིངས་པར་གཅཝ་གཟུང་དྲུགས་སོ།། བདག་གིས་བསྐས་པ་བརྒྱ་རྣམས།། ལྡན་ཆད་སྡིག་པ་གང་བཅས་པ།། དབྱེར་བདགནི་མྱ་ངན་སེམས།། ཐོང་ས་དང་མྱུ་ར་འཇིག་པ་། ་གཟིང་།། ལྡན་པའི་ལས་ལ་འཇིགས་པར་བགྱིད།། ཡིད་ན་རྟག་ཏུ་མན་པར་གྱུར།། གང་དང་གང་དུ་འགྲོ་བགྱིད་པ།། བདག་ནི་གང་དུའང་དགའ་མ་མཆིས།། སངས་རྒྱས་ཐམས་ཅད་ཐུགས་རྗེར་ལྡན།། འགྲོ་བཀུན་གྱི་འཇིགས་སེལ་བས།། ནོངས་པར་བཏུག་ཊ ་དྲགསོལ། ། འཇིགས་པ་དག་ལས་བདག་ཟར་མཛོད།། བདག་གི་ཉོན་མོངས་ལས་རྣམས་ཀྱི།། དྲིམ་དེ་བཞིན་གཤེགས་པས་ཤོལ།། སངས་རྒྱས་རྣམས་ཀྱིས་བདག་ལ་ནི།། སྙིང་རྗེའི་ཆུ་ཡིས་བཀྲུ་བར་གསོལ།། སྡིག་པ་ཐམས་ཅད་བཤགས་པར་བགྱི།། སྔོན ་ཆད་བདག་གིས་གང་བགྱིས་དང་། ། ད་ལྟར་བདག་གི་སྡིག་པ་གང་།། དེ་དག་ཐམས་ཅད་བདག་འཆགས་སོ།། ནོངས་པར་བགྱིད་པའི་ལས་རྣམས་ཀུན།། སླན་ཆད་མི་བགྱིད་བསྡམ་པར་བགྱི།། བདག་གིས་ནོངས་པར་བགྱིས་པ་གང་།། སྡིག་དེ་བཅབ་པར་མི་བགྱིལ ་ལུས་ཀྱི་ལས་ནི་རྣམ་གསུམ་དང་། ། ངག་གི་རྣམ་པ་བཞི་དག་དང་།། ཡིད་ཀྱི་རྣམ་པ་གསུམ་པོ་རྣམས།། དེ་དག་ཐམས་ཅད་བདག་འཆགས་སོ།། ལུས་ཀྱིས་བགྱིས་དང་ངག་གི་ལས།། ཡིད་ཀྱིས་རྣམ་པར་བསམས་པ་དང་།། ལས་རྣམས་བཅུ་པོ་བགྱིས་པདག ་དེདག་ཐམས་ཅད་བདག་འཆགས་སོ། ། མི་དགེའི་ངས་བཅུ་སྤངས་ནས་སུ།། དགེ་བ་བཅུ་པོ་བསྙེན་བགྱིས་ལ།། ས་བཅུ་ལ་ནི་བདག་གནས་ཤིང་།། སྟོབས་བརྒྱ་མཆོག་ཏུ་འགྱུར་བར་ཤོག། བདག་གིས་སྡིག་པའི་ལས་གང་དག། མི་འདོད་འབྲས་བུ་ཐོབ་བགྱིད་པ།། ་སངས་རྒྱས་སྤྱན་སྔར་མཆིས་ནས་ནི།། དེ་དག་ཐམས་ཅད་བཤགས་པར་བགྱི།། འཛམ་བུའི་གླིང་འདིར་གང་དག་དང་།། འཇིག་རྟེན་ཁམས་ནི་གཞན་དག་ཏུ།། གང་རྣམས་དགེ་བའི་ལས་བགྱིད་པ།། དེ་དག་ཀུན་ལ་ཡི་རང་ངོ་།། ལུས་དང་ངག་དང་ཡིད་ཀྱིས ་ཀྱང་། བདག་གིས་བསོད་ནམས་གང་བསྒྲུབས་པ།། བདག་ནི་དགེ་བའི་རྩ་བ་དེས།། བྱང་ཆུབ་མཆོག་ལ་རེག་པར་ཤོག། སྲིད་འགྲོ་ཉམ་དར་བྱིས་པའི་བློ་ཡིས་ནི།། ཤིན་དུ་མི་བཟང་སྡིག་པ་གང་བགྱིས་པ།། སྟོབས་བཅུ་མི་ཉམས་སྤྱན་སྔར་མཆིས་ནས་ནི།། ་སྡིག་པ་དེ་སན་མོ་སར་བཤགས་པར་བགྱི།། སྐྱེ་བ་ཉམར་སྲིད་པ་ཉམ་དང་།། འཇིག་རྟེན་ཉམ་དག་ཡོས་མས་ཉམ་དབར་།། ལུས་ཀྱི་སྟོད་པ་ཉ་མར་སྔ་ཆགས་ཀྱིས།། བདག་གིས་སྡིག་པ་གང་བས་གས་དེ་འཆགས་སོ།། ས་པཟླ་བྱས་ནམང ་ཉམ་དང་། ། སྡིག་པའི་གྲོགས་དང་ཕྲད་པཉམ་ང་དང་།། སྲིད་པ་ཉམ་ང་འདོད་ཆགས་ཉམ་དང་།། ཞེ་སྡང་གཏི་མུག་མུན་པ་ཉམ་དང་། དལ་བའི་ཉམ་དབུས་ཀྱི་ཉ་མར་དང་།། བསོད་ནམས་སྒྲུབ་པ་ཉམ་དག་གིས་ཀྱང་།། རྒྱལ་བ་མ་མཉམ་མངོན་སུམ་མ་ཆིས ་ནས་ནི། ། སྡིག་པ་དེ་ཀུན་མོ་སོང་བཤགས་པར་བརྩི།། སངས་རྒྱས་གསེར་མདོག་སྣང་རི་རབའང་།། ཡོན་ཏན་རྒྱ་མཚོ་འདྲལ་ཕྱག་འཚལ་ལོ།། རྒྱལ་བ་དེ་དག་རྣམས་ལ་སྐྱབས་སུམ་ཆི།། རྒྱལ་བ་དེ་དག་ཀུན་ལ་མགོས་ཕྱག་འཚལ།། གསེར་མདག་གསེར་ན ་དྲི་མ་མེད་པའི་གསེར་གྱི་འོད། ། དྲི་མེད་རྣམ་དག་བཻ་དཱུརྱའི་ཡན་ལག་སྤྱན།། སངས་རྒྱས་ཉི་མ་དཔལ་གཟི་གྲགས་འབར་འབྱུང་བའི་གནས།། ཐུགས་རྗེའི་འོད་ཀེར་ངག་གིས་མུན་པ་མུན་ནག་བསལ།། ཡན་ལག་རབ་ཏུ་དྲི་མེད་རབ་བཟང་རྣམ་པར་མཛེས།། སངས་རྒྱས ་ཉི་མ་ཡན་ལག་དྲི་མེད་གསེར་འདྲས་ཁྱབ། ། ཉོན་མོངས་མེས་གདུངས་ཡིད་ཅན་འབར་བའི་མེ་འདྲལ།། ཐུབ་པའི་ཟླ་བའི་འོད་ཟེར་དྲ་བས་ཚིམ་པར་མཛད།། མཚན་མཆོ་ག་སུམ་བཅུ་གཉིས་ཀྱིས་དབང་པོ་ཡན་ལག་མཛེས།། དཔེ་བྱད་བཟང་པོ་དག་གིས་ཡན ་ལག་རྣམ་པར་མཛེས། ། དཔལ་གཟི་བསོད་ནམས་འབར་འཁྲུགས་འོད་ཟེར་དྲ་བ་ཡིས།། འཇིག་རྟེན་གསུམ་ན་མུན་ཁྲོད་ཉི་མ་བཞིན་དུ་བཞུགས།། དྲི་མེད་རྒྱ་ཆེན་ཁ་དོག་སྣ་ཚོགས་བཻ་དཱུརྱ།། སྐྱ་རེ་དམར་དང་དངུལ་དང་ཤེལ་བཞིན་ཡན་ལག་དམར།། འོད་ཟེར་དྲ་བ ་རྣམ་པ་སྣ་ཚོགས་ལེགས་བརྒྱན་པས། ། ཐུབ་ཆེན་ཁྱོད་ནི་ཉི་མ་བཞིན་དུ་དེ་ཡིས་མཛེས།། མྱ་ངན་འཁྲུགས་པ་འཆི་ཆུ་རྒ་བིའི་རྦ་རླབས་ཅན།། འཁོར་བའི་ཀླུང་ཆེན་པོ་ངས་པའི་ཆུ་བོར་ལྷུང་བ་ལ།། སྡུག་བསྔལ་རྒྱ་མཚོ་མཆོག་ཏུ་ཆུབ་ཅིང་ཤུགས་དྲག་པ།། བདེ ་གཤེགས་ཉི་མའི་འོད་ཟེར་མང་པོ་རྣམས་ཀྱིས་སྐོམས། ། ཡན་ལག་གསེར་གྱི་མདོག་ཏུ་རྣམ་པར་སྣང་།། ཡེ་ཤེས་འབྱུང་གནས་འཇིག་རྟེན་གསུམ་ཀུན་མཆོག། རབ་མཛེས་མཚན་གྱི་ཡན་ལག་རྣམ་སྤྲས་པ།། སངས་རྒྱས་གསེར་སྐུ་འབར་ལ་ཕྱག་འཚལ ་ཏྟེ་ཚའི་དྲི་ག་མེ་ང། ། ཛ་པམ་ད་སྣ་ལས་དང་།། ད་རྣམ་པ་རླུ་མེད་ད། ཇི་སྟེ་དཔམ་པ་ས་མ་ཐའལས་པ།། དེ་བན་ངས་རྒྱས་པན་ན་ཐའཔསཏེ།། མས་ན་ས་ས ་xxx། xxx ་xxx། xxx ་གིས། འཇི། རྟེན་མ་ས་ས་རྒྱས་འགྱུར་བ་ཤོག། གྲོལ་ལྡན་ཕྱི་ཆོམ་ཀྱང་རྟེན་རྩཝ་གྱི།། སེམས་ཅན་དྲུག་བསྔལ་མ་གཅི་བ་བྱེད་ག།། སྐབས་བཅས་སྡེ་བཅས་བདུ་ལས་རྒྱལ་བྱུ་གྱི།། ཆོས་ཀྱིལ་བ་མེ་། པབན་པ་ནོན ་བསྐལ་པ་བསམ་གྱིས་མི་ཁྱབ་གནས་གྱུར་ཅིག། བདུད་རྩིཆུ་ཡིས་སེམས་ཅན་ཚིམ་བྱེད་ཤོག། ཇི་ལྟར་སྔོན་གྱི་རྒྱལ་བས་རྫོགས་པ་ལྟར།། ཕ་རོལ་བྱིན་དྲག་བླ་མེད་རྫོགས་པར་ཤོག། ཉོན་མོངས་འཇོམ་ཞིང་སྡུག་བསྔལ་སེལ་གྱུར་ཅིག། འདོད་ཆགས་ནི ་སྣང་གཏིམུག་ནི་བྱིད་གོ། ། ཚེར་བས་བརྒྱ་དང་ཆར་བས་བྱེ་བ་སྟོད།། བདག་ན་ཏེག་ཏུ་ཆེར་རབས་དྲན་པ་གོ།། ཐུབ་པའི་དབང་བ་རྟགགྲ་དྲན་གྱུར་རྩིག། དེ་དག་རྣམས་ཀྱི་གསུང་རྒྱ་ལོས་ཤོག། བདག་ནི་དགེ་བའི་ལསེ་རྣམས་འདེ་དག་གིས།། རྟགཏུས་ས ་འབྲེགས་པ་རྙེད་པ་ཤོག། སྡིག་པའི་ལས་རྣམས་རྣམ་པར་སྤྱོད་གྱུར་གྱི།། དགེ་བའི་འབྱུ་གནས་དགེ་རྣམས་སྤྱོད་པར་ཤོག། རྣམས་ཅནན་གྲག་ཆགས་ཐམས་ཅད་ཀྱང་།། འཇིག་རྟེན་དགན་སྡུག་བསྔལ་ཀུན་ནི་བྱུང།། སེམས་ཅན་བང་ཟབ ་ཡན་ལག་ཉམས། ། དེ་ཀུན་དེའུ་དབང་པོ་ཚད་པར་ཤོག། གང་དག་ནད་བཏ་བ་ཉམ་ཆུང་ལུས་ཉམས་དང་།། ཕྱོགས་བཅུ་དགན་སྐྱབས་མེད་གྱུར་པ་རྣམས།། དེ་ཀུན་མྱུར་དུ་ནད་ལས་ཐར་གྱུར་ཅིག།། ནད་མེད་སྟོབས་དང་དབང་པོ་རྙེད་པར་ཤོག། གང་དག ་རྒྱལ་པོ་ཆོམ་རྐུན་སྒེའུ་བསྡིགས་གསད་ཐུག་དང་། ། སྡུག་བསྔལ་རྣམ་པ་སྣ་ཚོགས་བརྒྱ་ཡིས་ཕོངས་གྱུར་པ།། སེམས་ཅན་ཉམས་ཐག་གྱུར་ཅིང་སྡུག་བསྔལ་དེ་དག་ཀུན།། འཇིགས་མཆོག་མི་བཟད་བརྒྱ་པོ་དེ་ལས་ཐར་གྱུར་ཅིག། གང ་དག་བརྡེགས་ཤིང་བཅིངས་པས་བཅིངས་གཟིང་བ། ། ཕོངས་པ་སྣ་ཚོགས་དག་ན་གནས་གྱུར་ཅིང་།། ཉོན་མོངས་སྟོང་ཕྲག་དུམས་དཀྲུགས་ནས་ཀྱང་།། འཇིགས་པ་མི་བིཟད་མྱ་ངན་སྣ་ཚོགས་རྙེད།། དེ་དག་ཐམས་ཅད་བཅིངས་ལས་གྲོལ་གྱུར་ཅིག། བས ་བདག་ནི་བརྡེགས་ལས་ཐར་པར་ཤོག། གསད་པ་རྣམས་ཀྱང་སྲོག་དང་ལྡན་གྱུར་ཅིག། བོངས་གྱུར་ཐམས་ཅད་འཇིགས་པ་མེད་པར་ཤོག། སེམས་ཅན་གང་དག་བཀྲེས་སྲེད་སྐམ་གྱིས་གཟིར།། དེ་དག་ཟས་སྐོམ་སྣ་ཚོགས་རྙེད་པར་ཤོག། ལོང་བས ་གཟུགས་རྣམས་སྣ་ཚོགས་མཐོང་གྱུར་ཅིག། འོན་པས་ཡིད་འོང་སྒྲ་རྣམས་ཐོས་པར་ཤོག། གཅེར་བུ་རྣམས་ཀྱིས་སྣ་ཚོགས་གོས་རྙེད་གྱུར།། སེམས་ཅན་དབུལ་པོས་གཏེར་རྣམས་རྙེད་པར་ཤོག། ནོར་འབྲུར་ན་ཆེན་སྣ་ཚོགས་མང་པོ་ཡིས།། སེམས་ཅན ་ཐམས་ཅད་བདེ་དང་ལྡན་པར་ཤོག། གང་ཡང་སྡུག་བསྔལ་ཚོར་བས་གནོད་མ་གྱུར།། སེམས་ཅན་ཐམས་ཅད་བལྟ་ན་སྡུག་པ་དང་།། གཟུགས་བཟང་མཛེས་ཤིང་ཚུལ་དུ་ཤིས་པར་ཤོག། རྟག་ཏུ་བདེ་བ་དུ་མ་སྩོགས་གྱུར་ཅིག། ཡིད་ཀྱིས་ཟས་སྐོམ་རབ ་འབྱོར་བསོད་ནམས་དག། བསམས་མ་ཐག་ཏུ་དེ་དག་གྲུབ་གྱུར་ཅིག། རྫ་རྔ་ཅང་ཏེའུ་བི་བད་སྒྲ་སྙན་དང་། ཆུ་མིག་མཆེའུ་རྫིང་བུ་སྟེང་ཀ་དག། གསེར་གྱི་པད་མ་ཨུ་དཔལ་པད་མ་ཅན།། ཟས་སྐོམ་གོས་ནར་མུ་ཏིག་ནོར་བུ་དབྱིག། རྒྱན་གསེར་རིན་ཆེན ་སྣ་ཚོགས་བཻ་དཱུརྱ། ། དེ་དག་བསམས་མ་ཐག་ཏུ་གྲུབ་གྱུར་ཅིག། འཇིག་རྟེན་གད་ནའང་སྡུག་བསྔལ་སྦྲ་མ་བྱུང་།། སེམས་ཅན་གཅིག་ཀྱང་མི་འཕྲོད་མཐོང་མ་གྱུར།། དེ་དག་ཐམས་ཅད་ཁ་དོག་རྒྱ་ཆེར་དང་།། ཕན་ཚུན་དུ་ནི་འོད་བྱེད་འགྱུར་བར་ཤོག། མིའི ་འཇིག་རྟེན་ཕུན་སུམ་ཚོགས་གང་ཡོད། ། དེ་དག་བསམས་པར་སྐྱེ་བར་དེ་དག་གྱུར།། བསམ་པ་ཐམས་ཅད་བསམས་མ་ཐག་ཏུ་ཡང་།། བསོད་ནམས་འབྲས་བུས་ཡོངས་སུ་རྫོགས་པར་ཤོག། སྤོས་དང་ཕྲེང་བ་དག་དང་བྱུག་པ་དང་།། གོས་དང་ཕྱེ་མ ་མེ་ཏོག་སྣ་ཚགས་དག། ལྗོན་ཤིང་དག་ལས་དུས་གསུམ་འབབ་པར་ཤོག། སེམས་ཅན་དེ་དག་ལེན་ཅིང་དགར་གྱུར་ཅིག། དེ་བཞིན་གཤེགས་པ་བས་མ་ཡས་ཐམས་ཅད་དང་། རྫོགས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། རྡུལ་བྲལ་དྲི་མེད་བཏན ་པའི་ཆོས་ལ་ཡང་། ། ཕྱོགས་བཅུ་རྣམས་སུ་མཆོད་པ་བྱེད་པར་ཤོག། འགྲོ་བ་དམའ་བ་ཐམས་ཅད་སྤོང་གྱུར་ཅིག། མི་ཁོམ་བརྒྱད་པོ་དག་ལས་འདས་པར་ཤོག། དལ་བའི་རྒྱལ་པོ་དམ་པ་ཐོབ་གྱུར་ཅིག། རྟག་ཏུ་སངས་རྒྱས་འགྲོགས་པ་ཐོབ་པར་ཤོག། ་རྟག་ཏུ་མཐོན་པོའི་རིགས་སུ་སྐྱེ་བར་ཤོག། ནོར་དང་འབྲུའི་མཇེད་རྣམས་འབྱོར་གྱུར་ཅིག། སྙན་དང་གྲགས་དང་གཟུགས་དང་ཁ་དོག་གིས།། བསྐལ་པ་དུ་མར་ལེགས་པར་བརྒྱན་པར་ཤོག། བུད་མེད་ཐམས་ཅད་རྟག་ཏུ་ཕོར་གྱུར་ཏེ།། དཔའ་ཞིང་རྟུལ ་བོད་མཁས་ཤིང་གསལ་བར་ཤོག། དེ་ཀུན་རྟག་ཏུ་བྱང་ཆུབ་ཕྱིར་སྤྱོད་གྱུར།། ཕ་རལ་ཕྱིན་པ་དྲག་ལ་སྤྱོད་པར་ཤོག། ཕྱོགས་བཅུ་དག་ན་རིན་ཆེན་ཤིང་དབང་དྲུང་།། སངས་རྒྱས་བདེར་བཞུགས་རིན་ཆེན་བཻ་དཱུརྱའི།། ཁྲིལ་བཞུགས་པ་དག་ནི་མཐོང་གྱུར་ཅིག ་ཆོས་བསྟན་པ་ཡང་དེ་དག་ཐོས་པར་ཤོག། བདག་གིས་སྡིག་པའི་ལས་རྣམས་བསྒྲུབས་པ་ནི།། སྲིད་པ་ཉམ་ངར་སྔོན་ཆད་གང་བསྒྲུབས་པ།། སྡིག་ལས་གང་དག་མི་འདོད་འབྲམ་ཐོབ་པ།། དེ་དག་ཐམས་ཅད་མ་ལུས་ཟད་གྱུར་ཅིག། སེམས་ཅན་གང ་ངག་སྲིད་པར་བཅིངས་གནས་ཀུན། ། འཁོར་བའི་ཞགས་པའི་ཐག་པས་དམ་བཅིངས་པ།། ཤེས་རབ་ལག་གིས་བཅིངས་པ་བཀྲོལ་བར་ཤོག། སྡུག་བསྔལ་རྣམས་ལས་ཐར་གྱུར་ཐུབ་གྱུར་ཅིག། སེམས་ཅན་གང་དག་འཛམ་བུའི་གླིང་འདི་དང་། ་བར་དག་འཇིག་རྟེན་ཁམས་ན་གཞན་རྣམས་ན།། བསོད་ནམས་སྣ་ཚོགས་ཟབ་མོ་རྣམས་བྱེད་པ།། དེ་དག་ཀུན་ལ་རྗེས་སུ་ཡི་ངོ་།། ལུས་དང་ངག་དང་ཡིད་ཀྱིས་བསྒྲུབ་པ་ཡིས།། བདག་གི་རྗེས་སུ་ཡི་རང་བསོད་ནམས་དེས།། བདག་གི་སྨོན་གྲུབ་འབྲས ་བ་ཡད་པར་ཤེག། བྱང་ཆུབ་རྫུ་ཁྲལ་བླ་མེད་ཐོབ་གྱུར་ཅིག། གང་དག་རྟག་ཏུ་དྲིམ་བྲལ་བ་དང་།། དྲི་མེད་ཡིད་ཀྱིས་ཕྱག་འཚལ་བསྙད་པ་དང་།། ཡོངས་སུ་བསྔོ་བ་བརྗོད་པ་འདི་ཡིས་ནི།། བསྐལ་པ་དྲུག་བཅུར་ངན་སང་སྤོང་བར་འགྱུར།། ཚིགས་སུ ་བཅད་པ་བརྗོད་པ་འདི་དག་གིས། སྐྱེས་པ་བུད་མེད་བྲམ་ཟེ་རྒྱལ་རིགས་ལས།། ཐལ་སྦྱར་འདུག་སྟེ་རྒྱལ་བ་གང་བསྟོད་ག། ཚེ་རབས་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར།། ཡན་ལག་དབང་པོ་ཀུན་གྱིས་ཡན་ལག་བརྒྱན།། བསོད་ནམས་ཡོན་ཏན་སྣ་ཚོགས་རྣམས།། ་དང་ལྡན།། མི་དབང་རྒྱལ་པོས་རྟག་ཏུ་དེ་མཆོད་དེ།། དེ་དང་དེ་དག་ཏུ་ནི་དེ་འདྲར་འགྱུར།། གང་དག་རྣ་བའི་བུ་ཀར་བཤགས་པ་འདི་ནི་གྲག་གྱུར་པ།། དེ་དག་སངས་རྒྱས་གཅིག་གི་གནནས་དགེ་བ་བྱས་མ་ཡིན།། གཉིས་ལམ་ཡིན་བཞི་ལ་མ་ཡིན་ལྔ་མིན་བཅུ་ལ་མིན།། དེ་དག ་སངས་རྒྱས་སྟོང་གི་གནནས་དགེ་བ་བྱས་མ་ཡིན། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་གསུངས་པའི་སྨོན་ལམ། རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་གསུངས་སོ།། འཇིག་རྟེན་འདིའམ་ཡང ་