| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བྷིཀྵུ་ཎཱི་བི་ན་ཡ་བི་བྷི་ག། བོད་སྐད་དུ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། བམ་པོ་དང་པོ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། རྒྱལ་པོ་དུལ་བ་ལ་རྗེའི་རིགས ་བུ་འཁྲུངས། ། སློབ་མ་འདུལ་མཛད་ཉེས་པ་རབ་ཐུལ་བ།། སངས་རྒྱས་འདུལ་བའི་གཙེ་དང་ཆག་མ་ཇས་ཆོད།། རྡུལ་དང་བྲལ་བའི་ཚོགས་ལ་ཕྱག་འཚོལ་ཏེ།། དགེ་སློང་མ་ཡིས་སོ་སོར་ཐར།། རྣམ་འབྱེད་ཧ ་ཅང་བསྡུས་པ་དང་། ། རྒྱས་པ་མ་ཡིན་བརྗོད་པར་བྱས།། འདུལ་བ་དེ་ནི་ད་ལས་ཉོན།། བསྐལ་པ་བྱེ་བ་རྣམས་སུ་ཡང་།། འདུལ་བ་ཐོས་པར་འགྱུར་བ་དང་།། གཟུང་དང་འཛིན་པ་རྙེད་དཀའ་སྟེ།། སྒྲུབ་པ་འ ་ཤིན་ཏུ་རྙེད་པར་དཀའ། ། སངས་རྒྱས་རྣམས་ནི་འབྱུང་བ་བདེ།། ཆོས་བསྟན་པ་ཡང་བདེ་བ་ཡིན།། དགེ་འདུན་མཐུན་པ་བདེ་བ་སྟེ།། འཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ།། ཆོས་ཐོས་པ་དང ་མཐོང་བ་ཡི། ། དབེན་པར་དགའ་བ་བདེ་བ་ཡིན།། འཇིག་རྟེན་སྲོག་ཆགས་འབྱུང་པོ་ལ།། མི་འཚེ་ཡང་དག་སྡོམ་པ་བདེ།། འཇིག་རྟེན་འདོད་ཆགས་བྲལ་བ་དང་།། འདོད་པ་རྣམས་ལས ་རྒྱལ་བ་བདེ། ། ད་འོང་རྒྱལ་འདུལ་བཀང་།། དེ་ནི་མཆོག་ཏུ་བདེ་བ་ཡིན།། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ།། མང་དུ་ཐོས་པ་མཐོང་བ་བདེ།། ཡང་སྲེད་པ་རྣམ ་བར་གྲོལ་བ་ཡི། ། དགྲ་བཅོམ་པ་དག་མཐོང་བ་བདེ།། འཕགས་པ་རྣམས་ནི་མཐོང་བ་བདེ།། དམ་པ་རྣམས་དང་འགྲོགས་པ་བདེ།། བྱས་པ་རྣམས་ནི་མ་མཐོང་ན།། རྟག ་ཏུ་བདེ་བ་ཉིད་དུ་འགྱུར། ། འཇུག་དོགས་བདེ་བའི་ཆུ་གྲུང་བདེ།། ཆོས་ལ་གོམས་པའི་སྐྱེ་བོ་བདེ།། ཤེས་རབ་ཐོབ་པར་གྱུར་པ་བདེ།། དའོ་ང་རྒྱལ་ཟད་པ་བདེ། ་འཇིག་རྟེན་དགེ་སྦྱོང་འཛིན་པ་བདེ།། དེ་བཞིན་བྲམ་ཟེར་འཛིན་པ་བདེ།། འཇིག་རྟེན་ནོ་ཕར་འཛིན་བདེ།། དེ་བཞིན་མར་འཛིན་ཉིད་ཀྱང་བདེ།། ངེས་པར་བྱས་ཤིང་དབང་པོ་ཐུལ་བ ་ངག། དགོན་པ་ཞི་པོ་རྣམས་སུ་རྒས་གྱུར་དང་།། མང་དུ་ཐོས་པ་ནགས་ཀྱི་ནང་དག་དུ།། ལ་ཅོ་ཡོལ་བ་རྣམས་ཀྱི་གནས་པ་བདེ།། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ཏེ།། གྲོང་ཁྱེར ་ཤིང་ན་མོ་ཏ་ཅནན་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་ཊ། ནྱ་ཀྲོ་དྠ་ཞེས་བྱ་བ་དྲུག་པ། ནར་མང་པ། ལངས་སྤྱད་ཆབ། ཡོངས་སུ་བཟུང་བ་སངས་ཤིང་རྒྱ་ཆག་རྣམ་ཐས་ཀྱི་བྲང་ནོ་དང་ལྡན་པ། རྣམ་ཐས་ཀྱི་བན་དང་ལྡན ་བ་ཞིག་གནས་སོ། ། དེ་ལ་བྲན་གྲོང་བཅུ་དྲུག་དང་། ལས་ཀྱི་མཐའ་བའི་གྲོང་སུམ་བཅུ་དང་། སྐྱེད་སྐུར་བའི་གྲོང་དྲུག་བརྡ་དང་། རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགྲ་དང་། གསེར་བྱེ་བ་དྲུག་བཅུ་དང་། གང་དག་གིས་རྒྱལ་པོ་པད་མ་ཆེན་པོ་ཐུབ ་བཇིགསར་རྩེ་ནས་ཀྱང་བརྒྱད་ཅུ་ཡོད་དོ། ། དེས་རིགས་མཉམ་པ་ལས་ཆུང་མཐུངས་ནས། དེ་དེ་དང་སྟན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མཐར་སྤྱོད་པར་བྱེད་དོ།། དེ་ལ་བུ་ཡང་མེད་བུ་མ་ཡང་མེད་ནས། དྲ་བྱེར་སྣ་བརྒྱདང་དུམ་ས ་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། གཤིན་རྗེ་དང་། ཉི་མ་དང་། ཁྱབ་འཇུག་དང་། དབང་བདག་དང་། ས་ག་དང་། ལས་ཐམས་ཅད་པ་དང་། ཐ་སྐར་དང་། སའི་ལྷ་དང་། ཀླུ་དང་། ཆུ་ལྷ་དང་། མེ་ལྷ་དང་། རླུང་ལྷ་དང་། ཡུལ ་འཁོར་མྱོང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་དང་། ནོར་བུ་བཟང་པོ་དང་། གང་པོ་དང་། གང་བ་བཟང་པོ་དང་། ལྔས་རྩེན་དང་། ལྔ་ལེན་ལ་སོགས་པ། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་། འཕྲོག་མ་བུ་ལྔ་བརྒྱའི་འཁོར ་ཅན་དང་། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། གཏོར་མ་ལེན་པའི་ལྷ་དང་། ལུས་ཀྱི་ལྷ་དང་། ལྷན་ཅིག་སྐྱེས་པ་དང་། ཆོས་མཐུན་པ་པ་དང་། རྟག་ཏུ་འབྲང་བའི་ལྷ་དེ་དག་དང་། གཞན་ཡང་ལྷ་བརྒྱ ་སྟོང་དག་ལ་གསོལ་བ་འདེབས་པར་བྱེད་དོ། ། འཇིག་རྟེན་ན་ཡང་ལྷ་ལ་གསོལ་བ་བཏབ་པའི་རྒྱུ་ལས་བུ་དང་། བུ་མོ་དག་སྐྱེའོ།། ཞེས་བྱ་བ་འཇིག་རྟེན་པའི་གཏམ་དེ་ལྟ་བུ་ཡོད་མོད་ཀྱི་དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན། དཔེར་ན་འཁོར་ལོས ་སྦྱར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོད་ཡོད་པར་འགྱུར་རོ། ། འོན་ཀྱང་གནས་དྲག་པོ་དག་མངོན་དུ་གྱུར་བ་ལས་བུ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ། དྲག་པོ་གང་དག་ཅེ་ན། ཕ་མ་གཉིས་ཀྱིས་བུ་རྙེད་པར་འགྱུར་བའི་ལས་དག་བྱས ་ཤིང་བསགས་པ་དག་ཡིན་ཏེ། བུས་ཀྱང་ཕ་དང་མ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་ཡིན།། མ་ཡང་རུང་ཞིང་ཟླ་མཚན་དང་ལྡན་པ་ཡིན།། ཕ་མ་གཉིས་ཆགས་པར་འགྱུར་ཅིང་འདུས་པ་ཡིན། དྲི་ཟ་ཡང་ཉེ་བར་གནས་པ་ཡིན། དྲི་ཟས་ཀྱང་སེམས ་གཉིས་པོ་རྗེས་སུ་ཆགས་པ་དང་ལྡན་པ་འམ། ཁོང་ཁྲོ་བ་དང་ལྡན་པ་གང་ཡང་རུང་བའི་སེམས་རབ་ཏུ་ཐོབ་པ་སྟེ། གནས་དྲུག་པོ་འདི་དག་མངོན་དུ་གྱུར་པ་ལས་བུ་དང་བུ་མོ་དག་སྐྱེ་བ་ཡིན་ནོ།། དེ་དེ་ལྟར་ལྷ་བརྒྱ་སྟོང་ལ་གསོལ་བ་འདེབས་པ་ལྷུར་ལེན་ཅིང ་འདུག་པ་ལས་བུ་ཡང་མེད། བུ་མོ་ཡང་མེད། ནས་དེ་སྟེང་གི་ཁང་བཟངས་ཀྱི་སྟེང་དུ་སོང་སྟེ། ལག་པ་ལ་འགྲམ་པ་གཏད་ནས། བདག་གི་ཁྱིམ་གྱི་འབྱོར་བ་རྒྱ་ཆེན་པོ་འདི་ལྟ་བུ་ནི་བུ་མེད་པའི་ཕྱིར་བླར་བཞེས་པར་འོང་ངོ་ཞེས་སེམས་ཁོངས་སུ་ཆུད ་ཅིང་འདུག་གོ། དེ་ནས་དེའི་དྲུང་དུ་ཉེ་དུ་རྣམས་ལྷགས་ཏེ་འདི་སྐད་ཅེས་སྨྲས་སོ།། ནྱ་གྲོ་དྷཱ་ཁྱོད་ཅིའི་ཕྱིར་ཡིད་མི་བདེ་ཞིང་འདུག་གོ།། དེས་སྐབས་དེ་ཉེ་དུ་རྣམས་ལ་རྒྱ་ཆེར་སྨྲས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ལྷ་རྣམས་དང་། ་འཇུག་དོགས་དག་ལ་སྟེན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། སྔར་ལྷ་འམ་འཇུག་དོགས་གང་ལ་མ་སྟེན་པ་དེ་ཡང་མེད་ན། འོན་ཀྱང་བདག་ལ་བུ་འམ་བུ་མོ་ཡང་མེད་དོ།། དེ་ནས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྔ་བཅུ་གྲོ་དྷཱའི་མ་འོངས་ནས་འདི་སྐད ་ས་སྨྲས་སོ། ། ཅརྒྱ་མོ་ཁྱོད་རྫིསྟེ་ཡིད་མི་བར། དེས་འདི་སྐད་ཅེས་སྨྲས་སོ།། ཡུམ་ཅི་བདག་གི་ཡིད་མི་བདེ་བ་ཆུད་དམ། བདག་གི་ཁྱིམ་གྱི་ཡོ་བྱེད་དེ་རྒྱ་ཆེན་པོ་འདི་ལྟ་བུ་མེད་པའི་ཕྱིར་ཐར་བརྣས་པར་འགྱུར་རོ།། ་སན་ཤིང་སལ་ཆེན་པོ་སྟ་ཊ་ནྱ་ཀྲོ་དྷའི་བསྐྱེད་མོས་ཚལ་ན་སྣུན་ཤིང་ནྱ་ཟོན་ཆེན་པོ་ཡལ་ག་དང་། མག་སྔགས་དང་། འདབ་མ་དང་། ལོ་མ་ཟན་སུམ་ཚོགས་ཤིང་། འདུབས་རྒྱ་ཚལ་ཡལ་ག་གསར་ཟ་བཞིག ་ཡོད་དེ། དེའི་མིང་གི་གྲོང་ཁྱེར་ནྱ་གྲེནྡ་ཅན་ཞེས་བྱ་བར་ཤེས་སོ།། མས་དེ་ལ་སྨྲས་པ། བུ་ཁྱོད་ཀྱི་པ་ཡང་བུ་མེད་པར་གྱུར་ནས་དེས་ཀྱང་ལྷ་བརྒྱ་སྟོང་དུ་མ་ལ་བུའི་ཕྱིར་གསོལ་བ་བཏབ་པོ་འོན་ཀྱང་དེ་ལ ་བུ་ཡང་མེད་ཅིང་བུ་མོ་ཡང་མེད་པར་གྱུར་ཏོ། ། དེ་ནས་དེས་ནྱ་གྲོ་དྷའི་དྲུང་དུ་སོང་སྟེ་ནྱ་གྲོ་དྷ་ལ་གསོལ་བ་བཏབ་པ་དང་དེ་ནས་ཁྱོད་བྱུང་ངོ་།། དེའི་ཕྱིར་ཁྱོད་ནྱ་གྲོ་དྷ་ཞེས་བཏགས་སོ།། ཁྱོད་ཀྱང་བུ་མེད་ན་དེ་ཁོ་ན་ལྟར་གྱིས་ཤིག ་དེ་ནས་བྲམ་ཟེའི་ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷཱ་ཤིང་ནྱ་གྲོ་དྷཱ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཤིང་ནྱ་གྲོ་དྷཱའི་དྲུང་དུ་ཆག་ཆག་དང་ཕྱག་དར་ལེགས་པར་བྱེད་དུ་བཅུག་སྟེ། སྤོས་དང་། མེ་ཏོག་དང་། བདུག་པས་བཀང་ནས། རྒྱལ་མཚན་དང་། བ་དན ་སྦེང་དུ་བཅུག་གོ། དེ་ནས་བྲམ་ཟེ་བརྒྱད་བརྒྱ་ལ་ཟས་བྱིན་ཏེ། རས་ཡུག་ཆེན་བསྐོན་ནས། རྗེས་ལ་ཤིང་ལ་གནས་པའི་ལྷ་ལ་གསོལ་བ་བཏབ་པ། བདག་ལ་བུ་རྙེད་པར་སྤྲོ་བ་བསྐྱེད་དུ་གསོལ།། གལ་ཏེ་བདག་ལ་བུ་མཆིས་ན་ལོ་གཅིག་བཞིན ་འདི་འདྲ་བར་ཁྱོད་ལ་མཆོད་པ་དཔག་ཏུ་མེད་པ་བགྱིའོ། ། གལ་ཏེ་མ་མཆིས་ན་ལྗོན་ཤིང་འདི་བུ་ཤེལ་ཅིའི་རྩ་བ་ཙམ་གྱི་བར་ལུས་པ་ཡང་གཤེགས་ནས་དུམ་བུ་དུམ་བུར་བྱས་ལ་ཞོགས་མ་ཞོགས་མང་བཞོགས་ཏེ་རླུང་དང་ཉི་མ་གཉིས་ལ་བསྐམས་ནས ་མེས་བསྲེག་གོ། ། བསྲེགས་ནས་ཐལ་བ་རླུང་ཆེན་པོ་ལ་ཕྱར་བ་འམ་ཆུ་ཀླུང་ཆེན་པོ་དྲག་པོར་གཏོར་རོ།། ལྷ་དེ་ཡང་དབང་ཆུང་བ་ཡིན་པས་གསོལ་བ་བཏབ་པ་ན་ནི་མགུ་བ་དང་། དགའ་བ་དང་། ཡིད་རབ་ཏུ་དགའ་བ་དང་། སྟོབས་དང་ལྡན་པ་ཡིན ་ལ། བསྡིགས་པ་ན་ནི་བདག་གནས་ནས་བསྐྲད་པར་མི་འགྱུར་གྲང་ཞེས་འཇིགས་པར་གྱུར་ཏོ།། ལྷ་དེ་ཡང་རྒྱལ་པོ་ཆེན་པོ་བཞིས་ཀུན་དུ་ཟིན་པ་ཡིན་པས་དེ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་དྲུང་དུ་སོང་སྟེ་ཕྱིན་ནས་ཡུལ་འཁོར་སྲུང་ལ ་སྨྲས་པ། ཉེ་དབང་བདག་གནས་ནས་བསླང་བར་འགྱུར་དུ་མཆིས། གྲོང་ཁྱེར་ཤིང་ནྱ་གྲོ་དྷཱ་ཅན་ན་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷཱ་ས་བུ་རྙེད་པར་འགྱུར་བར་སྤྲོ་བ་བསྐྱེད་དུ་གསོལ། དེ་འདི་སྙམ་དུ་སྔོན་གྱི་ལས་ཀྱི་རྒྱུའི ་སྟོབས་བསྐྱེད་པས་བུ་དང་བུ་མོ་དག་ཡོད་པ་ཡིན་གྱི། འདི་ལ་བདག་ལ་ནི་དབང་མེད་དོ་སྙམ་དུ་བསམས་ནས་དེས་དེ་ལ་སྨྲས་པ། བདག་གིས་ནི་བུ་འམ་བུ་མོ་སྦྱིན་པར་མི་ནུས་སོ།། འོན་ཀྱང་ཚུར་ཤོག་རྒྱལ་པོ་ཆེན་པོ་འཕགས ་སྐྱེས་པོའི་དྲུང་དུ་འདོད་དོ། ། ད་གཉིས་འཕགས་སྐྱེས་པའི་དང་དུ་དང་སྟེ་བྱིན་ནས་དེ་ནི་ཉིད་དེ་ལ་སྨྲས་སོ།། དེ་བཞིན་དུ་ལ་པོ་པ་གས་ས་དང་། རྣམ་ཐོས་ཀྱི་བུའི་དྲུང་དུ་སོང་སྟེ་ཕྱིན་ནས་སྨྲས་ན། དེ་དག་གིས་ཀྱང་རང་གི་ལས ་ཀྱིས་བུ་དང་བུ་མོ་དག་འབྱུང་གི། འདི་ལ་བདག་ཅག་ལ་ནི་དབང་མེད་དོ་ཞེས་སྨྲས་སོ།། དེ་ནས་རྒྱལ་པོ་དེ་བཞི་ལྔའི་དབང་པོ་བརྒྱ་བྱིན་གྱི་དྲུང་དུ་དོང་སྟེ་སྨྲས་པ། ཀཽ་ཤི་ཀ་བདག་ཅག་གི་འཁོར་དུ་གཏོགས་པ་ཞིག་རང་གི་གནས་ནས་བསྐྲང ་བར་འགྱུར་གྱིས། ། གྲོང་ཁྱེར་ཤིང་ནྱ་གྲོ་དྷཱ་ཅན་དང་། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུནྱ་གྲོ་དྷས་བུ་རྙེད་པར་འགྱུར་བར་སྤྲོ་བ་བསྐྱེད་དུ་གསོལ། བརྒྱ་བྱིན་གྱིས་སྨྲས་པ། ཉེ་དབང་དག་རང་གི་ལས་ཀྱིས་བུ་དང་བུ་མོ་དག་འབྱུང་ནི། ་བདག་གིས་ནི་སྲ་ལ་ཡང་བུ་འམ་བུ་མོ་སྦྱིན་པར་མི་ནུས་སོ།། དེ་ནས་ལྷའི་འཁོར་དེར་སྣང་བ་རྒྱ་ཆེན་པོ་ཞིག་བྱུང་བ་དང་། དེ་མཐོང་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་ཆེན་པོ་བཞི་ལ་ཉེ་དབང་དག་ཁྱེད་འདི་ནས་མ་འདོང་ཤིག ་དེ་ལྟར་སྣང་བ་རྒྱ་ཆེན་པོ་འདི་ལས་གོར་མ་ཆག་པར་འཁོར་འདིར་ཚངས་པ་ཆེན་པོ་འབྱུང་བར་འགྱུར་རོ་ཞེས་བསྒོ་བ་དང་དེ་དག་འཁོད་དོ། ། འཁོར་དེར་ཡང་ཚངས་པ་ཆེན་པོ་དར་ལ་བབ་པ། བཞོན་པ། གཞོན་ནུ་མ་གཙུག་ཕྲད་ལྔ ་པ་བྱུང་ནས། དེ་ལྟའི་དབང་པོ་བརྒྱ་བྱིན་གྱི་པང་དུ་འདུག་གོ།། དེས་བསྒྲུབ་པ་གང་ཡིན་པ་དེ་ཡང་བསྒྲུབས་སོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚངས་པ་ཆེན་པོ་དེ་ལ་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་པ། ཚངས་པ་ཆེན་པོ ་ཁྱོད་ཚངས་པ་དང་། ཚངས་པ་ཆེན་པོ་དང་། དབང་ཕྱུག་དང་། བྱེད་པ་པོ་དང་། འབྱིན་པ་པོ་དང་། སྤྲུལ་པ་པོ་དང་། གཙེ་བ་དང་། ཁྱད་པར་དུ་འཕགས་པ་དང་། འཇིག་རྟེན་རྣམས་ཀྱི་བར་གྱུར་པ་ཁྱོད་ཀྱིས་འགྲོ་བ་ཐུང་བ་མ་ལགས ་སམ། འོ་ན་བདག་ཅག་གི་འཁོར་དུ་གཏོགས་པ། ས་ལ་རྒྱུ་བ་ཞིག་མཆིས་ཏེ། དེ་ལྗོན་ཤིང་གི་གནས་ནས་བསྐྲད་པར་འགྱུར་གྱིས། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་དེར། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷཱ་ས་བུ ་ད་པར་འགྱུར་བར་སློབ་བ་རྒྱད་དགས་པ། ། དས་འདི་ས་བདུ་བདག་གིས་སུལ་ཡང་བྲའམ་བྲམ་སྦྱིན་པར་མ་ནུས་ན། གལ་ཏེ་བདག་གིས་བུ་དང་བུམ་སྐྱེན་པར་མི་ནུས་ས་ཞེས་སྨྲས་ནིནི་བདག་གིས་མིང་གང་ཆངས་པ་དང་། ཚངས་པ་ཆེན་པ་དང་། དབང་དྲུག་ས་ཀྱང ་བ་བ་དང་། བྱིན་པ་པ་དང། སྤྲུལ་བ་པ་ཞེས་བའི་ཡིད་དེར་ཡང་མི་འགྱུར་རོ།། འན་ཏེ་འའམ་དུམ་སྟོན་ན་ཞེས་པུས་ན་ནི་གང་གི་ཚི་བདག་ལ་དབང་མེད་ན་དཀ། སྦྱིན་པར་བྱསྙ་མ་ད་ཀར་བསམས།། འི་དབང་པོ་བརྒྱན་ལ་གསང་སྟེ་སྨྲས་པ། ང་ཤེས་ས ་བོ་ནི་འཇིག་རྟེན་གྱིས་མ་བྱུང་ལ། ཁོ་བོས་ཀྱང་འཇིག་རྟེན་མ་བྱུང་ངོ་།། དེས་སྨྲས་པ། ཚངས་པ་ཆེན་པོ་གལ་ཏེ་དེ་ལྟ་ལགས་ན། འོན་ཀྱང་རང་གི་གནས་སུ་གཟིགས་ལ། གལ་ཏེ་འཆི་བའི་ཆོས་ཅན་འགའ་ཞེག་མཆིས་ན་དེ་བྲམ་ཟེ་ཤིང་ས་ལ་ཆེན་པོའི་ཁྱིམ་དེར་ཉིང་མཚམས་སྦྱོར་བ་ལེན་དུ་སྩོལ ་ཅི། ། ཚངས་པས་སྨྲས་པ། ཀོ་ཤི་ག་ཅིའི་ཕྱིར་ཁྱོད་རང་གི་གནས་སུ་མེ་ལྟ། བརྒྱ་བྱིན་གྱིས་སྨྲས་པ། གནས་འདི་ན་ནི་ལྷ་རྣམས་དབང་ཆུད་པར་གྲགས་པ་ལགས་ལ། བྲམ་ཟེ་དེ་ནི་དབང་ཆེ་བར་གྲགས་པ་ལགས་པས། དེང་དབང་ཆུད་པར་གྲགས་པ་ཉིད་ཀྱིས་ཉིང་མཚམས་སྦྱོར་བ་ལེན་པར་མི་བཟོད ་རོ། ། དེ་ནས་ཚངས་པས་གནང་ནས་རང་གི་གནས་སུ་སོན།། དེན་ཚངས་བཞིག་ཆ་ཟད་དེ་སྔ་ལྟས་བྱུང་པ་མཐོང་ནས་དེས་དེ་ལ་སྨྲས་པ། གྲོགས་པོ་གས་ཏེ་ཁྱོད་སྡུག་པའི་གནས་ནས་འཆི་འཕོ་བར་བྱེད། ཉིང་མཚམས་སྦྱོར་བར་འདས། དེའི་ཕྱིར་ཟོང་ཁྱེར་གི་དྲུ་ཀྲོ་དྷཅན་དུ་བྲམ་ཟེ་ཤིང་ས་ལ་ཚན ་པོ་ལྟ་བུ་ནྱ་གྲོ་དྷའི་ཁྱིམ་དུ་ཉིང་མཚམས་སྦྱོར་བ་ལོང་ཤིག་དང་ཁྱོད་ཡོ་བྱད་དག་གིས་མི་བྲེལ་བར་འགྱུར་རོ། ། དེ་སྙེད་མི་དགའ་ནས་སླར་སྨྲས་པ། ཚངས་པ་ཆེན་པོ་ཐོང་ཤིག་ཐོང་ཤིག། བརྩལ་བ་འདིས་ཅི་ཞིག་བྱ། བྲམ་ཟེ་ནི་ལོག་པར་ལྟ་བ་ཡིན་ལ། བྲམ་ཟེའི་ཁྱིམ་དུ་ཉིང་མཚམས་སྦྱོར་བར ་བྱེད་པ་ཡང་དཔེར་ན་མི་འགའ་ཞིག་གསེར་གྱི་སྒོག་ལ་ཆགས་པའི་ཕྱིར་རང་གི་རྐང་པ་སྒོག་དུ་འཇུག་པར་བྱེད་པ་དེ་དང་འདྲའོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་འདོད་པ་ན་སྤྱོད་པའི་ལྷ་དྲུག་ལ་ལན་གསུམ་གྱི་བར་དུ་ཡོངས་སུ་སྤྱད་པ་མཛད་ནས་དགའ་ལྡན་གྱི་ལྷའི་རིས་ནས་ཤིས་འཕོས་ཏེ་མཚན་མོ ་ནམ་བྱེད་ཀྱི་དུས་ཀྱི་ཆོས་སྲུང་གི་བུ་དང་འདྲ་བར་གླང་པོ་ཆེའི་ཕྲུག་གུ་དཀར་པོ་ཁ་བའི་མདོག་ཅན་མཆེ་བ་དྲུག་པ་ཡན་ལག་བདུན་ལེགས་པར་གནས་པ་ཅན་གྱུར་ཏེ། གངས་རིའི་ངོས་དང་ཉེ་བ་ཆུ་བོ་གང་གཱའི་འགྲམ། དྲང་སྲོང་སེར་སྐྱའི་བསྟིག་ནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་ཤཱཏྱ་རྣམས་འཁོད་པ་དེ ་ནརྒྱལ་པོ་ཟས་གང་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་པ་དེའི་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་དེའི་ལྷུམས་སུ་ཉིང་མཚམས་སྦྱོར་བ་བླངས་ནས་ཟླ་བ་བཅུ་ཐམ་པ་འདས་པ་དང་བལྟམ་པ་ནས་བླ་ན་མེད་པ་ཡཱ་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་ཞིང་། དེས་ཆོས་ཀྱི་མཆོད ་སྡོང་སྦེང་བར་འགྱུར། ཆོས་ཀྱི་རུང་བར་འགྱུར། ཆོས་ཀྱི་མཆོད་སྦྱིན་བྱིན་པའི་བར་དུ་འགྱུར་བས་བདག་ཀྱང་གནས་འདི་ནས་འཆི་འཕོས་ནས་དབང་ཆུང་བར་གྲགས་པའི་ཕྱིས་དུ་ཉི་མཚམས་སྦྱོར་བ་བླངས་ཏི་ངས་པར་བྱུང་བས་བསྟན་པ་ལ་རབ་ཏུ་བྱུང་ཏེ་བདུད་རྩིའི་རྟགས་པར་བྱ་དགོས་ལ། ་བྲམ་ཟེ་ཕྱུག་པོའི་ཁྱིམ་དུ་སྐྱེས་པ་ནི་བུ་ཅིག་པའི་ཕྱིར་དེ་དག་སུས་ཀྱང་རབ་ཏུ་འབྱུང་དུ་མི་སྟེར་རོ།། དེ་ལྟ་བས་ན་བདག་ལ་བྲམ་ཟེའི་ཁྱིམ་དུ་སྐྱེས་པ་དགོས་པ་མེད་དོ།། ཚངས་པ་ཆེན་པོས་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་དེ་ལྟ་ཡིན་ན་ཡང་འོན་ཀྱང་ངས་གསོལ་པ་བཏབ་པ་བཞིན་དེང་ཉིད ་མཚམས་སྦྱོར་བ་ལོང་ཤིག་དང་། དེའི་ཚེ་ངས་ཁྱོད་ཀྱི་ཕམ་གཉིས་ལ་དུས་དུས་སུ་བསྐུལ་བར་བྱའོ།། དེ་ནས་དེས་ཀྱང་གནང་ངོ་།། དེ་ནས་ལྷའི་བུ་གསོད་ནམས་ཀྱི་རྣམ་པར་སྨིན་པ་ལས་དབང་ཆེ་བར་གྲགས་པ། སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་སྲིད་པ་ཐ་མ་པ། སྤྱོད་པ ་ཚོལ་བ། འཆིང་པ་ཉམ་སྨད་པ། ཐར་པའི་ཚོགས་བཟུང་བ། མྱ་ངན་ལས་འདས་པ་ལ་ཕྱོགས་པ། འཁོར་བ་ལས་ཕྱིར་ཕྱོགས་ལ། སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་བ་དང་། སྐྱེ་བ་དོན་དུ་མི་གཉེར་བ། ལུས་ཐ་མ་འཛིན་པ་དེ་ལྷའི་འཇིག་རྟེན་ནས་ཤི་འཕོས་ཏེ་ཆུང་མ་དེའི་མངལ་དུ་ཉིང་མཚམས ་སྦྱོར་བ་བླངས་སོ། ། འདི་ན་བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ཤེས་པར་བྱ་བའི་གནས་ལྔ་རབ་ཏུ་ཤེས་ཏེ། སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་སྐྱེས་པ་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ ་དང་། མངལ་དུ་ཞུགས་པ་དང་། གང་ལས་མངལ་དུ་ཞུགས་པ་དེ་ཡང་ཤེས་པ་དང་། ཁྱེའུར་ཤེས་ཤིང་བུ་མོར་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་དགུ་གཡས་པར་རྟེན་ཅིང་འདུག་ལ་གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་རྟེན་ཅིང་འདུག་པའོ།། ་བུད་མེད་དེས་ཀྱང་ཇི་ལྟར་བདག་གི་དགུ་གཡས་རོལ་མི་བདེ་བས་ན་གོར་མ་ཆག་པར་བདག་གི་བུ་རྙེད་དོ་སྙམ་དུ་རིག་ནས་དེ་དགའ་ཞིང་མགུ་ལ་ཡིད་རབ་ཏུ་དགའ་བས། ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་ཁྱོད་ལ་བཀའ་མཆིད་སྙན་པ་ཞིག་གསོལ་ལོ།། དེས ་འདི་སྐད་ཅེས་སྨྲས་སོ། ། བཟང་མོ་ལྷ་དང་མིའི་གཏམ་སྙན་པ་ཐོབ་པར་གྱུར་ཅིག། གཏམ་སྙན་པ་ཇི་ལྟ་བུ་ཞིག། ཇི་ལྟར་བདག་གི་དཀུ་གཡས་རོལ་མི་བདེ་བས་ན་གོར་མ་བཀྲམ་པར་བདག་གིས་བུ་རྙེད་དོ།། དེ་ནས་བྲམ་ཟེ་ཤིང་ས་ལ ་ཆེན་པོ་ལྟ་བུ་ནྱ་ཀྲོ་དྷམཐ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་སྟེ། བཞིན་པ་མརྒྱས་པ་ལྟ་བུས་དགའ་པའི་ཅི་འདི་ན་ཅེས་སྨྲས་སོ།། བཟང་མོ་ཁྱོད་ཀྱི་ཐུ་བ་དེ་བཞིན་དུ་སྐྱེ་བར་ཤོག་།། ཁོ་བོས་ཀྱང་བསྡུག་པའི་དོ་ཐོང་བ་དང་། ཁོ་བས་ཕྲན་རི་བཞིན ་ནས་མངོན་པར་འདོད་པའི་བུ་ཡིད་ལ་བསམས་པ་བཞིན་དུ་འགྲུབ་པ་དང་། ཁོ་བོ་དང་འཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་བ་དང་། ཁོ་བོའི་བྱ་བ་བདག་བྱེད་པ་དང་། གསོས་པས་ཕྱིར་གསོབ་དང་། ཁོ་བོའི་ནོར་རྫས་ལ་སྤྱོད་པ་དང་། ཁོ་བོའི་རིགས་ཆུད ་ཀྱང་ཡུན་རིང་དུ་གནས་པར་འགྱུར་བ་དང་། བདག་གི་དབང་ཕྱུག་ཀྱང་ཉམས་པར་མི་འགྱུར་བ་དང་། བདག་ཅག་ཤི་ཞིང་དུས་ལ་བབ་པ་ན་བདག་ཅག་གི་ཕྱིར་སྦྱིན་པ་ཆུང་ངམ། ཆེན་པོ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས་འདི་དེ་གཉིས ་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་ཡོན་བསྔོ་བ་བྱེད་པར་ཤོག་ཤིག། དེ་ལ་སེམས་ཅན་ཞུགས་པར་རིག་ནས་སྟེང་གི་ཁང་བཟངས་ཀྱི་གཞིར་གནོད་པ་མེད་པར་འདུག་དུ་གཙུག་སྟེ། གྲང་བ་ན་གྲང་བའི་ཡོ་བྱད་དག་དང ་དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བསྟན་པའི་ཁ་ཟས་དང་བཏུང་བའི་བྱེ་བྲག་ཧ་ཅང་མི་བསིལ་བ། ཧ་ཅང་མི་དྲོ་བ། ཧ་ཅང་མི་ཁ་བ། ཧ་ཅང་མི་ཚ་བ། ཧ་ཅང་ལན་ཚྭ་མི་ཆེ་བ། ཧ་ཅང་མི་སྦྱར་བ། ཧ་ཅང་མི་མངར་བ། ཧ་ཅང་མི་བསྐ་བ། ཧ་ཅང་མི ་སྣུམ་པ། ཧ་ཅང་མི་རྩུབ་པ། ཁ་བ་དང་ཚ་བ་དང་། ལན་ཚྭ་དང་། སྐྱུར་བ་དང་། མངར་བ་དང་། བསྐ་བ་དང་། སྣུམ་པ་དང་། རྩུབ་པ་རྣམ་པར་སྤངས་པའི་ཁ་ཟས་དང་བཏུང་བ་དག་གིས་དེ་ལ་རིམ་གྲོ་བྱེད་དུ་འཇུག་གོ།། དེ་ནས་མངལ་ན་གནས་པ་ཡོངས་སུ ་བསྐྱད་པའི་ཕྱིར་འདི་ལྟར་ཆུང་མ་དགོས་ཚོན་སྣ་ཚོགས་སུ་སྤེལ་བ་ནི། བསྐོན། ལག་པ་ནི་གསེར་གྱི་གདུ་བུ་དང་། ནོར་བུ་དང་། མུ་ཏིག་གིས་གཏམས། དོ་ཤལ་དང་། སེ་མོ་དོ་རྣམ་པར་འཕྱང་བ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་གདུབ་འཁོར ་ནི་ཐོགས། མིག་ནི་མིག་སྨན་གྱིས་བྲིས། བཞིན་ནི་དམར་རྩིའི་ཐིག་ལེས་མཛེས་པར་བྱས། སོ་ན་མེ་ཏོག་ཀུ་མུད་དང་། དངུལ་དང་། ཁ་བ་དང་། མུ་ཏིག་གི་དོ་ཤལ་དང་། མེ་ཏོག་ཀུན་ད་དང་། ཟླ་བ་དང་། རང་པ་དང་། བའི་འོ་མ་དང་། དྲང་དང་། བང ་མའི་རྩ་བ་ལྟར་དྲི་མ་ནི་མེད། རྐེད་པ་ནི་གསེར་གྱི་འོག་བག་གིས་བཅིངས། རྐང་པ་ནི་རྐང་རྒྱན་གྱིས་མཛེས་པར་བྱས་ནས་གསེར་གྱི་མཆོད་སྡོང་མེ་ཏོག་གིས་ཀླུབས་པ་ལྟ་བུ་དེ་ལྷའི་བུ་མོ་དགའ་བའི་ཚལ་ན་ཆུབ་བཞིན་དུ་གླུ་དང་རོལ་མོའི་སྒྲ་བྱེད་པའི་རོལ ་མོམཁན་དང་། སྟེང་གི་ཁང་བཟངས་ཀྱི་ཐོག་ཏུ་བཞག་ནས། ཁྲི་བོ་ཆེ་ལེགས་པར་བཙུགས་པའི་སྟེང་ན་ཁྲི་ནས་ཁྲི་དང་། ཁྲིའུ་ནས་ཁྲིའུར་རྒྱ་ཞིང་གོད་ཀྱིས་གཞིར་མི་འབབྲལ། དེ་ལ་འགའ་ཡང་སྒྲ། ཡིད་དུ་མི་འད་བ་འབྱིན་པར་མི་བྱེད་དོ།། རི་ཤེགས ་ཁྱིམ་དེ་ནོར་དང་། འབྲུ་དང་། གསེར་དང་། དབྱིག་དང་། མཛོད་དང་། བང་བ་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། རྐང་གཉིས་པ་དང་། རྐང་བཞི་པ་ལ་སོགས་པ་དག་གིས་རྒྱས་པར་འཕེལ་བར་གྱུར་ཏེ། ཇི་ལྟར་རྒྱ་མཚ ་ཆེན་པོ་ཆུ་ཀླུང་ལྔ་བརྒྱ་དག་གིས་ཉིན་གཅིག་བཞིན་འགེངས་པར་བྱེད་པ་དེ་བཞིན་དུ་ཁྱིམ་དེ་ཡང་རྒྱས་པར་གྱུར་ཏོ། ། དེ་ནས་བྲམ་ཟེ་ཤིངས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་འདི་སྙམ་དུ་གལ་ཏེ་བདག་ལ་བུ་ཞིག་ཡོད་ན། ཛི་ངས་ཇི་ལྟར་བྲམ་ཟེ་ཕལ ་དག་ལྟར་ནས་ཐ་མལ་པ་ཐོགས་ནས་རྒྱལ་པོ་པད་མ་ཆེན་པོ་ལ་རྒྱལ་བ་སྤེལ་བ་བྱ་འམ། མ་ལ་བདག་གིས་དེའི་དོན་དུ་གསེར་གྱི་ནས་གཞན་བྱེད་དུ་གཞུག་གོ་སྙམ་དུ་བསམས་ནས་རེ་ཤིག་ན་གསེར་གྱི་ནས་བྱེད་དུ་བཅུག་གོ།། དེ་ཟླ་བ་བརྒྱད ་དམ། དགྲ་འདས་ཏེ་བཙས་པ་ལས་ཁྱེའུ་གཟུགས་བཟང་བ། བསྟན་སྡུག་པ། མཛེས་པ། པད་མའི་རྩ་བའི་མདོག་ལྟར་དཀར་བ། མགོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིག་མ་བཟང་བ། ཐོང་ལ་སོ ་འི་ཇུག་པ་ད་མང་གོ་ས་སུ། དབང་པར་བཞགས་།། དེམས་པའི་ལས་སྟོན་བྱཔར་བརྩམས་ཏེ།། སོ་ཅ་དེ་ཡ་ཅད་དོ་དང། གསག་པ་དང་། ཆོ་ཡོདགས་སརྦ་རྫག་། ད ་བཏག་མེ་ཏོག་སྣ་ཚོགས་བཀྲམ། པོག་ཕོར་ནས་དྲི་དུ་མས་གདུགས། རྒྱལ་མཚན་དང་། བ་དན་བསྒྲེང་། དར་གྱི་ཆུན་པོ་དང་། ལྡ་ལྡི་ཡང་བརྐྱང་། ཟོང་དགྲམ་པའི་ཚོང་སྲང་དག་ཀྱང་བྱེད་དུ་བཅུག་ནས་སྒོ་བཞི་དང་། བཞི ་མདོའི་དབུས་སུ་སྦྱིན་པ་དག་ནི་སྦྱིན། བསོད་ནམས་དག་ནི་བྱེད་དེ། ཟས་འདོད་པ་རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། གོས་འདོད་པ་རྣམས་ལ་ནི་གོས། ཕྲེང་བ་དང་། སྤོས་དང་། བྱུག་པ་འདོད་པ་རྣམས་ལ་ནི་ཕྲང་བ་དང་སྤོས ་དང་བྱུག་པ་རྣམས་སོ། ། ཉམ་བདུན་གས་མ་ཉི་ཤུ་རྩ་གཅིག་ཏུ་སྦྱིན་པ་རྣམ་པར་ཡི་། བུངདག་ནི་བྱན། བསོད་ནམས་དག་ནི་བྱས་ནམ་ཉེ་དུ་རྣམས་ཚོགས་ཤིང་འདུས་ཏེ། འདི་ལྟར་བྱེའུ་འདི་ལྡན་ཤིང་དྷ་གྲོ་དྷ་ལ་གསོལ་བ་བཏབ་སེ་ད་པ ་དེའི་ཕྱིར་ཁྱེའུའི་མིང་ནྱ་གྲོ་དྷ་སྐྱེས་ཞེས་གདགས་སོ་ཞེས་མེད་བཏགས་སོ། ། བྲམ་ཟེ་རྣམས་ཀྱིས་ནི་འདི་སྐད་དུ། འདིའི་ཕ་ཡང་འོད་སྲུང་དང་རུས་གཅིག་པས་ཁྱེའུའི་མིང་འོད་སྲུང་དུ་གདགས་སོ་ཞེས་སྨྲས་སོ།། དི་ལ་ཁ་ཅིག་གིས་ནི་འོད་སྲུང་ཞེས་བྱ ་བར་ཤེས་སོ། ། ལ་ཅིག་གིས་ནི་དྷ་གྲོ་དྷ་སྐྱེས་ཞེས་བྱ་བར་ཤེས་སོ།། དེ་ཡང་མ་མ་བརྒྱད་པོ་བ་དན་འཚོ་བའི་མ་མ་ག་པ་དང་། ནུམ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་ཡིས་དང་། རྐྱེན་འགྲོགས་ཀྱིམ་མ་གཉིས་ལ་གཏད་དེ། ་ལྕགས་ཀྱི་མདའ་ཐོགས་ཤིང་། བསྲུང་ཁྲག་དང་། རྨ་བྱའི་མདོངས་མང་པོ་ཐོགས་ནས་འོ་མ་དང་། ཞོ་དང་། མར་སར་པ་དང་། ཞུན་མར་དང་། མར་གྱི་ཉིད་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད ་པར་བྱེད་དོ། ། དེ་ཡང་རྫིང་ན་གནས་པའི་བད་མ་བཞིན་དུ་སྟེ་དྲག་པར་གྱུར་ཏེ།། དེགང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚ་ལེ་གེ་སློབ་བདག་པ་ལས་དེ་ཉི་མ་ཐང་ཤས་ཀྱིས་ཡི་གེའི་ཕ་རོལ་དུ་མེད་ཅིང་། དེའི་ཚ་དབུམ ་སྤྱོད་པ་དང་། སྤྱོད་པ་དང་། གཙང་ས་དང་། ཐད་དུ་སྤྱོད་པ་དང་། ཐལ་བ་བླང་བ་དང་། བྱམ་ཐམ་བླང་བ་དང་། ས་བླང་བ་དང་། རབ་བསྔགས་བྱ་བ་དང་། ཝར་འཐུང་བྱ་བ་དང་། འབྲས་བརྗོད་བྱ་བ་དང་། ཡང་དག་པར་གྲུབ་པ་དང་། ་ངེས་པར་བྱ་བ་དང་། དྲས་པརྣམས་སུཉེ་བར་སྤང་པར་བྱ་བ་དང་། ངས་བརྡད་ཀྱ་ག་བྱེད་དང་། མང་གྱུད་བྱ་ག་བྱང་དང་། སྨན་གན་ག་བྱེད་དང་། སད་པ་ག་གཏད་དང་། ཐབ་ཐ་ལས་དྲག་པ་པཔ་བྱུད་བྱེད ་དང་། མཆོད་སྦྱིད་བྱེད་དུ་འཇུག་པ་དང་། ཀློག་པ་དང་། ཀློག་ཏུ་འཇུག་པ་དང་། སྦྱིན་པ་དང་། ལེན་པ་ལ་མཁས་པར་གྱུར་ཏོ།། གེ་པའི་གནས་པན་བརྒྱད་དག་ཇུག། འདིས་སྷོ། གསང་སྔགས་དང་། རྦུང་དང་། ག་པ་དང་། ་ཚིགས་ཀྱི་རིག་པ་དང་། གེ་བྱད་དང་། བརྡ་སྤྱོད་པ་དང་། སྤངས་པར་སྦྱོར་བ་དང་། ཤེས་གསལ་དང་། ངེས་པའི་ཚིག་དང་། སྡེབ་སྦྱོར་བསྡུས་པ་དང་། སྐཱར་པའི་རིག་པ་དང་། རྟོགས་བྱེད་ཀྱི་རིག་པ་དང་། དྲར་ལྗང་གི་རིག་པ་དང་། ་སྤྱོད་ཀྱི་རེག་པ་དང་། འཇིག་རྟེན་རྒྱང་པན་པའི་རེག་པ་དང་། བྱེ་བྲག་པོའི་རིག་པ་དང་། རྒྱུད་དྲུག་བཅུ་པ་དང་། ཁྲུར་མིང་ཀྱི་རིག་པ་དང་། གནས་འདྲག་གི་རིག་པ་དང་། རིག་པའི་གནས་བཅཝ་བརྒྱད་པོ་འདི་དག་ཐམས་ཅད་ལ་བྲོ་ཤིན་ཏུ་རྡོ་བར་གྱུར་ཏོ།། ་རེ་ཤིག་ན་པས་དེ་ལ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བྲམ་ཟེ་གཙང་སྦྲ་ཅན་གྱིས་ཇི་སྐད་ཐོས་པ་འདོན་པ་བྱེད་དུ་གཏད་པ་དང་། དེས་དེ་ལྟར་བགྱིའོ་ཞེས་པའི་ཚིག་མཉན་ནས་དེ་བཞིན་དུ་བྱས་སོ།། དེ་ནས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་འདི ་སྙམ་དུ་བདག་གི་རིགས་རྒྱུད་ནི་ཆེ། བདག་ནོར་རྒྱ་ཆེན་པོ་དང་ནི་ལྡན་པ་ཡིན་ཏེ། ཁྱིམ་འདི་ལྟ་བུར་རྒྱུ་མེད་པར་བུ་དག་ཉིངད་མཚམས་སྦྱོར་བ་མི་ལེན་ལ། བྲམ་ཟེ་རྣམས་ཀྱི་ལུགས་ནི་ལོ་བཞི་བཅུ་རྩ་བརྒྱད་དུ་ཚངས་པར་སྤྱོད་པ་ཡོངས་སུ ་བསླང་བར་བྱས་ཏེ། རྒས་པའི་གནས་སྐབས་ན་ཆུང་མ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ཡིན་ན། བདག་གིས་ནི་ཐོག་མ་ཉིད་ནས་བུ་བག་མ་བླང་བར་བྱའོ་སྙམ་དུ་བསམས་ནས། དེས་ནྱ་གྲོ་དྷ་སྐྱེས ་དེ་ལ་སྨྲས་པ། བུ་འཇིག་རྟེན་ན་འདི་ནི་ཆོས་ཉིད་ཡིན་པས་རིགས་རྒྱུད་ཀྱི་ཕྱིར་བག་མ་བླང་བར་བྱའོ།། དེས་སྨྲས་པ། ཡབ་བདག་ལ་མཆིས་བྲང་ཅིར་འཚལ་ཏེ། བདག་ནི་དཀའ་ཐུབ་ཀྱི་ནགས་སུ་གནས་པར་བགྱིའོ།། ཕ་དེས་དེ་ལ ་རིགས་རྒྱུད་གཏན་པར་བྱ་མོད་ཅེས་ཡང་ནས་ཡང་དུ་བདུན་པ་དང་། དེ་འདི་སྙམ་དུ་སེམས་ཏེ། འོ་ན་གང་གིས་ན་བདག་གིས་ཡབ་ཡུམ་གྱི་བཀའ་ཡང་མ་ཅག་པར་འགྱུར་བ་དང་། བདག་ཀྱང་བུད་མེད་དང་བསྡུས་པར ་མི་འབྱུ་པའི་ཐས་བིདྷཱ་ཤཱབ་ད་ལྟ་བས་མ་གནས་པ་ལ་སྨྲས་པ། རབ་བདགཔ་འདམ་ཐའི་ནི་བ་གསེ་ཤི་འ་རལ་ལ།། དེས་ང་བའི་མབ་བནས་འདི་ན་ཅེས་ཐས་སོ།། བ་ཀྱིས་འདི་པ་འངས་བུའི་ཆུ ་དྲི་སྙེད་དགོས་པ་དེ་རྙེད་བྱིན་ཅིག། དཀོར་བའི་མིས་འདི་སྐད་ཅེས་སྨྲས་སོ།། དེ་ལྟར་བགྱིའོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་སྐྱེས་ཀྱིས་པ་ལས་ཏོག་ཏུ་མགར་བ་ལེགས་པར་བསླབས་པོ་བོས་ནས་འཇམ་བུའི་ཆུ་བའི་གས ་གྱི་བྲང་མེད་ཀྱི་གཟུགས་བྱེད་དུ་བཅུག་ནས་དེས་དེ་པ་ལ་ཕུལ་ཏེ་སྨྲས་པ། ཡབ་འདི་ལྟ་བུའི་གཟུགས་དང་འདྲ་བའི་བུ་མ་ཞིག་གལ་ཏེ་རྙེད་ན་དེ་བདག་གི་མཆིས་ཟད་ལགས་ཀྱི་དེ་ལས་གཞན་པ་ནི་བདག་གི་མཆིས་ཟད་དུ་དགོས ་མ་མཆིས་སོ། ། དེ་འདི་སྙམ་དུ་སེམས་ཏེ། བརྟག་སན་བུ་འདིས་ནི་བདག་ཅག་ལམ་བསམས་པ་ལྟ་སྟེ། གསིང་ཐམལ་པའི་མདག་ཅན་གྱི་བྲམ་ཡང་ག་ལ་ཡོད་ན། འཇམ་བུའི་ཆུ་བོའི་གས་ལས་བྱས་པལྐ་རུས་སྨོས ་ས་མ་ན་སེམས་ཁངསས་ཅད་ཅིའི་འདུག་པ་དང་། བྲམ་ཟེའི་ཁྱེ་རྣམས་ཀྱིས་བཟང་ནས་དེ་རྣམས་ཀྱིས་དེའི་དྲུང་དང་། རྗེས་པ། མའན་པཔའི་སླད་ད་གྲགས་ཁེངསས་ཆུད་ཅི་ཇུགས། དེས་དེ་རྣམས ་ཨཱནྡྷ་དགམ་ཐ་པའི་ལྟུང་བ་ཤིན་དུ་ཆེར་ཥྚཱ་ནས་བདུགྶསན་ཐས་ནི་བདག་ལམ་ཐསམས་པས་ཏེ། ཤིག་གསེ་མམལ་པའི་བདུ་ཅན་གྱི་མོ་ཡང་བད། འཕྲུག་སེཾད་ན། གཅི་འདས་གྱུ ་པའི་གས་ལས་བྱས་པ་ག། ཟུགས་འདིས་བུག་སེཾས་ཀྱང་ཅིདགས་ཏེ། གསས་བྱུང་བར་འབྱུང། དེ་རྣམས་ཀྱིས་དེས་སྨྲས་པ། མཁན་པ་མི་དགྱེས་པར་མ་མེད་ཅིག། རི་འི་བུའི་རྗེས་བུ་འབྱུང་བ་མ་ནི་ད ་བ་ཁོ་ནའི་ཡོ་བྱད་ཕུན་སུམ་ཚོགས་པ་འབྱུང་བས་རེ་ཤིག་ཅིག་ནི་འདིས་བགྱི། གཟུགས་བརྙན་འདི་ལྟ་བུ་གཞན་གསུམ་ཞིག་བགྱིད་དུ་སྩོལ་ཅིག་དང་། བདག་ཅག་གིས་གང་གིས་ན་གདོན་མི་འཚལ་བར་བུ་མེ་རྙེད་པར་འགྱུར་བ་དེ་ལྟར ་ཕྱོགས་བཞི་དག་ཏུ་ཡོངས་སུ་བཙལ་བར་བགྱིའོ། ། དེས་སློབ་མ་རྣམས་ཀྱི་ཚིག་མཉན་ནས་གཟུགས་བརྙན་གསུམ་བྱེད་དུ་བཅུག་གོ།། བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་གཟུགས་བརྙན་བཞི་བླངས་ཏེ། གྲོང་དང་། གྲོང་རྡལ་དང་། རྒོང ་ཁྱེར་དང་། ལྡེངས་དག་ཏུ་རྒྱུ་བའི་ཕྱིར་རོལ་མོའི་ཆ་སྒྲའི་ཆ་བྱད་ཀྱི་བར་དང་ཆས་ནས་ཕྱོགས་ཕྱོགས་སུ་བརྒྱ་བརྒྱ་ཆས་པར་གྱུར་པ་དང་། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷཱས་དེ་རྣམས་ལ་བསྒོ་བ། ཁྱོད་ཀྱིས་རིགས་སམ། རུས་མི་དམལ ་བར་ཡ་བས་གཟུགས་བརྙན་འདི་འདྲ་བའི་གཟུགས་འབའ་ཤིག་སྒྲུབས་ཤིག། དེ་རྣམས་འདི་སྙམ་དུ་བདག་ཅག་གིས་ཁྱིམ་ནས་ཁྱིམ་ཀུན་ཏུ་རྒྱུ་བར་ག་ལ་ནུས་ཀྱིས་ཐབས་ཤིག་བསམ་པར་བྱའོ་སྙམ་མོ།། དེ་རྣམས་ཀྱིས་ཐབས་འཕྲིགས ་ནས་དེ་རྣམས་ཀྱིས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་གང་དུ་ཕྱིན་པ་དེར་ཞུགས་ནས་དབུས་སུ་གཟུགས་བརྙན་བཞག་སྟེ་སྤོས་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་དང་། རོལ་མོའི་སྒྲ་འབྱིན་པས་མཆོད་པ་དག་བྱེད་ཅིང་བུ་མོའི ་ལྷ་མོ་བྱིན་པ་འདི་ལ་བུ་མོ་དག་བཀུར་སྟི་བྱེད་ན། དེ་ལ་དམ་པ་ལྔ་པོ་རིགས་མཐོན་པོར་སྐྱེ་བ་དང་། རིགས་མཐོན་པོའི་བག་མར་ལེན་པར་འགྱུར་བ་དང་། ཁྱིམ་ཤིན་དུ་ཕུན་སུམ་ཚོགས་པར་འདུག་པ་དང་། ཁྱིམ་ཐབ་ཀྱང་དེའི་དབང་དུ་འགྱུར་བ་དང་། ་བུ་དང་ལྡན་པར་འགྱུར་བ་སྦྱིན་པར་བྱེད་དོ་ཞེས་ཚིག་དག་ཀྱང་སྨྲ་བར་བྱེད་དོ།། ཚིག་དེ་ཐོས་ནས་བུ་མོ་ལྕི་བའི་ཚོགས་རྒན་མོ་དང་། གནོན་ནུར་བཅས་པས་མཆོད་པ་དང་། བཀུར་སྟི་བྱེད་ཅིང་གསོལ་པ་འདེབས་པར་བྱེད་དོ།། རེ་ཤིག་ན་ཤར་དང་། ་དང་། བྱང་གི་ཕྱོགས་རྣམས་སུ་དོང་པ་དེ་དག་བསམ་པ་མ་གྲུབ་པར་ལྷགས་སོ།། དེ་དག་མཐོང་ནས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ནྱ་གྲོ་དྷ་ནི་སེམས་ཁོངས་སུ་ཆུད་ཅིང་འདུག་གོ།། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ནི་མགུ་ཞིང་དགའ་ལ་ཡིད་རབ ་དགའ་སྟེ། འདི་སྐད་དུ་གལ་ཏེ་མ་རྙེད་ན་ལེགས་སོ་ཞེས་སྨྲས་སོ།། བྲམ་ཟེའི་ཁྱེའུ་གང་དག་བུ་མོའི་ལྷ་མོ་ཐོགས་ཏེ་ནུབ་ཕྱོགས་སུ་དོད་བདེ་རྣམས་ནི་མཐར་གྱིས་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི། ་ཕོ་བྲང་དུ་རྒྱུ་ཞིང་ཀ་བི་ལའི་ལྗོངས་ན་གྲོང་ཁྱེར་ཀ་བི་ལ་ཞེས་བྱ་བ་དེར་ཕྱིན་ནོ།། དེ་ན་ཡང་བྲམ་ཟེ་སེར་སྐྱ་ཞེས་བྱ་བ་ཕྱུག་པ། ནོར་མ་དབ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། ་རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ།། དུས་གཞན་ཞིག་ན་དེའི་ཆུང་མ་དེ་ལ་སེམས་ཅན་ཞིག ་ཞུགས་པར་གྱུར་ཏོ། ། ཇི་ཙམ་ན་ཟླ་བརྒྱད་དམ། དགུ་འདས་ཏེ་བཙས་པ་ལས། བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཞིག་སྐྱེས་ནས་དེའི་ཉེ་རུ་རྣམས་ཚོགས་ཤིང་འདུས་ཏེ་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་སྦྱིན་པ། ་དག་ནི་བྱིན། བསོད་ནམས་དག་ནི་བྱས་ནས་མིང་འདོགས་པར་བྱེད་དོ།། ཡུལ་དབུས་ན་ཡང་ལུས་ཀྱིས་གང་གཟུགས་བཟང་བ་དེ་ལ་བཟང་མོ་ཞེས་ཟེར་བས་འདི་སྐད་དུ་བུ་མོ་འདི་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཡིན་ལ ་འདིའི་ཕ་ཡང་སེར་སྐྱ་ཞེས་བྱ་བ་ཡིན་པས་བུ་མོ་འདི་ཡང་སེར་སྐྱའི་བུ་མོ་བཟང་མོ་ཞེས་བྱ་བར་གདགས་སོ་ཞེས་མིད་བཏགས་སོ། ། དེ་ནས་སེར་སྐྱའི་བུ་མོ་བཟང་མོ་མ་མ་བརྒྱད་ལ་རྗེས་སུ་གཏད་དེ། བརྒྱད་པོ་གང་ཞེ་ན། བ་དན ་འཚོ་བའི་མ་དང་། ནུམ་སྣུན་པའི་མམ་ག་ཉི་དང། དྲིས་འབྲི་བའི་མམག་ཉིད། རྐྱེན་འགྲགས་རྣམས་གཉིས་དང་། ལྕགས་ཀྱི་མད་འ་ཐོགས་ཤིང་མ་བྱའི་མདོངོས་མང་པོའི་བསུང་ཁུག་བཅང་པ་ནས། འོ་མ་དང་། ཞད། ་མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིད་པར་བྱེད། སྐྱེད་པར་བྱེད་དོ།། དེ་ཡང་རྫིང་ན་གནས་པའི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏེ། ཇི་ཙམ་ན་ཆེན་མོར་གྱུར ་དེ་རྣམས་སྲང་གི་དབུས་སུ་བྱིན་ནས་གཟུགས་བརྙན་བཞག་སྟེ། ། སྤོས་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་དང་། རོལ་མོའི་སྒྲ་འབྱིན་པས་མཆོད་པ་དག་བྱེད་ཅིང་། བུ་མོའི་ལྷ་མོ་བྱིན་པ་འདི་ལ་བུ་མོ་དག་བཀུར་མི་བྱེད་ན། དེ་ལ་དམ། ་བལྔ་པོ་རིགས་མཐོན་པར་སྐྱེ་བ་དང་། རིགས་མཐན་པོའི་བག་མར་ལེན་པར་འགྱུར་བ་དང་། ཁཱིས་ཤིན་དུ་ཕུན་སུམ་ཚོགས་པར་འདུག་པ་དང་། ཁྱིམ་ཐབ་ཀྱང་དེའི་དབང་དུ་འགྱུར་བ་དང་། བུ་དང་ཡང་ལྡན་པར་འགྱུར་བ་སྦྱིན་པར་བྱེད་དོ་ཞེས ་ཚིག་དག་ཀྱང་སྨྲ་བར་བྱེད་དོ། ། དེ་ནས་གྲོང་ཁྱེར་ཀ་བི་ལན་འཁོད་པའི་གཞོན་ནུ་མ་རྣམས་བུ་མོའི་ལྷ་མོའི་དྲུང་དུ་དོང་སྟེ། མཆོད་པ་དག་བྱེད་ཅིང་གསོལ་པ་དག་འདེབས་པར་བྱེད་དོ།། དེ་ནས་བྲམ་ཟེ་སེར་སྐྱའི་ཆུང་མས་བུ་མོའི་ལྷ་མོ་དེ་ལྟ ་བུ་འོངས་ཏེ་དམ་པ་ལྔ་སྦྱིན་པར་བྱེད་དོ་ཞེས་ཐོས་སོ། ། དེས་གཏམ་དེ་ཐོས་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་སོང་ལ་ཁྱོད་ཀྱང་བུ་མོའི་ལྷ་མོ་ལ་མཆོད་པ་བྱོས་ཤིག། དེས་སྨྲས་པ། བུ་མོའི་ལྷ་མོ ་མཆོད་པས་དེ་ལས་ཅིར་འགྱུར། དེས་སྨྲས་པ། གསོལ་བ་བཏབ་ན་དམ་པ་ལྔ་སྦྱིན་པར་བྱེད་དེ། ལྔ་གང་ཞེ་ན། རིགས་མཐོན་པོར་སྐྱེ་བ་དང་། རིགས་མཐོན་པོའི་བག་མར་ལེན་པར་འགྱུར་བ་དང་། ཁྱིམ་ཤིན་དུ་ཕུན་སུམ་ཚོགས་པར་འདུག། ་པ་དང་། ཁྱིམ་ཐབ་ཀྱང་དེའི་དབང་དུ་འགྱུར་བ་དང་། བུ་དང་ཡང་ལྡན་པར་འགྱུར་རོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོས་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཡུམ་བདག་ནི་རིགས་མཐོན་པོར་སྐྱེས་ཤིང་གཟུགས་བཟང་བ་དང་། བལྟ ་ན་སྡུག་པའི་བར་དུ་གྱུར་ཀྱང་འདོད་པ་རྣམས་ནི་བདག་དོན་དུ་མི་གཉེར་ན་བདག་ལ་དམ་པ་ཅི་ཞིག་འཚལ། དེ་ལ་མས་ཡང་དང་ཡང་བསྐུལ་བ་དང་། དེ་ནས་སེར་སྐྱའི་བུ་མོ་བཟང་མོས་མའི་སེམས་བསྲུང་བའི་ཕྱིར་མེ་ཏོག་དང་། སྤོས་དང་། ཕྱེ་མ ་དད་། གོས་ལ་སོགས་པ་ཁྱེར་ཏེ་བུ་མོའི་ལྷ་མོ་ག་ལ་བ་དེར་སོང་ངོ་།། ཇི་ལྟ་ཇི་ལྟར་གཟུགས་བརྙན་དེ་དང་ཉེ་བར་ཕྲད་དུ་བྱེད་པ་དེ་ལྟ་དེ་ལྟར་གཟུགས་བརྙན་དེ་རྡོ་སྔོ་རྡོ་སྔོར་གྱུར་ཏོ།། དེ་དང་ཉེ་བར་ཕྲད་པ་དང་། བུ་མོའི་ལྷ་མོ་དེ་ལྕགས ་ལས་བྱས་པ་འདྲ་བར་གྱུར་ཏོ། ། བྲམ་ཟེའི་ཁྱེའུ་དེ་རྣམས་འདི་སྙམ་དུ་ཚོ་འཕྲུལ་བྱུང་བར་གྱུར་པ་འདི་ཅི་ཞི་ག་ན། འདི་སུའི་མཐུ་ཡིན་སྙམ་དུ་བསམས་པ་ལས། དེ་རྣམས་ཀྱིས་སྡང་བ་འདི་ལྟ་བུ་འདི་ནི་བུ་མོ ་འ་ད། སྙམ་དུ་འཕྲིགས་ནས་དེ་རྣམས་ཀྱིས་བུ་མོ་ལ་དྲིས་པ། ཁྱོད་སྲིའི་བུ་མོ་ཡིན། དེས་སྨྲས་པ། བྲམ་ཐོ་ས། བྷའི་བུ་མོ་བཟང་མོའོ།། དེ་ནས་བྲམ་ཟེའི་ཁྱེའུ་རྣམས་ཀྱིས་བུ་མོ་དེ་ལས་ཐོས་ནས་ཐམ་ཟེ་སེ་བུའི་ལྷ་མི་གལ ་དེ་དོང་སྟེ། བྱིན་ནས་ཁྱིམ་གྱི་སྒོ་དྲུང་དུ་འཁོད་དེ་སྨྲས་པ། ཤེས་ལྡན་སློངས་མོ་བྱིན་ཅིག། བྲམ་ཟེ་སར་སྐྱས་སློངས་མོ་ཞེས་ཐོས་པས་བྲམ་ཟེའི་ཁྱེའུ་སློངས་མོ་དོན་དུ་གཉེར་བ་ཡིན་སྙམ་སྟེ། ནད་མི་ལ་བསྒོ་བ་བྲམ་ཟེའི་ཁྱེའུ་རྣམས ་ལ་ཤིང་མ་ལུ་ཏའི་མེ་ཏོག་གི་མདོག་འདྲ་བའི་ཕྱི་དང་། མར་དང་། བུ་རམ་དང་། དབུན་འབྲུམ་དང་། བལ་པོ་སེའུ་དང་། ཏིན་ཏི་ལི་ཀ་བྱིན་ཅིག། ཡུལ་དབུས་ན་ཡང་ལུགས་ཀྱིས་བུ་མོ་རྣམས་ཀྱིས་པའི་ཁྱིམ་ནས་སློངས་མོ་སྦྱིན་པར་བྱེད་དོ།། ་དེ་ཅིའི་ཕྱིར་ཞེ་ན། པའི་ཁྱིམ་ནས་སློངས་མོ་བྱིན་པས་སྙིང་པོ་བླང་བ་བླངས་པར་འགྱུར་རོ།། དེ་ནས་གསེར་སྐྱའི་བུ་མོ་བཟང་མོས་སློངས་མོ་ཁྱེར་ཏེ་བྲམ་ཟེའི་ཁྱེའུ་སྡོངས་མོ་བ་རྣམས་ག་ལ་བ་དེར་སོང་སྟེ་བྱིན་ནས་སློངས་མོ་དེ་བྱིན་པ་དང ་ཟམ་ཟེའི་ཁྱེའུ་དེ་རྣམས་སློངས་མོ་ལེན་པར་མི་བྱེད་དོ། ། ཇི་ཙམ་ན་བྲམ་ཟེ་སེར་སྐྱས་ཐོས་སོ།། དེ་ནས་བྲམ་ཟེ་སེར་སྐྱས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཅི་འདོད་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ་བུ་མོའི་སློངས་མོ་བདག་ལ་དགོས་ཀྱི། ཕྱིའི་སློངས་མོ་ནི་མ་ཡིན་ནོ།། དེ་ནས་བྲམ་ཟེ་སེར་སྐྱ་ཁྲོས་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ངས་ཁྱེད་ལ་བུ་མོའི་སློངས་མོ་མི་སྦྱིན་ནོ།། དེ་དག་གིས་འདི ་སྐད་ཅེས་སྨྲས་སོ། ། བདག་ཅག་ནི་རང་གི་དོན་དུ་བུ་མོའི་སློངས་མོ་མི་ཚེལ་ལ།། དེ་ནམ་བྲམ་ཟེ་སེར་སྐྱས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེའི་ཁྱེའུ་དག་ཁོ་བོས་ནི་དོན་དེ་བརྡ་མ་ཕྲད་དོ།། ་དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་བྲམ་ཟེ་སེར་སྦྲུལ་འདི་སྐད་ཅེས་སྨྲས་སོ།། ཤེས་ལྡན་དག་ཅི་ཡུལ་མ་ག་དྷཱན་གྲོང་ཁྱེར་ཤིང་ནྱ་གྲོ་དྷཱ་ཅན་ཞེས་བྱ་བ་དེ་ན་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བ་ནྱ་གྲོ་དྷཱ་ཞེས་བྱ་བ་ཐུག་པ། ནོར་མང ་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་ལ། དེ་ལ་བྲན་གྲོང་བཅུ་དྲུག་དང་། ལས་ཀྱི་མཐའ་བའི་གྲོང་སུམ་བཅུ་དང་། སྐྱེད ་སྐུར་བའི་གྲོང་དྲུག་བཅུ་དང་། རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་དང་། གསེར་བྱེ་བ་དྲུག་བཅུ་དང་། གང་དག་གིས་རྒྱལ་པོ་པད་མ་ཆེན་པོ་ཐུབ་པའི་གསེར་གྱི་ནས་སྦྱང་བརྒྱད་བཅུ་བདོག་པ་ཞེས་བྱ་བའི་བང་ནས་དེ་ལ་བུ་ནྱ་གྲོ་དྷ་སྐྱེས་ཞེས་བྱ ་བ་གཟུགས་བཟད་པ། བལྟ་ན་སྡུག་པ། མཛེས་པ། བྲམ་ཟེའི་ལས་དྲུག་ལ་མཁས་པ། རིག་བྱེད་དང་། རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་དུ་སོན་པ། རིག་པའི་གནས་བཅཝ་བརྒྱད་པོ་ཐམས་ཅད་ལ་ཤིན་དུ་བློ་རྣོ་བ་ཡོད་པར་ཐོས་སམ། བདག་ཅག ་ནི་དེའི་ཆེད་དུ་བུ་མོའི་སློངས་མོ་སློང་དོ། ། དེ་ནས་བྲམ་ཟེ་སེར་སྐྱས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་བོས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་དེ་རིགས་དང་། ཚུལ་ཁྲིམས་དང་། གཙང་སྦྲ་དང་། ཀུན་དུ་སྤྱོད་པ་ཅི་འདྲ་བ། ་དང་ལྡན་པ་དེའི་ཡོན་ཏན་རྒྱ་ཆེར་ཐོས་ན། འོན་ཀྱང་ཡུལ་ཐག་རིང་པོ་ན་འདུག་པས་ཇི་ལྟར་དེ་དང་ལྷན་ཅིག་གཉེན་བྱ། དེ་དག་གིས་ཤེས་ལྡན། མེ་གང་ཡིན་དང་རླུང་གང་ཡིན། ཁྲག་དང་ཕྲད་པའི་དུག་དང་ནི། བྲམ་ཟེ་ངེས་པར་བྱས་པ་ད།། ་རྟ་གང་ཡིན་པ་དེ་མི་ཐོགས།། ཞེས་བྱ་བའི་བར་དག་སྔོན་མ་ཐོས་སམ། བྲམ་ཟེ་དེ་ཡང་ཤིན་དུ་ཕྱུག་ཆེན་ཡིན་ལ། ཁྱོད་ཀྱང་དེ་ཁོ་ན་དང་འདྲ་བར་ཕྱུག་ཅིང་ནོར་ཆེ་བ་ཡིན་ཏེ། གང་གིས་དེ་དག་འགྲོ་བ་དང་འོང་བར་འགྱུར་བའི་བཞོན ་བ་དང་མི་དག་ཀྱང་ཡོད་ལ། གཞན་ཡང་རིང་པོ་ན་འདུག་པ་ཁོ་ན་དང་བཤེས་གཉེན་བྱ་བ་དེ་ནི་བཏན་པ་ཡིན་ནོ།། གང་གི་ཚེ་བྲམ་ཟེའི་ཁྱེའུ་དེ་དག་གིས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་སེར་སྐྱ་ལ་སྙིང་སྡུད་པར་བྱེད་པའི ་ཚིག་དག་གིས་གོ་བར་བྱ་བ་དང་། དེའི་ཚེ་ངས་ཁྲུས་ཀྱི་ཡོ་བྱད་འདི་ལྟ་སྟེ། ཞུས་རས་དང་། སེ་པག་དང་། ཕྱེ་མ་དང་། འབྲུ་མར་དང་། སོ་མངས་ལ་སོགས་པ་དག་བྱིན་ནོ།། དེ་ནས་བྲམ་ཟེའི་ཁྱེའུ་དེ ་རྣམས་ཁྲུས་ཀྱི་ཡོ་བྱད་དེ་དག་བླངས་ནས་གྲོང་ཁྱེར་ཀ་བི་ལའི་ཕྱི་རོལ་དུ་བྱེད་། དག་ཏུ་ཁྲུས་བྱ་བའི་ཕྱིར་དོང་ངོ་།། དེ་ནས་བྲམ་ཟེ་སེར་སྐྱ་འོད་སྙམ་དུ་སེམས་ཏེ། ཇི་སྲིད་དུ་བྲམ་ཟེའི་ཁྱེའུ་རྣམས་ལྟེང་ཀར་ཁྲུས་ཀྱི་ཕྱིར་དོང་བདེ ་སྲིད་དུ་བདག་ཀྱང་བཤེས་གཉེན་དང་། ཉེ་དུ་དང་། རྩ་ལག་རྣམས་དང་ལྷན་ཅིག་གྲོས་བྱའོ་སྙམ་དུ་བསམས་ནས། བྲམ་ཟེ་སེར་སྐྱ་ཁྱིམ་གྱི་ནང་དུ་ཞུགས་ཏེ་ཆུང་མ་དང་། ཉེ་དུའི་ཚོགས་དང་ལྷན་ཅིག་འདྲག་ནས་དེས་དེ་རྣམས་ལ ་དོན་དེ་སྨྲས་པ་དང་། དེ་རྣམས་ཀྱིས་སྨྲས་པ། བྲམ་ཟེ་དེ་ཤིང་ས་ལ་ཆེན་པོ་ལྟ་བུ་ཞིག་ཡིན་པས་གལ་ཏེ་མི་འདོད་ན་ཡང་དེའི་ཕྱིར་བདག་ཅག་གིས་ཤིན་ཏུ་འབད་དེ་དེ་ལ་བུ་མོ་སྦྱིན་པར་བྱ་བ་ཡིན་ན། གང་གི་ཕྱིར་དེ་རང་ཉིད་དོན་དུ ་གཉེར་ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། མི་བཀྱིག་པར་སྦྱིན་པར་བྱའོ།། དེ་དང་བདག་ཅག་ཏུ་གཉེན་བྱ་བ་ནི་ཐབ་ཟླ་ར་བབ་ཅིང་རུང་བ་ཡིན་ལ་བུ་མོ་ཡང་བདེ་བར་འགྱུར་རོ།། དེ་ནས་ཕྱིས་པ་མ་དེ་གཉིས་བུ་མོ་དེ་ཁྲུས་བྱས་ཏེ་གོས་དཀར ་པོ་དག་བསྐོན་ནས་དགེ་མཚན་དང་། བཀྲ་ཤིས་དག་བྱས་ཤིང་བྲམ་ཟེ་རྣམས་ཀྱིས་དག་བྱེད་དུ་འགྱུར་བ་དག་བླགས་ཏེ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ལ་ཆུང་མ་བྱ་བའི་ཕྱིར་བྱིན་ནོ།། དེའི་འོག་ཏུ་བུ་མོ་དེའི་ཕ་མ་གཉིས་ལ་བྲམ་ཟེའི་ཁྱེའུ ་དེ་རྣམས་ཀྱིས་ཟླ་བ་དང་། ཉི་མ་དང་། རྒྱུ་སྐར་དང་། ཡུད་ཙམ་དག་བརྩེས་ཏེ་སྨྲས་པ། ཟླ་བ་ཆེ་གི་མོ་ཞིག་དང་། ཉི་མ་དང་། རྒྱུ་སྐར་དང་། ཡུད་ཙམ་ཆེ་གེ་མོ་ཞིག་ན་ཁྱེའུ་དང་ཉེ་བར་གནས་པར་འགྱུར་རོ།། དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་བདག ་པ་ཡོངས་སུ་རྫོགས་ནས་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་བས་གྲོང་ཁྱེར་ནྱ་གྲོ་དྷཱཿན་གལ་བ་དེར་ཆས་ནས་མཐར་གྱིས་གྲོང་ཁྱེར་ནྱ་གྲོ་དྷཅན་དུ་བྱིན་ཏོ། ། དེ་རྣམས་ཐག་རིང་པོན་འདུག་པ་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་མཐོང་ངོ་།། མཐོང་ནས་ཀྱང ་འདི་སྙམ་དུ་ཇི་ལྟར་བྲམ་ཟེའི་ཁྱེའུ་དེ་རྣམས་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་སྟེ་ལྷགས་པ་ལས་ན་གོར་མ་ཆག་པར་ཇི་ལྟར་བདག་གིས་བསམས་པ་བཞིན་རྙེད་དོ་སྙམ་དུ་སེམས་སོ། ། དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ས ་བཅུ་གྲོ་དྲུག་ལ་བ་དེར་དོང་སྟེ་ཕྱིན་ནས་བྲམ་ཟེ་ནྱ་གྲོ་དྷ་ལ་ཕྱག་བྱས་ནས་འཁོད་དོ། ། དེས་ཀྱང་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་སོ་སོར་ཀུན་དགའ་བར་བྱས་སོ།། སོ་སོར་ཀུན་དགའ་བར་བྱས་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ་ཀྱེ་བྲམ་ཟེའི་ཁྱེའུ་རྣམས་ཅི་བདག་ཅག་གིས་ཇི་ལྟར་བསམས་པ་དང་། ཡིད་ལ་རེ་བ་བཞིན་ཡོངས་སུ་རྫོགས་སམ། དེ་རྣམས་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་བས་མཁན་པོ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་མཁན་པོ་དགྱེས་པ་བསྐྱེད་དུ་གསོལ། ་མཁན་པོས་ཇི་ལྟར་དགོངས་པ་དེ་བས་ཆེས་ཁྱད་པར་དུ་འཕགས་པ་ཞིག་རྙེད་དོ།། དེས་འདི་སྐད་ཅེས་སྨྲས་སོ།། དཔེར་ཇི་ལྟ་བུ་ཞིག། མཁན་པོས་རིགས་དང་། རུས་དང་རྒྱུད་ཀྱིས་ནི་བུ་མོ་མི་བརྟག་གི། འོན་ཀྱང་གཟུགས་བཟང་བ་ཁོ་ན་བརྟག་པར ་བྱའོ་ཞེས་མ་གསུངས་སམ། བདག་ཅག་གིས་གཟུགས་བཟང་བ་དང་། རིགས་དང་། རུས་དང་། ད་དང་། ནོར་དང་ལྡན་པ་རྙེད་དོ།། དཔེར་ཇི་ལྟ་བུ་ཞིག་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་དྲིས་པ་རྣམས་ཐམས་ཅད་རྒྱ་ཆེར་བསྙད་དེ། ཟླ་བ་དང་། ཉི་མ་དང་རྨྱ ་སྐར་དང་། ཡུད་ཙམ་ཡང་བརྗོད་དེ། མཁན་པོ་བདག་ཅགགིས་དེ་ལྟར་ངེས་པར་བགྱིས་ནས་མཆིས་ཀྱིས་མཁན་པོ་དེ་དེའི་དུས་ལ་བབ་པར་མཁྱེན་པར་མཛོད་ཅིག། དེ་ནས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་ལོ་རྒྱས་དེ་དག་ཐོས་ནས་མགུ་ཞིང ་དགའ་ལ་ཡིད་རབ་ཏུ་དགའ་སྟེ། བྲམ་ཟེའི་ཁྱེའུ་དེ་རྣམས་བཟའ་བ་དང་། བཅའ་བ་དང་། སྐོམ་དང་། གོས་དང་། བགོ་བ་དང་། རྒྱན་གྱི་ཁྱད་པར་སྣ་ཚོགས་ཀྱིས་མཆོད་དོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷཱ་སྐྱེས་ཀྱིས་བུ་མོ་དེ་གཟུགས་དང་ཁ་དོག ་རྒྱས་པར་དེ་ལྟ་བུ་དེ་ཐོས་ནས་ཡིད་ཆད་པར་གྱུར་ཏེ། གཟུགས་དེ་འདྲ་བར་སྡུག་པར་ཐོས་པ་ལས་ན་གོར་མ་ཆག་པར་དེ་འདོད་ཆགས་ཤས་ཆེ་བ་ཡིན་གྱིས་མལ་བདག་སོང་སྟེ་ཆེས་སྔར་བརྟག་པར་བྱའོ་སྙམ་རུ་བསམས་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷཱ ་སྐྱེས་ཀྱིས་ཕམ་ལ་འདི་སྐད་ཅེས་སྨྲས་སོ། ། ཡབ་ཡུམ་ཆེས་སྔར་འཇུག་ངོགས་སུ་ཉེ་རེག་བགྱིའོ།། སླད་ཀྱིས་བག་མ་བླང་ངོ་།། དེ་ལ་དེ་གཉིས་སྣང་ངོ་།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་ཟོ་དྷ་སྐྱེས་བྲམ་ཟེའི་ཁྱེའུ་གཅིག་ཅིག་དང་ལྡན ་དྲ་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ནས་བྱུང་སྟེ། གྲོང་ཁྱེར་ཀ་པི་ལ་གལ་བ་དེར་ཆས་ནས་མཐར་གྱིས་གྲོང་དང་གྲོད་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་ཟང་དུ་རྨྱ་ཞིང་སྲིང་ཁྱེ་རཀ་བཱི་ལ་བྱིན་ནོ།། དེ་ནས་བྲམ་ཟེའི་ཁྱེའུ་ན་གྲོ་དྷཱ་སྐྱེས་ལམ་གྱི་དྲུབ་པདང། ་བསོས་ཏེ་ལོ་མའི་བུར་མ་ཐོགས་ནས་གྲོང་ཁྱེར་ཀ་བི་ལང་སློངས་མོའི་ཕྱིར་ཞུགས་སོ།། དེ་ཁྱིམ་ནས་ཁྱིམ་དུ་སློངས་མོ་ལ་རྒྱུ་ཞིང་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་སེར་སྐྱའི་ཁྱིམ་གྱི་སྒོར་བྱིན་ཏོ།། དེ་ནས་སེར་སྐྱའི་བུ་མོ་བཟོང་མོ་སློངས་མོ་ཐོགས ་ནས་བྱུང་བ་དང་། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་མཐོང་ངོ་།། མཐོང་ནས་ཀྱང་དེ་འདི་སྙམ་དུ་བུ་མོ་དེ་ནི་འདི་ཡིན་ནོ་སྙམ་དུ་བསམས་སོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོདྷ་ཀྱིས་ཀྱིས་བུ་མོ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་སུའི་བུ་མོ་ཡིན། དེས ་འདི་སྐད་ཅེས་སྨྲས་སོ། ། སེར་སྐྱའི་ཡིན་ནོ།། ཁྱོད་གཞན་ལ་བྱིན་ནམ། དེས་འདི་སྐད་ཅེས་སྨྲས་སོ།། བདག་གིས་གྲོང་ཁྱེར་ནྱ་གྲོ་དྷཱ་ཙན་ན་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཞེས་བྱ་བ་གནས་པ་དེའི་བུ་ནྱ་གྲོ་དྷཱ་སྐྱེས་ཤེས་བྱ་བ་དེ ་ལ་བདག་ཕ་མ་གཉིས་ཀྱིས་བྱིན་པར་ཐོས་སོ། ། དེས་དེ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་ཁྱོད་ལ་ཁྱིམ་ཐབ་དེ་འདྲ་བ་ཅིར་དགོས། གང་ལ་དེ་ཁྱིམ་ཟབ་དུ་གྱུར་པ་དེ་ནི་ཁྱིམ་ཐིབ་མེད་པ་ཉིད་དུ་ཤེས་པར་གྱིས་ཤིག། དཔེར་ཇི་ལྟ ་བུ་ཞིག། དེས་འདི་སྐད་ཅེས་སྨྲས་སོ།། དེ་ནི་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ཡིན་ན་ཁྱིམ་ཐབ་དེ་ལྟ་བུ་དེས་ཅི་ཞིག་བྱ། རྗེའི་སྲས་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་བདག་དབུགས་ཀུན་དུ་བྱུང་ངོ་།། ཁྱོད་ཀྱིས་ནི་བདག ་ལ་བདུད་རྩི་ཁོ་ནས་དབང་བསྐུར་རོ་སྙམ་སེམས་སོ། ། དེས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་བྲམ་ཟེའི་ཁྱེའུ་བདག་ཀྱང་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ཡིན་ནོ།། འདི་སྐད་ཅེས་ཀྱང་སྨྲས་སོ།། ཕྲུག་པོ་དང་ནི་དབུལ ་པོ་ལ། ། འདྲ་བར་མཐོང་བདེ་བ་འདི།། སྙིང་དང་འཐུན་པའི་བྱུག་པ་སྟེ།། ཙན་དན་བུ་ཤི་ལ་ཙི་དག་མིན།། འོན་ཀྱང་བདག་ལ་དབང་མེད་དེ་ཕ་མ་གཉིས་ཀྱིས་བདག་ཁྱིམ་ཐབ་ལ་བྱིན་ན་ཇི་ལྟར་བྱ། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས ་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། ། བཟང་མོ་བརྟན་དང་སྤངས་ཀྱིས་ཤིག། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་དེ་ཁོ་བོ་ཡིན་ནོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོས་བྲམ་ཟེའི་ཁྱེའུ་དེ་ལས་ཚིག་དེ་ཐོས་ནས་རྒྱས་པར་ཆེས ་དབུགས་ཀུན་དུ་བྱུང་བར་གྱུར་ཏེ། ནྱཱ་གྲྀངྒ་ས་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེའི་ཁྱེའུ་བཞུད་ལ་དམ་བཅས་པ་བརྟན་པར་གྱིས་ཤིག། དམ་པ་རྣམས་ནི་དམ་བཅས་པ་བརྟན་པ་ལགས་སོ།། དེ་ནས་བྲམ་ཟེའི་ཁྱེ་ན ་དྷཱསྐྱེས་ཀྱིས་སེར་མྦྷའི་བུ་མོ་བཟང་མོ་དང་ལྷན་ཅིག་གྲོས་བྱས་ནས་ཡང་སླར། གྲོང་ཁྱེར་ནྱ་གྲོ་དྷ་ཙན་དུ་ཕྱིན་ཏོ།། དེ་ནས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ས་ཁྱིམ་པ་རྣམས་ཀྱི་ཁྱིམ་པའི་ཆོས་ཇི་ལྟ་བུ་ཡིན་པ་དེ་བྱས་ཏེ། བྲམ ་ཟེའི་ཁྱེའུ་ནྱ་གྲོ་དྷཱ་སྦྱིས་ཆུང་མ་བླངས་སོ། ། གང་གི་ཚེ་གྲོང་ཁྱེར་ནྱ་གྲོ་དྷ་ཅན་དུ་བཟང་མོ་བླངས་པ་དེའི་ཚེ་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་པ་མ་གཉིས་ཀྱིས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་དང་། སེར་སྐྱའི་བུ་མོ་བཟང་མོ་གནས་གཅིག ་དུ་བཀོད་དོ། ། དེ་གཉིས་ཀྱི་ཆེད་དུ་མ་ལ་གཉིས་བཅས་སོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་སྔོན་དམ་བཅས་པ་དྲན་པར་བྱོས་ཤིག། སེར་སྐྱའི་བུ་མོ་བཟང་མོས་ཀྱང ་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷཱ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། ། རྗེའི་སྲས་ཁྱོད་ཀྱང་དགོངས་ཤིག་ཅེས་གཅིག་གིས་གཅིག་བསྐུལ་ཏེ་མ་དང་བུ་གཉིས་ཇི་ལྟ་བ་བཞིན་དུ་འཁོད་དོ།། དེ་ནས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཆུང་མ་དང་བཅས་པས་དེ ་གཉིས་ཀྱི་རིམ་གྲོ་མ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཆུང་མ་དང་ལྷན་ཅིག་ཇི་ལྟར་འདུག། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། མ་དང་བུ་ལྷན་ཅིག་པ་འམ། བུ་དང་མ་ལྷན་ཅིག་པ་བཞིན་ནོ།། འདི་སྐད་ཅེས་ཐོས་ནས་ཀྱང་བྲམ་ཟེ ་གདས་ལ་ཅན་པོ་བན་ཟོ་དྷ་རྨྱངམ་ལྡན་ཅིག་འདི་ག་ཅེས་སྨྲས་སོ། ། བདག་ཅག་ཁནའ་ཉེས་པ་ཡིན་ཏེ། དེ་གཉིས་གྱེན་མ་ཡིན་ནོ།། གང་གི་བྱར་བདག་ཅག་གིས་གཉིས་ཀྱི་ཆེ་དུ་ལ་གཉིས་བཅས་པས་སོ་སྙམ་པ་དང་། ་ནམ་ས་པ་དང་ཐེན་ག་། ནས་ཐམ་ཟེའི་ཁྱེ་ཅུ་ཐཾན་སྡེས་འདི་མས་བྱས་པས་གཉེས་ཀྱིས་པདག་ཅག་འ་དམ་པ་ས་ཡིན་པའི་ང་བ་མ་བལྡན་པ་འ་སས་སུམ་དུས་པ། ཡ་རྣམ་སངསས ་ཐམ་པའི་ཁྱེ་ཅན་དྷཱ་སྐྱེས་ཀྱི་ཕ་མའི་དགོངས་པ་ཡོད་དུ་ཆུད་ནས་བྲམ་ཟེའི་ཁྱེ་ནྱ་ཀྲོ་དྷཱ་ས་ལ་འདི་གད་རྗེས་སྨྲས་སོ། ། རྗེའི་སྲས་ཁྱོད་དང་བདགྲག་ཆེད་དུ་སྟོར་བ་འདི་ལྟར་།། འོན་ཀྱང་སྔོན་གྱི་དམ་མས་པ་གྲོང་པ་གྀ། དེས་སྨྲས་པ། ་སྙིང་ལས་ཆུང་ངུར་གྱིས་ལ་བག་མཚ་ཤིག། དེ་ན་ནམ་གྱི་ཆ་སྟོད་ལ་ནི་སེར་སྐྱའི་བུ་མོ་བཟང་མོ་མལ་དུ་ཉལ་ལོ།། ནྱ་གྲོ་དྷ་སྱེས་ནི་ཁྲིའུ་ལ་གནས་ཤིང་འདུག། ནམ་གྱི་གུང་ཐུན་ལ་ནི་ནྱ་གྲོ་དྷ་སྱེས་ཉལ་ལོ།། བཟང་མོ་ནི་གནས་ཤིང་འདྲག་གོ། ་ནམ་གྱི་ཆ་སྨད་ལ་ནི་ཡང་བཟང་མོ་ཉལ་ལོ།། ནྱ་གྲོ་དྷཱ་སྐྱེས་ནི་ཁྲིའུ་ལ་འདུག་ཅིང་མི་ཉལ་ལོ།། དེ་བཞིན་དུ་ཁྲིའུའི་བར་ཡང་ཕྱུང་བ་དང་ཡང་སེར་སྐྱའི་བུ་མོ་བཟང་མོས་ནྱ་གྲོ་དྷཱ་སྐྱེས་ལ་སྨྲས་པ། རྗེའི་སྲས་འོ་སྐོལ་གྱི་ཆེད་དུ་སྦྱོར་བ་འདི་བརྩམས ་ཀྱིས་སྔོན་གྱིདམ་བཅས་པ་དགོངས་ཤིག། དེས་སྨྲས་པ། རྟོག་པ་མེད་པ་དང་། དོགས་པ་མེད་པར་གྱིས་ལ་ཁྱོད་ཀྱང་སྔོན་གྱི་དམ་བཅས་པ་དྲན་པར་གྱིས་ཤིག། དེ་ནས་བཟང་མ་ནི་ནས་གྱི་ཚེ་སྟོད་ལ་ཉལ་ལོ།། ན་གྲོ་དྷ་སྐྱེས་ནི་འཆག་གོ། ནམ་ཀྱི ་གུང་ཐུན་ལ་ནི་ནྱ་གྲོ་དྷ་སྐྱེས་ཉལ་ལོ། ། སེར་སྐྱའི་བུམ་བཟང་མོ་འཆག་གོ།། ཡང་ནམ་གྱི་ཆ་སྨད་ལ་ནི་བཟང་མོ་ཉལ་ལོ།། ནྱཱ་གྲོ་དྷཱ་སྐྱེས་ནི་འཆག་སྟེ། དེ་དག་ཚུལ་འདིས་གནས་གཅིགན་མལ་གཅིག་ཏུ་ལོ་བཅུ་གཉིས་ཐལ་ཐལ་དུ་ལན་འགའ་ཡང ་དེ་གཉིས་གཅིག་ལ་གཅིག་འདོད་ཆགས་ཀྱི་སེམས་མ་བསྐྱེད་དོ། ། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་གཉིས་པ།། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་ཀྱེ་མ་འདོད་ཆགས་དང་བྲལ་བར་མ་གྱུར་བཞིན་དུ་འདོད ་ཆགས་བྲལ་བའི་ཚུལ་ཉམས་སུ་མྱོང་བར་བྱེད་པ་ནི་ངོ་མཚར་ཏེ་མ་ལ་བདག་གིས་འདི་གཉིས་བགམ་པར་བྱའོ་སྙམ་དུ་བསམས་ནས་བདག་ཉིད་སྦྲུལ་གྱི་ནབྱང་དུ་མངོན་པར་སྤྲུལ་ཏེ། དེ་གཉིས་ཀྱི་མལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྦྲུལ་ཆེན་པོ ་བསྙིལ་བ་བྱས་ཏེ་མལ་གྱི་འོག་ཏུ་འདུག་པ་དང་། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་སྦྲུལ་ནག་པོ་གདུག་པ་དྲག་པོ་སོ་གདུག་པ་དེམལ་གྱི་འོགན་འདུག་པ་མཐོང་ངོ་།། མཐོང་ནས་ཀྱང་དེ་འདི་སྙམ་དུ་ཀྱེ་མ་གཟུགས་འདི་ལྟ་བུས་མ་རུང་བར་བྱས་པར་འགྱུར་རོ ་སྙམ་དུ་སེམས་སོ། ། ཉལ་བ་དེའི་ལག་པ་ཡང་ཕྱི་རོལ་དུ་འབྱུང་།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲེ་དྷ་བྱས་ཀྱིས་ཅི་བདག་གིས་ད་ཇི་ལྟར་བྱ་སྙམ་དུ་བསམས་སོ།། དེ་ནས་རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་བཏེག་སྟེ་བཞག་གོ།། དེ་ནས་སེར ་སྐྱའི་བུ་མོ་བཟང་མོ་རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་རེག་པས་སད་པ་དང་། སྐྲག་ཅིང་ཡིད་མི་དགའ་ནས་ནྱ་གྲོ་དྷ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ།། རྗེའི་སྲས་རེག་པར་བྱེད་པ་འདི་ཅི་ཞིག་ལགས། ཁྱོད་ཀྱིས་བདག་ལ་འདོད་ཆགས་དང་བཅས་པའི ་སེམས་ཀྱིས་མ་རེག་གམ། དེས་སྨྲས་པ། བཟང་མོ་དེ་ལྟ་མ་ཡིན་ནོ།། འོན་ཀྱང་སྦྲུལ་གདུག་པ་འདིས་ཟིན་པར་གྱུར་ན་མི་རུང་ངོ་སྙམ་ནས་དེའི་ཕྱིར་ཁོ་བོས་ལག་པ་འཕྱང་བ་བཏེག་དེ་བཞག་གོ།། ཇི་ལྟ་བུ་ཞིག་གིས། དེས་སྨྲས་པ། རྔ་མའི་བསིལ་ཡབ་ཀྱི ་ནོར་བུའི་ཡུ་བས་སོ། ། དེས་འདི་སྐད་ཅེས་སྨྲས་སོ།། རྗེའི་སྲས་བདག་ནི་སྦྲུལ་གདུག་པས་ཟིན་ཀྱང་བླའི།། ཁྱོད་ཀྱིས་རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་རེག་པ་ནི་མི་རུང་ངོ་།། ཅིའི་སླད་དུ་ཞེ་ན། མ་ལུ་ཏ་ཡི་ལབྲི་ཤིང་འཁྲིས་པས་ལྗོན་ཤིདེ་བཟང་པོ ་ཉམས། ། བུད་མེད་དག་ལ་རེག་པའི་རྒྱུ་ཡིས་འཇིག་རྟེན་ཕུང་བར་གྱུར།། དེ་ཡི་སླད་དུ་མགྱོགས་པར་འཆི་བའི་སྦྲུལ་གྱིས་ཟིན་བླའི།། སྐྱེས་པའི་ལག་པས་བུད་མེད་མཆོག་ལ་རེག་པ་མི་རུང་ངོ་།། གཞན་ཡང་། མི་དབང་བུ་མོའི་ལུས་ཀྱིས་རེག་པ་ཡིས།། ་དཀའ་ཐུབ་ཆེན་པོ་རྭ་ཅན་དཀའ་ཐུབ་ཉམས།། ལྷག་སྤྱོད་རླུང་གི་ལམ་ནས་མོ་དབང་གི། ཁྱིམ་དུ་འོངས་ནས་ནགས་སུ་རྐང་པས་སོང་།། དེ་ནས་དེ་དག་དེ་ལྟར་འཁོད་འཁོད་པ་ལས་དུས་གཞན་ཞིག་ན་ཕ་མ་གཉིས་ཤིའོ།། དེ་ནས་བྲམ་ཟེའི་ཁྱེའུ ་ནྱ་གྲོ་དྷ་སྐྱེས་ཀྱིས་བསམས་པ། གང་གི་ཚེ་བ་མ་གཉིས་གསོན་པ་དེའི་ཚེ་ནི་བདག་ཅག་སྙིང་ལས་ཆུང་ངུར་འཁོད་འཁོད་ན། དེ་ནི་བདག་གི་ཕ་མ་གཉིས་ཤི་བས་དེའི་ཕྱིར་བདག་ཅག་གིས་རང་གི་ཁྱིམ་གྱི་འཚོ་ཆེས་བསྒྲུབ་པར ་བྱ་བ་ཡིན་ནོ་སྙམ་དུ་བསམས་ནས། སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་གང་གི་ཚེ་བདག་གི་ཕ་མ་གཉིས་གསོན་པ་དེའི་ཚེ་ནི་བདག་ཅག་སྙིང་ལས་ཆུང་ངུར་འཁོད་འཁོར་ན་ད་ནི་བདག་ཅག་གི་ཁྱིམ་གྱི་འཚོ་ཚིས་རྗེས་སུ ་བསམ་དགོས་པས་བཟང་མོ་རེ་ཤིག་ཁྱོད་ཀྱིས་ནི་ཁྱིམ་གྱི་ལས་ཀྱི་མཐའ་ལ་ལྟོས་ཤིག། ར་ཡང་གྲོང་གི་ཞིང་ལས་དག་ལ་འགྲོའོ་ཞེས་སྨྲས་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཞིང་ལས་ལ་སོང་ངོ་།། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་ཕའི་ཞིང ་ལས་ལ་བལྟས་ན་རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་རྨེད་ཅིང་དེ་ན་ཡང་སྲོག་ཆགས་ཕྲ་མོ་ཕྲ་མོ་དག་ཚུལ་མ་ཡིན་པས་ཉོན་མོངས་པར་འགྱུར་བ་དང་། གླང་རྣམས་ཀྱང་སྣ་ནི་ཕུག། གཤུལ་ནི་ཞོམ། ལྕག་གིས་རྐུ་བ་གཙེས་ནི་རྡོ་ལ། མི་རྣམས ་ཀྱང་སྐྲ་དང་ཁ་སྤུ་ནི་རིང་། ལག་པ་དང་། རྐང་པ་ནི་སེར་ག་བྱུང་། གསོ་རས་དག་ནི་གྱོན། ལུས་ནི་སའི་རྡུལ་གྱིས་ཡོག། སྡོང་དུ་མ་ཚིག་པ་ནི་འདྲ། འདྲེ་ལྟ་བུར་ནི་གྱུར་ཅིང་གཤོལ་དང་། ཐོང་ལྕགས་དང་། སྤྱད་དང་། གླང་ལྕུག་གི་ཕྱིར་གཅིག་ལ་གཅིག ་པ་ཟེར་བ་དང་། རྡེག་པ་ལ་ཞུགས་ནས་ལས་བྱེད་པ་མཐོང་ངོ་།། མཐོང་ནས་ཀྱང་དེ་དེ་རྣམས་ཀྱི་གན་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ།། ཤེས་དག་སུ་ཡིན། བདག་ཅག་ནི་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་ལས་བྱེད་པ་ཡིན་ནོ།། དེས་འདི་སྐད ་ཅེས་སྨྲས་སོ། ། ཁྱེད་སུས་བསྐོས། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བདག་ཅག་དེས་བསྐོས་པ་ནི་མེན་ན་འོན་ཀྱང་ཕས་དེའི་ཁྱིམ་གྱི་འཚོ་ཚིས་འདི་བྱེད་དུ་བཅུག་གོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷཱ་སྐྱེས་ཀྱིས་ཞིང་བདེ་རྣམས་ལ་འདི་སྐད་ཅེས ་སྨྲས་སོ། ། ཤེས་ལྡན་དག་གལ་ཏེ་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་ཕས་ཁྱིམ་གྱི་འཚོ་ཆིས་འདི་བྱེད་དུ་བཅུག་ན་ཤེས་ལྡན་དག་ཅིའི་ཕྱིར་ཁ་ཟེར་བ་དང་། རྡེག་པ་ལ་བཞུགས་ནས་ལས་བྱེད། ཤེས་ལྡན་དག་ཅིའི་ཕྱིར་འདི་ལྟ་བུའི་ལུས་དང་། ངག་གི་སྤྱོད ་པ་ཀུན་དུ་རྩོམ་པར་བྱེད། ཁྱེད་དེའི་རྣམ་པར་སྨིན་པས་འཁོར་བར་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་མི་འགྱུར་རམ། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་འདི་སྙམ་དུ་བདག་གིས་ནི་ལུས་ཀྱིས་ཀྱང་ཅུང་ཟད་ཀྱང་ཀུན་དུ་མི་སྤྱོད ་ལ། དག་གིས་ཀྱང་མ་ཡིན། ཡིད་ཀྱིས་ཀྱང་མ་ཡིན་བཞིན་དུ་འདི་ལས་བདག་ལ་ཡང་བསོད་ནམས་མ་ཡིན་པ་ཉེ་བར་སྐྱེའོ་སྙམ་དུ་སེམས་སོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་རང་གི་ཁྱིམ་དུ་སོང་སྟེ་སེར་སྤྱིའི་བུ་མོ་བཟང་མོ་ལ་སྨྲས་པ། བཟང་མོ ་པག་ཡོད་པས་ཁྱིམ་སྦུབས་ཤིན། སེར་སྐྱའི་བུ་མོ་བཟང་མོས་འདི་སྐད་ཅེས་སྨྲས་སོ།། རྗེའི་སྲས་ཁྱོད་ཅི་མཛད། དེས་འདི་སྐད་ཅེས་སྨྲས་སོ།། དཀའ་ཐུབ་ཀྱི་ནགས་སུ་འགྲོའོ།། ཇི་ཙམ་ན་ཚིགས་སུ་བཅད་པ་སྨྲས་པ་ཐེའུ་ཆུང་གང་གི་འབྲས་ཆན་རུ་། ་མལ་གཅིག་གིས་ནི་བདེ་བ་སྐྱེད།། རས་བཅོས་ཟུང་གཅིག་བཅད་པར་བྱ།། ལྷག་མ་གཏི་མུག་ཡོངས་སུ་འཛིན།། རེ་ཤིག་ན་བཟང་མོས་ཀྱང་ཁྱིམ་ལ་བལྟ་བར་བརྩམས་སོ།། ཇི་ཙམ་ན་བྲན་མོ་རྣམས་ལག་པ་དང་། རྐང་པ་ནི་སེར་ག་བྱུང་། གས་རས ་ནི་གྱོན། མགོ་ནི་ཡེགས། གཏུན་དང་། གཏུན་བུ་དང་། གླང་ཆེན་དང་། ཁྲི་དེ་ལ་སོགས་པའི་ཆེད་དུ་གཅིག་ལ་གཅིག་ཁའི་མདུང་ཐུང་གིས་ནི་འདེབས་པ་མཐོང་ནས་སོང་སྟེ། དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཤེས་ལྡན་མ་དག ་ཁྱེད་སུའི་ཡིན། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། སེར་སྐྱའི་བུ་མོ་བཟང་མོའི་ལགས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱེད་ཅིག་སེར་སྐྱའི་བུ་མོ་བཟང་མོས་བསྐོས་སམ། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འདི ་ལྟར་བདག་ཅག་ནི་སེར་སྐྱའི་བུ་མོ་བཟང་མོས་མ་བསྐོས་མོད་ཀྱི། འོན་ཀྱང་སྐྱུག་མོས་དེའི་ཁྱིམ་གྱི་འཚོ་ཆིས་བྱེད་པར་བསྐོས་སོ།། རེ་ཤིག་ན་དེ་ཡང་ཡིད་བྱུང་སྟེ་ཚིགས་སུ་བཅད་པ་སྨྲས་པ། བྲེའུ་ཆུང་གང་གིས་འབྲས་ཆན་རུང་།། མལ ་གཅིག་གིས་ནི་བདེ་བ་སྐྱེད། ། རས་བཅོས་ཟུང་གཅག་བཅད་པར་བྱ།། ལྷག་མ་གཏི་མུག་ཡོངས་སུ་འཛིན།། དུས་དེའི་བར་དུ་ཡང་སངས་རྒྱས་ད་དུད་དུ་མ་བྱུང་བར་གྱུར་ཏེ། དེ་གཞན་མ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་དུ་རྒྱུ་དང་། ་གཅེར་བུ་པ་དང་། ཀུན་ཏུ་འཚོ་བ་པོ་དང་། ཐལ་བ་ཅན་ལ་སོགས་པ་རྣམས་དང་། བཀྲེན་པ་དང་། སྡུག་ཕོངས་པ་དང་། སློངས་མོ་བ་རྣམས་ལ་སྦྱིན་པ་གཏང་བ་བྱས་ནས་དབུལ་པོ་ནི་མི་དབུལ་བར་བྱས། བྲན་དང་། གླ་མི་དང་། མངག ་གཞུག་པ་རྣམས་ནི་མི་བཀོལ་བར་བྱས། བཤེས་གཉེན་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ལ་ནི་རྫས་ཀུན་བགོས་ནས་ཁྱིམ་གྱི་ནང་དུ་ཞུགས་ཏེ། གོས་ཐ་ཅད་འགའ་ཅི་ཡོད་བླང་ངོ་སྙམ་ནས་གོས་ཀྱི་རྫས་ཀྱི་མཛོད་དུ་བཀས་པ་དང་། ་དེས་གོས་ཀྱི་ཕྱི་ཆོས་རས་ཡུག་ཆེན་མ་ཚད་སྟོང་ཕྲག་བརྒྱ་བཞིག་ནི་བདག་གིས་ཁྱེར། དེ་འདྲ་བ་གཅིག་ནི་བཟང་མོ་ལ་བྱིན་ནོ།། ཁྱིམ་ནི་ཉེ་དུ་རྣམས་ལ་གཏད་དོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་ཀྲོ་དྷ་སྐྱེས་ཀྱིས་སེར་བྷའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། ་བཟང་མོ་གང་དུ་འགྲོ་བར་འདོད། དེས་སྨྲས་པ། ཁྱོད་ཁོ་ན་དང་ལྷན་ཅིག་དཀའ་ཐུབ་ཀྱི་ནགས་སུ་མཆིའོ།། དེས་སྨྲས་པ། གང་གི་ཕྱིར་བུད་མེད་དང་ལྷན་ཅིག་དཀའ་ཐུབ་ཀྱི་ནགས་སུ་འདུག་པར་བྱ་བ་དེ་ནི་ཆ་མ་ཡིན་ནོ།། བཟང་མོས་སྨྲས་པ། གལ ་དེ་ལྟ་ན་བདག་ཇེ་སྔར་ཁྱིམ་ནས་ཐོང་ཤིག། ཅིའི་ཕྱིར། བཟང་མོས་འདི་སྐད་ཅེས་སྨྲས་སོ།། གང་གི་ཕྱིར་ཁྱོད་སྔར་ཇེ་བཞུད་ན་བུད་མེད་ནི་འབྲས་ཆན་ཆོས་པ་དང་འདྲ་བར་སྐྱེ་བོ་མང་པོས་དོན་དུ་གཉེར་བར་བགྱི་བ་ལགས་ཏེ། ཁྱོད་བཞུད་ན་བདག་པ ་ཅིག་གིས་དོན་དུ་གཉེར་བར་གྱུར་ན་མི་རུང་བ་དེ་སྲིད་དོ། ། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་བསམས་པ། བུ་མོ་འདི་ནི་མཁས་ཤིང་བློ་ཤིན་ཏུ་གཏན་ལ་དབབ་པ་ཡིན་ནོ། སྙམ་དུ་བསམས་ཏེ། སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། ་བཟང་མོ་ཚུར་ཤོག། ཁྱིམ་ནས་ལྷན་ཅིག་ཁོ་ནར་འདོར་པར་བྱའོ།། དེ་དག་ཕྱེམ་ནས་ལྷན་ཅིག་ཁོ་ནར་དོང་ངོ་།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷཱ་སྱས་དང་ཐེག་རྩམ་གྱི་བར་དུ་ལྷན་ཅིག་ཁོ་ནར་དོང་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། ་བཟང་མོ་སོང་ལ་སྤྱོད་པ་ཇི་ལྟར་འདོད་པ་ལ་གནས་པར་གྱིས་ཤིག། དེའི་ཚེ་ན་རྒྱལ་པོའི་ཁབ་ན་གཅེར་བུ་པ་རྫོགས་བྱེད་ཅེས་བྱ་བ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་ཁས་འཆེ་བ་ཞིག་གནས་ཏེ། དེ་ཡང་གཅེར་བུ་པ་དང་། ་གཅེར་བུ་པའི་སློབ་མ་དུ་མས་ཡོངས་སུ་བསྐོར་ཏོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོ་གཅེར་བུ་པ་རྫོགས་བྱེད་དག་ལ་བ་དེར་སོང་སྟེ་ཕྱིན་ནས་གཅེར་བུ་པ་རྫོགས་བྱེད་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་བདག་ཁྱོད་ལས་རབ་ཏུ་འབྱུང་བར ་འཚལ་ལོ། ། དེས་དེ་རབ་ཏུ་ཕྱུང་ནས་གཅེར་བུ་མ་རྣམས་ཀྱི་ནང་དུ་གཞག་གོ།། དེ་ནས་གཅེར་བུ་པ་དེ་རྣམས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཁ་དོག་རྒྱས་པ། མཆོག་དང་ལྡན་པ་མཐོང་ནས་གཅིག ་ལ་གཅིག་སྨྲས་པ། བདག་ཅག་རབ་ཏུ་བྱུང་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱི་ཕྱིར་ཡིན་ལ། སེར་སྐྱའི་བུ་མོ་བཟང་མོ་འདི་ཡང་ལྷའི་བུད་མེད་འདྲ་ན་རེ་ཤིག་ལྷའི་འདོད་པའི་ཡོན་ཏན་རྣམས་རྙེད་དམ་མི་རྙེད ་གཏོལ་མེད་ཀྱིས། ཇེ་སེར་སྐྱའི་བུ་མོ་བཟང་མོ་འདི་ལ་ལོངས་སྤྱོད་པར་བྱའོ་ཞེས་སྨྲས་ནས། གཅེར་བུ་པ་ལྔ་བརྒྱ་ཙམ་གཅེར་བུ་པ་རྫོགས་བྱེད་ག་ལ་བ་དེར་དོང་ངོ་།། རེ་ཤིག་ན་སྐབས་དེ་རྒྱས་པར་སྨྲས་ནས་དེ་ནས་དེ་རྣམས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ ་བསླངས་པ་དང་། དེས་ཀྱང་སློབ་མ་ལ་བྱམས་པའི་ཕྱིར་གནང་ངོ་།། དེ་ནས་ལས་ཀྱི་རྣམ་པར་སྨིན་པའི་རྐྱེན་གྱིས་ཉི་མ་རེ་རེ་ཞིང་གཅེར་བུ་པ་ལྔ་བརྒྱ་པོ་རྣམས་ཀྱིས་དགའ་མགུར་སྤྱོད་པར་བྱེད་དོ།། ཇི་ཙམ་ན་དེ་ཡིད་བྱུང་བས་རྫོགས་བྱེད་ལ་གསོལ་བ་དང་། དེས ་སྨྲས་པ། གང་ལ་རྒྱ་ཕོག་པ་དེ་དང་ཕྲད་པར་གྱིས་ཤིག། དེའི་ཚེ་ན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྐུ་ཚེ་ལོ་ཉི་ཤུ་རྩ་དགུར་འདོད་པ་རྣམས་ལ་རོལ་ནས་རྒན་པོ་དང་། ནད་པ་དང་། ཤི་བ་གཟིགས་པས་ཐུགས་བྱུང་སྟེ། ནམ་བྱེད་ཀྱི་དུས་སུ་རྟ་རིན་པོ་ཆེ ་བསྔགས་ལྡན་ལ་བཅིབས་ནས་ནགས་སུ་གཤེགས་ཏེ་ལོ་དྲུག་ཏུ་ཅིར་ཡང་མི་ཕན་པའི་དཀའ་བ་སྤྱད་ནས་ཆུ་བོ་ནེ་རཏྣ་ནཱ་ར་ཁྲུས་མཛད་དེ། དགའ་མོ་དང་། དགའ་སྟོབསམ་གཉིས་ལས་ལན་བཅུ་དྲུག་ཏུ་ཉིད་ཁུར་བྱས་པའི་འོ་མའི་ཐུག་པ་ནི་གསོལ ་ཀྭའི་རྒྱལ་པོ་དུས་ཅན་གྱིས་ཚིགས་སུ་བཅད་པ་དག་གིས་ནི་མངོན་པར་བསྟོད་ཅིང་། རྩཝ་འཚེང་བཀྲ་ཤིས་ལྡན་ལས་རྩེ་དག་གཞེས་ཏེ། བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་བཞུད་ནས་ཉིད་ཀྱིས་མ་འཁྲུགས་པ་དང་མ་འཛིངས་པར་གདིང་བ་བཤམས་ཏེ། ཀླུབ ་རྒྱལ་པོ་གཉིད་ལོག་པ་བསྐྱིལ་བ་བཞིན་དུ་སྐྱིལ་མོ་དཀྲུང་ཁྱིལ་ལར་བཅེས་ནས། ཟག་པ་ཟད་པ་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་དཀྲུང་མི་གཞིག་གོ་ཞེས་ཐུགས་ཀྱང་སྐྱེད་ཚིག་ཏུ་ཡང་གསུང་ངོ་།། རེ་ཤིག་ན་བདུད་འབྱུང་པོའི་རིགས་ཀྱི ་བ་ཨ་ཕྲག་སུམ་བཅུ་རྩ་དྲུག་གི་འཁོར་ཅན་བཏུལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཚངས་པས་བསྐུལ་བས་ཡུལ་བཱ་རཱ་ཎ་སཱིར་གཤེགས་ཏེ་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས ་ཀུན་ཤེས་ཀཽཎྜི་ཙྱཻ་དང་། ལྷ་སྟོང་ཕྲག་བརྒྱད་བཅུ་བདེན་པ་རྣམས་ལ་བཀོད་དོ།། ལྔ་སྡེ་རྣམས་ཀྱང་བཏུལ། ཉེ་ལྔའི་སྡེ་རྣམས་ཀྱང་བཏུལ། གྲོང་གི་ཁྱེའུ་གཙོ་བོ་གཙོ་བོ་ལྔ་བཅུ་ཡང་བཏུལ་ཏོ།། ཤིང་བལ་ཅན་གྱི་ནགས་ཁྲོད་དུ་གཤེགས་ནས ་བཟང་སྡེའི་ཚོགས་དྲུག་བཅུ་བཏུལ་ཏོ། ། དམག་ལྡན་གྱི་གྲོང་དུ་གཤེགས་ནས་གྲོང་གི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་གཉིས་བདེན་པ་རྣམས་ལ་བཀོད་དོ།། ཡུལ་སྟེང་རྒྱས་སུ་གཤེགས་ནས་ལྟེང་རྒྱས་འོད་སྲུང་རྫུ་འཕྲུལ་གྱི་ཚེ་འབྲུ ་བཅཝ་བརྒྱད་ལ་སོགས་པ་ལྔ་བརྒྱས་བཏུལ་ཏོ། ། ཡུལ་ག་ཡར་གཤེགས་ནས་ཆུ་ཀླུང་འོད་སྲུང་དང་། རལ་པ་ཅན་སྟོང་ཕྲག་དེ་རྣམས་ལ་ཆོ་འཕྲུལ་གསུམ་པོ་དག་གིས་གདམས་པ་མཛད་དོ།། ཡུལ་འོད་མའི་ལྟད་བྲང་ཅན་དུ་གཤེགས་ནས་རྒྱལ ་པོ་གཟུགས་ཅན་སྙིང་པོ་སས་དང་འཁོར་དུ་བཅས་པ་དང་། ལྷ་སྟོང་ཕྲག་བརྒྱད་བཅུ་དང་། ཡུལ་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་བརྒྱ་སྟོང་ཕྲག་དུ་མ་བཏུལ་ཏེ། འོད་མའི་ཚལ་བཞེས་ནས་དེའི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བུ་མངས ་ཀྱི་མཆོད་རྟེན་ན་བཞུགས་སོ། ། འོད་སྲུང་གིས་ཤིང་ཞིག་གི་དྲུང་ན་བཅོམ་ལྡན་འདས་མཛེས་པ། དང་བར་འོས་པ། དབང་པོ་ཞི་བ། ཐུགས་ཞི་བ། ཐུགས་དུལ་བ་དང་། ཉེ་བར་ཞི་བའི་མཆོག་དང་ལྡན་པ། གསེར་གྱི་མཆོད་སྡོང་ལྟར་དཔལ་ཡང་རྟེན་ཅིང ་བཞུགས་པ་མཐོང་ངོ་། ། མཐོང་ནས་ཀྱང་དེ་འདི་སྙམ་དུ་ཀྱེ་མ་སྟོན་པ་མཐོང་ངོ་།། ཀྱེ་མ་དགྲ་བཅོམ་པ་མཐོང་ངོ་།། ཀྱེ་མ་བཅོམ་ལྡན་འདས་མཐོང་ངོ་།། ཀྱེ་མ་བདེ་བར་གཤེགས་པ་མཐོང་ངོ་།། ཀྱེ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐོང་ངོ་།། ་སྙམ་དུ་སེམས་ཤིང་དེས་ཆེད་ཆེར་བྱས། བླ་མར་བྱས། ཡིད་ལ་བྱས། སེམས་ཐམས་ཅད་ཀྱིས་བསམས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི ་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་ཏེ། བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ།། བཙུན་པ་བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ།། སྟོན་པ་ལགས་སོ།། བདག་ནི་བཅོམ་ལྡན ་འདས་ཀྱི་ཉན་ཐོས་ལགས་སོ། ། ཉན་ཐོས་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འོད་སྲུང་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ།། འོད་སྲུང་ང་ནི་ཁྱོད་ཀྱི་སྟོན་པ་སྟེ། ཁྱོད་ནི་ངའི་ཉན་ཐོས་ཡིན ་ནོ། ། འོད་སྲུང་ད་ནི་ཁྱེད་ཀྱི་སྟོན་པ་ཡིན་ནོ།། སྟོན་པ་ཡིན་ནོ།། ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ།། ཉན་ཐོས་ཡིན་ནོ།། འོད་སྲུང་གང་ལ་ལ་འདི་ལྟར་སེམས་ཐམས་ཅད་ཀྱིས་བསམས་ཏེ་མི་ཤེས་བཞིན་དུ་བདག་ནི་ཀུན་ཤེས་པ་ཡིན་ནོ་ཞེས་སྨྲ། མི་མཐོང ་བཞིན་དུ་བདག་ནི་ཀུན་མཐོང་བ་ཡིན་ནོ་ཞེས་སྨྲ། དེ་བཞིན་གཤེགས་པ་མ་ཡིན་བཞིན་དུ་བདག་ནི་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་སྨྲ། དགྲ་བཅོམ་པ་མ་ཡིན་བཞིན་དུ་བདག་ནི་དགྲ་བཅོམ་པ་ཡིན་ནོ་ཞེས་སྨྲ་ཞིང་། ཡང་དག་པར་རྫོགས་པའི ་སངས་རྒྱས་མ་ཡིན་བཞིན་དུ་བདག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ་ཞེས་ཁས་འཆེ་བར་བྱེད་ན། འོད་སྲུང་སྟོན་པ་དེའི་མགོ་བོ་ཚལ་པ་བདུན་དུ་འགས་པར་འགྱུར་རོ།། འོད་སྲུང་ད་ནི་ཤེས་པ་ཡིན་པས་ང་ནི་ཀུན་དུ་ཤེས་པ་ཡིན་ནོ་ཞེས ་སྨྲལ། ། མཐོང་བ་ཡིན་པས་ང་ནི་ཀུན་དུ་མཐོང་བ་ཡིན་ནོ་ཞེས་སྨྲའོ།། དེ་བཞིན་གཤེགས་པ་ཡིན་པས་ང་ནི་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་སྨྲ་ཞིང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པས་ད་ནི་ཡང་དག་པར་རྫོགས་པའི་སངས ་རྒྱས་ཡིན་ནོ་ཞེས་ཞལ་གྱིས་འཆེའོ། ། ད་ནི་ཉན་ཐོས་རྣམས་ལ་གླེང་གཞི་དང་བཅས་པ་ཁོ་ནའི་ཆོས་སྟོན་གྱི་གླེང་གཞི་མེད་པ་ནི་མ་ཡིན་ནོ།། ངེས་པར་འབྱུང་བ་དང་བཅས་པ་ཡིན་གྱི་ངེས་པར་འབྱུང་བ་མེད་པ་ནི་མ་ཡིན་ནོ།། རྟོན་པ་དང་བཅས་པ་ཡིན་གྱི ་རྟོན་པ་མེད་པ་ནི་མ་ཡིན་ནོ། ། རྟུན་པ་དང་བཅས་པ་ཡིན་གྱི་རྐུན་པ་མེད་པ་ནི་མ་ཡིན་ནོ།། ཚེ་འཕྲུལ་དང་བཅས་པ་ཡིན་གྱི་ཆོ་འཕྲུལ་མེད་པ་ནི་མ་ཡིན་ནོ།། འོད་སྲུང་དེ་ལྟ་བས་ན་ཁྱོད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། ་ཆོས་དགེ་བའི་ཆོས་དང་ལྡན་པ་གང་ཅི་ཡང་རུང་བ་མཉན་པར་བྱའོ།། དེ་ཐམས་ཅད་བཀུར་བསྟི་བྱས། བླ་མར་བྱས། ཆེད་ཆེར་བྱས། སེམས་རྩེ་གཅིག་ཏུ་བྱས། རྣ་བླགས། སེམས་ཐམས་ཅད་ཀྱིས་བསམས་ནས་མཉན་པར་བྱའོ།། འོད ་སྲུང་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་སྐྱེ་བ་དང་འཇིག་པར་རྗེས་སུ་ལྟ་བས་གནས་པར་བྱའོ།། སྐྱེ་མཆེད་དྲུག་པོ་དག་ལ་ཀུན་ཏུ་འབྱུང་བ་དང་། ནུབ་པར་རྗེས་སུ་ལྟ་བས་གནས་པར་བྱའོ།། ་དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ལེགས་པར་ཉེ་བར་གནས་པས་གནས་པར་བྱའོ།། དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ལེགས་པར་ཉེ་བར་གནས་པས་གནས་ན་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་བྱ། རྣམ ་པར་ཐར་པའི་བརྒྱད་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པར་བྱའོ། ། བདག་གི་སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཤས་ཆེར་ཉེ་བར་གནས་པར་འགྱུར ་བ་དང་། རྟག་ཏུ་བདག་གི་ལུས་ལ་དྲན་པ་དང་ལྡན་ཞིང་མི་གཏོང་བ་དང་བྲལ་བར་མ་གྱུར་པར་ལུས་ལ་གནས་པར་འགྱུར་བ་དེ་ལྟར་འོད་སྲུང་ཁྱོད་ཀྱིས་བསླབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་ཡང་དག་པར་བསྟན།། ཡང་དག ་པར་ལེན་དུ་བཅུག། ཡང་དག་པར་གཟེང་བསྟོད། ཡང་དག་པར་རབ་ཏུ་མགུ་བར་མཛད་ནས་གདན་ལས་གཞེངས་ཏེ་གཤེགས་སོ།། དེ་ནས་ཚེ་དང་ལྡན་པ་འོད་སྲུང་བཅོམ་ལྡན་འདས་ཀྱི་ཞ་འབྲིང་དུ་འབྲང་ཞིང་བཅོམ་ལྡན་འདས་གནས་གང་དུ་བཞུགས ་བ་དེར་བདག་གིས་རས་ཡུག་ཆེན་གྱི་སྣམ་སྦྱར་སྟོང་ཕྲག་བརྒྱ་བ་བལྟབ་སྟེ། གདན་དུ་གདིང་བར་བྱའོ་སྙམ་དུ་སེམས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་འོད་སྲུང་གི་སེམས་ཀྱི་ཀུན་ཏུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ལམ་བོར་ཏེ་ཕྱོགས་གཅིག ་ཏུ་བཞུགས་སོ། ། དེ་ནས་ཚེ་དང་ལྡན་པ་འོད་སྲུང་གིས་མྱུར་བ་མྱུར་བ་ཁོ་ནར་རས་ཡུག་ཆེན་གྱི་སྣམ་སྦྱར་སྟོང་ཕྲག་བརྒྱ་རི་བ་བལྟ་བ་སྟེ། བཅོམ་ལྡན་འདས་ཀྱི་ཆེད་དུ་གདན་བཤམས་སོ།། འདི་སྐད་ཅེས་ཀྱང་གསོལ་ཏོ།། བཅོམ་ལྡན་འདས་ཐུགས་བརྩེ་བའི ་སླད་དུ་གདན་བཤམས་པ་ལ་བཞུགས་སུ་གསོལ། ། བདེ་བར་གཤེགས་པ་གདན་བཤམས་པ་ལ་བཞུགས་སུ་གསོལ། དེ་ནས་བདག་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་གདན་བཤམས་པ་ལ། ་བཞུགས་ཏེ། བཞུགས་ནས་ཚེ་དང་ལྡན་པ་འོད་སྲུང་ལ་བཀའ་སྩལ་པ། འོད་སྲུང་ཁྱོད་ཀྱིས་རས་ཡུག་ཆེན་གྱི་སྣམ་སྦྱར་ཡང་ངོ་།། འོད་སྲུང་ཁྱོད་ཀྱི་རས་ཡུག་ཆེན་གྱི་སྣམ་སྦྱར་འཇམ་མོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང ་ལྡན་པ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ།། བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ཏེ། བཙུན་པ་བདག་གི་རས་ཡུག་ཆེན་གྱི་སྣམ་སྦྱར་ཡང་ལགས་སོ།། བཙུན་པ་བདག་གི་རས་ཡུག་ཆེན་གྱི་སྣམ་སྦྱར ་འཇམ་ལགས་སོ། ། བཅོམ་ལྡན་འདས་ཐུགས་རྩེ་བའི་སླད་དུ་རས་ཡུག་ཆེན་གྱི་སྣམ་སྦྱར་བ་ཞེས་པར་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འོད་སྲུང་ངའི་གསོ ་རས་ཕྱག་དར་ཁྲོད་ཀྱི་གོས་ཟུང་ཤིག། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རས་ཡུག་ཆེན་གྱི་སྣམ་སྦྱར་བ་ཞེས་པར་གསོལ། བདེ་བར་གཤེགས་པ་རས་ཡུག་ཆེན ་གྱི་སྣམ་སྦྱར་གཞེས་པར་གསོལ། བཙུན་པ་བདག་གིས་བཅོམ་ལྡན་འདས་ཀྱི་གསེ་རས་ཕྱག་དར་ཁྲོད་ཀྱི་ན་བཟའ་བཟུང་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་གི་རས་ཡུག་ཆེན་གྱི་སྣམ་སྦྱར་བ་ཞེས་སོ།། བཅོམ་ལྡན ་འདས་ཀྱིས་ཀྱང་ཉིད་ཀྱི་ཕྱག་ནས་གསོ་རས་ཕྱག་དར་ཁྲོད་པ་དེ་ལ་གནང་ངོ་། ། དེ་ནས་ཚེ་དང་ལྡན་པ་འོད་སྲུང་གིས་གདམས་ངག་བཏམས་པ་དེས་ཉི་མ་བརྒྱད་དུ་སློབ་པས་བསོད་སྙོམས་ཡོངས་སུ་སྤྱད་དོ།། ཉི་མ་དགུ་པ་ལ་ནི་མི་སློབ་པས་སོ།། དེ་ནས། ་ཚེ་དང་ལྡན་པ་འོད་སྲུང་དགྲ་བཅོམ་པ་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་སྤངས་པ་ལྟ་བུ། མ་རིག་པའི་སྒོ་ངའི་སྦུབས ་དྲལ་བ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་ལ་ཆགས་པ་དང་། བཀུར་སྟི་ལས་ཕྱིར་ཕྱོགས་པ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་རི་མོར་བྱ་བ་དང་། མཆོད་པར ་བྱ་བ་དང་། ཕྱག་བྱ་བར་གྱུར་ཏོ།། དེ་ན་ཁ་ཅིག་གིས་འདི་སྐད་ཅེས་སྨྲས་སོ།། ཀྱེ་མ་དགེ་སློང་འོད་སྲུང་གིས་ཁྱད་པར་ཆེན་པོ་འདི་རྟོགས་པས་མེདེ་འོད་སྲུང་ཆེན་པོ་འོད་སྲུང་ཆེན་པོ་ཞེས་བྱ་བ་བྱུང་ངོ་།། དེ་ནས་བཅོམ་ལྡན་འདས་མཐར་གྱིས་ལྗོངས་རྒྱུ་བཅུ ་ཞིང་རྒྱལ་པོའི་ཁེབ་དུ་གཤེགས་ནས་རྒྱལ་པོའི་ཁབ་འོད་མའི་ཆལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། ། དེའི་ཚེ་རྒྱལ་པོའི་ཁབ་ན་རི་བོ་དང་། མཛེས་པ་ཕྲད་པའི་རུས་སྟོན་བྱེད་དོ།། དེར་མུ་སྟེགས་པ་ཐམས་ཅད་གདོན་མི་ཟ་བར་འདྲ་བ་ཡིན་པས་ན་རེ་ཤིག ་གཅེར་བུ་པ་རྣམས་ཀྱང་རྒྱལ་པོའི་ཁབ་ཏུ་དོང་ངོ་། ། དེ་ནས་སེར་སྐྱའི་བུ་མོ་བཟང་མོ་འདི་སྙམ་དུ་སུ་ཞིག་འདི་ལྟར་ཡུན་རི་པོར་ཉོན་མོངས་པ་ཉམས་སུ་མྱོང་བར་བྱེད། རྒྱལ་པོའི་ཁབ་ཏུ་སློངས་མོའི་ཕྱིར་འཇུག་པ་འདི་ནི་བདག་གི་དུས་ལ་བབ་བོ་སྙམ་དུ ་སེམས་སོ། ། དེ་ནས་དེ་ཉོན་མོངས་པས་ཡིད་བྱུང་བས་སྐབས་རྙེད་དེ། རྒྱལ་པོའི་ཁབ་ཏུ་སྤོངས་མོ་ལ་སྙད་བཏགས་ཏེ་སོང་ངོ་།། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཡང་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་རྒྱལ་པོའི་ཁབ་ཏུ་བསོང ་སྐྱོབས་ཀྱི་ཕྱིར་ཐུགས་སོ། ། དེཔེ་སེར་སྦྱའི་བྲིམ་པརང་པོ་འདིན་རྒྱས་པ་དང་ལྡན་པ་མ་ཡིན་པ་དེ་འདྲ་བར་བྱར་བ་མཐོང་།། མཐང་ནས་བྱུང་འདི་གད་ཅེས་སྨྲས་སོ།། སྲིང་མོ་ཇི་ཡང་དག་པར་ཚངས་པར་སྤྱོད་པལ་གནས་པ་ཡོངས་ས་མྱངས་སམ། ་དེས་འདི་སྐད་ཅེས་སྨྲས་སོ།། རྗེའི་སྲས་རང་གི་བྱེམ་ན་གནས་པ་དེ་ཁོན་བདག་གི་ཚངས་པར་སྤྱོད་པར་གྱུར་གྱི། ད་ལྟར་ནི་ཚངས་པར་སྤྱོད་པ་ཁོ་ནང་བས་ཏེ། ཚངས་པར་སྤྱོད་པ་མ་མཆིས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། སྲིང་མོ་ཚངས་པར་སྤྱོད་པ ་བ་འམས་པ་བང་གསུམ་ཅོ་ལུས་པ་ས་འབྱུང་བ། དེག་བསླུས་པ་དང་། སང་བུམ་པ་པ་དང་ལྡན་པའ་བྱུད་ཅན་པལ་འདས་ཅེས་བྱམས།། རྗེབམས་བྱེད་པ་ཡ་དྷས་། པ་། ་རེགག་དེས་དང་ལྡན་པ་འོད་སྲུང་ཆེན་པོས་དགོས་པར་བརྩམས་ན་ཉེས་པ་བཤད་པའི་ཆོས་ཅན། ཉེས་པའི་ཆོག་ཅན་དེ་རྣམས་ཀྱིས་དམཔ་མ་ཡིན་པའི་ཆོས་པ་སྦྱང་བར་མཐོང་སྟེ། དེས་བྱུང་བ་དེ། ། བུར་གནས། སེར་རྒྱའི་བུ་མོ་བཟང་མོ་ལའང ་སྐད་ཅེས་སྨྲས་སོ། ། སྲིང་མོ་མ་འཇིགས་ཤིག། བཅོམ་ལྡན་འདས་ཀྱི་བསྟན་པ་ནི་དྲི་བ་མེད་པ་དང་། སྡིག་པ་མེད་པ་ཡིན་ནོ།། དེའི་ཉན་ཐོས་རྣམས་ནི་ལྷའི་འདོད་པ་རྣམས་ཀྱང་དོན་དུ་མི་གཉེར་ན་མི་རྣམས་ཀྱི་ལྷ་སྨོས་ཀྱང་ཅི་དགོས་པ་ཡིན་ནོ།། དེས ་དེ་སྐྱེད་གྲའི་བདག་མོ་ཆེན་མོ་ལ་ཡོངས་སུ་གཏད་ནས་དེས་དེ་རབ་ཏུ་བྱུང་བསྙེན་པར་རྫོགས་པར་བྱས་སོ། ། དེ་བསོད་སྙོམས་ཀྱི་ཕྱིར་ཐུགས་པ་ན། གཡོན་ཅན་དང་། འབྱོན་མ་དང་། བྲེལ་བ་དག་གཟུགས་འདི་ལྟ་བུར་སྡུག་པ་འདི་ཡོངས་སུ་ལོངས་སྤྱོད ་པ་མེད་པར་དགའ་བར་བྱེད་དོ་ཞེས་ཁ་ཟེར་རོ། ། དེ་ནས་དུས་གཞན་ཞིག་ནི་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ།། སེར་སྐྱའི་བུ་མོ་བཟང་མོ ་ཡང་སུ་ཆོ་ཤས་ཐབས་བགོས་ཆོས་གོས་དང་ལྟུང་བ་བ་བྲེགས་ཏེ་རྒྱལ་བའི་འབེ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། ཚེ་དང་ལྡན་པའི་སྲུང་ཆེན་པོས་སེར་རྒྱའི་བུ་མོ་བཟང་མོ་མཐོང་དོ།། མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ།། ང ་མོ་ཅི་ཁྱོད་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་འམ། དེས་སྨྲས་པ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་སྟེ་མངོན་པར་མི་དགའ་བ་མ་མཆིས་སོ།། འོན་ཀྱང་བདག་ནི་ལུག་ཚོན་པོ་དང་འདྲ་བར་གཟུགས ་འདིས་གནོད་པར་བྱུང་སྟེ། གང་དང་གང་དུ་མཆི་བ་དེ་དང་དེ་ནས་སྐྱེ་བོ་དག་བདག་ལ་གཡར་མཆིའོ།། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སྨྲས་པ། བསོད་སྙོམས་ཀྱི་ཕྱིར་ཉོན་མོངས་པར་མ་བྱེད་ཅིག། ངས་ཁྱོད་ལ་ཉི་མ་རེ་རེ་ཞིང་རང་གི ་བསོད་སྙོངས་ལས་བྱེད་བྱེད་སྦྱིན་ནོ། ། དེ་བསོང་སྤོབས་ལ་བརྐུས་ཏེ་བྱེད་ནི་བ་ག་ཉིད་ཀྱིས་སྤྱང་། བྱེད་ནི་དེ་ལ་བྱིན་ནོ།། དེ་དེ་ལྟར་ཞུགས་པ་ན་དྲུག་སྡེརྣམས་འོད་སྲུང་ཆེན་པོ་འདི་ཁྱིམ་པར་གྱུར་པ་ན་བབང་མོ་འདི་དང་ལྷན་ཅིག་ཕྱིམ་གཅིད ་ལོ་བཅུ་གཉིས་འདུག་ཀྱང་ལན་འགའ་ཡང་ཀུན་ཏུ་ཆགས་པའི་སེམས་ཀྱང་མ་བསྐྱེད་དོ་ནས་ཐོས་ན་ད་ལྟར་ནི་དེ་ལ་བསོད་སྙོམས་བྱེད་སྦྱིན་པར་བྱེད་དོ་ཞེས་འཕྱ་བར་གྱུར་ཏོ། ། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སེར་སྐྱའི་བུ་མོ་བཟང་མོ་ལ་ཡིད་ལ ་བྱ་བ་བསྒོ་བ་དང་། དེས་བརྩོན་པ་དང་འབད་པ་དང་། བརྩོལ་བ་བྱས་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། རེ་ཤིག་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དགེ་སློང་དག་འཕྱ་བར་ཐོསོ།། ཐོས་ནས་སེར་སྐྱའི ་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། ། སྲིང་མོ་དགེ་བའི་བཤེས་གཉེན་གྱིས་བྱ་བ་གང་ཡིན་པ་དེ་ངས་བྱས་ཟིན་ལ་རི་དགས་ཀྱིས་རི་དགས་མི་གསོས་ཀྱིས། ད་ནི་རང་གི་སྤྱོད་ཡུལ་སངས་རྒྱས་ཀྱིས་གནང་བ་ཕའི་ཡུལ་དུ་སྦྱངས་པའི་ཡོན་ཏན ་བསོད་སྙོམས་རྗེས་སུ་སྤེལ་ཅིག་ཅེས་དེ་སྐད་རྗེས་སུ་བསྟན་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་བཏང་སྙོམས་སྒོམ་པར་བྱེད་དོ། ། དེའི་ཚེ་མ་སྐྱེས་དགྲས་མི་དགེ་བའི་གྲོགས་པོ་ལྷ་སྦྱིན་ལ་རྟེན་ནས་ཕ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་སྲོག་དང ་ཕྲལ་ཏེ་པའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱ་བའི་ཕྱིར་འདུག་གོ། ། འདུག་མ་ཐག་ཏུ་ཡིད་ལ་གཅགས་པར་གྱུར་ནས་དེ་ཡང་མྱ་ངན་གྱི་ཁང་པར་ཞུགས་སོ།། དེའི་མྱ་ངན་ཐབས་དུ་མས་ཀྱང་བསད་པར་མ་ནུས་ནས་བློན་པོ་རྣམས་ཀྱིས ་བསམས་པ། གྲོང་ཁྱེར་ཆེན་པོ་དྲུག་པོ་དག་ན་གར་མཁན་དང་། ཟློས་གར་མཁན་དང་། བཞད་གད་མཁན་དང་། ཤིང་འཛེགས་མཁན་དང་། རོལ་མོ་མཁན་གྱི་བྱེ་བྲག་ཇི་སྙེད་ཡོད་པ་ཐམས་ཅད་བསྡུ་བར་བྱའོ་སྙམ་ནས་དེ་རྣམས་ཀྱིས་དེ་བཞིན་བྱས ་སོ། ། དེ་ནས་རྒྱལ་པོ་མ་སྐྱེས་དགྲའི་མདུན་དུ་རོལ་མོ་མཁན་གྱི་ཁྱད་པར་དུ་མས་པི་བད་དང་། གླིང་བུ་དང་། རྫ་རྔ་དང་། ཁར་རྔ་དང་། ལྕགས་ཀྱི་སིལ་ཀྲོལ་དང་། སྒྲ་སྙན་ལ་སོགས་པ་རོལ་མོའི་སྒྲ་དག་བྱེད། གྲུ་དག་ལེན། གར་དག་བྱེད། དྲུག་པར་བྱེད། ་འཚོད་པར་བྱེད་དོ།། དེ་ལྟར་བྱས་ཀྱང་རྒྱལ་པོ་མ་སྐྱེས་དགྲའི་མྱ་ངན་བསད་པར་མ་ནུས་སོ།། དེ་ནས་དུས་གཞན་ཞིག་ན་སེར་སྐྱའི་བུ་མོ་བཟང་མོ་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་སྤྱོད་ལམ་ཀུན་ནས་མཛེས་པས་རྒྱལ ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། ། བློན་པོ་ངན་སེམས་ཅན་ཞིག་གིས་སེར་སྐྱའི་བུ་མོ་བཟང་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ལུས་གསེར་གྱི་ཁ་དོག་པས་ཀྱང་ལྷག་པར་མཐོང་ངོ་།། མཐོང་ནས་ཀྱང་དེ་འདི་སྙམ་དུ ་སེམས་ཏེ། འདིས་རྒྱལ་པོའི་མྱ་ངན་སེལ་བར་བྱེད་དོ་སྙམ་དུ་བསམས་ནས་བློན་པོ་དེས་སོར་སྐྱའི་བུ་མོ་བཟང་མོ་བཟུང་སྟེ་རྒྱལ་པོ་ལ་འོས་པའི་ཁྲུས་རྣམས་ཀྱིས་ཁྲུས་བྱས་ནས་རྒྱལ་པོ་ལ་འོས་པའི་སྤོས་དང་། མེ་ཏོག། བྲེད་དང་། གོས་དང་། རྒྱན་གྱི་ཁྱད་པར ་རྣམས་ཀྱིས་བརྒྱན་ནས་རྒྱལ་པོ་མ་སྐྱེས་དགྲ་ལ་ཕུལ་ལོ། ། དེ་ནས་སེར་སྐྱའི་བུ་མོ་བཟང་མོས་སྔོན་ལས་རྣམས་བྱས་ཤིང་བསགས་པ་གདོན་མི་ཟ་བར་འབྱུང་བ་མྱོང་བར་འགྱུར་བར་ངེས་པ་འོང་བ་བཞིན་དུ་རྣམ་པར་གནས་ཏེ། དཔེར་ན་རི་དག་གས། ་རིའི་རྩེ་མོ་དག་གི་གྲིབ་མ་ས་ལ་བབས་ཤིང་མངོན་པར་བབས་པ་དེ་བཞིན་དུ་སེར་སྐྱའི་བུ་མོ་བཟང་མོ་ལ་ཡང་སྔོན་ལས་རྣམས་བྱས་ཤིང་བསགས་པ་གདོན་མི་ཟ་བར་འབྱུང་བ། མྱོང་བར་འགྱུར་བར་ངེས་པ། འོང་བ་བཞིན་དུ་རྣམ་པར་གནས་པ་ཡིན་པས་རེ ་ཤིག་ན་རྒྱལ་པོ་མ་སྐྱེས་དགྲས་སེར་སྐྱའི་བུ་མོ་བཟང་མོ་མཐོང་མ་ཐག་ཏུ་ཆགས་ནས་དེ་དང་ལྷན་ཅིག་དགའ་བ་ཉམས་སུ་མྱོང་བར་བརྩམས་སོ། ། དེ་ནས་གསོ་སྦྱོང་བཅཝ་ལྔ་པ་དེ་ཉིད་ལ་དྲིས་ན་སེར་སྐྱའི་བུ་མོ་བཟང་མོ་ཚོགས་ཀྱི་ནང་ན་མི་སྣང་ངོ་།། དེ་ནས ་སྐྱེ་དཀྲུའི་བདག་མོ་ཆེན་མོས་བསམས་ན་རེ་ཤིག་ན་སེར་སྐྱའི་བུ་མོ་སྟོབས་སུ་ཆུད། ཉམ་དབར་གྱུར་པར་མཐོང་ངོ་།། སྟོབས་སུ་ཆུད་པ་དང་། ཉམ་ང་བ་དང་། མི་བདེ་བར་གྱུར་པར་རིག་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གོ་ཏ་མིས་ཨུཏྤ་ལའི་མདོག་ལ་སྤྲས ་བུ་ནུ་མོ་སེར་རྒྱའི་བུ་མོ་བཟང་པོ་ལ་སོམས་ཤིག། དེ་ནས་སུཏྤ་ལའི་དག་གསོ་མྱོང་བཅཝལྔ་པ་དེ་ཉིད་ལ་རྔུ་འཕྲུལ་གྱིས་མ་སྐྱེས་དཔའི་ཁྱིམ་གལ་བ་དེར་སོང་ངོ་།། དེ་ནས་སུ་ལའི་བདགེ་སྐང་ཁུང་གི་བུག་ནས་ཞུགས་ནས་སེར་རྩཝའི་བུ་མ་པརྦ ་མོ་ལ་འདི་སྐད་ཅེས་སྨྲས་སོ། ། ཕུ་ནུ་མོ་ཁྱོད་ཀྱིས་ཐོག་མ་མེད་པའི་དུས་ནས་གོམས་པ་ཁམས་གསུམ་པའི་ཉོན་མོངས་པ་རྣམས་བྲལ། སྤངས། བསལ། ཡོངས་སུ་བཏང་ན་ཅིའི་ཕྱིར་ཁྱོད་ཀྱིས་རྫུ་འཕྲུལ་ར་དང་འདྲ་བ་མུ་སྟེགས་པ་ཐམས་ཅད ་དང་ཐུན་མོང་བ་འདི་སྔོན་དུ་མ་བྱས། དེ་སྐད་ཅེས་སྨྲས་པ་དང་། སེར་སྐྱའི་བུ་མོ་བཟང་མོས་ཨུཏྤ་པ་ལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་རྫུ་འཕྲུལ་གྱི་ལམ་མི་ཤེས་སོ།། དེ་ནས་ཨུཏྤ་ལའི་མདོག་གིས་སེར་སྐྱའི་བུ་མོ་བཟང་མོ་ལ་རྫུ་འཕྲུལ ་གྱི་ལམ་བསྟན་ཏོ། ། དེ་ནས་སེར་སྐྱའི་བུ་མོ་བཟང་མོ།། འཇིག་རྟེན་པའི་ལམ་གྱིས་བསམ་གཏན་བཞི་ལ་བརྟེན་ཏེ་རྫུ་འཕྲུལ་མངོན་པར་བསྒྲུབས་སོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དགེ་སློང་མའི་དབྱར་ཁང་ག་ལ ་བ་དེར་སོང་ངོ་། ། དགེ་སློང་མ་བཅུ་གཉིས་སྡེས་སེར་སྐྱའི་བུ་མོ་བཟང་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཐོང་ངོ་།། མཐོང་ནས་ཀྱང་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མི་ལ་འདི་སྐད་ཅེས་སྨྲས་སོ།། བདག་ཅག་ནི་རྒྱལ་པོའི་ཆུང་མ་དང་ལྷན་ཅིག་གསོ ་སྦྱོར་ཉམས་སུ་མྱོང་བར་མི་བགྱིད་དོ། ། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མིས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་ཁྱོད་སོང་ལ་རྒྱལ་པོའི་གན་དུ་སོང་སྟེ་གོས་དང་རྒྱན་སླར་བྱིན་ལ་རྒྱལ་པོས་གནང་བར་གྱིས་ཏེ། ་གོས་ངུར་སྨྲིག་གྱོན་ལ་སླར་བདག་ཅག་གི་དྲུང་དྲོ་ཤོག་ཤིག། ད་ནས་སེར་སྐྱའི་བུ་མོ་བཟང་མོས་སྐྱེ་དགུའི་བདག་མོ་ཆེན་མོ་གོ་ཏ་མིའི་ཚིག་མཉན་ནས་རྒྱལ་པོ་མ་སྐྱེས་དགྲའི་ཁྱིམ་གལ་བ་དེར་སོང་ངོ་།། དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲ་སད་ནས་སེར ་སྐྱའི་བུ་མོ་བཟང་མོ་མཐོང་སྟེ། འཁྱུད་པར་བརྩམས་སོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོ་སྟེ་ནིནམ་མཁའ་ལ་མངོན་པར་འཕགས་སོ།། དེ་ནས་རྒྱལ་པོ་མ་སྐྱེས་དགྲས་སོར་སྐྱའི་བུ་མོ་བཟང་མོ་དད་པའི་རྒྱལ་པོ་འདབ་མ་བརྒྱད་པ་ལྟར་སྟེང་གི་ནམ ་མཁའ་ལ་མངོན་པར་འཕགས་པར་མཐོང་ངོ་། ། མཐོང་ནས་འཇིགས་ཤིང་སྐྲག་ལ་ཡིད་བྱུང་སྟེ་སྤྱི་བུད་ཞེས་བྱེད་ནས་བསམས་པ། ཅི་རེ་ཤིག་ལྷ་མོ་ཡིན་ནམ། འོན་ཏེ་ཀླུ་མོ་འམ། དྲི་ཟ་མོ་འམ། གནོད་སྦྱིན་མོ་འམ། སྲིན་མོ་ཡིན་སྙམ་དུ་སེམས ་ཏེ། ། ཚིགས་སུ་བཅད་པ་ཡང་སྨྲས་པ། ཁྱོད་ཅི་ལྷ་མོ་འམ་ཀླུ་མོ་འམ།། གནོད་སྦྱིན་སྲིན་མོ་དྲི་ཟ་མོ།། བུད་མེད་འདྲེ་མོ་འམ་ཅི་ཡིན་པ།། དྲིས་པ་དེ་ནི་བདག་ལ་གསུངས།། དེ་སྐད་ཅེས་སྨྲས་པ་དང་། སེར་སྐྱའི་བུ་མོ་བཟང་མོས་རྒྱལ་པོ་མ་སྐྱེས་དགྲ་ལ ་འདི་སྐད་ཅེས་སྨྲས་སོ། ། བདག་ནི་ལྷ་མོ་མམོ་མེདན།། དྲི་ཅི་གནོད་སྦྱིན་སྲིན་མ་མིན།། མེ་དཔང་བདག་ནི་བདེ་གཤེགས་ཀྱི།། བྱབ་བྱས་པའི་ཉན་ཐོས་པའོ།། དེ་ནས་རྒྱལ་པོམ་སྐྱེས་དཀྱུས་ཚིག་དེ་ཐོས་ནས་རི་དགུས་དང་འདྲ་བར་དྲུག་དྲུ་གཉིས་པ ་གནང་དུ་བསྐྲུན་ནས་ཀྱི་ཧུད་ཀྱིས་ཨ་ལ་ལ་སྡིག་པ་ཆེན་པོ་བྱས་སོ་སྙམ་ནས་ཚིགས་སུ་བཅད་པ་ཡང་སྨྲས་པ། བདག་ནི་རྒྱ་མཚོའི་བ་མཐའ་འདྲ་བ་ཡི།། སྡུག་བསྔལ་གཅིག་མཐིར་རེ་ཤིག་མི་བྱིན་ན།། ང་ནི་གཉིས་པ་ཉེ་བར་གནས་གྱུར་ཏེ། ་ཐུགས་ཡོད་པས་ན་བདག་ལ་གནོད་མད་འབྱུང་།། དེ་དེ་ལྟར་སེམས་པ་ལས་བརྒྱལ་ནས་སའི་སྟེང་དུ་འགྱེལ་བ་ལས་རེ་ཤིག་ན་ཆུས་གཏོར་ནས་བསླང་ངོ་།། དེ་ནས་རྒྱལ་པོ་མ་སྐྱེས་དགྲས་རང་གི་སེམས་རྙེད་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད ་ཅེས་སྨྲས་སོ། ། ཀྱེམ་ཨ་ལ་ལ་བདག་ནི་སྲས་ཤིང་སྣང་བས་འཁོར་བར་འཁོར་བ་ན་ཤིན་ཏུ་སྨྲས་པར་གྱུར་ན་མི་རུང་བས་འཕགས་མ་མ་གཤེགས་མར་གཤེགས། ཉེས་པར་སྤྱོད་པའི་འདམ་གྱི་ཆུ་བོར་བྱིད་པ་བདག་གི་སྡུག་པ་ནས་དྲང་དུག ་དེནས་སར་སྣའི་བུ་མོ་བཟང་མོས་དེ་རྗེས་སུ་གཟུང་བའི་ཕྱིར་བབས་སོ། ། བབས་ནས་བསྟན་པཤམས་པ་ལ་འདུག་གོ།། དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ལྡན་ཤིང་རྩ་བནས་བཅད་པ་བཞིན་དུ་སེར་སྒྲའི་བུ་མོ་བཟང་པོའི་རྐང་པ་གཉིས་ལ ་གཟུགས་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་གདུལ་དཀའ་བ་རྣམས་ལ་བཟོད་པ་མཛད་དུ་གསོལ།། སོ་སྐྱའི་བུ་མོ་བཟང་མོས་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཆེན་པོ་བདག་བཟོད་དོ།། རེ་ཤིག་ན ་སེར་སྱའི་བུ་མོ་བཟང་མོས་གོས་དང་རྒྱན་རྣམས་རྒྱལ་པོ་ལ་བྱིན་ནོ། ། རྒྱལ་པོས་ཀྱང་གོས་ངུར་སྨྲིག་དག་སེར་སྐྱའི་བུ་མོ་བཟང་མོ་ལ་བྱིན་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་ཀྱང་སྨྲས་སོ།། འཕགས་མ་ཁྱོད་ལ་ཇི་སྲེད་འཚེར ་བར་དུ་ཆོས་གོས་དང་། བསོད་སྙོམས་དང་། མལ་བསྟན་དང་། ནད་ཀྱི་གསོས་སྨན་དང་ཡོ་བྱད་རྣམས་ཀྱིས་བསྟབས་པར་བགྱིའོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ།། ལྷ་ཕལ་ཆེར་བདག་གི་ལས་ཀྱི་ཉེས ་བ་ལགས་ཀྱི། ཁྱོད་ཀྱི་ཉེས་པ་ནི་མ་ཡིན་ནོ།། དེ་ཅིའི་སླད་དུ་ཞེ་ན། ལྷ་བཅོམ་ལྡན་འདས་ཀྱིས། གང་དུ་གནས་ན་ལས་ཀྱིས་མི་ཚུགས་པའི།། ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ།། པར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད།། རེ་རྣམས་ཀྱི་ནི་གསེབ་ཏུ་ཞུགས ་ནའང་མེད་ཅེས་གསུངས་སོ། ། ལྷ་གཞན་ཡང་། ཇི་ལྟར་གྲིབ་མ་མིའི་རྗེས་འབྲང་བ།། འདུག་ན་འདུག་ལ་འགྲོ་ན་འགུལ་བ་ལྟར།། དེ་བཞིན་དགེ་དང་མི་དགེ་གྲིབ་མ་ལྟར།། སངས་རྒྱས་སྨྲ་བའི་བླ་ན་མེད་པར་གསུང་།། དེ་ནས་སེར་སྐྱའི་བུ་མོ ་བཟང་མོས་རྒྱལ་པོ་མ་སྐྱེས་དགྲ་ལ་ཚིག་སྙིང་སྡུད་པར་བྱེད་པ་དེ་ལྟ་བུའི་ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེང་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟེང་གི་ནམ་མཁའ ་ལ་མངོན་པར་འཕགས་ཏེ་སླར་ཡང་དགེ་སློང་མའི་དབྱར་ཁང་དུ་སོང་ངོ་། ། ཡང་བཅུ་གཉིས་སྡེ་རྣམས་ཀྱིས་འདི་སྐད་ཅེས་བདག་ཅག་ནི་དགེ་སློང་མ་ཉམས་པ་དང་ལྷན་ཅིག་གསོ་སྦྱོང་མི་བྱའོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས ་ལ་སྨྲས་སོ། ། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ངའི་གཉི་གའི་དགེ་འདུན་གྱིས་དོན་ཤེས་པ་དང་། ངས་བསླབ་པའི་གཞི་ཡང་ལེགས་པར་བཅས་པར་འགྱུར་རོ་སྙམ་དུ་དགོངས་ནས་བྱུང་བ་འདི་དང་། ་གླིང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་གཉི་གའི་དགེ་འདུན་བསྡུ་བ་མཛད་དོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི་མི་མཁྱེན་པར་མ་ཡིན། དུས་སུ་ཡིན་གྱི་དུས་མ་ཡིན་པར ་མ་ཡིན། དོན་དང་ལྡན་པ་ཡིན་གྱི་དོན་དང་མི་ལྡན་པར་མ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་མི་ལྡན་པར་རྨེ་པ་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ།། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི ་འདི་ལྟ་སྟེ། དོན་དང་ལྡན་པར་རྨད་པ་ལ་དུས་མཁྱེན་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་ལ་སྨྲས་པ། དགེ་སློང་མ་ཁྱོད་ཀྱིས་དེ་ལྟར་བྱས་པ་བདེན་ནམ། བཙུན་པ་མང་ངོ་།། དགེ་སློང་མ་ཁྱོད་ཀྱིས་བདག ་གིར་མ་བྱས་སམ། དེས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བདག་ནི་རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ལགས་ན་བདག་གིས་ཇིའི་སླད་དུ་བདག་གིར་བགྱིད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས ་སུ་འཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་འཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨང་ནས་གཉིས་གའི་དགེ་འདུན་ལ ་བཀའ་སྩལ་པ། དགེ་སློང་དང་། དགེ་སློང་མ་དག་དེ་ལྟ་བས་ན་ཕན་ཡོན་བཅུ་པོ་འདི་ལྟ་སྟེ། དགེ་འདུན་བསྡུ་བར་བྱ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་། དགེ་འདུན་འཐུན་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ ་བར་གནས་པར་བྱ་བའི་ཕྱིར་དང་། གནོད་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པར་བྱ་བའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་། མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་། དད་པ་རྣམས་ཕྱིར། ་ཞིང་འཕེལ་ལ་རྒྱས་པར་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང་། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དང་། ཚངས ་པར་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བསྟན་པ་འཐུན་པར་བྱ་བའི་ཕྱིར་དང་། དེའི་བསྟན་པ་ཡངས་པར་གྱུར་པ་སྐྱེ་བོ་མང་པོ་ལ་ཕན་པ་ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར ་འགྱུར་བ་ལ་གཟིགས་ནས་འདུལ་བ་ལ་ཉན་ཐོས་མ་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱའོ། ། དེའི་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས ་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ་ཞིང་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང ་མ་དེ་ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ། ། ཡང་དགེ་སློང་མ་ཞེས་བྱ་བ་ནི་དགེ་སློང་མ་རྣམ་བཞི་པོ་མིང་གི་དགེ་སློང་མ་དང་། ཁས་འཕྱེ་བའི་དགེ་སློང་མ་དང་། སློང་བའི་ཕྱིར་དགེ་སློང་མ་དང་། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ ་སློང་མའོ། ། དེ་ལ་མིང་གི་དགེ་སློང་མ་གང་ཞེ་ན། གང་གི་མིང་དང་། མིང་དུ་བརྗོད་པ་དང་ཚིག་གཉིས་པ་དང་། ཚིག་བླ་དགས་དང་། འདུ་ཤེས་དང་། བོང་བ་དང་། གདགས་པ་དང་། ཐ་སྙད་ཀྱིས་དགེ་སློང་མ་ཞེའམ། དགེ་སློང་མའི་རིགས་ཤེ་འམ། ་དགེ་སློང་མ་དང་འདྲ་བར་གྱུར་པ་ཞེས་བྱ་བ་དེ་ནི་མིང་གི་དགེ་སློང་མ་ཞེས་བྱའོ།། ཁས་འཕྱེ་བའི་དགེ་སློང་མ་གང་ཞེ་ན། གང་དགེ་སློང་མ་མ་ཡིན་བཞིན་དུ་བདག་ཉིད་དགེ་སློང་མའོ་ཞེས་ཁས་འཆེ་བར་བྱེད་པ་དང་། རྐུ་ཐབས་སུ་གནས་ཤིང་། ་ཡང་དགེ་སློང་མ་ཡིན་ནོ་ཞེས་བདག་ཉིད་དགེ་སློང་མས་ཁས་འཕྱེ་བའི་དགེ་སློང་མ་ཞེས་བྱའོ།། སློང་བའི་ཕྱིར་དགེ་སློང་མ་གང་ཞེ་ན། གང་ཆོས་དང་ལྡན་པས་སློངས་མོ་སྤྱོད་པས་འཚོ་བར་བྱེད་པ་དེ་ནི་སྤོང་བའི་ཕྱིར་དགེ་སློང་མ་ཞེས ་བྱའོ། ། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་གང་ཞེ་ན། གང་གི་ཟག་པ་ཀུན་ནས་ཉོན་མོངས་པར་བྱེད་པ། ཡང་སྲིད་པར་བྱེད་པ། རིམས་ནད་དང་བཅས་པ། རྣམ་པར་སྨིན་པ་སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། ་འཆི་བར་འགྱུར་བ་གང་དག་ཡིན་པ་དེ་དག་སྤངས་པ་དང་། ཡོངས་སུ་ཤེས་པ་དང་། རྩུབ་ནས་བཅད་པ་དང་། ཤིང་ཏ་ལའི་མགོ་བཞིན་དྲུག་ནི་མི་སྣང་བ་དང་ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་དེ་ནི་ཉོན་མོངས་པ་བཅོམ་པའི་བྱེར། ་དགེ་སློང་མ་ཞེས་བྱའོ།། དེན་འདིར་ནི་གསོལ་བ་དང་བཞིའི་ལས་མི་གཡོ་བ་བཞག་པར་མི་འོས་པས་བསྟན་པར་རྫོགས་པ་གང་ཡིན་པ་དེ་དགེ་སློང་མར་དགོངས་ཏེ། དེས་ན་ཡང་དགེ་སློང་མ་ཞས་གསུངས་སོ།། དགེ་སློང་མ་རྣམས་དང ་ལྷན་ཅིག་ཅེས་བྱ་བ་ནི་དེ་ལས་གཞན་པ་ཆོས་འཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ངོ་། ། བསླབ་པ་མཚུངས་པ་ཞེས་བྱ་བ་ནི་བསླབ་པ་གང་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་མས་བསླབ་པར་བྱ་བ་དེ་ལ ་དེང་བསྙེན་པར་རྫོགས་པས་དང་། དེང་བསྙེན་པར་རྫོགས་པའི་གང་ཡིན་པ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་ངོ་ཞེས་འདི་ལ་ཚུལ་ཁྲིམས་ཉིད་ཀྱིས་མཉམ་པ་དང་། བསླབ་པ་ཉིད་ཀྱིས་མཉམ་པ་དང་། སོ་སོ་ཐར་པའི་མདོ ་འདོན་པ་ཉིད་ཀྱིས་མཉམ་པ་གང་ཡིན་པ་དེ་ནི་བསླབ་པ་མཚུངས་པ་ཞེས་བྱ་སྟེ། དེས་ན་བསླབ་པ་མཚུངས་པ་ཞེས་གསུངས་སོ།། གྱུར་པས་ཤེས་བྱ་བ་ནི་སོང་བས་སོ།། བསླབ་པ་མ་ཕུལ་ཞེས་བྱ་བ་ལ་ཇི་ཙམ་གྱིས་ན་བསླབ་པ་མ་ཕུལ་བ།། ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་མ་ཁྲོས་ཤིང་ཁྲོ་བའི་ཟིལ་གྱིས་ནོན་པས་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ།། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པས་བསླབ་པ་འབུལ་ན་བསླབ་པ་མ ་ཕུལ་བར་བརྗོད་པར་བྱའོ། ། ཁྲོས་པ་འམ། ཁྲོས་པའི་ཟིལ་གྱིས་ནོན་པའི་དྲུང་དུ་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ།། དགེ་སློང་མ་གླེན་མའི་དྲུང་དུ་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ།། གླེན ་མ་ཇི་ལྟ་བ་བཞིན་དུ་ལྐུག་པ་དང་། འོན་མ་དང་། གཉིད་ཀྱིས་ལོག་པ་དང་། སྙོམས་པར་ཞུགས་པ་དང་། ལྷའི་གཟུགས་བརྙན་དང་། སངས་རྒྱས་ཀྱི་གཟུགས་བརྙན་དང་། མི་མ་ཡིན་པ་དང་། སྤྲུལ་པ་དང་། དུད་འགྲོར་གྱུར་པའི་དྲུང་དུ ་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། ། དབུས་པ་མཐའ་འཁོབ་པའི་ཚིག་གིས་དབུས་པ་ལ་བསླབ་པ་འབུལ་བར་བྱེད་ལ་དབུས་པས་གལ་ཏེ་མཐའ་འཁོབ་པའི་ཚིག་སྨྲས་པ་དེ་མ་ཤེས་ན་བསླབ་པ་མ་ཕུལ་བ ་བརྗོད་པར་བྱའོ། ། དེ་བཞིན་དུ་མཐའ་འཁོབ་པ་དབུས་པའི་ཚིག་གིས་མཐའ་འཁོབ་པ་ལ་འབུལ་བར་བྱེད་ལ། གལ་ཏེ་མཐའ་འཁོབ་པས་དབུས་པའི་ཚིག་དེ་མ་ཤེས་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ།། མཐའ་འཁོབ་པ ་མཐའ་འཁོབ་པའི་ཚིག་གིས་དབུས་པ་ལ་བསླབ་པ་འབུལ་བར་བྱེད་ལ། གལ་ཏེ་དབུས་པས་མཐའ་འཁོབ་པའི་ཚིག་སྨྲས་པ་དེ་མ་ཤེས་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ།། དབུས་པ་དབུས་པའི་ཚིག་གིས་མཐའ ་འཁོབ་པ་ལ་བསླབ་པ་འབུལ་བར་བྱེད་ལ། གལ་ཏེ་མཐའ་འཁོབ་པས་དབུས་པའི་ཚིག་སྨྲས་པ་དེ་མ་ཤེས་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ།། དབེན་པར་མི་དབེན་པའི་འདུ་ཤེས་ཀྱིས་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར ་བརྗོད་པར་བྱའོ། ། མི་དབེན་པར་དབེན་པའི་འདུ་ཤེས་ཀྱིས་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ།། ཅ་ཅོ་ཅན་གྱིས་ཅ་ཅོ་ཅན་ལ་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ།། བསླབ་པ ་འབུལ་བར་འདོད་པས་དགེ་སློང་མ་རྣལ་མར་གནས་པ་འགའ་ལ་ཡང་ཤེས་པར་མི་བྱེད་པར་བསླབ་པ་འབུལ་བར་བྱེད་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། ། ཞེས་གྲག་སྟེ། འདི་ནི་བསླབ་པ་མ་ཕུལ་བ་ཞེས་བྱའོ།། །། ་དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། བམ་པོ་གསུམ་པ།། བསླབ་པ་ཉམ་པར་མ་བྱས་པ་ཞེས་བྱ་བ་ལ། བསླབ་པ་ཉམས་པར་བྱས་ལ་བསླབ་པ་མ་ཕུལ་བ་ཡང་ཡོད། བསླབ་པ་ཉམས་པར་མ་བྱས་ལ ་བསླབ་པ་ཕུལ་བ་ཡང་ཡོད། བསླབ་པ་ཉམས་པར་བྱས་ལ་བསླབ་པ་ཕུལ་བ་ཡང་ཡོད། བསླབ་པ་ཉམས་པར་མ་བྱས་ལ་བསླབ་པ་མ་ཕུལ་པ་ཡང་ཡོད་དོ།། ཇི་ཙམ་གྱིས་ན་བསླབ་པ་ཉམས་པ་མ་བྱས་ལ་བསླབ་པ་ཕུལ་བ་མ་ཡིན ་ཞེ་ན། འདི་ལྟ་སྟེ། དགེ་སློང་མ་ཕྲད་པར་འདོད་པ་འམ། མངོན་པར་མི་དགའ་བ་འམ། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བ་འམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ། མུས་བུ་བ་འམ། ཐེ་ཙོམ་ཟབ ་2མ། སྨོད་པ་དེ་དགེ་སློང་མའི་དྲུང་དུ་ཉེ་བར་འོངས་ནས་འདི་སྐད་ཅེས། འཕགས་མ་དག་ཚངས་པར་སྤྱོད་པ་སྤྱད་དཀའོ།། རབ་ཏུ་དབེན་པར་བྱ་དཀའོ།། གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ།། གནས་མས་དབེན་པ་དང་། ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་འཛིནམ་བརྒྱ་པ་འདི་སྐད་དགེ་སློང་བྲམ་པ་ཞེས་ཟེད་ན་བསླབ་པ་ཟས་པར་བད་པར་བྱའོ། ། སངས་རྒྱས་དེ། མ་གཏོང་།། དགེ་འདུན་གཏོང་།། མཁན་པོ་དང་། སློབ་དཔོན་གཏང་ཞེས་ཟེང་ཞིང། ་ནའདི་སྐད་ཅེས་བདག་དགེ་སློང་མར་གཟུང་དུ་གསོལ། བདག་ཁྱིམ་པ་མོར་གཟུང་དུ་གསོལ།། བདག་ཟ་བ་དང་། མ་ནིད་དང་། དགེ་སློང་སུན་བྱུང་བང་བཟུང་དུ་གསལ། མ་བ་སད་པ་དང་། བ་བསད་པ་དང་། དགྲ་བཅོམ་པ་བསད ་བ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་དང་། རྐུ་ཐབས་སུ་གནས་པ་འམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་ཞུགས་པ་ཡིན་ནོ་ཞེས་ཟེར་བ་འམ། འདི ་སྐད་ཅེས་བདག་ཁྱེད་ལྟ་བུ་ཆོས་འཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཆོག་གོ་ཞེས་ཟེར་ཞིང་དེ་ལྟར་རྣམ་པར་འཁྱམ་འདོད་པའི་ངག་དང་། ཚིག་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། སྨྲ་བའི ་ཚིག་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་ཀྱིས་འདི་སྐད་ཅེས་བདག་བསླབ་པ་གཏོང་ངོ་ཞེས་སྨྲན། བསླབ་པ་ཕུལ་བར་བརྗོད་པར་བྱ་སྟེ། འདི་ནི་བསླབ་པ་ཉམས་པར་མ་བྱས་ལ་བསླབ་པ་ཕུལ་བ་ཡིན་ནོ།། ཇི་ཙམ་གྱིས་ན ་བསླབ་པ་ཉམས་པར་ཡང་བྱས་ལ་བསླབ་པ་ཕུལ་བ་ཡང་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་མ་ཕྲད་པར་འདོད་པ་འམ། མངོན་པར་མི་དགའ་བ་འམ། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་མི་འདོད་པ་འམ། དགེ་སྦྱོང་གི་ཚུལ་གྱིས ་སྒྱིད་ལུག་པ་འམ། མུས་བྱུང་བ་འམ། ཐེ་ཚོམ་ཟ་བ་འམ། སྨོད་པ་དེ་དགེ་སློང་མའི་དྲུང་དུ་ཉེ་བར་འོངས་ནས་འདི་སྐད་ཅེས། འཕགས་མ་དག་ཚངས་པར་སྤྱོད་པ་སྤྱད་དཀའོ།། རབ་ཏུ་དབེན་པ་བྱ་དཀའོ།། བདག་ཉིད་གཅིག་པུ་ལ་མངོན་པར ་དགའ་བ་དཀའོ། ། གནས་མལ་དགོན་པ་དང་། ནགས་མདབ་དང་། བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའོ།། བདག་ཇི་སྲིད་འཚོའི་བར་དུ་མི་རྣམས་ཀྱིས་དགའ་བ་དང་། རྩེད་མོ་རྣམས་དང་བྲལ་བར་བྱས་པར་འགྱུར་རོ།། བདག ་ཇི་སྲིད་འཚེའི་བར་དུ་རྩཝ་དང་། ལོ་མ་དང་། ཤིང་ལོ་བཏིང་བའི་མལ་བྱེད་པར་འགྱུར་རོ།། བདག་ཇི་སྲིད་འཚོའི་བར་དུ་གཞན་གྱི་ཁྱིམ་དུ་གཞན་གྱི་དོར་བལྟ་དགོས་པར་འགྱུར་རོ།། བདག་ཇི་སྲིད་འཚོའི་བར་དུ་འདི་ལྟར་གཞན་ལས ་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་གསོས་ཀྱི་སྨན་དང་། ཡོ་བྱད་དག་ཚེལ་ཁྲོ་བྱ་དགོས་སོ།། མ་དྲན་ནོ། ཕ་དང་། མིང་པོ་དང་། ཕུ་ནུ་མོ་དྲན་ནོ།། བདག་ཁྱིམ་བཟང་པོ་དག་ཏུ་གཏད་པར་མཛོད་ཅིག་ཅེས་ཟེར་ཞིང ་འདི་སྐད་ཅེས། ཆོས་དང་ལྡན་མ་དག་དགོངས་སུ་གསོལ།། བདག་མིང་འདི་ཞེས་བགྱི་བ་འདི་ལྟར་བསླབ་པ་འབུལ་ལོ།། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། མཁན་པོ་དང་། སློབ་དཔོན་གཏོང་ངོ་ཞེས་སྨྲ་བ་དང་། ཐ་ན་འདི ་སྐད་ཅེས་བདག་དགེ་སྦྱོང་མར་གཟུང་དུ་གསོལ། བདག་ཁྱིམ་པ་མོར་གཟུང་དུ་གསོལ། བདག་ཟ་མ་དང་། མ་ནིང་དང་། དགེ་སློང་སུན་ཕྱུང་བར་གཟུང་དུ་གསོལ། མ་བསད་པ་དང་། ཕ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན། ་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་པར་གནས་པ་དང་། གནས་པར་བྱ་བ་མ་ཡིན་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་ཡིན་ནོ་ཞེས་ཟེར་བ་འམ། འདི་སྐད ་ཅེས་བདག་ཁྱེད་ལྟ་བུ་ཆོས་དང་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཆོག་གོ་ཞེས་ཟེར་ཞིང་། འདི་ལྟར་རྣམ་པར་འཁྱམ་འདོད་པའི་ངག་དང་ཞེས་བྱ་བ་མུ་དང་པོ་ཇི་ལྟ་བ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱའོ།། དེ་ལྟར ་ཕྱོགས་གཉི་གའི་ཚིག་སྨྲ་བ་འདི་ནི་བསླབ་པ་ཉམས་པར་བྱས་པ་ཡང་ཡིན་ལ་བསླབ་པ་ཕུལ་བ་ཡང་ཡིན་ནོ། ། ཇི་ཙམ་གྱིས་ན་བསླབ་པ་ཉམས་པར་མ་བྱས་ཤིང་བསླབ་པ་མ་ཕུལ་བ་ཡིན་ཞེ་ན། རྣམ་པ་དེ་དག་མ་གཏོགས་པ་ནི། ་བསླབ་པ་ཉམས་པར་མ་བྱས་ལ་བསླབ་པ་མ་ཕུལ་བ་ཡིན་ནོ།། མི་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་གཉིས་ཀྱིས་གཉིས་སྤོད་པའོ།། འཁྲིག་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་གང་ཡིན་པ་དེ་ཉིད་འཁྲིག་པ་ཡང་ཡིན་ནོ།། ཆོས་ཤེས ་བྱ་བ་འདི་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་གསུངས་པའོ། ། བསྟེན་ན་ཞེས་བྱ་བ་ནི་ལྷག་པར་སྤྱད་ནའོ།། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དང་། ལྷན་ཅིག་ཀྱང་རུང་སྟེ་ཞེས་བྱ་བ་ནི་དོམ་དང་། སྤྲེའུ་ལ་སོགས་པ་དང་ལྷན་ཅིག་ཏུའོ།། ། ་དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པར་གྱུར་པའོ།། དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པར་གང་ཡིན་པའོ།། བསྙེན་པར་རྫོགས་པ་གང་ཞེ་ན། གསོལ་པ་དང་བཞིའི་ལས་ཀྱིས་བྱ་བ ་བྱེད་པ་ཉིད་དང་། རྟོག་པ་ཉིད་དང་། ཡང་དག་པར་རྟོག་པ་ཉིད་དང་། མཐར་ཕྱིན་པར་བྱེད་པ་ཉིད་དང་། ཡང་དག་པར་མཐར་ཕྱིན་པར་བྱེད་པ་དང་། གང་ཟག་དེའི་ཁས་ལེན་པ་དང་། མངོན་པར་ཁས་ལེན་པ་དང་། ཕྱིར་མི ་ཟློག་པ་དང་། ཕྱིར་མི་ལྡོག་པ་དང་། ཕྱིར་མི་འགོག་པ་ཉིད་དང་། ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། བརྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་ཏུ་རྗོད་པ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད།། ་གང་ཡིན་པའོ།། འདི་ཞེས་བྱ་བ་དེ་ནི་ཉེ་བར་བསྟན་པ་དང་། ཀུན་དུ་བསྟན་པའི་ཚིག་བླ་དགས་སོ།། ཕས་ཕམ་པར་གྱུར་པ་ཡིན་གྱིས་ཤེས་བྱ་བ་ནི་དེ་ཐ་མ་དང་། ལྟུང་བ་དང་། དམན་པ་དང་། མཇུག་ན་འདུག་པ་དང་། ཐ་ཆད་དང་། ཡིད། ་དང་མི་མཐུན་པའོ།། ཡང་གང་གིས་ལྷུང་བ་དེ་བྱས་མ་ཐག་ཏུ་དགེ་སློང་མར་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་བར་འགྱུར། ཤཱཀྱའི་སྲས་སུ་མི་རུང་། དགེ་སློང་མའི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི ་ཚུལ་ཞིག་པ་ཡིན། ཉམས་པ། བཅོམ་པ། ལྟུང་བ། ཕས་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླད་དུ་མེད་པར་འགྱུར་རོ།། འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལིའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང ་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་དེ་བཞིན་དུ། དགེ་སློང་མས་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་མར་མི་རུང་ཞེས་བྱ་བའི་བར་དེ་སྔ་མ་བཞིན་ནོ།། གནས་པར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་མ་རྣམས་ཀྱིས་དེ་དང ་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་པ་དང་། གཉིས་དང་། གསོལ་པ་དང་། བཞིའི་ལས་ཉམས་སུ་མྱོང་བར་མི་བྱ་ཞིང་། གང་ཟག་བཅུ་གཉིས་པ་དག་ཏུ་སྐོབས་བརྐོ། བར་མི་བྱ་བ་སྟེ། དེས་ན་གནས་པར་མི་བྱའོ།། ་ཞེས་གསུངས་སོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། སྡོམ་ལ། འབའ་ཤིག་ནང་ན་གནས་གསུམ་གྱིས།། མི་ལ་སོགས་དང་ལྷན་ཅིག་དང་།། སྟེན་ལ་གཞོལ་དང་རྩོལ་བ་དང་།། མྱོས་པར་བྱས་དང་མཐུས་འཛིན་པའོ།། དགེ་སློང ་མས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཕས་ཕམ་པར་འགྱུར་བའོ། ། ཡང་དགེ་སློང་མ་གང་ཞིག་མི་དང་གནས་གསུམ་གྱིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་པས་ཕམ་པར་འགྱུར་ཏེ། ཁའམ། ་བཤང་བའི་ལམ་འམ། མོ་མཚན་དུ་བཅུག་ན་དགེ་སློང་མ་དེས་ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ།། ཇི་ལྟར་མི་དང་ལྷན་ཅིག་གནས་གསུམ་གྱིས་སྟེན་པར་བྱེད་པ་དེ་བཞིན་དུ་མི་མ་ཡིན་པ་དང་། དུད་འགྲོའི ་སྟེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཏུ་བསྟན་ན་ཡང་ཐམས་ཅད་དུ་ཕས་ཕམ་པར་འགྱུར་བའོ། ། ཡང་དགེ་སློང་མ་གང་ཞིག་སེམས་སྟོན་པ་ལ་གཞོལ་པ་དང་། སྟེན་པ་ལ་འབབ་པ་དང་། སྟོན་པ་ལ་བབ་པར་གྱུར་པས་མོ ་མཚན་པར་ཆད་དང་བཅས་པས་བར་ཆད་དང་བཅས་པ་དང་། བར་ཆད་དང་བཅས་པས་བར་ཆད་མེད་པ་དང་། བར་ཆད་མེད་པས་བར་ཆད་དང་བཅས་པ་དང་། བར་ཆད་མེད་པས་བར་ཆད་མེད་པར་མི་ཚངས་པར་སྤྱོད་པ་འཁྲིག ་པའི་ཆོས་བསྟེན་ན། ཐམས་ཅད་དུ་ཕས་ཕམ་པར་འགྱུར་རོ།། དེ་ལྟར་འདིར་དགེ་སློང་གི་ཕས་ཕམ་པ་དང་པོའི་དངོས་པོ་ཇི་ལྟ་བ་བཞིན་དུ་དགེ་སློང་མ་ཞེས་བརྗེབ་བྱས་ཏེ་འདིར་རྒྱས་པར་བརྗོད་པར་བྱའོ།། བདག་གིས་ནི་ཧ ་ཅངད་སྤྲོས་པས་འཇིགས་པའི་ཕྱིར་མ་བྲིས་སོ། ། ཕས་ཕམ་པར་འགྱུར་བ་དང་པོ་མདོར་བསྡུས་པ་རྫོགས་ཏེ། རྒྱས་པར་ནི་དགེ་སློང་གི་སོ་སོར་ཐར་པ་དང་། རྣམ་པར་འབྱེད་པ་བཞིན་ནོ།། །། སངས་རྒྱས་བཅོམ་ལྡན་འདས ་འོད་མིའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། ། དེའི་ཚེ་སྔོན་རྫ་མཁན་དགེ་སློང་ནོར་ཅན་རྒྱལ་པོའི་ཁབ་ན་དགོན་པའི་སྤྱིལ་བུ་ན་གནས་སོ།། དེ་ནས་སྔོན་རྫ་མཁན་དགེ་སློང་ནོར་ཅན་རྒྱལ་པོའི་ཁབ་ཏུ་སྤྱོད་ཡུལ་དུ་ཞུགས་པ ་དང་། རྒྱལ་པོའི་ཁབ་ཀྱི་མི་བ་ལང་རྫི་དང་། ཕྲུགས་རྫི་དག་དང་། རྩ་ཐུན་དག་དང་། ཤིང་ཐུན་དག་དང་། ལམ་གྱིས་འཚོ་བ་དག་དང་། ལམ་གོལ་བས་འཚོ་བའི་མི་དག་གིས་སྤྱིལ་བུ་བཅོམ་ཞིང་རྣམ་པར་དཀྲུགས་ཏེ་རྩ་དང་། ཤིང་ཐམས་ཅད་ཀྱང་ཁྱེར་རོ།། ་དེའི་འོག་ཏུ་སྔོན་རྫ་མཁན་དགེ་སློང་ནོར་ཅན་འོངས་པ་དང་ཞེས་བྱ་བ་ནས། དེ་བཞིན་དུ་སྔོན་རྫ་མཁན་དགེ་སློང་ནོར་ཅན་ལས་གླེངས་ནས་མ་ཤ་ཀ་ལཱ་འམ། མ་ཤ་ཀ་ལྔ་ལས་ལྷག་པ་ཞེས་བྱ་བའི་བར་དུའོ།། དེ་ནས་ས་ངས ་རྒྱས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་གཉི་གའི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ནས། གཉི་གའི་དགེ་འདུན་གྱིས་ཤེས་པ་དང་། དེས་འདུལ་བ་ལ་བསླབ་པའི་གཞི་ལེགས ་པར་བཅས་པར་འགྱུར་བ་ཞེས་བྱ་བའི་བར་དུའོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨད་ཀྱི་མི་མཁྱེན་པར་མ་ཡིན་ཞེས་བྱ་བའི་བར་དུ་ཕས་ཕམ་པ་ན་དང་པོ་སྔ་མ་ཇིམ ་བ་བཞིན་དུ་ཐམས་ཅད་བརྗོད་པར་བྱའོ། ། དེ་བཞིན་དུ་ཕན་ཡོན་བཅུ་ཞེས་བྱ་བའི་བར་དུ་ཕས་ཕམ་པ་དང་པོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། ཡང་དགེ་སློང་མ་གང་གཞན་དག་གི་གྲོང་ན་འདུག་པ་འམ། དགོན་པ་ན་འདུག་པ་མ་བྱིན ་པ་རྐུ་བའི་རྣམ་གྲངས་སུ་གཏོགས་པ་བླངས་ནས། ཇི་ཙམ་མ་བྱིན་པར་བླངས་པས་དེ་རྒྱལ་པོའམ་བློན་པོ་ཆེན་པོས་བཟུང་ནས། དེ་ལ་འདི་སྐད་ཅེས་ཀྱི་དགེ་སློང་མ་ཁྱོད་ནི་རྐུན་མའོ།། བྱིས་པའོ།། བླུན་པའོ།། རྐུན་པའོ་ཞེས་ཟེར་ཞིང ་གསོད་དམ། འཆིང་ངམ། སྔགས་ཀྱང་རུང་སྟེ། དགེ་སློང་མ་དེ་དེ་ལྟར་མ་བྱིན་པར་ལེན་ན། དགེ་སློང་མ་དེ་ཡང་ཕས་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་དགེ་སློང་མ་བཞི་པོ་མིད ་གི་དགེ་སློང་མ་དང་། ཁས་འཚོ་བའི་དགེ་སློང་མ་དང་། སློང་བའི་ཕྱིར་དགེ་སློང་མ་དང་། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་ལས་ཞེས་བྱ་བའི་བར་དུ་ཕས་ཕམ་པ་དང་པོ་སྔ་མ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ།། གཞན ་དག་གི་ཞེས་པ་ནི་སྐྱེས་པ་དང་། བུད་མེ་ད་དང་། མ་ནིང་གིའོ།། གྲོ་ངན་འདུག་པ་འམ་ཞེས་བྱ་བ་ནི་ར་བའི་ནང་ན་འདུག་པའོ།། དགོན་པ་ན་འདུག་པ་ཞེས་བྱ་བ་ནི་ར་བའི་ཕྱི་རོལ་ན་འདུག་པའོ།། མ་བྱིན་པ་ཞེས་བྱ་བ་ནི་དེ་ལ་སྐྱེས་པ་འམ་བུད། ་མེད་དམ་མ་ནིང་གང་གིས་ཀྱང་མ་བྱིན་པའོ།། རྐུ་བའི་གྲངས་སུ་གཏོགས་པ་ཞེས་བྱ་བ་ནི་མ་བྱིན་པ་གང་ཡིན་པ་དེ་རྐུ་བའི་གྲངས་སུ་གཏོགས་པ་ཡང་ཡིན་ནོ།། བླངས་ན་ཞེས་བྱ་བ་ནི་ལེན་ནའོ།། ཇི་ཙམ་ན་མ་བྱིན་པར་བླངས་པས་ཞེས་བྱ་བ་ནི་མ ་ཤཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པས་སོ།། དེ་རྒྱལ་པོ་འམ་ཞེས་བྱ་བ་ནི་སྐྱེས་པའམ། བུད་མེད་དམ། མ་ནི་ང་ཡང་རུང་། རྒྱལ་སྲིད་ལ་དབང་བསྐུར་བས་དབང་བ་སུ་ར་བར་གྱུར་ན། དེ་དག་ནི་རྒྱལ་པོ་ཡང་ཡིན་ལ། དེ་དག་རྒྱལ་རིགས ་ཀྱང་ཡིན་དེ་དག་སྤྱི་བོ་ནས་དབང་བསྐུར་བ་ཡང་ཡིན་ནོ། ། བློན་པོ་ཆེན་པོས་ཞེས་བྱ་བ་ནི་དེ་ལས་གཞན་པ་བློན་པོ་དང་། རྩིས་མཁན་དང་། སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྲིད་བྱེད་པ་གསང་ཚིག་འཐུན་པས་འཚོ་བ་གང་དག་དེ་ལ་བརྟེན་ནས ་འཚོ་བར་བྱེད་པ་དག་གིས་སོ། ། བཟུང་ནས་ཤེས་བྱ་བ་ནི་བཟུང་ནས་སོ།། དེ་ལ་འདི་སྐད་ཅེས་ཀྱི་དགེ་སློང་མ་ཁྱོད་ནི་རྐུན་མའོ།། བྱིས་པའོ།། བླུན་པའོ།། རྐུ་བའོ་ཞེས་བྱ་བ་དེ་དག་ནི་སྤྱོ་བའི་ཚིག་གོ།། ཟེར་ཞིང་ཞེས་བྱ་བ་ནི་རྗོད་ཅིང་ངོ་།། གསོད་དམ ་ཞེས་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པའོ། ། འཆིང་ངམ་ཞེས་བྱ་བ་ནི་ཆིངས་མ་གསུམ་པོ་ལུགས་ལས་བྱས་པ་དང་། ཤིང་ལས་བྱས་པ་དང་། རྩཝ་ལས་བྱས་པ་དག་གིས་སོ།། སྦུགས་ཀྱང་རུང་ཞེས་བྱ་བ་ནི་ཡུལ་མེད་པར་བྱས་ཀྱང་རུང་སྟེའོ།། ་དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པའོ་ཞེས་བྱ་བ་ནས་དེ་ཡང་ཞེས་བྱ་བ་འདི་ནི་ཉེ་བར་བསྟན་པ་དང་། ཀུན་དུ་བསྟན་པའི་ཚིག་བླ་དགས་སོ་ཞེས་བྱ་བ་དང་། གསོལ་བ་དང་། གསོལ་པ་དང་། གཉིས་དང་། གསོལ་བ་དང་། ་བཞིའི་ལས་ཞེས་བྱ་བའི་བར་དུ་ཕས་ཕམ་པ་དང་པོ་ཇི་ལྟ་བ་དེ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། སྤྱི་སྡོམ་ལ། བདག་ཉིད་ས་དང་ནམ་མཁའ་དང་། སའི་གཅལ་དང་བཞོན་དང་ཟླ།། སྟོན་ཀ་འབྱུར་དང་ཆུ་དང་ནི།། ཧུ་དང ་ས་གཞི་འཚོལ་བ་དང་། ། རྐང་མེད་དང་ནི་གདོལ་པ་དང་།། འཕྱང་བར་གྱུར་པ་ཐ་མ་ཡིན།། སྡོམ་ལ། བདག་ཉིད་དང་ནི་མ་བྱིན་དང་། སེམས་དང་ཡོངས་སུ་བཟུང་བ་དང་། འདུ་ཤེས་དང་ནི་བཞི་པ་བཞི།། ལྔ་པ་གཉིས་སུ་བྱས་པ་ཡིན།། དགེ་སློང་མས ་རྒྱུ་གསུམ་གྱིས་གཞན་གྱི་ཡོ་བྱད་ལྕི་བ་མ་བྱིན་པར་ལེན་ན་ཕས་ཕམ་པར་འགྱུར་ཏེ། གསུམ་གང་ཞེ་ན། བདག་ཉིད་ཀྱིས་དང་། ཞལ་ཏ་བྱས་པས་དང་། མངགས་པས་སོ།། ཇི་ལྟར་བདག་ཉིད་ཀྱིས་ཤེས་ན། བདག་ཉིད་ཀྱིས་རྐུ་བ་དང་། བདག ་ཉིད་ཀྱིས་ཀུར་འཇུག་པ་དང་། བདག་ཉིད་ཀྱིས་གནས་ནས་གནས་སུ་སྦེད་པར་བྱེད་པ་སྟེ། དེ་ལྟར་ན་བདག་ཉིད་ཀྱིས་སོ།། ཇི་ལྟར་ཞལ་ཏ་བྱས་པས་ཞེ་ན། ཞལ་ཏ་བྱས་ཏེ་རྐུ་བ་དང་། ཞལ་ཏ་བྱས་ཏེ་རྐུར་འཇུག་པ་དང་། ཞལ་ཏ་བས་ཏེ་གནས་ནས ་གནས་སུ་སྦེད་པར་བྱེད་པ་སྟེ། དེ་ལྟར་ན་ཞལ་ཏ་བྱས་པས་སོ།། ཇི་ལྟར་མངགས་པས་ཤེ་ན། མངགས་ནས་རྐུ་བ་དང་། མངགས་ནས་ཆུང་བ་འཇུག་པ་དང་། མངགས་ནས་གནས་སུ་སྲེད་པར་བྱེད་པ་སྟེ།། དེ་ལྟར་མངགས་པས་སོ།། དགེ་སློང་མས་རྦ ་གསུམ་པོ་དེ་དག་གིས་གཞན་གྱི་ཡོ་བྱད་ལྕི་བ་མ་བྱིན་པར་བླངས་ན་ཕས་ཕམ་པར་འགྱུར་རོ། ། གཞན་ཡང་དགེ་སློང་མས་རྒྱུ་གསུམ་གྱིས་གཞན་དག་གི་ཡོ་བྱད་ལྕི་བ་བླངས་ན་ཕས་ཕམ་པར་འགྱུར་ཏེ། གསུམ་གང་ཞེ་ན། མ་བྱིན་པ་དང་། ལྕི་བ་དང་། ་གནས་ནས་གནས་སུ་སྦེད་པའོ།། ཇི་ལྟར་མ་བྱིན་པ་ཡིན་ཞེ་ན། སྐྱེས་པ་དང་། བུད་མེད་དང་། མ་ནིང་གང་གིས་ཀྱང་མ་བྱིན་པ་སྟེ། དེ་ལྟ་བུ་ནི་མ་བྱིན་པ་ཡིན་ནོ།། ཇི་ལྟར་ན་ལྕི་བ་ཡིན་ཞེ་ན། མ་ཤ་ཀ་ལྔ་འམ། མ་ཤ་ཀ་ལཱ་ལས་ལྷག་པ་སྟེ། དེ་ལྟར་ན་རྫི ་ཡིན་ནོ། ། ཇི་ལྟར་གནས་ནས་གནས་སུ་སྲེད་པ་ཡིན་ཞེ་ན། གནས་གང་དུ་གནག་པའི་གནས་དེ་ནས་སྤོས་ནས་གནས་གནན་དུ་འཛེག་པར་བྱེད་པ་སྟེ།། དེ་ལྟར་ན་གནས་ནས་གནས་སུ་སྦེད་པ་ཡིན་ནོ།། དགེ་སློང་མས་ཅུ་གསུམ་གྱིས་གཞན ་ཀྱི་ཡོ་བྱད་ལྕི་བ་མ་བྱིན་པར་བླངས་ན་ཕས་ཕམ་པའི་ལྟུང་བར་འགྱུར་རོ། ། གཞན་ཡང་དགེ་སློང་མས་རྒྱུ་གསུམ་གྱིས་གཞན་གྱི་ཡོ་བྱད་ལྕི་བ་མ་བྱིན་པར་ཐངས་ན་ཕས་ཕམ་པར་འགྱུར་ཏེ། གསམ་གང་ཞེ་ན། སེམས་པར་བྱེད་པ་དང་། ་བར་བྱེད་པ་དང་། གནས་ནས་གནས་སུ་སྲེད་པའོ།། དེ་ལྟར་སྡོམ་གྱི་ཚོགས་སུ་བཅད་པ་རྒྱས་པར་དགེ་སློང་གི་རྣམ་པར་འབྱེད་པ་ལས་ཇི་ལྟར་འཐུང་བ་དེ་བཞིན་དུ་བརྗོད་པར་བྱ་ཞིང་། དེ་ལས་དགེ་སློང་ཞེས་འབྱུང་བ་ནི་དགེ་སློང་མའི་རྣམ་པར་འབྱེད ་པའདར་དག་སོང་མ་ཞེས་བསྲུར་བར་བྱག། ། པས་པམ་པར་གྱུར་པ་གནས་པ་རྫོགས་སྷོ།། ། རློམ་ལ། ཟན་ཅན་དང་ན་དགས་རྗེ།། བདག་ཏད་དངན་དྲུག་དང་ན།། ར་ལངས་པས་གང་ཐམ་ཡིན།། སྡོམ་ག་ཟན་ཅན་དང་ན་བྱུང་བ་ག། ་མཆུ་ཅན་དང་ནི་ཤི་རི་ཀ། ལྷུང་བཟེད་དག་དང་ཆོས་གོས་དང་།། མངལ་ན་གནས་དང་ཚོང་དཔོན་ནོ།། སངས་རྒྱས་བཅོམ་ལྡན་འདས་ཐོད་རྒན་ཆུ་ཀླུང་ཡིད་འོང་ལྡན་གྱི་འཀྲམ་ན་བློན་ཤིང་གི་ཚལ་གས་པ་ན་བཞུགས་སོ།། དེ་ན་བཅོམ་ལྡན་འདས ་ཀྱིས་དགེ་སློང་གི་དགེ་འདུན་ལ་དགེ་སློང་དག་མི་སྡུག་བསྒོམས་ཤིག། མི་སྡུག་པ་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་ན་འབྲས་བུ་ཆེན་པོ་དང་། ཕན་ཡོན་ཆེན་པོར་འགྱུར་རོ་ཞེས་མི་སྡུག་པ་སྟོན་པ་མཛད་ཅིང་། མི་སྡུག་པ་བསྒོམ་པའི ་བསྔགས་པ་རྗོད་པར་ཡང་མཛད་པས་དགེ་སློང་དག་མི་སྡུག་པ་བསྒོམས་པར་བྱེད་དོ། ། དགེ་སློང་དག་མི་ཐུག་པ་ཐོམ་པ་ན་ལུས་རུས་པ་འདིས་ཀྱིད་ལུག་པ་དང་། མུས་བྱུང་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་པར་བྱེད་པ་ན་མཚན་ཀྱང་འབྱིན ་བར་བྱེད། ། དུག་ཀྱང་ཟ་བར་བྱེད། ཐག་པས་ཀྱང་འཆིང་བར་བྱེད། གཡང་སར་ཡང་མཆོད་པར་བྱེད་ཅིང་། འདི་ལྟར་དགེ་སློང་གིས་ཀྱང་དགེ་སློང་ལ་གསོད་པར་བྱེད་དོ།། དེ་ནས་དགེ་སློང་ཞིག་ལུས་རུལ་པ་འདིས་སྒྱིད་ལུག་པ་དང་། མུས་བྱུང ་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་པར་བྱེད་ཅིང་། རི་དགས་ཟློག་དགེ་སྦྱོང་སྦེད་ག་ལ་བ་དེར་སོང་སྟེ་བྱིན་ནས་རི་དགས་ཟློག་དགེ་སྦྱོང་སྲེད་ལ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་ཚུར་ཤོག། ཁོ་བོ་སྲོག་དང་གྲོལ་ཅིག་དང་། ཁོ་བོའི་ལྷུང་བཟང ་ངང་ཆོས་གོས་གང་ཡིན་པ་དེ་ཁྱོད་ཀྱི་ཡིན་པར་འགྱུར་རོ། ། དེ་ནས་རི་དགས་ཟློག་དགེ་སྦྱོང་སྲེད་ཀྱིས་དགེ་སློང་དེ་སྲོག་དང་ཕྲལ་ནས་རལ་གྲི་ཁྲག་གིས་གོས་པ་ཁྱེར་ཏེ་ཆུ་ཀླུང་ཡིད་འོད་ལྡན་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ཆུ་ཀླུང་ཡིད་འོང་ལྡན ་གྱི་འགྲམ་དུ་ཙེག་ཅོག་པོར་འདུག་སྟེ་རལ་གྲི་ཁྲག་གིས་གོས་པ་འཁྲུ་བར་བྱེད་དོ། ། དེ་ནས་བདུད་ཀྱི་རིས་ཀྱི་ལྷ་ཞིག་ཆུ་ཀླུང་ཡིད་འོང་ལྡན་གྱི་ཆུ་རྒྱུན་གྱི་སྟེང་ན་འདུག་ནས་རི་དགས་ཟློག་དགེ་སྦྱོང་སྦེད་ལ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས ་ལེགས་སོ་ལེགས་སོ། ། འདི་ལྟར་ཁྱོད་དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་དག་མ་རྒལ་བ་རྒལ་བར་བྱེད། མ་གྲོལ་བཀྲོལ་བར་བྱེད། དབུགས་མ་ཕྱིན་པ་དབུགས་འབྱིན་པར་བྱེད། ཡོངས་སུ་མྱ་ངན་ལས ་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ནི་ཁྱོད་ལ་བསོད་ནམས་མང་དུ་སྐྱེ་བར་འགྱུར་ཞིང་། དེ་དག་གི་ལྷུང་བཟེད་དང་། ཆོས་གོས་གང་ཡིན་པ་དེ་ཁྱོད་ཀྱིར་འགྱུར་བ་འདི་ཡང་ཁྱོད་ཀྱི་རྙེད་པ་ལྷག་པ་ཡིན་ནོ།། དེ་ནས ་རི་དགས་ཟློག་དགེ་སྦྱོང་སྦེད་འདི་སྙམ་དུ་གང་བདག་དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དག་མ་རྒལ་བརྒལ་བར་བྱེད། མ་གྲོལ་བ་གྲོལ་བར་བྱེད། དབུགས་མ་ཕྱིན་པ་དབུགས་འབྱིན་པར་བྱེད། ཡོངས་སུ་མྱ་ངན་ལས ་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ནི་བདེན་ཏེ། བདག་ལ་བསོད་ནམས་མང་དུ་སྐྱེ་ཞིང་། དེ་དག་གི་ལྷུང་བཟེད་དང་། ཆོས་གོས་གང་ཡིན་པ་དེ་བདག་གིར་འགྱུར་བ་དེ་ཡང་བདག་གི་རྙེད་པ་ལྷག་པ་ཡིན་ནོ་སྙམ་དུ་རྒྱ ་ཆེར་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ཐོབ་པར་གྱུར་ཏོ། ། དེ་ནས་རི་དགས་ཟློག་དགེ་སྦྱོང་སྦེད་རལ་གྲི་རྣོན་པོ་མཚན་ཁུང་དུ་བཅུག་སྟེ། ཀུན་དགའི་རབ་ནས་ཀུན་དགའ་ར་བ་དང་། གཙུག་ལག་ཁང་ནས་གཙུག་ལག་ཁང་དང་།། ཁང་ཁྱིམ། ་ནས་ཁང་ཁྱིམ་དང་། འཆགས་ནས་འཆགས་དང་། ལམ་གོལ་བར་རྗེས་སུ་རྒྱུ་བ་ན་དགེ་སློང་དེ་དང་དེ་དག་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་རྒལ་བ་རྣམས་རྒལ་བར་བྱ་བ ་མ་གྲོལ་བ་གྲོལ་བར་བྱ་བ་དང་། དབུགས་མ་ཕྱིན་པ་དབུགས་དབྱུང་བར་བྱ་བ། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་གང་ཡིན། དེ་ནས་དགེ་སློང་ཞིག་རྣག་གི་ལུས་འདིས་སྒྱིད་ལུག་པ་དང་། ལུས་བྱུང ་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་པ་ན་གནས་ནས་ཕྱིར་བྱུང་སྟེ་རི་དགས་ཟློག་དགེ་སྦྱོང་སྦེད་ལ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་བདག་མ་རྒལ་བ་ཡིན་གྱིས་སྒྲོལ་ཅིག། བདག་མ་གྲོལ་བ་ཡིན་གྱིས་ཁྲོལ་ཅིག། བདག་དབུགས ་མ་ཕྱིན་པ་ཡིན་གྱིས་དབུགས་ཕྱུང་ཤིག། བདག་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡིན་གྱིས་ཡོངས་སུ་མྱ་ངན་ཞེས་ཟློས་ཤིག། དེ་ནས་རི་དགས་ཟློག་དགེ་སྦྱོང་སྦེད་ཀྱིས་དགེ་སློང་དེ་སྲོག་དང་བྲལ་བར་བྱས་ཏེ། དེ་བཞིན ་དུ་གཉིས་དང་གསུམ་ནས་དགེ་སློང་དྲུག་བཅུའི་བང་དག་སྲོག་དང་བྲལ་བར་བྱསསོ། དེའི་ཚེ་དགེ་སློང་དག་ཉུང་ངུར་གྱུར། ཉམས་པར་གྱུར། རྔ་རྡོར་གྱུར་ཅིང་དགེ་སློང་གི་དགེ་འདུན་སྲབས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ ་ཉིད་ཀྱིས་བཅཝ་ལྔའི་གསོ་སྦྱོང་ལ་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། ། བཞུགས་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཐམས་ཅད་ལ་རྣམ་པར་གཟིགས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ ་སྩལ་པ། ཀུན་དགའ་བོ་གང་གིས་དེ་ལྟར་དགེ་སློང་དག་ཉུང་ངུར་གྱུར། ཉམས་པར་གྱུར། རྔ་རྔོར་གྱུར་ཅིང་དགེ་སློང་གི་དགེ་འདུན་སྲབས་པར་གྱུར་པའི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། བཙུན་པ་དེ་ལྟར་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན ་ལ་དགེ་སློང་དག་མི་སྡུག་པ་སྒོམས་ཤིག། མི་སྡུག་པ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་ན་འབྲས་བུ་ཆེན་པོ་དང་། ཕན་ཡོན་ཆེན་པོར་འགྱུར་རོ་ཞེས་མི་སྡུག་པ་སྟོན་པར་མཛད་ཅིང་མི་སྡུག་པ་བསྒོམས་པའི་བསྔགས་པ ་བརྗོད་པར་ཡང་མཛད་དོ་ཞེས་བྱ་བ་ནས་གསང་བར་མི་བྱའོ། ། བདག་ཉིད་དམ་གཞན་གསོད་དུ་འཇུག་ན་སྟེ། གསོ་སྦྱོང་བཅཝ་ལྔ་པ་ཉིད་ལ་བསླབ་པ་བཅས་སོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་བརྗོད་པར་བྱ་སྟེ། དེ་ཉིད་ལས་གླེངས་ནས་ཇི་ལྟར་དགེ ་སློང་གི་རྣམ་པར་འབྱེད་པ་བཞིན་དུ་རྒྱ་ཅེར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ཉིད་དང་། གླིང་གཞི་དེ་ཉིད་དང་། དངོས་པོ་དེ་ཉིད་དང་། སྐབས་དེ་ཉིད་ཀྱིས་གཉི་གའི་དགེ་འདུན་བསྡུ་བ་མཛད་དེ། ངའི་ཉན་ཐོས་རྣམས་ཀྱིས་དོན ་ཤེས་པ་དང་། ངས་བསླབ་པའི་གཞི་ལེགས་པར་བཅས་པར་འགྱུར་བའི་བར་ཕས་ཕམ་པ་དང་པོ་ཇི་ལྟ་བ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱའོ།། ཡང་དགེ་སློང་མ་གང་ཞིག་མི་འམ། མིར་ཆགས་པ་ལ་བསམས་བཞིན་དུ་རང་གི་ལག་དར་ཏེ ་སྲོག་པཅད་དང། དེ་ལ་མཚན་བྱིན་ནག། དེ་ལ་མཚན་ཐོགས་པ་གཉེར་ཏམ། དེ་འཆར་བཅུགགས། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ།། དལ་འདིས་ཅས་མ་བྱེད་ལ་སྡིག་པ་མེ་གནང་བ་ངན་པ་འདས ་ཤེག་བྱ། ཀྱེ་མི་ཁྱེད་གསོད་པ་པས་ཤི་བླའོ་ཞེས་ཟེར་ཞིང་སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་དུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ལ། དེ་ཡང་རྩོམ་པ་ངེས་ཤི་བར་གྱུར་ན།། ་དགེ་སློང་མ་དེ་ཡང་ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི། དགེ་སློང་མ་རྣམ་པབཞི་པོ་མིང་གི་དགེ་སློང་མ་དང་། ཁས་འཆི་བའི་དགེ་སློང་མ་དང་། སློང་བའི་ཕྱིར་དགེ་སློང་མ་དང་། ་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་ཞེས་བྱ་བའི་བར་ཕས་ཕམ་པ་དང་པོ་སྔ་མ་ཇི་ལྟ་བར་སྔ་མ་བཞིན་དུ་བརྗོད་དོ།། མི་འམ་ཞེས་བྱ་བ་ནི་གང་གིས་པའི་ལྟོར་དབང་པོ་དྲུག་པོ་འདི་ལྟ་སྟེ། མིག་གི་དབང་པོ་དང་། རྣ་བའི་དབང་པོ ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་ཐོབ་པར་གྱུར་པའོ།། མིར་ཆགས་པ་ལ་ཞེས་བྱ་བ་ནི་གང་གིས་མའི་ལྟོར་དབང་པོ་གསུམ་པོ་འདི་ལྟ་སྟེ། ལུས་ཀྱི་དབང་པོ་དང་། སྲོག་གི་དབང་པོ་དང་། ་ཡིད་ཀྱི་དབང་པོ་ཐོབ་པར་གྱུར་པ་ལའོ།། བསམས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་སོ།། རང་གི་ལག་དར་ནས་ཞེས་བྱ་བ་ནི་བདག་ཉིད་ཀྱི་ལག་གིས་སོ།། སྲོག་བཅད་དམ་ཞེས་བྱ་བ་ནི་སྲོག་བཅད་པར་གྱུར་ནའོ།། དེ་ལ ་མཚོན་བྱིན་ནཔ་ཞེས་བྱ་བ་ནིར་ལ་གྲིའམ། སུ་ཀྲེའམ། ཆུ་ཟའོ།། དེ་ལ་མཚན་ཐོགས་པ་གཉེར་ཏམ་ཞེས་བྱ་བ་ནི་སྐྱེས་པའམ། བུད་མེད་དམ། མནིང་ངོ་།། དེ་འཆིར་བཅུག་གས་ཞེས་བྱ་བ་ནི་འཆེར་གཟུག་པའི་གང་ཅག་ནི་རྣམ་པ་གསུམ ་སྟེ། ནད་པ་དང་། ཚུལ་ཁྲིམས་འཆལ་བ་དང་། ཚུལ་ཁྲིམས་དང་ལྡན་པའོ།། ནད་པ་ལ་ཇི་ལྟ་ཞེ་ན། འདི་ལྟར་དགེ་སློང་མ་དེ་དགེ་སློང་ངམ། དགེ་སློང་མནད་པ་ལ་ཆོས་གོས་སམ། དྲ་བ་འམ། ཕོར་བུ་འམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད ་གང་ཡང་རུང་བ་འགའ་ཞིག་འདོད་པའི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། འདི་ཇི་སྲེད་གསོན་པ་དེ་སྲིད་དུ་བདག་གིས་ཐོབ་པར་མི་འགྱུར་གྱིས་བདག་དེའི་དྲུང་དུ་སོང་ལ་འཆིར་གཞུག་གོ་སྙམ་ནས། དེ་དེའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན ་པ་ནི་ན་ག། སྡུག་བསྔལ་བ། ན་ཚབས་ཆེ་བ་ཡིན་པས། ཚེ་དང་ལྡན་པ་ཇི་སྲིད་ཡུན་རིང་དུ་འཚོ་བ་དེ་སྲིད་དུ་སྡུག་བསྔལ་བ། མི་བཟད་པ། རྩུབ་པ། ཚ་བ། ཡིད་དུ་མི་འོང་བ་དག་ཉམས་སུ་མྱོང་བར་འགྱུར་རོ།། ཞེས་སྨྲས་པ་ན། དེས་དེ་ལ་འདི ་སྐད་ཅེས་འོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བ་དེའི་ཚེ་ཚུར་ཤོག། ཁྱོད་ཀྱིས་བདག་ཉིད་ཐོང་ཤིག། བདག་ཉིད་སོད་ཅིག། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་ཚུག་ཤིག་ཅེས་སྨྲས་ལ། གལ་ཏེ་ནད་པ་དེ་བདག་ཉིད་གཏོང་བར་བྱེད་དམ། བདག་ཉིད ་གསོད་པར་བྱེད་དམ། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུག་ན་ཕས་ཕམ་པར་འགྱུར་རོ།། གལ་ཏེ་ནད་པ་དེ་འདི་སྙམ་དུ་དེ་དེ་སྐད་ཅེས་ཟེར་མོད་ཀྱི། འོན་ཀྱང་འཚོ་བ་ནི་རྙེད་པར་དཀའོ།། བདག་ཉིད་གསོད་པ་ནི་ནུས་པར་བཀའ་བས ་བདག་གིས་བདག་ཉིད་མི་གཏང་ངོ་། ། བདག་གིས་བདག་ཉིད་མི་བསད་དོ།། བདག་གིས་བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་གཞུག་གོ་སྙམ་བསམས་ནས། གལ་ཏེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད ་སྲོག་དང་བྲལ་བར་བྱེད་དུ་མི་འཇུག་ན། འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། གལ་ཏེ་དེ་དེ་སྐད་སྨྲས་པས་བདག་ནི་འདི་ལྟ་སྟེ། བྱས་པ། བླུན་པ། མི་གསལ་བ། མི་མཁས་པ་ཡིན་པས་བདག་གིས་གྱ ་ཆོམ་དང་། བྱང་རྒྱལ་དུ་སོ་སོར་མ་བརྟགས་པའི་ཚིག་སྨྲས་སོ་སྙམ་དུ་འགྱོད་པར་གྱུར་ནས་དེ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་བདག་གིས་ཁྱོད་ལ་བདག་ཉིད་སྲོག་དང་བྲལ་བར་གྱིས་ཤིག་ཅེས་སྨྲས་མོད་ཀྱེ། འོན་ཀྱང་ཁྱོད་བདག་ཉིད་ཀྱི་སྲོག ་གཏོང་བར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཁྱོད་ཀྱིས་རྗེས་སུ་འཐུན་པའི་སྨན་སོ་སོར་བསྟན་པ་དང་། ཁ་ཟས་འཕྲོད་པ་དག་དང་། ནད་གཡོག་ཚུལ་བཞིན་དུ་བྱེད་པ་དག་གིས་བསྙེན་བཀུར་བྱས་པར་གྱུར་པ་དེ་ལྟ་ན་རིང་པོ་མི་ཐོགས ་པར་བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པར་གྱུར་ནས་གང་དུ་དགའ་བར་འགྲོ་བར་འགྱུར་བའི་གནས་སྐབས་དེ་ལྟ་བུ་ཡོད་དོ་ཞེས་སྨྲས་ལ། གལ་ཏེ་དེ་དེ་ལྟ་བུར་བཟློག་པས་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད ་པར་མི་བྱེད། བདག་ཉིད་སོག་དང་བྲལ་བར་བྱེད་དུ་མི་འཇུག་ཀྱང་འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། གལ་ཏེནད་པ་དེ་འདི་སྙམ་དུ་དེ་དེ་སྐད་ཅེས་ཟེར་མོད་ཀྱི། འོན་ཀྱང་ཚོར་བ་རྣམ་པའིདི་ལྟ་བུར་ཚོར་བ་སྡུ ་སྦལ་བ། མི་བཟད་པ། རྩུབ་པ། ཆ་བ། ཡིད་དུ་མི་འོང་བ་ཉམས་སུ་མྱོང་བ་སུས་བཟོད་ཀྱིས་བདག་ཉིད་ཀྱིས་བདག་ཉིད་སྲོག་དང་བྲལ་བར་བྱའོ་སྙམ་དུ་བསམས་ནས། གལ་ཏེ་བདག་ཉིད་གཏོང་བར་བྱེད། བདག་ཉིད་གསོད་པར་བྱད། བདག་ཉིད ་སྲོག་དང་བྲལ་བར་བྱེད་དུ་འཇུག་ན། འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་ཏེ། ནད་པ་ལ་ནི་དེ་ལྟ་བུར་རོ།། ཚུལ་ཁྲིམས་འཆལ་བ་ལ་ཇི་ལྟ་བུར་ཞེ་ན། འདི་ལྟར་དགེ་སློང་མ་དེ་དགེ་སློང་དམ། དགེ་སློང་མ་ཚུལ་ཁྲིམས ་འཆལ་བའི་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་འགའ་ཞིག་འདོད་པའི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། འདི་ཇི་སྲིད་གསོན་པ་དེ་སྲིད་ཀྱི་བར་དུ་བདག་གིས་ཐོབ་པར་མི་འགྱུར་བས་བདག་དེའི་དྲུང་དུ་སོང་ལ་འཆིར་གཞུག་གོ་སྙམ་ནས་ཞེས་བྱ་བའི་བར ་ངསྔ་མ་བཞིན་ནོ། ། དངའི་དྲང་དུ་སོང་སྟེ་འདི་སྐད་ཅེས་ཁྱོད་ནི་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན། ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། ཁོང་རུལ་བ་ནས་འཛག་པ། ཛྷ་ལྟང ་གསོག་ཏུ་གྱུར་པ། ལུང་བོང་ལྟར་ཀུན་དུ་སྤྱོད་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ། ཁྱོད་ཇི་སྲིད་དུ་ཡུན་རིང་དུ་གསོན་པ་དེ་སྲིད་ཀྱི་བར་དུ་བསོད་ནམས་མ་ཡིན ་པ་མང་དུ་འཕེལ་བར་འགྱུར་ལ། དེའི་འོག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་ཚེར་བ་ཤིན་དུ་སྡུག་བསྔལ་བ། ཤིན་དུ་མི་བཟད་པ། ཤིན་དུ་རྩུབ་པ། ལྷག་པར་ཆ་བ། ལྷག་པར་ཡིད་དུ་མི་འོང་བ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་སྨྲས ་པ་ན་དེས་དེ་ལ་འདི་སྐད་ཅེས་འོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བ་དེའི་ཚེ་དེས་དེ་ལ་ཚུར་ཤོག། ཁྱོད་ཀྱིས་བདག་ཉིད་ཐོང་ཤིག། བདག་ཉིད་སོད་ཅིག། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་ཚུག་ཤིག། ཁྱོད་ཤི་དང་བསོད་ནམས་མ་ཡིན་པའི ་རྣམ་པ་མང་པོ་འདི་ལྟ་བུ་འཕེལ་བར་མི་འགྱུར་ལ། ཚེར་བ་སྡུག་བསྔལ་བའི་རྣམ་པ་མི་བཟད་པ། རྩུབ་པ། ཚ་བ་ཡིད་དུ་མི་འོང་བ་དེ་ལྟ་བུ་ཉམས་སུ་མྱོང་བར་མི་འགྱུར་རོ་ཞེས་སྨྲས་ལ། དེས་དེ་སྐད་སྨྲས་པས་དེ་བདག་ཉིད་གཏོང་ངམ། ་བདག་ཉིད་གསོད་དམ། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུག་ན་འཆིར་བཅུག་པ་དེ་ཉིད་ཀྱིས་ཕམ་པར་འགྱུར་རོ།། གལ་ཏེ་དེ་འདི་སྙམ་དུ་འདི་ལྟར་དེ་འདི་སྐད་ཅེས་ཟེར་མོད་ཀྱི། འོན་ཀྱང་འཚེ་བ་ནི་རྙེད་པར་དཀའ་བའོ།། བདག་ཉིད་གསོད ་པ་ནི་ནུས་པར་དཀའ་བ་ཡིན་པས་བདག་གིས་བདག་ཉིད་མི་གཏང་ངོ་། ། བདག་གིས་བདག་ཉིད་མི་གསད་དོ།། བདག་གིས་བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་གཞུག་གོ་སྙམ་དུ་བསམས་ནས། གལ་ཏེ་དེ་བདག་ཉིད་གཏོང་བར་མི་བྱེད། ་བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུག་ན་ཡང་འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། གལ་ཏེ་དེ་དེ་སྐད་སྨྲས་པས་བདག་ནི་འདི་ལྟར་བྱིས་པ་བླུན་པ་མི་གསལ་བ། ་མཁས་པ་ཡིན་པས་བདག་གིས་གྱ་ཆེམ་དང་བྱང་རྒྱལ་དུ་སྨྲས།། བདག་གིས་མ་བརྟགས་པའི་ཚིག་སྨྲས་སོ་སྙམ་དུ་འགྱོད་པར་གྱུར་ནས། དེ་དེའི་གན་དུ་སོང་ནས་འདི་སྐད་ཅེས་བདག་གིས་ཁྱོད་ལ་བདག་ཉིད་སྲོག་དང་བྲལ་བར་གྱིས ་ཤིག་ཅེས་སྨྲས་མོད་ཀྱི། འོན་ཀྱང་ཁྱོད་བདག་ཉིད་སྲོག་དང་བྲལ་བར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་འགའ་ཞིག་མགུ་བར་བྱས་ན་ཁྱོད་ཀྱི་ལུས་ཀྱི་ལས་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་མ་དག་པ་གང ་ཡིན་པ་ལས་བསླང་སྟེ་དགེ་བའི་ལས་ལ་འཇོག་པར་འགྱུར་རོ། ། ངག་དང་ཡིད་ཀྱི་ལས་མི་དགེ་བ་ལས་བསླང་སྟེ་ངག་དང་ཡིད་ཀྱི་ལས་དགེ་བ་ལ་རབ་ཏུ་འཇོག་པར་འགྱུར་རོ།། དེ་ལྟར་ཁྱོད་ཀྱི་ལུས་དང་། ངག་དང་། ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན ་ན་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་གནས་སྐབས་ཡོད་པར་འགྱུར་རོ་ཞེས་སྨྲས་ལ། གལ་ཏེ་དེ་སྐད་ཅེས་སྨྲས་པས་དེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད། ་སྲོག་དང་བྲལ་བར་བྱེད་དུ་མི་འཇུག་ཀྱང་འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། གལ་ཏེ་འདི་སྙམ་དུ་འདི་ལྟར་དེ་སྐད་ཅེས་ཟེར་ལ་བདག་ཇི་སྲིད་དུ་གསོན་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བདག་ལས་བསོད་ནམས་མ་ཡིན་པ་མང ་དུ་སྐྱེ་བར་འགྱུར་ལ། ཇི་སྲིད་དུ་བདག་ལས་བསོད་ནམས་མ་ཡིན་པ་སྐྱེས་པ་དེ་སྲིད་དུ་སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་ལྷག་པར་རྒྱ་ཆེ་བ་དང་། ལྷག་པར་ཡུན་རིང་བ་མྱོང་བར་འགྱུར་བས་གདོན་མི་ཟ་བར་བདག་ཉིད་སྲོག་དང་བྲལ ་བར་བྱའོ། ། འདི་ལྟར་བདག་ཉིད་གཏང་བར་བྱའོ།། བདག་ཉིད་གསད་པར་བྱའོ།། བདག་ཉིད་སྲོག་དང་བྲལ་བར་བྱའོ་སྙམ་དུ་བསམས་ནས། གལ་ཏེ་བདག་ཉིད་གཏོང་བར་བྱེད་དམ། བདག་ཉིད་གསོད་པར་བྱེད་དམ། བདག་ཉིད་སྲོག་དང་བྲལ་བར་བྱེད་ན། འཆིར ་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་ཏེ། ཚུལ་ཁྲིམས་འཆལ་བ་ལ་ནི་དེ་ལྟ་བུར་རོ།། ཚུལ་ཁྲིམས་དང་ལྡན་པ་ལ་ཇི་ལྟ་བུར་ཞེ་ན། འདི་ལྟར་ཡང་དགེ་སློང་མ་དེ་དགེ་སློང་ངམ་དགེ་སློང་མ་ཡོན་ཏན་དང་ལྡན་པ་ལ་དགེ་སྦྱོང་གི་འཚོ་བའི། ་ཡོ་བྱད་འགའ་ཞིག་འདོད་པའི་ཕྱིར་ཞེས་བྱ་བ་སྔ་མ་བཞིན་ནོ།། དེ་དེའི་དྲུང་དུ་སོང་ནས་འདི་སྐད་ཅེས་ཁྱོད་ནི་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན། ཡོན་ཏན་ཕུན་སུམ་ཚོགས་པ་དུ་མ་དང་ལྡན་པས་ཁྱོད་ཡུལ་གཞན་དུ་སོང་ན་ཡང་ལོ་ལེགས་པ། ་ཡིན། མཐོ་རིས་ནི་དར་གྱིས་ཆོད་པ་ཙམ། ཐར་པ་ནི་ཡོལ་བས་བསྒྲིབས་པ་ཙམ་ཏེ་ལུས་ཞིག་ན་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། ཁྱོད་མཐོ་རིས་སུ་སྐྱེས་ནས་ཀྱང་ལྷའི་གོས་དང་། དོ་ཤལ་དང་། སེ་མོ་དོས་ལུས་བརྒྱན་པར་འགྱུར། ལྷའི་བདུད་རྩིས ་ལུས་ཚིམ་པར་འགྱུར། ལྷའི་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་སྨྲ་ལ། གལ་ཏེ་དེས་དེ་ལ་འོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བའི་ཚེ་དེས་དེ་ལ་ཚུར་ཤོག་བདག་ཉིད་ཐོང་ཤོག། བདག་ཉིད་སོད་ཅིག། བདག་ཉིད་སྲོག་དང་བྲལ་བར་གྱིས་ཤིག་ཅེས་སྨྲས་ལ། གལ་ཏེ ་དེ་དེ་སྐད་སྨྲས་པས་ཇི་སྟེ་བདག་ཉིད་སྲོག་དང་བྲལ་བར་བྱེད་ན་འཆིར་བཅུག་པའི་ཕྱིར་བས་ཕམ་པར་འགྱུར་རོ། ། གལ་ཏེ་ཚུལ་ཁྲིམས་དང་ལྡན་པ་དེ་འདི་སྙམ་དུ་འདི་ལྟར་དེ་ཡང་དེ་སྐད་ཅེས་ཟེར་མོད་ཀྱི་འོན་ཀྱང་གསོན་པ་ནི་རྙེད་པར་དག་འོ།། བདག་ཉིད་གསོད་པའི ་ནུས་པར་དཀའ་བས་བདག་གིས་བདག་ཉིད་མི་གཏང་ངོ་། ། བདག་གིས་བདག་ཉིད་མི་གསད་དོ།། བདག་གིས་བདག་ཉིད་སྲོག་དང་བྲལ་བར་མི་བྱའོ་སྙམ་དུ་བསམས་ནས། གལ་ཏེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག ་དང་བྲལ་བར་མི་བྱེད་ན་ཡང་འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། ། གལ་ཏེ་དེ་དེ་སྐད་ཅེས་སྨྲས་པས་འགྱོད་པར་གྱུར་ནས། དེའི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་ཤེས་པར་གྱིས་ཤིག། འདི་ལྟར་བྱིས་པ། ་ཐུན་པ། མི་གསལ་བ། བདག་གིས་གྱ་ཚོམ་དང་བྱུང་རྒྱལ་དུ་བདག་གིས་མ་ལེགས་པ་ཞིག་སྨྲས་ཀྱིས། ཁྱོད་བདག་ཉིད་མ་གཏོང་ཤིག། བདག་ཉིད་མ་གསོད་ཅིག། བདག་ཉིད་སྲོག་དང་བྲལ་བར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ནི་ཚུལ་ཁྲིམས ་དང་ལྡན་པ། དགེ་བའི་ཆོས་ཅན། ཡོན་ཏན་དུ་མ་དང་ལྡན་པ། ཁྱོད་ཡུན་རིང་དུ་གསོན་དང་། ཁྱོད་ཡུན་རིང་དུ་གསོན་པས་བསོད་ནམས་མང་པོ་སྐྱེ་བར་འགྱུར་རོ།། འདི་ལྟར་ཁྱོད་ཀྱིས་ཇི་ལྟར་བྱས་ན་ཡུན་རིང་དུ་ལྷ་རྣམས་ཀྱི་ནང་དུ་བདེ་བ་རྒྱ་ཆེ་བ་མྱོང་བར ་འགྱུར་རོ་ཞེས་སྨྲས་ལ། གལ་ཏེ་དེ་དེ་ལྟར་བཟློག་པ་ན་ཇི་ལྟར་བདག་ཉིད་སྲོག་དང་བྲལ་བར་མི་བྱེད་ན། འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། གལ་ཏེ་དེ་འདི་སྙམ་དུ་འདི་ལྟར་དེ་ཡང་དེ་སྐད་ཅེས་ཟེར་མོད་ཀྱི། འོན་ཀྱང་བདག ་ནི་ཚུལ་ཁྲིམས་དང་ལྡན་པ་མང་དུ་ཐོས་པ། དགེ་བའི་ཆོས་ཅན། ཡོན་ཏན་དུ་མ་དང་ལྡན་པས་བདག་ཡུལ་གཞན་དུ་སོང་ན་ལོ་ལེགས་པ་ཡིན། མཐོ་རིས་ནི་དར་གྱིས་ཆོད་པ་ཙམ། ཐར་པ་ནི་ཡོལ་བས་བསྒྲིབས་པ་ཙམ་སྟེ། ལུས་ཞིག་ནས་ལྷ་རྣམ ་གྱི་ནང་དུ་སྐྱེ་བར་འགྱུར་རོ་སྙམ་དུ་བསམས་ནས། དེ་བདག་ཉིད་གཏོང་བར་བྱེད། བདག་ཉིད་གསོད་པར་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་ན་འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། ཚུལ་ཁྲིམས་དང་ལྡན་པ་ལ་ནི་དེ་ལྟར ་རོ། ། དེས་ན་འཆིར་བཅུག་གམ་ཞེས་གསུངས་སོ།། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ་ཞེས་བྱ་བ་ནི་འཆི་བར་མངོན་པར་དགའ་བའི་མདུན་དུ་འཆི་བའི་བསྔགས་བརྗོད་པའོ།། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད ་ཅེས་བྱ་བ་ནི་བོད་པའི་ཚིག་དག་ཡིན་ནོ། ། འཚེ་བ་སྡིག་པ་མི་གཙང་བ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པས་ཤི་བླའོ་ཞེས་བྱ་བ་དེ་དག་ནི་སྨད་པའི་ཚིག་ཡིན་ནོ།། ཟེར་ཞིང་ཞེས་བྱ་བ་ནི་རྗོད་ཅིང་ངོ་།། གཞན་ཡང་རྒྱས་པར་ཕས་པར ་པར་གྱུར་པ་དང་པོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། ། གནས་པར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་མ་རྣམས་ཀྱིས་དེ་དང་ལྷན་ཅིག་ཏུ་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་མི་བྱ། དགེ ་སློང་མས་ལས་བཅུ་གཉིས་དག་ཏུ་བསྒོ་བར་མི་བྱ་བ་སྟེ། དེས་ན་གནས་པར་མི་བྱའོ་ཞེས་གསུངས་སོ།། དེ་ལྟར་ན་འདི་ནི་ཕས་ཕམ་པར་གྱུར་པ་གསུམ་པ་ཡིན་པར་དགེ་སློང་མའི་འདུལ་བ་ལ་བརྗོད་པར་བྱའོ།། གཞན་ནི་དགེ་སློང་གི ་འདུལ་བ་ཇི་ལྟ་བ་དེ་བཞིན་དུ་བརྗོད་དོ། ། པས་ཕམ་པར་གྱུར་པ་གསུམ་པ་རྫོགས་སྷོ།། །། སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ།། དེའི་ཚེ་ཉ་བ་ལྔ་བརྒྱ་འཚོ་བའི ་དོན་ལ་ཆུ་ཀླུང་ཡིད་འོང་ལྡན་ལ་བརྟེན་ཅིང་འཁོད་དོ། ། དེ་དག་པ་རྒྱ་མོ་སྤྱོད་པ་དང་། སྤྱོད་པ་ཆེན་པོ་ཞེས་བྱ་བ་གཉིས་ཤིག་ཡོད་པ་ལས་དེ་དག་ལན་འགའ་ནི་རྒྱ་མོ་སྤྱོད་པ་འཇུད་པར་བྱེད། ལན་འགའ་ནི་སྤྱོད་པ་ཆེན་པོ་འཛུད་པར་བྱེད་དོ།། གང་གི་ཚེ ་ཉདག་ཉོ་བ་མེད་པ་དེའི་ཚེ་ནི་རྒྱ་མོ་སྤྱོད་པའི་འཛུད་པར་བྱེད་ལ། གང་གི་ཚེ་ནི་ཉང་གཉོ་བ་ཡོད་པ་དེའི་ཚེ་ནི་སྤྱོད་པ་ཆེན་པོ་འདུད་པར་བྱེད་དོ།། ཇི་ཙམ་དུས་གཞན་ཞིག་ན་ཡངས་པ་ཅན་དུ་དུས་སྟོན་བྱུང་ནས་དེ་དག་གིས་རྒྱ་མོ་གཉིས་ཀ་བཅུག་སྟེ། ཉིས ་བརྒྱ་ལྔ་བཅུས་ནི་རྒྱ་མོ་སྤྱོད་པ་གཙུག། ཉིས་བརྒྱ་ལྔ་བཅུས་ནི་སྤྱོད་པ་ཆེན་པོ་བཅུག་གོ། གང་དག་གིས་རྒྱ་མོ་སྤྱོད་པ་བཅུག་པ་དེ་དག་གིས་ནི་ཉ་དང་། རུལ་སྦལ་དང་། སྦལ་བ་དང་། ཆུ་སྲིན་བྱིས་པ་གསོད་པ་དང་། ཉ་ཀྱི་པ་ལ་སོགས་པ་མང་པོ་དག ་འདག་སྟེ། དཔེར་ན་ཏིལ་དང་། འབྲས་དང་། འབྲས་ཐུག་པ་ཅ་དང་། ཏུ་ཤུག་དང་། རྒྱ་སྲན་ལ་སོགས་པ་བཞིན་དུ་ཕུང་པོ་ཅན་པར་སྤུངས་སོ།། གང་དག་གིས་རྒྱ་མོ་སྤྱད་པ་ཆེན་པོ་བཅུག་པ་དེ་དག་གིས་ནི་རྣ་མཚོ་ཆེན་པོ་ནས་ཆུ་ཀླུང་ཡིད་འོང་ལྡན ་དུ་ཞུགས་པ་ཆུ་སྲིན་ཆེན་པོ་ཉའི་རིགས་བོང་ཚོང་ཆེན་པོ་ཉལ་བ་ཟན་ནས་དེ་དག་གིས་དེ་དྲང་བར་བརྩམས་སོ། ། དེ་དག་གིས་དྲངས་པ་ནས་དེ་སོང་ནས་ཉ་བཉིས་བརྒྱ་ལྔ་བཅུ་པོ་དེ་དག་དང་རྒྱ་མོ་སྤྱོད་པ་ཆེན་པོ་ཁྱེར་ཏེ་རྒྱུན་ཕྱོགས་སུ་ཞུགས་སོ།། 15དེ ་ངག་གིས་ཉ་བ་ཉིས་བརྒྱ་ལྔ་བཅུ་པོ་གཞན་དག་ལ། གྲོགས་པོ་དག་རྒྱ་མོ་སྤྱོད་པ་ཆེན་པོ་དང་བདག་ཅག་ཁྱེར་གྱིས་ར་མདའ་ཟློག་ཅེས་བྱས་སོ།། དེ་དག་གིས་ཐོས་ནས་ཉ་བ་ཉིས་བརྒྱ་ལྔ་བཅུ་པོ་གཞན་དེ་དག་ཀྱང་ལྷགས་ཏེ་དེ་ཉིད་ལ་རུབ་པ་དང་དེ་དག་ཀྱང་ཁྱེར་རོ།། ་དེ་ནས་དེའི་འོག་ཏུ་ས་ཕྱོགས་མཐོན་པོར་འདུག་སྟེ་བོས་པ་དང་། དེ་ནས་ཕྱུགས་རྫི་དང་། བ་ལང་རྫི་ལ་སོགས་པ་འོངས་ནས་འབད་པ་ཆེན་པོས་ཕྱུང་བ་དང་། ཆུ་སྲིན་ཉའི་རིགས་རི་བོ་བརྩེགས་པ་འདྲ་བ། མགོ་བོ་བཅཝ་བརྒྱད་དང་། མིག་སུམ་བཅུ ་ཅ་དྲུག་ཡོད་པ་ཕྱུང་ངོ་། ། ཇི་ཙམ་ན་སྐྱེ་བོའི་ཚོགས་ཆེན་པོ་འོངས་ཏེ་ལྷགས་པ་དང་། སྟོན་པ་དྲུག་པོ་སྟོན་པ་མ་ཡིན་པར་སྟོན་པར་ཁས་འཆེ་བ། ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་ཁས་འཆེ་བ། དྲུག་པོ་གང་དག ་ཡིན་ཞེ་ན། འདི་ལྟ་སྟེ། འོད་སྲུང་རྫོགས་བྱེད་དང་། ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་དག་སྟེ། སྟོན་པ་མ་ཡིན ་པར་སྟོན་པར་ཁས་འཆེ་བ་དྲུག་པོ་འདི་དག་ཀྱང་དེའི་ཚེ་ལྟད་མོ་ལ་ལྷགས་སོ། ། དེའི་བར་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་ལ་ནི་མི་མཁྱེན་པ་དང་། མ་གཟིགས་པ་དང་། མི་རིགས་པ་དང་། རྣམ་པར་མི་མཁྱེན་པ་ཅི་ཡང ་མི་མངའ་བའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཉིད་ཀྱིས་འཚོ་ཞིང་གཞེས་ལ་བཞུགས་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ། གཞན་ལ་ཕན་པར་ཞུགས་པ། དགེ་བའི་སྤྱོད་པ་ལ་མི་གཡོ་བ། ཕ་རོལ་གནོན་པའི་བརྩོན་འགྲུས་བརྟེན ་ཉག་གཅིག་དཔའ་བ། བསྲུང་བ་གཅིག་པུ་པ། གཉིས་སུ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པ། དག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ ་དུལ་བའི་གཞིག་སུམ་ལ་མཁས་པ། ལམ་གསུམ་སྤངས་པ། ཁམས་གསུམ་གྱིས་འདོད་ཆགས་དང་བྲལ་བ། མི་འཇིགས་པ་བཞིས་བསྙེངས་པ་མེད་པ། ནུབ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལགས་པར་གནས་པ། ་བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྣང་བ་མཛད་པ། ཡན་ལག་ལྔ་སྤངས་པ། འཐོབ་ལྔ་ལས་ཡང་དག་པར་འདས་པ། ཕ་རོལ་དགྱིན་པ་དྲུག་ཡོངས་སུ་རྫོགས་པ། ཡན་ལག་དྲུག་པ་དང་ལྡན་པ། རྟག་ཏུ་གནས་པར་བྱ་བ་དྲུག་གིས་གནས་པ། བྱང་ཆུབ ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། འཕགས་པའི་ལམ་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དབུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྟན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་ཕྱུར ་བ་ལས་ཀྱང་དུ་འཕགས་པ་རྣམས་ཀྱི་ཆོས་ཉིད་ནི་ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་ཏན་ལ་རྣམ་པར་གཟིགས་ནས་སུ་ནི་ཉམས་པར་གྱུར། སུ་ནི་འཕེལ་བར་མར། སུ་ནི་གནོང་པར་གྱུར། སུ་ནི་ཉམ་དབར་གྱུར། སུ་ནི་གནོད་པ་དང་། ་ཉམར་བ་དང་མི་བདེ་བར་གྱུར། གང་གི་དག་པའི་རྩ་བ་མ་སྦེད་པ་ནི་བསྐྱེད་པར་བྱ། གང་གི་དགེ་བའི་རྩ་བ་བསྐྱེད་པ་རྣམས་ནི་ཡངས་སུ་སྨིན་པར་བྱ། གང་གི་དགེ་བའི་རྩ་བ་ཡངས་སུ་སྨིན་པ་རྣམས་ནིབང་བར་བྱ། གང་ཞིག་འཕགས་པ་རྣམས་ཀྱི་ནོར་ཀྱང་བྱེ་དང ་བྲལ་བ་ནི་འཕགས་པའི་ནོར་གྱི་དབང་ཕྱུག་ལ་གཞག་པར་བྱ། གང་ནི་མིའི་འབྲས་བུ་ལ་གནས། གང་ནི་སངས་རྒྱས་ཀྱིས་འདུལ། གང་ནི་ཉན་ཐོས་ཀྱིས་འདུལ། གང་ནི་སངས་རྒྱས་དང་ཉན་ཐོས་ཀྱིས་འདུལ། གང་ནི་འདོད་ཆགས་ལ་སྤྱོད། གང་ནི་ཞེ ་སྔར་ལ་སྤྱོད། གང་ནི་གཏི་མུག་ལ་སྤྱོད། གང་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སྤྱོད། གང་ནི་ཉེས་པ་རྣམས་ཀྱིས་གནོད་པར་གྱུར། གང་ནི་ངན་སོང་ལ་གཞོལ། གང་ནི་ངན་སོང་ལ་འབབ། གང་ནིང་ན་སོང་ལ་བབ། ངས་གང་ནི་ངན་སོང་ལས ་བཟང་སྟེ་མཐོ་རིས་དང་། འབྲས་བུ་ལ་རབ་ཏུ་གཞག་པར་བྱ། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་ན་དྲད་པར་བྱ། གང་གིས་སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་ན་འབྲས་བུ་དང་བཅས་པར་བྱ་ཞེས་མཁྱེན་པ་དང་གཟིགས་པ་འཇུག ་གོ། ཡང་སྨྲས་པ། རྒྱ་མཚོ་ན་སྲིན་རྣམས་ཀྱི་གནས།། དུས་ལས་འདའ་བར་འཐུང་ཅིད་ཀྱི།། གདུལ་བལ་བྱམས་སངས་རྒྱས་ནི།། ངས་ལས་འདའ་བར་མི་མཛད་དོ།། ཇི་ལྟར་མ་ནི་བུ་སྡུག་གཅིག་ཐུལ།། རྟོག་ཅིང་དསྲོག་སུང་བར་བྱེད་པ་ལྟར།། དེ་བཞིན་གཤེགས། ་པའང་གདུལ་བའི་སྐྱེ་བོ་ལ།། རྟོག་པར་མཛད་ཅིང་དེ་སྲོག་སྲུང་བར་མཛད།། ཀུན་མཁྱེན་ཆུད་ལ་མངའ་བའི་བྲགས་རྗེ་ཡི།། བ་བཞོན་གདུལ་བྱའི་འ་ཚོལ་མི་སྐྱོ་སྟེ།། སྲིད་དང་ངན་འགྲོས་ཉམས་ལ་བྱམས་པ་ནི།། བེའུ་སྡུག་སྟོང་ལ་བྱམས་པའི་བ་བཞོན་བཞིན།། དེ ་ནས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་གཟིགས་པ་སྒྲིབ་པ་མི་མངའ་བའི་སྤྱན། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས། ཀུན་དུ་གཟིགས་ནས་དགོངས་པ། ཆུ་སྲིན་ཉའི་རིགས་ངན་སོང་ལ་གཞོལ་བ། ངན་སོང་ལ་འབབ་པ། ངན་སོང་ལ་བབ་པ། སྔོན་གྱི་སངས ་རྒྱས་དག་ལ་བྱ་བ་ལྷག་པར་བྱས་པ་ཡིན་ཡང་། ད་ལྟར་སངས་རྒྱས་འབྱུང་བ་དང་བྲལ་བར་གྱུར་པ། ལོ་སྟོང་ཕྲག་མང་པོར་སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་མྱོང་བར་གྱུར་པ་ཡིན་གྱིས། ད་ནི་ངས་ཆུ་སྲིན་ཉའི་རིགས་འདི་ལ་བརྟེན་ཏེ་གདུལ་བྱའི ་ཚེགས་ཆེན་པོ་དྲང་བར་བྱ། སེམས་ཅན་རྣམས་ཀྱང་ལས་བདག་གིར་བྱ་བར་མངོན་སུམ་དུ་བྱས། དེའི་ཕྱིར་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་གཤེགས་སོ་སྙམ་དུ་དགོངས་སོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཉིད་ཀྱིས་གདུལ་བའི ་སྐྱེ་བོ་རྣམས་ལ་ཐུགས་བརྩེ་བ་ཡིན་པས་རུས་དུས་སུ་སེམས་ཅན་དམྱལ་བར་རྒྱུར་གཤེགས་པ་དང་། དྲད་འགྲོའི་ནང་དུ་རྩུ་བ་དང་། ལི་ག་ན་གྱུ་དག་ནི་སྩུ་བ། སྡོངས་རྨར་གཤེགས་སོ།། དུས་དུས་སུ་རི་དང་། དུར་ཁྲོད་དང་། ཆུ་ཀླུང་དང་། གཙུག་ལན ་ཁང་དུ་རྒྱུར་གཤེགས་སོ། ། དོན་འདིར་ནི་སངས་རྒྱས་བཅོམ་ལྡན་འདས་ཆུ་ཀླུང་དུ་རྒྱུར་གཤེགས་པར་བཞེད་དེ། འཛུམ་པ་མཛད་ནས་ཞེས་བྱ་བའི་བར་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང ་ད་ཨག་དེ་བཞིན་གཤེགས་པ་ཆུ་ཀླུང་དུ་རྒྱུར་གཤེགས་པར་བཞེད་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་གཅིག་ཏུ་ཆུ་ཀླུང་དུ་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག་ཅེས་སྒོ་ཤིག་ཅེས་བྱ་བ་ནས་སེར་སྐྱའི་གླེང་གཞི་འདི་རྒྱས་པར ་བརྗོད་པར་བྱའོ། ། ཉེ་བ་ལྔ་བརྒྱ་ཞེས་བྱ་བ་ནས་འཕགས་པ་ཤཱ་རིའི་བུས་ཚིགས་སུ་བཅད་པ་སྨྲས་པ། དེ་བཞིན་གཤེགས་རྣམས་རིགས་དང་ནི།། རུས་དང་ཁྱིམ་ལའང་རྟོག་མི་མཛད།། ཡུན་རིང་བྱས་པར་གྱུར་པ་ཡི།། ལས་རྣམས་ལ་ནི་ཡོངས་རྟོག་མཛད།། ། ་ཅེས་བྱ་བའི་བར་དང་། བཅོམ་ལྡན་འདས་ལ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་ཕྱུང་བའི་བར་དང་། ཡང་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས།། སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན ་ཞིང་། མོད་ལ་དབང་པོ་རབ་ཞིང་གནས་གྱུར་ཏེ།། སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར་ཞེས་བྱ་བའི་བར་དུའོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཞི་པ། སངས་རྒྱས་བཅོམ་ལྡན་འདས་དགེ་སློང་གི་དགེ ་འདུན་དང་ཡང་ཐབས་གཅིག་ཏུ་ཡངས་པ་ཅན་ན་འོད་མ་ཅན་གྱི་གྲོང་ཁྱེར་ན་བཞུགས་སོ། ། དེའི་ཚེ་མུ་གེ་ཉམ་ང་བ། དགོན་པ། སློངས་མོ་བ་རྣམས་ཀྱིས་ཟས་རྙེད་པར་དཀའ་བ་ཞེས་བྱ་བ་ནས་སློངས་མོ་པ་དག་ལྟ་ལ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུའོ།། ། ་དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ད་ལྟར་མུ་གེ་ཞེས་བྱ་བ་ནས་སློངས་མོ་པ་རྣམས་ཀྱིས་ཟས་རྙེད་པར་དཀའ་བ་ཞེས་བྱ་བའི་བར་དང་། དགེ་སློང་དག་ཁྱེད་ཅག་ཚུར་ཤོག། སྨོས་འདྲིན་ཇི་ལྟ་བ་དང་ཕེབས་པ ་སྨྲ་བ་ཇི་ལྟ་བ་དང་། འགྲོགས་པ་ཤེས་ཇི་ལྟ་བས་ཡངས་པ་ཅན་གྱི་ཉེན་ཀོར་འདི་ཉིད་དུ་དབྱར་གནས་པར་ཁས་ལོང་ཤིང་། ང་ཡང་འོད་མ་ཅན་གྱི་ཉེན་ཀོར་དྲུང་འདི་ཉིད་དུ་ཞ་འབྲིང་བ་དགེ་སློང་ཀུན་དགའ་བོ་དང་དབར་གནས་ཀྱིས་ཐམས་ཅད་དུ་བསོད ་སྙོམས་ཀྱིས་ཉོན་མོངས་པར་གྱུར་ན་མི་རུང་ངོ་ཞེས་བྱ་བ་ནས། དགེ་སློང་དག་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ན་ཉེ་དུ་ཡོད་པའི་གན་དུ་སོང་སྟེ། ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་བརྟེན་ནས་དབྱར་གནས་པར་ཁས་བླངས་སོ་ཞེས་བྱ་བ་ནས། ་ཉེ་དུ་རྣམས་ཀྱི་མདུན་དུ་ཡོན་ཏན་བསྒྲག་པར་བྱའོ་ཞེས་བྱ་བའི་བར་དུའོ།། འདུས་པ་དང་། འདུས་པ་ཆེན་པོ་གཉིས་ཏེ། གཅིག་ནི་དབྱར་ཟླ་འབྲིང་པོའི་ཉ་ལ་དབྱར་ཉེ་བར་སྒྲུབ་པའི་ཚེའོ་ཞེས་བྱ་བའི་བར་དུའོ།། ཡངས་པ་ཅན་གྱི་གྲོང་ཁྱེར་ཀྱི་ཉེན་ཀོར ་དང་། སྤོང་བྱེད་ཀྱི་གྲོང་ཁྱེར་དུ་དབྱར་གནས་པར་ཁས་བླངས་པའི་དགེ་སློང་རྣམས་དབྱར་འདས་ཏེ་འོངས་པ་དང་ཞེས་བྱ་བའི་བར་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་ཚིག་གི་བསུ་སྟེ་ཞེས་བྱ་བའི་བར་དུའོ།། ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ནས་འོངས་པ་རྣམས ་ལ་ཚིག་གིས་བསུ་སྟེ་ཞེས་བྱ་བ་ནས། ཚོ་བ་དང་། ལྤགས་པ་དང་། ཤ་དང་། ཁྲག་གིས་རྒྱས་པ་ཞེས་བྱ་བའི་བར་དང་། ཚེ་དང་ལྡན་ཀུན་དགའ་བོས་དྲིས་པ་ཞེས་བྱ་བ་ནས། ཡང་དག་པ་མ་ཡིན་པས་སོ་ཞེས་བྱ་བའི་བར་དུའོ།། དེས་དགེ་སློང་རྣམས་ལ་སྨྲས་སོ།། དགེ་སློང་རྣམས ་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་ནས། དགེ་སློང་དག་གསུམ་པོ་འདི་དག་ནི་འཇིག་རྟེན་ནི་ཡོད་པའི་རྐུན་པོ་ཡིན། རྐུན་པོ་ཆེན་པོ་ཡིན་ཏེ། གསུམ་གང་ཞེ་ན། དགེ་སློང་དག་འདི་ན་རྐུན་པོ་འཁོར་བརྒྱ་དང་ལྡན་པ། འཁོར་སྟོང་དང་ལྡན་པ། འཁོར་བརྒྱ་འམ། སྟོང ་གི་སྣ་ལ་སོང་སྟེ། ཁྱིམ་འབིགས་པར་བྱེད། མདུད་པ་འགྲོལ་བར་བྱེད། རིལ་གྱིས་འཕྲོག་པར་བྱེད། ལམ་སྐུགས་ཤིང་འདུག་པར་བྱེད། མི་གཏོང་བར་བྱེད། ལམ་འཇོམས་པར་བྱེད། རྒྱལ་པོའི་མཛོད་རྐུ་བར་བྱེད། གྲོང་འཇོམས་པར་བྱེད། གྲོང་ཁྱེར་འཇོམ ་པར་བྱེད། ཡུལ་འཇོམས་པར་བྱེད་པ་འདི་ནི་དགེ་སློང་དག་འཇིག་རྟེན་ན་ཡོད་པའི་རྐུན་པོ་རྐུན་པོ་ཆེན་པོ་དང་པོ་ཡིན་ནོ།། གཞན་ཡང་རྐུན་པོ་རྐུན་པོ་ཆེན་པོ་འཁོར་བརྒྱ་དང་ལྡན་པ་ཡང་མ་ཡིན། འཁོར་སྟོང་དང་ལྡན་པ་ཡང་མ་ཡིན། འཁོར་བརྒྱའམ། ་སྟོང་གི་སྣ་ལ་སོང་སྟེ། ཁྱིམ་འབིགས་པར་མི་བྱེད། མདུད་པ་འགྲོལ་བར་མི་བྱེད་ཅེས་བྱ་བ་སྔ་མ་བཞིན་ནོ།། འོན་ཀྱང་དགེ་འདུན་གྱི་རྩཝ་འམ། ཤིང་ངམ། མེ་ཏོག་གམ། འབྲས་བུ་འམ། འོད་མ་འམ། གཞོལ་བ་གང་ཡང་རུང་བ་དེ་བཙོངས་ཤིང་བཙོངས ་ཤིང་འཚོ་བར་བྱེད་པ་དང་། དེས་ཁྱིམ་མི་གསོ་བར་བྱེད་པ་འདི་ནི་འཇིག་རྟེན་ན་ཡོད་པའི་རྐུན་པོ་གཉིས་པ་ཡིན་ནོ།། གཞན་ཡང་རྐུན་པོ་རྐུན་པོ་ཆེན་པོ་འཁོར་ལྔ་བརྒྱ་དང་ལྡན་པ་ཡང་མ་ཡིན། འཁོར་སྟོང་དང་ལྡན་པ་ཡང་མ་ཡིན་ཏེ། འཁོར་བརྒྱ་སྟོང་གི་སྣ་ལ ་སོང་ནས་ཞེས་བྱ་བ་སྔ་མ་བཞིན་ནོ། ། དགེ་འདུན་གྱི་རྩེ་འམ། ཤིང་དམ། མེ་ཏོག་གམ། འབྲས་བུའམ། འོད་མའམ། གཞལ་བ་གང་ཡང་རུང་བ་དེ་བཙོངས་ཤིང་བཙོངས་ཤིང་འཚེ་བར་ཡང་མི་བྱེད་ལ། དེས་ཁྱིམ་གྱི་མིགས་པར་ཡང་མི་བྱེད་པོད ་ཀྱི། འོན་ཀྱང་མིའི་ཆོས་བླ་མ་མེད་ལ་མེད་བཞིན་དུ་སྤྲས་པར་བྱེད་པ་འདི་ནི་འཇིག་རྟེན་ན་ཡོད་པའི་རྐུན་པོ་རྐུན་པོ་ཆེན་པོ་གསུམ་པ་ཡིན་ནོ།། དགེ་སློང་དག་རྐུན་པོ་གང་འཁོར་བརྒྱ་དང་ལྡན་པ་འམ། འཁོར་སྟོང་དང་ལྡན་པ་འམ། འཁོར་བརྒྱ་འམ། འཁོར་སྟོང་།། ་གི་སཱ་ལ་སོང་སྟེ། ཁྱིམ་འབུགས་པར་བྱེད་པ་སྔ་མ་ལྟ་བུ་ནི་ཆུང་ངུ་ཡིན་ནོ།། རྐུན་པོ་རྣམས་ཀྱི་ནང་ན་གང་དགེ་འདུན་གྱི་རྩཝ་འམ། ཤིང་དམ་ཞེས་བྱ་བ་སྔ་མ་ལྟ་བུ་འདི་ཡང་ཆུང་བ་ཡིན་ནོ།། གང་མིའི་ཆོས་བླ་མ་མེད་ལ་མེད་བཞིན་དུ་སྨྲ་བ་དེ་ནི་འཇིག་རྟེན་ལྷ་དང་བཅས ་བ་དུད་ལ་ཚངས་པ་དང་མས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མ་རི་བཅས་པའི་ནང་ན་རྐུན་པོ་རྐུན་པོ་ཆེན་པོ་ཡིན་ནོ།། འདི་ན་གང་ཞིག་དགྲ་བཅོམ་མ་གྱུར་པར།། བདག་ཉིད་དགྲ་བཅོམ་ཡིན་པར་ཁས་འཆེ་བ།། དེ་ནི་ལྷར་བཅས་འཇིག ་རྟེན་རྐུན་པོ་སྟེ། ། ཚུལ་ཁྲིམས་འཆལ་བ་ཡིན་པར་བརྗོད་པར་བྱ།། ཤེས་རབ་འཆལ་བ་ལུས་ནི་ཞིག་གྱུར་ནས།། སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ཉིད་དང་། གླིང་བཞི་འདི་ཉིད་དང་། དངོས་པོ་འདི་ཉིད་དང། ་སྐབས་འདི་ཉིད་ལ་གཉི་གའི་དགེ་འདུན་བསྡུ་བར་མཛད་དོ།། ཉན་ཐོས་མ་རྣམས་ཀྱིས་ཀུན་ཤེས་པ་དང་ངས་བསླབ་པ་ལེགས་པར་བཅས་པར་འགྱུར་རོ་ཞེས་བྱ་བ་ཟས་ཟམ་པར་གྱུར་པ་དང་པོ་ཇི་ལྟ་བ་དེ་བཞིན་དུ་བསླབ་པ་བཅས་པའི་བར་རྒྱ་ཆེར་བརྗོད་པར་བྱའོ།། ཡང ་དགེ་སློང་མ་གང་ཞིག་མངོན་པར་མི་ཤེས་ཤིང་། ཡོངས་སུ་མི་ཤེས་ལ། མིའི་ཆོས་བླ་མ་མཐའ་དང་། འཕགས་པ་དང་། ཁྱད་པར་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་གནས་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ།། འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས ་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས། རུས་གཞན་ཞིག་ན་ངས་ཀྱང་རུང་། མ་དྲིས་ཀྱང་རུང་། འདི་སྐད་ཅེས་ཚེ་དང་ལྡན་པ་བདག་གིས་ནི་མི་ཤེས་པ་ལས་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོག། གསོག། བརྫུན་དུ་སྨྲས་སོ་ཞེས ་ཟར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་མ་དེ་ཡོད་པས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་དགེ་སློང་མ་བཞི་པོ་དག་ལས་ཤེས་བྱ་བ་ནས་དོན་གྱི་སྐབས་འདིར་ནི་གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར ་འོས་པ་མ་ཡིན་པས་བསྙེན་པར་རྫོགས་པ་གང་ཡིན་པ་དེ་དགེ་སློང་མར་དགོངས་ཏེ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། ། མངོན་པར་མི་ཤེས་ཤིང་ཞེས་བྱ་བ་ཅི་ཞིག་མངོན་པར་མི་ཤེས་པས་ཞེ་ན། གཟུགས་ལ་སོགས་པ་ཕུང་པོ་ལྔ་དག་གོ།། ཡོངས་སུ་མི་ཤེས་པས ་ཞེས་བྱ་བ་ཅི་ཞིག་ཡོངས་སུ་མི་ཤེས་པས་ཞེ་ན། གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་དེ་ཉིད་དོ།། མིའི་ཆོས་ཤེས་བྱ་བ་ནི་སྒྲིབ་པ་ལྔ་པོ་དག་གོ། བླ་མ་ཞེས་བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ།། མཐའ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ།། འཕགས་པ་ཞེས་བྱ་བ་ནི་སངས ་རྒྱས་བཅོམ་ལྡན་འདས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་སོ།། ཁྱད་པར་ཐོབ་པ་ཞེས་བྱ་བ་ནི་དགེ་སྦྱོང་གི་འབྲས་བུ་བཞི་པོ་དག་སྟེ། གང་གིས་ཐོབ་པ་ན་ཁྱད་པར་ཐོབ་པ་ཞེས་བརྗོད་དོ།། ཤེས་པ་ཞེས་བྱ་བ་ནི་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་དང་། ་འགོག་པ་དང་། ལམ་ཤེས་པའོ།། མཐོང་བ་ཞེས་བྱ་བ་ནི་སྡུག་བསྔལ་མཐོང་བ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མཐོང་བའི་ཤེས་པའོ།། རིག་པར་གནས་ཤེས་བྱ་བ་ནི་བསམ་གཏན་བཞི་པོ་དག་སྟེ། འཕགས་པའི་ཆོས་འདུལ་བ་ལ་མཐོང་བའི་ཆོས་ཁོ་ན་ལ ་རེག་པར་གནས་པ་ཞེས་བརྗོད་དོ། ། མེད་ལ་ཞེས་བྱ་བ་ནི་བཞི་དེའོ།། མེད་བཞིན་དུ་ཞེས་པ་ནི་གང་ཟག་དེ་ལའོ།། འདི་ཤེས་སོ་བྱ་བ་ནི་ཅི་ཞིག་ཤེས་ཞེས་ན། སྡུག་བསྔལ་ཤེས་སོ།། ཀུན་འབུང་དང་། འགོག་པ་དང་། ལམ་ཤེས་སོ།། མཐོང་ངོ་ཞེས་བྱ་བ་ཅི་ཞིག ་མཐོང་བས་ཞེ་ན། ལྷ་རྣམས་མཐོང་ངོ་།། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟརྣམས་དང་། མིའམ་ཅི་རྣམས་དང་། ལྷོའི་ཕྱེ་ཆེན་པོ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། ་སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། ཁས་འཆེས་པ་ཞེས་བྱ་བ་ནི་སྨྲས་པའོ།། དེ་ལྟུང་བ་བྱུང་བ་ཞེས་བྱ་བ་ནི་གཞི་དེའིའོ།། རྣམ་པར་དག་པར་འདོད་ནས་ཞེས་བྱ་བ་ནི་རྣམ་པར་ལྡང་བར་འདོད་ནས་སོ།། དུས་དང་ངན་ཞིག་ན་ཞེས་བྱ་བ་ནི་དུས ་གཞན་ནའོ། ། དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་གྱིས་སོ།། མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་བདག་ཉིད་འགྱོད་པ་དང་། རྣམ་པར་འགྱོད་པ་དང་། ཡིད་ལ་གཅགས་པ་སྐྱེས་པས་སོ།། འདི་སྐད་ཅེས་ཚེ་དང་ལྡན་པ་བདག་གིས་ནི་མི་ཤེས་པར་ཤེས ་སོ་ཞེས་སྨྲས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། ། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ།། གསོག། གསོབ། བརྫུན་དུ་སྨྲས་སོ་ཞེས་བྱ་བ་ནི་སྨྲས་པའི་ཚིག་གི་རྣམ་གྲངས་སོ།། ཟེར་ན་ཞེས་བྱ་བ་ནི ་ཟོང་ནའོ། ། མངོན་པའི་ང་རྒྱལ་མ་གཏོགས་ཏེ་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་བཞག་སྟེའོ།། དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པ་སྟེ་སྔ་མ་བཞིན་ནོ།། དེ་ཡང་ཞེས་བྱ་བ་དེ་ནི་ཉེ་བར་བསྟན་པ་དང་། ཀུན་དུ་བསྟན་པའི་ཚིག་བླ་དགས ་ཡིན་ནོ། ། ཇི་ལྟར་ཕས་ཕམ་པར་གྱུར་པ་དང་པོ་དེར་ལྟུང་བ་བརྗོད་པ་དེ་བཞིན་དུ་བརྗོད་པར་བྱའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། སྡོམ་ལ། འདུ་ཤེས་བསྒྱུར་དང་དགོན་པ་དང་།། ཁྱིམ་རྣམས་སུ་ནི་སྟན་བཀྲ་དང་།། རང་གི་མཚན་ཉིད་འཛིན་པ་དང་། ་བདག་ཉིད་ཉེ་བར་སྟོན་པའོ།། ཡང་དགེ་སློང་མ་གང་ཞིག་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ལྷ་རྣམས་མཐོང་ངོ་ཞེས་ཟེར་ན་ཕས་ཕམ་པར་འགྱུར་རོ།། དེ་བཞིན་དུ་གླུ ་རྣམས་དང་། གནོད་སྦྱིན་རྣམས་དང་། སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དུ་མཐོང་ངོ་ཞེས་ཟེར་ན་ཕས་ཕམ་པར་འགྱུར་རོ།། དེ་ལྟར་སྡོམ་གྱི་ཚིགས་བཅད་འདི་ཡང་དགེ་སློང་གི་འདུལ་བ་ལས་དགེ་སློང་ཞེས་འབྱུང་བ་དགེ་སློང་མ་ཞེས། ་བྱ་བར་བཏུར་ཏེ་བརྗོད་པར་བྱའོ།། ཕས་ཕམ་པར་གྱུར་པ་བཞི་པ་རྫོགས་སྷོ།། ། སྔོན་བྱུང་བའི་རབས་ཀྱི་བར་སྡོམ་ལ། འདོད་ཆགས་ཆུང་དང་གཉིས་ཀ་དང་།། མདོག་བཟངས་ཚངས་སྤྱོད་མངོན་ཤེས་དང་། ཕྱུག་དང་རིགས ་མཐོར་སྐྱེས་པ་དང་། ། འདོད་པ་ཆུང་དང་འོད་སྲུང་ངོ་།། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་འོད་སྲུང་ཆེན་པོ་དང་། སེར་སྒྲ་བཟང་མོ་དང་གཉིས་འདོད་ཆགས་རུང་བ ་ལ་གཟིགས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཟད་དེ། འདས་པའི་དུས་ན་ཡང་ཞེས་བྱ་བའི་བར་དུའོ།། དགེ་སློང་དག་འདི་གཉིས་ཀྱིས་ལས་བྱས་ཤིང་ཉེ་བར་བསགས་པ་ཞེས་བྱ་བའི་བར་ནས ་རྫུས་པར་བྱའོ། ། དགེ་སློང་དག་སྔོན་འདས་པའི་དུས་ན་རྒྱལ་པོའི་ཕོ་བྲང་ཞིག་ན་ཞིང་པ་ཞིག་འདུག་པ་དེ་ནང་སྔར་ལངས་ནས། རྨོན་པ་དང་། གཤོལ་སྤངས་ཏེ་ཞིང་རྨེད་དུ་འགྲོ་ཀར་ཆུང་མ་ལ་ཉི་མ་ཤར་བ་དང་གཡང་ཚུལ་ཁྱེར་ལ་ཤོག་ཤིག་ཅེས་བསྒོའོ།། ་དེའི་ཆུང་མས་གཡར་ཚུལ་ཁྱེར་ཏེ་འོངས་པ་དང་། དེ་མ་ཐག་ཏུ་རང་སངས་རྒྱས་བསེ་རུ་ལྟ་བུ་ཞིག་ཀྱང་འོངས་ནས། དེ་ནས་དེས་དེའི་རྐང་པ་ལ་ཕྱག་འཚལ་ཏེ་ལངས་པ་དང་། དེས་སྨྲས་པ་ཞེས་བྱ་བའི་བར་དང་། རང་སངས་རྒྱས་ནམ་མཁའ་ལ་ར ་གོ་ཞེས་བྱ་བ་ནས་བསོད་སྙོམས་ཕུལ་ཏེ་སྨོན་ལམ་དག་བཏབ་པ། འདི་ལྟར་ཉོན་མོངས་པ་ཀུན་གྱི་དབང་དུ་གྱུར་པས་ནོངས་པ་གང་བགྱིས་པ་དེ་ཞེས་བྱ་བའི་བར་ནས། བདག་ཅག་གཉིས་འདོད་ཆགས་ཆུང་པར་གྱུར་ཅིག་ཅེས་བྱ་བའི་བར་བྱའོ།། དགེ་སློང ་ངག་དེའི་ཚེ་དེའི་དུས་ན་ཞིང་བར་གྱུར་པ་གང་ཡིན་པ་དེ་ནི་འོད་སྲུང་འདི་ཡིན་ནོ། ། དེའི་ཚེ་དེའི་དུས་ན་ཞིང་བའི་ཆུང་མར་གྱུར་པ་གང་ཡ་ནི་པ་དེ་ནི་སེར་སྒྲ་བཟང་མོ་འདི་ཡིན་ཏེ། དེ་གཉིས་ཀྱིས་དེའི་ཚེ་རང་སངས་རྒྱས་ལ་བསོད་སྙོམས་ཕུལ་ནས་སྨོན་པམ ་བཏབ་པའི་ཕྱིར་འདི་ཉིད་འདོད་ཆགས་ཆུང་བར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། ། དེའི་ཕྱིར་དགེ་སློང་དག་འདོད་ཆགས་སྤང་བའི་ཕྱིར་འབད་པར་བྱའོ།། དེ་ལྟར་ན་ཁྱེད་ཀྱིས་ཡོན་ཏན་གྱི་ཚོགས་རྣམས་བསྐྱེད་པར་འགྱུར་ཏེ། དགེ་སློང་དག་དེ ་ལྟར་བསླབས་པར་བྱའོ་ཞེས་བྱ་བའི་བར་དེའོ། ། ཡང་དགེ་སློང་རྣམས་ཞེས་བྱ་བ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། སེར་སྐྱའི་བུ་མོ་བཟང་མོས་ལས་ཅི་ཞིག་བགྱིས་ན་གང་གི་སླད་དུ་གཉིས་ཀ་རབ་ཏུ་བྱུང་བར་གྱུར་ཅིག་ཅེས་གསོལ་བའི ་བར་བྱའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱིས་དབང་གིས་སོ།། གང་དུ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཆེན་པོའི་ཕྱིར་རོལ་གྱི་གྲོང་ཁྱེར་ན་རྫ་མཁན་གྱི་དཔོད་སའི་ཁངད་པ་ཞིག་ཡོད ་བར་གྱུར་ཏོ། ། སངས་རྒྱས་མ་བཞུགས་པའི་ཚེ་ན། རང་སངས་རྒྱས་ཕོངས་པ་དང་དམན་པ་ལ་སྙིང་རྗེ་བ། སེམས་ཅན་ལ་ཕན་འདོགས་པར་ཞུགས་པ་ཟུང་ངོ་།། དེ་ནས་རང་སངས་རྒྱས་ཞིག་རྔ་མཁན་ཅི་དཔོང་སའི་ཁང་པ་གང ་ན་བ་དེར་སོང་སྟེ་ཕྱིན་ནས་རྫ་མཁན་ལ་འདི་སྐད་ཅེས་སྨྲས་སོ། ། བཞིན་བཟངས་གལ་ཏེ་ཁྱོད་ལ་མི་བདེ་བ་མེད་ན་དཔོང་སའི་ཁང་པའི་ཕྱོགས་གཅིག་ཏུ་གནས་བཅའོ།། དེ་སྐད་ཅེས་སྨྲས་པ་དང་། རྫ་མཁན་གྱིས་རང ་སངས་རྒྱས་ལ་འདི་སྐད་ཅེས་སྨྲས་སོ། ། འཕགས་པ་ཅི་བདེར་བཞུགས་ཤིག། དེ་ནས་རང་སངས་རྒྱས་དེ་དཔོང་སའི་ཁང་པའི་ཕྱོགས་གཅིག་ཏུ་རྩཝའི་གདིང་བ་བཤམས་ནས། སྦྲུལ་གྱི་རྒྱལ་པོ་གཉིད་ལོག་པའི་ལུས་བསྐྱིལ་བ་ལྟ་བུར་སྐྱིལ་མོ་དཀྲུང་བཅས ་ནས་འཇུག་གོ། ། དེ་ནས་རང་སངས་རྒྱས་གཉིས་པ་ཞིག་ཀྱང་འོངས་ཏེ་ཞེས་བྱ་བས་ནས་རྫ་མཁན་དེ་ལས་བསྐས་ཏེ་དབོང་སའི་འང་པ་དེ་ཉིད་ཀྱི་གྲཝ་གཉིས་པར་འདུག་གོ་ཞེས་བྱ་བའི་བར་དུའོ།། གསུམ་པ་ཞིག་ཀྱང་འོངས་ནས་གྲཝ་གསུམ་པར་འདུག་གོ། ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་བཞི་པ་ཞིག་ཀྱང་འོངས་ནས་གྲཝ་བཞི་པར་འདུག་གོ་ཞེས་བྱ་བའི་བར་དུའོ།། དེ་ནས་ཉི་མ་ནུབ་ནས་ནམ་སྲོས་པར་རིག་པ་དང་། རང་སངས་རྒྱས་བཞི་པོ་དེ་དག་ཉིད་མེའི་ཁམས་ལ་སྙོམས་པར་ཞུགས་པ་དང་རྫ་མཁན ་ཀྱིས་སྲོ་གསོབ་ནས་དཔོང་སའི་ཁང་པར་ཐམས་ཅད་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཞིང་མ་ལྡེ་གཅིག་ཏུ་གྱུར་པར་མཐོང་ནས་ངེས་བསམས་པ། ཡོན་གནས་འདི་ལ་བུ་དག་བྱིན་ནས་བདག་གིས་དཔོང་སའི་ཁང་པ་གང་ཡིན་པ་ད། འང ་གྱུར་པ་དེ་ནི་བདག་དབང་ཐང་ཆེ་བ་དང་། ཕན་འདོགས་པ་དང་ལྡན་པ་ཡིན་ནོ་སྙམ་མོ།། ཡང་སྨྲས་པ། ཀྱེ་མའོ་ཡོན་གནས་བྱོན་པདག། རིང་མོ་ཞིག་ནས་མཐོང་གྱུར་པས།། འཇིག་རྟེན་འདི་དག་ཕ་རོལ་དུ།། བདག་ནི་བདེ་བ་ཉིད ་འགྱུར། རང་སངས་རྒྱས་དེ་དག་ཀྱང་ཡོན་བདག་གི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དག་གིས་མཚན་མོ་འདས་པར་མཛད་ནས། གཅིག་ལ་གཅིག་ཀུན ་དགའ་བར་འགྱུར་བརྩོམ་མོ། ། དེ་ནས་རང་སངས་རྒྱས་དེ་རྣམས་ཀྱིས་གཅིག་ལ་སྨྲས་པ། ཀྱོང་སུ་ཞིག་གང་དུ། ཅིའི་ཕྱིར་ཇི་ལྟར་རབ་ཏུ་བྱུང་། དེ་རྣམས་ཀྱིས་དེ་སྐད་ཅེས་སྨྲས་པ་དང་། དེས་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་རྣམས་ཀྱིས ་ཡུལ་ཀ་ལིང་ཀ་ན་རྒྱལ་པོ་རྣ་ལག་ཅན་ཞེས་བྱ་བ་ཟུང་བ་ཐོས་སམ། དེ་དག་གིས་སྨྲས་པ། ཐོས་ཏེ་གཞན་ཡང་བདག་གིས་རྒྱལ་པོ་རྣ་ལག་ཅན་དེ་ནི་འབྱོར་པ་དང་། ཡོངས་སུ་གཟུང་བ་རྒྱ་ཆེ་བ་བཞོན་པ་གླང་པོ་ཆེ་དུ་མ་ཡོད་དོ་ཞེས་ཀྱང་ཐོས་སོ།། དེས་འདི ་སྐད་ཅེས་སྨྲས་སོ། ། ཁྱེད་ཅག་གིས་ཇི་སྐད་ཐོས་པ་དེ་བཞིན་མོད་ཀྱི། འོན་ཀྱང་བདག་གིས་ནི་རྒྱལ་སྲིད་ཀྱི་ཉེས་དམིགས་མཐོང་ནས་རབ་ཏུ་བྱུང་ངོ་།། དེ་དག་གིས་སྨྲས་པ། ཁྱོད་ཀྱིས་རྒྱལ་སྲིད་ཀྱི་ཉེས་དམིགས་ཅི་ཞིག་མཐོང་ནས་རབ་ཏུ་བྱུང་། ངེས་སྨྲས་པ། ཉེས་དམིགས ་ཡོད་ན་དེ་ཡང་མཚ་བ་ཞིག་གོ། ཇི་ལྟ་བུ་ཞིག། བཙུན་པ་དག་ཉོན་ཅིག། བདག་འདི་ནི་སྟེང་གི་ཁང་བཟངས་ཀྱི་ཐོག་ན་འདུག་པའི་ཚེ་དེ་ན་བྱ་ཞིག་ཤའི་དུམ་བུ་ཞིག་ཁྱེར་ནས་ནམ་མཁའ་ལ་འཕུར་བ་ན་དོན་དེའི་ཕྱིར་དེ་གཞན་མང་མོ་ཞིག་གིས་གཙེས་སོ།། དེས་དེ ་བོར་བ་དང་གཞན་གྱིས་བླངས་ཏེ། གང་གིས་དེ་བོར་བ་དེ་ན་བཏང་ལ། གང་གིས་བླངས་པ་དེ་ནི་ཀུན་ནས་བསྐོར་ཏེ། དེ་ལྟར་ཕན་ཚུན་དུ་འཕྲོག་པར་བྱེད་པ་ན་བ་དག་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེས་པར་གྱུར་ཏེ། ལེན་པ་གང་ཡིན་པ་དེ་ནི་བཅིངས་ལ། འདོར་བ ་བགང་ཡིན་པ་དེ་ནི་གཏོང་བར་བྱེད་ན། བདག་རྒྱལ་སྲིད་རྒྱས་པ་ཡོངས་སུ་ལོངས་སྤྱོད་པ་འདིའི་རྒྱུས་བདག་དང་ཉི་འོག་གི་རྒྱལ་པོ་དང་ལྷན་ཅིག་ཏུ་འཐབ་པ་དང་། རྩོད་པ་དང་། འགྱེད་པར་འགྱུར་བར་གདོན་མ་ཟོས་ཏེ། བདག་ནི་རྒྱལ་སྲིད་ཀྱི་བདེ་བ་དེས ་ཆོག་གོ་སྙམ་ནས་ཆུ་དེ་དང་། རྐྱེན་དེ་རྙེད་པས་བདག་ངེས་པར་བྱུང་སྟེ། དཀའ་ཐུབ་ཀྱི་ནགས་ཚལ་དུ་ཡང་དག་པར་བརྟེན་ནས། དེར་བདག་གིས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ།། ཡང་སྨྲས་པ། བྱ་ཡིས་ཤའི་དུམ་བུ་ཁྱེར་བ་ན། ་བྱ་གཞན་ཀུན་ནས་བསྐོར་ཞིང་འབྲང་བ་མཐོང་། དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ།། བ་སེ་རུ་ལྟ་བུར་གཅིག་པུ་སྤྱོད་པར་གྱུར།། དེ་རྣམས་ཀྱིས་སྨྲས་པ་དེའི་ཚིག་ཟོས་ནས་གཉིས་པ་ལ་ཇི་ལྟར་རབ་ཏུ་བྱུང་ཞེས་དྲིས་པའི་བར་ནས་ཚེ་དང་ལྡན ་པ་རྣམས་ཀྱིས་ཡུལ་མི་ཐི་ལ་རྒྱལ་པོ་གདོང་མ་ལེགས་ཤེས་བྱ་བ་བླང་བ་ཐོས་སམ་ཤེས་བྱ་བའི་བར་ནས། སྟེང་གི་ཁང་བཟངས་ཀྱི་ཐོག་ན་འདུག་པའི་ཚེ་ཞེས་བྱའི་བར་དྲོག།། ཇི་ཙམ་ན་གླང་ཁྲུབ་གཉིས་འདོད་པའི་རྣས ་ཕན་ཚུན་སྣད་ཅིང་སྤྲས་པ་མཐོང་བ་ན་བདག་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེས་པར་གྱུར་ཏེ། འདི་ལྟར་རེ་ཤིག་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་འདི་གཉིས་ཀྱང་འདོད་པའི་རྒྱུས་ཕན་ཚུན་སྣང་བ་དང་། སྦས་པར་གྱུར་ན་ཞེས་བྱ་བའི་བར་ནས། བདག་ཉིད ་འོག་གི་རྒྱལ་པོ་དང་ལྷན་ཅིག་ཏུ་འཐབ་པ་དང་། ཅོད་པ་དང་། མཆང་འབྲུར་བ་དང་། འབྱེད་པ་ཞེས་བྱ་བའི་བར་དང་། རབ་ཏུ་བྱུང་ས་རང་སངས་རྒྱས་ཀྱི་བྱུང་ཆུབ་མངོན་སུམ་དུ་བྱས་སོ་ཞེས་བྱ་བའི་བར་དུའོ།། ཡང་སྨྲས་པ་འདོད་པའི་གཞི་དང་དུ་ཡི་ནོགག ་ཞིང་། ད་དང་གཅིག་ཤོས་སྨྲས་པར་གུར་མཐོང་བ།། དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ།། བས་རུ་ལྗང་བུར་གཅིག་པུ་སྤྱད་པར་བྱུང་།། དེའི་ཚིག་ཀྱང་ཐོས་པ་དང་། གསུམ་པ་ལ་ཁྱོད་ག་ལས། ཇི་ལྟར་རབ་ཏུ་བྱུང་ཞེས་དྲིས་སོ།། དེས་སྨྲས་པ། བདག ་བྲལ་བར་ན་སེའི་གྲོང་ཁྱེར་གྱི་ཕོ་ཟང་འདི་ཉིད་དུ་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ནས། བཞོན་པ་གླང་པོ་ཆེ་བརྒྱ་ཕྲག་དུ་མ་བདོག་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ།། དེ་དག་གིས་སྨྲས་པ། ཁྱོད་ཀྱིས་རྒྱལ་སྲིད་ཀྱི་ཉེས་དམིགས་ནི་ཅི་ཞིག་མཐོང་། འདོད་པ ་ལ་སྐྱོན་ནི་ཅི་ཞིག་མཐོང་། དེས་སྨྲས་པ། ཁྱོད་ཉོན་ཅིག། བདག་འདིན་དཀུན་ཅི་དུས་བུ་ཡུག་ལྡང་བ་འདས་ཏོ་སོས་ཀའི་དྲས་ལབབ་པ་ན། ཤིང་རྣམས་ཀྱི་མི་ཏོག་ནི་ལེགས་པར་རྒྱས། ཟུང་བ་རྣམས་འཐུར་བའི་ལང་ལོང་གིས་མེ་ཏོག་གིས་གཟུགས། ་སྡུག་ཀླུ་རྣམས་ནི་ལྡེམ། ཙན་དན་བསྟེན་པ་དང་ནི་རྗེས་སུ་འཐུན། ལུ་བྱུག་གི་སྒྲ་ནི་འབྱིན། ནགས་ཚལ་གྱི་ནང་ན་དད་པ་དང་། ཁྲུང་ཀྲུང་དང་། རྨ་བྱ་དང་། ནེ་ཅོ་དང་། རཾ་སྐགས་རྣམས་ཀྱི་སྐད་འབྱིན་པ་ན་སྲས་ཀྱི་བཙུན་མོ་དང་ལྷན་ཅིག་ཏུ་བསྐྱེད ་མོ་འཚལ་གྱིས་སོང་བན། དེར་བདག་གིས་ཨ་མྲའི་ཤིང་གི་མེ་ཏོག་ཤིན་དུ་སྲབ་མཐོང་བ་དང་། སྲས་ཀྱི་བཙུན་མོ་དེ་དག་ས་ཏོག་ལ་ཆགས་པས། སྐད་ཅིག་ཏུ་དེ་དག་ཡ་ལག་རྣམས་བཅག་སྟེ་བཞག་གོ།། དེ་ལ་བདག་འདི་སྙམ་དུ་རེ་ཤིག་གྱི་རོལ ་གྱི་དངོས་པོ་འདི་དག་ནི་ཕུན་སུམ་ཚོགས་པ་ན། མཛེས་པ་ཡིན་ལ། ཉམས་པ་ནི་མི་མཛེས་པ་ཡིན་ན། བདག་གི་རྒྱལ་སྲིད་འབྱོར་པ་ཡོངས་སུ་ལོངས་སྤྱོད་པ་ཞེས་བྱ་བའི་བར་ལྟ་གདོན་མི་ཟ་བར་སྙམ་དུ་བསམ་ནས་རབ་ཏུ་བྱུང་སྟེ་རང་སངས་རྒྱས ་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ། ། ཡང་སྨྲས་པ། ཨ་མྲའི་ཤིང་རྩེ་མེ་ཏོག་ལེགས་རྒྱས་པ།། ཡིད་འོད་གཟུགས་ལྡན་ཆགས་པ་མཐོང་བ་ན།། དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ།། བསེ་རུ་ལྟ་བུར་གཅིག་པུ་སྤྱོད་པར་གྱུར།། བཞི་པ་དེ་ལ ་ཡང་དྲིས་པ། ཁྱོད་སུ་ཞག། ཇི་ལྟར་རབ་ཏུ་བྱུང་། དེས་སྨྲས་པ། ཡུལ་བྲང་གིས་ཉལ་ན་བདག་རྒྱལ་པོ་གཅེར་བུ་ཐུལ་ཅེས་བྱ་བར་གྱུར་ཏོ་ཞེས་བྱ་བའི་བར་ནས། སྟེང་གི་ཁང་བཟངས་ཀྱི་ཐོག་ཏུ་སོང་སྟེ་དགའ་བའི་རྩེད་མོ་ཉམས་སུ་མྱེད ་བར་བྱེད་ཅིང་གནས་སོ། ། དེ་ན་སླས་ཀྱི་བཙུན་མོ་ཞིག་གསེར་གྱི་གདུ་བུས་བརྒྱན་ནས་མཚོན་རྩི་འཐག་གོ།། དེ་འཐག་པ་ན་སྤ་བྱུང་བ་ལས་ཞེས་བྱ་བའི་བར་ནས། བདག་གིས་འདི་སྙམ་དུ་ཕྱི་རོལ་གྱི་དངོས་པོ་འདི་ནི་སེམས་མེད་པ་ཡིན་ཡང ་ཡང་དག་པར་བརྡུངས་པ་ན་སྒྲ་འབྱུང་བར་འགྱུར་ན། བདག་གིས་རྒྱལ་སྲིད་འབྱེར་བ་གང་ཡིན་པ་ལོངས་སྤྱོད་པ་ཞེས་བྱ་བའི་བར་ལྟ་སྨོས་ཀྱང་ཅི་དགོས་པས་རྒྱལ་སྲིད་ཀྱིས་ཆོག་གོ་སྙམ་དུ་བསམས་ཏེ། བདག་གིས་རྒྱལ་སྲིས་སྤངས་ནས ་ཉེས་པ་དང་སྐྱོན་ཆུང་ངུ་མཐོང་བའི་རྐྱེན་རྙེད་པས་ངེས་པར་བྱུང་སྟེ་རབ་ཏུ་བྱུང་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ། ། ཡང་སྨྲས་པ། གསེར་མགར་གྱིས་ནི་ལེགས་པར་བརྡུངས་པ་ཡི། གསེར་གྱི་འོད་གསལ་ལག ་པའི་ཁྲིག་མ་གཉིས། ། རྡུང་བ་ཐོས་པ་དེ་ལྟར་བདག་དང་ནི།། གཞན་དང་ལྷན་ཅིག་གཞི་འདི་ཡི་རྒྱུས།། ཚིག་ངན་སྣ་ཚོགས་འཐོན་ཅིང་སེམས་འཁྲུག་པ།། དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། བསེ་རུ་ལྟ་བུར་གཅིག ་བུ་སྤྱོད་པར་གྱུར། ། དེ་ལྟར་དེ་དག་གཅིག་ལ་གཅིག་སྨྲས་ནས་འདུག་གོ། དེ་ནས་རྫ་མཁན་དང་ཆུང་མ་ལྷན་ཅིག་ཏུ་འདི་སྙམ་དུ་བདག་ཉིད་ཆེན་པོ་འདི་དག་གིས་རིགས་དྲུད་རྒྱ་ཆེ་བའི་རྒྱལ་སྲིད་ཡངས་པ་ཡང་སྤངས་ནས་རབ་ཏུ ་བྱུང་བར་གྱུར་ན། བདག་ཅག་གིས་ཅིའི་ཕྱིར་ཁྱིམ་དང་ཕྲུ་རྟོག་ས་དང་། གཟར་བུ་དང་། བྲལ་ཐུལ་གྱིས་ཁྱིམ་གྱི་འཚོ་ཚིས་བྱས་པ་ལ་ལོངས་སྤྱོད་ཀྱི་འདུ་ཤེས་འབྱུང་བའི་རྣམ་པ་འདི་ལྟ་བུ་ཡོངས་སུ་སྤངས་ནས། ་བདག་ཅག་ཅིའི་ཕྱིར་རབ་ཏུ་འབྱུང་བར་མི་བྱ་སྙམ་དུ་བསམས་སོ།། ཡང་སྨྲས་པ། གྲོང་དང་ཡུལ་འཁོར་རིགས་རྒྱུད་འབྱོར་པའི་ས་སྤངས་ནས།། ཆགས་མེད་སེམས་ཀྱིས་མི་ཡི་འཇིག་རྟེན་རྒྱུ་བྱེད་ན།། བདག་ཅག་ཅི་ཕྱིར ་པ་ལེན་པའི་ཚུལ་གྱིས་བསྒྲུབས་པའི་ཡུལ། ། ཆུ་ཡིས་ཁྱེར་བ་ལྟ་བུ་མངོན་དུ་སྤྱོད་པར་བྱེད།། དེ་ལྟར་དག་ནམ་ནངས་ཏེ། མཚན་མོ་ཟད་ནས་ན་མ་ནངས་པ་དང་། རྫ་མཁན་ཁྱོ་ཤུག་གིས་ཞེ་སའི་སེམས་བསྐྱེད་དེ། རང་སངས ་རྒྱས་དེ་དག་སྐྱོན་དྲངས་ནས་བསོད་སྙོམས་ཕུལ་ཏེ་ཞེས་བྱ་བའི་བར་དང་། དེ་དག་སྟེང་གི་ནམ་མཁའ་ལ་འཕགས་སོ་ཞེས་བྱ་བའི་བར་ནས་རྫ་མཁན་ཁྱོ་ཤུག་གིས་སྨོན་ལམ་བཏབ་པ། ཨ་ལ་ལ་བདག་ཅག་གིས་སྦྱིན་པར་བྱ་བའི ་ཆོས་ཡོངས་སུ་བཏང་བ་དང་། སེམས་བསྐྱེད་པའི་དགེ་བའི་རྩ་བ་འདིས་ནམ་དུ་ཡང་དབུལ་པོའི་ཁྱིམ་དུ་སྐྱེ་བར་མ་གྱུར་ཏོ།། བདག་ཅག་ཀྱང་འདི་ལྟ་བུའི་ཆོས་དང་ལྡན་པའི་སྐལ་པ་ཅན་དུ་ཤོག་ཤིག། བདག་ཅག་གིས་སྟོན་པ་ཁྱད་པར་དུ ་འཕགས་པ་འདི་ལྟ་བུ་མཉེས་པར་བགྱིད་ཅིང་། མི་མཉེས་པར་མི་བགྱིད་པར་གྱུར་ཅིག་ཅེས་བྱས་ནས། དེ་གཉིས་རབ་ཏུ་བྱུང་བ་ལ་མངོན་པར་དག་བར་དུ་། རེ་ཤིག་ན་རྫ་མཁན་བུམ་པ་ཐོགས་ནས་ཆུ་ཆུར་སོང་ངོ་ཞེས་བྱ་བའི་བར་དང་། ཆུང་མས ་འཕྲིགས་ནས་སླར་བཟློག་སྟེ་ཞེས་བྱ་བའི་བར་ནས་ཆུང་མ་རབ་ཏུ་བྱུང་བ་དང་། དེས་བསམས་པ། བདག་ནི་བསྡུས་ཀྱིས་མེད་ན་ད་ཇི་ལྟར་བྱ། བྱིས་པ་ཁྱེའུ་འདི་གཉིས་བསྐྱེད་པར་བྱ་ཞིང་བསྲིང་བར་བྱའོ་སྙམས་ནས། དེས་དེ་གཉིས་བསྐྱེད་བ་སྲིངས ་ཏེ་ཆེན་པོར་གྱུར་པ་དེའི་ཚེ་རྫ་མཁན་གྱིས་སྨིན་པ་དང་། མ་སྨིན་པ་དང་། ཁན་ཚྭ་ཟོ་བ་དང་ལན་ཚྭ་མི་བྲོ་བ་དག་གིས་རྟག་པ་བྱས་ཏེ། འདི་སྐད་ཅེས་ཀྱང་སྨྲས་སོ།། སྨིན་དང་མ་སྲིན་དེ་བཞིན་དུ།། ལན་ཚྭ་ཐོ་དང་མི་ཐོ་བ།། ཤེས་པར་བྱིས་པ་གཉིས་སྐྱེས ་ན། བདག་ནི་རབ་ཏུ་འབྱུང་བའི་དུས།། དེས་བྱིས་པ་དེ་གཉིས་ལས་ནི་འདི་ལྟར་བརྐོ་བར་བྱའོ།། སྣོད་སྤྱད་ནི་འདི་ལྟར་བཅོད་དོ་ཞེས་བྱ་བའི་བར་དུ་བསླབས་ནས་རབ་ཏུ་བྱུང་ངོ་ཞེས་བྱ་བའི་བར་དུའོ།། རྫ་མཁན་བསོད་སྙོམས་བྱེད་པ་མཐོང་སྟེ་ཞེས་བྱ་བའི ་བར་ནས་ཚིགས་སུ་བཅད་པ་སྨྲས་པ། སྨིན་དང་མ་སྤྲིན་དེ་བཞིན་དུ།། ལན་ཛྭ་བྲོ་དང་། མི་བྲོ་བ།། ཤེས་པར་བྱིས་པ་གཉིས་སྐྱེས་ཀྱིས།། བཟང་མོ་འང་སོང་ཞིང་གབ་དག་ཀྱང་འགྲོ་ཞེས་བྱ་བའི་བར་དུའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི ་ཚེ་དེའི་དུས་ན་རྔ་མཁན་གང་ཡིན་པ་དེ་ནི་འོད་སྲུང་ཆེན་པོ་འདི་ཡིན་ནོ། ། རྫ་མཁན་གྱི་ཆུང་མ་གང་ཡིན་པ་དེ་ནི་སེར་སྐྱའི་རི་མོ་བཟང་མོ་འདི་ཡིན་ནོ།། དེའི་ཚེ་ཡང་འདི་དག་པར་ཐུང་བ་ཆུང་ངུས་རབ་ཏུ་བྱུང་ངོ་།། དེ་ལྟར་ཡང་ཆུང་ངུས་སོ།། དེ་ལྟ་བས་ན་ཅི ་ཞིག་བྱ་ཞེ་ན། ངེས་པར་འབྱུང་བའི་རྒྱུ་བསྟན་པས་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་ཅན་དུ་འགྱུར་ཏེ། འོད་སྲུང་ཆེན་པོ་དམེ་སྤྱིའི་བུ་མོ་བཟང་མོ་ཇི་ལྟ་བ་བཞིན་དུ་དགེ་སློང་རྣམས་ཀྱིས་བསྐྱབ་པར་བྱའོ།། བར་སྡོམ་ལ།། ཀ་ལ་དི་ཀ་དང་ལག་ཏུ ་ཅན། མི་ཐིལ་དང་བཞིན་མ་ལེགས།། ཀ་ཤི་དང་ནི་ཚངས་བྱིན་དང་།། ཐང་གིས་ཉལ་དང་གཅེར་བུ་ཐུལ།། ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་པ་དས་ལ་གསོལ་པ། བཅོམ་ལྡན་འདས་སེར་སྐྱ་བཟང་མོས།། ་ཁམ་ཅི་ཞིག་བགྱིས་ཤིང་བསགས་ན་འདི་ལྟར་རྣམ་པར་སྨིན་པས་གཟུགས་བཟང་ཞིང་མཛེས་ལ། ག་ཏ་ན་སྡུག་པར་གྱུར་ཅེས་བྱ་བའི་བར་དུའོ།། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོའི་ཕོ་བྲང་ཞིག་ན་རྒྱལ་སྲིད་བྱེད་པ་ནས། ཚོད ་དཔོན་ཕྲུག་པ། ནོར་མང་པ། ལོངས་སྤྱོད་ཆེ་བ་ཞེས་བྱ་བའི་བར་དུའོ།། དེ་ཡང་སྐྱེ་བོའི་ཚོགས་རྣམས་ལྟ་བ་ན་སེམས་ཅན་བརྒྱ་སྟོང་དུ་མ་རྐང་ལག་རྩུབ་པ། ལུས་ཆེ་སེར་ཀ་ཅན། མགོ་ཡོགས་པ། རྡུལ་གྱིས་ཡོག་པ། ཁ་མིག་ཉམས་པ། ་ཚ་བ་དང་ལྷགས་པས་ཉམ་ཐག་པ། སྡུག་བསྔལ་དང་ལྡན་པ་མཐོང་།། གཞན་དག་ནི་ལུས་ལ་གོས་བཟང་པོ་དང་། རྒྱན་གྱི་ཁྱད་པར་གྱིས་ཀླུབས་པ། རྟ་དང་གླང་པོ་དང་མི་དང་། ཤིང་རྟའི་བཞོན་པ་ཅན་འབྱོར་པ་མཆོག་དང་ལྡན་པ ་ཡང་མཐོང་ནས། དེ་འདི་སྙམ་དུ་སེམས་ཅན་སྡུག་བསྔལ་བ་འདི་རྣམས་ཀྱིས་འདི་ལྟར་སྦྱིན་པ་མ་སྦྱིན་པའི་ལས་དེས་རྣམ་པ་འདི་ལྟ་བུར་གྱུར་ལ། ད་ལྟར་ཡང་འདི་དག་གིས་རབ་ཏུ་སྦྱིན་མི་ནུས་པའི་ཕྱིར་འདི་ནས་ཤི་འཕོས་ནས ་འགྲོ་བ་ཤིན་དུ་དམན་པ་གང་ཡང་རུང་བར་སྐྱེ་བར་འགྱུར་བའི་གནས་སྐབས་དེ་ལྟ་བུ་དག་ཡོད་དོ། ། སྦྱིན་པ་ཁྱད་པར་ཅན་གྱིས་ནི་ལོངས་སྤྱོད་ཅན་འདི་དག་ཏུ་གྱུར་ཏོ།། བདག་གིས་ཀྱང་གདོན་མི་ཟ་བར་སྐྱེ་བ་གཞན་ལ་སྦྱིན་པ་སྦྱིན་པ་དེས་ན་རྣམ་པ ་འདི་ལྟ་བུའི་འབྱོར་པ་རྙེད་པར་གྱུར་ཏོ། ། ང་ཡང་བདག་གིས་བྱིན་ལ་ཚེ་རབས་གཞན་དུ་སྡུག་བསྔལ་བར་མི་འགྱུར་བར་བྱའོ་སྙམ་དུ་བསམས་སོ།། དེས་དེ་ལྟར་བསམས་ནས་ཁྱིམ་དུ་སོང་སྟེ་རང་གི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་འཇིག ་རྟེན་ཕ་རོལ་དུ་ནོར་བསགས་པ། རྣམས་ཁྱེར་ལ་འདོད་དོ།། དེས་སྨྲས་པ། དེ་ལྟར་བགྱི་ཡིས་བཞོན་པརྟ་དང་། རྔ་མོ་དང་། བོང་བུ་དག་སྟ་གོན་མཛོད་ཅིག། དེས་སྨྲས་པ། བཞོན་པ་འདི་དག་གིས་ཅི་ཞིག་བྱ། ཐུན་མོང་གི་ནོར་དག་འཇིག་རྟེན་ཕ་རོལ ་དུ་བཀུར་མི་ནུས་པ་ཉིད་དོ། ། འོན་ཀྱང་ཕོངས་པ་དང་། བཀྲེན་པ་དང་། ལོང་བ་དང་། ཚོང་པ་རྣམས་ཁྱིམ་དུ་འོངས་པ་རྣམས་ཀྱི་རེ་ཐག་མི་ཆད་པ་ཇི་ལྟ་བར་སྦྱིན་པ་སྦྱིན་ཅིག། དེས་སྨྲས་པ། དེ་བཞིན་དུ་བགྱིའོ།། སངས་རྒྱས་བཅོམ་ལྡན་འདས་འཇིག ་རྟེན་དུ་མ་བྱུང་བ་དེའི་ཚེ་རང་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་བས་རང་སངས་རྒྱས་རྐེ་ཞིང་ཉམས་ཆུང་བ་ཆོས་གོས་ཧྲུལ་པོ་ཅན་ཞིག་རྒྱལ་པོའི་ཕོ་བྲང་འཁོར་དུ་བསོད་སྙོམས་ལ་ཞུགས་པ་ལས། དེ་ཚོང་དཔོན་དེའི་ཁྱིམ་སྒོ་ན་འདུག་པ ་དང་། བྲན་དང་། བྲན་མོ་དག་ཆུ་བཅུ་པའི་ཕྱིར་ཁྱིམ་དེ་ནས་བྱུང་བ་དང་། དེ་དག་གིས་རྐེ་ཞིང་ཉམ་ཆུང་བ་ཆོས་གོས་ཧྲུལ་པོ་ཅན་དེ་མཐོང་ནས། དེ་དག་གིས་འདི་སྙམ་དུ་སྡུག་བསྔལ་བ་གང་ཡིན་པ་དེ་ལ་གང་འདོད་པ་དེ་བྱིན་ཅིག་ཅེས་ཇོ་བོས་བསྒོ་བས ་འཕགས་པ་སློངས་མོ་པ་འདི་ལ་ཡང་དེ་བསྟན་པར་བྱའོ་སྙམ་དུ་བསམས་ནས། དེ་དག་གིས་བཙུན་པ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་འདིར་བཞུད་ཅིག་དང་སློངས་མོ་ཉེད་པར་འགྱུར་རོ།། དེ་སོང་བ་དང་ཚོང་དཔོན་གྱི་ཆུང་མས་དེ་མཐོང་ན་ཀེ ་ཞིདི་ནམ་ནུར་ཆོས་གོས་རྒྱལ་པོ་ཅན་ཞིག་གོ་སྙམ་དུ་བསམས་ནས་སློངས་མོ་མ་བྱིན་པ་དང་། དེ་དེ་ནས་ཕྱིར་བྱུང་ངོ་།། ཟན་མོ་དེ་དག་ཀྱང་བུམ་པ་ཆུས་བཀང་ནས་སླར་འོངས་པ་དང་། དེ་དག་གིས་ལྷུང་བཟེད་སྟོང་པར་མཐོང་ནས་དེ་དག་གིས་དྲིས་པ། ཁྱོད ་ཅི་ཁྱིམ་འདིར་མ་བྱོན་ནས། དེས་སྨྲས་པ། འོངས་ཀྱང་སློངས་མོ་མ་རྙེད་དོ།། དེ་དག་གིས་དེ་ཕྱིར་བཟློག་སྟེ་ཁྲིད་ནས་དེ་དག་གིས་ཇོ་མོ་ལ་སྨྲས་པ། ཅིའི་སླད་དུ་འདི་ལ་བསོད་སྙོམས་མ་སྩལ། དེས་སྨྲས་པ། འདི་ལ་དམ་དད་པས་སོ།། དེ་དག་གིས ་སྨྲས་པ། ཅི་རྡོ་བོས་ཁ་དོག་བཟང་བ་དང་། དད་ན་བྱིན་ཅིག་ཅེས་ཁྱོད་ལ་བསྒོའམ། དེས་སྨྲས་པ། འདི་ལ་ངམ་དང་ཕན་ཅད་མང་དུ་སྤྲས་ཀྱང་ཅི་ཕན། བྲན་མོས་འདི་སྙམ་དུ་བདག་གིས་དགེ་སློང་འདི་བཟུང་ནས་ལན་གཉིས་ཀྱི་བར་དུ་བཟློག་ན ་ད་དེ་ཐག་བཅད་ནས་ཇི་ལྟར་གཏང་བར་བྱ་སྙམ་དུ་བསམས་ནས། དེས་རྗེ་མོ་ལ་སྨྲས་པ། བདག་གི་འཚལ་མ་ནར་མ་གང་ལགས་པ་དེ་བདག་ལ་སྩལ་ཏུ་གསོལ། དེས་ཀྱང་བྱིན་པ་དང་། ཟན་མོ་དེ་ཉིན་པར་གྱི་ཟན་ཕྱེ་བྲེའུ་ཆུང་གང་བླངས་ནས། ་དེ་ལ་ཕུལ་ཏེ། དེས་ཡང་འདི་སྙམ་དུ་འཕགས་པ་དེ་ནི་ཆོས་གོས་ཧྲུལ་པོར་འདུག་པས་ཁྱད་དུ་བསད་པ་ཡིནི་བྱེས། བདག་གི་རས་ཡུག་དེ་ལ་དབུལ་ལོ་སྙམ་དུ་བསམས་ནས། དེས་དེ་ལ་རས་ཡུག་དཀར་པོ་ཡང་ཕུལ་ལོ།། རང་སངས་རྒྱས ་དེས་ཀྱང་འདི་སྙམ་དུ། བུ་མོ་འདིས་བསོད་ནམས་མང་པོ་བསྒྲུབས་པར་འགྱུར་བ་བྱའོ་སྙམ་དུ་བསམས་ནས། དེ་ཉིད་ཀྱི་དད་པ་བསྐྱེད་པ་བསེ་ཕྱིར་དད་པའི་རྒྱལ་པོ་མདབ་མ་བརྐྱང་བ་ལྟ་བུར་ནམ་མཁའི་དཀྱིལ་དུ་འཕགས་སོ།། དེས་དེ་མཐོང་མ་ཐག་ཏུ ་སེམས་དད་པར་གྱུར་ནས་དགའ་བ་དང་། མགུ་བ་དང་། རངས་པའི་བསམ་པས་པུས་མོ་ས་ལ་བཙུགས་ཏེ། ཞབས་ལ་ཕྱག་འཚལ་ནས། ཇི་ལྟར་འཕགས་པ་འདི་ལ་ཅུང་ཟད་ཁྱད་དུ་བསད་པ་གང་ཡིན་པ་དེ་ཡང་ཁ་དོག་ངན་པ་ལས་གྱུར་ཏོ་སྙམ་ནས་སྨོན ་ལམ་བཏབ་པ། ཨ་ལ་ལ་བདག་གིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས་གང་དང་གང་དུ་སྐྱེས་པའི་ཚེ་རབས་དེ་དང་དེར་གཟུགས་མཛེས་ཤིན་དུ་བལྟ་ན་སྡུག་པར་གྱུར་ཅིག། ནམ་དུ་ཡང་རྐེ་བ་དང་། ཁ་དོག་ངན་པར་མ་གྱུར ་5། ། ཅིག་ཅེས་བྱས་སོ།། དེའི་ཆེ་རྒྱལ་པོ་ཞིག་བློན་པོའི་ཚོགས་ཀྱིས་བསྐོར་ནས་སྐྱེས་བུ་བརྒྱ་སྟེང་དུམས་བསྐོར་ཅིང་འདུག་པ་དེའི་སྟེང་དུ་རང་སངས་རྒྱས་དའ་མབམབ་བ་པ་དང་། དེས་སྟང་དུ་བལྟས་ན་རང་སངས་རྒྱས་ཆོས་གས ་བགོས་པ་རས་ཡུག་ཐགས་པ་རིལ་བ་སྤྱིའུ་བླུགས་པ་དང་། ལྷུང་བཟེད་ནག་པོ་ཐོགས་པ། གཅིག་ཏུ་སྦ་ཞིང་མཛེས་པ་ཞིག་ནམ་མཁའ་ལ་འགྲོ་བ་མཐོང་ནས། དེས་འདི་སྙམ་དུ་རྣམ་པ་འདི་ལྟ་བུའི་བདག་ཉིད་དུ་ཆེན་པོ་ཡུལ་གྱི་བསོད་སྙོམས་སོ། ་སོར་ལེན་པ་གང་ཡིན་པ་ནི་བདག་དབང་ཐང་ཚེ་བ་དང་། ཟན་འདགས་པ་དང་བཅས་པ་ཡིན་ནོ་སྙམ་དུབསམས་ནས་དེས་སྨྲས་པ། དེང་འདི་ལ་བསོད་སྙོམས་འབུལ་བར་བྱེད་པ་གང་ཡིན་པ་དེ་ལནི་དང་སོང་ཁྱེར་གྱི་མཆོག་སྦྱི་པར་བྱའོ།། ཚོང་ལེན་དེ་ཡང ་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པས་དེས་འདི་སྙམ་དུ། བདག་གིས་བསོད་སྙོམས་པ་ཐམས་ཅད་ལ་བྱིན་པ་སྦྱིན་ཅིག་ཅེས་ཁྱིམ་དུ་བསྒོ་བས་གདོན་མི་ཟབར་བདག་གི་ཁྱིམ་ནས་བསོད་སྙོམས་ཕུལ་བ་ཡིན་གྱིས། སོང་ལ་བཏག་པརབྱའོ་སྙམ་དུ་བསམས ་ནས་དེ་ལ་རངས་ནས་རིངས་པར་ཁྱིམ་དུ་སོང་ངོ་། ། ཆུང་བ་དེས་ཀྱང་དེའི་རྫུ་འཕྲུལ་མཐོང་སྟེ་སེམས་དང་བར་གྱུར་ནས། བྲན་མོ་ལ་སྦས་པ། བྲན་པོ་བསོད་དཔས་ནི་ང་ཡིདར་བྱའོ།། ཁྱོད་ལ་ནི་ངས་ཁ་ཟས་མཆོག་ཏུ་བསོད་པ་དག་སྦྱིན་ནོ།། དེས་དེ་ལ་སྨྲས་པ། ་ཁྱོད་རྔོ་མོ་ཡིན་པས་བདག་གི་སྲོག་ལ་དབང་གི། བསོད་ནམས་ལ་ནི་མ་ཡིན་པས་མི་སྦྱིན་ནོ།། དེ་ཁྲོས་ཤིང་འཁྲུགས་པས་ཀུན་ན་དཀྲིས་ཤིང་འདུག་པས་ལག་པའི་ཐིག་མག་དུ་བུ་དང་བཅས་པས་དེའི་མགོར་བརྒྱབ་པ་དང་། གས་བུས་བོག་པས་དེའི ་མགོ་ང་ནས་ལགཟུང་བར་ཐར་པ་དང་། ཚོང་དཔོན་ཡང་འོངས་ཏེ་དེཔ་འདི་ཅི་ན་ས་ཤེས་དྲིས་སོ།། དེས་ཀྱང་ཇི་ལྟར་གྱུར་བ་དེ་ལ་རྒྱ་ཆེར་སྨྲས་པ་དང་། ཚོང་དཔོན་དེ་ཁྲོས་ནས་བྲན་མོ་དེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་གྱིས་བདག་ཏུ་བཅུག་ནས། ་ཀྱང་དེ་ལྟར་བྱར་བརྒྱལ་པོ་ལ་གསོལ་པ་དང་། རྒྱལ་པོ་ས་སྒྲུབ་པ། དེ་དམང་མ།། ས་པཞིགཿ་པ།། གས་ཀྱད་ཀྱིས་དེ་སར་བ་བྱམས་པ་ནང་ས་ཟན་མོ་མ་ཡིན་པར་བྱས་པར་འགྱུར་རོ།། ་ཀྱང་ངས་དེ་ལ་གྲོང་ཁྱེར་གྱི་མཆོག་སྦྱིན་ནོ།། དེ་དང་པ་ཐོབ་པ་དང་། རྐྱེན་རྙེད་པས་དགེ་སྦྱོང་དང་། བྲམ་ཟེ་དང་། ཚོང་པ་རྣམས་ལ་སྦྱིན་པ་ནི་བྱིན། བསོད་ནམས་ནི་བྱས། ཚུལ་ཁྲིམས་ཀྱང་བསྲུངས་ནས་འཆི་བའི་དུས་བྱས་ཏེ། སུམ་བཅུ་རྩ་གསུམ ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། ། དེ་གཟུགས་ཕུན་སུམ་ཚོགས་པ་འོད་དང་། གཟི་མདངས་དང་། སྡང་བ་རྒྱ་ཆེན་པོ་ཅན་དེ་ལྟ་བུར་གྱུར་པ་དང་། ལྷའི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ངོས་ཚར་དུ་གྱུར་ཏོ།། ཉེ་དབང་པོ་བཞི་དང་། བརྒྱ་བྱིན ་ཡང་ཡ་ཡ་བོར་གྱུར་ཏེ། དེ་དག་ཕན་ཚུན་དུ་འདི་ནི་བདག་གི་ཡིན་ནོ།། འདི་ནི་བདག་གི་ཡིན་ནོ་ཞེས་སྨྲས་པར་གྱུར་ཏོ།། དེ་ནས་བརྒྱ་བྱིན་གྱིས་སྨྲས་པ། བདག་ཅག་འདོད་ཆགས་ཀྱི་སྐྱོན་གྱིས་སེམས་ལྷག་པར་གདུངས་པས་ཚིགས་སུ་བཅད་པ ་སྨྲ་བར་བྱེད་པ་གང་ཡིན་པ་དེའི་ཡིན་པ་དེའི་ཡིན་པར་འགྱུར་རོ། ། དེ་དག་ལས་གཅིག་གིས་སྨྲས་པ། སློང་ཞིང་རབ་ཏུ་སློང་གྱུར་པས།། བདག་ལ་ཕྱོགས་ནི་སྡང་བ་མེད།། དེ་ལ་སེམས་ནི་གནས་གྱུར་པ།། དེ་ཕྱིར་གྲོགས་དག་འདི་འདོད ་ངོ་། ། གཉིས་པས་སྨྲས་པ། ཀྱེ་མའོ་ལྷ་དབང་གང་ཞིག་ནི། ཚིགས་བཅད་སྨྲ་བ་དེ་རེ་བདེ།། གཡུལ་དོའི་སྣ་ལ་རྔ་བརྡུངས་པ།། དེ་ལྟར་བདག་ནི་འདོད་ཆགས་སྐྱེས།། གསུམ་པས་སྨྲས་པ། རྔ་ཆེན་བརྡུངས་པར་གྱུར་ཀྱང་ནི།། དེ་དང ་དེར་ནི་ངལ་བསོར་ཡོད། ། ཆུ་ཀླུང་ཆེན་པོ་མི་བཟད་ལྟར།། དེ་ལྟར་བདག་གི་འདོད་ཆགས་སྐྱེས།། བཞི་པས་ཟླབ་པ། མི་བཟང་བ་ཡིས་ཁྱེར་གྱུར་ཀྱང་།། དེ་དང་དེར་ནི་ཐོགས་གྱུར་ཀྱང་།། ཕྱེ་མ་ལེ་བ་ལྟར་བདག་གི་མིག ་རྟག་ཏུ་འཛུམས་པ་མེད་པར་གྱུར། བཎྜ་སྦྱིན་གྱིས་སྨྲས་པ། ཚིགས་བཅད་རབ་ཏུ་སྨྲས་པའི་ཕྱིར།། ཁྱེད་ཅག་ཐམས་ཅད་བདེ་བ་ཡིན།། བདག་ནི་ཇིགི་འཆི་འགྱུར་བ་འམ།། གསོན་པར་འགྱུར་བའང་མི་ཤེས་སོ།། ་དེ་དག་གིས་འདི་སྙམ་དུ་ཡུལ་འདི་ནི་བརྒྱ་བྱིན་འདོད་པས་གནས་འདི་ན་པ་ཤི་འཕོས་ན་མི་རུང་ངོ་སྙམ་དུ་བསམས་ནས། དེ་དག་གིས་བརྒྱ་བྱིན་ལ་བྱིན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་ཟན ་xxx། xxx ་xxx། xxx ་སློང་དག་འདི་ནི་དེས་གང་གི་ཕྱིར་ཉེ་དབང་པོ་བཞི་དང་། བན་བྱིན་ཡ་ཡ་པོར་བྱས་པ་ངོ་མཚར་མི་ཆེའོ།། འོན་ཀྱང་དགེ་སློང་དག་སྔོན་འདས་པའི་དུས་ན་འདི་ཉིད་ཀྱིས་གྲོང་གིས་བཐབས་པ་བཞི་དང་། མཆོག་ཏུ་བཀྲབས་པ་རྣམས་ས ་ཡ་བོར་བྱས་པ་དེ་བ་ཤད་ཀྱིས་ཉོན་ཅིག་ཅེས་བྱ་བའི་བར་ནས་ལྷའི་བུ་མོ་འདི་ཉིད་ཅེས་བྱ་བའི་བར་ནས། འཛམ་བུའི་གླིང་དུ་རིགས་མཐོ་བ། ནོར་ཆེ་བ། རྫས་ཀྱི་ཚོགས་མང་པོ་ཞིག་དུ་སྐྱེས། འདོད་པ་སྤྱོད་པ་ཞིག་ཏུ་གྱུར་ཏོ་ཞེས་རྒྱུ ་མེར་བརྗོད་དོ། ། ཚང་དམན་ཞིག་གི་ཆུང་མར་བླངས་པ་དང་། དེ་ལ་གྲོང་གི་བཀྲབས་པ་བཞི་དང་། མཆོག་ཏུ་བཐབས་པ་དང་ལྔ་པོ་དེ་དག་གིས་དེ་མཐོང་བ་དང་། འདོད་ཆགས་ཀྱིས་ལྷག་པར་གདུངས་པར་གྱུར་ནས། དེ ་ལ་ཡང་སོ་སོ་ནས་པར་མི་དག་གཏད་པ་དང་། དེས་ཀྱང་མཉན་ཏོ།། དེ་ནས་དེ་ཁྱོད་ལ་རག་ལས་པས་དེ་རིང་སང་ཞེས་སྨྲ་ཞིང་། དེ་རྣམས་ཀྱི་སེམས་སྲུང་ཞིག་འདུག་གོ།། དེ་ནས་དེ་དག་ལ་གཅིག་གིས་འདི་སྙམ་དུ་བསམས ་ཏེ་ཉི་མ་ཡང་མང་ཞིག་ཐལ་བས་དེའི་ཕྱིར་བདག་གིས་ཤེས་བྱའི་བར་དུའོ། ། དེས་ཀྱང་དེ་དག་ལ་བདག་དེ་རིང་འོང་ངོ་།། ཞེས་ཀྱི་དུས་བཏབ་པ་དང་། དེ་དག་གིས་ཁྱོད་གང་དུའོ།། ཁོ་བོ་ཅོག་གང་དུ་འོང་ཞེས་དྲིས་སོ།། ་དེས་ཀྱང་གྲོང་ཁྱེར་འདི་ནས་ཧ་ཅང་ཡང་མི་རིང་བ་ཞིག་ན་ཤིང་ནྱ་གྲོ་དྷཱ་གནམ་འཕང་དུ་མཐོ་བ། ཡལ་ག་རབ་ཏུ་འཕྱང་བ། ལ་མ་སྟུག་པོ་ཡོད་པར་དེ་ལ་འཛེགས་ཏེ་འདུག་ཤེས་དང་། བདག་དེའུ་རེ་འོང་ངོ་ཞེས་སོ་སོར་བསྟན་ནས། ་དེ་གྱོ་ལ་སྐབས་ཚེལ་ཞིང་འདུག་གོ། དེས་ཀྱང་དེ་ལ་འདི་ནི་འདི་ལྟར་སེམས་སོ་ཞེས་བྱ་བར་འཕྲིགས་ནས། དེས་དེ་བརྡེགས་ནས་ཀ་བ་ལ་བཅིངས་སོ།། དེ་ན་གཅིག་ལ་སྨྲས་པ། སོད་ལ་ཤིང་དེ་ལ ་འཛེགས་ཏེ། ཤར་ཕྱོགས་ཀྱི་ཤིང་གི་ཡལ་ག་ལ་འཛེགས་ཏེ་འདུག་ཤིག་དང་།། བདག་དེའུ་རེ་འོང་ངོ་ཞེས་བྱས་པ་དང་། དེ་དགའ་མགུ་ནས་དེ་བཞིན་དུ་བྱས་སོ།། དེ་བཞིན་དུ་རྒྱས་པར་བརྗོད་དོ།། གཉིས ་པ་ནི་ཤིང་དེའི་ལྷོ་ཕྱོགས་ཀྱི་ཡལ་ག་ལ་བཛེགས་ཏེ་འདུག་གོ། གསུམ་པ་ནི་ནུབ་ཕྱོགས་ཀྱི་ཡལ་ག་ལ་འཛེགས་ཏེ་འདུག་གོ།། བཞི་པ་ནི་བྱང་ཕྱོགས་ཀྱི་ཡལ་ག་ལ་འཛེགས་ཏེ་འདུག་གོ། ་མཆོག་ཏུ་བཀྲབས་པ་དེས་ཀྱང་དེ་བཞིན་དུ་བྱས་སོ།། ཤིང་དེའི་དབུས་ཀྱི་ཡལ་ག་ལ་འཛེགས་ཉེ་ཏེ་འདུག་གོ། དེ་ནས་དེ་རྣམས་དེ་ན་མཚན་གཅིག་ཏུ་ལྷགས་པས་བྲེང་བཞིན་དུ་དེ་འོང་ངོ་།། སྙམ་པ་ལས།། ་ནས་ལངས་ཀྱི་བར་དུ་བུད་མེད་དེ་ཡང་མ་འོངས་སོ།། མཚན་མོ་ཟད་དེ་ནམ་ལངས་པ་དང་། ཤར་ཕྱོགས་ཀྱི་ཡལ་ག་ལ་འདུག་པ་དེས་ཚིགས་སུ་བཅད་དེ་སྨྲས་པ། བུ་མེད་དེ་ནི་འདི་ནི་ཉི་མ་ཤར་ཟིན་ལ།། ་ཞིང་བ་གྲོང་ནས་དོད་ཟིན་ཀྱང་།། བརྫན་ཅན་མ་ནི་མ་འོངས་པར། ནྱ་གྲོ་དྷཱ་ཡིས་ཤེས་པར་གྱིས།། ལྷོ་ཕྱོགས་ཀྱི་ཡལ་ག་ལ་འདུག་པས་སྨྲས་པ། བུ་མེད་དེ་ནི་འོངས་གྱུར་ཏེ། དེ་ནི་བརྫུན་ཅན་མ་ཡིན་ཡང་། ་ལེགས་ལྡན་ཉི་མ་འདི་ཉིད་ནི།། ཤིན་ཏུ་མྱུར་བར་ཤར་བར་གྱུར། ཤར་ཕྱོགས་པས་སྨྲས་པ། རེམ་པའམ་འོངས་སམ། སྨྲས་པ། ལོས་མོད། དེ་ནས་ནུབ་ཕྱོགས་ཀྱི་ཡལ་ག་ལ་འདུག་པས་ཚིགས་སུ་བཅད་དེ་སྨྲས་པ། ཉི་མ ་དུས་སུ་ཤར་བས་ན། ཞེང་པ་རྣམས་ཀྱང་གྲོང་ནས་དོང་ངོ་།། བདག་གིས་དུས་ནི་མ་ཤེས་པས།། མཚན་གཅིག་མིག་གི་རྩེ་མ་སྦྱར།། རེ་ཤིག་ན་བང་ཕྱོགས་ཀྱི་ཡལ་ག་ལ་འདུག་པས་སྨྲས་པ། བདག། ཀྲི་འདིར་ནི་དུབ་དེས་མགྱུར་པ་ག་མཚོན་གཅིག་ཅོག་ཅ་གཏུགས་པས་སོང་།། གང་ཞིག ་གནན་ཏུ་ཟད་མདུལ་ཆགས་པ། ། དོན་འདི་དང་གཞན་དག་ཟབ་པར་འགྱུར།། དནས་མཆོག་ཏུ་བཐབས་པས་སྨྲས་པ། ལྡད་ནག་ལྤགས་པས་དམ་ལ། ཁབ་བྱང་ནམ་ཀྱད་ཀྱི།། བྱ་ཐ་རྣམས་མེད་པར།། བཅགས ་ནི་མྱ་ན་བྱེད། ། རེ་ཤེག་ཤིང་ལ་གནས་པའི་ལྷས་དེ་དག་བསླུས་པ་མཐོང་ནས་སྐུར་སྤྲོས་ཏེ་འདི་སྐད་ནས་སྨྲས་སོ།། བདག་ཉིད་དང་ནི་དེ་བཞི་ན་དུ། མི་འདི་བཞི་ལ་མྱ་ངན་བྱོས།། དཔྱིང་ཟླ་བ་ནངས་བྱུང་བན།། གང་དག་པཅད་པ་སྐྱེ་བར ་འགྱུར། ། དེ་དག་བུད་མེད་ལ་རེ་ཐག་ཆད་ནས་གང་དུ་བབས་ཏེ་རང་རང་གི་ཁྱིམ་དུ་དོང་ངོ་།། བུད་མེད་དེ་ཡང་ཁྱིམ་ཐབ་ཀྱིས་བཀྲོལ་བ་དང་། དེཔེ་མངོན་པར་ཤིང་དེ་གན་པ་དེར་སོང་བ་དང་། དེ་དག་གིས་མཐོང་ནས་སྨྲས་པ། ཅིའི་ཕྱིར་ཁྱོད་ཀྱིས། ་དེད་ཅག་བསྡུས། དེས་ཇི་ལྟར་གྱུར་པིའི་ལོ་རྒྱུས་རྣམས་དེ་དག་ལ་སྨྲས་སོ།། དེ་ནས་དེ་དག་གིས་སྨྲས་པ། ཁྱོད་མིག་སྔར་འོངས་ས།། དེས་འདི་སྙམ་དུ་བདག་སྐྱེས་པ་ལྔ་དང་འདི་ལྟར་བྷིའི་ཆོས་བྱ་བ་དག་པ་རུས་སྙམ་དུ་བསམས ་ནས། དེས་དེ་དག་ལ་སྨྲས་པ། ཁྱེད་ཅག་ལས་གང་ཞིག་མེ་ཏོག་མཛེས་པ་ཐམས་ཅད་ཁྱེར་ཏེའང་བ་དེ་དང་ལྷན་ཅིག་དགའ་བ་ཉམས་སུ་མྱོང་བར་བྱའོ།། རྒྱལ་བའི་ཕོ་བྲང་འཁོར་དེན་ཡང་རྒྱལ་པོའི་པད་མ་རྣམས་སྲུ་བནི ་རམ་བྱེད་པ། རྣ་བ་དང་། སྣ་བཅད་པ་ཞིག་རམ་བྱེད་དོ།། དེ་དག་དེར་སོང་ནས་འདི་སྙམ་དུ་ཟོད་དག་ཁྱེར་ཏེ་མ་འོངས་མོད་ཀྱི། འོན་ཀྱང་མི་དེའི་བསྔགས་པ་བརྗོད་པ་དང་། དགའ་བར་གྱུར་ནས་བདག་ཅག་ལ་མེ་ཏོག་དག་སྟེར ་སྙམ་དུ་བསམས་སོ། ། དེ་ནས་དེ་དག་ལས་གཅིག་གིས་དེ་ལ་སྤྲས་པ། ཇི་ལྟར་སྨུག་མ་འདམ་བུ་དག། བཅད་ཅིང་གཏུབས་ཀྱང་སླར་སྐྱེ་བ།། དེ་ལྟར་ཁྱོད་ཀྱི་སྣ་སྐྱེ་ཤིག། མེ་ཏོག་སློང་གིས་སྦལ་བར་མཛོད།། གཉིས་པས ་སྨྲས་པ། ། ཇི་ལྟར་ཀུ་ཤ་ཀ་ཤ་དག། བཅད་ཅིང་གཏུབས་ཀྱང་སླར་སྐྱེ་བ།། དེ་ལྟར་ཁྱོད་ཀྱི་སྣ་སྐྱེ་ཤིག། པད་མ་སློང་གིས་སྩལ་བར་མཛོད།། གསུམ་པས་སྨྲས་པ། ཇི་ལྟར་དུར་བ་འཛག་མ་དག། བཅད་ཅིང་བཏུབས་ཀྱང་སླར་སྐྱེ ་ད་ལྟར་ཁྱོད་ཀྱིས་སྐྱེ་ཤིག། མེ་ཏོག་སློང་གིས་སྩལ་བར་མཛོད།། བཞི་པས་སྨྲས་པ། ཇི་ལྟར་སྒྲ་དང་ཨ་གཅོམ་དག། བྲེགས་ཤིང་བྷིར་ཡང་སྐུར་སྐྱེ་བ།། དེ་ལྟར་ཁྱོད་ཀྱི་སྣ་སྟེ་ཤིག། མེ་ཏོག་སློང་གིས་སྩལ་བར་མཛོད།། ལྡབས ་སྨྲས་པ། མི་གང་པ་མ་སྤོང་བྱེང་པ།། དེ་བྲན་ཁྱོད་ལ་རྒྱལ་བཟེར།། པད་མ་བྱིན་རླུང་མ་བྱིན་དྲུང་།། ཁྱོད་ཀྱི་སྤྲིན་སྡེ་མི་འགྱུར།། མི་དེས་འདི་སྙམ་དུ་མ་བན་པས་ནི་བདག་ལ་བྱིན་ནིག་སུས་ཀྱི། མི་ལྡབས་ནི་ཇིལ་པ་བཞིན་དུ་སྙིང་ནས་སྙམ ་བདག་གིས་དེལ་པར་མ་སྦྱིན་པར་བྱའོ་སྙམ་དུ་བསམས་ནས། དེས་དེ་ལ་པད་མི་ཇི་སྙེད་དགོས་པ་བྱིན་པ་དང་། དེ་དགའ་བ་དང་། མཐ་བ་དང་། རངས་པའི་བསམ་པས་པད་མ་བླངས་ཏེ། དེ་བུད་མེད་གང་ན་བར་སོང་ནས། དགའ་བ་ཉམས ་སུ་མྱོང་བར་བྱས་སོ། ། དེ་ནས་དེ་གཉིས་ཀྱིས་འདི་སྙམ་དུ་བདག་ཅག་འདོད་པའི་རྒྱུས་ཀུན་ནས་ཉོན་མོངས་པར་གྱུར་པ་གང་ཡིན་པ་ལ་ལྟོས།། འདོད་ཆགས་ཀྱི་སྡུག་བསྔལ་མི་འབྱུང་བར་ཇི་ལྟར་བྱ་སྙམ་དུ་བསམས་སོ།། སངས་རྒྱས་བཅོམ ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་རང་སངས་རྒྱས་འཇིག་རྟེན་དུ་འབྱུང་བས་དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་རང་སངས་རྒྱས་ཀྱི་མཆོད་རྟེན་ཞིག་ཡོད་པ་དེ་ལ་པད་མ་དེ་དག་ཕུལ་ནས་སྨོན་ལམ་བཏབ་པ། སྦྱིན་པར་བྱ་བའི ་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས་གང་དང་གང་དུ་སྐྱེས་པའི་ཚེ་རབས་དེ་དང་དེར་ཉོན་མོངས་པ་ཆུང་པར་གྱུར་ཅིག་ཅེས་བྱས་སོ། ། དེའི་ཚེ་པད་མ་ལེན་པའི་མི་གང་ཡིན་པ་དེ་ནི་འོད་སྲུང་ཆེན་པོ་འདི་ཡིན་ནོ།། དེའི་ཚེ་དེའི ་རུས་ན་འད་མེད་གང་ཡིན་པ་དེ་ནི་སེར་སྐྱའི་བུ་མོ་བཟང་མོ་འདི་ཡིན་ནོ། ། དེ་ལ་པད་མ་ཕུལ་བ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་འདོད་ཆགས་ཆུང་བར་གྱུར་ཏོ།། ཡང་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ། ་བཅོམ་ལྡན་འདས་སེར་སྐྱའི་བུ་མོ་བཟད་མོས་ལས་ཅི་ཞིག་བགྱིས་ཤིང་བསགས་ན། གང་གི་སླད་དུ་དེས་འཛམ་བུའི་ཆུ་བོའི་གསེར་ལས་བགྱིས་པའི་གཟུགས་བརྙན་རང་གི་འོད་ཀྱིས་མོག་མོག་པོར་བགྱིས་པར་གྱུར། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་གང་དག་བྱས་ཤིང་བསགས་པ་ཞེས་བྱ་བ་རྒྱས་པར་བྱའོ།། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དགྲ་བཅུ་རྩ་གཅིག་ན་སྐྱེ་དགུ་རྣམས ་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཤེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཤེས་བྱ་བའི་བར་བྱུང་ངོ་།། དེ་གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་དུ་བྱོན་ནས་ཞེས་བྱ་བ་ནས། རྒྱལ་པོའི་ཕོ་བྲང་དུ་ཞལ་ཟས་ཡོངས་སུ་ལོངས་སྤྱོད་པར་ཞུགས་སོ་ཞེས་བྱ་བའི་བར་དུའོ།། དེ་དེར་བྱོན་པ་དང་རེ་ཤིག་ན་བུ་མོ་ཞིག་རྔ་ཡབ ་འཛམ་བུའི་ཆུ་བོའི་གསེར་གྱི་ཡུ་བ་ཅན་ཞིག་ཐོགས་ནས། སྔམ་ལོགས་སུ་འདུག་སྟེ་གཡོབ་པ་ན། སངས་རྒྱས་ཀྱི་འོད་ཀྱིས་འཛམ་བུའི་ཆུ་བོའི་གསེར་མོག་སོག་པོར་བྱས་སོ།། ཇི་ཙམ་ན་བུ་མོ་དེ་འདི་སྙམ་དུ་བདག་ལྕགས་ལས་བྱས་པའི་ཡུ ་བ་ཅན་ཐོགས་མམ་ཇི་སྙམ་དུ་ཐེ་ཚོམ་སྐྱེས་སོ། ། དེ་ནས་རྣམ་པར་གཟིགས་བཤོས་གསོལ་ནས་ཕྱིར་གཤེགས་པར་གྱུར་པ་དང་། དེས་ཡང་འཛམ་བུའི་ཆུ་བོའི་གསེར་མཆོག་པས་བྱས་པའི་ཡུ་བར་མཐོང་ངོ་།། དེ་ནས་ཟླ་བ་གསུམ་འདས་ནས ་ཞེས་བྱ་བ་ནས་ལྗོངས་རྒྱུར་གཤེགས་སོ་ཞེས་བྱ་བའི་བར་དུའོ། ། དེ་ནས་རྒྱལ་པོ་གཉེན་ལྡན་གྱི་འཛམ་བུའི་ཆུ་བོའི་གསེར་ལས་སྐུ་གཟུགས་ཤིག་བྱས་སོ།། རེ་ཤིག་ན་བུ་མོ་དེས་གསེར་ལས་བྱས་པའི་སུག་ག་ཁྱེར་ཏེ་འོངས་པ་དང་། རྣམ ་པར་གཟིགས་ཀྱི་འོད་ཀྱིས་མོག་མེག་པོར་བྱས། ། ཁ་དོག་མི་འདྲ་བར་མཐོང་ནས་ཞེས་བྱ་བའི་བར་ནས་སྨོན་ལས་བཏབ་པ། བདག་གིས་སྦྱིན་པར་བྱ་བའི་ཆོས་ཡོངས་ས་བཏང་བའི་དགེ་བའི་རྩ་བ་འདིས་ཤེས་བྱ་བ་ནས། འདིས་བུའི་ལས་ཀྱི་ང ་ཅན་དུ་འགྱུར་བ་དང་ཞེས་བྱ་བའི་བར་ནས། རང་གི་འོད་ཀྱིས་སོག་སོག་པོར་བྱེད་པར་གྱུར་ཅིག་ཅེས་བྱ་བའི་བར་དུའོ།། འདིས་ཀྱང་སྨོན་ལམ་ཀྱི་དབང་གིས་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ།། དགེ་སློང་དག་དེ་ལྟ་བས་ནསངས ་རྒྱས་དང་། ཆོས་དང་། དགེ་འདུན་ལ་བྱ་བ་བྱས་པ་དང་། ཡང་དག་པའི་སྨོན་ལམ་ཡང་གདབ་པར་བྱ་སྟེ་ཞེས་བྱ་བ་ནས། སེར་སྐྱའི་བུ་མོ་བཟང་མོ་ལྟ་བུའོ་ཞེས་བྱ་བའི་བར་དུའོ།། ། དགེ་སློང་མའ་འདྲལ་བ་རྣམ་པར་འབྱེད་པ། བམ་པོ་ལྔཔ ་ཡང་ཞེས་བྱ་བའི་བར་ནས་དགེ་སློང་དག་སྔོན་བྱུང་བ་ཞེས་བྱ་བ་ནས། རྒྱལ་པོ་ཞིག་རྒྱལ་སྲིད་བྱེད་དོ་ཞེས་བྱ་བའི་བར་དང་། ཚོང་དཔོན་ཞིག་ཅེས་བྱ་བ་ནས། རེ་ཤིག་ན་གྲོང་ཁྱེར་གྱི་ཕྱི་རོལ་ན་དེའི་བསྐྱེད་མོས་ཚལ་མཚེའུ་དང་མེ་ཏོག་མང་བ་ཤིང་གིས ་ཡོངས་སུ་བསྐོར་བས་གཏིབས་པ། མེ་ཏོག་དང་། འབྲས་བུ་སྣ་ཚོགས་ཀྱི་ལྗོན་ཤིང་མཆོག་ཏུ་མཛེས་པ་དང་ལྡན་པ་ཞེས་བྱ་བའི་བར་དུའོ།། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མི་འབྱུང་བའི་ཚེ་རང་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ་ཞེས་བྱ་བ་ནས། རང་སངས་རྒྱས་ནད་པ་ཞིག་ཅེས་བྱ་བའི་བར་ནས་སྨན་པའི་གན་དུ་སོང་སྟེ་ཞེས་བྱ་བའི་བར་ཏེ། སྨན་པས་སྨྲས་པ། གྲོང་དུ་བཞུད་ཅིག་ཅེས་བྱ་བ་ནས། ཚོང་དཔོན་གྱི་བསྐྱེད་མོས་ཚལ་དུ་འདུག་གོ་ཞེས་བྱ་བའི་བར་དུའོ།། རེ་ཤིག་ན་ཚོང་དཔོན ་གྱིས་མཐོང་ནས་ཡོ་བྱད་ཐམས་ཅད་སྦྱར་ཏེ། ཞེས་བྱ་བ་ནས་ན་དམོས་པར་གྱུར་ཏེ་ཞེས་བྱ་བའི་བར་དུའོ།། ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཅེས་བྱ་བ་ནས། སྐུ་གདུང་གི་མཆོད་རྟེན་བྱས་སོ་ཞེས་བྱ་བའི་བར་དུའོ།། རེ་ཤིག་ན་ཚོང་དཔོན་གྱིས་མཆོད་རྟེན་སྐྱེ ་བོར་མཐོང་སྟེ་ཞེས་བྱ་བ་ནས། ཆུང་མ་ལ་སྤྲས་པ་ཞེས་བྱ་བའི་བར་དུའོ།། དེས་དེ་ལ་ཡུང་གིས་བླུགས་ནས་མེ་ཏོག་བཀྲམ་སྟེ་སྔོན་ལམ་བཏབ་པ། ཀྱེ་མའོ།། ཨ་ལ་ལ་འཕགས་པ་དེ་སྲིད་འཚོའི་བར་དུ་བསྙེན་བཀུར་བགྱིས་པ་དང་། ཡོངསས་མྱ་ངན་ལས ་འདས་ནས་ཀྱང་མཆོད་རྟེན་བརྩིགས་ཏེ་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས་ཕྱུག་པ་དང་། ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག། འདིས་ཇི་ལྟ་བུའི་ཆོས་རྙེད་པ་དེ་ལྟ་བུའི་ཆོས་ཁོང་དུ་ཆུད་པར ་འགྱུར་བ་དང་། འདི་བས་ཆེས་བྱེད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བགྱིད་ཀྱི་མི་མཉེས་པར་བགྱིད་པར་མ་གྱུར་ཅིག་ཅེས་བྱས་སོ།། དགེ་སློང་དག་དེའི་ཚེ་ཚོང་དཔ་ན་གང་ཡིན་པ་དེ་ནི་འོད་སྲུང་ཆེན་པོ་འདི་ཡིན་ནོ།། དེའི་ཚེ་དེའི་དྲས་ན་ཚོང་དཔོན ་གྱི་ཆུང་མ་གང་ཡིན་པ་དེ་ནི་སེར་སྐྱའི་བུ་མོ་བཟང་མོ་འདི་ཉིད་ཡིན་པར་གྱུར་ཏེ་ཞེས་བྱ་བ་ནས། ཡུང་གིས་བྱུགས་པས་གསེར་གྱི་མདོག་ཏུ་གྱུར་ཏོ་ཞེས་བྱ་བའི་བར་དང་། དགེ་སློང་དག་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་བར་དུའོ།། ཡང ་དགེ་སློང་དག་ཅེས་བྱ་བ་ནས། བཅོམ་ལྡན་འདས་བཟང་མོས་ལས་ཅི་ཞིག་བགྱིས་ན་འོད་སྲུང་ཆེན་པོ་དང་ལོ་བཅུ་གཉིས་ཀྱིས་བར་དུ་ལྷན་ཅིག་མལ་གཅིག་ན་མཆིས་པའི་ཚེ་ཡང་འཁྲིག་པའི་སྦྱོར་བ་མ་བགྱིས་པར་གྱུར་ཅེས་བྱ་བའི་བར་དུའོ།། དགེ ་ཀློང་དག་དེ་གཉིས་ཀྱིས་ལས་བྱས་ཤིང་ཞེས་བྱ་བ་ནས། གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དོ་ཞེས་བྱ་བའི་བར་དུའོ།། རེ་ཤིག་ན་རྒྱལ་པོའི་ཕོ་བྲང་དེ་ན་གཟུགས་ཀྱིས་འཚོ་བ་བཟང་མ་ཞེས་བྱ་བ་སྒྱུ་རྩལ ་དྲུག་བཅུ་དང་ལྡན་པ། ཀར་ཤ་པ་ཎེ་ལྔ་བརྒྱ་ལས་མི་ཉུང་བར་སྤྱོད་པ་ཞིག་གནས་སོ།། དེ་ནས་དུས་གཞན་ཞིག་ན་རྒྱལ་པོའི་ཕོ་བྲང་དེའི་དག་འདུན་པ་ལྔ་བརྒྱརྣམས་ཀྱིས་བཟའ་བ་དང་། བཏུང་བ་རབ་ཏུ་མང་པོ་ཁྱེར་ཏེ་ཞེས་བྱ་བ་ནས། རྒྱལ་པོའི ་བུས་ཁྲིད་དེ་སོད་དོ་ཞེས་བྱ་བའི་བར་དུའོ། ། རེ་ཤིག་ན་དག་འདུན་པ་རྣམས་ཀྱིས་རང་སངས་རྒྱས་ལ་བསོད་སྙོམས་ཕུལ་ཏེ། སྨོན་ལམ་བཏབ་པ་ཞེས་བྱ་བ་ནས། དེའི་ཚེ་གཟུགས་ཀྱིས་འཚེམ་གང་ཡིན་པ་དེ་ནི་བཟང་མོ་འདི་ཡིན་ཏེ། དེའི་ཚེ ་དེའི་དུས་ན་སེར་སྤྱིའི་བུ་མོ་བཟང་མོ་འདི་ཉིད་དེར་གྱུར་ཏོ་ཞེས་བྱ་བ་དང་། དགའ་འདུན་པ་ལྔ་བརྒྱ་གང་ཡིན་པ་དེ་ནི་གཅེར་བུ་པ་ལྔ་བརྒྱ་འདི་ཡིན་ཏེ་ཞེས་བྱ་བའི་བར་དང་། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏྲ་དཀར ་བ་ཡིན་ལ། ལས་གཅིག་ཏུ་གནག་པ་རྣམས་ཀྱིས་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག་པ་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བའི་བར་དུའོ།། ཡང་དགེ་སློང་རྣམས་ཐེ་ཙོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ ་ལྡན་འདས་ལ་གསོལ་བ་ཞེས་བྱ་བ་ནས་དགྲ་བཅོམ་པ་ཉིད་ཐོབ་ནས་ཀྱང་རྒྱལ་པོ་མ་སྐྱེས་དགྲས་སུན་ཕྱུང་བར་གྱུར་ཅེས་བྱ་བའི་བར་དུའོ། ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལ་ཙ ་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་བྱུང་སྭཱ། བཱར་ཎ་སིན་དང་སྲང་སྨྲ་བར་དགས་ཀྱི་ནགས་ན་བཟླུགསས།། དེའ་ཆདའི་དྲས་ན་ཐོང་ཁྱེར་དང་། སན་ཚང་དཔནནོ་མང་བ་ལོངས་སུང་ཆེ་བ་ཞིག་ཅེས་བྱབ ་ནས། བུ་མེད་པར་གྱུར་ཏེ་ཞེས་བྱ་བའི་བར་དང་བདག་ཤི་ནས་རྒྱལ་པོའི་ཕ་བྲང་དུ་བསྡུས་པར་འགྱུར་རོ་སྙམ་ཞེས་བྱ་བའི་བར་དུའོ།། དེས་དེ་ལ་སྨྲས་པ། རྗེའི་སྲས་འདི་ལྟར་ཐུགས་མི་དགྱེས་པར་མ་བཞུགས་ཤིག་ཅེས་བྱ་བ་ནས། ཆུང་མ་གཉིས ་བླངས་ན་བདེ་བ་ཉམས་སུ་མྱོང་བར་མི་འགྱུར་རོ་ཞེས་བྱ་བའི་བར་དུའོ། ། ཚུན་མ་ལ་ནི་བུ་མོའི་འདུ་ཤེས་འཇོག་ལ་ཞེས་བྱ་བ་ནས། སྔ་མ་ཟིལ་གྱིས་གནོན་པ་ཡིན་པས་སྔ་མ་གང་ཡིན་པ་ལ་འདྲི་བར་ཡང་མི་བྱེད་དོ་ཞེས་བྱ་བའི་བར་དུའོ།། བདག་འདི ་ཝཱར་ཅིའི་ཕྱིར་འདུག་ཅེས་བྱ་བ་ནས། དེས་ཀྱོ་ལ་སྨྲས་པ། བདག་སྐྱབས་སུ་མཆི་ཞིང་བསླབ་པའི་གཞི་ལེན་ད་མཆི་ཡིས་མཁྱེན་པར་མཛོད་ཅིག་ཅེས་སྤྲས་པ་དང་། དེས་ཀྱང་གནང་ངོ་།། དེ་ཡང་སྐྱབས་སུ་སོང་ནས་བསླབ་པའི་གཞི་བླང་བ་བྱས་སོ།། ་དེ་ནས་མ་སེམས་པ་ལ་ཞུགས་པ་ན་འདི་སྙམ་དུ། འདི་ལྟར་བདག་གི་ཡོན་གནས་ནི་འདི་ཡིན་ནོ་ཞེས་བསམས་ཏེ་ཞེས་བྱ་བ་ནས་མེ་ཏོག་དང་། འབྲས་བུ་དང་། བཟའ་བ་ཆེས་སྔར་སྦྱིན་པར་བྱེད་ཅིང་། ཕྱིས་ནི་ཚུན་མ་དེ་ལའོ་ཞེས་བྱ་བའི་བར ་དྲ། ། དེས་འདི་སྙམ་དུ། ཁྱིམ་གྱི་བྱ་བཅུང་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་བདག་བྱེད་ལ། འདི་ནི་ཉལ་ཞིང་ཟ་བ་ཡིན་པ་སྙམ་དུ་བསམས་ཏེ་ཞེས་བྱ་བ་ནས། མིངས་རྐྱེན་མ་ལ་ཀུན་ཏུ་སྦྱོར་བ་བྱ་བའི་ཕྱིར་བོས་པ་དང་ཞེས་བྱ་བ་ནས། ་དེས་སྨྲས་པ། ཚུན་མ་དང་ལྷན་ཅིག་མཛོད་ཅིག་ཅེས་སྨྲས་པའི་བར་དུའོ།། བསླབ་པའི་གཞི་བླངས་སོ་ཞེས་བྱ་བ་ནས། ཉོར་མོངས་པ་ནི་ཤིན་ཏུ་སྟོབས་ཆེ་བ་ཉིད་ཀྱི་ཕྱིར་ཆུང་མ་སྔ་མའི་གན་དུ་སོང་སྟེ་འཁྱུད་པ་དང་། དེས་སྨྲས་པ། རྗེ ་སྲས་ཁྱོད་ཀྱིས་བདག་འདི་ལྟར་བསླབ་པའི་གཞི་ལེན་པར་གནང་བར་བགྱིས་པ་ཉིད་མ་ལགས་སམ། དེ་ལྟར་གྱི་འདི་ལྟ་བུནི་མི་རུང་བ་མ་ལགས་སོ།། དེས་དེ་ལ་ནན་གྱིས་དགའ་མགུར་སྤྱད་དེ་ནིས་བྱ་བ་འབར་རའོ།། དེའི་ཚེ་ཚུན་མར་བྱུང ་པ་གང་ཡིན་པ་དེ་ནི་སེར་སྐྱའི་བུ་མོ་བཟང་མོ་འདི་ཡིན་ཏེ། འདིས་དེའི་ཚེ་ཆེན་མའི་བརྟུལ་ཞུགས་གང་ཡིན་པ་ཉམས་པར་བྱས་པའི་ལས་དེའི་རྣམ་པར་སྨིན་པས་དགྲ་བཅོམ་པ་ཉིད་ཐོབ་ཀྱང་མ་སྐྱེས་དགྲས་ཞག་བདུན་དུ་སྤྱད་པར་གྱུར ་ཏོ། ། བཅོམ་ལྡན་འདས་ལས་ཅི་ཞིག་བགྱིས་ནས་གང་གི་སླད་དུ་འདིས་དགྲ་བཅོམ་པ་ཉིད་ཐོབ་ཅིང་མངོན་པར་ཤེས་པ་མྱུར་བ་རྣམས་ཀྱི་མཆོག་ཏུ་བསྟན་ཅེས་བྱ་བ་ནས། འདིས་ལས་བྱས་ཤིང་ཤེས་བྱ་བ་དང་། ཆུང་མཚུན་མར་གྱུར་ཅིང་ཁྱོ་ཤི་བར ་གྱུར་ནས་ཁྱིམ་ནས་བྱུང་སྟེ། བཅོམ་ལྡན་འདས་འོད་སྲུང་གི་གསུང་རབ་ལ་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེར་འདིས་ལོ་སྟོང་ཕྲག་བཅུའི་བར་དུ་ཚངས་པར་སྤྱོད་པ་ལ་གནས་ཤིང་ཡོངས་སུ་བསྲུངས་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་གྱུར་ཀྱང་ཡེ་ཤེས་མཐར་ཐུག་པར་ཁོང་དུ་ཆུད་པར་མ་གྱུར་མོད་ཀྱི། འོན་ཀྱང་དེའི་ཚེ་སྨོན་ལམ་བཏབ་པ། བཅོམ་ལྡན ་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་ཐ་མ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་བདག་གིས་མཉེས་པར་བྱེད་ཀྱི་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པས་འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ་ཚངས་པར་སྤྱོད་པ ་གང་ཡིན་པ་ལ་གནས་ཤིང་དེ་ཡོངས་སུ་བསྐྱངས་པའི་ལས་དེའི་རྣམ་པར་སྨིན་པས་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། ། གསུང་རབ་དེ་ལ་ཡང་དགེ་སློང་མ་གང་གི་དྲུང་དུ་རབ་ཏུ་འབྱུང་བར་བྱེད་པ་དེ་བཅོམ་ལྡན་འདས་འོད་བསྲུང ་གིས་དེ་མངོན་པར་ཤེས་པ་མྱུར་བ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེའི་ཚེ་ཡང་འདིས་སྨོན་ལམ་བཏབ་པ། བཅོམ་ལྡན་འདས་འོད་སྲུང་གིས་བདག་གི་མཁན་པོ་མངོན་པར་ཤེས་པ་མྱུར་བའི་མཆོག་ཏུ་བསྟན་པ་ཇི་ལྟ་བ་དེ་བཞིན་དུ། བྲམ ་ཟེའི་ཁྱེའུ་བྲམ་རྫོགས་པར་བྱང་ཆུབ་བར་ཐོབ་པ་ན་བདག་ཀྱང་མངོན་པར་ཤེས་པ་མྱུར་བའི་མཆོག་ཏུ་བསྟན་པར་ཤོག་ཤིག་ཅེས་བྱ་བ་ནས། དགེ་སློང་དག་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་བར་དུའོ།། ཡང་དགེ་སློང་རྣམས་ཐེཅོམ ་སྐྱེས་ཏེ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ལས་ཅི་ཞིག་བགྱིས་ཤིང་བསགས་ན། འདི་ལྟར་ལས་ཀྱི་རྣམ་པར་སྨིན་པས་ནོར་མང་བ་དང་། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་ཤིང་། དེའི་འབྱོར་པ་འདི་ལྟར་ལས་ཀྱི་མཐའ་བའི ་ཟོད་སམ་བཅུ་དང་ཞེས་བྱ་བ་ནས། གསེར་གྱི་ནས་ཀྱིས་གང་བའི་སྦྱང་བ་བརྒྱད་བཅུ་དང་། རྨོན་པ་དོར་དགུ་བཅུ་རྩ་དགུ་ཞེས་བྱ་བའི་བར་དུའོ།། དགེ་སློང་དག་འདི་ལས་བྱིས་ཤིང་བསགས་པ་ཞེས་བྱ་བ་ནས་རྒྱས་པར་བྱའོ།། དགེ་སློང་དག་སྔོན ་བྱུད་པ་འདས་པའི་དུས་ན། གཏི་གནས་ཞིག་ན་དྲང་སྲོང་ལྔ་བརྒྱ་གནས་སོ།། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་རང་སངས་རྒྱས་ཕོངས་པ་དང་དམན་པ་ལ་ཕན་འདོགས་པ་འཇིག་རྟེན་དུ་འབྱུང་སྟེ། བསྟི ་གནས་དེ་དད་ཧ་ཅང་ཡང་མི་ངེར་བ་ཞིག་ན་རང་སངས་རྒྱས་ཞིག་ཀྱང་གནས་སོ། ། དེ་ནས་དྲང་སྲོང་དེ་དག་ཉིན་གཅིག་བཞིན་དུ་སྔར་ལངས་ཏེ། གནས་སྲུང་བའི་དྲང་སྲོང་བཞག་ནས། ཡམ་སྲེག་ཤིང་དང་། འབྲས་བུའི་ཕྱིར་ཕྱོགས་བཞིར་འགྲོ ་བར་བྱེད་དོ། ། དེ་ནས་དྲང་སྲོང་ཞིག་རང་སངས་རྒྱས་དེ་དང་ཉེ་བ་ནས་ཡང་དང་ཡང་དུ་འགྲོ་བ་ན་རང་སངས་རྒྱས་དེ་སྐྱིལ་མོ་དཀྲུང་བཅས་ཏེ་འདུག་པ་མཐོང་ངོ་།། ལྡོག་པ་ན་ཡང་དེ་བཞིན་འདུག་པར་མཐོང་ནས་འདི་སྙམ་དུ། དགེ་སློང་འདི་ཉིན་པར ་སྐྱིལ་མོ་དལུང་འཇིག་པར་མི་བྱེད་ན། ཁ་ཟས་གང་ནས་ཇི་ལྟར་བྱེད། མ་ལ་བདག་གིས་དེ་ལ་དྲིའོ་སྙམ་དུ་བསམས་སོ།། དེས་ཡང་འདི་སྙམ་དུ་ད་ལྟར་ཉེ་བར་སོང་སྟེ་དྲིར་ནི་དྲང་སྲོང་དེ་དག་གིས་བདག་དགེ་སློང་དང་ལྷན་ཅིག་འགྲོགས་པ་མཐོང་བ་དང་འཕྱ་བར་འགྱུར ་བས་གང་གི་ཚེ་བདག་བསྟི་གནས་སྲུང་བར་གྱུར་པ་དེའི་ཚེ་བག་ཚ་བ་མེད་པར་དྲིའོ་སྙམ་དུ་བསམས་སོ། ། དེ་ནས་དུས་གཞན་ཞིག་ན་དེ་ལ་བསྟི་གནས་སྲུང་བ་བབ་སྟེ། དྲང་སྲོང་དེ་དག་དོང་བ་དང་། རང་སངས་རྒྱས་གང་ན་བ་དེར་སོང་སྟེ་ཕྱིན་ནས་དེ་ལ་དྲིས་པ། ་འཕགས་པ་བདག་ཉིན་ཅིག་བཞིན་དུ་ཁ་ཟས་དང་འབྲས་བུའི་དོན་དུ་ཕན་ཚུན་དུ་འགྲོ་བར་བྱེད་པ་ན། ཁྱོད་སྐྱིལ་མོ་དཀྲུང་བཤིག་པའམ། བསོད་སྙོམས་ཀྱི་དོན་དུ་འགྲོ་བར་བདག་གིས་ལན་འགའ་ཡང་མ་མཐོང་ན། ཁྱོད་དགའ་བ་ཟ་འམ་ཅི། དེས་སྨྲས ་བདག་པ་ཟ་བ་མ་ཡིན་ཏེ། གང་གི་ཚེ་ཟས་ཀྱི་དུས་ལ་བབ་པ་དེའི་ཚེ་བསོད་སྙོམས་གྱི་དོན་དུ་སོང་སྟེ། འདིར་ཁྱེར་ཏེ་འོངས་ནས་ཟ་བར་བྱེད་དོ།། དེས་དྲིས་པ། བསོད་སྙོམས་ཀྱི་ཕྱིར་གང་དུ་འགྲོ་བར་བྱེད། དེས་སྨྲས་པ། བྱང་གི་ས་མི་སྨད་དུ། ་སྐམ་སྙན་ཅི་འདྲ། དེས་སྨྲས་པ། བདག་གིས་ཡོངས་སུ་འཛིན་པ་མེད་པ། ཚངས་པ། ཁྱད་པར་ཅན་དུ་འགྲོ་ཞིང་། དེ་ནས་ཤི་འཕོས་ནས་ཀྱང་ཁྱད་པར་ཅན་འགྲོ་བར་འགྱུར་བའོ།། འོན་ཏེ་བྱང་གི་སྒྲ་མི་སྐད་དུམ་འགྲོ་བ་དེའི་ཚེ་ནི་སུམ་བཛྲ་རྩ ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་ཁ་ཟས་བསོད་སྙོམས་བྱེད་དོ། ། དེས་དྲིས་པ། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཅི་འདྲ། དེས་སྨྲས་པ། ཁ་དོག་དང་ལྡན་པ། བདེ་བ་མང་བ། གཞལ་མེད་ཁང་མཐོན་པོ་ཅན། ཚེ་རིང་བ། ཡུན་རིང་དུ་གནས་པ། དུས་རི ་པོར་གནས་པ་ཡིན་ནོ། ། དེས་འདི་སྙམ་དུ། འདི་ནི་བདག་ཉིད་ཆེན་པོ་ཞིག་ཡིན་པས་མ་ལ་དི་རིང་གི་བསོད་སྙོམས་བདག་གིས་དབུལ་ལོ་སྙམ་དུ་བསམས་ནས། དེས་རང་སངས་རྒྱས་དེ་ལ་སྨྲས་པ། འཕགས་པ་དེང་བདག་གིས་བསོད་སྙོམས་དབུལ ་ཀྱིས་རྗེས་སུ་གཟུང་དུ་གསོལ། དེས་སྨྲས་པ། ཁྱོད་ཀྱང་ཁྱིམ་གྱི་གནས་ནས་ངེས་པར་བྱུང་བ་ཡིན་ན། ཁྱོད་ཀྱིས་ཇི་ལྟར་ང་ལ་བསོད་སྙོམས་སྦྱིན་པར་སེམས། དེས་སྨྲས་པ། དེ་ལྟ་ལགས་མོད་ཀྱི་འོན་ཀྱང་ངེས་པར་བདག་ལ་ཕན་གདགས་པར་མཛད་དུ ་གསོལ། ཁྱོད་ནི་དཔལ་དང་བསོད་ནམས་ཡིན། ཁྱོད་ནི་ཆོས་འཆད་རྣམས་ཀྱི་མཆོག། ཁྱོད་ཀྱི་བརྩོན་པས་འཇིག་རྟེན་འདི།། ཀུན་ནས་བརྒྱན་པ་བཞིན་དུ་གྱུར།། དེས་ཀྱང་ཁས་བླངས་སོ།། དེ་ནས་དྲང་སྲོང་གིས་དེས་ཅང་མི་སྨྲ་བས་ཁས་བླངས་པར་རིག ་ནས་རང་གི་བསྟི་གནས་སུ་སོང་ངོ་། ། དེ་ན་ཡང་དེས་སྔ་ན་ཁྲེ་རྒོད་བྲེའུ་ཆུང་གང་ཞིག་དྲུས་ཏེ་བཞག་པ་དེ་དེས་དཀྲབས་ནས་བསྟི་གནས་དེ་དང་ཧ་ཅང་མི་རིང་བ་ན་ཕྱུགས་ལྷས་ཞིག་ཡོད་པ་དེར་སོང་སྟེ། དེ་ནས་འོ་མ་བླངས་ཏེ་འོ་མའི་ནང་དུ་བཅོས་ནས། ་བཅོས་ཟིན་པ་དང་རང་སངས་རྒྱས་དེ་ལ་བསོད་སྙོམས་ཕུལ་ལོ།། བཙུན་པ་དེས་ཀྱང་དེ་ལ་ཕན་གདགས་པའི་དོན་དུ་བསོད་སྙོམས་དེ་བླངས་ནས་ལུས་ཀྱིས་ཆོས་བསྟན་པའི་ཕྱིར་དད་པའི་རྒྱལ་པོ་མདབ་མ་བརྒྱད་པ་ལྟ་བུར་ནམ་མཁའི་དཀྱིལ་དུ ་འཕགས་སོ། ། དེས་དེ་མཐོང་ནས་མཆོག་ཏུ་དང་བར་གྱུར་ཏེ། དགའ་བ་དང་མགྲུབ་དང་། རངས་པའི་ཡིད་ཀྱིས་པུས་མོས་ལ་གཙུགས་ཏེ་སྨོན་ལམ་བཏབ་པ། བསོད་སྙོམས་ཕུལ་ཏེ་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་ང་འདིས་བདག་ནམ ་དུ་ཡང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡིད་དགས་སུ་སྐྱེ་བར་མ་གྱུར་ཅིག། རྟག་ཏུ་ལྷ་རྣམས་ཀྱིན་དུ་སྐྱེ་ཞིང་། དེ་ནས་གི་འཕོས་ན་ཡང་བྱུང་གི་སྒྲ་མི་སྙན་དུ་སྐྱེ་བ་དང་། དེ་ནས་ཀྱང་སླར་ལྔ་རྣམས་ཀྱི་ནང་དུ་དང་། འདིས་ཡོན་ཏན་གྱི ་ཚོགས་ཐུགས་སུ་ཆུད་པ་གང་ཡིན་པ་དེ་དག་ཀྱང་ཁོང་དུ་ཆུད་པར་འགྱུར་བ་དང་། འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་མི་མཉེས་པར་མ་གྱུར་ཅིག་ཅེས་བྱས་སོ།། དགེ་སློང་དག་དེའི་ཚེ་དེའི་དུས་ན་དྲང་སྲོང་དུ་གྱུར་པ ་གང་ཡིན་པ་དེ་ནི་འོད་སྲུང་ཆེན་པོ་འདི་ཡིན་ནོ། ། དེའི་ཚེ་དེའི་དུས་ན་འདིར་ཁྲེ་རྒོད་བྲེའུ་ཆུང་གང་ཕུལ་བའི་ལས་དེའི་རྣམ་པར་སྨིན་པས་ལན་སྟོང་དུ་བྱང་གི་སྒྲ་མི་སྙན་དུ་སྐྱེས་སོ། ལན་སྟོང་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ།། ལྷ་རྣམས་ནས་ཤི་འཕོས ་ནས་ཀྱང་བྲམ་ཟེའི་རིགས་སུ་སྐྱེས་པར་གྱུར་ཏོ། ། སྨོན་ལམ་གྱི་དབང་གིས་རང་སངས་རྒྱས་བྱེ་བ་བརྒྱ་སྟོང་ལས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་དེ་ཡང་མཉེས་པར་བྱས་ཤིང་། འདིས་ཡོན་ཏན་གྱི་ཚོགས་དེ་ཡང་ཐོབ་པར་གྱུར་ཏོ།། དགེ་སློང ་དག་དེ་ལྟ་བས་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བཀུར་སྟི་བྱས་ཤིང་སྦྱིན་པ་དབུལ་བ་དང་། བསོད་ནམས་ཀྱང་བྱའོ།། དེ་ལྟར་བྱས་ན་རྣམ་པ་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་ཅན་དུ་འགྱུར་ཏེ། འོད་སྲུང་ཇི་ལྟ་བ་དེ་བཞིན་དུ་དགེ་སློང་ཁྱེད་ཀྱིས ་བསླབ་པར་བྱའོ། ། ཡང་དགེ་སློང་རྣམས་ཐེ་ཙོམ་སྐྱེས་པ་དེ་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ལས་ཅི་ཞིག་བགྱིས་ཤིང་བསགས་པའི་ལས་ཀྱི་རྣམ་པར་སྨིན་པས་འདི་ལྟར་རབ་ཏུ་བྱུང་ཞིང་ཉོན ་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་ཐོབ་ཅིང་། བཅོམ་ལྡན་འདས་ཀྱིས་འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་སྨྲ་བ་རྣམས་ཀྱི་མཆོག་ཏུ་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདིས ་ལས་བྱས་ཤིང་བསགས་པ་ཞེས་རྒྱས་པར་བྱའོ། ། དགེ་སློང་དག་སྔོན་བྱུང་བ་འདས་པའི་རུས་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་རིག་པ་དང་། ་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བྱུང་ངོ་།། དེའི་གསུང་རབ་ལ་བཞི་རབ་ཏུ་བྱུང་བར་གྱུར་ཏེ། དེར་འདིས་ལོ ་སྟོང་ཕྲག་བཅུའི་བར་དུ་ཚངས་པར་སྤྱོད་པ་ལ་གནས་ཤིང་། ཡོངས་སུ་བསྲུངས་ཀྱང་མཐར་ཐུག་པའི་ཡེ་ཤེས་མ་བསྐྱེད་མོད་ཀྱི་འོན་ཀྱང་འཆི་བའི་དུས་ཀྱི་ཚེ་སྨོན་ལམ་བཏབ་པ། བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ཁྱོད་མ ་འོངས་པའི་དུས་ན་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་གང་ཡིན་པ་དེ་བདག་གིས་མཉེས་པར་བྱེད་ཀྱི་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། ། ་དེ་ལ་ཡང་དགེ་སློང་གང་གི་དྲུང་དུ་རབ་ཏུ་འབྱུང་བར་བྱེད་པ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་སྨྲ་བ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་དེ་ན་ཡང་འདིས་སྨོན་ལམ། ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བདག་གིས་མཁན་པ་འདོད་ཆགས་ཆུད་པ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་སྨྲ་བ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་དེ་བཞིན་དུ། བྲམ་ཟེའི་ཁྱེའུ་བླ་མས་རྫོགས ་པའི་བྱང་ཆུབ་ཐོབ་པ་ན་བདག་ཀྱང་ལུང་བསྟན་པ་ཐོབ་པར་ཤོག་ཤིག་ཅེས་བྱས་སོ། ། དགེ་སློང་དག་དེར་ཚངས་པར་སྤྱོད་པ་ལ་གནས་པས་དེ་འདི་ལ་འབྲས་བུ་ཐོབ་པར་གྱུར་ཏོ།། དེར་དབང་པོ་ཡོངས་སུ་སྨིན་པར་བས་པས་དེ་འདི་ལ་རྣམ་པར་གྲོལ ་ལོ། ། དེར་སྨོན་ལམ་བཏབ་པ་གང་ཡིན་པ་དེས་དེ་འདི་ལ་ལུང་བསྟན་པར་གྱུར་ཏེ། དགེ་སློང་དག་དེ་ལྟ་བས་ན་གུས་པར་ལུང་དབོག་པར་བྱ། ཀླག་པར་བྱ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་གནས་དང་། གནས་མ་ཡིན་པ་དང་། རྟེན་ཅིང་འབྲེལ ་བར་འབྱུང་བ་ལ་མཁས་པར་བྱའོ། ། དེ་བཞིན་དུ་ཡང་དག་པའི་སྨོན་ལམ་གད་བ་སྟེ། དེས་ན་ཁྱེད་ཅག་གི་ཡོན་ཏན་གྱི་ཚོགས་བསྐྱེད་པར་འགྱུར་བས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ།། བར་སྔོབ་ལ། ཞིང་པ་དང་ནི་རྫ་མཁན་དང་། ་ཚོང་དཔོན་རས་ཡུག་འཚོ་བ་དང་།། མཆོད་རྟེན་ཡུང་གི་བྲུག་པ་དང་།། སྨད་འཚོང་མ་དང་ཆེན་ཆུང་དང་།། ཕྱག་དང་འདོད་པ་ཆུང་བ་ཡི།། སྡེ་ཅན་དུ་ནི་བསྟན་པ་ཡིན།། །། ཕས་ཕམ་བརྒྱད་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ་སྟེ། སྡོམ་ལ། མི ་ཚངས་སྤྱོད་དང་རྐུ་བ་དང་། ། མི་གསོད་པ་དང་བརྫུན་སྨྲ་དང་།། རི་དགས་འཛིན་དང་སྤོས་འཚོང་དང་།། མཛའ་ཅན་མ་དང་གྲེ་ལས་སྐྱེས།། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ།། ་གང་གི་ཚེ་ཨུཏྤ་ལའི་མདོག་གྲོང་ཁྱེར་ཆེན་པོ་དྲུག་ན་སྨད་འཚོང་མ་བྱེད་པར་གྱུར་པ་དེའི་ཚེ་བྲམ་ཟེ་ཞིག་དེ་ལ་སེམས་ལྷག་པར་ཆགས་པར་གྱུར་ནས་དེར་སོང་སྟེ། མེ་ཏོག་དང་། འབྲས་བུ་དང་། སོ་ཤིང་རྣམས་ཀྱིས་བསྙེན་བཀུར་བྱེད་པར་གྱུར་ཏོ།། དེ ་ནས་ཨུཏྤ་ལའི་མདོག་གིས་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། ། ཁྱོད་ནི་རིགས་མ་ཐོ་བ་ཡིན་ལ།། བདག་ནི་རིགས་དམའ་བ་ཡིན་ནོ།། ཅིའི་ཕྱིར་འདིར་འོངས། དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེས་ཨུཏྤ་ལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ།། ་བདག་ཁྱོད་དང་ལྷན་ཅིག་ཕྲད་འདོད་པའི་ཕྱིར་རོ།། དེས་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་ཁྱོད་ལ་ཀར་ཤ་བ་ཎ་དག་ཡོད་ན་ཕྱི་ནས་ལྷན་ཅིག་ཕྲད་པར་བྱའོ།། དེ་ནས་བྲམ་ཟེ་དེས་ཨུཏྤ་ལའི་མདོག་ལས་ཚིག་དེ་ཐོས་ནས་ཀར་ཤ་བ་ཎའི་དོན་དུ་ལྗོངས ་དག་ཏུ་སོང་ངོ་། ། ཇི་ཙམ་ཨུཏྤ་ལའི་མདོག་དུས་གཞན་ནིག་ན། དགེ་བའི་བཤེས་གཉེན་ཚེ་དང་ལྡན་པ་མཽད་དགལ་གྱི་བུ་ཆེན་པོ་ལ་བརྟེན་ནས་སྨད་པའི་ལས་རྣམས་སྤངས་ཏེ་དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་གྱུར་ཏོ།། དེ་ཡང་ཉེན་པར་ནག ་ཆལ་ཐིབས་པོར་འདུག་པ་ལ་གོམས་པ་ཡིན་པས་དེ་ནས་ཨུཏྤ་ལའི་མདོག་ནགས་ཚལ་ཐིབས་པོར་ཉིན་པར་འདུག་ཏུ་སོང་ངོ་། ། བྲམ་ཟེ་དེ་ཡང་ཀར་ཤ་བ་ཎ་ཁྱེར་ཏེ། གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་སོང ་ནས་འདྲི་ཞིང་འདྲི་ཞིང་མཉན་ཡོད་དུ་ཕྱིན་ཏོ། ། དེ་ནས་བྲམ་ཟེ་དེ་ཨུཏྤ་ལའི་མདོག་གང་ན་བ་དེར་སོང་སྡེ་ཕྱིན་ནས་ཨུཏྤ་ལའི་མདོག་ལ་རྒྱལ་བ་སྤེལ་བ་བྱས་ཏེ་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཀར་ཤ་བ་ཎ་དག་བ་ཞེས་ཤིག། དེས་ཀྱང ་བསམས་ནས་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། ། བྲམ་ཟེ་བདག་གིས་ནི་དམ་པའི་ཆོས་མ་ཡིན་པ་དེ་སྤངས་སོ།། དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེས་ཨུ་ཏྤ་ལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་ཁྱོད་ཀྱིས་སྤངས་ཀྱང་བདག་གིས ་ནི་མ་སྤངས་སོ། ། དེ་ནས་ཨུཏྤ་ལའི་མདོག་གིས་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་ཁྱོད་བག་གི་ཡན་ལག་གི་ཆ་གང་ལ་སེམས་ལྷག་པར་ཆགས་པར་གྱུར། དེས་འདི་སྐད་ཅེས་སྨྲས་ཏེ། མིག་ལའོ།། དེས་མིག་དེ་རྫུ་འཕྲུལ་གྱིས་ལག་མཐིལ ་རུ་བཞག་སྟེ། བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་གལ་ཏེ་འདོད་ན་ལོང་ཤིག། དེ་ནས་བྲམ་ཟེས་མིག་དེ་མཐོང་བ་དང་ཐོས་འཁྲུགས་རྔམ་པར་གྱུར་ཏེ། དགེ་སློང་མ་ཨུ་ཏྤ་ལའི་མདོག་གི་གླང་དུ་ཐ་ཚྭར་གཅིག་བསྣུན་ནས་སོང་ངོ་།། དེ ་ནས་ཨུཏྤ་ལའི་མདོག་གིས་སྐབས་དེ་དགེ་སློང་མ་རྣམས་ལ་སྨྲས་སོ། ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ ་སྲོང་དག་བུད་མེད་ནི་མཐུ་སྟོབས་ཆུང་བ། གཡོན་ཅན་དང་། འརྩོན་མ་དང་། ཟོལ་བ་ལས་སོགས་པས་འདོད་པར་བྱ་བ་ཡིན་པས་དེའི་ཕྱིར་དེ་དེ་ཕྱིན་ཅང་དགེ་སློང་མས་དགོན་ཡར་མྱོང་ཆོ་ད་ཀྱི་ན་སློང་བ་གང་ས ་སྲད་དང་། བཞི་མདོ་དང་། ས་མ་མདོ་དག་ཏུ་གནས་པ་ན། གཡོན་ཅན་ལ་སོགས་པས་ཀྱང་བཟོད་པར་གྱུར་ཏོ།། རེ་ཤིག་ན་དེ་དག་ངན་གནས་པར་གྱུར་པ་དེའི་ཚེ་མཉན་ཡོད་ན་རི་དགས་འཛིན་གྱི་བུ་དགེ་བསྙེན་ས་གཞིས་བྱ་བ་དད་པ་དང་ལྡན ་པ་དགེ་བའི་བསམ་པ་བཟང་པ་བསླབ་པའི་གཞི་ལྔ་དང་ལྡན་པ་དེས་དགེ་སློང་མ་བབ་བབ་ཏུ་འདུག་པ་དེ་དག་མཐོང་ནས་དེས་དེ་དག་ལ་གནས་བཙལ་ཏེ་ཕྱིན་ནས། འཕགས་མ་དག་འདིར་ཅི་བདེར་བཞུགས་ཤིག་ཅེས་བྱས་པ་དང་། དེ་དག ་ཀྱང་དེར་འདུག་གོ། ། དེའི་ཚེ་དགེ་སློང་མའི་དབྱར་ཁང་ན་དགེ་སློང་མ་སྦོམ་དགའ་མོ་ཞེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟན་སྡུག་པ། འདོད་ཆགས་ཆེ་བ། སྐྱེས་པའི་ཡིད་དུ་འོང་བ་ཞིག་འདུག་གོ།། དེ་ནས་དུས་གཞན་ཞིག་ན ་གེ་སློང་མ་དགེ་བསྒོས་བན་པ། དགེ་སློང་མའི་དགེ་འདུན་རློ་དུས་ཀྱི་ཆོགམ་ཐབས་པཔས། ཆས་གས་དང་། སྤང་བནང་ཐུགས་ནས་མཉན་ཡང་དབས་སྙོམས་ཀྱི་བྱུང་རྣགས་པ།། དེན་ས་དགེ་སློང་མ་སུས་དགའ་བ་ས ་དེ་ཉིད་ནས་སླར་ལོག་སྟེ་དེ་རི་དགས་འཛིན་གྱི་བུ་འདུག་པ་དེ་ལ་ཆགས་པ་ཡིན་པས་དེས་དེ་ལ་བརྡའ་བྱས་པ་དང་། དེ་མ་འདོད་ནས་དེས་འདི་སྐད་ཅེས་སྨྲས་སོ།། གང་འདོད་པ་ན་གད་མི་འདོད་པ་དེ་དག་ནི་དེ་བཞིན་དུ་འགྱུར་རོ།། དེ་ནས་རི་དགས ་འཛིན་གྱི་བུས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། ། སྲིང་མོ་ཁྱོད་ནི་རབ་ཏུ་བྱུང་བ་ཡིན་ལ་བདག་ནི་དགེ་བསྙེན་ཡིན་པའི་སྟེང་དུ་ཁྱོད་ཀྱང་རྒྱལ་པོས་བཙུན་མོའི་ཐབས་ཐོབ་པ་ཡིན་ལ། གལ་ཏེ་བདག་གིས་ཀྱང་ཉེས་པར་སྤྱོད་པ་འདི་ལྟ་ན ་སྨད་པ་རྒྱལ་པོས་ཤེས་པར་གྱུར་ན། དེས་བདག་མཚན་མོ་འདི་ཉིད་ནས་སྡུག་བསྔལ་གྱི་སྐལ་བ་ཅན་དུ་འགྱུར་རོ།། དེ་ནས་སྦོམ་དགའ་མོས་རི་དགས་འཛིན་གྱི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་གི་བུ་རྒྱལ་པོའི་རྟོག་ཆེན་པོ་དག་བདག ་ཅག་གི་ཕྱིར་བཞིན་འབྲད་དམ་ཅི། གལ་ཏེ་བདག་ཀྱང་འདོད་ལ་བྱེད་ཀྱང་འདོད་པར་གྱུར་པ་དེ་ལྟར་འདུག་པ་ལ་སུ་ཞིག་བདག་ལ་འཕྲིགས་པར་འགྱུར། དེ་སྐད་ཅེས་སྨྲས་ཀྱང་རི་དགས་འཛིན་གྱི་བུ་མ་བཏུབ་པོ།། དེ་ནས་དགེ་སློང་མ་སྦོམ་དགའ་མོས་འདི་སྙམ་ན ་ཅི་དག་ལུས་ནི། ནས་འཆི་བར་བྱ་འམ། མ་ལ་བདག་གི་ཡན་ལག་དང་སྤང་བ་ཙམ་པ་དག་གིར་བྱའོ་སྙམ་བསམས་ཤིང་བརྟགས་ནས་རི་དགས་འཛིན་གྱི་བུ་ལ་འདི་སྐད་ཅེས་གལ་ཏེ་ཁྱིམ་བདག་གི་བུ་མི་འདོད་ན་ཡན་ལག་དང་ཡན་ལག་ཙམ་རིག་པར་བྱའོ་ཞེས ་སྨྲས་ནས་དེས་དེ་པར་དུ་བླངས་ཏེ་པུས་མོ་ཡན་ཅད་དང་མིག་མན་ཅད་སྤྲད་ཀུན་སྤྱད་པར་བྱས་པ་ལས་སྦྱོར་བ་དེ་ཡང་དགེ་སློང་མ་དགེ་བསྐོས་མས་ཚོར་བར་གྱུར་ཏོ། ། དགེ་སློང་མའི་དགེ་འདུན་མ་ཡང་མཉན་ཡོད་དུ་བསོད་སྙོམས་བྱས་ནས་ཟས་ཀྱི་བྱ་བ་བྱས་ཏེ། ་ཟས་ཕྱི་མའི་བསོད་སྙོམས་སྤངས་ནས་སླར་ལོག་པ་ན་རི་དགས་འཛིན་གྱི་བུའི་གནས་གང་ཡིན་པ་དེར་སོང་ངོ་།། དེ་ནས་དགེ་སློང་མ་དགེ་བསྐོས་མ་དེས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་པུ་ནུ་མོ་རི་དགས་འཛིན་གྱི་བུ་འདིས་བདག་ཅག་ལ ་ཆོས་ཀྱི་དོན་དུ་གནས་དབེན་པ་རབ་ཏུ་བྱིན་སྙམ་ན་འདིས་ནི་མགོ་རེག་མོ་རྣམས་སྦས་ཀྱི་བཙན་མོ་ལྟ་བུར་བཞག་པ་དབ་དག་གིས་འཕྲིགས་ཀྱིས། ཀྱེ་ཕུ་ནུ་མོ་དག་ཁྱེད་གང་ལ་ཚུལ་ཁྲིམས་དགོས་པ་དེ་དག་གཞན་དུ་དེང་ཤིག། དེ་དག་གིས་དེ་ལ་དྲིས་པ། དེ་རྗེ ་ཤིག། དེས་དགེ་སློང་མ་རྣམས་ལ་སྐབས་དེ་རྒྱས་པར་སྨྲས་སོ།། དགེ་སློང་མ་རྣམས་ཀྱིས་ཀྱང་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ངའི་གཉི་གའི་དགེ་འདུན་གྱིས་དོན ་ཤེས་པ་དང་། ངས་བསླབ་པའི་གཞི་ཡང་ལེགས་པར་བཅས་པར་འགྱུར་རོ་སྙམ་ནས་བྱུང་བ་འདི་དང་གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་གཉིས་གའི་དགེ་འདུན་བསྡུ་བ་མཛད་དོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན ་དུ་མེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི་མི་མཁྱེན་པར་མ་ཡིན། དུས་སུ་ཡིན་གྱི་དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པར་ཡིན་གྱི་དོན་དང་མི་ལྡན་པར་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་མི་ལྡན་པར་མེད ་པ་ནི་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ། ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་ལ་སྨྲས་པ། དགེ་སློང་མ་ཁྱོད་ཀྱིས ་འདི་ལྟར་ཚུལ་མ་ཡིན་པ་མི་མཛེས་པར་བྱས་པ་བདེན་ནམ། བཅོམ་ལྡན་འདས་བགྱིས་མང་ངོ་།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་འཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་མའི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་མ་དག་དེ་ལྟ་བས་ན་ཕན་ཡོན་བཅུ་པོ་འདི་ལྟ་སྟེ། དགེ་འདུན་བསྡུ་བར་བྱ་བའི་ཕྱིར་དང ་དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་། དགེ་འདུན་འཐུན་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང་། གནོད་མི་བཀུར་བའི་གང་ཟག་ཚར་གཅད་པའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར ་དང་། མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་། དད་པ་རྣམས་ཕྱིར་ཞིང་རྒྱས་པར་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང་། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་རྗེས་སུ་གཟུང ་བར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བསྟན་པ་འཐུན་པར་བྱ་བའི་ཕྱིར་དང་། ངའི་བསྟན་པ་ཡངས་པར་གྱུར་པ་སྐྱེ་བོ་མང་པོ་ལ་ཕན་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས ་པར་འགྱུར་བ་ལ་ཡང་དག་པར་གཟིགས་ནས་འདུལ་བ་ལ་ཉན་ཐོས་མ་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱའོ། ། ངའི་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་ཆགས་པར་གྱུར་པས་སྐྱེས་པ ་ཆགས་པ་དང་ལྷན་ཅིག་པུས་མོ་ཡན་ཆད་མིག་མན་ཆད་སྤྲད་ཀུན་ཏུ་སྤྱད་པ་ཉམས་སུ་མྱོང་བར་བྱེད་ན་དགེ་སློང་མ་དེས་ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཆགས་པར་གྱུར་པས་ཞེས་བྱ་བ ་ནི་ཆགས་པས་དང་། ཡང་དག་པར་ཞེན་པས་དང་། ཀུན་ནས་བཀྲིས་པས་སོ།། སྐྱེས་པ་ཞེས་བྱ་བ་ནི་རི་དགས་འཛིན་གྱི་བུ་འམ། དེ་ལས་གཞན་པ་གང་ཡང་རུང་བའོ།། ཆགས་པ་ཞེས་བྱ་བ་ནི་ཆགས་པ་དང་། ཡང་དག་པར་ཞེན་པ་དང་། ཀུན་ནས་དཀྲིས་པའོ།། མིག ་མན་ཆད་པུས་མོ་ཡན་ཅད་ཅེས་བྱ་བའི་བར་དུའོ། ། སྤྲད་ཀུན་ཏུ་སྤྲད་པ་ཞེས་བྱ་བ་ནི་གཏུགས་ཤིང་ཀུན་ཏུ་གཏུགས་པའོ།། བདག་གིས་བྱེད་པ་ཞེས་བྱ་བ་ནི་ཀུན་ནས་ཉམས་སུ་མྱོང་བར་བྱེད་པའོ།། དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པའོ།། ། ་དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པའོ།། བསྙེན་པར་རྫོགས་པ་གང་ཞེ་ན། གསོལ་བ་དང་བཞིའི་ལས་ཀྱི་བྱ་བ་བྱེད་པ་ཉིད་དང་། རྟོག་པ་ཉིད་དང་། མཐར་ཕྱིན་པར་བྱེད་པ་ཉིད་དང་། ་དེའི་ཁས་ལེན་པ་དང་། མངོན་པར་ཁས་ལེན་པ་དང་། དེ་ཡང་བསྙེན་པར་རྫོགས་པའི་ཚེ་ག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། བརྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་ཏུ་བརྗོད་པ་དང་། ངག་གི་ལས་དང་། ་ངག་གི་རྣམ་པར་རིག་བྱེད་ཀྱིས་ཁས་ལེན་པ་གང་ཡིན་པའི་དེ་ནི་བསྙེན་པར་རྫོགས་པར་དེས་བྱའོ།། དེ་ཞེས་བྱ་བ་འདི་ནི་ཉེ་བར་བསྟན་པ་དང་། ཀུན་དུ་བསྟན་པའི་ཚིག་བླ་དགས་སོ།། ཕས་ཕམ་པར་གྱུར་པ་ཡིན་པས་ཤེས་བྱ་བ་ནི་དེ་ཐ་མ ་དང་ལྟུང་བ་དང་། དམན་པ་དང་། ཐ་ཆད་དང་། བསྙིལ་བ་དང་། ཡིད་དང་མི་མཐུན་པའོ།། ཡང་གང་གིས་ལྷུང་བ་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་མར་མི་རུང་བར་འགྱུར། ཤཱཀྱའི་སྲས་སུ་མི་རུང་། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ནི ་ཉམས་པ། བཅོམ་པ། ལྟུང་བ། ཕམ་པ། རྒྱབ་ཀྱིས་ཕྱོགས་པར་བྱས་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླང་དུ་མེད་པར་བྱས་པ་ཡིན་ནོ།། འདི་ལྟ་སྟེ། ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང ་ཡངས་པར་འགྱུར་དུ་མི་རུང་བ་དེ་བཞིན་དུ། དགེ་སློང་མ་གང་གིས་ལྟུང་བ་དེ་བྱས་ན་བྱས་མ་ཐག་ཏུ་ཞེས་བྱ་བ་སྔ་མ་བཞིན་ནོ།། གནས་པར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་མ་རྣམས་ཀྱིས་དེ་དང་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། ་གསོལ་བ་དང་གཉིས་དང་། གསོལ་བ་དང་། ཤི་བས་ཉམས་སུ་མྱོང་བར་མི་བྱ་བའོ།། ཡང་དགེ་སློང་མ་བཅུ་གཉིས་པོ་དག་ཏུ་དེ་བསྐོ་བར་མི་བྱའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། སྡོམ་ལ། ཆགས་པས་སྐྱེས་པ་ཆགས་པ་ཡི། ལུས་དང་མིག ་ནི་མན་ཆད་དང་། པུས་མོའི་གོང་ནི་ཡན་ཅད་ཀྱིས།། སྤད་ན་ཕས་པ་མ་འགྱུར་བ་ཡིན།། སྐྱེས་པ་ཆགས་པར་མ་གྱུར་པ།། དེ་ནི་སྦོམ་པོ་ཉིད་དུ་འགྱུར།། བྱིན་པ་དང་ནི་འཕྲལ་བ་རྣམས།། དེ་དག་ཉེས་བྱས་ཉིད་དུ་འགྱུར།། ཡང་དགེ་སློང ་མ་གང་ཆགས་པས་སྐྱེས་པ་ཆགས་པ་དང་ལྷན་ཅིག་མིག་མན་ཅད་པུས་མོ་ཡན་ཆད་སྤྲད་ཀུན་དུ་སྤྲད་པ་ཉམས་སུ་མྱོང་བར་བྱེད་ན་ཕས་ཕམ་པར་འགྱུར་རོ། ། ཡང་དགེ་སློང་མ་གང་ཆགས་པས་སྐྱེས་པ་ཆགས་པ་མེད་པ་དང་ལྷན་ཅིག་མིག་མ། ་ཆད་པུས་མོ་ཡན་ཆད་སྤྲད་ཀུན་དུ་སྤྲད་པ་ཉམས་སུ་མྱོང་བར་བྱེད་ན་སྦོམ་པོར་འགྱུར་རོ།། ཡང་དགེ་སློང་མ་གང་ཆགས་པ་མེད་པས་སྐྱེས་པ་དང་ལྷན་ཅིག་མིག་མན་ཆད་པུས་མོ་ཡན་ཆད་སྤྲད་ཀུན་དུ་སྤྲད་པ་ཉམས་སུ་མྱོང་བར་བྱེད་ན་སྦོམ ་པོར་འགྱུར་རོ། ། ཡང་དགེ་སློང་མ་གང་ཆགས་པས་སྐྱེས་པ་མ་ཆགས་པ་དང་ལྷན་ཅིག་འཕྲལ་བ་ཡན་ཆད་བྱིན་པ་མན་ཆད་སྤད་ཀུན་དུ་སྤད་པ་བདག་གིར་བྱེད་ན་སྦོམ་པོར་འགྱུར་རོ།། ཡང་དགེ་སློང་མ་གང་ཆགས་པ་མེད་པས་སྐྱེས ་པ་ཆགས་པ་དང་ལྷན་ཅིག་འཕྲལ་བ་ཡན་ཅད་བྱིན་པ་མན་ཅད་སྤྲད་ཀུན་དུ་སྨད་པ་བདག་གིར་བྱེད་ན་ཉེས་བྱས་སུ་འགྱུར་རོ། ། ཡང་དགེ་སློང་མ་གང་ཆགས་པས་སྐྱེས་པ་ཆགས་པ་མེད་པ་དང་ལྷན་ཅིག་འཕྲལ་བ་ཡན་ཆད་བྱིན་པ་མན་ཆད་སྨང ་ཀུན་དུ་སྤྱད་པ་བདག་གིར་བྱེད་ན་ཉེས་བྱས་སུ་འགྱུར་རོ། ། ཡང་དགེ་སློང་མ་གང་ཆགས་པ་མེད་པས་སྐྱེས་པ་ཆགས་པ་མེད་པ་དང་ཉན་ཅིག་འཕྲལ་བ་ཡན་ཆད་བྱིན་པ་མན་ཆད་སྨད་ཀུན་དུ་སྨད་པ་བདག་གི་དབྱེད་ན་ཉེས་བྱས་སུ་འགྱུར་རོ།། ་ཕས་ཕམ་པར་གྱུར་པ་ལྔ་པ་རྫོགས་སྷོ།། ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་མཉན་ཡོད་ན་སྤོས་འཚོང་གི་ཁྱེའུ ་གཟུགས་བཟང་བ། མཛེས་པ། བལྟན་བསྡུག་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ་དེ་ཟུང་མ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ།། དེ་བླངས་ནས་རིང་པོ་མ་ལོན་པར་དེ་ནས ་དགེ་སློང་མ་སྦོམ་དགའ་མོ་སྤོས་འཚོང་གི་ཁྱེའུ་དེ་ལ་ཆགས་པར་གྱུར་ཏེ། དེ་སྤོས་འཚོང་གི་ཁྱེའུ་དའི་གན་དུ་སོ་སྟེ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟང་ཁྱོད་ཅིག་པག་མས་རཔས་སེམས་མཐུའམ། དེས་འདི་སྐད་ཅེས་སྨྲས་ས།། ་འཕགས་མ་གལ་ཏེ་མགུ་བར་གྱུར་ན་ཡང་དོན་འདི་ཁྱོད་ལ་ཅི་དགོས། གལ་ཏེ་མ་མགུ་བར་གྱུར་ན་ཡང་དོན་འདི་ཁྱོད་ལ་ཅི་དགོས་དེ་སྐདེ་ཅེས་སྨྲས་པ་དང་། སྦོམ་དགའ་མོས་སྤོས་འཚོང་གི་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ།། ངས་ཀོ་ཁྱོད་དང ་ལྷན་ཅིག་དགོས་པ་ཅུང་ཟད་ཅིག་བྱ་བར་ནུས་སྙམ་ན་ཅུང་ཟད་ཀྱང་མི་ཟོད་ན་དེར་ཟད་དོ། ། དེ་ནས་སྤོས་ང་ཚོང་གི་ཁྱེའུ་དེས་དགེ་སློང་མ་འདི་ནི་སེམས་ཆགས་པར་གྱུར་ཏོ་སྙམ་དུ་བསམས་སོ།། དེ་དེའི་དྲུང་དུ་ཡང་དང ་ཡང་དུ་སོང་ནས་བརྡ་བྱེད། དུས་འདེབས། མཚན་མ་སྟོན་པར་བྱེད་ཅིང་། འཕྱར་གཡེང་དང་། གཞོག་སྟེགས་དང་། ཅབ་ཧྲལ་དག་ཀྱང་བྱེད་དོ།། དེ་ནས་སྤོས་འཚོང་གི་ཁྱེའུ་དེ་དུས་གཞན་ཞིག་ན་སྦོམ་དགའ་མོའི་དྲུང་དུ་འོངས་པ་དང་། དེས ་དེ་གཡོགས་ཏེ་བཞག་གོ། ། དེ་ནས་སྦོམ་དགའ་མོ་གཙུག་ལག་ཁང་གི་ཕྱི་རོལ་དུ་སོང་སྟེ་རྐང་ལག་བཀྲུས་ནས་སློབ་མ་དང་ཉེ་གནས་རྣམས་ལ་བསྒོ་བ་བྱས་ནས་སྤོས་འཚོང་གི་ཁྱེའུ་དེ་དང་དབེན་པར་སོང་སྟེ་འདུག་གོ།། རེག་ཤིག་ན ་དེས་འཁྲིག་ཐབས་སུ་བཅུག་པ་དང་། དེའི་ཚེ་སྦོམ་དགའ་མོས་འདི་སྙམ་དུ་བདག་དགེ་སློང་མ་རྣམས་ཀྱི་གོང་དུ་འགྲོ་བ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། ཚངས་པར་སྤྱོད་པ་ལ་གནས ་པའི་དྲིན་ཡིན་ན། གལ་ཏེ་དེ་བདག་གིས་རྣམ་པ་འདི་ལྟ་བུའི་ཉེས་པར་སྤྱོད་པ་སྤྱད་པས་དགེ་སློང་མ་ཉམས་པར་བྱས་ན་སུ་ཞིག་བདག་ལ་འདྲི་བར་བྱེད་སྙམ་དུ་སེམས་བསྐྱེད་ཅིང་བསམས་ནས་སྦོམ་དགའ་མོས་སྤོས་འཚོང་གི་ཁྱེའུ་དེ ་ལ་འདི་སྐད་ཅེས་སྨྲས་སོ། ། བཞིན་བཟང་ཐོང་ཐོད། དེ་ནས་སྤོས་འཚོང་གི་ཁྱེའུ་དེས་འདི་སྙམ་དུ་གདོན་མི་ཟ་བར་འདི་ནི་མི་བདེ་བ་ཞིག་ཏུ་འདུག་གོ་སྙམ་དུ་བསམས་ནས་དེས་ཀྱང་བཏང་ངོ་།། དེ་ནས་སྦོམ་དགའ་མོས་རྒྱབ་བདེ་བར ་བཞག་སྟེ་རྐང་པ་གཡས་པ་བསྐུམ་ནས་སྤོས་འཚོང་གི་ཁྱེའུ་དེ་ལ་རྡོག་པ་གཅིག་བརྒྱབ་ནས་རྩིག་མ་གཉིས་བཅག་གོ། ། དེ་ནས་སྤོས་འཚོང་གི་ཁྱེའུ་དེ་ཁྲག་ཏུ་སྡུག་བཞིན་དུ་བྲོས་ཏེ་སོང་ངོ་།། དེ་ནས་སྦོམ་དགའ་མོས་དབྱར་ཁང་གི ་དབུས་སུ་འདུག་ནས་བདུད་བཙེ་མོ་མོ། བདུད་བཅོམ་མོ་ཞེས་བོས་སོ།། དེ་ནས་དགེ་སློང་མ་དེ་དག་གིས་ཐོས་ནས་འདི་སྐད་ཅེས་སྨྲས་སོ།། ཅི་ཕུ་ནུ་མོ་ཁྱོད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སམ། ལན་ཅིག་ཕྱིར ་འོད་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཆུང་ངུ་ན་གཞན་དག་སངས་རྒྱས་ཀྱི་བསྟན་པ་ལ་དགེ་བའི་རྩ་བ་བསྐྱེད། དེས་འདི་སྐད་ཅེས་སྨྲས་སོ།། ཅང་མ་ཡིན་ནོ།། ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འོ་ན་ཁྱོད་ཀྱིས་བདུད་ཅི་ལྟ་བུ་ཞིག་བཅོམ། དེས་སྐབས་དེ་དག་ཕལ་མོ་ཆེའི་ནང་དུ་སྨྲས་སོ།། དེ་ནས་དགེ་སློང་མ་དེ་དག་གིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་རིམ་པ་ཞིག་དང་མ་ཕྲད ་དུ་ཟད་ཀྱི་དེ་ལྟ་བུ་ཞིག་ན་ཁྱོད་ཐག་བཅུག་པར་འགྱུར་རོ། ། དེ་ནས་དགེ་སློང་མ་མང་པོ་རྣམས་ཀྱིས་སྦོམ་དགའ་མོས་སྨྲས་ཀྱང་དགའ་བར་ཡང་མི་བྱེད། ཁྲོ་བར་ཡང་མི་བྱེད་དོ།། དགའ་བར་ཡང་མི་བྱེད། ཁྲོ་བར་ཡང་མི་བྱེད་པ་དང་སྟན་ལས ་ལངས་ཏེ་དོང་ངོ་། ། དེ་ནས་དགེ་སློང་མ་མང་པོས་སྐབས་དེ་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། ་བསྐབས་འདི་ལ་ཞེས་བྱ་བ་ནས་སྐྱེ་བོ་མང་པོ་ལ་ཕན་པ་ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཞེས་བྱ་བའི་བར་དུ་སྔ་མ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ།། ཡང་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར ་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་ཆགས་པར་གྱུར་པས་སྐྱེས་པ་ཆགས་པ་དང་ལྷན་ཅིག་བརྡའ་བྱེད་དམ། དུས་འདེབས་སམ། མཚན་མ་སྟོན་ཏམ། འཕྱར་གཡེང་དང་། གཞོག་སྟེགས་དང་། ཙ་བ་ཧྲལ་བྱས་པས་སྐྱེས་པ་འོངས་པ་བདག ་གིར་བྱེད་ཅིང་། གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་རུང་བ་ཕྱིར་བཟློག་ཏུ་མེད་པའི་གནས་སུ་ལུས་བཀན་ཏེ། གནས་བརྒྱད་པོ་འདི་དག་ཏུ་དགེ་སློང་མས་ལྟུང་བ་བྱས་ན་བྱས་མ་ཐག་ཏུ་དེ་དགེ་སློང་མར་མི་རུང་བ་ཡིན་གྱིས་གནས་པར་མི ་བྱའོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཆགས་པར་གྱུར་པས་ཤེས་བྱ་བ་ནི་ཆགས་པས་དང་། ཡང་དག་པར་ཞེན་པས་དང་། ཀུན་ནས་དཀྲིས་པས་སོ།། སྐྱེས་པ་ཞེས་བྱ་བ་ནི་སྤོས་འཚོང་གི་ཁྱེའུ་འམ། དེ་ལས ་གཞན་པ་གང་ཡང་རུང་བར། ། ཆགས་པ་ཞེས་བྱ་བ་ནི་ཆགས་པ་དང་། ཡང་དག་པ་བཞེན་པ་དང་། ཀུན་ནས་དཀྲིས་པག།། ང་བྱུངད་པགས་བྱ་བནི་གང་གས་བདག་འངས་ལ། ལྷ་གང་ལསགས་པ་ཅགས་ན་ན་མཛ་བ ་ནའོ། ། དུས་འདེབས་པ་ཞེས་བྱ་བ་ནི་སྔ་དྲོ་དང་། ཉི་མའི་གུང་དང་། ཕྱི་དྲོ་གང་ཡིན་པ་དེའི་ཚེ་ཤོག་ཤིག་ཅེས་ཟེར་བའོ།། མཚན་མ་སྟོན་ཏམ་ཞེས་བྱ་བ་ནི་གང་གི་ཚེ་བདག་སྒྲ་བྲེགས་ནས་རིང་བ་མ་ལན་ཞིང་སྣམ་སྦྱར་དམར་སེར་གྱོན་པར་མཐོང་བ ་དེའི་ཚེ་ནའོ། ། འཕྱར་གཡེང་དང་ཞེས་བྱ་བ་ནི་ཕྱས་འདོགས་པའོ།། གཞོག་སྟེགས་ཞེས་བྱ་བ་ནི་ཀུན་དུ་རྩེ་བའོ།། ཙ་བ་ཧྲ་ལ་ཞེས་བྱ་བ་ནི་ཀུན་དུ་ཅ་ཅོ་འདོན་པའོ།། སྐྱེས་པ་འོངས་པ་བདག་གིར་བྱེད་ཅེས་བྱ་བ་ནི་ཉམས་སུ་མྱོང་བར་བྱེད་པའོ།། ་གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་རུང་བ་ཕྱིར་བཟློག་ཏུ་མེད་པའི་གནས་སུ་ཞེས་བྱ་བ་ནི་དབང་དུ་འགྱུར་བའོ།། ལུས་བཀན་ཏེ་ཞེས་བྱ་བ་ནི་ཁོག་པའོ།། གནས་བརྒྱད་པོ་འདི་དག་ཏུ་ཞེས་བྱ་བ་ནི་བསྟན་པ་གང་ཡིན་པ་དེ་དག་ཏུའོ།། དགེ ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པའོ། ། དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པའོ།། བསྙེན་པར་རྫོགས་པ་གང་ཞེ་ན། གསོལ་བ་དང་བཞིའི་ལས་ཀྱི་བྱེ་བ་བྱེད་པ་ཉིད་དང་། རྟོག་པ་ཉིད་དང་། ཡང་དག་པར ་རྟོག་པ་ཉིད་དང་། མཐར་ཕྱིན་པར་བྱེད་པ་ཉིད་དང་། ཡང་དག་པར་མཐར་ཕྱིན་པར་བྱེད་པ་ཉིད་དང་། དེའི་ཁས་ལེན་པ་ཉིད་དང་། ཉེ་བར་ཁས་ལེན་པ་དང་། མངོན་པར་ཁས་ལེན་པ་ཞེས་བྱ་བ་སྔ་མ་བཞིན་ནོ།། ལྟུང་བ་བྱས་ན་ཞེས་བྱ་བ་ནི་ལྷག ་པར་སྤྱད་ནའོ། ། བྱས་མ་ཐག་ཏུ་ཞེས་བྱ་བ་ནི་དེའི་མོ་ཉིད་ལའོ།། དེ་ཞེས་བྱ་བ་ནི་ཉེ་བར་བསྟན་པ་དང་། ཀུན་དུ་བསྟན་པའི་ཚིག་བླ་དགས་སོ་ཞེས་བྱ་བ་ནས། དགེ་སློང་མ་བཅུ་གཉིས་པོ་དག་ཏུ་དེ་བསྐོ་བར་མི་བྱའོ་ཞེས་བྱ་བའི་བར་དུའོ།། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གང་ཆགས་པས་སྐྱེས་པ་ཚོགས་པ་དང་ལྷན་ཅིག་བརྡ་བྱེད་ནི་ལྟུང་བ་སྦོམ་པོར་འགྱུར་རོ།། དུས་འདེབས་ནའང་སྦོམ་པོར་འགྱུར་རོ།། མཚན་མ་སྟོན་ན་སྦོམ་པོར་འགྱུར་རོ།། འཕྱར་གཡང ་བྱངན་སྦོམ་པར་འགྱུར་རོ། ། གཞོག་སྟེགས་བྱེད་ན་སྦོམ་པོར་འགྱུར་རོ།། ཙ་བ་ཧྲལ་བྱེད་ན་སྦོམ་པོར་འགྱུར་རོ།། སྐྱེས་པ་འོངས་པ་བདག་གིར་བྱེད་ན་སྦོམ་པོར་འགྱུར་རོ།། གང་བུད་མེད་སྐྱེས་པས་བགྲོད་པར་བྱར་མི་རང་བསླང ་ཟློག་ཏུ་རུང་བའི་གནས་སུ་ལུས་བཀནན་སྦོམ་པོར་འགྱུར་རོ། ། གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་རུང་བ་ཕྱིར་བཟློག་ཏུ་མེད་པའི་གནས་སུ་ལུས་བཀནན་པས་ཕམ་པའི་ལྟུང་བར་འགྱུར་རོ།། ལས་དང་པོ་པ་ལས ་སོགས་པ་ལ་ཉེས་པ་མེད་དོ། ། དགེ་སློང་མའི་ཡུལ་བ་རྣམ་པར་འབྱེད་པ་ལས། ཕས་ཕས་པར་གྱུར་པ་དྲུག་པ་རྫོགས་སསོ།། ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མ་ཚལ་བྱ་ཀ་ལན་དཀུ་གནས ་པ་ན་བཞུགས་སོ། ། གང་གི་ཚེ་དགེ་སློང་མ་མཛའ་མོ་རང་གི་དམ་བཅས་པ་ལས་ཉམས་པར་གྱུར་པ་དེའི་ཚེ་དེ་ཉམས་པས་ཕུ་ནུ་མོ་མཛའ་ཅན་མ་ངུས་པར་གྱུར་ཏོ།། དགེ་སློང་མ་རྣམས་ཀྱིས་དེ་ལ་སྨྲས་པ། མཛའ་ཅན་མ་ཅི་བཅོམ ་ལྡན་འདས་ཀྱིས་ཚོགས་པའི་མཐའ་འབྲལ་བར་འགྱུར་བའོ་ཞེས་མ་གསུངས་སམ་ཅིན་དུ་བར་བྱེད། དེས་འདི་སྐད་ཅེས་སྨྲས་སོ།། བདག་མཛའ་མོ་འདི་ཆོས་འདུལ་བ་འདི་ལས་ཉམས་པ་དེའི་ཕྱིར་ནི་མི་དུ་མོད་ཀྱི། འོན་ཀྱང་གང་གི། ་ཕྱིར་སྔོན་ཅད་ཀྱང་དེ་འདི་ལྟ་བུ་དང་འདི་ལྟ་བུ་དག་བྱེད་པ་དེའི་ཕྱིར་དུའོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། དེ་ཁྱོད་ཀྱིས་ཤེས་སམ། དེས་འདི་སྐད་ཅེས་སྨྲས་སོ།། བདག་གིས་ཤེས་སོ།། ཅིའི་ཕྱིར་ཁྱོད་ཀྱིས་དེང་ཅག་ལ་སྔརས ་སྤྲས། དེས་འདི་སྐད་ཅེས་སྨྲས་སོ།། པུ་ནུ་མ་སྡུག་པའི་ཕྱིར་མོད། དེ་ནས་དགེ་སློང་མ་མང་པོ་མ་དགེ་སློང་མ་མཛའ་ཅན་མ་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་ཁྱོད་ཀྱིས་ནི་ཁ་ན་མ་ཐོ་བ་བཅབས་པ་ཡིན་ནོ་ཞེས་བྱ་བའི་སྐབས་དེ ་དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་དག་ལ་སྨྲས་སོ། ། དགེ་སློང་མ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱོད་ཀྱིས་འདི་ལྟར་ཚུལ་མ་ཡིན་པ་མི་མཛེས་པ་དེ་ལྟ་བུ ་བྱས་པ་བདེན་ནམ། བཅོམ་ལྡན་འདས་མང་ངོ་།། སངས་པས་བཅོམ་ལྡན་འདས་ཀྱིས་དགེ་སློང་གིཚུལ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་འཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ ་པར་སྨད་པ་མཛད་དོ། ། རྣམ་གྲངས་དམས་རྣམ་པར་བླང་ནས། དགེ་སློང་མ་ནམས་ལ་བཀའ་སྩལ་པ། དགེ་སློང་མ་དག་དེས་ཕན་ཡོན་བཅུ་ཡང་དག་པར་གཟིགས་ནས་ཉན་ཐོས་མའི་འདུལ་བ་ལ་བསླབ་པའི་གཞི་བཅའ་བ་མཛད ་དོ་ནས་བྱ་བ་ནས། བསླབ་པ་བཅས་པ་རྒྱས་པར་བརྗོད་པར་བྱའོ།། ཡང་དགེ་སློང་མ་གང་དགེ་སློང་མའི་ལྟུང་བ་ཤེས་བཞིན་དུ་འཆབ་པར་བྱེད་ཅིང་གང་གི་ཚེ་དགེ་སློང་མ་དེ་ཤི་བར་གྱུར་ཏམ། ཉམས་སམ། འཁྱམས་སམ། འཕོས ་བ་ཨར་ཕུར་བ་དེའི་ཚེ་དགེ་སློང་མ་དེས་འདི་སྐད་ཅེས་དགེ་སློང་མ་དེ་ལ་སྲུང་བ་འདི་ལྟ་བུ་དང་འདི་ལྟ་བུ་དག་བྱུང་བར་སྔནས་ཤེས་སོ་ཞེས་དེ་སྐད་ཟེར་ན་དགེ་སློང་མར་ཡང་ཁ་ནམ་ཐོ་བ་དང་བཅབས་པས་པས་ཕམ་པར་གྱུར་པ ་ཡིན་གྱིས་གནས་པར་མི་བྱའོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་མཛའ་ཅན་མའམ། དེ་ལྟ་བུ་དང་འཐུན་པ་དག་གོ། དགེ་སློང་མ་ཞེས་བྱ་བ་ནི་མཛའ་མོའོ།། ལྟུང་བ་ཞེས་བྱ་བ་ནི་བརྒྱད་པོ་དག་ལས་གང་ཡང་རུང་བའོ།། ་ས་བཞིན་དུགས་བྱ་བ་ནི་བདག་ཉིད་ཀྱི་ཡང་བའམ། དལས་གན་ཀྱིས་རྣས་པར་གྱུར་རྣམ་པ།། བཅས་ན་ཞེས་པ་པ་ནི་བྷ་ནསས།། གང་ག་ཅ་དགེ་སང་མ་དགེ་བར་བྱུར་ཏམཤེས་བྱ་ནི་ཇུག་དཔ ་བགགས་པར་གྱུར་པའོ། ཉམས་སམ་ཞེས་བྱ་བ་ནི་བསྲབ་པ་ཕུལ་བའོ།། འཁྱམས་སམ་ཞེས་བྱ་བ་ནི་ཡུལ་བཏང་བར་གྱུར་ནའོ།། འཕོས་པར་གྱུར་ཅེས་བྱ་བ་ནི་གཞན་མུ་སྟེགས་ཅན་གྱི་གནས་ལ་རྟེན་པའོ།། ས ་དེ་ཞེས་བྱ་བ་མཛལ་ན་མེའོ། ། གེ་སློང་མ་འདི་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིའོ།། འདི་ལ་ལྟུང་བ་འདི་ལྟ་བུ་དང་འདི་ལྟ་བུ་དག་བྱུང་བར་སྔ་ནས་ཤེས་སོ་ཞེས་བྱ་བ་ནི་བརྒྱད་པོ་དག་ལས་གང་ཡང་རུང་བ་དག་གོ།། དེ་སྐད་ཟེར་ན་ཞེས་བྱ་བ་ནི་སྨྲས་ནའོ།། ་དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པ་དེའོ།། དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པའོ།། བསྙེན་པར་རྫོགས་པ་གང་ཞེ་ན། གཞན་ཐམས་ཅད་རྒྱས་པར་བརྗོད་པར་བྱའོ།། དེ་ཞེས་བྱ་བ་ནི ་བསྟན་པ་དང་། ཉེ་བར་བསྟན་པའི་ཚིག་བླ་དགས་སོ།། དགེ་སློང་མའི་བཅུ་གཉིས་པོ་དག་ཏུ་དེ་བསྐོ་བར་མི་བྱའོ་ཞེས་བྱ་བའི་བར་དུའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མའི་ཁ་ན་མ་ཐོ་བ་ཤེས་བཞིན་དུ ་བཅབས་ན་ཇི་ལྟར་ཡང་རུང་སྟེ་ཐམས་ཅད་དུ་ཕས་ཕམ་པར་འགྱུར་རོ། ། དགེ་སློང་མའི་རྣམ་པར་འབྱེད་པ་ལས་ཕས་ཕམ་པར་གྱུར་པ་བདུན་པ་རྫོགས་སྷོ།། །། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད ་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའི་ང་བ་ན་བཞུགས་སོ། ། དེའི་ཚེ་མཉན་ཡོད་ན་དགེ་སློང་གྲེ་སྐྱེས་ཤེས་བྱ་བ་ཞིག་གནས་པ་ཐབ་མོ་བྱེད་པ། མཚང་འདྲུ་བར་བྱེད་པ། འགྱེད་པར་བྱེད་པ། རྩོད་པར་བྱེད་པ། ཐབ་ཀྲོལ་བྱེད་པ་དེས་དགེ ་འདུན་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བྱས་སོ། ། དགེ་སློང་གྲེ་སྐྱས་གནས་ནས་དབྱུང་བའི་ལས་བྱས་པར་སྐྱེ་དགུའི་བདག་མོ་ཆེན་མོ་གོ་ཏ་མིས་ཐོས་སོ།། ཐོས་ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན ་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་དགེ་སློང་འགའ་ཞིག་དགེ་འདུན་གྱིས ་གནས་ནས་དབྱུང་བའི་ལས་བགྱིས་པར་གྱུར་ན་དེལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐོང་བར་གྱུར་ན་ཕྱག་མི་བྱ་བར་སྟན་ལས་ལྡང་བར་བྱའོ།། བཙུན་པ་དགེ་སློང་གྲེ་སྐྱེས་འདི་ཐབ་མོ ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲ་བས་ལྷན་ཅིག་གནས་པར་གྱུར་ཏེ། དགེ་སློང་གི་དགེ་འདུན་རྣམས་ཀྱིས་དེ་གནས་ནས་དབྱུང ་བའི་ལས་བགྱིས་པར་གྱུར་ན་དེ་ལ་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་བྱ་བིའི་འོས་མ་ཡིན་པའི་སྡོམ་པ་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས ་མ་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམས་པ་བྱས་ནས་གཎཱ་རཱིརི་བརྡངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་མ་ཐམས་ཅད་འདྲ་གཅིག་འཐུན་པར་གྱུར ་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། ། འདི་ལྟར་བྱས་ཏེ། འཕགས་པའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་གྲེ་སྐྱེས་འདི་འཐབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར ་བགྱིད་པ། བརྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ་དགེ་སློང་མ་རྣམས་དང་ཤིན་དུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་ཏེ། དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བགྱིས་ཀྱིས། གལ་ཏེ་དགེ་སློང་མའི་དགེ་འདུན ་མའི་དུས་ལ་བབ་ཅིང་བཟོད་ན་དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་གྲེ་སྐྱེས་ཐབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། བརྩོད་པར་བགྱིད་པ། ཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་དུ་འདྲེ་བས་ལྷན ་ཅིག་གནས་པར་གྱུར་ནས་དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བགྱིས་པ་དེ་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་གང་ལགས་པ་བསྒོ་བ་མཛད་དོ། ། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས ་མའི་དགེ་འདུན་བུ་རུ་མོ་དག་བདག་ལ་གསན་དུ་གསོལ། ། དགེ་སློང་གྲོ་སྐྱེས་འདི་འཐབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འབྱེད་པར་བགྱིད་པ། རྩོད་པར་བགྱིད་པ། ཐབ་ཀྲོལ་བབྱེད་པ་དགེ་སློང་མ་རྣམས་དང་ཤིན་དུ་འདྲེབས ་ལྷན་ཅིག་གནས་པར་གྱུར་ནས་དགེ་སློང་གི་དགེ་འདུན་གྱི་གནས་ནས་དབྱུང་བའི་ལས་བགྱིས་པར་གྱུར་པ་ལ། དགེ་སློང་མའི་དགེ་འདུན་མས་དགེ་སློང་གྲེ་སྐྱེས་ཟབ་མོ་བགྱིད་པ། མཚད་འདྲུ་བར་བགྱིད་པ། འགྱེད་པར་བགྱིད ་རྩོད་པར་བགྱིར་པ། ཐབ་ཀྲོལ་བགྱེད་པ། དགེ་སློང་མ་རྣམས་དང་ཤིན་དུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་ཏེ། དགེ་སློང་གི་དགེ་འདུན་གྱི་གནས་ནས་དབྱུང་བའི་ལས་བགྱིས་པ་དེ་ལ་ཕྱག་བགྱི་བའི་འོས་མ་ཡིན་པའི་སྡོམ་པ་དེ་བསྒོ་བ ་མཛད་དོ། ། དགེ་སློང་མ་གང་དག་དགེ་སློང་གྲེ་སྐྱེས་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་སྩལ་བ་ལ་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འཕགས་མའི་དགེ་འདུན་མ་རྣམས་ཀྱིས ་བཟོད་ཅིང་གནང་སྟེ་འདི་ལྟར་ཅང་མི་གསུང་བས་དེ་བཞིན་དུ་འཛིན་ཏོ། ། གང་གི་ཚེ་དགེ་འདུན་རྣམས་ཀྱིས་དགེ་སློང་གྲེ་སྐྱེས་གནས་ནས་དབྱུང་བའི་ལས་བྱས་ཤིང་། དགེ་སློང་མའི་དགེ་འདུན་རྣམས་ཀྱིས་ཀྱང་ཕྱག་བྱ་བའི་འོས་མ་ཡིན ་པའི་སྡོམ་པ་བསྒོ་བ་མཛད་པ་དེའི་ཚེ་དགེ་སློང་གྲེ་སྐྱེས་ཀྱིས་འདི་སྙམ་དུ་བདག་གིས་ཉེས་པ་བྱས་པས་དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་གྲང་ན། དགེ་སློང་མའི་དགེ་འདུན་ལ་བདག་གིས་ཉེས་པ་ཅི་ཞིག་བྱས་ནས་ཕྱག་བྱ ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ་མཛད་པ་འདི་ལྟར་བདག་གིས་སྐྱེ་དགུའི་བདག་མོ་ཆེན་མགོ་ད་མི་གང་ན་བ་དེར་སོང་སྟེ་ཕྱིན་ནས་དོན་འདི་དྲི་བར་བྱའོ་སྙམ་དུ་བསམས་ཏེ། དགེ་སློང་གྲེ་སྐྱེས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མི་གདན ་བ་དེར་སོང་སྟེ་ཕྱིན་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མི་ལ་འདི་སྐད་ཅེས་སྨྲས་སོ། ། སྲིང་མོ་རེ་ཤིག་བདག་གིས་ཉེས་པ་བྱས་པས་དེའི་ཕྱིར་དགེ་སློང་གི་དགེ་འདུན་གྱིས་ནི་བདག་གནས་ནས་དབྱུང་གྲང་ན་དགེ་སློང་མའི་དགེ་འདུན་ལ ་ཀོ་བ་དག་གི་ཉེས་པ་ཅིག་ཞིག་བྱས་ན། གང་གི་ཕྱིར་བདག་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ་བྱས། དེ་ལྟ་མོད་ཀྱི་ཁ་ཅིག་དགེ་སློང་མ་ལ་ཁ་ཟེར་བ་ཡོད་པ་དེ་ལ་བདག་གིས་ཁྲེའི་ཁྲུགས་རྔམ་པར་བྱས་ཏེ་ཞུམ་ཞུམ ་པར་གཞུག་པར་བྱ། ཁྲོ་བ་བསྐྱེད་པར་བྱའོ།། དེ་ལྟར་བདག་གིས་དགེ་སློང་མ་ཁྱེད་ཅག་གི་ཕྱོགས་བྱས་ན། ཁྱེད་ཅག་ཆེའི་ཕྱིར་བདག་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་སྒོ་བར་བྱེད། དེས་སྐད་ཅེས་སྨྲས་པ་དང་། སྐྱེ་དགུའི ་བདག་མོ་ཆེན་མོ་གཽཏ་མིས་དགེ་སློང་གྲེ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། ། བཙུན་པགྲེ་སྐྱེས་ཁྱོད་དགེ་སློང་མའི་ཕྱོགས་སུ་གནོད་པ་བྱེད་དུ་ལྟ་ཡོད་ཡང་སུས་བཅུག། དེའི་སྟེང་དུ་དགེ་སློང་གི་དགེ་འདུན་གྱིས་ཁྱོད་གནས་ནས་དབྱུང་བའི་ལས ་བྱས་ལ། བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་མ་རྣམས་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་བསྒོ་ཤིག་ཅེས་བཀའ་སྩལ་ཏོ། དེའི་ཕྱིར་བདག་ཅག་གིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོའོ།། གཞན་ཡང་གྲེ་སྐྱེས་གསོན་ཅིག་དེ་ཤིག་ཁྱོད་ཤཱཀྱའི་བུ ་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ། སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྨྲ་བར་བྱེད་པ་འདི་ལྟར་ཡང་ཁྱོད་ནི་མང་དུ་ཐོས་པ་ཡིན་ན་དགེ་འདུན་ལ་བཟོད་པ་མི་གསོལ་བར་བྱི་ལང་བྱེད་དམ། དེ་ནས་དགེ་སློང་གྲེ་སྐྱེས་ཀྱིས་འདི་སྙམ་དུ་སྐྱེ་དགུའི་བདག་མོ་ཆེན་མོ། ་འདིས་ནི་ཕན་པར་སྨྲས་ཀྱི་མི་ཕན་པ་མ་ཡིན་པའི་སྟེང་དུ་མི་གང་ཞིག་སའི་སྟེང་དུ་འགྱེལ་ན་དེས་ས་དེ་ཉིད་ལས་བརྟེན་ནས་ལྡང་བ་བཞིན་དུ། བདག་གིས་ཀྱང་དགེ་འདུན་ལ་ཉེས་པ་བྱས་པས་དེ་ཉིད་དུ་སོང་ལ་དགེ་འདུན་ལ་སྤུ་སྐོལ་བར་བྱའོ།། འཐུན་པར ་བྱེད་པ་བསྟན་པ་བྱའོ། ། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་བྱའོ་སྙམ་དུ་བསམས་སོ།། ཡང་གྲེ་སྐྱེས་འདི་སྙམ་དུ་མལ་བདག་སྲིང་མོ་དག་གང་ན་བར་སོང་ལ་ཕྱིན་ནས་སྲིང་མོ་དག་ལ་ཡང་དྲིའོ་སྙམ་དུ་བསམས་ནས། གྲེ་སྐྱེས་བཅུ ་གཉིས་སྡེ་གད་ན་བ་དེར་སོང་སྟེ་ཕྱིན་ནས་སྐབས་དེ་དག་རྒྱས་པར་སྨྲས་སོ། ། རེ་ཤིག་ན་བཅུ་གཉིས་སྡེ་དག་གིས་གྲེ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་པ་གྲེ་སྐྱེས་ཁྱེད་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། ཁྱིམ་སྣ་ཚོགས་ནས་རབ་ཏུ ་བྱུང་བ་རྣམས་ཀྱི་དྲུང་དུ་སྤུ་སྙོལ་བར་མ་བྱེད་ཅིག། འཐུན་པར་བྱེད་པར་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། བདག་ཅག་གིས་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང ་ནད་གསོས་ཀྱི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བགྱིའོ་ཞེས་སྨྲས་པའི་སྐབས་དེ ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། ། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། ། བམ་པོ་དྲུག་པ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བཀའ་སྩམས། ་དགེ་སློང་མ་དག་བཅུ་གཉིས་སྤེལ་བ་རྣམས་ཏེ་བསྒོ་བར་བྱའོ།། འདི་ལྟར་བསོ་བར་བྱ་སྟེ། དགེ་སློང་མ་ཁྱེད་ཅག་དགེ་སློང་གང་ཞིག་དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བྱས་པ་དང་། དགེ་སློང་མའི་དགེ་འདུན་རྣམས་ཀྱིས་ཀྱང་ཕྱག་བྱ་འི ་འོས་མ་ཡིན་པའི་སྡོམ་པ་བསྒོལ། དགེ་སློང་དེ་ཡང་སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྙོལ་བར་འདོད། འབྱུང་བར་སྤྱོད་པར་བྱེད། འཐུན་པར་བྱེད་པ་སྟོན་པར་བྱེད་འདོད། མཚམས་ཀྱིས་ནང་དུ་འདུག་སྟེ་བཟོད་པ ་གསོལ་བར་བྱེད་འདོད་ལ། དེའི་ཕྱིར་ཐབ་མོ་དང་། མཚང་འདྲུ་བ་སྤོང་བར་འདོད་པར་ཤེས་བཞིན་དུ་ཁྱེད་ཅག་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྤྱོད་ཅིག། འཐུན་པར ་བྱེད་པར་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག་བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི ་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ ་དེ་དང་དེས་མི་བྲེལ་བར་བགྱིའོ་ཞེས་མ་ཟེར་ཅིག་ཅེས་བྱའོ། ། དེ་སྐད་ཅེས་བསྒོ་བ་དང་། དེ་དག་དགེ་སློང་མདེ་རྣམས་ལ་འདི་སྐད་ཅེས་ཕུ་ནུ་མོ་དག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅུང་ཟད་ཀྱང་མ་ཟེར་ཅིག ་ཅེས་གཞི་དེ་ཉིད་ལ་ཕྱིར་ཞིང་ནན་ཏན་གྱི་མཆོག་ཏུ་བཟུང་སྟེ་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་སོ། ། དེ་ནས་དགེ་སློང་མ་རབ་དུ་བྱུང་བ་མང་པོ་བཅོམ་ལྡན ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་ཅིག་ཏུ་འདུག་གོ། ། ཕྱོགས་ཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དགེ་སློང་མ་རབ་ཏུ་མང་པོས་སྐབས་དེ་རྒྱས་པར ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་བཅུ་གཉིས་སྡེ་ལ་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་ཤིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། དགེ་སློང་མ་དེ་ལ་དགེ་སློང་མ་མང་པོས ་བཞམས་ཏེ་བསྒོ་ཞིང་། དགེ་སློང་མ་མང་པོས་དེ་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་མ ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་བ་གང་ལགས་པ་མཛད་དོ།། ཕུ་ནུ་མོ་ཁྱེད་ཅག་དགེ་སློང་ཐབ་མོ་བྱེད་པ། ་མཚང་འདྲུ་བར་བྱེད་པ། འགྱེད་པར་བྱེད་པ། རྩོད་པར་བྱེད་པ། ཐབ་ཀྲོལ་བྱེད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ། དགེ་སློང་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བྱས་པ། དགེ་སློང་མ་རྣམས་ཀྱིས་ཀྱང་། ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ། སྐྲ་འགྲེང་བར་འགྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྩོལ་བར་བྱེད། འབྱུང་བར་སྤྱོད་པར་བྱེད། འཐུན་པར་བྱེད་པ་སྟོན་པར་བྱེད། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར ་བྱེད་འདོད་པར་ཤེས་བཞིན་དུ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྩལ་བར་མ་བྱེད་ཅིག། འབྱུང་བར་མ་སྟོང་ཅིག། འཐུན་པར་བྱེད་པ་མ་སྟོན་ཅིག་མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད ་ཅི། བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན ་xxx། xxx ་xxx། xxx ་xxx། xxx ་སྒྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྩོལ་བར་བགྱིད། འབྱུང་བར་སྤྱོད་པར་བགྱིད། འཐུན་པར་བགྱིད་བསྟོན་པར་བགྱིད། མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་བར་འཚལ་བཞིན་དུ་དེའི་གན་དུ ་སོང་སྟེ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད་ཅིག། འཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག། བདག་ཅག་གིས་ཁྱོད་ལ་ལྷུང ་བཟེད་དང་། ཆོས་གོས་དང་། དྲ་བ་དང་། པོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་སྨྲ་བའི་དགེ་སློང་མ་དེ་དག་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ལ། དགེ་སློང་མ་མང་པོས ་དེ་དག་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། དེའི་སླད་དུ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ལ་ཕུ་ནུ་མོ་ཁྱེད་ཅག་དགེ ་སློང་གད་ཟབ་མོ་བྱེད་པ། མཚང་འདྲུ་བར་བྱེད་པ། འགྱེད་པར་བྱེད་པ། རྩོད་པར་བྱེད་པ། ཐབ་ཀྲོལ་བྱེད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ་དགེ་སློང་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བྱས་པ། དགེ ་སློང་མ་རྣམས་ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ། སྒྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པས་ལས་དགེ་འདུན་ལ་སྤུ་སྩོལ་བར་བྱེད། འབྱུང་བར་སྤྱོད་པར་བྱེད། འཐུན་པར་བྱེད་པ་སྟོན་པར་བྱེད། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་བྱེད ་འདོད་པར་ཤེས་བཞིན་དུ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད་ཅིག། འཐུན་པར་བྱེད་པར་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག། བདག་ཅག་གིས་ལྷུང ་བཟེད་དང་། ཆོས་གོས་དང་། དྲ་བ་དང་། པོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ་ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་ཟེར་བ་དེ་ལ་བསྒོ་བར་མཛད་དོ།། བཅུ་གཉིས་སྡེ་འདི་དག་ལས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པ་ལ་གང་དག་བཟོད་པ་དེ་དག་ནི་ཅང་མ ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་དང་པོ་བརྗོད་པའོ།། གཉིས་པ་ལ་ཡང་དོན་དེ་ཉིད་བརྗོད་པར་བྱ་སྟེ། འཕགས་མའི་དགེ་འདུན་བུ་ནུ་མོ་དག་བདག་ལ་གསོན་དུ་གསོལ། བཅུ་གཉིས་སྡེ་འདི་དག་དགེ་སློང་ཐབ་མོ་བགྱིད་པ། ་མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། ཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ། དགེ་སློང་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བགྱིས་པ། དགེ་སློང་མ་རྣམས་ཀྱིས་ཀྱང ་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་བསྒོ་བ་སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་སྤྱོད་པར་བགྱིད། འཐུན་པར་བགྱིད་པ་སྟོན་པར་བགྱིད། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་བར ་འཚལ་བཞིན་དུ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྤྱོད་ཅིག། འཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག། བདག་ཅག་གིས་ཁྱོད་ལ་ལྷུང ་བཟེད་དང་། ཆོས་གོས་དང་། དྲ་བ་དང་། བོར་བུ་དང་ཀ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོང་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ་ཇི་སྲིད་འཚེའི་བང་དུ་རུང་རྣམས་ལ་ཅི་དད་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་སྨྲ་བའི་དགེ་སློང་མ་དེ་དག་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ལ། དགེ་སློང་མ་མང་པོས་དེ་དག་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན ་ཅིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ལ་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ།། ཚེ་དང་ལྡན་པ་གང་དག་དགེ་སློང་མ་བཅུ་གཉིས ་སྡེ་འདི་དག་ལ་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིང་། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་གཉིས་པའོ།། གསུམ་པ་ལ་ཡང་ལས་དེ་ཉིད་བརྗོད་པར་བྱ་སྟེ། འཕགས་མའི་དགེ་འདུན ་བུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བཅུ་གཉིས་སྡེ་འདི་དག་དགེ་སློང་ཐབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། ཐབ་ཀྲོལ་བགྱིད་པ་དགེ་སློང་མ་རྣམས་དང་ཤིན་དུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ། དགེ་སློང ་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བགྱིད་པ། དགེ་སློང་མ་རྣམས་ཀྱིས་ཀྱང་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་བསྒོ་བསྒྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྙོལ་བར་འཚལ། འབྱུང་བར་སྤྱོད་པར་བགྱིད། འཐུན་པར ་བགྱིད་པ་སྟོན་པར་འཚལ། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་བར་འཚལ་བཞིན་དུ། དེའི་གན་དུ་སོང་སྟེ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད་ཅིག། འཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང ་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག། བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། ་འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་སྨྲ་བའི་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ལ། དགེ་སློང་མ་མང་པོས་དེ་དག ་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་མོངས་པའོ་ཞེས་རྗེས་སུ་ཐ་སྙད་དུ་འདོགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད ་དོ། ། ཚེ་དང་ལྡན་པ་གང་དག་དགེ་སློང་མ་བཅུ་གཉིས་སྡེ་འདི་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ན་གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་གནང་ནས་འདི་ལྟར་ཅང་མི་གསུང་བས་དེ ་དེ་བཞིན་དུ་འཛིན་ཏོ། ། དེ་དག་ལ་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱི་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་རྨོངས་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། ་དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ངའི་ཉན་ཐོས་མ་རྣམས་ཀྱིས་དོན་ཤེས་པ་དང་། ངས་བསླབ་པའི་གཞི་ཡང་ལེགས་པར་བཅས་པར་འགྱུར་རོ་སྙམ་ནས་བྱུང་བ་འདི་དང་། གླིང་གཞི་འདི་དང་། དངོས་པོ་འདི་དང་། ་བསྒྲུབས་འདི་ལ་གཉི་གའི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་དགེ་སློང་གང་ཞིག་དགེ་འདུན་འཐུན་པས་གནས་ནས་དབྱུང་བའི་ལས་བྱས་པ་དགེ་སློང་མའི་དགེ་འདུན་གྱིས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པ ་སྡོམ་པ་བསྒོ་བའི་དགེ་སློང་དེ་སྐྲ་འགྲེད་པར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྙོལ་བར་བྱེད། འབྱུང་བར་སྤྱོད་པར་བྱེད། འཐུན་པར་བྱེད་པ་སྟོན་པར་བྱེད། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་བྱེད་པར་ཤེས་བཞིན་དུ་འདི་སྐད་ཅེས་འཕགས ་པ་ཁྱོད་དགེ་འདུན་ལ་སྤ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད་ཅིག། འཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག། དེ་ལྟ་བས་ན་ཐབ་མོ་བྱེད་པ་མ་གཏོང་ཤིག། བདག་གིས་ཁྱོད་ལ་ལྷུང་བཟེད་དང་། ཚེས་གོས་དང་། དྲ་བ་དང་། ་པོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་ཙེ་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ ་བར་བསྙེན་བཀུར་བྱའོ་ཞེས་སྨྲ་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་པུ་ནུ་མོ་ཁྱོད་དགེ་སློང་གི་དགེ་འདུན་འཐུན་པ་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བྱས་པ་དགེ་སློང་མའི་དགེ་འདུན་མས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བའི ་དགེ་སློང་དེ་སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་སྤྱོད་པར་བྱེད། འཐུན་པར་བྱེད་པ་སྟོན་པར་བྱེད། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་བྱེད་པར་ཤེས་བཞིན་དུ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན ་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྤྱོད་ཅིག། འཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག། དེ་ལྟ་བས་ན་ཐབ་མོ་བྱེད་པ་མ་གཏོང་ཤིག། བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། པོར ་བུ་དང་། སྐརགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བིར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲལ་བར ་བསྙེན་བཀུར་བྱའོ་ཞེས་སྨྲ་བ་ན། པུ་ནུ་མོ་གནས་ནས་བྱུང་བའི་རྗེས་སུ་ཕྱོགས་པ་དང་། མི་མཐུན་པར་བྱ་བའི་ཕྱིར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་དེ་སྐད་བསྒོ་བར་བྱའོ།། གལ་ཏེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་དེ་ལ་དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན ་ལེགས། གལ་ཏེ་གཏོང་བར་མི་བྱེད་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན ་བན་ག་ཞིང་གཏོང་བདེ་ལྟ་ན་ལེགས། གལ་ཏེ་གཏོང་བར་མི་བྱེད་ན་དགེ་སློང་མ་དེ་ཡང་གནས་ནས་བྱུང་བའི་རྗེས་སུ་འཇུག་པའི་ཕྱིར་ཕས་ཐམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེའོ།། དགེ་སློང་གང་ཞིག ་ཅེས་བྱ་བ་ནི་ཐབ་མོ་བྱེད་པ། མི་བདེ་བར་བྱེད་པ་གྲེ་སྐྱེས་སོ།། དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ།། གནས་ནས་དབྱུང་བའི་ལས་བྱས་པ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ།། དགེ་སློང་མི་འདགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས ་པའི་ཉན་ཐོས་ཀྱི་དགེ་འདུན་མའོ། ། ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ་ཞེས་བྱ་བ་ནི་གསོལ་བ་དང་ལས་གཉིས་ཀྱིས་སོ།། དགེ་སློང་དེ་ཞེས་བྱ་བ་ན་གྲེ་སྐྱེས་སོ།། སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྩོལ་བར་བྱེད་ཅེས་བྱ་བ་ནས། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག ་ཉིད་ཀྱིས་མཐོང་བ་འམ། དེ་ལ་གཞན་གྱིས་སྨྲས་པར་གྱུར་ནས་སོ།། དེ་ལྟ་བས་ན་ཐབ་མ་བྱེད་པ་མ་གཏོང་ཤིག་ཅེས་བྱ་བ་ནི་ཞི་བར་མ་བྱེད་ཅིག་ཅེས་བྱ་བའི་ཐ་ཚིག་གོ།། སྨྲས་ན་ཞེས་བྱ་ནི་ཟེར་ནའོ།། འཕགས་པ་ཁྱོད་ཅེས་བྱ་བ་ནི་སྐྲ་འགྲེང་བ་སྤུ་ལངས་པ་གྲེ་སྐྱེས་སོ།། དགེ་འདུན་ལ་སྤུ་སྩོལ་བར་མ་བྱེད་ཅིག ་ཅེས་བྱ་བ་ནས་ཐབ་མོ་བྱེད་པ་མ་གཏོང་ཤིག་ཅེས་བྱ་བའི་བར་ནི་དགེ་འདུན་ལ་བཟོད་པ་མ་གསོལ་ཅིག་ཅེས་བྱ་བའི་དོན་ཏོ། ། བདག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་ཞེས་བྱ་བ་ལ་སོགས་པ་བསྙེན་བཀུར་བགྱིའོ་ཞེས་བྱ་བའི་བར་ནས། དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་བཅུ་གཉིས ་སྡེའོ། ། དགེ་སློང་མ་རྣམས་ཀྱིས་ཤེས་བྱ་བ་ནི་ཆོས་འདི་བའི་དགེ་སློང་མ་རྣམས་ཀྱིས་སོ།། དེ་སྐད་བསྒོ་བར་བྱའོ་ཞེས་བྱ་བ་ནི་འདི་སྐད་ཅེས་སྨྲ་བར་བྱ་ཏེ། བཞམས་ཏེ་བསྒོ་བ་སྔ་མ་ཇི་ལྟ་བ་བཞིན་དུ་བསྒོ་བར་བྱ་བའོ།། གལ་ཏེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་དེ་ལ་དེ་སྐད་བསྒོ་བ་ན ་གཞིང་གཏེད་བ་དེ་ལྟ་ན་ལེགས་ཤེས་བྱ་བ་ནི་བཟང་པོའོ། ། གལ་ཏེ་གཏོང་བར་མི་བྱེད་ན་གནི་གཏོང་བར་བྱ་བའི་ཕྱིརརེ་ལན་གཉིས་ལན་གསུམ་གྱི་བ་རང་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱ་ཞེས་བྱ་བ་ནི་སྔར་གསོལ་བ་དང་བཞིའི་ལས་ཀྱིས་ཇི་ལྟར་བ་བཞིན་དུའོ།། ་ཡང་དག་པར་བསྒོ་བ་ན་ཞེས་བྱ་བ་ནི་ཡང་དག་པར་བསྟན་པ་ནའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དུ་དགེ་སློང་མས་དགེ་སློང་ཐབ་མ་བྱེད་པ་ཞེས་བྱ་བ་ནས་ཐབ་ཁྲོལ་བྱེད་པ། དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བྱས་པ། དགེ་སློང་མ་རྣམས་ཀྱིས་ཕྲག་བྱ་བའི་འོས ་xxx། xxx ་འདུང་ངོས་གས་ནས་ཅེས་པ་འད་། ། ད་ཀྱིས་ཀྱིས་པ་ད་དང་དས་མི་སྐྱེལ་བར་དབྱ་འ་ཞེས་བྱབ་ཐམས་དང་ཨུ0f7fས་ངྱས་ས་རྫུ་།། བནམས། བསྐྱེ་བན་པ་ད།། བདུས་ན་སེགས། མ་ཅེས་པོ་སྒོམ་པར་གྱུར་།། མ་དང་པོའི་དྲུག་པརྗོ ་མརྫོགས་པ་གས་ཏེ་གཏ་བ་དེ་སྟན་ལེགས། ། ཛ་སྟེ་གཏང་བར་མབྱེད་ལ་ཚིག་རྫོགས་པར་གྱུར་ན་ཉིས་པསྒོམ་པར་གྱུར་རོ།། ལས་གཉིས་པ་ཅག་ཛད་པ་མ་རྫོགས་པ་དག་ས་ཏེ་བདེ་སྟན་ལེགས་ཇི་གཏོང་བ་མབྱེད་པ་གརྫོགས་པར་བྱུར་དཤེས་པསྔོ ་རོལས་གསུམ་པའི་ཚིག་བརྗོད་པར་ཡང་མ་རྫོགས་ལི་མཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། མི་མཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། མི་མཐུན་པས་ཆོས་བཞིན་དུ་བྱས་པ་དང་། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ་བ་དེ་བཞིན་དུ་བྱས་ན་སྲུང་བ་མེད་དོ།། ་ལས་གསུམ་པའི་ཚིག་བརྗོད་པ་ཡང་རྫོགས་ལ་ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ་བ་དེ་བཞིན་དུ་བྱས་ཀྱང་གཞི་དེ་གཏོང་བར་མི་བྱེད་ན་དགེ་སློང་མ་དེ་ལ་ཕས་ཕམ་པའི་ལྟུང་བ་བྱུང་བར་གྱུར་པ་ཡིན་ནོ།། ལས་དང་པོ་པ་ལས་སོགས་པ་ལ་ལྟུང་བ་མེད་དོ།། ་དགེ་སློང་མའི་རྣམ་པར་འབྱེད་པ་ལས་ཟས་ཕམ་པར་གྱུར་པ་བརྒྱད་པ་རྫོགས་སྷོ།། །། ཕམ་པའི་སྐབས་སུ་དགེ་སློང་མ་བཅུ་གཉིས་པོ་དག་བསྐོ་བར་མི་བྱའོ་ཞེས་གསུངས་པ་དེ་ལ་གལ་ཏེ་འགའ་ཞིག་བཅུ་གཉིས་པོ་གང་ཡིན་ཞེས་འདྲི་བར་བྱེད་ན་འདི་སྐད་ཅེས་བརྗོད་པར་བྱ་སྟེ་གནས་ཁང ་བསྐོ་བ་དང་། ཁ་ཟས་བསྐོ་བ་དང་། ཐུག་པ་འབྲིམ་པ་དང་། སོ་ཤིང་འདྲིམ་པ་དང་། ཕྲན་ཚེགས་འདྲིམ་པ་དང་། སྣོད་སྤྱད་འབྲུབ་པ་དང་། སྣོད་སྦྱང་འགེད་པ་དང་། གོས་འགེད་པ་དང་། དབྱར་གྱི་རས་ཡུག་ཆེན་འབྲུབ་པ་དང་། དབྱར་གྱི་རས་ཆེན་འགེད་པ་དང་། མངག་གཞུག་པ་དང་། མཛེས་མཆོས་རྣམས ་སོ། ། སྡོམ་ལ་སྨན་བྱེད་པ་དང་། གཞི་མེད་པ་དང་། གསུམ་པ་བག་ཚ་ཅན་ཆ་ལས་ལེན་པ་ཞི་བ་ཅི་ཡང་རུང་བར་བྱ། ལྔ་པ་ཆགས་པ་མེད་པ་སྟེ། ཉིན་མོ་མཚན་མོ་ལམ་འགྲོ་དང་། ཆུ་ཀླུང་ཕ་རོལ་བསྐོས་པའོ།། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི ་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེའི་ཚེ་རི་དགས་འཛིན་གྱི་བྲ་ནག་བོ་ཞེས་བྱ་བ་མཉན་ཡོད་ཀྱི་བྲམ་ཟེ་དང་། ཁྱིམ་བདག་རྣམས་དང་གཏམ་འདྲེབ། ཕེབས་པར་སྨྲ་བ། སྨོས་འདྲིན། འགྲོགས་པཤེས། ཡིད་གཅུགས་པ། ཁྱིམ་དུ་འཇུག་པར་བྱེད་པ། ་ཡིན་པས་གང་ཡང་རུང་བ་དག་ལ་བུ་མོ་སྦྱིན་པར་བྱེད་པ་དེ་དག་ཀྱང་རི་དགས་འཛིན་གྱི་བུ་ནག་པོ་ལ་འདི་སྐ་པ་ན་པོ་མ་ལ་ཁྱེའུ་དེ་མེ་ཁས་པ་དང་། ལེ་ལོ་མེད་པ་དང་། སྦུབ་ཕོད་པ་དང་། བུ་མོ་ལ་བཟའ་བ་དང་། བགོ་བ་མང་པོ་སྦྱིན་རུས་པ་དང་། ལས་ཆུང་ངུ་འབོག་པར་བྱེད་པ་ཡིན་ནམ ་ཞེས་འདྲི་བར་བྱེད་དོ། ། གལ་ཏེ་དེས་འདི་སྐད་ཅེས་ཀྱེ་ཁྱེའུ་དེ་ནི་སྙིང་ནམ་མཁས་པ། ལེ་ལོ་མེད་པ། སྦུབཟོད་པ། བུ་མོ་དེ་ལ་བཟའ་བ་དང་། བགོ་བ་མང་པོ་སྦྱིན་ནུས་པ། ལས་ཆུང་ངུ་འབོགས་པར་བྱེད་པ་ཡིན་ནོ་ཞེས་བསྟན་པར་གྱུར་ན། དེ་དེ་དག་ལ་སྦྱིན་པར་བྱེད་དོ།། གལ་ཏེ་འདི་སྐད་ཅེས ་ཀྱེ་ཁྱེའུ་དེ་ནི་སྙིང་ནས་མི་མཁས་པ། ལེ་ལོ་ཅན། སྒྲུབ་མི་ཕོད་པ། བུ་མོ་དེ་ལ་བཟའ་བ་དང་། བགོ་བ་མང་པོ་སྦྱིན་མི་ནུས་པ། ལས་ཆུང་ངུ་འབོག་པར་བྱེད་པ་མ་ཡིན་ནོ།། ཞེས་བསྟན་པར་གྱུར་ན་དེ་དེ་དག་ལ་སྦྱིན་པར་མི་བྱེད་དོ།། དེ་བཞིན་དུ་བུ་མོ་སློང་བར་བྱེད་པ་དེ་དག་ཀྱང་རི་དགས་འཛིན་གྱི་ཐུན། ་བོ་ལ་འདི་སྐད་ཅེས་མལ་བུ་མོ་དེ་མཁས་པ་དང་། སྒྲུབཕོད་པ་དང་། བུ་མོ་དེ་བག་ཡོད་པས་ཁྱིམ་ན་གནས་པར་ནུས་སམ་ཞེས་འདྲི་བར་བྱེད་དོ་ཞེས་བྱ་བ་ནས་ལྷག་མ་རྣམས་ཀྱང་ཁྱེའུ་ལ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། གང་ཡང་རུང་བདག་གི་བུམ་སྦྱིན་ལེགས་པར་གྱུར་པ་ན་དེ་དག་འདི་སྐད་ཅེས ་བདག་ཅག་གིས་རི་དགས་འཛིན་གྱི་བུ་ནག་པོ་ལ་དྲིས་ནས་བུ་མོ་བྱིན་པའི་ཁྱེའུ་དེ་ཡང་མཁས་པ། ལེ་ལོ་མེད་པ། སྒྲུབ་ཕོད་པ། བུ་མོ་དེ་ལ་བཟའ་བ་དང་། བགོ་བ་མང་པོ་སྦྱིན་ནུས་པ། ལས་ཆུང་ངུ་འབོགས་པར་བྱེད་པ་ཡིན་པས། གང་དགལ་རི་དགས་འཛིན་གྱི་ཕུ་ནག་པོ་དང་གཏམ་འདྲེ་བར། ཕེབས། ་བར་སྨྲ་བ་ཞེས་བྱ་བ་ནས། ཁྱིམ་དུ་འཇུག་པར་བྱེད་པ་ཡོད་པ་དེ་དག་ལ་ཡང་འདི་ལྟ་བུར་འགྱུར་རོ་ཞེས་བསྔགས་པ་བརྗོད་པར་བྱེད་དོ།། དེ་བཞིན་དུ་གང་ཡང་རུང་བ་དག་གིས་བུ་མོ་སྦྱིན་ཉེས་པར་གྱུར་པ་ན་དེ་དག་འདི་སྐད་ཅེས་བདག་ཅག་གིས་རི་དགས་འཛིན་གྱི་བུནག་པོ་ལ་དྲིས་ནས་བུ་མོ་བྱིན་ན་བྱེ ་དེ་ཡང་མི་མཁས་པ། ལེ་ལོ་ཅན། སྒྲུབ་མི་ཕོད་པ། བུ་མོ་དེ་ལ་བཟའ་བ་དང་། བགོ་བ་མང་པོ་དག་སྦྱིན་མི་ནུས་པ། ལས་ཆུང་ངུ་འབོགས་པར་བྱེད་པ་མ་ཡིན་པས་གང་དག་ལ་རི་དགས་འཛིན་གྱི་བུ་ནག་པོ་དང་གཏམ་འདྲེས་པ་ཞེས་བྱ་བ་ནས། ཁྱིམ་དུ་འཇུག་པར་བྱེད་པ་ཡོད་པ་དེ་དག་ལ་ཡང་འདི ་ལྟ་བུར་འགྱུར་རོ་ཞེས་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་དོ། ། ཁྱེའུ་ལ་ཇི་ལྟ་བ་དེ་བཞིན་དུ་བུ་མོ་ལ་ཡང་སྦྱར་བར་བྱའོ།། དེའི་ཚེ་རི་དགས་འཛིན་གྱི་བུ་ནག་པོ་ལ་དུས་གཅིག་ཏུ་བསྔགས་པ་དང་། བསྔགས་པ་མ་ཡིན་པ་བྱུང་བར་གྱུར་ཏོ།། དེ་ན་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་རི་དགས་འཛིན ་ཀྱེ་བུ་ནག་པོ་ལས་ཚིག་བླངས་ཏེ་སྨན་བྱེད་ཅིང་འདུག་པ་མ་ཡིན་པའི་ཁྱིམ་དུ་འཇུག་པར་བྱེད་པ་དེ་དག་ལ་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ངའི་ཉན་ཐོས་མའི་དགེ་འདུན་རྣམས་ཀྱིས ་དོན་ཤེས་པ་དང་། དེས་བསླབ་པའི་བཞི་ཡང་ལེགས་པར་བཅས་པར་འགྱུར་རོ་སྙམ་ནས་བྱུང་བ་འདི་དང་། གླེང་བཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་དགེ་སློང་མའི་དགེ་འདུན་བསྡུ་བ་མཛད་དོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན ་བཞིན་དུ་རྨེད་ཀྱི་མི་མཁྱེན་པར་མ་ཡིན། དུས་སུ་ཡིན་གྱི་དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པར་ཡིན་གྱི་དོན་དང་མི་ལྡན་པར་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་མི་ལྡན་པར་མེད་པ་ནི་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ།། དེ་ལ་སངས་རྒྱས་བཅོམ ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་ལྡན་པར་རྨེད་པ་ལ་དུས་མཁྱེན་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་བཅུ་གཉིས་སྡེ་དག་ལ་སྨྲས་པ། དགེ་སློང་མ་ཁྱེད་ཀྱིས་འདི་ལྟར་ཚུལ་མ་ཡིན་པ། མི་མཛེས་པ་དེ་ལྟ་བུ་བྱས་པ་བདེན་ནམ། བཅོམ་ལྡན་འདས་བགྱིས ་མང་། ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཅུ་གཉིས་སྡེ་ལ་དགེ་སྦྱོང་གི་ཚུལ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་འཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར ་སྤང་བ་མཛད་ནས་དགེ་སློང་མའི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་མ་དག་དེ་ལྟ་བས་ན་ངས་ཕན་ཡོན་བཅུ་པོ་འདི་ལྟ་སྟེ། དགེ་འདུན་བསྡུ་བར་བྱ་བའི་ཕྱིར་དང་ཞེས་བྱ་བ་ནས། ཡང་དག་པར་གཟིགས་ནས་འདུལ་བ་ལ་ཉན་ཐོས་མ་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱའོ་ཞེས་བྱ ་པ་བསླབ་པ་བཅས་པའི་བར་དུ་བརྗོད་པར་བྱའོ། ། ཡང་དགེ་སློང་མ་གཟུང་མེད་ལ་སྐྱེས་པའི་ཚིག་གམ། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ། མཛའ་ན་མོ་ཉིད་དུ་སྤུན་བྱེད་ན། ཐ་ན་ཐང་འགའ་ཕྲེང་བ་ཡང་རུང་སྟེ་ཆོས་འདི་ནི་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང ་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ། ། ཡང་དགེ་སློང་མགང་ཞེས་བྱང་ནི་དགེ་སློང་མ་བཅུ་གཉིས་སྡེའོ།། བུད་མེད་ལ་སྐྱེས་པའི་ཚིག་གམ། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་བྱ་བ་ནི་བུད་མེད་ཀྱི་ཚིག་སྐྱེས་པ་ལ་བརྗོད་ནས་སམ། སྐྱེས་པའི་ཚིག་བུད་མེད་ལ་བརྗོད་ནས་སོ།། ་ཆུང་མ་ཉིད་ཅེས་བྱ་བ་ནི་ཆུང་མ་བདུན་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆེས་ཉོས་པ་དང་། བཅན་ཕྲོགས་སུ་ཐོབ་པ་དང་། དང་སམ་དུ་འདུས་པ་དང་། གོས་ཟས་ཀྱིས་འཆོས་པ་དང་། འ་དུམ་པ་དང་བདུན་པ་ནི་ཐད་འགའ་ཕྲད་པའོ།། དེ་ལ་ཆུ་ཚིགས་ཀྱིས་བྱིན་པ་གང་ཞེ་ན། བུད་མེད་དམ། ་གཞོན་ནུ་མ་གང་པ་མ་དག་གིས་སྐྱེས་པ་ལ་འདི་ནི་ཁྱོད་ཀྱི་ཆུང་མ་སྐྱེ་དགུའི་བདག་མོ་བྱོས་ཤིག་ཅེས་སྦྱོར་ནུས་བྱིན་ཞིང་། དེ་དེའི་ཆུང་མ་སྐྱེ་དགུའི་བདག་མོར་གྱུར་ནས། དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་དང་། ཤིན་ཏུ་བསྲུངས་པ། སྲས ་པ། ཤིན་དུ་བསྲེས་པ་དེ་ནི་ཆུ་ཚིགས་ཀྱིས་བྱིན་པ་ཞེས་བྱའོ།། རིན་ཆས་ཉོས་པའི་ཆུང་མ་གང་ཞེ་ན། བུད་མེད་དམ། གཞོན་ནུ་མ་གང་སྐྱེས་པ་འདི་ནི་བདག་གི་ཆུད་མ་སྐྱེ་དགུའི་བདག་མོར་བྱའོ་ཞེས་པ་མ་དག་ལས་རིན་ཆ་མང་ཡང་རུང་ཉུད་ཡང་རུང་བས་ཉོས་ཤིང་དེ་སྐྱེ་དགུའི་བདག་པོར། ་ཟུར་ནས་དེས་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ། ཤིན་དུ་བསྲུངས་པ་སྦས་པ། ཤིན་དུ་སྲས་པ། དེ་ནི་རིན་ཆས་ཉོས་པའི་ཆུང་མ་ཞེས་བྱའོ།། བཙན་ཕྲོགས་སུ་ཐོབ་པའི་ཆུང་མ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོས་དཔུང་གི་ཚོགས་ཡན་ལག ་བཞི་པ་གླང་པོ་ཆེ་བའི་ཚོགས་དང་། ཏ་བའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། མ་ཕེབས་པ་ནི་ཐབ། ཐེབས་པ་ནི་ཆམ་དུ་ཕབ་ནས་སེ་མནངས་སུ་དབང་བར་བསྒོ་བ་དེའི་ཚེ། མིས་རྒྱལ་པོ་རྒྱལ་མཚན་དུ་བྱས་ནས་བུད་མེད་དམ། གཞོན་དུ་མ་གང་ཡིན ་བ་དེ་བདག་གིས་ཆུང་མ་འམ། སྐྱེ་དགུའི་བདག་མོར་བྱའོ་ཞེས་ཕྲོགས་ཤིང་ཞེས་བྱ་བ་ནས། བདག་གི་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བྱ་བའི་བར་གང་ཡིན་པ་ནི། བཙན་ཕྲོགས་སུ་ཐོག་པ་ཞེས་བྱའོ།། གཞན་ཡང་བཙན་ཕྲོགས་སུ་ཐོབ་པ་ནི་འདི་ལྟ་སྟེ། ཆོམ་རྐུན ་པ་གྲོང་ཁྱེར་འཇོམས་པ་དང་། གྲོང་འཇོམས་པ་དང་། ལྗོངས་འཇོམས་པ་དེ་དག་གིས་རང་གི་སྲོག་དང་བསྔོས་ནས་གྲོང་ཁྱེར་གཞོམ་པ་བྱས། གྲོང་དང་ལྗོངས་གཞིམ་པ་བྱས་ནས་བུད་མེད་དམ་གཞོན་ནུ་མ་གང་ཡིན་པ་འདི་བདག་གི་ཆུང་མ་སྐྱེ་དགུའི་བདག་མོར་བྱའོ་ཞེས་ཕྲོགས་ཤིང་ཞེས ་བནས། བདགགེ་འདི་ལ་གཞན་དག་དོད་པའི་ཕྱིར་པྱོད་པར་མ་བྱར་ཅིག་ཅེས་བྱ་བའི་བར་འདི་ཡང་བཙན་གྲོགས་སུ་ཐོབ་པ་ཞེས་བྱའོ།། དམ་མ་དུས་པའི་ནད་མག་ཤེན། བྲ་མེད་མ་གཉེན་ན་མ་གང་རང་གི་དད་པ་དང་། གཟུགས་པ་དང་། དགའ་བས་སྐྱེས་པའི་ན ་སོང་སྟེ་འདི་ག་ཅེས་དེའི་མས་བདག་གིས་འོད་ཀྱི་བཙུན་མོ་སྐྱེད་བུའི་བདག་མོ་བརྩིའོ་ཞེས་སྨྲས་པ། དེས་ཀྱང་དེ་ཆུད་མ་སྐྱེད་བུའི་བ་དགསོར་བྱས་ཤེས་བྱ་དམ། བད་གི་འདི་ལ་གཞན་ད་འདོད་པའི་ཕྱིར་སྤྱོད་པར་མཐང་ཅིགཅེས་བྱཔའི་བཔ་དི་ནི་དང་ཡང་ངས་པའི་ཆུ་མཤེས་། ་གོས་ཟས་ཀྱིས་འཆོས་པའི་དྲུང་མག་ཤེ་ན། བྲད་མེ་དམ་གཞོན་དུམ་གང་སྐྱེས་པའི་གདུཞོང་ཏེ་འདིན་ཅེས་རྗེའི་སྲས་ཁྱོད་ཀྱིས་བདག་ལ་གོས་དང་ཐས་སྩོལ་བག་དང་། བདག་གིས་དེའི་མས་ཁྱོད་ཀྱི་ཆུང་མ་སྐྱེད་བུའི་བདག་མོ་བརྩིའོ་ཞེས་སྨྲས་པ། དེས་ཀྱང་དེ་ལགས་དག་བྱིན་ནས་དེས་དེ་ཆུང་བ་སྟེ ་ནབུའི་བདག་མོ་བྱས་ཏེ་ཞེས་བྱ་བ་ནས། བདག་གི་འདི་ལ་གཞན་དག་འའོདོད་པའི་ཕྱིར་སྤྱོད་པར་མཐུར་ཅིག་ཅེས་བྱ་བའི་བར་འདི་ནི་གོས་ཟས་ཀྱིས་བཅོས་པའི་ཆུང་མ་ཞེས་བྱའོ།། འདུམ་པའི་དྲུང་མ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུམ་ག་ནོད་མང་ཡང་དུ་ཉུང་ཡང་རུང་ཁྱེར་ཏེ་སྐྱེས ་བའི་གན་དུ་སོར་ནས་འདི་ན་ཅེས་དེའི་སྲས་མཁྱེན་པར་མཛོད་ཅི། ཁྱོད་ཀྱི་ནོར་གྱི་ཕུང་པོ་དང་། བདག་གི་ནོར་གྱི་ཕུང་པོ་གང་ལགས་པ་དེ་ག་ཅིག་ཏུ་བསྡུས་ནས་བདག་ཅ་མཉམ་དུ་འཚོ་ཞིང་འདོད་པ་ལོངས་སྤྱོད་པར་བགྱིས་ལ། གང་གི་ཚེ་དག་ཅག་ལས་ཁྱེའུའམ་བསོགང་དག་པཆིས་པ་དང་། ་བདེ་དག་ཀྱང་བདག་ཅག་དུས་ལ་བབ་ཅིང་ཤིབ་ན་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས། འདི་བདག་ཅག་གི་ཕ་མ་གང་དུ་སྐྱེས་པ་དེར་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་ཡོན་སྔོབ་བགྱིད་པར་འགྱུར་བར་བགྱིའོ་ཞེས་སྨྲས་ལ། དེས་ཀྱང་དེའི་ཆུང་མ་སྐྱེ་དགུའི་བདག་སོར་བྱས་ནས་བདག་གི་འདི ་ལགཞན་དག་འའོདོད་པའི་ཕྱིར་སྤྱོད་པར་མཐུར་ཅིག་ཅེས་བསྲུངས། ཤིན་ཏུ་བསྲུ་ས། སྲས་ཤིན་དུསྲས་པ་དེ་ནི་འདུམ་པའི་དྲུང་མཞེས་བྱའོ།། བང་ལནའ་ཐད་བའི་ཆུང་མ་གང་ཞེ་ན། འདིས་སྟེ། བད་མེད་དམ་གཞོན་ནུ་མ་གང་ལ་སྐྱེས་པས་དེའི་དུས་ཀྱི་བ་ཟིན་ནས་འདི་བང་ག་མེད ་ཤིག་སར་ཅིག་ཡོངས་སུ་སྤྱོད་པར་བྱའོ་པ་ནས་དེས་དེ་བསྲུངས་བ་ཞེས་བྱ་བའི་བར་དིན་བྱེད་འགའ་ཐད་པའི་དྲུང་མ་ཤེས་བྱ་སྟེ། འདིདིག་ནི་དྲ་མ་བདུན་ཞེས་བྱ་བ་ཡིན་དོ།། མངའ་མོ་བཅུ་ཞེས་བྱ་བ་ལ་འཅུ་བོ་གཤེན། མས་བསྡུས་པ་དང་། བས་བསྲུངས་བ་དང་། མེད་པོས་ཡུ ་པ་དང་། པུ་ནུ་མོས་བསྲུངས་པ་དང་། སྟུག་མོས་བསྲུངས་པ་དང་། གྱོང་པོས་བསྲུངས་པ་དང་། ཉེ་དུས་བསྲུངས་པ་དང་། རིགས་ཀྱིས་བསྲུངས་པ་དང་། རུས་ཀྱིས་བསྲུངས་པ་དང་། རྣམ་པར་འཁྲུག་པ་མེད་པ་ནི་བཅུ་པའོ།། མས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ། ་སྟེ། བུད་མེད་དམ་པ་གཞོན་ནུ་མ་གང་ཞིག་གང་གི་ཚེ་ཁྱིམ་ཐབ་སྨོས་པར་གྱུར་པ་འམ། སེམས་འཁྲུགས་པ་འམ། ཚོར་བ་དག་གིས་ཉེན་པ་འམ། རྒྱལ་པོས་འཇིགས་ནས་ཡུལ་འཁོར་གཞན་དང་། ཡུལ་གཞན་དུ་བྲོས་པར་གྱུར་ཏམ། སད་དམ། བཅིང་སམ། སྤྱུགས་མ། རབ་ཏུ་བྱུང ་ངམ། ཤི་བར་གྱུར་པ་ན་དེ་ལམས་ག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ།། སྙམ་ནས་བསྲུངས། ཤིན་དུ་བསྲུངས། སྦས་ཤིན་དུ་བསྡུས་པར་གྱུར་པ་འདི་ནི་མས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ།། བས། ་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་པ་གཞོན་ནུ་མ་གང་ཞིག་གང་གི་ཚེ་ཁྱིམ་ཐབ་སྨོས་པར་གྱུར་ཏམ་ཞེས་བྱ་བ་ནས་རྒྱས་པར་མ་ཤི་བར་གྱུར་པ་ན་དེ་ལ་ཕས་བདག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར ་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས། བསྲུངས་ཤིན་དུ་བསྲུངས། སྦས་ཤིན་དུ་སྦས་པར་གྱུར་པ་འདི་ནི་ཕས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ།། མང་པོས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེ་དང་མ། ཞོན་ནུ་མ་གང་ཞིག་གང་གི་ཚེ་ཁྱིམ་ཐབ་སྤྱོས་པར་གྱུར་ཏམ། ་སེམས་འཁྲུག་པ་འམ་ཞེས་བྱ་བ་ནས། ཕ་མ་ཤི་བར་གྱུར་པ་ན་དེ་ལ་མིང་པོས་བདག་གིས་འདི་ལ་འགའ་ཞིག་གིས་ཞེས་བྱ་བ་ནས། འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས་བསྲུངས་ཤེས་བྱ་བའི་བར་འདི་ནི་མིང་པོས་བསྲུང་བའི་མཛའ་ན་མོ་ཡིན་ནོ།། མིང་པོས་བསྲུངས ་བ་ཇི་ལྟ་བ་བཞིན་དུ་ཕུ་ནུ་མོས་བསྲུངས་པ་ཡང་བརྗོད་པར་བྱའོ། ། སྒྱུག་མོས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་དས་པ་གནོ་ནུམ་ག་ཤིག་གང་གི་ཚེ་ཁྱིམ་ཐབ་སྨོས་པར་གྱུར་ཏམ། སེམས་འཁྲུག་པར་གྱུར་ཅེས་བྱ་བ་ནས། པ་ར་ཤི་བར་གྱུར་ཏམ། མིང་པོ་དང་ཕུ་ནུ་མོ ་ཤི་བར་གྱུར་ན་དེ་ལ་སྒྱུག་མོས་འདི་སྐད་ཅེས་བདག་གི་བུ་ལ་ལྟ་བ་ཇི་ལྟ་བར་ཁྱོད་ལ་ཡང་དེ་ལྟ་བུ་ཡིན་པས་ཁྱོད་ཀྱི་བཟའ་བ་དང་བགོ་བ་བདག་གིས་སྦྱར་གྱིས་མནའ་མ་དགའ་བར་གྱིས་ཤིག། མནའ་མ་འདུག་པར་གྱིས་ཤིག་ཅེས་སྨྲས་ནས། བདག་གི་འདི་ལ་འགའ་ཞིག་གིས་མ ་བརྟགས་པ་ནན་ཀྱིས་བཅན་ཐབས་སུ་འདོད་པ་རྣམ་ང་རྒྱ་གྱུར་ནས་བསྲས་ཤིན་ཨུ་མ། སྒྲས་གན་དུ་སྨྲས་པར་བྱུང་བ་འདན་སྣརུག་མས་སུས་བནས་འོ། དྷགས་སུངས་བཀྲི། བ་བཞིན་གྱིས་ངས་བཕྲུལ་པ་ཡང་རྗོད་པ་ཏུག། ་བསྲུངས་པའི་མཛའན་མོ་ག་ཞེ་ན། འདིས་སྟེ། ཐད་མེད་དཔ་གནོན་ནུ་མ་གང་ནིག་ཀྱི་མཐབ་སྨྱོས་པར་ཐུར་ཏམ། སེམས་འཁྲུག་པར་གྱུར་ཅེས་བྱ་བ་ནས་པཾ་མ་ཤི་བར་གྱུར་ཏམ། མིང་པོ་ད། བུ་རུ་མོ་དང་། སྨུག་མོད། གྱོས་པོ་ཤིབ་བྱུར་བ་ན་དེཏེ་དུའི་དྲུང་དྲུགནས་ཤིང་། དེལ་འ་དུ་རྫམ ་ཀྱིས་བདག་ཅག་གི་འདི་ལ་འགའ་ཞིག་གསམ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར་སྤྱོད་པ་མི་འགྱུང་ཡར་བྱའོ་སྙམ་ནས་བསྲུས། ཤིན་ཏུ་བསྲུངས། སྲས་ཤིན་དུ་བསླས་པར་གྱུར་པ་འདི་ནི་ཉི་དུས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ།། ཉེ་ཞེས་བྱ་བ་ནི་ང་མེས་དང་། ་མེས་གཉི་གའི་བདུན་རྒྱུད་གཟུང་ངོ་།། རིགས་ཀྱིས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ཞིག་གང་གི་ཚེ། ཁྱིམ་ཐབ་སྨོས་པར་གྱུར་ཏམ། སེམས་འཁྲུག་པར་གྱུར་ཅེས་བྱ་བའི་བར་ནས། བ་མ་ཤི་བར་གྱུར་ཏམ། མིང་པོ་དང་། བུ་ནུ་མོ་དང་། སྟུག་མོ་དང ་གྱོས་པོ་དང་། ཉེ་དུ་ཤི་བར་གྱུར་པ་ན་དེ་བདག་ཉིད་དང་རུས་གཅིག་པའི་དྲུང་ན་གནས་ཤིང་། དེ་ལ་དེ་དག་གིས་བདག་ཅག་གིས་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས་བསྲུངས་ཤེས་བྱ་བའི་བར་འདི་ནི་རིགས ་ཀྱིས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། ། རིགས་ཤེས་བྱ་བ་ནི་བྲམ་ཟེ་དང། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་རྣམས་སོ།། རུབ་ཀྱིས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ཞིག་གང་གི་ཚེ་ཁྱིམ་ཐབ་སྨྱོས་པར་གྱུར་ཏམ། སེམས་འཁྲུགས ་པར་གྱུར་ཅེས་བྱ་བའི་བར་ནས། བ་མ་ཤི་བར་གྱུར་ཏམ། མིང་པོ་དང་། ཕུ་ནུ་མོ་དང་། སྒྱུག་མོ་དང་། གྱོས་པོ་དང་། ཉེ་དུ་ནམས་ཤི་བར་གྱུར་པ་ན་དེ་བདག་ཉིད་དང་། རུས་གཅིག་པའི་དྲུང་ན་གནས་ཤིང་། དེ་ལ་དེ་དག་གིས་བདག་ཅག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན ་ཐབས་སུ་འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས་བསྲུངས་ཤེས་བྱ་བའི་བར་འདི་ནི་རུས་ཀྱིས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། ། རུས་ཤེས་བྱ་བ་ནི་ཀུད་སའི་རུས་དང་། བད་མའི་རུས་དང་། ཤན་དི་ལའི་རུས་དང་། བྷ་ར་དྲ་ཛའི་རུས་དང་། མཽད་གལ་གྱི་རུས་དང་། གར་གྷའི་རུས ་ཆ། ། དང་གཏམ་དུ་རྣམས་སོ།། རྣམ་པར་འཐུག་པ་མེད་པའི་མདའ་ན་མོ་གང་ན་ན། དེགེ་སློང་བ་དང་། དཔྱོད་པ་མ་དང་། ཀུན་དུ་དྷུ་མོ་དང་། བྱིམ་ཐབ་པས་གཞན་དང་མིཉལ་བའི་བུད་མེ་དང་། བདུལ་ཐུགས་ཀྱི་གནི་ཆོས་སྤྱོད་པར་བྱེད་པ་སྟེ། འདི་དག་ནི་བདའན ་མོ་བཅུ་ཞེས་བྱའོ། ། སྤུན་བྱེད་ན་ཞེས་བྱ་བ་ནི་ཕྲིན་བྱེད་པའོ།། ཐ་ན་ཐང་འགའ་ཞེས་བྱ་བ་ནི་ཐ་ན་ཡུད་ཙམ་ཡང་ངོ་།། ཆོས་འདི་ནི་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ཆོས་ཀྱི་སྦར་བསྟན་པ་འདིའོ།། དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ་ཞེས་བྱ་བ་ནི་མོང་ལ་ལྟུང་བར་འགྱུར་བའོ།། ་ངེས་པར་འབྱུང་བ་དང་བཅས་པ་ཞེས་བྱ་བ་ནི་རྟོན་པ་དང་བཅས་པའོ།། དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་ལྟུང་བ་དེ་གཉི་གའི་དགེ་འདུན་ལ་ག་ལུས་པ་དང་། གཉི་གའི་དགེ་འདུན་དང་འབྲལ་བ་དང་། གཉི་གའི་དགེ་འདུན་ལ་རྟོན་པ་ཡིན་ཏེ། ལྟུང་བ་དེ་གཉི་གའི་དགེ་འདུན ་ལས་ལྟུང་བར་འགྱུར་གྱི་གང་ཟག་ལས་ན་མ་ཡིན་པའོ། ། ཡང་ན་ཕས་ཕམ་པར་གྱུར་པ་བརྒྱད་པོ་འདི་ནི་ལྷག་མ་མེད་པ་ཡིན་ལ། ལྟུང་བ་འདི་ལྷག་མ་དང་བཅས་པ་ཡིན་པ་དེའི་ཕྱིར་དགེ་འདུན་ལྷག་མ་ཞེས་བྱའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། བར་བསྡོམ་ལ། སྤྲིང་ཕྲིན་དགེ ་ཀློང་མ་གཉིས་དང་། ། སྤྱོད་ལམ་དང་ནི་སྔོན་འགྲོ་དང་།། བདག་དང་བདག་མིན་ཡུལ་ཕྱོགས་ཚིག། སྤྲིང་ཡིག་ལག་ཡིག་ཆུང་མའོ།། དགེ་སློང་མས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ་བདག་ཉིད་ཀྱིས་ཟིན་ཕར་ཡང་སྐྱེལ།། བདག་ཉིད་ཀྱིས་ཆུར་ཡང་སྐྱེལ་ན་དགེ་འདུན་ལྷག་མར་འགྱུར་རོ།། ་དགེ་སློང་མས་བདག་ཉིད་ཀྱིས་སྙིང་པ་མནོས་ཏེ། བདག་ཉིད་ཀྱིས་ཟིན་པར་སྐྱེལ་བར་བྱེད་ཅིང་། མདག་ས་པས་བྲེ་ནུང་བྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འབྱུང་ངོ་རོ།། དགེ་སློང་མས་བདག་ཉིད་ཀྱིས་སྤྲིད་པ་མནོས་ཏེ་མ་དགས་པས་ཟིན་པར་སྐྱེལ་བར་བྱེད་ཅིང་། བདག་ཉིད་ཀྱིས་བྲིན། ་ཆུང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་བདག་ཉིད་ཀྱིས་སྙིང་བ་མནོས་ཏེ་ཡདང་ལས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། མངགས་པས་ཟིན་ཚུར་ཡང་བྲེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་མདགས་པ་ལས་བདག་ཉིད་ཀྱིས ་སྤྲིང་བ་མནོས་ཏེ་བདག་ཉིད་ཀྱིས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། བདག་ཉིད་ཀྱིས་བྲིན་ཆུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་མངགས་པ་ལས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ་བདག་ཉིད་ཀྱིས་ཟིན་པར་ཡང་སྐྱེལ་བར་བྱེད་ཅིང་། མངགས ་མ་ཚུ་པ་བྱེ་བ་བྱེད་དེ་གེ་དུ་ལྟག་གྱུར་རོ། ། ད་མམས་ག་པ་དག་ཀྱི་ཛིན་རྙིང་བ་ཞེ་པ་གས་པ་ཡིན་པ་ཡང་བ་བྱེད་ཅི། མངགས་པས་ཀྱི་ནུ་ཡང་བྱུ་བ་བྱེད་ན་དེ་དུན་རྟགསར་གྱུར་རོ།། ་དགེ་སློང་མས་མངགས་པས་མངགས་པ་ལས་བདག་ཉིད་ཀྱིས་སྦྱི་བས་ནས་དེ་བ་དག་ཉིད་ཀྱིས་ཟིན་པ་ཡང་སྐྱེལ་བར་བྱེད་ཅིང་། བདག་ནི་ཀྱིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་གེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་མངགས ་མངགས་པ་ལས་བདག་ཉིད་ཀྱིས་རྫིང་བ་མནོས་དེ་བདག་ཉིད་ཀྱིས་ཕྲིན་པར་ཡང་སྐྱེལ་པར་བྱེད་ཅིང་། མགས་པས་མདགས་པས་ཟིན་ཆུར་ཡང་སྐྱེ་བར་བྱེད་ན་དགེ་འདུན་ལྷགསར་འགྱུར་རོ།། དགེ་སློང་མས་མ་ངགས་པས་མགས ་པལས་བདག་ཀྱིས་ལྗི་བ་ནས་ཏེ་མ་དགས་པས་མངགས་ལས་ཕྲིན་པར་ཡང་སྐྱེས་པར་བྱེད་ཅིང་། བདག་ཉིད་ཀྱིས་ཀྱི་ཚུ་སྐྱེས་བར་བྱེད་ན་དགེ་ལ་ཅུ་ལྕག་མར་ལུར་རོ།། དགེ་སློང་མས་མ་གས་པས་ས་དགས་པ་ལས ་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ་མངགས་པས་མངགས་པས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། མངགས་པས་མངགས་པས་བྲིན་ཚུར་ཡང་སྐྱེ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། གེ་སློང་སྙིང་བ་མནོས་ཏེ་གཉིགས་ཕྲིན་ཐང་ཡང་སྐྱེལ་བར་དབྱེད ་ཅི་གཉིགས་ཟིན་ཚྭང་ཡང་ཀྱིལ་བར་བྱེད་ན་གཉིགས་དགེ་འདུ་མར་འགྱུར་རོ། ། དགེ་སློང་མ་གཉིས་ཀྱིས་གཉིགས་སྟེ་བམནས་ཉིད་ན་། དེ་ས་ཅེས་དེ་ཤིག་ཁོས་འདོན་ཕྱིན་པར་སྐྱེལ་བ་ན་ནུ་ཡང་ཚུལ་ཙག་མམཐོང ་xxx། xxx ་ནམི་སྐྱེ་ལོ་ནས་ཟེར་ན་དེ་གཉིས་ལ་མ་གང་སྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ཕྲིན་ཆུར་ཡང་སྐྱེལ་བར་བྱེད་ན་དེ་ཡི་ནི་དགེ་འདུན་ལྷག་མར་འགྱུར་ལ། གང་ཕྲིན་པར་ནི་སྐྱེལ་བར་བྱེད་ལ་ཕྲིན་མུང་ནི་སྐྱེལ ་བར་མི་བྱེད་པ་དེ་བ་ལ་ནི་ཉེས་པ་སྦོམཔོང་གཉིས་སུ་འགྱུར་རོ། ། དགེ་སློང་མ་གཉིས་ཀྱིས་གཉི་གས་སྤྲིང་བ་མནོས་ཏེ་དེ་ན་གཅིག་འདི་སྐད་ཅེས་ཁོ་མོ་ནི་ཕྲིན་པར་ཡང་མི་སྐྱེལ་ལ། ཕྲིན་ཚུར་ཡང་མི་སྐྱེལ་ལོ་ཞེས་ཟེར་ན་དེ་གཉིས་ལས་གང་བྲན ་པར་ཡང་སྐྱེལ་བར་བྱེད་ཅིང་། ཕྲིན་ཚུར་ཡང་སྐྱེལ་བར་བྱེད་པ་ལ་དགེ་འདུན་ལྷག་མར་འགྱུར་ལ། གང་ཕྲིན་པར་ཡང་སྐྱེལ་བར་མི་བྱེད་ལ་ཕྲིན་ཚུར་ཡང་སྦྲེལ་བར་མི་བྱེད་པ་དེ་ལ་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ།། དགེ་སློང་མ་གཉིས་ཀྱིས་གཉི་གའི་སྤྲིང་བ་མནོས ་ཏེ་གཉི་གས་ཟིན་པར་ནི་སྐྱེལ་བར་བྱེད་ལ། ཕྲིན་ཚུར་ནི་སྐྱེལ་བར་མི་བྱེད་ན་གཉི་ག་ལ་ཉེས་པ་སྦོམ་པོ་གཉིས་གཉིས་སུ་འགྱུར་རོ།། དགེ་སློང་མ་གཉིས་ཀྱིས་གཉིགས་སྤྲིང་བ་མནོས་ཏེ། དེ་ན་གཉི་ག་འདི་སྐད་ཅེས་བདག་ཅག་གཉི་ག་ཕྲིན་པར་སྐྱེལ་བར་ཡང་མི་བྱེད་མ་ཕྲིན ་ཚུཚུར་ཡང་སྐྱེལ་མི་བྱེད་དོ། ། ཞེས་ཟེར་ན་གཉི་ག་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ།། དགེ་སློང་མ་གཅིག་སྐྱེས་པ་གཅིག་བུད་མེད་གཅིག་དང་འདྲོན་ལམ་དུ་འགྲོ་བ་ན་གལ་ཏེ་བུད་མེད་དེས་དགེ་སློང་མ་དེ་ལ་འདི་སྐད་ཅེས་འཕགས་མ་ཁྱོད་སྐྱེས་པ་དེ་ལ་འདི་སྐད་ཅེས་ཁྱོད་བུད་མེད ་འདིའི་ཁྱོ་འམ། མཛའ་བོ་འམ། སྨོས་འདྲིན་གྱིས་ཤིག་ཅེས་ཟེར་ནུས་སམ་ཞེས་སྨྲས་ལ། གལ་ཏེ་དགེ་སློང་མ་དེས་སྤྲིད་པ་རྣམ་པ་དེ་ལྟ་བུ་མནོས་ནས་ཕྲིན་ཕར་སྐྱེལ་བར་བྱེད་དམ། ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དེ་བཞིན་དུ་སྐྱེས་པ་དེས་དགེ་སློང ་མ་དེ་ལ་འདི་སྐད་ཅེས་འཕགས་མ་ཁྱོད་བུད་མེད་འདི་ལ་འདི་སྐད་ཅེས་ཁྱོད་སྐྱེས་པ་འདིའི་ཆུང་མ་འམ། མཛའ་ན་མོ་འམ། སྨོན་འདྲིན་གྱིས་ཤིག་ཅེས་ཟེར་ནུས་སམ། ཞེས་སྨྲས་ལ། གལ་ཏེ་དགེ་སློང་མ་དེས་སྤྲིང་བ་རྣམ་པ་དེ་ལྟ་བུ་མ་ནོས་ཏེ་ཕྲིན་པར་སྐྱེལ་བར་བྱེད་དམ། ཕྲིན་ཚུར་སྐྱེལ ་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། ། དགེ་སློང་མ་གཅིག་དང་། བུད་མེད་ཅིག་དང་། སྐྱེས་པ་གཅིག་ཇི་ལྟ་བདེ་བཞིན་དུ་དགེ་སློང་མ་གཉིས་དང་། བུད་མེད་གཉིས་དང་། སྐྱེས་ལ་གཉིས་དང་། དེ་བཞིན་དུ་དགེ་སློང་མ་རབ་ཏུ་མང་པོ་དང་། བུད་མེད་རབ་ཏུ་མང་པོ་དང་། སྐྱེས་པ་རབ ་ཏུ་མང་པོ་ལ་ཡང་རྒྱས་པར་བརྗོད་པར་བྱའོ། ། ལམ་དུ་འགྲོ་བ་ཇི་ལྟ་བ་བཞིན་དུ་སྡོང་བུ་དང་། འདུག་པ་དང་། ཉལ་བ་དག་ལ་ཡང་རྒྱས་པར་བརྗོད་པར་བྱའོ།། དགེ་སློང་མ་མདུན་དུ་འགྲོ་བའི་དགེ་སྦྱོང་མ་དང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་གཉིས་ལས ་མདུན་དུ་འགྲོ་བའི་དགེ་སྦྱོང་མས་སྤྲིང་པ་མནོས་ཏེ་མདུན་དུ་འགྲོ་བའི་དགེ་སྦྱོང་མས་ཟིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། མདུན་དུ་འགྲོ་བའི་དགེ་སྦྱོང་མས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་དགེ་འདུན་ལྷག་མར་འགྱུར་རོ།། མདུན་དུ་འགྲོ་བའི ་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ་མདུན་དུ་འགྲོ་བའི་དགེ་སྦྱོང་མས་ཕྲིན་ཕ་སྐྱེལ་བར་བྱེད་ཅིང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ལ། ཕྱི་བཞིན་དུ་འབྲང་བའི་དགེ་སྦྱོང་མ་ལ་ནི ་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ། ། མདུན་དུ་འགྲོ་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་ཕྲིན་པར་སྐྱེལ་བར་བྱེད་ཅིང་། མདུན་དུ་འགྲོ་བའི་དགེ་སྦྱོང་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཉིས ་སུ་འགྱུར་ལ། ཕྱི་བཞིན་དུ་འབྲང་བའི་དགེ་སྦྱོང་མ་ལ་ནི་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ།། མདུན་དུ་འགྲོ་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ་ཕྱི་བཞིན་དུ་འབྲང་བའི་དགེ་སྦྱོང་མས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་ཕྲིན་ཚུར ་ཡང་སྐྱེལ་བར་བྱེད་ན་མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་ལ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་ནི་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་རོ།། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་ཟིན་པར ་ཡང་སྐྱེལ་བར་བྱེད་ཅིང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་ཕྲིན་ཆུར་ཡང་སྐྱེལ་བར་བྱེད་ན་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་དགེ་འདུན་ལྷག་མང་འགྱུར་རོ།། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་ཟིན་པར་སྐྱེལ ་བར་བྱེད་ཅིང་མདུན་དུ་འགྲོ་བའི་དགེ་སྦྱོང་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ལ། མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་ནི་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ།། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས ་སྤྲིང་བ་མདོས་ཏེ་མདུན་འགྲོ་བའི་དགེ་སྦྱོང་མས་ཟིན་པར་སྐྱེལ་བར་བྱེད་ཅིང་། ཕྱི་བཞིན་པགྲང་བའི་དགེ་སྦྱོང་མས་ཕྲིན་ནུར་སྐྱེལ་བར་བྱེད་ན་ཕྱི་བཞིན་འབྲང་བའི་དགེ་སྦྱོངས་ལཉེས་པ་སྦོམ་པོ་གཉིས་སུ་འགྱུར་ལ། མདུན་དུ་བགྲོ་བའི་དགེ་སྦྱོང་མ་ལ་ནི་ཉེས་པ་སྦོམ་པོ་ཅི ་ཏུ་འགྱུར་རོ། ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ་མདུན་དུ་འགྲོ་བའི་དགེ་སྦྱོང་མས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། མདུན་དུ་འགྲོ་བའི་དགེ་སྦྱོང་མས་བྲིན་ཚུར་ཡང་སྐྱེལ་བར་བྱེད་ན་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་ལ། མདུན་དུ་འགྲོ་བའི ་དགེ་སྦྱོང་མ་ལ་ནི་ཉེས་པསྦོམ་པོ་གཉིས་སུ་འགྱུར་རོ། ། ཁྱིམ་བདག་ནི་གཉིས་ཏེ། བདག་པོ་དང་། བདག་པོ་མ་ཡིན་པའོ།། དེ་ལ་བདག་པོ་ཞེས་བྱ་བ་ནི་བུ་མོ་སྦྱིན་པ་དང་། འཕྲོག་པའི་བ་དག་པོར་གྱུར་ཅིང་དེ་རྒྱལ་པོའི་ཕོ་བྲང་འཁོར་གྱི་ནང་དུ་སོར་ཡང་རུང་། རིགས་པ་ཚོགས་པའི་ནང་དུ་སོང་ཡང ་རུང་སྟེ། དེའི་ཚིག་ཡང་དག་པ་མ་ཡིན་པ་ཡང་གཟུང་བར་འོས་པར་གྱུར་པ་གང་ཡིན་པ་དེ་ནི་བདག་པོ་ཞེས་བྱའོ།། བདག་པོ་མ་ཡིན་པ་ཞེས་བྱ་བ་ནི་བུ་མོ་སྦྱིན་པ་དང་། འཕྲོག་པའི་བདག་པོར་གྱུར་པ་མ་ཡིན་ཞིང་དེ་རྒྱལ་པོའི་ཕོ་བྲང་འཁོར་གྱི་ནང་དུ་སོར་ཡང་རུང་། རིགས་པ་ཚོགས་པའི་ནང་དུ ་སོང་ཡང་རུང་སྟེ། དེའི་ཚིག་ཡང་དག་པ་ཡང་གཟུང་བར་འོས་པར་མི་འགྱུར་བ་གང་ཡིན་པ་དེ་ནི་བདག་པོ་མ་ཡིན་པ་ཞེས་བྱའོ།། དགེ་སློང་མས་བ་དག་པོ་ལ་སྤྲིང་བ་མནོས་ཏེ་བདག་མོ་ལ་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། བདག་པོ་ལ་བྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར ་འགྱུར་རོ། ། དགེ་སློང་མས་བདག་པོ་ལས་སྤྲིང་བ་མནོས་ཏེ་བདག་པོལ་ཕྲིན་པར་སྐྱེལ་བར་བྱེད་ཅིང་། བདག་པོ་མ་ཡིན་པ་ལ་ཟིན་ཚུར་བྱེ་འ་བར་བྱེད་ན་ཉེས་པ་སྦོས་པོ་གཉིས་དང་། ཉེས་བྱས་གཅིག་དུ་འགྱུར་རོ།། དགེ་སློང་མས་བདག་པོ་ལ་སྤྲིང་བ་མནོས་ཏེ་བདག་པོ་མ་ཡིན་པ ་ལ་ཕྲིན་པར་སྐྱེལ་བར་བྱེད་ཅིང་བདག་པོ་ལ་ཕྲིན་ཚུར་སྐྱེལ་བར་བྱེད་ན་ཉེས་པ་སྦོམ་པོ་གཉིས་དང་། ཉེས་བྱས་གཅིག་ཏུ་འགྱུར་རོ།། དགེ་སློང་མས་བདག་པ་ལས་སྤྲིང་པ་མནོས་ཏེ་བདག་པོ་མ་ཡིན་པ་ལ་ཕྲིན་པར་སྐྱེལ་བར་བྱེད་ཅིང་། བདག་པོ་མ་ཡིན་པལ་ཕྲིན་ཚྭ་སྐྱེལ་བར་བྱེད་ན་ཅེས ་པ་སྦོམ་པོ་གཅིག་དང་། ཉེས་བྱས་གཉིས་སུ་འགྱུར་རོ།། དགེ་སློང་མས་བདག་པོ་མ་ཡིན་པ་ལས་སྤྲིང་པ་མནོས་ཏེ་བདག་པོ་མ་ཡིན་པ་ལ་ཕྲིན་པར་སྐྱེལ་བར་བྱེད་ཅིང་། བདག་པོ་མ་ཡིན་པ་ལ་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་ཉེས་བྱ་བ་གསུམ་དུ་འགྱུར་རོ།། དགེ་སློང་མས་བདག་པོ ་མ་ཡིན་པ་ལས་སྤྲིང་བ་མནོས་ཏེ་བདག་པོ་ལས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། བདག་པོ་མ་ཡིན་པ་ལ་ཕྲིན་ཚུར་སྐྱེལ་བར་བྱེད་ན་ཉེས་པ་སྦོམ་པོ་གཅིག་དང་། ཉེས་བྱས་གཉིས་སུ་འགྱུར་རོ།། དགེ་སློང་མས་བདག་པོ་མ་ཡིན་པ་ལས་སྤྲིང་བ་མནོས་ཏེ་བདག་པོ་མ་ཡིན་པ་ལ་ཕྲིན ་པར་སྐྱེལ་བར་བྱེད་ཅིང་། བདག་པོ་ལ་ཕྲིན་ཚུར་སྐྱེལ་བར་བྱེད་ན་ཉེས་པ་སྒོམ་པོ་གཅིག་དང་། ཉེས་བྱས་གཉིས་སུ་འགྱུར་རོ།། དགེ་སློང་མས་པ་དག་པོ་མི་ཡིན་པ་ལས་སྤྲིང་བམ་ནོས་ཏེ་བདག་པལ་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། བདག་པོ་མ་ཡིན་པ་ལ་ཕྲིན་ཚུར་ཡང ་སྐྱེལ་བར་བྱེད་ན་ཉེས་བསྐྱོས་པོ་གཉི་དང་། ཉེས་བྱས་གཅིག་ཏུ་འགྱུར་རོ།། དྲུགསུཔ་གྱིས་སྤྲིང་བའི་ཕྲིན་ཚུར་སྦྲེལ་བར་འགྱུར་བ་པར་སྐྱེལ་བར་ནིམི་འགྱུར་ཏོ།། གསུམ་གང་ཞེ་ན། ཡུལ་ཕྱོགས་དང་། བརྡབ་དང་། མཚོ་ནོམས་སོ།། ཇི་ལྟར་ཡུབ་ཕྱོགས་ཀྱིས་ཤེན། ་གང་གི་ཚེ་བོ་མོ་བསྐྱེད་མོས་ཚལ་ལམ། འདུ་ན་ས་འམ། ལྷའི་གནས་ག་གེ་མོ་ཞིག་ན་འདུག་པ་ཁྱེད་ཀྱིས་མཐོང་བ་དེའི་ཚེ་བྱ་བ་དེ་བྱས་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་ཡུལ་ཕྱོགས་ཀྱིས་སོ།། ཇི་ལྟར་བརྡས་ཤེ་ན། གང་གི་ཚེ་ཁོ་མོ་སྔ་དྲོ་འམ། ་གང་ཅིགས་སམ། ཕྱེམ་བྲོང་ན་ཁྱོད་ཀྱིས་མཐོང་བ་དེའི་ཚེ་བྱ་བ་དེ་བྱས་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་ཅེས་བྱ་སྟེ། དེ་ལྟར་བརྔས་སོ།། ཇེ་ལྟང་མཚན་མས་ཤེ་ན། གང་གི་ཚེ་བོ་མོ་སྐྲ་དྲེགས་ནས་རིང་པོ་མ་ལོན་པའམ། སྣས་སྦྱར་དམ་སེར་གྱོན་པའམ ་ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཅན་ནམ། ཁར་བ་ལྕགས་སྦུབས་ཅན་ནམ། ཞུན་མར་གྱི་ལྷུང་བཟེད་དམ། འབྲུ་མར་གྱི་ལྷུང་བཟེད་དམ། སྦྲང་རྩིའི་ལྷུང་བཟེད་དམ། བུ་རམ་གྱི་དབུ་བའི་ལྷུང་བཟེད་ཐོགས་པ་ཁྱོད་ཀྱིས་མཐོང་བ་དེའི་ཚེ་བྱ་བ་དེ ་བྱས་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་མཚན་མས་སོ།། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བདུན་པ། རྒྱུ་གསུམ་གྱི་ནི་སྤྲིང་བའི་ཕྲིན་པར་སྐྱེལ་བར་ཡང་འགྱུར་ལ། ཕྲིན་ཚུར་སྐྱེལ་བར་ཡང་འགྱུར་ཏོ།། ་གསུམ་གང་ཞེ་ན། ཚིག་དང་། སྤྲིང་ཡིག་དང་། ལག་ཡིག་གིས་སོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ་ཚིག་གིས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིད་པ ་མནོས་ཏེ་ཚིག་གིས་བྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིང་པ་མནོས་ཏེ་སྤྲིང་ཡིག་གིས་ཕྲིན་པར་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལག ་མར་འགྱུར་རོ། ། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ་སྤྲིད་ཡིག་གིས་ཕྲིན་པར་སྐྱེལ་བར་ཡང་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་སྐྱེལ་བར་ཡང་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ་སྤྲིང་ཡིག་གིས་ཕྲིན་པར་སྐྱེལ་བར་བྱེད ་ཅིང་ཡུལ་ཕྱོགས་དང་། བརྡའ་དང་མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ་ཚིག་གིས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། ་དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ་ཚིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུད་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་བྲིན་པར་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན ་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། ། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ་ལག་ཡིག་གིས་ཕྲིན་ཕར་སྐྱེལ་བར་ཡང་བྱེད་ཅིང་། ལག་ཡིག་གིས་འཕྲིན་ཚུར་སྐྱེལ་བར་ཡང་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ་ལག ་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡའ་དང་། མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤྲིད་པ་མནོས་ཏེ་སྤྲིང་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་ཡང་སྐྱེལ་བར ་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། ། དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ་སྤྲིང་ཡིག་གིས་ཟིན་ཕར་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ་ཚིག་གིས་ཕྲིན་པར་སྐྱེལ་བར ་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་སྦྲེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྦྲིད་པ་མནོས་ཏེ་ཚིག་གིས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གི ་སྤྲི་པ་མནོས་ཏེ་སྤྲིང་ཡིག་གིས་ཕྲིན་པར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡའ་དང་། མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ་སྤྲིང་ཡིག་གིས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚ། ་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིད་ཡིག་གིས་སྦྲིད་པ་མནོས་ཏེ་སྤྲིད་ཡིག་གིས་ཕྲིན་པར་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཆུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིད་ཡིག་གིས་སྤྲིང་བ་མནོས་ཏེ་ལག། ཡིག་གིས ་ཕྲིན་པར་བྱེལ་བར་བྱེད་ཅིང་། སྤྲིད་ཡིག་ཟིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། གེ་སློང་ནས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ་ལག་ཡིག་གིས་ཕྲིན་པར་ཡང་སྐྱེལ་པར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མང་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤྲིང ་པ་མནོས་ཏེ་སྤྲིང་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡའ་དང་། མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ་ལག་ཡིག་གིས་དྲིན ་བར་ཡང་སྤེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་དྲུང་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མང་འགྱུར་ངོ་རོ།། དགེ་སློང་མས་ལན་གིགི་སྤྲིང་པ་མནོས་ཏེ་ལག་ཡིག་གིས་ཕྲིན་པར་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག ་མར་འགྱུར་རོ། ། དགེ་སློང་མས་ལག་ཡིག་གིས་སྤྲིང་པ་མནོས་ཏེ་ཚིག་གིས་ཕྲིན་པར་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལ་ག་ཡིག་གིས་སྤྲིང་བ་མནོས་ཏེ་ཚིག་གིས་ཕྲིན་པར་སྐྱེལ་བར་བྱེད ་ཅིང་། ཚིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ་ལག་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡའ་དང་། མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར ་འགྱུར་རོ། ། དགེ་སློང་མས་ལག་ཡིག་གི་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་པར་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིད་པ་མནོས་ཏེ་ལག་ཡིག་གིས་ཕྲིན་པར་སྐྱེལ་བར ་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུ་གུལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གི་སྤྲིང་པ་མནོས་ཏེ་སྤྲིང་ཡིག་གིས་ཕྲིན་པར་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་ཀྱི ་པ་མནོས་ཏེ་སྤྲིང་ཡིག་གིས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ་ལག་ཡིག་ཟིན་པར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡའ་དང་མཚན་མས་ཕྲིན ་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། ། དགེ་སློང་མས་ཆུང་མ་དང་པོ་གསུམ་པ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་འཐབས་པའི་མོད་ཉིད་ཡིན་ལ། འཐབས་པའི་འོག་མ་ཡིན་པ་དང་། རྩཝ་མ་བཅད་པ་དང་། རྡེའུ་གསུམ་གྱིས ་བ་དང་། ཅན་བྱི་ནམམ་གྱུང་བ་དང་། ཆུངས་མ་ཡིན་པ་མ་ཇུས་པ་དང་། མས་གས་པ་དགནས་བྱས་རྒྱས་པ། ཐུན་པར་འགྱུང་ཏེས་བྱས་ཅིགསའགྱུ་རོ།། དག་སོང་མ་ས་ཆུང་མདང་པོགསུམ་པ་རྒྱནགས་ཀྱིས་བྱིནཔ། ་དང། རིན་ཆས་ཉོས་པ་དང་། བ་ཅན་པོགས་སུ་ཐོབ་པ་འཐབས་པའི་འོག་ཡིན་ལ།། འཐབས་པའི་མོད་ལ་ཤི་པ་དང་། རྣམ་བཅད་པ་དང་། དེའུ་གསུམ་གྱིས་མ་གཏོང་བ་དང་། བྱེ་བ་རྒྱ་བྱིན་ནས་མ་བཏང་བ་དང་། ཆུང་མ་མ་ཡིན་པར་དབང་མ་བཙུགས་པ་དང་། དྲིལ་མ ་བསྒྲིབས་པ་དག་གི་སྡུམས་བྱས་ལ། འཐུན་པར་གྱུར་ན་ཉེས་བྱས་གཉིས་སུ་འགྱུར་རོ།། དགེ་སློང་མས་ཆུང་མ་དང་པོ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བ་ཅན་ཕྲོགས་སུ་ཐོབ་པ་འཐབས་པའི་མོད་དང་། འཐབས་པའི་འོག་དང་། རྣམ་ཅད ་པ་ཡིན་ལ་རྡེའུ་གསུམ་གྱིས་མ་གཏོར་བ་དང་། བྱེ་བརྒྱ་བྱིན་ནས་མ་གཏང་བ་དང་། ཆུང་མ་ཡིན་པར་དབང་མ་བཅུགས་པ་དང་། དྲིལ་མ་བསྒྲགས་པ་དག་གིས་སྡུམས་བྱས་ལ། འཐུན་པར་གྱུར་ན་ཉེས་བྱས་སུ་འགྱུར་རོ།། དགེ་སློང་མས་ཆུང་མ་དང་པོ་གསུམ་པོ ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་ཞེས་བྱ་བ་ནས་རྡེའུ་གསུམ་གཏོར་བའི་བར་ཡིན་ལ། བྱེ་བརྒྱ་བྱིན་ནས་མ་བཏང་བ་དང་། ཆུང་མ་མ་ཡིན་པར་དབང་མ་བཙུགས་པ་དང་། དྲིལ་མ་བསྒྲགས་པ་དག་གི་སྡུམས་བྱས་ལ། འཐུན་པར་གྱུར ་ནཉེས་བྱས་གསུམ་དང་། ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ།། དགེ་སློང་མས་ཆུང་མ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་མས་ཉེས་པ་དང་། བཙན་གྲོགས་སུ་ཐོབ་པ་ཞེས་བྱ་བ་ནས་བྱེ་རྒྱ་བྱིན་ནས་བཏང་བ་ཞེས་བྱ་བའི་བར་ཡིན་ལ། ཆུང་མ་མ་ཡིན་པར་དབང་མ་བཅུགས་པ ་དང་། དྲིལ་མ་བསྔགས་པ་དག་གི་སུམས་བྱས་ལ། འཐུན་པར་ཐུར་ན་ཉེས་བྱས་གསུམ་དང་། ཉེས་པ་སྦོམ་པོ་གཉིས་སུ་འགྱུང་རོ།། དགེ་སོང་མས་ཆུང་མ་གསུམ་པོ་ཚུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉེས་པ་དང་། བཙན་ཐོགས་སུ་ཐོབ་པ་ཞེས་བྱ་བ་ནག། ཆུང་མ་མ་ཡིན་པར་དང ་བཙུགས་པའི་བར་ཡིན་ལ། དྲིལ་མ་བསྒྲགས་པ་དག་ནི་སྡུམས་བྱས་ལ། འཐུན་པར་གྱུར་ན་ཉེས་བྱས་གསུམ་དང་། ཉེས་པ་སྦོམ་པོ་གསུམ་དང་། དགེ་འདུན་ལྷག་མ་གཅིག་ཏུ་འགྱུར་རོ།། དགེ་སློང་མས་ཆུང་མ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། ་བརྩན་ཕྲོགས་སུ་ཐོབ་པ་ཞེས་བྱ་བ་ནས། དྲིལ་བ་སྒྲགས་པའི་བར་དུ་བདག་གི་སྡུམས་བྱས་ལ། འཐུན་པར་གྱུར་ན་ཉེས་བྱས་གསུམ་དང་། ཉེས་པ་སྦོམ་པོ་བཞི་དང་། དགེ་འདུན་ལྷག་མ་གཉིས་སུ་འགྱུར་རོ།། དགེ་སློང་མས་ཆུང་མ་དེ་ལས ་གཞན་པ་འཐབས་པའི་མོདོ་དང་། འཐབས་པའི་འོག་ཏུ་བསྡུམས་བྱས་ལ། ཐུན་པ་རྒྱུན་ཐམས་སུ་དུ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་ཁྱིམ་པའི་ཁྱིམ་དུ་སོང་ནས་འདི་སྐད་ཅེས་ཅིའི་ཕྱིར་ཁྱེའུ་འདི་ཁྱིམ་མི་དབུག་ཅེས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ་ཅིའི་ཕྱིར་བུ་མོ་ཆེན་མོ་འདི་བག་མར་མི་བཏང་ཞེས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ཅིའི་ཕྱིར་ཁྱེའུ་འདི་གྱོས་པོའི་ཐད་དུ་མི་གཏོང་ཞེས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ཅིའི་ཕྱིར་བུ་མོ་འདི་ཁྱིམ་བདག་གི་ཐད་དུ་མི་བཀྲི་ཞེས་ཟེར་ན་ཉེས་པ་སྦོམ ་པོར་འགྱུར་རོ། ། དགེ་སློང་མ་ཁྱིམ་བདག་གི་ཁྱིམ་དུ་སོང་ནས་ཐ་ན་འདི་སྐད་ཅེས་ཅིའི་ཕྱིར་ཁྱིམ་བདག་ཁྱོད་ཀྱི་ཞལ་ཏ་བྱེད་པ་དག་གཞག་པར་མི་བྱ་ཞེས་ཟེར་ན་ཉེས་བྱས་སུ་འགྱུར་རོ།། དེ་བཞིན་དུ་ཁྱིམ་བདག་མོ་ལ་ཡང་ཉེས་སུ་འགྱུར་རོ།། ལས ་དང་པོ་ལས་སོགས་པ་ལ་ནི་ལྟུང་བ་མེད་དོ། ། དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་གྱི་ལྷག་མ་དང་པོ་རྫོགས་སོ།། ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱས། ལན་དག་ན་པན་བཞུགས་སོ།། དེའི་ཚེ་སྡིག ་བྱུང་ན་གྱད་ཀྱི་སྣ་ཆེན་པོ་རྒྱལ་བ་དེ་ཞེས་བྱ་བ་ཕྱུག་པ། ནོར་མར་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ། གསེར་དང་ནོར་མང་པོ་འབྱོར་པ་ཞིག་གནས་སོ།། ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ།། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ཀྱང་དེ་དག་ལ་བུ་ཡང་མེད་བུ་མོ་ཡང་མེད་དོ།། བུ་མེད་པས ་བུ་ལ་མངོན་པར་དགའ་སྟེ། དེ་བུའི་དོན་དུ་ལྷ་བརྒྱ་སྟོང་དུ་མ་ལ་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། གཤིན་རྗེ་དང་། ཉི་མ་དང་། ལུས་ངན་པོ་དང་། ཀུན་འགེད་གཞོན་ནུ་དང་། སྐྱེ་དགུའི་བདག་པོ་དང་། ཁྱབ་འཇུག ་དང་། དབང་བདག་དང་། ས་ག་དང་། ལས་ཐམས་ཅད་པ་དང་། ཐ་སྐར་དང་། རླུང་མར་གྱི་ལྷ་དང་། སའི་ལྷ་དང་། ཆུ་ལྷ་དང་། མེ་ལྷ་དང་། རླུང་ལྷ་དང་། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་དང་། ནོར་བུ་བཟང་པོ ་དང་། གང་བ་བཟང་པོ་དང་། ལྔས་རྩེན་དང་། ལྔ་ལེན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་། འཕྲོག་མའི་བུ་ལྔ་བརྒྱའི་འཁོར་ཅན་དང་། ཀུན་དགའི་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། གཏོར་མ ་ལེན་པའི་ལྷ་དང་། ལྷན་ཅིག་སྐྱེས་པའི་ལྷ་དང་། ཆོས་འཐུན་པ་དང་། རྟག་ཏུ་རྗེས་སུ་འབྲང་བའི་ལྷ་དེ་དག་དང་། གཞན་ཡང་ལྷ་བརྒྱ་སྟོང་དག་ལ་གསོལ་བ་འདེབས་པར་བྱེད་དོ།། འཇིག་རྟེན་ན་ཡང་ལྷ་ལ་གསོལ་བ་བཏབ་པའི་རྒྱུ་ལས་བུ་དང་བུ་མོ ་དག་སྐྱེའོ་ཞེས་བྱ་བ་འཇིག་རྟེན་པའི་གཏམ་དེ་ལྟ་བུ་ཡོད་མོད་ཀྱི་དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་ཡོད་པར་འགྱུར་རོ།། འོན་ཀྱང་གནས་དྲུག་པོ་མངོན་དུ་གྱུར་པ་ལས ་བུ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ། དྲུག་པོ་གང་དག་ཅེ་ན། ཕ་མ་གཉིས་ཀྱིས་བུ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་ཡ་ནི། བུས་ཀྱང་ཕ་མ་རྙེད་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་ཡིན། མ་ཡང་རུང་བར་གྱུར་ཅིང་ཟླ ་མཚན་དང་ལྡན་པོ་ཡིན། ཕ་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་ཡིན། དྲི་ཟ་ཡང་ཉེ་བར་གནས་པ་ཡིན། དྲིས་ཟས་ཀྱང་སེམས་གཉིས་པོ་རྗེས་སུ་ཆགས་པ་དང་ལྡན་པ་འམ། ཁོང་ཁྲོ་བ་དང་ལྡན་པ་གང་ཡང་རུང་བའི་སེམས་ཡོངས་སུ་ཐོབ་པ་སྟེ། ་གནས་དྲུག་པོ་འདི་དག་མངོན་དུ་གྱུར་པ་ལས་བུ་དང་བུ་མོ་དག་སྐྱེ་བ་ཡིན་ནོ།། དེ་དེ་ལྟར་ལྷ་བརྒྱ་སྟོང་ལ་གསོལ་བ་འདེ་བས་པ་ལྷུར་ལེན་ཅིར་འདུག་པ་ན་སེམས་ཅན་བསོད་ནམས་ཀྱི་རྣམ་པར་སྨིན་པས་དབང་ཆེ་བར་གྲགས་པ། སྔོན་གྱི་སངས་རྒྱས ་ལ་དགེ་བའི་རྩ་བ་བསྐྱེད་པ། སྲིད་པ་ཐ་མ་པ་སྤྱོད་པ་ཚོལ་བ། འཆིང་བ་ཉམ་སྨད་པ། ཐར་པའི་ཚོགས་བཟུང་བ། མྱ་ངན་ལས་འདས་པ་ལ་ཕྱོགས་པ། འཁོར་པ་ལས་ཕྱིར་ཕྱོགས་པ་སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང་། སྐྱེ་བ་དོན ་དུ་མི་གཉེར་བར་ལུས་ཐ་མ་འཛིན་པ་ཞིག་ལྷའི་འཇིག་རྟེན་ནས་གི་འཕོས་ནས་ཆུང་མ་དེའི་མངལ་དུ་ཞུགས་སོ། ། འདི་ན་བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ཤེས་པར་བྱ་བའི་གནས་ལྔ་རབ་ཏུ་ཤེས་ཏེ། སྐྱེས་པ་ཆགས ་པར་གྱུར་པ་ཤེས་ཤིང་། སྐྱེས་པ་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་དུ་ཞུགས་པ་ཤེས་པ་དང་། གང་ལས་མངལ་དུ་ཞུགས་བ་ད་ཡང་ཤེས་པ་དང་། ཁྱེའུར་ཤེས་ཤིང་བུ་མོར་ཤེས་པ་སྟེ། ་གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་རྟེན་ཅིང་འདུག་པའོ།། དེས་ཀྱང་བདག་ལ་སེམས་ཅན་ཞུགས་པ་དེ་དཀུ་གཡས་པར་རྟེན་ཅིང་འདུག་པས་ན་ཁྱེའུར་འགྱུར་རོ།། སྙམ་དུ་རིག་ནས་དགའ ་ཞིང་མགུ་ལ་ཡིད་རབ་ཏུ་དགའ་བས་ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་ཁྱོད་ལ་བཀའ་མཆིད་སྙན་པ་ཞིག་གསོལ་ལོ།། དེས་སྨྲས་པ། བཟང་མོ་ལྷ་དང་མིའི་གཏམ་སྙན་པ་ཐོབ་པར་གྱུར་ཅིག། གཏམ་སྙན་པ་ཇི་ལྟ་བུ་ཞིག། རྗེའི་སྲས་བདག་ལ་སེམས་ཅན།། ་ཞུགས་པར་གྱུར་པ་ཇི་ལྟར་བདག་གི་དཀུ་གཡས་པ་མི་བདེ་བ་ལས་གོར་མཀུམ་པར་བདག་གིས་བུ་སྐྱེད་དོ།། དེ་ནས་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་རྒྱལ་བསྔོས་དེ་ཐོས་མ་ཐག་ཏུ་དགའ་ཞིང་མགུལ་ཡིད་རབ་ཏུ་དགའ་སྟེ། བཞིན་པ་དམ་རྒྱས ་པ་ལྟ་བུས་དགའ་བའི་ཚིག་འདི་སྐད་ཅེས་སྨྲས་སོ། ། བཟང་མོ་ཁྱོད་ཀྱི་བུ་དེ་བཞིན་དུ་སྐྱེ་བར་ཤོག་ཤིག། ཁོ་བོས་ཀྱང་བུ་སྡུག་པའི་ངོ་མཐོང་བ་དང་། ཁོ་བོས་ཡུན་རིང་མོ་ཞིག་ནས་བསམས་པའི་བུ་ཡིད་ལ་བསམས་པ་བཞིན་དུ་འགྲུབ་པ་དང་། ་ཁ་བོ་དང་འཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་བ་དང་། བ་བོའི་བྱ་བ་དག་བྱེད་པ་དང་། གསས་པས་ཕྱིར་གསོ་བ་དང་། ཁོ་བའི་ནོར་རྫས་ལ་སྤྱོད་པ་དང་། བ་བོའི་རིགས་རྒྱུང་ཀྱང་ཡུན་རིང་དུ་གནས་པར་འགྱུར་བ་དང་། དེ་པང་ཕྱུག་པ་དང་། ང ་ཐང་བ་དང་ཡོངས་སྤྱོད་ན་པ་དང་། ཡོངས་སུ་བཟུང་བ་ཡངས་ཤིང་བྱ་ཆེ་བར་གྱུར་ནས་བདག་གི་དབང་ཕྱུག་ཀྱང་ཉམས་པར་མི་འགྱུར་བ་དང་། བདག་ཅག་གི་ཞིང་དུས་ལས་འདས་པ་ན་བདག་ཅག་གི་ཕྱིར་སྦྱིན་པ་དག་སྦྱིན་འདི་བསོད་ནམས ་དག་བྱས་ནས་འདི་དགཉིས་གང་དུ་སྐྱེས་པ་དེར་རྫས་སུ་འགྲོ་བར་གྱུར་ཅགཅས་ཡོན་སྔོ་བར་བྱེད་པར་གག་ཤིག། དེ་ལ་སེམས་ཅན་ཞུགས་པ་རི་གནས་དེ་ཚུན་མར་ཆུང་མ་ལ་དགའ་བར་འགྱུར། བཀུར་སྙིམ་པར་འགྱུར་བྱམས་པར་གྱུར ་ནས་སྟེང་གི་ཁང་བཟངས་ཀྱི་ཐོག་ཏུ་གནོད་པ་མེད་པར་འདུག་ཅུ་བཅུག་ཏེ། གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བསྟན་པའི་ཁ་ཟས་དང་། བདྲར་བའི་བྱེ་བྲག་ཧ་ཅང་ཡང་མི་བསིལ་བ། ཧ་ཅར་ཡང་མེ་དྲོག ་ཧ་ཅང་མི་ཁ་བ། ཧ་ཅང་མེ་ཚབ། ཧ་ཅར་ལན་ཚྭ་མི་ཆེ་བ། ཧ་ཅང་མཀྵར་བ། ཧ་ཅང་མི་མང་ར་ག། ཧ་ཅང་མི་ཟན་པ། ཧ་ཅང་མི་སྣུ་པ་པ། ཧ་ཅང་མི་རྩུབ་པ།། བ་བ་དང་། ཚུ་བ་དང་། ལན་ཚྭ་དང་། སྐུར་བ་དང་། མང་རབ་དང་། བསྐ་པ་དང་། སྣུམ་པ་དང་། རྩུབ་པ་རྣམ་པར ་སྤངས་པའི་ཁ་ཟས་དང་། བཏུད་པ་དག་གིས་དེ་ལ་རིམ་གྲོ་བྱེད་དུ་འཇུག་གོ།། དེ་ནས་མངལ་ན་གནས་པ་ཡོངས་སུ་སྦྱང་བའི་ཕྱིར་འདི་ལྟར་ཆུང་མ་དེགོས་མཚོན་སྣ་ཚོགས་སུ་སྤེལ་བ་ནི་བསྐོན། ལག་པ་ནི་གསར་གྱི་གདུ་གུ་དང་། ནོར་བུ་དང་། མུ་ཏོག་གིས་གཏམས ་དོ་ཤལ་དང་། སེ་མོང་རྣམ་པར་འཕྱང་བ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་གདུབ་དཀོར་ནི་ཐོགས། མིག་ནི་མིག་སྨན་གྱིས་བྲིས། བཞིན་ནི་དམར་རྩིའི་ཐིག་ལེས་མཛེས་པར་བྱས། སོ་ནི་མེ་ཏོག་ཀུ་མུ་ཏ་དང་། དངུལ་དང་། ཁ་བ་དང་མུ་ཏིག་གི་དོ་ཤལ་དང ་མེ་ཏོག་ཀུན་མདའ་དང་། ཟླ་བ་དང་། དང་པ་དང་། བའི་འོམ་དང་། དྲང་དང་། པད་མའི་རྩ་བ་ལྟར་དྲི་མ་མེད། རྐེད་པ་ནི་གསེར་ཀྱི་འོག་ལག། གིས་བཅིབས། ཀར་པ་ནི་རྐང་རྒྱན་གྱིས་མངས་པར་བྱས་ནས་གས་འི་མཚད་སྟོང་མ་ཏོག་གིས་ཀླུབས་པས་ཅ ་དེ་འདི་ལྟར་མ་རལ་དུ་ཞུགས་པའི་སེམས་ཅན་གྱིས་བསོད་ནམས་བྱས་པ་དང་། དགེ་བ་བྱས་པའི་རྒྱུས་སྟེང་གི་ཁང་བཟངས་ཀྱི་ཐོག་ན་འཐུན་ཞིང་རྗེས་སུ་འཐུན་པའི་འཁོར་གླིང་བུ་དང་། པི་བང་དང་། རྫ་རྔ་དང་། རྔ་བོ་ཆེ་དང་། རོལ་མོའི་སྒྲ་བརྙན་པ ་འབྱིན་པ་རྣམས་ཀྱིས་ལྷའི་བུ་མོ་དགའ་བའི་ཚལ་ན་རྒྱུ་བ་བཞིན་དུ་ཁང་བཟངས་ན་རྩ་བར་བྱེད། དགའ་བར་བྱེད་ཅིང་། དེ་ཁྲི་བ་ཆེ་ལེགས་པར་བརྩུགས་པའི་སྟེང་ན་ཁྲི་ནས་ཁྲིང་དང་། བྲིའུ་ནས་ཁྲིའུར་རྒྱུ་ཞིང་ཤོད་ཀྱིས་བཞིར་མི་འབབ་ལ་དེ་ལ། ་འགའ་ཡང་སྒྲ་ཡིད་དུ་མི་འོང་བ་བྱིན་པར་མི་བྱེད་དོ།། ཁྱིམ་དེ་ཡང་ནོར་དང་། འབྲུ་དང་། དབྱིབ་དང་། གསེར་དང་། མཛོད་དང་། བད་བ་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཆས་མཚོ་བ་དང་། རྐང་གཉིས་པ་དང་། རྐང་བཞི་པ་ལ་སོགས ་པ་དག་གིས་རྒྱས་ཤིང་འཕེལ་བར་གྱུར་ཏེ། ཇི་ལྟར་རྒྱ་མཚོ་ཆེན་པོ་ཆུ་ཀླུང་ལྔ་བརྒྱ་དག་གིས་ཉིན་ཅིག་བཞིན་འགེངས་པར་བྱེད་པ་དེ་བཞིན་དུ་ཁྱིམ་དེ་ཡང་རྒྱས་པར་གྱུར་ཏོ།། རེ་ཤིག་ན་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པའི་བློན་པོ་ལྔ་བརྒྱ་རྣམས ་ཀྱི་ཆུང་མ་ལ་ཡང་སེམས་ཅན་ཞུགས་པར་གྱུར་ཏོ། ། དེ་ནས་དེ་ཟླ་བ་བརྒྱད་དམ་དགྲ་འདས་ཏེ་བཅས་པས་ལས་ཁྱེའུ་གཟུགས་བཟང་ག་སྟན་སྡུག་པ། མཛེས་པ། པད་མའི་རྣ་བའི་མདོག་ལྟར་དཀར་བ། མགོ་གདུགས་ལྟ་བུ། ལག་པ ་རིང་བ། འཕྲལ་བའི་དབྱེས་ཕྱེ་བ། སྨིན་ཚུགས་ཀྱི་རྒྱུན་མ་ཆད་པ། སྣའི་གཟིངས་མཐོ་བ། ཐོད་ཀ་སེང་གེའི་འདྲ་བ། རོས་སྟོད་སེང་གེའི་ལྟ་བུ། དཔུང་པི་རང་བཞིག་བརྩས་སོ།། ཉི་མ་དེ་ཉིད་ལ་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པའི་བློན་པོ་ཆེན་པོ་ལ ་བརྒྱའི་བུ་རྣམས་ཀྱང་བཙས་སོ། ། རྒོད་མ་ལྔ་བརྒྱ་ལ་ཡང་ཏེའུ་འབྲངས་སོ།། དེ་བཞིན་དུ་རྫས་ཤེས་བྱ་བའི་བར་དུ་ཡང་རྒྱས་པར་བརྗོད་པར་བྱའོ།། དེའི་ཉེ་དུ་རྣམས་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་ཞེས ་བྱ་བ་ནས། གྲོང་ཁྱེར་དུ་བཙས་སྟོན་བྱས་ཏེ་ཞེས་བྱ་བའི་བར་དང་། ཁྱེའུའི་མིང་ཅིང་གདགས་ཤེས་བྱ་བར་དུ་བརྗོད་པར་བྱའོ།། དེ་དག་ལས་ཁ་ཅིག་ནར་ནོར་རྣམས་དང་ལྷན་ཅིག་ཏུ་སྐྱེས་ལ། གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པའི་བུ་ཡང ་ཡིན་པས་དེའི་ཕྱིར་མིང་ཀྱང་བུ་ནོར་དྲུག་དགས་པོ་ཞེས་པར་རོ། ། གཞན་དག་ན་འདིའི་ནོར་དང་འདྲ་བར་སྐྱེས་ལ། འདིའི་པའི་ཡང་བྱང་ཀྱིས་ཆེན་པོ་ལ་གཏོགས་པ་ཡིན་པས་ཁྱེའུ་མིང་ཡང་ཀྱང་དུནོ་ཞེས་མིང ་གནས་པ། ནས་པར་ན། མང་ཡང་ཀྱང་དུན་དྲུ་གཏགས་ཏགས་བྱ་བ་ནས། མམ་བརྒྱད་ལགཏད་དོ་ནས་བྱ་འི་བར་དང་། འོམ་དང་ན་དང་། མར་སར་དང་། ཞེས་བྱ་བ་ནས། སྐྱེད་པར་བྱེད་དེ་ཞེས་བྱ་བའི་བར་དྲོའོ།། མ་ན་ཏུ། ་མབུ་མོ་ཞིག་གིས་དེ་བྲག་པ་ལ་བླངས་ཏེ་སྲང་དུ་ཞུགས་པ་དང་། དེ་ལ་བྲམ་ཟེ་མཚན་མཁན་ཞིག་གིས་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། རྐང་གཉིས་པ་བསོད་ནམས་ཀྱི་ཞིང་ཡིན་ནོ་བྱ་བ་ནས་པལ་བླངས་ཏེ་ཞེས་བྱ་བའི་བར་དང་། ཏེ་ལ་མར་དྲིན་མ་ཐོང་།། ་དྲུགས་ནས་ཞེས་བྱ་བ་ནས་མཆོད་པ་བྱས་ནས་ཕྱིར་ཁྱིམ་དུ་བསྐྱལ་ཏོ།། ཞེས་བྱ་བའི་བར་རུའོ།། གང་གི་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་རྩིས་སློབ་ཏུ་བཅུག་གོ་ཞེས་བྱ་བ་ནས། རྩིས་དང་། གཞན་དག་ལ་དེ་ཐོན་པ་དང་། བྱང་བར་གྱུར་ཏོ།། རྒྱལ་རིགས ་རྣམས་ཀྱི་བཟོ་གནས་དང་། ལས་ཀྱི་གནས་གང་ཡིན་པ་འདི་ལྟ་སྟེ་གླང་པོ་ཆེའི་གཉའ་བར་ཞོན་པ་དང་། ཏལ་ཞོན་པ་དང་། ཤིང་རྟའི་ཐབས་དང་། རལ་གྲིའི་ཐབ་པ་དང་། འབོད་ཐབས་དང་ཕྱིར་བསྐུར་བ་དང་། མདུན་དུ་བསྣུར་བ་དང་། ལུགས ་ཀྱོས་བསྒྱུར་བའི་ཐབས་དང་། ཞགས་པ་གདབ་པ་དང་། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང་། འཁོར་ལོ་འཕང་བའི་ཐབས་དང་། མདའ་བོ་ཆེ་འཕང་པའི་ཐབས་དང་། འཛིན་བསྟངས་དང་། གོམ་བསྟངས་དང་། ཐོར་ཚུགས་ཅིང་བ་དང་། བཅད་པ་དང་། ་གཏུབ་པ་དང་། བུ་པ་དང་བ་ག་གཤེག་པ་དང་། རྒྱང་ནས་བོག་པ་དང་། སྒྲ་གྲགས་པར་ཐོག་པ་དང་། གནད་དུ་སྦུན་པ་དང་། མི་འཚོར་བར་བོག་པ་དང་། ཚབས་ཆེན་པོར་ཕོག་པར་བྱ་བ་ལ་ཕ་རོལ་ཏུ་བྱིན་པར་གྱུར་ཏོ།། གནས་བཞི ་རྣམས་དང་། འབེན་པ་ལྔ་རྣམས་དང་། རིག་པའི་གནས་བཅོ་བརྒྱད་པོ་རྣམས་ལ་མཆོག་ཏུ་བློན་པར་བྱེད་པར་གྱུར་ཏོ།། པས་ཀྱང་དེའི་བསྐྱེད་མོས་ཚལ་གསུམ་པོ་དགུན་གྱི་དང་། དཔྱིད་ཀྱི་དང་། དབྱར་གྱི་རྣམས་བྱེད་དུ་བཅུག་སྟེ། དགུན་གྱི ་ནིཅིག་ཏུ་འདྲོ་བའོ། ། པྱིད་ཀྱིན་གཅིག་ཏུ་བསིལ་བའོ།། དབྱར་ཀྱི་ནི་ཧཅང་མི་དྱོ་ཅང་མི་ཟད་པའོ།། ཆུང་མའི་ཁོར་གསུམ་པོ་ཆེན་མ་དང་། བར་མ་དང་། ཆུང་མ་ཡོད་བཞག་གོ།། དེ་ཡང་སྟེང་གི་ཁང་བཟངས་ཀྱི་ཐོག་ན་ནེའུ་ལངས་རྣམས ་དང་ལྷན་ཅིག་ཏུ་གླིང་བུ་དང་། པི་བར་དང་། རྫ་རྔ་དང་། ཁརྡ་དང་། ལྕགས་ཀྱི་སིལ་ཁྲོལ་དང་། རོལ་མོའི་སྒྲ་སྙན་པ་འབྱིན་པ་རྣམས་ཀྱིས་ལོངས་སྤྱོད་བྱེད་དེ། དཔེར་ན་སེམས་ཅན་བསོད་ནམས་བྱས་ཤིང་དགེ་བ་བྱས་པ་དག་རང་གི་བསོད་ནམས་ཀྱི་འབྲས་བུ་ཉམས ་སུ་མྱོང་བར་བྱེད་པ་བཞིན་ནོ། ། དེ་ནས་དུས་གཞན་ཞིག་ན་དེའི་གྲོགས་པོ་རྣམས་རི་དགས་ཤོར་དུ་སོང་ངོ་ཞེས་བྱ་བ་ནས་དྲིས་པ། གྲོགས་པོ་དག་ག་ལས་འོངས། དེ་དག་གིས་སྨྲས་པ། རི་དགས་ཤོར་དུ་སོང་སོང་ངོ་།། རི་དགས་ཤོར་བ ་ཞེས་བྱ་བ་ཇི་ལྟ་བུ་ཞིག། དེ་དག་གིས་སྨྲས་པ། དགོན་པར་སོང་ནས་རི་དགས་དག་བསད་དེ་ཤ་ཁྱེར་ཏེ་འོངས་ནས་ཤེས་དགོས་པའི་བྱ་བ་བྱེད་པའོ།། དེས་དེ་རྣམས་ལ་སྨྲས་པ། དགོན་པ་ན་གནས་ཤིང་རྩཝ་ཟ་ཤིང་ཆུ་འཐུང་བ་དེ་དག་གིས་ཁྱེད་ཅག་ལ ་གནོད་པ་ཅི་ཞིག་བྱས་ན་བསོད་པར་བྱེད། དེ་དག་གིས་སྨྲས་པ། འདི་ལྟར་ཁོ་བོ་ཅག་ལ་གནོད་པ་ཅུང་ཟད་ཀྱང་མ་བྱས་མོད་ཀྱི། འོན་ཀྱང་དགའ་བའི་སླད་དུ་འགུམས་པར་བགྱིད་དོ།། དེ་བས་ན་སྤྲོ་བར་མཛོད་ཅིག་དང་། ལྷན་ཅིག་ཏུ་བཞུད་པར ་བགྱིའོ། ། དེས་སྨྲས་པ། འདི་ལྟར་རེ་ཤིག་བདག་ཁྱེད་ཅག་འགྲོ་བར་འདོད་པ་ཡང་མེད་ན། བདག་ཅག་འགྲོ་བར་ལྷ་མོས་ཀྱང་ཅི་དགོས་ཏེ་སྤྱོད་པ་ནི་བཟང་པོ་མ་ཡིན་ནོ།། དེ་དག་འདི་སྙམ་དུ་གལ་ཏེ་བདག་ཅག་གིས་མ་ཁྲིད་ན་བདག་ཅག་ཀྱང ་འགྲོར་མི་སྟེར་བའི་གནས་བསྐབས་དེ་ལྟ་བུ་ཡོད་པར་འོང་ངོ་། ། སྙམ་དུ་བསམས་ནས་ཞེས་བྱ་བའི་བར་དུའོ།། དེ་དག་གྱད་བུ་ནོར་གྱི་ཕ་མ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ།། ཡབ་ཡུམ་དག་གང་གི་ཕྱིར་གཞོན་ནུ་གཏུམ་པ ་རྩལ་ཆེ་བ། དེ་ལྟ་བུའི་ཉིང་འོག་གི་རྒྱལ་པོ་རྣམས་ཀྱིས་ཐོས་ན་བག་འཁུམ་པར་འགྱུར་ཞིང་ཞེས་བྱ་བ་ནས། སླས་ཀྱི་བཙུན་མོ་ཡང་འཕེལ་བར་འགྱུར་རོ་ཞེས་བྱ་བའི་བར་དུའོ།། ཇི་ཙམ་ན་དེ་ལ་པ་དང་མས་སོང་ལ་གྲོགས་ཀྱིས་བསྒོ་བ ་བཞིན་དུ་བགྱིས་ཤིག་ཅེས་སྨྲས་པ་དང་ཞེས་བྱ་བ་ནས་ལེགས་སོ་ཞེས་བྱ་བའི་དུའོ། ། དེ་ཕ་མ་ལ་གུས་པ་ཡིན་པས་དེས་འདི་སྙམ་དུ་འདི་ལྟར་བདག་གིས་དེ་དག་གི་ཚིག་བཟློག་པར་མི་ནུས་ཏེ། འདི་ལྟར་ཕ་མས་བསྒོ་བ་བཞིན་དུ་བྱ་དགོས ་ས་སམས་ཚ་པཞིན་དུ་གྲོབ་བྱར་དུས་ས་ནས་དེས་འས་རྣམ་སོ། ། དེས་བམས་ཀྱང་བྱེ་གྲབ་བསམ་བཏོགས་ནས་པདག་ཉྀད་ཀྱི་ག་གས་པལ་ཡ་དང་། རྣམས་ཅད ་རི་དགས་ཤོར་དུ་འགྲོ་ཡིས་ཁྱེད་ཅག་ཀྱང་སོང་ཤིག་ཅེས་བསྒོའོ། ། དེ་དག་ཀྱང་བསྒོ་བ་བཞིན་དུ་འོངས་ནས་ཉི་མ་གཉིས་པ་ལ་གྱད་བུ་ནོར་གྱད་ཀྱི་སྣ་ལ་གཏོགས་པའི་བུ་ཡང་ལྔ་བརྒྱས་བསྐོར་ཏེ་ཞོ་ཤས་མཚོ་བའི་མི་དང་། བྲན ་གཡོག་མང་པོས་ཡོངས་སུ་བསྐོར་ནས་རི་དགས་ཤོར་དུ་སོང་ངོ་། ། དེ་ནས་དེ་ལ་གྲོགས་པོ་རྣམས་ཀྱིས་སྨྲས་པ། གྲོགས་པོ་ཁྱོད་ཙའི་རི་དགས་སྐོར་དུ་འགྲོ་འམ། འོན་ཏེ་འཕན་ཀར་སྡོད་ཅེས་བྱས་པ་དང་། དེས་འདི་སྙམ་དུ་གལ་ཏེ་འདི་དག ་འཕན་ཀར་གཞག་སྟེ། བདག་གིས་རི་དགས་བཏབ་པར་གྱུར་ན་དེ་དག་འབོད་སྦྱིན་པས་རི་དགས་ཕལ་མོ་ཆེ་བསད་པར་འགྱུར་བས་བདག་གིས་འཕན་ཀར་བསྡད་ན་རུང་དེ་སྙམ་དུ་བསམས་ནས། དེས་དེ་དག་ལིངས་ལ་སོང་ཤིག་ཅེས ་བརྐོ་བ་དང་། དེ་དག་ཀྱང་ཡིད་རབ་ཏུ་དགའ་བར་གྱུར་ནས་གྲོགས་པོ་བདག་ཅག་ཀྱང་དེ་ཁོ་ན་ལྟར་དོང་ངོ་།། དེ་དག་གིས་འདི་སྙམ་དུ་འདི་ནི་གནས་བཞི་དང་། འཕང་བ་ལྔ་རྣམས་ལ་བྱང་བ་ཡིན་པས་ཕལ་མོ་ཆེ་ཞིག་བསད་པར་འགྱུར ་རོ་སྙམ་དུ་བསམས་སོ། ། དེ་ཡང་མངའ་སྟོང་གིས་བཀང་བའི་དོད་པ་ཐོགས་ནས་འཕན་ཀར་འདུག་གོ།། དེ་དག་གིས་ཀྱང་རི་དགས་ཕལ་མོ་ཆེ་ཀུན་ནས་བསྐོངས་པ་དང་། རི་དགས་དེ་དག་འཇིགས་སྐྲག་བཞིན་དུ་གཞོན་ནུའི་དྲུང་དུ ་ལྷགས་པ་དང་། གཞོན་ནུ་སྙིང་རྗེ་ཅན་གྱིས་རྟབས་པ་གྱུར་པ་དེ་མཐོང་ནས་ཡིད་མི་བདེ་བར་གྱུར་ནས་སྙིང་རྗེས་མངོན་པར་གདུངས་པར་གྱུར་ཏེ། དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། སེམས་ཅན་ཀུན་ལ་བྱིན་པ་དང་། སེམས་ཅན ་གཅིག་ལ་སྙིང་བརྩེ་གང་། ། སེམས་ཅན་ཀུན་ལ་བྱིན་པ་བས།། སྙིང་བརྩེ་གཅིག་ཏུ་ཁྱད་པར་འཕགས། དེ་དག་རླུང་ལྟར་འགྲོ་ཞིང་གཞན་གྱི་སྡུག་བསྔལ་བར་བྱས་པ་དེ་དག་བྱེད་པར་གྱུར་ཀྱང་མདའ་མ་འཕངས་སོ།། འདིས ་སེམས་ཅན་ཐམས་ཅད་ནི་ཤེས་པ་ཅིག་པོ་ཀུན་རྫོབ་ཤེས་པ་དང་ལྡན་པ་ཡིན་པས་དེ་དག་གིས་འདི་སྙམ་དུ་བདག་ཉིད་ཆེན་པོ་འདི་ནི་སྙིང་རྗེ་ཅན་ཡིན་ནོ་སྙམ་དུ་བསམས་ཏེ། དེ་དག་དེ་ལ་ལེགས་པར་ཐུགས་ཀྱང་འཇིགས་པ་མེད་པར ་བྱེར་རོ། ། དེ་ནས་ཀྱང་བུ་ནོར་འདི་སྙམ་དུ་གལ་ཏེ་བདག་གིས་མདའ་མ་འབངས་ན་བ་གྲོགས་པོ་འགའ་ཞིག་གིས་ཐོས་ན་ཡིད་མི་དགའ་བར་འགྱུར་རོ།། སྙམ་དུ་བསམས་ཤིང་། དེས་ཡང་འདི་སྙམ་དུ་མ་ལ་དེ་དག་འདིག་ལ ་གཤེ་བར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་དང་། བདག་སྦྱོར་བ་ལ་གོམས་པར་ཤེས་པར་བྱ་བའི་ཕྱིར་མདའ་འཕང་ངོ་སྙམ་དུ་བསམས་ནས་དེས་དེ་ལྟར་བསམས་ཏེ། འདི་ལྟར་སེམས་ཅན་འགའ་ལ་ཡང་གནོད་པ་སྐྱེད་པར་མི་འགྱུར་བར་མངའ ་འཕངས་སོ། ། དེས་ཀྱང་བསླབས་པས་མདའ་རྣམས་རཱྀ་ཕྲག་དང་། གང་ལག་གི་བར་དང་། སྤུགས་པ་དང་། རྣ་བར་དག་དུ་འཕངས་ཏེ་བཏང་ངོ་།། དེས་དེ་ལྟར་མདའ་སྟོང་པོ་དེ་དག་སེམས་ཅན་གཅིག་ལ་གནོད་པར་མི་འགྱུར་བར་དེ་ལྟར ་འཕངས་སོ། ། དེ་ནས་རི་དགས་དེ་དག་ཤིན་ཏུ་ཐལ་ནས་དོང་བ་དང་། དེའི་གྲོགས་པོ་རྣམས་འོངས་ནས་འཕན་ཀར་འདུག་སྟེ། ཕན་ཚུན་དུ་འདི་སྙམ་དུ་དེད་བདག་ཅག་གིས་རི་དགས་ཕལ་མོ་ཆེ་ཀུན་ནས་བསྐོངས་ལ་གྱད་བུ་ནོར་འདི་ཡང་གནས ་བཞི་དང་། འཕད་པ་རྣམ་པ་ལྔ་ལ་བྱང་བ་ཡིན་པས་དི་རི་རི་དགས་མང་པོ་ཞིག་བས་པར་གྱུར་ན། ཁུར་ཁལ་དག་ཁྱེར་ཏེ་མ་འོངས་པ་ནི་གཅིག་ཏུ་ཉེས་པ་བྱས་སོ་སྙམ་དུ་བསམས་སོ།། ཇི་ཙམ་དྲུང་དུ་བྱིན་ན་དེ་དག་གིས་རི་དགས་ཅིག་ཀྱང་མ་བསད ་པར་མཐོང་ངོ་། ། མཐོང་ནས་ཀྱང་གྱར་བུ་ནོར་དེ་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་རི་དགས་དེ་དག་གར་སོང་། དེས་འདི་ནད་ཅེས་སྨྲས་སོ།། བྲོས་ཏེ་སོང་ངོ་།། དེ་དག་གིས་སྨྲས་པ། ཅི་ཁྱོད་ཀྱིས་མངའ་མ་འཕངས་སམ། དེས་སྨྲས་པ། འཕངས ་ཏེ་དོང་བསྟོད་པར་འདུག་པ་ལ་ལྟོས། ། དེ་དག་གིས་འདི་སྙམ་དུ་འདི་ལྟར་གྱད་བུ་ནོར་འཕང་བ་དེ་ལྟ་བུ་དག་ལ་དེ་ལྟར་བྱེད་པར་གྱུར་ཏེ།། ཞེས་བྱ་བ་དེའི་གྲགས་པ་བརྫུན་པར་ལྟ། རྣམ་པ་ཅིག་ཀྱང་མི་ཤེས་ན་བཞི་ནར་ཤེས་པ་ལྷ་མོས་ཀྱང་ཅི ་དགོས་སྙམ་དུ་བསམས་ཏེ་ཞེས་བྱ་བ་ནས་དེའི་གྲོགས་པོ་རྣམས་སྨོད་པར་བྱེད་དོ་ཞེས་བྱ་བའི་བར་དང་། རང་གི་ཁྱིམ་དུ་འོངས་ནས་སྟེང་གི་ཁང་བཟངས་ཀྱི་ཐོག་ན་ལག་པ་འགྲམ་པ་ལ་བཏང་ནས་སེམས་ཁོང་དུ་ཆུད་དེ་ཞེས་བྱ་བའི་བར་ནས ་ཕབ་འོངས་ནས་འདི་སྐད་ཅེས་སྨྲས་སོ། ། ཞེས་བྱ་བ་འ་བར་དང་། བཅུའི་ཕྱིར་ཁྱད་ཀྱིས་རི་དགས་མ་བསད། དེས་སྨྲས་པ། ཡབ་ཡུམ་ཁྱེད་ཅག་ལ་བདག་སྡུག་ལགས་སམ། བུ་ཤིན་ཏུ་སྡུག་གོ། གལ་ཏེ་འགའ་ཞིག་གིས་བདག་སྲོག་དང ་ཕྲལ་ན་ཁྱེད་ཅག་ཇི་ལྟ་བུར་འགྱུར། དེ་དག་གིས་སྨྲས་པ། ཤིན་ཏུ།། སྡུག་བསྔལ་བ་དང་ཡིད་མི་བདེ་བར་འགྱུར་མོད། དེས་སྨྲས་པ། ཁྱེད་ཅག་ལ་ཡང་སྲོག་མི་ཕངས་ལགས་སམ། དེ་དག་གིས་སྨྲས་པ། ཤིན་ཏུ་ཕངས་སོ།། འོ ་ན་ཁྱེད་ཅག་ཅིའི་སླད་དུ་བདག་གཞན་གྱི་སྲོག་གཅོད་པ་ལ་སྦྱོར་བར་མཛད། གཞན་ཡང་ཡབ་ཡུམ་ཁྱེད་ཅག་གིས་འདི་ལྟར། འབྱུང་པོ་རྣམས་ལ་ཕན་འདོད་སྙིང་བརྩེ་བས།། སྲོག་གཅོད་པ་དང་གསོད་དང་འཆིང་བ་སྤོངས།། ཇི་ལྟར་རང་གི་སྲོག ་པངས་སྲུང་བ་ལྟར། དེ་བཞིན་གཞན་རྣམས་ཀྱི་ཡང་སྲོག་སྲུང་ངོ་ཞེས་བགྱི་བ་ཅི་ཞིག་མ་གསན་ཏམ་ཞེས་བྱ་བའི་བར་དུའོ།། དེ་ནས་དེ་དག་གིས་བུ་དེའི་ངས་པ་ཁོང་དུ་ཆུད་ནས་འདི་སྐད་ཅེས་སྨྲས་སོ།། བུ་དེ་ལྟན་ཕྱིར་ཡང་སྟེང་གི་ཁང་བཟངས ་ཀྱི་ཐོག་ཏུ་བཙུན་མོའི་འཁོར་རྣམས་དང་ལྷན་ཅིག་རྩེད་དམ་གྱིས་ཤིག། དེ་ནས་གྱད་བུ་ནོར་གྱིས་སྟེང་གི་ཁང་བཟངས་ཀྱི་ཐོག་ནས་འདི་སྐད་ཅེས་རྐང་གཉིས་པ་དང་། རྐང་མེད་པ་དང་། སྨན་དང་། རིག་སྔགས་དང་། གསང་སྔགས་འཆང་བ་གང་གིས ་བདག་འཁོར་བའི་དགོན་པ་ལས་ཡོངས་སུ་ཐར་བར་བྱེད་པ་སུ་ཡོད་ཅེས་སྨྲས་སོ། ། དེའི་ཚེ་ཡུལ་སྡིག་བྱུང་ན་སྟོན་པ་དྲུག་པོ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་མངོན་པའི་ང་རྒྱལ་བྱེད་པ་རྣམས་གནས་ཏེ། ཞེས་བྱ་བ་ནས ་འོད་སྲུངས་གི་གན་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། ། ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན། ཁྱོད་ཀྱི་ཚངས་པར་སྤྱོད་པ་ལ་གནས་པའི་འབྲས་བུ་ནི་གང་ཡིན། ཕན་ཡོན་ནི་གང་ཡིན། དེས་སྨྲས་པ། ནོན་ནུ་ཁོ་བོན ་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། སྦྱིན་པ་མེད་དོ།། མཆོད་སྦྱིན་མེད་དོ།། སྦྱིན་སྲེག་མེད་དོ།། ལེགས་པར་སྤྱད་པ་མེད་དོ།། ཉེས་པར་སྤྱད་པ་མེད་དོ།། ལེགས་པར་སྦྱང་བ་དང་ཉེས་པར་སྤྱང་པ་རྣམས་ཀྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ།། ་འཇིག་རྟེན་འདི་མེད་དོ།། འཇིག་རྟེན་ཕ་རོལ་མེད་དོ།། མ་མེད་དོ།། བ་མེད་དོ།། སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ།། འཇིག་རྟེན་འདི་ན་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པའི་དགྲ་བཅོམ་པ་གང་དག་རང་གི་མངོན་པར་ཤེས་པས ་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་མངོན་གསུམ་དུ་བྱས་ཤིང་བསྒྲུབས་ནས་ཁོང་དུ་ཆུད་པར་བྱས་སྟེ་བ་དག་ནི་སྒྱུ་བཟད་དོ། ། ཚངས་པར་སྤྱོད་པ་ལ་བརྟེན་ཏོ།། བྱ་བ་བྱས་སོ།། སྲིད་པ་འདི་ལས་གཞན་མི་ཤེས་སོ།། ཞེས་གོ་བར་བྱེད་པ་དག། ་མེད་དོ་ཞེས་བྱ་བ་ནས། སྟོན་པ་འདི་ཡང་ལམ་གོལ་བར་ཞུགས་པ། ལམ་ངན་པ་སྒྲུབ་པར་བྱེད་པ་ཡིན་ཏེ། མཁས་པ་རྣམས་ཀྱིས་ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་བར་དང་། ཆགས་སུ ་བཅད་པ་སྨྲས་པ། ། ལྟ་ངན་ལོག་པར་སྟོན་བྱེད་པ།། སྨན་པ་སྟོན་པར་གྲགས་པ་སྟེ།། གང་གི་ཆོས་ནི་དེ་འདྲ་བ།། དེའི་ཆོས་མིན་ཅི་འདྲ་ཞིག་ཅེས་བྱ་བ་ནས།། དེ་བཞིན་དུ་སྟོན་པ་དྲུག་པོ་རྣམས་སྣོད་སྟོང་པ་བཞིན་དུ་བརྡབས་སྟེ་སོང་ངོ་།། ཞེས་བྱ་བའི ་བར་དུའོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ནི་ཉིན་ལན་གསུམ། མཚན་ལན་གསུམ། ཉིན་མཚན་ལན་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་ཏོན་རྣམས་ལ་གང་ནི་ཉམས་པར་འགྱུར། གང་ནི་སྡུག་བསྔལ་བར་གྱུར། ་གང་ནི་ཉམ་ང་བ་དང་། གང་ནི་མི་བདེ་བར་གྱུར། གང་ནི་སྡུག་བསྔལ་བ་དང་། ཉམ་ང་བ་དང་། མི་བདེ་བར་གྱུར། གང་གི་དགེ་བའི་རྩ་བ་མ་སྐྱེད་པ་རྣམས་ནི་དགེ་བའི་རྩ་བ་སྐྱེད་པར་བྱ། གང་གི་སྐྱེད་པ་རྣམས་ནི་འཕེལ་བར་བྱ།། གང་གི ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ནི་ཡོངས་སུ་བསྨིན་པར་བྱ། གང་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ། གང་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ཤེས་རབ་ཀྱི་མདའ་མཚོན་གྱི་དྲལ་བར་བྱ། གང་ནི་སངས་རྒྱས་ཀྱིས ་འདྲལ། གང་ནི་ཉན་ཐོས་ཀྱིས་འདུལ། གང་ནི་སངས་རྒྱས་དང་ཉན་ཐོས་ཀྱིས་འདུལ། གང་ནི་ཞེ་སྡང་ལ་སྤྱོད། གང་ནི་འདོད་ཆགས་ལ་སྤྱོད། གང་ནི་གཏི་མུག་ལ་སྤྱོད། གང་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སྤྱོད།། ་གངད་ནི་ཉེས་དམིགས་གང་གིས་གནོད་པར་གྱུར། འཕགས་པའི་ནོར་དང་བྲལ་བ་གང་ནི་འཕགས་པའི་ནོར་གྱི་བདག་ཕྱུག་གི་བདག་པོ་ལ་རབ་ཏུ་གཞག་པར་བྱའོ།། ཉེས་པར་བྱེད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་དྲང་བར་བྱ། གང་ནི ་ངན་སོང་ལས་བསླང་སྟེ། མཐོ་རིས་དང་ཐར་པའི་འབྲས་བུ་ལ་རབ་ཏུ་གཞག་པར་བྱ། ཞེས་གཟིགས་པ་འཇུག་གོ། རྒྱ་ཡང་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས།། དུས་ལས་འདའ་བར་འགྱུར་སྲིད་ཀྱི།། གདུལ་བྱ་ལ་བྱམས ་སངས་རྒྱས་ནི། དུས་ལས་འདའ་བར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་སྒྲིབ་པ་མི་མངའ་བའི་སྤྱན་སངས་རྒྱས་ཀྱི་སྤྱན་གྱིས་ཀུན་དུ་གཟིགས་ནས་དགོངས་པ། གྱད་བུ་ནོར་དེ་སྔོན་གྱི་སངས་རྒྱས་རྣམས་ལ་དགེ་བའི ་རྩ་བ་བསྐྱེད་པ། སྨོན་ལམ་བཏབ་པར་གྱུར་པ། འབྲས་སྨིན་པ་མཚོན་གྱིས་བརྟོལ་འདོད་པ་ལྟ་བུར་ཐུགས་སུ་ཆུད་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་གང་གིས་འདུལ་བར་འགྱུར། ཅི་ཉན་ཐོས་ཀྱིས་འདུལ་ལམ། འོན་ཏེ་སངས་རྒྱས ་ཀྱིས་འདུལ། ཅི་སྤྱོད་ལམ་གྱིས་འདུལ་ལམ། འོན་ཏེ་ཆོས་བཤད་པས་འདུལ་སྙམ་དུ་དགོངས་སོ།། བཅོམ་ལྡན་འདས་ཀྱིས་སྤྱོད་ལམ་གྱིས་འདུལ་ན་གང་གི་སྤྱོད་ལམ་གྱིས་འདུལ་སྙམ་དུ་དགོངས་ན་ཞེས་བྱ་བ་ནས། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ ་ཡུལ་སྡིག་བྱུང་དུ་ཕྱིནི་ནས་ཡུལ་སྡིག་བྱུང་ན་སྲིན་བུ་པད་མའི་ནགས་ཁྲོད་ན་འདུག་གོ། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་སྔ་དྲོ་ཤ་མ་ཐབས་དགོས་ཤེས་བྱ་བ་ནས། གྱད་བུ་ནོར་སྟེང་གི་ཁང་བཟངས་ཀྱི་ཐོག་ན་འདུག་པས་ཚེ་དང་ལྡན་པ་རྟ་ཐུལ་འགྲོ ་བ་དང་། ལྡོག་པ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་ཐོགས་པ་མཛེས་པ་དེ་མཐོང་ངོ་།། གྱད་བུ་ནོར་གྱིས་ཚེ་དང་ལྡན་པ་རྟ་ཐུལ་མཐོང་བ་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། རྟགས་ཅན་ཆོས་ཀྱིས་འཚོ་བྱེད ་པ། འདི་ན་ཕལ་ཆེར་བདག་གིས་མཐོང་ཞི་ཞིང་ཞི་བར་གནས་གྱུར་པ།། འདི་འདྲ་བ་དག་གིས་མ་མཐོང་ངོ་ཞེས་བྱ་བའི་བར་དུའོ།། མི་ཞིག་བཏང་ནས་ཞེས་བྱ་བ་ནས་སྤྱོད་ལམ་མཐོང་སྟེ་སླར་ལོག་ནས་གཞོན་ལ་སྨྲས་སོ།། ཞེས་བྱ་བའི་བར་དུའོ།། ་དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་དགེ་བའི་རྩ་བས་བསྐུལ་ཏེ་ལྟ་འདོད་དེ་ཞེས་བྱ་བ་ནས། ཡང་དག་པར་དགའ་བར་འགྱུར་བའི་བར་དུ་བྱས་ནས་འདུག་ཏེ་དེ་ལ་སྨྲས་པ། ཅི་ཁྱོད་སྟོན་པ་ཡིན་ནམ། འོན་ཏེ་ཉན་ཐོས་ཡིན། ཚེ་དང་ལྡན་པ ་ཐུལ་གྱི་ཞེས་བྱ་བ་ནས་ཚིགས་སུ་བཅད་པ་སྨྲས་པ། རི་དབང་གངས་ཅན་དང་ནི་ཡུངས་དཀར་ཉིད་ཀྱི་ཁྱད་པར་གང་ཡིན་དང་།། རྒྱ་མཚོ་དང་ནི་ཕྱུགས་རྗེས་ཆུ་ཆུང་ཉིད་ཀྱི་ཁྱད་པར་གང་ཡིན་དང་།། ཉི་མ་འོད་ཟེར་དྲ་བ་ཆ་དང་སྲིན་བུ་མེ་ཁྱེར་ཁྱོད་གང་ཡིན།། དེ་དག ་རྫོགས་པའི་སངས་རྒྱས་ཡོན་ཏན་གཏེར་དང་ཉན་ཐོས་ཁྱད་པར་རོ་ཞེས་བྱ་བའི་བར་དུའོ། ། ཐ་མ་གཉིས་ཀྱི་གན་དུ་འོངས་ནས་གསོལ་བ་འདེབས་པར་བྱེད་དེ་ཞེས་བྱ་བ་ནས། མ་གནད་ངོ་ཞེས་བྱ་བའི་བར་དང་། ཉིན་ཞག་གཅིག་ཟན་བཅད་པའི་བར་དང་། ཕ་མ་འོངས ་ནས་འདི་སྐད་ཅེས་སྨྲས་སོ། ། ཁྱོད་ཀྱིས་ནི་སྡུག་བསྔལ་མི་ཤེས་ཏེ་ཚངས་པར་སྤྱོད་པ་སྤྱད་དཀའོ།། གཅིག་པུ་ཉིད་ལ་མངོན་པར་དགའ་བར་བྱ་དཀའོ།། གནས་མལ་དགོན་པ་དང་། ནགས་མེད་པ་དང་། བས་མཐའ་དག་ཏུ་གནས་དཀའོ།། ཁྱོད་ཀྱིས་ཇི་སྲིད་འཚེལ ་བར་རུ་ཅན་ཟན་གདུག་པ་དག་དང་ལྷན་ཅིག་གནས་པར་བྱ་དགོས་སོ། ། ཁྱོད་ཀྱིས་ཇི་སྲིད་མཚོའི་བར་དུ་མི་རྣམས་ཀྱི་དགའ་བ་དང་། རྩེད་མོ་དག་ལས་མངོན་པར་དབེན་པར་བྱ་དགོས་སོ།། བུ་ཁྱོད་ཚུར་ཤོག་འདུག་ལ་སྦྱིན་པ་དག་བྱིན་ཅིག། འདོད་པ་ལ་ཡང་ཡོངས ་སུ་སྤྱོད་ཅིག་ཅེས་བྱ་བའི་བར་དུའོ། ། རྗེས་སུ་གནང་ནས་ཞེས་བྱ་བ་ནས། ལུས་ཀྱི་སྟོབས་དང་མཐུ་ཡང་དག་པར་བསྐྱེད་ནས་ཞེས་བྱ་བའི་བར་དང་། ཕས་གྱད་བུ་ནོར་རབ་ཏུ་འབྱུང་བར་འདོད་ཀྱིས་གང་དག་རབ་ཏུ་འབྱུང་བར་འདོད་པ་དེ་དག་ཀྱང་དེང་ཤིག། ་དྲིལ་བ་སྐྲག་པར་བྱས་པའི་བར་དུའོ།། དེས་ན་དེའི་ན་འ་སྣངས་གང་ཡིན་པ་དེ་དག་འདི་སྙམ་དུ་བྱད་བུ་ནོར་འདི་ནི་བདེ་བོ་འདོད་པ་ཤིན་ཏུ་གཞོན་པ་ཡིན་ཡང་ཁྱིམ་འདི་བདེ་བསྤངས་ནས་དེས་པར་བྱུང་སྟེ་རབ་ཏུ་འབྱུང་བར་བྱེད་ན། བདག་ཅག་གིས་ཇི་ལྟར ་བྱསྙམ་དུ་བསམས་པ་ལས། དེ་ལས་གཅིག་གིས་འདི་སྐད་ཅེས་ལེགས་སུ་ཟད་དེ་བདག་ཅག་ཀྱང་རབ་ཏུ་འབྱུང་བར་བྱའོ།། ཞེས་སྨྲས་སོ།། དེ་ནས་གྱད་བུ་ནོར་གཞོན་ནུ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཚེ་དང་ལྡན་པ་རྟ་ཐུལ་གང་ན་བ་དེར་སོང་སྟེ། ་ཟིན་ནས་རྟ་ཐུལ་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་ཅིག་ཏུ་འདུག་གོ། ཕྱོགས་ཅིག་ཏུ་འདུག་ནས་གྱད་བུ་ནོར་གྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདི་སྐད་སྨྲས་སོ།། བཙུན་པས་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོ་ཐོབ་པར་མཛད་དུ་གསོལ། ། བདག་ཁྱོད་ཀྱི་ཐད་དུ་ཚངས་པར་སྤྱོད་བར་སྤྱོད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་གྱད་བུ་ནོར་རིམ་གྱིས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་བྱས་སོ།། ་དེས་ཀྱང་སྡེ་སྣོད་གསུམ་པོ་ཁ་སྟོན་དུ་བརྟོན་ཅིང་བསྒོམས་པས་དགྲ་བཅོམ་པར་གྱུར་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། དོ་པ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། སྟེརུ ་དང་ཙན་དན་དུ་མཉམ་པ། མ་རིག་པའི་སྒོང་བའི་སྦུབས་རལ་བ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱི་ཕྱོགས་པ་དང་། དབང་པོ་དང་ཉེ་དབང་དེང་བཅས་པའི ་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱབ་གྱུར་ཏོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུགས་ཀྱིས་འདི་ལྟར་འདུས་པ་ཆེན་པོ་གཉིས་ཡོད་དེ། དབྱར་ཟླ་འབྲིང་པོ་ལ་དབྱར་ཉེ་བར་སྒྲུབ་པའི་ཚེ་དང་། སྟོན་ཟླ ་འབྲིང་པོའི་ཉ་ལའོ། ། གང་དག་དབྱར་ལ་འབྲིང་པོ་ལ་དབྱར་ཉེ་བར་བསྒྲུབ་པ་དེའི་ཚེ། གདམས་ངག་དང་རྗེས་སུ་བསྟན་པ་མནོས་པ་དེ་དག་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་དབྱར་འདས་པར་བྱས་པ། བ་དེ་དག་སྟོན ་ཟླ་འབྲིང་པོ་ཉལ་འོངས་ནས་ཇི་ལྟར་ཁོང་དུ་ཆུད་པ་དག་ནི་རྗོད་པར་བྱེད། གོང་མར་གྱུར་པ་དག་ནི་འདྲི་བར་བྱེད་དོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟ་དེ་བཞིན་དུ་ཉན་ཐོས་ཆེན་པོ་རྣམས་ཀྱི་ཡང་དེ་ལྟ་བུ་ཡིན་པས་ཚེ་དང་ལྡན ་པརྟ་ཐུལ་གྱིས་ལྷན་ཅིག་གནས་པ་དང་། ཉེ་གནས་གང་དག་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དུ་དབྱར་གནས་པར་བྱས་པ་དེ་དང་། དེ་དག་སྟོན་ཟླ་འབྲིང་པོ་ཉ་ལ་ཚེ་དང་ལྡན་པ་རྟ་ཐུལ་གང་ན་བ་དེར་ལྷགས་པ ་དང་། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་མཐོང་ངོ་།། ཚངས་པར་སྤྱོད་པ་དེ་དག་མཐོང་ནས་ཀྱང་བསུ་དེ་གསོད་པོར་སྨྲ་བས་ཡང་དག་པར་དགའ་བར་བྱས་སྟེ་ཆོས་གོས་དང་། ཁར་སིལ་དང་། རིལ་པ་སྤྱི་ཐུགས་དང་། ་གཏུར་བུམ་དང་། ཞྭ་དང་། འཆིལ་ལྷམ་དང་། གདིང་བ་དག་བླངས་སོ།། དེ་དག་ཀྱང་མཁན་པོའི་དྲང་དུ་སོང་ནས་བསྙེན་བཀུར་བྱས་སྟེ། ཇི་ལྟར་ཁོང་དུ་ཆུད་པ་ནི་རྗོད་པར་བྱེད།། གོང་མར་གྱུར་པ་ནི་འདྲི་བར་བྱེད་ཅིང་རྒྱམ་པོའི ་ཁབ་གང་ན་བད། བཅོམ་ལྡན་འདས་ལ་ལྟ་བ་དང་། བཅོམ་ལྡན་འདས་ལ་བསྟན་བཀུར་བྱ་བའི་ཕྱིར་འགྲོ་བར་བྱེད་པ་དག་ཀྱང་བྱང་བུ་ནོར་གྱིས་མཐོང་ངོ་།། མཐོང་ནས་ཀྱང་རྗོད་དཔོན་གཅིག་པ་དང་། མཁན་པོ་གཅིག་པདེ ་དག་གི་དྲུང་དུ་སང་ནས་འདི་སྐད་ཅེས་སྨྲས་སོ། ། ཁྱེད་ཅག་གང་དུ་དོང་། དེ་དག་གིས་སྨྲས་པ། བདག་ཅག་གིས་མཁན་པོ་ནི་མཐོང་ཟིན་པས་ང་ནི་སངས་རྒྱས་བཅོམ་ལྡན་འདས་ལྟར་འགྲོའོ།། དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས ་འདི་སྙམ་དུ་བདག་གིས་མཁན་པོ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པས། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་ནི་མཐོང་ན། གཟུགས་ཀྱི་སྐུ་མ་མཐོང་བས་བདག་བཅོམ་ལྡན་འདས་གང་ན་བ་དེར་འགྲོའོ་སྙམ་དུ་བསམས་སོ།། ། ་དེ་ལྟར་བསམས་ནས་ཀྱང་གྱད་བུ་ནོར་གྱིས་མཁན་པོ་ལ་འདི་སྐད་ཅེས་སྨྲས་སོ།། མཁན་པོ་བདག་གིས་མཁན་པོ་དང་། དགེ་བའི་གཤེས་གཉེན་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་ནི་མཐོང་ན། གཟུགས་ཀྱི་སྐུམ ་མཐོང་བས། དེ་ནི་གཟུགས་ཀྱི་སྐུ་ལྟ་བར་འཚལ་ལོ།། དེ་སྐད་ཅེས་སྨྲས་པ་དང་། རྟ་ཐུལ་གྱིས་གྱད་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ།། བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི ་དཔེར་ན་ཨུ་དུ་མ་འབར་རའ་མེ་ཏོག་ལྟར་ཤིན་ཏུ་མཐོང་བར་དཀའ་བ་ཡིན་པས་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བལྟ་བར་གྱིས་ཤིག། དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་མཁན་པས ་རྗེས་སུ་གནང་བས་ནེའུ་ལྡངས་མཁན་པོ་གཅིག་པ་རྣམས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་དོང་ངོ་། ། དེའི་ཚེ་ན་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མ་ལ་ཆོས་སྟོན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་བུ་ནོར་རྒྱང་རིང ་པོ་ཁོ་ན་ནས་འོང་བ་གཟིགས་སོ། ། གཟིགས་ནས་ཀྱང་གྱད་བུ་ནོར་ལ་བཀའ་སྩལ་པ། གྱད་བུ་ནོར་ཚུར་ཤོག། འོངས་པ་ལེགས་སོ།། ཁྱོད་དུས་སུ་ཕྱིན་ཏོ་ཞེས་བཀའ་སྩལ་ཏོ།། དེའི་ཚེ་ན་གནས་མལ་མི་འཐུན་པར་འབོག་པར་བྱེད་དོ།། ་མདོ་སྡེ་འཛིན་པ་དང་རྣམས་དང་འདུལ་བ་འཛིན་པ་རྣམས་སུ་ལྷན་ཅིག། མདོ་སྡེ་མཛིན་པ་རྣམས་དང་མམོ་འཛིན་པ་རྣམསུ་ལྷན་ཅིག། འདུལ་བ་འཛིན་པ་རྣམས་དང་། མདོ་སྡེ་འཛིན་པ་རྣམས་སུ་ལྷན་ཅིག། འདུལ་བ་འཛིན་པ་རྣམས་དང་། མ་མོ ་འཛིན་པ་རྣམས་སུ་ལྷན་ཅིག་ཅེས་བྱ་བ་ནས། དེ་བཞིན་དུ་མུ་གསུམ་པ་ཡང་སྦྱོར་བའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་གྱད་བུ་ནོར་འདི་ནི་སྔོན་གྱི་སངས་རྒྱས་ལ་རྣམས་ལ་ཀྱེ་མའོ་བདག་བཅོམ་ལྡན་འདས་ཀྱིས་གནས་མལ་འགེད་པ་དང་། ་ཁ་ཟས་ལ་བསྒོ་བའི་མཆོག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བས་ཞེས་བྱ་བའི་བར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གནས་མ་ས་ག་པ་ཆོས་ལྔ་དང་ལྡན་པ་ནི་མ་བརྐོས་པ་ནི་ཡང་བརྐོ་བར་མི་བྱལ། བསྐོས་པ་ཡང་དབྱུང་བར་བྱེ། སྡི་གང་ནེ་ན། འདུན་པ ་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། གནས་མལ་ལོག་པ་དང་ས་ཕོག་པ་མི་ཤེས་པའོ། དཀར་པོའི་ཕྱོགས་ནི་དེ་ལས་བཟློག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་དགེ་སློང་དག ་ཀྱད་ན་གནསསས་འཛག་པར་གརྐོ་བར་བྱའོ། ཞེས་བྱ་ནས། གནསམས་པ་ཤམ་པར་བྱས་ནས་ལས་ཀྱི།། དགེ་ལྡན་བཙུན་པ་རྣམས་གསན་དུགསོལ།། བྱང་ཐུན་པ་དི་དགེ་འདུན་ཅིགནས་མས་འབོག་པར་སྟོན། གས་ཏེ་དགེ་འདུན་གྱི་རྣམས་བབ་ཅ ་གྱི་བག་ད་བ་མཛད་ཅི་དང་། བྱ་པན་དག། ཀུན་ཅིགནས་མམ་འཐོགས་པར་འརྐོ་བར་གྱི་ནས་བྱ་བའི་བར་ངྱ་འདི་གསོས་པ་ད་འོ།། ཐལས་ངེས་པབཞིན་གྱིཏོ།། ཤི་ཀྱང་དུན་དེ། དྲན་གྱིགན་མམ་མནས ་གནས་མལ་གཞན་དུ་བསྐོ་བར་བརྩམས་ཏེ། དེས་མདོ་སྡེ་འཛིན་པ་རྣམས་དང་མདོ་སྡེ་འཛིན་པ་རྣམས་སུ་ལྷན་ཅིག། འདུལ་བ་འཛིན་པ་རྣམས་དང་འདུལ་བ་འཛིན་པ་རྣམས་སུ་ལྷན་ཅིག། མ་མོ་འཛིན་པ་རྣམས་དང་མ་མོ ་འཛིན་པ་རྣམས་སུ་ལྷན་ཅིག། གློ་བུར་པ་རྣམས་དང་གློ་བུར་བ་རྣམས་སུ་ལྷན་ཅིག། རྣལ་འབྱོར་སྤྱོད་པ་རྣམས་དང་རྣལ་འབྱོར་སྤྱོད་པ་རྣམས་སུ་ལྷན་ཅིག། གང་དག་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དེ་དག་ནི་ལན་ཅིག་ཕྱིར་འོང་བ ་རྣམས་དང་ལྷན་ཅིག་ཏུ་བཀོད། གང་དག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པ་དེ་དག་ནི་ཕྱིར་མི་འོང་བ་རྣམས་དང་ལྷན་ཅིག། ཕྱིར་མི་འོང་བ་རྣམས་ནི་དགྲ་བཅོམ་པ་རྣམས་དང་ལྷན་ཅིག་སྟེ། དེ་ལྟར་དགེ་སློང་དེ་རྣམས་ལྷག་པར་ཕན་ཚུན་རྩ ་འབྲེལ་བའི་གཏམ་རྣམ་པར་གཏན་ལ་དབབ་པ་དང་། དགེ་བའི་ཕྱོགས་འཕེལ་བར་འགྱུར་བ་དེ་ལྟར་གནས་མལ་འཐུན་པར་གཞན་དང་གཞན་དུ་བསྐོས་སོ།། དེའི་ཚེ་ན་ཚེ་དང་ལྡན་པ་ཀྱང་བུ་ནོར་རྫུ་འཕྲུལ་གྱིས་གནས་མལ་འབོག་པར་བྱེད་དོ།། གང ་དག་མཚན་མོ་སྔར་འོང་བ་དེ་དག་ལ་ནི་སོར་མོ་གཅིག་ལས་འོད་སྦར་ཏེ་གནས་མལ་འབོགས་པར་བྱེད་དོ། ། གང་དག་མཚན་མོ་ཆེས་ཕྱིས་འོད་བ་དེ་དག་ལ་ནི་སོར་མོ་གཉིས་ལས་འོད་སྦར་ཏེ་འབོགས་པར་བྱེད་དོ།། དེ་བཞིན་དུ་གསུམ་པ་དང་། བཞི་པ ་དང་ལྔ་པ་ལས་འོད་སྦར་ཏེ་ཞེས་བྱ་བའི་བར་དུའོ། ། དེ་ནས་དགེ་སློང་དེ་དག་འདི་སྙམ་དུ་འདི་ནི་ཆོས་དང་ལྡན་པས་ལས་བྱེད་པ་ཡིན་ཏེ་ཞེས་བྱ་བ་ནས། ཁོང་དུ་མ་ཆུད་པ་ནི་ཁོང་དུ་ཆུད་པར་གྱུར། ཁོང་དུ་ཆུད་པ་ནི་ལྷག་པར་ཁྱད་པར་དུ་ཁོང་དུ་ཆུད ་པར་གྱུར་ཏོ། ། དེ་ལྟར་བྱས་པ་ན་འདི་ལྟར་ཚེ་དང་ལྡན་པ་ཀྱང་བུ་ནོར་གྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཏེ་གནས་མལ་འབོག་པར་བྱེད་ཅེས་ཕྱོགས་བཞི་དག་ཏུ་དེའི་སྒྲ་གྲགས་པར་གྱུར་ཏོ།། དེའི་ཚེ་གང་དག་ངོ་མཚར་ཏུ་གྱུར་པ་དེ་དག་གིས་ནི་མངོན།། ་སུམ་དུ་བྱ་བའི་ཕྱིར་ཉིན་པར་འོངས་ནས་འོད་མི་འཚལ་གྱི་ཉེན་ཀོར་དུ་འདུག་སྟེ་ཉི་མ་ནུབ་པ་དང་མཚན་མོ་འོང་བར་བྱེད་དོ།། དེ་རྣམས་ལ་ཡང་ཚེ་དང་ལྡན་པ་དེས་དེ་བཞིན་དུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ནས་གནས་མལ་འབོག་པར་བྱེད་དོ།། ་རེ་ཤིག་ན་རྒྱལ་པོའི་ཁབ་དེ་ན་སྦྱིན་པ་པོ་དང་། སྦྱིན་བདག་དེ་དག་དགེ་འདུན་ལ་ཟས་རྣམ་པ་གསུམ་དུ་ཤོམ་པར་བྱེད་དེ། ཁ་ཅིག་ནི་བསོད་པ་སྦྱིན་པར་བྱེད་པའོ།། ཁ་ཅིག་ནི་འབྲིད་དག་སྦྱིན་པར་བྱེད་པའོ།། ཁ་ཅིག་ནི་ངན་པ་དག་སྦྱིན་པར་བྱེད་པའོ།། ་ཁྱིམ་གང་ན་བསོད་པ་དག་སྦྱོར་བ་དེ་དག་ནི་དྲུག་སྡེ་རྣམས་ཀྱིས་སྔོན་དོ་ཤེས་པ་ཡིན་པས་དེར་ནི་རང་འབའ་ཤིག་འགྲོ་བར་བྱེད་དོ།། གང་ན་འབྲིང་སྦྱིན་པར་བྱེད་པ་དེར་ནི་གྲོགས་པོ་དང་། ཉེ་གནས་དག་གོ།། གང་ན་ངན་པ་དག་སྦྱིན་པ་དེར་ནི་དགེ་སློང་ཕལ་རྣམས ་འགྲོ་བར་བཤམས་སོ། ། དེའི་ཚེ་ཁྱིམ་བདག་དགེ་བཟང་ཞེས་བྱ་བ་བསོད་པ་སྦྱིན་པར་བྱེད་པའི་མཆོག་ཅེས་བྱ་བའི་བར་ནས། དྲུག་སྡེ་རྣམས་རེ་མོས་འགྲོ་བར་བྱེད་དེ། ཉི་མ་དང་པོ་ལ་ནི་དགའ་བོ་དང་། ཉེ་དགའ་ཟན་ཟ་བར་བྱེད་དོ།། ཉི་མ་གཉིས་པ་ལ་ནི་འདུན་པ ་དང་། འཆར་ཀའོ།། ཉི་མ་གསུམ་པ་ལ་ནི་འགྲོ་མགྱོགས་དང་། ནབ་སོའོ།། ཁྱིམ་བདག་དེས་དེ་རྣམས་ལ་དྲིས་པ།། འཕགས་པ་དག་འོད་མིའི་འཚལ་ན་དགེ་སློང་གཞན་མི་བཞུགས་སམ་ཅི་ན། འགའ་ཙམ་ཡང་འདིར་བཤོས་གསོལ་བར་མི་མཛད་པར་ཡང་དང་། ་ཡང་དུ་ཁྱེད་ཅག་ཁོ་ན་རེ་མོས་བྱོན། དེ་དག་གིས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་མི་ཤེས་སམ། འོད་མི་འཚལ་དེ་ན་དགེ་སློང་དག་ཡོད་ཀྱང་ཉིན་གཅིག་བཞིན་དུ་བཟའ་བ་དང་། བཅའ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་སྤྱོད་པར་བྱེད་པ་དེ་དང་དེ་དག་ཁྱོད་འདྲ། ་བིའི་ཁ་ཟས་ཕུལ་བ་དེ་ཇི་ལྟར་ཟ་བར་བྱེད། དེད་ཅག་ནི་ཁྱོད་ཁོ་ན་ལ་ཕན་གདགས་པའི་ཕྱིར་འོང་བར་ཟད་དོ།། དེ་ནས་ཁྱིམ་བདག་གིས་སྨྲས་པ། འཕགས་པ་གལ་ཏེ་འཕགས་པ་ཁྱེད་ཅག་གིས་བདག་ལ་ཕན་གདགས་པར་མི་མཛད་ན་གཞན་སུ་ཞིག ་བགྱིད་པར་འགྱུར་ཞེས་སྨྲས་སོ། ། དེ་ནས་དུས་གཞན་ཞིག་ན་ལྷོ་ལམ་ནས་དགེ་སློང་ཞིག་བཅོམ་ལྡན་འདས་ཡང་དག་པར་བལྟ་བའི་ཕྱིར་ལྗོངས་རྒྱུ་ཞིང་རིམ་གྱིས་འོད་མི་འཚལ་དུ་འོངས་སོ།། དེ་སྔ་དྲོ་ཆོས་གོས་བགོས་ལྷུང་བཟེད་ཐོགས་ཏེ་སྔ་དྲོ་རྒྱལ ་བོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་ནས། དེ་སྲང་ན་རྒྱུ་བ་ཁྱིམ་བདག་དགེ་བཟང་གིས་མཐོང་ནས་སྔོན་མ་བྱུང་བ་ཞིག་གོ་སྙམ་དུ་བསམས་ཏེ་དེས་དེ་ལ་སྨྲས་པ། བཙུན་པ་ག་ལས་བྱོན། དེས་སྨྲས་པ། ལྷོ་ལམ་ནས་སོ།། ཅིའི་ཕྱིར། བཅོམ་ལྡན་འདས་བལྟ ་བའི་ཕྱིར་རེ། བསྟི་གནས་གང་དུ་བྱས། དེས་སྨྲས་པ། འོད་མི་འཚལ་དུའོ།། ཅིའི་ཕྱིར་བསོད་སྙོམས་ལ་རྒྱུ། དེས་སྨྲས་པ། ཅི་ཟན་གཅོད་ཕོད་དམ། བཙུན་པ་ཅི་འོད་མི་འཚལ་ན་ད་ལྟར་དགེ་འདུན་ལ་སྦྱིན་བདག་རྣམས་བཟའ་བ་དང་། བཅའ་བ ་དང་། བལྡོག་པའི་རྣམ་བསོད་པ་བསོད་པ་དག་འབུལ་བར་མི་བགྱིད་ལགས་སམ། ཁྱིམ་བདག་གལ་ཏེ་དེ་ལྟར་གྱུར་ཏུ་ཟིན་ན། ཁོ་བོ་ཁྱོད་ཀྱི་ཡུལ་དུ་བསོད་སྙོམས་ལ་འོད་རེ་སྐན།། ཁྱིམ་བདག་གིས་དགེ་སློང་གི་ཚིག་ཐོས་ནས་དྲུག་སྡེ་རྣམས་ལ་དོགས ་པ་སྐྱེས་ཏེ། དེ་དག་ནི་བདག་ལ་གཞན་དུ་སྨྲ་ལ། དགེ་སློང་འདི་ཡང་གཞན་དུ་སྨྲའོ་སྙམ་མོ་དེས་དགེ་སློང་དེ་ལ་ཐུགས་ཁྲལ་སྦྱངས་ཤིག་དང་། དེང་ཁྱོད་ཀྱིས་གདུགས་ཚོད་བདག་སྦྱོར་ན་བདག་རྗེས་སུ་གཟུང་དུ་གསོལ་ཞེས་བྱ་བའི་བར་ནས། དེས་དགེ་སློང་དེ་ཁྲིད་དེ་སོང་ངོ་དོ།། ་དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བརྒྱད་པ། དྲུག་སྔས་བསྐོས་པའི་དགེ་སློང་གཉིས་ཀྱང་འོངས་པ་དང་། ཁྱིམ་བདག་དེས་དེ་དག་བདེ་བར་འདུག་ཏུ་བཅུག་སྟེ། བཟའ་བ་དང་། བཅའ་བ་བཙང་ཞིང་བསོད་པ་རབ་ཏུ་མང་པོ་དག་ལེགས་པར ་བྲིམས་ཤིང་བསྟབས་ཏེ་ཟན་ཟོས་ཟིན་པ་དང་། ཁྱིམ་བདག་གིས་དྲུག་སྡེ་གཉིས་ལ་འཕགས་པ་དག་གིས་ནི་བདག་ལ་གདུགས་གཅིག་བཞིན་དུ་ཆོས་བཤད་པས་དེ་རིང་ནི་བདག་སྔོན་ཆད་མ་བྱོན་པའི་དགེ་སློང་འདི་ལས་ཆོས་མཉན་ཏོ་ཞེས་སྨྲས་པ་དང་། དེ་གཉིས ་ཀྱིས་ཡོན་བསྔོ་བ་བྱས་ནས་དོང་ངོ་། ། དེ་ནས་ཁྱིམ་བདག་དགེ་བཟང་དགེ་སློང་དེའི་འདུན་དུ་འདུག་ནས་དགེ་སློང་དེ་ལ་སྨྲས་པ། འཕགས་པ་ཁྱད་ལ་བདག་གིས་དེ་རིང་ནི་བཤོས་གསོལ་བ་འདི་ཅི་གསོད་པ་དག་ལགས་སམ། འོན་ཏེ་ངན་པ་དག་ལགས ་དེས་སྨྲས་པ། སྦྱིན་བདག་བདག་ལྷོ་ལམ་ནས་འོང་བར་བརྩམས་པ་གང་ཡིན་པ་ཚུན་ཆད་ནས་རིའི་བར་དུ་བདག་གིས་འདི་ལྟ་བུའི་བསོད་པ་དག་ཟ་མ་མྱོང་ངོ་།། དེས་ཡང་སྨྲས་པ། འཕགས་པ་བདག་ལ་དགེ་སློང་འདི་དག་ཁ་ཟས་འདི་ངན་ནོ་ཞེས་རྟག་ཏུ ་སྨྲ་ན་དེ་ཇི་ལྟ་བུ་ཞིག་ལགས། དེས་སྨྲས་པ། དེ་དག་གིས་གདོན་མི་ཟ་བར་ཁྱིམ་འདིར་གཞན་འགའ་ཡང་མི་འོང་བར་བྱ་བའི་ཕྱིར་བྱས་སོ།། བཙུན་པ་ཅིའི་སླད་དུ་དགེ་སློང་གཞན་ཁྱིམ་འདིར་མི་བྱོན། ཁྱིམ་བདག་འདིར་གཞན་དག་འོད་དུ་གླང་པོ་ཆེས ་བརྫིས་ན་ཇི་ལྟར་བྱ། དེས་འདི་སྙམ་དུ་དེ་ཁོ་ན་ལྟར་ཡིན་ནོ་སྙམ་དུ་བསམས་ནས། དེས་དེ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་དོན་མཇལ་ལགས་ཀྱིས་དེ་ཆོས་ཀྱི་བཀའ་མཆིད་གསུངས་ཤིག་ཅེས་བྱ་བ་ནས། དགེ་སློང་དེས་ཆོས་ཀྱི་གཏམ་གྱིས་ཡང ་དག་པར་བསྟན་ནས་སོང་ངོ་ཞེས་བྱ་བའི་བར་དུའོ། ། དེ་ནས་ཁྱིམ་བདག་དགེ་བཟང་གིས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས་འདི་སྐད་ཅེས་སྨྲས་སོ།། བདག་གིས་དགེ་འདུན་གྱི་གདུགས་ཚོད་ནར་མར་བཤམས་པ་དེ་ལ་གལ་ཏེ་དགེ་འདུན་གྱིས ་བསྐོས་པའི་དགེ་སློང་མཆིས་པས་ལོངས་སྤྱོད་པར་བགྱིད་པ་ལྟ་ན་གཡར་དམ་དེ་མི་བཤིག་པར་བགྱིའོ། ། དེ་ལྟ་མ་ལགས་ན་བདག་གིས་སྦྱིན་པར་བྱ་བའི་ཆོས་ཇི་ལྟར་བཤམས་པ་རྣམས་བཞག་སྟེ། བདག་གིས་གང་ཟག་སྒོ་སྒོར་སྩལ་བར་མི ་བགྱིའོ། ། དེ་ནས་དགེ་སློང་དེ་དག་གིས་འདི་སྙམ་དུ་རྣམ་པ་འདི་ལྟ་བུའི་ཉེས་པ་གང་ཡིན་པ་ནི་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལ་གསོལ་ཏོ་ཞེས་བྱ་བའི་བར་དུའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག ་གྱད་བུ་ནོར་ཟས་ལ་བསྐོ་བ་བསྐོ་བར་བྱའོ། ། གང་གི་ཚེ་དགེ་འདུན་རྣམས་ཀྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ཟས་ལས་བསྐོ་བར་བསྐོས་པ་དེའི་ཚེ་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་སྦྱིན་བདག་གི་ཁྱིམ་དེ་དག་ཐམས ་ཅད་ལས་གང་དག་ནི་བསོད་པ་སྦྱིད་པར་བྱེད། གང་དག་ནི་འབྲིང་སྦྱིན་པར་བྱིན། གང་དག་ནི་ངན་པ་དག་སྦྱིན་པར་བྱེད་ཅེས་བརྟགས་སོ།། དེས་བརྟགས་ནས་ཀྱང་བསོད་པ་དག་སྦྱིན་པར་དགེ་སློང་གནས་བརྟན་གནས་བརྟན་དག་བསྐོས་སོ།། འབྲིང ་ངག་སྤྱིར་བ་དགེ་སློང་བར་མ་དག་བསྐོས་སོ། ། ཐ་མ་དག་སྦྱིན་པར་དགེ་སློང་གཞོན་རབས་དག་བསྐོས་སོ།། ཉི་མ་གཉིས་པ་ལ་ནི་ངན་པ་དག་སྦྱིན་པར་གནས་བརྟན་གནས་བརྟན་རྣམས་སོ།། འབྲིང་དག་སྦྱིན་པར་གཞོན་རབས་རྣམས་སོ།། བསོད ་བདག་སྦྱིན་པར་བར་མ་རྣམས་སོ། ། ཉི་མ་གསུམ་པ་ལ་ནི་བར་མ་དག་སྦྱིན་པར་གནས་བརྟན་རྣམས་སོ།། ངན་པ་དག་སྦྱིན་པར་བར་མ་རྣམས་སོ།། བསོད་པ་དག་སྦྱིན་པར་གཞོན་རབས་རྣམས་ཏེ། དེ་ལྟར་ཚུལ་དེ་ལྟ་བུས་དགེ་སློང་རྣམས་ཟས ་བང་བྱེད། ། འདག་སང་མ་ཐང་བགང་མེ་པ་དང་པས་དང་པལན་ཡང་བསྟན་པ་དག་བྱ།། ཉམ་གས་པ་ལན་ཐ~ཾད་སྦྱིན་པ་དག་ཟུག། མག་དུས་པ་ལནག་ལྡན་པ་དག་ཟུས་པར་བྱེད་ཅི། ཉིམ ་པ་ལ་ནི་ལམ་སྲང་གི་སྤྱོད་ཡུལ་ལ་མཁས་པར་བྱེད་དོ། ། དེས་རིམ་པར་བླགས་པ་དེ་བཞིན་དུ་དགེ་འདུན་རྣམས་ཟས་ལ་བཀོད་པ་ན་རྒན་རིམས་ཇི་ལྟ་བ་བཞིན་དང་། རིམ་པར་བླགས་པ་ཇི་ལྟ་བ་བཞིན་དུ་ཐོད་རྒལ་མེད་པར་གྱུར་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེའི་ཉན་ཐོས་ཀྱི་དགེ་སློང་རྣམས་གནས་མལ་འབོག་པ་རྣམས་དང་། ཟས་ལ་བསྐོས་པ་རྣམས་ཀྱི་ནང་ན་གྱད་བུ་ནོར་འདི་མཆོག་ཡིན་ནོ།། དེའི་ཚེ་དགེ་སློང་མདའ་བོ་དང་། ས་ལས་སྐྱེས ་གཉིས་ལྗོངས་ཆུ་ཞིང་འགྲོ་བ་ན་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་དེ་གཉིས་ཀྱི་གནས་མལ་དང་། གནས་ཁང་ཡང་བསྐོས་སོ།། དེ་ནས་ནམ་ནངས་པ་དང་། མཛའ་བོ་དང་། ས་ལས་སྐྱེས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ་ཚེ་དང་ལྡན་པ་དག་ཟས་ལས་སྐོ་བ་སུ་ཡོད། དགེ་སློང་ཞིག་གིས་དེ་གཉིས་ལ་སྨྲས་པ། གྱད་བུ་ནོར་ཡིན་ནོ།། དེ་གཉིས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ།། གྱད་བུ་ནོར་བདག་ཅག་གི་ཟས་སྐོས་ཤིག། དེ་ནས་ཚེ་དང་ལྡན་པ ་གྱད་བུ་ནོར་གྱིས་དེ་གཉིས་ཉི་མ་དང་པོ་ལ་ཟས་བསོད་པ་སྦྱིན་པ་དག་ཏུ་བསྐོས་སོ། ། དེ་ནས་མཛའ་བོ་དང་ས་ལས་སྐྱེས་སྔ་དྲོ་ཆོས་གོས་བགོས། ལྷུང་བཟེད་ཐོགས་ནས་སྦྱིན་བདག་གི་ཁྱིམ་གང་ན་པར་དོང་ངོ་།། ཁྱིམ་བདག་དེ་ཡང་བུ་གཅིག་པ། སྡུག ་པཡིད་དུ་འོང་བ་ཤི་བས་དེ་བུ་ཤི་བའི་མྱ་ངན་གྱིས་གདུངས་པའི་ཕྱིར་དགེ་སློང་གི་ཟས་བཤམ་པ་མ་བྱས་སོ། ། དེ་གཉིས་ཀྱིས་ཀྱང་མ་བརྟགས་པར་འོངས་པ་ཁྱིམ་བདག་གིས་མཐོང་ངོ་།། མཐོང་ནས་ཀྱང་ཁྱིམ་གྱི་མི་རྣམས་ལ་སྨྲས་པ། དགེ་སློང་དག་གི ་ཕྱིར་ཟས་བཤམས་པ་ཅུང་ཟད་ཡོད་དམ། དེ་དག་གིས་སྨྲས་པ། མ་མཆིས་སོ།། དེས་འདི་སྙམ་དུ་རེ་ཤིག་བུ་ཤི་བ་འདི་ཡང་ཕུང་བྱས་པ་གཅིག་ཡིན་ན། གཉིས་པ་གོ་ཅིའི་ཕྱིར་བྱ་སྙམ་དུ་བསམས་སོ།། དེ་ལྟར་བསམས་ནས་ཀྱང་དེས་ཁ་ཟས་ངན་པ་ཞིག་པུ ་ལོ་དེ་གཉིས་ཀྱིས་ཀྱང་ཟོས་སོ། ། ཟོས་ནས་ཀྱང་དེ་གཉིས་ཀྱིས་འདི་སྙམ་དུ་བདག་ཅག་གིས་ཐོས་པ་ཡང་གཞན་ལ། མྱོང་བ་ཡང་གཞན་དུ་གྱུར་ཏེ་ཟས་ངན་པ་དག་ཟོས་པར་གྱུར་མོད་ཀྱི། འོན་ཀྱང་སང་ནི་ཟས་བསོད་པ་བཟའ་བར་བྱའོ་སྙམ་དུ ་བསམས་སོ། ། དེ་གཉིས་ཉི་མ་གཉིས་པ་ལ་སྦྱིན་བདག་འབྲིང་དག་སྦྱིན་པར་བསྐོས་དེ་དེར་དོང་བ་ལས་ཞེས་བྱ་བ་ནས། དེར་ཡང་ཉེས་པ་དེ་བཞིན་དུ་གྱུར་ཏོ་ཞེས་བྱ་བའི་བར་དུའོ།། ཉི་མ་གསུམ་པ་ལ་སྦྱིན་བདག་ངན་པ་དག་སྦྱིན་པ་དེར་བསྐོས་སོ།། ། ་དགྲ་བཅོམ་པ་རྣམས་ནི་མ་དགོངས་པར་ཡེ་ཤེས་གཟིགས་པ་མི་འཇུག་པ་ཡིན་ལ། དེ་གཉིས་ཀྱིས་ཀྱང་ཁཟས་ངན་པ་དག་ཟོས་པས་དེ་དག་ལུས་ཤིན་ཏུ་རྡུང་བར་གྱུར་ཏོ།། དེ་ནས་དགེ་སློང་མདའ་བོ་དང་། ས་ལས་སྐྱེས་གཉིས་ཀྱིས་འདི་སྙམ་དུ ་ཀྱེ་མའོ་སྡུག་བསྔལ་ལོ། ། ཀྱེ་མའོ་མི་བཟད་དེ། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་བསམས་བཞིན་དུ་བདག་ཅག་གཉིས་ལན་གསུམ་གྱི་བར་དུ་ཁ་ཟས་ངན་པ་ཟར་བཅུག་པས་ཐོ་བརྩམས་ཏེ་ལུས་ཤིན་ཏུ་རྗུད་པར་གྱུར་གྱིས། བརྐུ་ཐབས་འགའ་ཞིག་བྱའོ། ་སྙམ་དུ་བསམས་སོ།། དེའི་ཚེ་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱི་སྲིང་མོ་དགེ་སློང་མ་མཛའ་མོ་ཞེས་བྱ་བ་རྒྱལ་པོའི་ཁབ་ན་དགེ་སློང་མིའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བ་ན་འདུག་གོ།། དེ་ནས་དགེ་སློང་མ་མཛའ་མོས་དགེ ་སློང་མངའ་བོ་དང་། ས་ལས་སྐྱེས་གཉིས་ག་ལ་དེར་སོང་སྟེ་བྱིན་ནས། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་ཅིག་ཏུ་འདུག་གོ། དགེ་སློང་མ་མདའ་མོ་ཕྱོགས་ཅིག་ཏུ་འདུག་པ་ན་། ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་གཏམ་འདྲེ་བར་མི་བྱེད། བབས་པར་སྨྲ་བར་མི་བྱེད། ལྟ་བར་མི་བྱེད། རྣམ་པར་ལྟ་བར་མི་བྱེད་དོ།། དེ་ནས་དགེ་སློང་མ་མདའ་མོས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ལ་འདི་སྐད་ཅེས ་སྨྲས་སོ། ། འཕགས་པ་དག་ཅིའི་སླད་དུ་བདག་ལ་གཏམ་འདྲེ་བར་མི་མཛད། ཕེབས་པར་སྨྲ་བར་མི་མཛད། ལྟ་བར་མི་མཛད། རྣམ་པར་ལྟ་བར་མི་མཛད། སྲིང་མོ་ཁོ་བོ་ཅག་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ལན་གསུམ་གྱི་བར་དུ་ཁ་ཟས་ངན ་པས་ཐོ་བརྩམས་ཏེ། ལུས་ཤིན་དུ་དྲུད་པར་བླར་ན། དེ་ཁྱོད་ཀྱིས་ཕལ་བར་དོར་ངམ། འཕགས་པ་དག་འོན་དེ་ལ་བདག་གིས་ཅི་ཞིག་བགྱི་སྲིང་མོ་ཁྱོད་ཚུར་ཤོག། བཅོམ་ལྡན་འདས་གལ་བ་དེར་སོང་ལ་བཅོམ་ལྡན་འདས་ལ་འདི ་སྐད་ཅེས་བཙུན་པ་འདི་ལྟར་འཕགས་པ་གྱད་བུ་ནོར་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕས་ཕམ་པ་བྱུང་བ་དེ་ནི་མི་མཛེས་ཤིང་ཚུལ་དང་འཐུན་པ་མ་ལགས་སོ་ཞེས་སྨོས་ཤིག་དང་། ཁོ་བོ་ཅག་གཉིས་ཀྱིས་ཀྱང་བཅོམ་ལྡན་འདས་དེ་དེ་བཞིན ་ནོ། བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱི་སྲིང་མོས་ཇི་སྐད་གསོལ་པ་དེ་ཁོ་ན་བཞིན་དུ་བདག་ཅག་གཉིས་ཀྱིས་ཀྱང་འཚལ་ཏེ་ཞེས་སྨྲ་བར་བྱའོ།། དེ་སྐད་ཅེས་སྨྲས་པ་དང་། དགེ་སློང་མ་མཛའ་མོས་དེ་གཉིས་ལ་འདི་སྐད་ཅེས་སྨྲས ་སོ། ། འཕགས་པ་དག་བདག་གིས་དགེ་སློང་དག་པ་ལྟུང་བ་མ་མཆིས་པ་ལ་གཞི་མ་མཆིས་པར་ཕས་ཕམ་པར་འགྱུར་བའི་ཆོས་ཀྱིས་ཇི་ལྟར་སྐུར་པ་གདབ། སྲིང་མོ་ཁྱོད་ཅི་སྲིད་དུ་དེ་སྐད་མི་ཟེར་བ་དེ་སྲིད་ཀྱི་བར་དུ་ཁོ་བོ་ཅག་གཉིས་ཁྱོད་ལ་གཏམ་འདྲེ ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད། ལྟ་བར་མི་བྱེད། རྣམ་པར་ལྟ་བར་མི་བྱེད་དོ།། དེ་ནས་དགེ་སློང་མ་མཛའ་མོ་ཡུད་ཙམ་ཞིག་ཅང་མི་སྨྲ་བར་འདུག་ནས། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ལ་འདི་སྐད་ཅེས་སྨྲས་སོ་འཕགས་པ་དེ་ལྟ་ན ་བདག་གིས་བགྱི་བ་གང་ལེགས་པ་དེ་བགྱིའོ། ། སྲིང་མོ་ཁྱོད་དེའི་ཕྱིར་ཇི་སྲིད་དུ་ཁོ་བོ་ཅག་གཉིས་བཅོམ་ལྡན་འདས་གང་ན་བ་དེར་མ་སོན་པ་དེ་སྲིད་དུ་སྡོད་ལ། དེའི་འོག་ཏུ་ཁྱོད་ཤོག་ཤིག། དེ་ནས་དགེ་སློང་མཛའ་བོ་དང་། ས་ལས ་སྐྱེས་གཉིས་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་ཅིག་ཏུ་འདུག་གོ།། དེ་ནས་དགེ་སློང་མ་མཛའ་མོས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་དོད ་ནས་རིང་པོ་མ་ལོན་པར་རིག་པ་དང་། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་ཅིག་ཏུ་འདུག་གོ། ཕྱོགས་ཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དགེ་སློང་མ ་མཛའ་མོས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་འདི་ལྟར་འཕགས་པ་གྱད་བུ་ནོར་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕས་ཕམ་པ་བྱུང་བ་དེ་ནི་མི་མཛེས་ཤིང་ཚུལ་དང་འཐུན་པ་མ་ལགས་སོ།། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱིས་ཀྱང་འདི ་སྐད་ཅེས་གསོལ་ཏོ། ། བཙུན་པ་དེ་དེ་བཞིན་ནོ།། བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅིག་གཉིས་ཀྱི་སྲེང་མོས་ཇི་སྐད་གསོལ་པ་དེ་ཁོ་ན་བཞིན་དུ་བདག་ཅག་གཉིས་ཀྱིས་ཀྱང་འཚལ་ཏོ།། དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་འཁོར་དེ་ཉིད་དུ ་འདུས་པར་གྱུར་ཏེ་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་བཀའ་སྩལ་པ། གྱད་བུ་ནོར་ཁྱོད་ཀྱིས་དེ་ཟོས་སམ། བཅོམ་ལྡན་འདས་བདག་གིས་ཐོས་ལགས་སོ།། གྱད་བུ་ནོར་ཁྱོད་ཀྱི་དེ་ཇི་ལྟ་བུ་ཡིན། བདག་ཇི་ལྟ་བུ་ལགས་པ ་དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏོ། ། བདག་གི་ཇི་ལྟ་བུ་ལགས་པ་དེ་བདེ་བར་གཤེགས་པས་མཁྱེན་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གྱད་བུ་ནོར་ཁྱོད་ཀྱིས་དྲན་ན་དྲན་ནོ་ཞེས་སྨྲོས་ཤིག། ཁྱོད་མི་དྲན་ན་མི་དྲན་ནོ་ཞེས་སྨྲོས་ཤིག། བཅོམ་ལྡན ་འདས་མི་དྲན་ལགས་སོ། ། བདེ་བར་གཤེགས་པ་མི་དྲན་ལགས་སོ།། དེའི་ཚེ་ཚེ་དང་ལྡན་པ་སྒྲ་གཅན་ཟིན་བཅོམ་ལྡན་འདས་ཀྱིས་སྣམ་ལོགས་ན་རྔ་མའི་བསིལ་ཡབ་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་གོ། དེ་ནས་ཚེ་དང་ལྡན་པ་སྒྲ་ཅན ་ཟིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་འདི་ལྟར་དགེ་སློང་མ་མཛའ་མོ་བཅོམ་ལྡན་འདས་ག་ལ་བ་དེར་མཆིས་ཏེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་བཙུན་པ་འདི་ལྟར་འཕགས་པ་གྱད་བུ་ནོར་བདག་དང་ལྷན་ཅིག་མི་ཚངས ་པར་སྤྱད་དེ་པས་ཕམ་པ་བྱུང་བ་དེ་ནི་མི་མཛེས་ཤིང་ཚུལ་དང་འཐུན་པ་མ་ལགས་སོ་ཞེས་མཆི་ལ། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱང་འདི་སྐད་ཅེས་བཅོམ་ལྡན་འདས་དེ་དེ་བཞིན་ནོ།། བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག ་གཉིས་ཀྱི་སྲིང་མོས་ཇི་སྐད་གསོལ་པ་དེ་ཁོ་ན་བཞིན་དུ་བདག་ཅག་གཉིས་ཀྱིས་ཀྱང་འཚལ་ཏོ་ཞེས་མཆིན། ཚེ་དང་ལྡན་པ་གྱད་བུ་ནོར་ལ་སྤ་ཅི་འཚལ། སྦ་གཅན་ཟིན་དེའི་ཕྱིར་ན་དེ་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ཁོ་ན་བཞིན་དུ་ལན ་ཐོབ་ཤིག། གལ་ཏེ་དགེ་སློང་མ་མཛའ་མོ་དེ་གངན་བ་དེར་བོངས་ཏེ་བྱིན་ནས་འདི་སྐད་ཅེས་བཙུན་པ་འདི་ལྟར་འཕགས་པ་སྒྲ་གཅན་ཟིན་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཟས་ཕམ་པ་བྱུང་བ་དེ་ནི་མི་མཛེས་ཤིང་ཚུལ་དང་འཐུན་པ་མ ་ས་སོ་ཞེས་ཟེར་ལ། དགེ་སློང་མངའ་བ་དང་། ས་ལས་སྐྱེས་གཉིས་ཀྱིས་ཀྱང་བད་སྐད་ཅེས་བཅོམ་ལྡན་འདས་དེ་དེ་བཞིན་ནོ།། བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱིས་ཀྱང་སྲུང་མོས་ཇི་སྐད་གསོལ་པདེ་ཁོ་ན་བཞན ་ནས་ཟེར་ན། དེ་ལ་མ་ས་ཅན་ཟིན་ཁྱོད་ཀྱིས་སྐད་ལན་ག་བ་པར་བྱ། བདུན་པ་བདག་གིས་ད་སྐད་ཅེས་དྲན་ཡང་དྲ་ན་ནས་གསོལ་ལོ།། བདུན་ན་ཡང་མིངན་ན་ནས་གསལ་ལོ།། དཤིག་སྐྱེས་བུ་བླུན་པོ་ཁྱོད་ཀྱིས་ཀྱང་དོན་དུ་སྨྲབ ་བྱུ་ན། དགེ་སློང་ཀྱད་བུ་ནོར་དག་པསྲུང་བ་མེད་པས་ཅིའི་ཕྱིར་སྨྲ་བར་མེ་བྱ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་གྱད་བུ་ནོར་ནི་དྲན་པ་དང་ལྡན་པར་ཟུང་ཤིག། དགེ་སློང་མམ ་མ་ནི་རང་གིས་ཁས་བླངས་པས་བསྙིལ་བར་གྱིས་ཤིག། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ལ་ན་ཅི་ཞིག་མ་མཐོང་། ཇི་ལྟར་མཐོང་། གང་དུ་མཐོང་། གང་ན་མཐོང་། ཁྱེད་གཉིས་ཅིའི་ཕྱིར་དེར་སེཾན་ཅེས་ལེགས་པར་རབ་ཏུ་སྲ་ཞིང ་བརྟགས་པར་གྱིས་ཤིག་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་གདན་ལས་བཞེངས་ཏེ་ནང་དུ་ཡང་དག་འདོག་གབྱར་གཙུག་ལ། ཁང་དུ་གཤེགས་སོ།། དེ་ནས་དགེ་སློང་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ནད་དུ་ཡང་དག ་ལ་གམ་ནཔ་པོ་མལོན་པར་གནས་ཅོད་དུ་ལྡན་པ་དུ་ནུ་རྟེན་པ་དང་ལྡན་པ་དག་རྦྷ། ད་མང་བྱ་མ་མེན་དགས་པམརྣས་པས་། ང་བ་བང། པམ་ལ་གཞན ་ལྟར་མཆོད། གང་དུ་མཐོང། གང་ན་མཐོང་། ཁྱེད་གཉིས་ཅིའི་ཕྱིར་དེར་སོན་ཅེས་ལེགས་པར་རབ་ཏུ་སྨྲས་ཤིང་བརྟགས་སོ།། ལེགས་པར་རབ་ཏུ་སྨྲས་ཤིང་བརྟགས་པ་ན་དེ་གཉིས་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག་ཚེ་དང་ལྡན ་ར་བུ་ནོར་ལ་མེ་ཚངས་པར་སྤྱོད་པའི་ཕས་ཕམ་པ་མ་བྱུང་མོད་ཀྱི། བོན་ཀྱང་བདག་ཅག་ཚེ་དང་ལྡན་པ་གྱད་བུ་ནོར་གྱེས་ལན་གསུམ་གྱི་བར་ཁ་ཟས་ངན་པ་ཟར་བཅུག་པས་ཐོབ་རྩམས་ཏེ། ལུས་ཤིན་དུ་རྡུང་པར་གྱུར་ཏེ་ཞེས་བྱ་བའི་བར་དང་།། ་དེགཉིས་ཀྱིས་འདི་སྙམ་དུ་ཀྱེ་མའོ་སྡུག་བསྔལ་ལོ།། ཀྱེ་མའོ་མི་བཟད་དོ།། ཚེ་དང་ལྡན་པ་པརྒྱད་བུ་ནོར་གྱིས་བསམས་བཞིན་དུ་ཞེས་བྱ་བ་ནས་ལན་གསུམ་གྱི་བར་དུ་ཁ་ཟས་ངན་པ་ཟར་བཅུག་པས་ཤིན་ཏུ་རྗུད་པར་གྱུར་པས་བཅུ་ཐབས་འགའ་ཞིག ་བྱའོ་ཞེས་བསམས་ཏེ། བདག་ཅག་གིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་འདུན་པས་སྨྲས་པ། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་སྤྲས་པར་ཟད་ཀྱི། ཚེ་དང་ལྡན་པ་གྱད་བུ་ནོར་ལ་མི་ཚངས་པར་སྤྱད་པའི་ཕས་ཕམ་པ་མ་བྱུང་སྟེ། འདི་ལྟར་ཚེ་དང ་ལྡན་པ་གྱད་བུ་ནོར་དག་པ་ལྟུང་བ་མེད་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མི་གཏི་མུག་ཅན་དེ་དག་གཉིས་ཀྱིས་འདི་ལྟར་ཟད་ཟིང་དྲུང་ཟད་ས་གྱི་རྒྱུས་ཤེས་བཞིན ་དུ་བརྫུན་གྱི་ཚིག་སྨྲས་པར་གྱུར་ཏོ། ། དེ་ཡང་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ཉིད་ལས་ཚིགས་སུ་བཅད་པ་གཉིས་བཀའ་སྩལ་པ། ལུས་ཅན་བརྫུན་དུ་སྨྲ་བ་ཡི།། ཚེས་གཅིག་ལས་ནི་འདས་གྱུར་ཅིང་།། འཇིག་རྟེན་ཕ་རོལ་བཤིག ་པ་ཡིས། ། འདི་ནི་སྡིག་པ་མི་བྱ་མེད།། ལུགས་སྒོང་མེ་ལྕེ་འདྲ་བ་དག། ཟོས་པར་གྱུར་པ་ཆེས་བླ་ཡི།། ཚུལ་འཚལ་ཡང་དག་སྡོམ་མེད་པས།། ཡུལ་འཁོར་བསོད་སྙོམས་ཟ་བ་མིན།། དེ་ནས་ནམ་མཁའིའ་དཀྱིལ་ན་གནས་པའི ་ལྷ་རྣམས་ཀྱིས་ཀྱེ་མའོ་ཨ་ལ་ལ་རྙེད་པ་དང་། བཀུར་སྟི་འདི་ནི་མི་བཟད་པའོ།། མཆོག་ཀུ་མི་བཟད་པའོ་ཞེས་བྱ་བ་ནས། ཟང་ཟིད་ཅུང་ཟད་ཙམ་གྱི་རྒྱུས་དགེ་སློང་ལ་སྐུར་བ་འདེབས་པར་བྱེད་པ་ནི་ངན་པའོ།། ངན་པའོ་ཞེས ་སྨྲས་སོ། ། དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ཉེས་མེད་སྲིད་གསུམ་གྲོལ་བ་ཡི།། ནོར་ལ་བའི་སྐུར་པ་བཏབ་པའི་ཕྱིར།། འཇིག་རྟེན་དག་ན་བློ་ལྡན་གང།། འཁོར་བ་ལ་ནི་དགའ་བར་བྱེད།། དེ་ནས་བཅོམ ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གང་ཟག་གསུམ་པོ་འདི་དག་ནི་འདི་དག་མ་སྤངས་ན་ངན་སོང་དུ་འགྲོ། སེམས་ཅན་དམྱལ་བར་འགྲོ་བ་དག་ཡིན་ནོ།། གསུམ་གང་ཞེ་ན། དགེ་སློང་དག་འདི་ལ ་གཅིག་ནི་འདོད་པ་རྣམས་ལ་སྟེན་ཅིང་སྡིག་པ་མི་དགེ་བ་དག་བྱེད་པ་སྟེ། དགེ་སློང་དག་དེ་མ་སྤངས་ན་གང་ཟག་འདི་ནི་ངན་སོང་དུ་འགྲོ་བ། སེམས་ཅན་དམྱལ་བར་འགྲོ་བ་དང་པོ་ཡིན་ནོ།། གཞན་ཡང་དགེ་སློང་དག་འདི་ལ་གང་ཟག་གཅིག་ནི་འདོད ་པ་རྣམས་ནི་གཙང་བའོ། ། འདོད་པ་རྣམས་ནི་བསོད་པའོ།། འདོད་པ་རྣམས་ནི་ལོངས་སྤྱད་པར་བྱའོ།། འདོད་པ་རྣམས་ཉེས་པ་མེད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་སྟེ། དགེ་སློང་དག་དེ་མ་སྤངས་ན་གང་ཟག་འདི་ནི་ངན་སོང་དུ་འགྲོ་བ།། སེམས ་ཅན་དམྱལ་བར་འགྲོ་བ་གཉིས་པ་ཡིན་ནོ། ། གཞན་ཡང་དགེ་སློང་དག་འདི་ལ་གང་ཟག་གཅིག་ནི་བདག་ཉིད་མི་ཚངས་པར་སྤྱོད་པ་བྱེད་ལ། གཞན་དག་ལ་ཡང་གཞི་མེད་པར་མི་ཚངས་པར་སྤྱོད་པའི་ཆོས་སྐུར་པ་འདེབས་པར་བྱེད་པ་སྟེ། ་དགེ་སློང་དག་དེ་མ་སྤངས་ན་གང་ཟག་འདི་ནི་ངན་སོང་དུ་འགྲོ་བ། སེམས་ཅན་དམྱལ་བར་འགྲོ་བ་གསུམ་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན ་ཡང་འདི་སྐད་བཀའ་སྩལ་ཏོ། ། སྐྱེས་བུ་སྐྱེས་པའི་ཁ་ནས་ནི། ངག་གིས་ཚིག་ངན་རྗོད་བྱེད་པའི།། སྟར་འབྱུང་ཞིང་དེ་ཡིས་ནི།། བདག་ཉིད་གཅོད་པར་བྱེད་པར་འགྱུར།། གང་ཞིག་སྤད་བྱ་སྟོད་བྱེད་ཅིང་།། བསྟོད་བྱ་རྣམས་ལ་སྨོད་བྱེད ་པ། དེ་ཡི་ཁ་ནས་ཕུར་ཁྲོལ་སྐྱེད།། པར་ཁྲོལ་ཅན་གྱིས་བདེ་མི་མྱོང་།། གང་འདིར་ཆེ་ལོས་དང་ནོར་ཟད་བྱེད་པ།། དེ་ནི་ཕུང་ཀྲོལ་ཅུང་ཟད་ཙམ་དུ་ཟད།། གང་ཞིག་བདེ་བར་གཤེགས་ལ་ཡིད་རབ་འཁྲུག། དེ་འདིར་ཕུང་ཀྲོལ་ཤིན་དུ ་ཆེན་པོ་ཡིན། ། གང་ཡིད་འཕགས་པས་སྨད་པའི་སྡིག་གནས་ན།། བྱེ་བ་བརྒྱ་ཕྲག་སྟོང་ཕྲག་དུད་ཕྱུར་ཕྲག། སུམ་བཅུ་དྲུག་དང་ལྔ་པོ་ཇེ་སྙེད་པར།། སེམས་དམྱལ་ཆུ་བུར་ཆུ་བུར་རྡོལ་བར་འགྲོ།། གང་གི་ཚེ་དགེ་འདུན་གྱིས་དགེ་སློང ་མམཛའ་མོ་ནི་རང་གིས་ཁས་བླངས་པས་བསྙིལ། མཛའ་བོ་དང་ས་ལས་སྐྱེས་ལ་ནི་ལེགས་པར་རབ་ཏུ་དྲིས་པ་དེའི་ཚེ། དགེ་སློང་མ་རང་བཞིན་དུ་གནས་པ་རྣམས་ཚེ་དང་ལྡན་པ་གྱད་བུ་ནོར་གྱི་བསྔགས་པ་ནི་སྨྲ་བར ་བྱེད། དགེ་སློང་མ་མཛའ་མོ་ལ་ནི་བསྔགས་པ་མ་ཡིན་བརྗོད་པར་བྱེད་དོ།། དེ་ནས་དགེ་སློང་མ་མཛའ་མོའི་ཕུ་ནུ་མོ་དགེ་སློང་མ་མཛའ་ཅན་མ་ཞེས་བྱ་བ་དགེ་སློང་མ་མཛའ་མོའི་བསྔགས་པ་མ་ཡིན་བརྗོད་པ་དེའི་ཚེ་དགེ་སློང ་མ་རྣམས་ལ་ཁྲོས་འཁྲུགས་རྣམ་པས་དགེ་སློང་མ་རྣམས་ལ་ཡང་གཞི་མེད་པར་ཕས་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདབས་ཤིང་དགེ་སློང་མ་རྣམས་སྤ་འགོད་པར་བྱེད་དོ། ། སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ ་སློང་དག་ལ་སྨྲས་པ་དང་། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུ་རྒྱས ་པར་བརྗོད་པར་བྱའོ། ། ཡང་དགེ་སློང་གང་ཞིག་ཁྲོས་ཤིང་ཞེ་སྡང་མ་སྤངས་པས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་། དབྲལ་ལོ་སྙམ་ནས་དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་བཞི་མེད་པར་ཕས་ཕམ་པར་འགྱུར་བའི ་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲི་ཀྱང་དུ་མ་དྲིས་ཀྱང་བརྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ། དགེ་སློང་མ་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན་ཡང་ཆོས་འདི་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། དེས ་པར་འབྱུང་བ་དང་བཅས་པ་དགེ་འདུན་ལྷག་མའོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་མཛའ་མོའོ།། ཁྲོས་ཤིང་ཞེས་བྱ་བ་ནི་འཁྲུགས་པ་དང་། རྔམ་པ་དང་། ནད་པ་དང་། ཡིད་མ་རངས་པའོ།། ཞེ་སྡང་མ་སྤངས་པས ་ཞེས་བྱ་བ་ནི་འཁྲུགས་པ་མ་བསེལ་བར་རོ། ། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དཔྲལ་ལོ་ཞེས་བྱ་བ་ནི་ཅི་ནས་ཀྱང་འདི་དགེ་སྦྱོང་གི་ཚུལ་དང་དབྲལ་ལོ་སྙམ་ནས་སོ།། དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་ཞེས་བྱ། ་པ་ནི་གཞི་དེའི་ལྟུང་བ་མེད་པའོ།། གཞི་མེད་པར་ཞེས་བྱ་བ་ནི་གཞི་གསུམ་པོ་མཐོང་བའི་གཞི་དང་། ཐོས་པའི་གཞི་དང་། དགོས་པའི་གཞི་མེད་པར་རོ།། ཕས་ཕམ་པར་གྱུར་པ་ཞེས་བྱ་བ་ནི་བརྒྱད་པོ་གང་ཡང་རུང་བས་སོ།། ་ཆོས་ཀྱིས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྔར་གསུངས་པ་ཡིན་ནོ།། སྲུར་པ་ལས་ཞེས་བྱ་བ་ནི་སྐུར་པ་བཏབ་པ་ལས་སོ།། དེ་དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་གཞན་ནའོ།། རིས་ཀྱང་རུང་ཞེས་བྱ་བ་ནི་གཞན་དག ་གིས་སོ། ། མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་དེ་རང་ཉིད་འགྱོད་པ་དང་། ཅུང་ཟད་འགྱོད་པ་དང་། རྣམ་པར་འགྱོད་པ་དང་། ཡིད་ལ་གཅགས་པ་སྐྱེས་ནས་སོ།། རྩོད་པ་དེ་ཡང་ཞེས་བྱ་བ་ནི་རྩོད་པ་བཞི་པོ་འགྱོད་པའི་ཕྱིར་རྩོད་པ་དང་། མེ ་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ།། གཞི་མེད་པ་ཡིན་ལ་ཞེས་བྱ་བ་ནི་གཞི་གསུམ་པོ་དག་མེད་པ་ཡིན་པ་ལའོ།། དགེ་སློང་མ་ཞེ་སྡང་ལ་གནས་པས་ཞེས་བྱ་བ་ནི་དགེ་སྦྱོང་གི ་ཚུལ་དང་དཔྲལ་བར་འདོད་པས་སོ། ། ཞེ་སྡང་གིས་སྨྲས་སོ་ཞེས་བྱ་བ་ནི་ལྷག་པར་ཡང་དགེ་སྦྱོང་གི་ཚུལ་དང་དཔྲལ་བར་འདོད་པས་སོ།། ཆོས་འདི་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་བསྟན་པའོ།། དང་པོ་ཉིད་ཀྱི ་ལྟུང་བར་འགྱུར་ལ་ཞེས་བྱ་བ་མོད་ལ་ལྟུང་བར་འགྱུར་བའོ། ། ངེས་པར་འབྱུང་བ་དང་བཅས་པ་ཞེས་བྱ་བ་ནི་རྟོན་པ་དང་བཅས་པའོ།། དགེ་འདུན་ལྷག་མ་ཞེས་བྱ་བ་ནི་ལྟུང་བ་དེ་གཉིས་གའི་དགེ་འདུན་ལ་རག་ལས་པ་དང་།། ་གཉིས་གའི་དགེ་འདུན་དང་འབྲེལ་བ་དང་། གཉི་གའི་དགེ་འདུན་ལ་རྟོན་པ་ཡིན་ཏེ། ལྟུང་བ་དེ་གཉི་གའི་དགེ་འདུན་ལས་ལྡང་བར་འགྱུར་གྱི་གང་ཟག་ལས་ནི་མ་ཡིན་པའོ།། ཡང་ན་པས་ཕམ་པར་འགྱུར་བ་བརྒྱད་པ ་ནི་ལྷག་མ་མེད་པ་ཡིན་ལ། ལྟུང་བ་འདི་ནི་ལྷག་མ་དང་བཅས་པ་ཡིན་པ་དེའི་ཕྱིར་ལྷག་མ་དང་བཅས་པ་ཞེས་བྱའོ།། དེ་ལ་ཇི་ལྟར་ལྟུང་བར་འགྱུར་ཞེ་ན། གང་ཟག་དག་པ་ལ་སྐུར་པ་འདེབས་པ་ལ་གཞི་བཅུས་ནི་ལྟུང ་བར་འགྱུར་ལ། གཞི་ལྔས་ནི་ལྟུང་བར་མི་འགྱུར་རོ།། ཇི་ལྟར་གཞི་བཅུས་ལྟུང་བར་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པར་འདུ་ཤེས་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ ་བསྐུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་ངོ་། ། བདག་གིས་ཐོས་སོ།། བདག་དོགས་སོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་རོ།། དེ་ཐོས་ལ་དེ་ཡང་བརྗོད་པ་དང་། དེ་དོགས་པ་དེ་ལ་ཡང་བརྗོད་བཞིན་དུ་འདུ་ཤེས་བསྐུར ་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་བདག་གིས་ཐོས་ཏེ་དེ་ཡང་མ་བརྗོད་དོ།། བདག་དོགས་ཏེ་དེ་ཡང་མ་བརྗོད་དོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདྲན་ལྷག་མར་འགྱུར་རོ།། ཐོས་པ ་ལ་ཡིད་ཆེས་ནས་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལི་ཡིད་མཆེས་པར་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཟོས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་མི་དོགས་པ་ན་བདག་གིས ་མཐོང་ངོ་ཞེས་ཟེར་བ་དང་། དོགས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་ན་བརྗོད་དེ་ཅོག་དགེ་འདུན་ལྷག་མར་འགྱུར་ཏེ། དེ་ལྟར་གཞི་བཅུས་ལྟུང་བར་འགྱུར་རོ།། ཇི་ལྟར་གཞི་ལྔས་ལྟུང་བར་མི་འགྱུར་ཞེ་ན། དེས་མ་མཐོང་བ ་དང་། མ་ཐོས་པ་དང་། མི་དོགས་པ་ལ་དེས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་གིས་མཐོང་ངོ་།། ཐོས་སོ།། དོགས་སོ་ཞེས་ཟེར་ན་ལྡང་བར་མི་འགྱུར་རོ།། ་དེས་ཐོས་ལ་དེ་ཡང་བརྗེད་པ་དང་། དེ་དོགས་ལ་དེ་ཡང་བརྗེད་པ་ལ་དེས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་སྦྱར་བར་འདི་སྐད་ཅེས་བདག་གིས་ཐོས་ཏེ་དེ་ཡང་མ་བརྗེད་དོ།། བདག ་དོགས་ཏེ་དེ་ཡང་མ་བརྗེད་དོ་ཞེས་ཟེར་ན་ལྟུང་བར་མི་འགྱུར་རོ། ། དེ་ལྟར་གཞི་ལྔས་ལྷུང་བར་མི་འགྱུར་རོ།། ཇི་ལྟར་གང་ཟག་དག་པ་ལ་སྐུར་པ་འདེབས་པ་ལ་གཞི་བཅུས་ལྷུང་བར་འགྱུར་ལ། གཞི་ལྔས་ལྟུང་བར་མི་འགྱུར་བ་དེ་བཞིན་དུ་གང ་ཟག་དག་པ་མ་དག་པ་ལྟར་བཅོས་པ་ལ་སྐུར་པ་འདེབས་པ་ལ་ཡང་གཞི་བཅུས་ལྟུང་བར་འགྱུར་ལ། གཞི་ལྔས་ལྟུང་བར་མི་འགྱུར་རོ།། གང་ཟག་མ་དག་པ་ལ་སྐུར་པ་འདེབས་པ་ལ་ནི་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ། གཞི ་དྲུག་གིས་ལྟུང་བར་མི་འགྱུར་རོ། ། ཇི་ལྟར་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་ལ་དེས་འདུ་ཤེས་བསྐུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད ་ཅེས་བདག་གིས་མཐོང་ངོ་། ། བདག་གིས་ཐོས་སོ།། བདག་དོགས་སོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་རོ།། དེས་མཐོང་བ་དེ་ལ་ཡང་བརྗོད་པ་དང་། དེས་ཐོས་ལ་དེ་ཡང་བརྗོད་པ་དང་། དེས་དོན་པ་ལ་དེ་ཡང་བརྗེད་པ་ལ་དེས་འདུ ་ཤེས་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་སྟེ་དེ་ཡང་མ་བརྗེད་དོ།། བདག་གིས་ཐོས་ཏེ་དེ་ཡང་མ་བརྗེད་དོ།། བདག་དོགས་ཏེ་དེ་ཡང་མ་བརྗེད་དོ་ཞེས་ཟེར་ན་བརྗོད་དོ། ་ཅོག་དགེ་འདུན་ལྷག་མར་འགྱུར་རོ།། ཐོས་པ་ལ་ཡིད་ཆེས་ནས་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མ་ཆེས་པར་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས ་པ་ལ་མི་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། དོགས་པ་ལ་དོགས་པ་ན་བདག་གིས་མཐོང་དོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་ཏེ། དེ་ལྟར་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་རོ།། ཇི་ལྟར་གཞི་དྲུག་གིས ་ལྟུང་བ་མེད་པར་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་ལ་དེས་འདུ་ཤེས་མ་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་གིས་མཐོང་ངོ་།། ཐོས ་སོ། དོགས་སོ་ཞེས་ཟེར་ན་ལྟུང་བར་མི་འགྱུར་རོ།། དེས་མཐོང་ལ་དེ་ཡང་མ་རྗེད་པ་དང་། དེས་ཐོས་ལ་དེ་ཡང་མ་བརྗོད་པ་དང་། དེ་དོགས་ལ་དེ་ཡང་མ་བརྗོད་པ་ལ་དེས་འདྲ་ཤེས་མ་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། ་རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་གིས་མཐོང་སྟེ་དེ་ཡང་མ་བརྗེད་དོ།། བདག་གིས་ཐོས་ཏེ་དེ་ཡང་མ་བརྗེད་དོ།། བདག་དོགས་ཏེ་དེ་ཡང་མ་བརྗོད་དོ་ཞེས་ཟེར་ན་ལྷུང་བར་མི་འགྱུར་ཏེ། དེ་ལྟར་གཞི་དྲུག་གིས་ལྷུང་བར་མི་འགྱུར ་རོ། ། ཇི་ལྟར་གང་ཟག་མ་དག་པ་ལ་སྐུར་པ་འདེབས་པ་ལ་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ། གཞི་དྲུག་གིས་ལྟུང་བར་མི་འགྱུར་བ་དེ་བཞིན་དུ་གང་ཟག་མ་དག་པ་ལྟར་བཅོས་པ་ལ་སྐུར་པ་འདེབས་པ་ལ་ཡང་གཞི་བཅུ་གཅིག་གིས་ལྷུར ་བར་འགྱུར་ལ། གཞི་དྲུག་གིས་ལྟུང་བར་མི་འགྱུར་རོ།། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། ལས་ཅི་ཞིག་བགྱིས་ན་ཞེས་བྱ་བའི་བ་ངནས་སྔོན་གྱི་རབས་རྣམས་རྒྱ ་ཆེར་བརྗོད་པར་བྱའོ། ། ལས་ཅི་ཞིག་བགྱིས་ན་གནས་མལ་འབོག་པ་དང་། ཟས་ལ་སྐོ་བ་གང་ལགས་པར་གྱུར་ཅིང་། དགྲ་བཅོམ་པ་ཉིད་ཐོབ་ཀྱང་སྐུར་པ་བཏབ་པར་གྱུར་ཅིག་ཇི་ལྟར་དགེ་སློང་གི་རྣམ་པར་འབྱེད་པ་བཞིན་དུ་རྒྱ་ཆེར ་བརྗོད་པར་བྱའོ། ། དགེ་སློང་མ་འདུལ་བ་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་གཉིས་པ་རྫོགས་སྷོ།། ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ།། ་གང་གི་ཚེ་ཨུ་ཏྤ་ལའི་མདོག་དགེ་བའི་བཤེས་གཉེན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བརྟེན་ནས་སྨད་པིའི་ལས་རྣམས་སྤངས་ནས་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་པ་དེའི་ཚེ་དེ་ཉིད་གཅིག་བཞིན་དུ་དུས་གསུམ་དུ་བཅོམ ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ། ། དགེ་སློང་ཡིད་ཆེས་པ་རྣམས་ནི་དེ་ཚེ་དང་ལྡན་པ་གྱད་བུ་ནོར་ལ་བདག་ཉིད་ཆེན་པོ་འདི་ནི་རང་གི་ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་དང་། སྙོམས་པར་འཇུག་པ་དག་སྤངས་ཏེ་དགེ་སློང་རྣམས་ལ་ཆོས ་དང་ལྡན་པའི་ཞལ་ཏིའི་ལས་ལ་བརྩོན་པར་བྱེད་པ་ལ་ལྟོས་ཤིག་ལྷག་པར་ཡང་དད་པ་སྐྱེས་པར་གྱུར་ཏོ། ། དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་དང་ཧ་ཅང་ཡང་མི་རིང་བ་ན་རྫིང་བུ་རྡོ་རྩིགས་ཅན་ཞེས ་བྱ་བའི་འགྲམ་ན་ཉིན་མོ་གནས་པར་བྱེད་དོ། ། དེ་ནས་དགེ་སློང་མ་ཨུཏྤ་ལའི་མདོག་ཚེ་དང་ལྡན་པ་གྱང་བུ་ནོར་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་ཅིག་ཏུ་འདུག་གོ། དེའི་ཚེ་ན་ཚེ་དང་ལྡན་པ ་གྱད་བུ་ནོར་གྱི་མོ་གོས་སྣ་སྦྱར་ཚོན་དམར་པོར་གསར་དུ་བཅོས་ཤིང་དགེ་སློང་མ་ཨུཏྤ་པ་ལིའི་མདོག་ཀྱང་སྐྲ་བྲེགས་ནས་རིང་པོ་མ་ལོན་པར་གྱུར་ཏོ། ། དེ་ནས་ཆོས་གོས་སྣམ་སྦྱར་རླུང་གིས་ཁྱེར་ནས་དེའི་མགོ་ལ་འཁྲིས་སོ།། དེའི་ཚེ་ན་རི་དགས་ཞིག་ཀྱང་རི་དགས་མོ་དང་རུང་བའི ་ཆོས་མ་ཡིན་པ་བྱེད་དོ། ། དེ་ན་མཛའ་བོ་དང་ས་ལས་སྐྱེས་ཀྱང་རྫིང་བུ་རྡོ་རྩིགས་ཅན་ན་ཕྱག་དར་ཁྲོད་པ་འཁྲུ་བར་བྱེད་དོ།། མཛའ་བོ་དང་ས་ལས་སྐྱེས་ཀྱིས་དགེ་སློང་མ་ཨུཏྤ་ལའི་མདོག་ཚེ་དང་ལྡན་པ་གྱད་བུ་ནོར་གྱི་རྐང་པ་གཉིས་ལ་ཕྱག་འཚལ་བ་ན། ཚེས་གོས་ཀྱི་མཐའ ་མ་རླུང་གིས་ཁྱེར་བས་མགོ་ལ་འཁྲིས་པ་དང་། རི་དགས་ཞིག་ཀྱང་རི་དགས་མོ་དང་རུང་བའི་ཆོས་མ་ཡིན་པ་བྱེད་པ་ཡང་མཐོང་ངོ་།། མཐོང་ནས་ཀྱང་མཛའ་བོས་ས་ལས་སྐྱེས་ལ་སྨྲས་པ། ས་ལས་སྐྱེས་ཨུཏྤ་ལའི་མདོག་དང་གྱད་བུ་ནོར་ལ་ལྟོས། དེའི་ཚེ་ནི་བདག་ཅག་གིས ་ཆ་མེད་པ་ལས་བརྒལ་གྱི། དེ་ནི་བདག་ཅག་གིས་ཆ་རྙེད་དོ་ཞེས་སྨྲས་ནས། དེ་གཉིས་ཀྱིས་ཆ་དེས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་རྒལ་ཏེ།། དགེ་སློང་རྣམས་ཀྱིས་ཀྱང་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག་གཅིག་ཏུ་ལྷ་དང་མེ་རྣམས་ཡོངས་སུ་བཏང་ནས་གཅིག་ཁོ་ནར ་སེམས་ཅན་དམྱལ་བར་གནས་པར་བྱེད་དམ་ཅི། དེ་གཉིས་ཀྱིས་སྨྲས་པ། བདག་ཅག་ནི་མ་ཉེས་ན་བདག་ཅག་གི་མིག་གིས་ཉེས་གྲང་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་ཅི་ཞིག་མཐོང་ངོ་།། ཇི་ལྟར་མཐོང་། གང་དུ་མཐོང་། གང་ན་མཐོང་། ཁྱེད་གཉིས ་ཅིའི་ཕྱིར་དེར་སོན་ཅེས་ལེགས་པར་རབ་ཏུ་སྨྲས་ཤིང་བརྟག་པར་གྱིས་ཤིག་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། ། དགེ་སློང་རྣམས་ཀྱིས་ཀྱང་དེ་གཉིས་ལ་ལགས་པར་རབ་ཏུ་སྨྲས་སོ།། དེ་གཉིས་ལ་ལེགས་པར་རབ་ཏུ་སྨྲས་ཤིང་བརྟགས་པ་ན། ་དེ་གཉིས་ཀྱིས་འདི་སྐད་ཅེས། བདག་ཅག་གིས་རི་དགས་ཤིག་དང་། རི་དགས་མོ་ཞིག་ཀྱང་མཐོང་། བདག་ཅག་གིས་བྱང་བུ་ནོར་དང་། ཨུཏྤ་ལའི་མདོག་ཀྱང་མཐོང་ནས་ཆ་འདིས་བརྒལ་ཏོ་ཞེས་སྨྲས་སོ།། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ ་གསོལ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བསླབ་པའི་གཞི་བཅའ་བར་མཛད་པ་དེའི་ཚེ་དགེ་སློང་མ་རྣམས་ཀྱིས་ཆ་དེས་ཨུཏྤ་ལིའི་མདོག་ལ་བརྒལ་ཏོ། ། སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གར་ཁྲོས་ཤིང་ཞེ་སྡང་མ་སྤངས་པས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དཔྲལ་ལོ ་ས་ཉམ་ནས་དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་རྩོད་པ་གཞན་གྱི་ཆ་མ་ཡིན་པའི་ཆ་ཅུང་ཟད་ཙམ་གྱི་ཆོས་འགའ་ཞིག་བླངས་ནས་དགེ་སློང་མ་ཕས་ཕམ་པ་མ་བྱུང་བ་ལ་ཕས་ཕམ་པའི་ཆོས་ཀྱིས་སྐུར་བ་ལས་དེ་ཡང་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ ་དྲིས་ཀྱང་རུང་རྩོད་པ་ཉིད་ཀྱང་གཞན་གྱི་ཆ་མ་ཡིན་ཞིང་། རྩོད་པ་དེ་ཡང་གཞན་གྱི་ཆ་མ་ཡིན་པའི་ཆ་ཅུང་ཟད་ཙམ་གྱི་ཆོས་འགའ་ཞིག་བླངས་པར་གྱུར་ལ་དགེ་སློང་མ་ཞེ་སང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན། ཡང་ཆོས་འདི་དང་པོ་ཉིད་ཀྱིས ་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་མཛའ་མོའོ།། ཁྲོས་ཤིང་ཞེས་བྱ་བའི་པར་ནི་སྔ་མ་བཞིན་ནོ།། རྩོད་པ་ཞེས་བྱ་བ་ནི་རྩོ་པ་བཞི་པོ་རྣམས ་ཏེ་སྔ་མ་བཞིན་ནོ། ། གཞན་གྱི་ཆ་མ་ཡིན་པ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ན་མྱ་ངན་ལས་འདས་པའོ།། དེའི་ཚེ་མ་ཡིན་པ་ནི་ཕས་ཕམ་པར་འགྱུར་བའི་ཆོས་བརྒྱད་པོ་དག་གོ། ཆ་ཅུང་ཟད་ཙམ་ཞེས་བྱ་བ་ནི། ་རི་དགས་དང་།། རི་དགས་མོ་དག་ལྟ་བུའོ།། ཆོས་ཤེས་བྱ་བ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སླར་གསུངས་པའོ།། བླངས་ནས་ཞེས་བྱ་བ་ནི་བཟུང་ནས་སོ།། དགེ་སློང་མ་ཕས་ཕམ་པ་མ་བྱུང་བ་ལ་ཞེས་བྱ་བ་ནི ་ཨུཏྤ་ལའི་མདོག་གོ། ། པས་ཕམ་པའི་ཆོས་ཤེས་བྱ་བ་ནི་ཕས་ཕམ་པ་བརྐྱང་པོ་གང་ཡང་རུང་བས་སོ།། སྐུར་བ་ལས་ཞེས་བྱ་བ་ནི་སྐུར་པ་བཏབ་པ་ལས་སོ་ཞེས་བྱ་བ་ནས་གཞི་མེད་པའི་བསླབ་པའི་གནི་ཇི་ལྟ་བ་བཞིན་དུ་ཐམས་ཅད་སྔ་མ་བཞིན ་དུ་བརྗོད་པར་བྱའོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ལྟུང་བ་མེད་པའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། ་ཏོག་པ་དང་། ལྟ་བ་བསྐུར་ཏེ་འདི་སྐད་ཅེས་བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་དགེ་འདུན ་ལྷག་མའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅེས་བྱ་བའི་བར་ནས་བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་པས་ཕམ་པར་འགྱུར་བའི། ་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཕས། ་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར ་འགྱུར་རོ། ། དགེ་སློང་མས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ཉེ་བྱས་ཀྱི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར ་ན་དག་འདུན་ལྷག་མར་འགྱུར་རོ། ། དགེ་སློང་མས་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ལྟུང་བ་མེད་པའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྐུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། ། དགེ་སློང་མས་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཤིང་དེ་དེ་ལ་ཕས་ཕམ་པར་འགྱུར་བའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་པ་མ་པར་འགྱུར། ་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་བྱིན་པ་མཐོང་ཞིང་དེ་དེ་ལ་དགེ་འདུན་ལྷག་མའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྐུར་ཆེར་ཞེས་བྱ་བ་ནས་བདག་གིས ་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ལུང་བྱེད་ཀྱི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྐུར་ཅིང ་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟ་བ ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ཉེས་བྱས་ཀྱི། ་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ལྟུང་བ་མེད ་བའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྐུར་ཅིང་ཞེས་བྱ་བ་ནམ། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་སྲུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ཕས་ཕམ། ་བའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས་བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དེ་མ་བྱེད་ཀྱིས་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་དགེ་འདུན་ལྷག ་མའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདྲ་ཤེས་བསྒྱུར་ཅིང་ཉེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ ་ལྟུང་བྱེད་ཀྱི་ལྟ་བ་ཉིད་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྐྱེད་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྡང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ་འབྱིན་པ་མཐོང ་ཞིང་དེས་དེས་སོ་སོར་བཤགས་པར་བྱ་བའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་པར་འགྱུར་རོ།། དགེ་སློང་མས་བདགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ་འབྱིན ་པ་མཐོང་ཞིང་དེ་དེ་ལ་ཉེས་བྱས་ཀྱིས་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཙོང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་སོ་སོར་བཤགས་པར་བྱ་བའི ་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ལྟུང་བ་མེད་པའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་སོ་སོར་བཤགས ་པར་བྱ་བའི་ལྟུང་པ་འབྱིན་པ་མཐོང་ཞིང་དེ་དེ་ལ་ཕས་ཕམ་པའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས་བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། ། དགེ་སློང་མས་དགེ་སློང་མ་སོ་སོར ་བཤགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་དགེ་འདུན་ལྷག་མའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས་བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ཐུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། ། དགེ ་སློང་མས་དགེ་སློང་མ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུད་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག ་མར་འགྱུར་རོ། ། དགེ་སློང་མས་དགེ་སློང་མ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་སོ་སོར་བཤགས་པར་བྱ་བ་ཉིད་ཀྱི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས་བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་བྱི ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མ་འགྱུར་རོ། ། དགེ་སློང་མ་དགེ་སློང་མ་སོ་སོར་བཤག་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ཉེས་བྱས་ཀྱི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྐུར་ཅིང་ཞེས་བྱ་བ་ནས། བདག་གྲི་དགེ་སློང་མ་ཕས་ཕམ་པར་འགྱུར་བཱི་ལྟུང་བ་བྱིན་པ ་མབོདང་དོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། ། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ལྟུང་བ་མེད་པའི་ལྟ་བ་ཐོབ་ན་སེ་དེས་འདུ་ཤེས་བསྒྱུད་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར ་ནདགེ་འདུན་ལྷག་མར་འགྱུར་རོ། ། དགེ་སློང་མས་དགེ་སློང་མཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ཕས་ཕམ་པར་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་སྲུང་བ་འབྱིན་པ་མཐོང ་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། ། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་དགེ་འདུན་ལྷག་མའི་ལྟ་བ་ཐོབ་པར་གྱུར་ནས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར ་བའི་ལྟུང་པ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། ། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང ་མ་པས་ཕམ་པར་འགྱུར་བའི་སྲུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། ། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས ་བསྐུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ཉེས་བྱས་ཀྱི་ལྟུང ་བ་ཉིད་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ ་འདུན་ལྷག་མ་གསུམ་པ་རྫོགས་སྷོ། ། ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བན་བཞུགས་པོ། དེའི་ཚེ་སྦོམ་དགའ་མེ་ཐོབ་འཚོང་གི་ཁྱེའུ་ཞིག་ལ་ཆགས ་སོ། ། དེ་ནས་སྦོམ་དགའ་མོ་སྤོས་འཚོང་གི་ཁྱེའུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེས་ཇི་ལྟར་དེ་ཡང་ཆགས་པར་འགྱུར་བ་དེ་ལྟ་བུར་བྱས་སོ།། དེ་ཆགས་པས་ཆགས་པ་ལས་ཅུང་ཟད་བདག་གིར་བྱེད་ཅིང་དེ་ཡང་དང་ཡང་དུ་སོང་ནས་བོང་ཅུང་ཟད་ཅིག ་བྱིན་ནས་རིན་མང་དུ་ལེན་ཏོ། ། དེ་ནས་སྤོས་འཚོང་གི་ཁྱེའུ་དེ་འོད་སྙམ་དུ་སེམས་ཏེ། བདག་གིས་ཇི་སྲིད་ཅིག་ན་ཉམས་སུ་མྱོང་བར་འགྱུར་ཅི་ཞིག་གུ་སྙམ་མོ།། དེ་ནས་སྤོས་འཚེང་གི་ཁྱེའུ་དེས་དུས་གཞན་ཞིག་ན་སྦོམ་དགའ་མོ་ལ་འདི་སྐད་ཅེས ་སྨྲས་སོ། ། འཕགས་མ་བདག་དང་ནམ་ཞིག་མཇལ་བར་འགྱུར། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་གླང་པོ་ཆེ་མོ་དང་ཕྲད་པར་འགྱུར་རོ།། དེ་ནས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་དེས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་པ ་མི་འདི་ཆགས་པར་མི་མཁྱེན་ཏམ། དེས་འདི་སྐད་ཅེས་སྨྲས་སོ།། ཤེས་སོ།། ཅིའི་སླད་དུ་ཁྱོད་སྐྱེས་པ་ཆགས་པ་ལས་ཅུང་ཟད་བདག་གིར་མཛད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་ཐོས་སོ།། ཐོས་ནས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག ་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅས་སོ་ཞེས་བྱ་བའི་བར་དུ་སྟེ། ཡང་དགེ་སློང་མ་གང་ཆགས་ནས་སྐྱེས་པ་ཆགས་པ་ལ་ཅུང་ཟད་བདག་གིར་བྱེད། ་ཆོས་འདི་ཡང་དང་པོ་ནས་སྲུང་བར་འགྱུར་ཞིང་ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། དགེ་སློང་མ་གང་ཞེས་བྱ་བ་ནི་སྦྲམ་དགའ་མོའོ།། ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་པ་དང་། ཀུན་དུ་འདོད་ཆགས་པ་དང་། ་ཀུན་ནས་དཀྲིས་པའོ།། སྐྱེས་པ་ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་པ་དང་། ཀུན་དུ་འདོད་ཆགས་པ་དང་། ཀུན་ནས་དཀྲིས་པ་སྤོས་འཚང་གི་ཁྱེའུ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ།། ལས་ཤེས་བྱ་བ་ནི་ཐད་ནས་སོ།། ་བད་ཅས་བྱ་བ་ནི་བཟའ་བ་ལྔ་དང་བཅའ་བ་ལྔའོ།། བདག་གར་བྱེད་ཅེས་བྱ་བ་ནི་གྲངས་ནས་མགྲིན་པར་མེད་ཅིག།། ཆོབ་འདི་ཤེས་བྱ་བ་འད་ན་ཆོས་མ་ཡིན་པ་ལ་མས་ཀྱི་བསླར་གཟུངས་པའོ།། དད་པ་ནས་ལྟུང་བར་འགྱུར་བ་ཞེས་བྱ་བ་ན་མེད་ལ་ཆུང་། ་བར་འགྱུར་བའོ།། ངེས་པར་འབྱུང་བ་དང་བཅས་པ་ཞེས་བྱ་བ་ནི་རྟེན་པ་དང་བཅས་པས་བྱ་བའོ།། དགེ་འདུན་ལྷག་མ་ཞེས་བྱ་བ་ན་ལུང་བ་འདི་གཉི་ག་དགེ་འདུན་ལ་རག་ལས་པ་དང་། གཉི་ག་ས་དགེ་འདུན་དང་འབྲེལ་བ་དང་། ཉག་དགེ་འདུན་ལ་རྟོན་པདང་། ་ལུང་བ་འདི་གཉི་གའི་དགེ་འདུན་ལས་ལྡང་བར་འགྱུར་གྱི་གང་ཟག་ལས་མ་ཡིན་པ་དང་། གཞན་ཡང་ཕས་ཕམ་པར་འགྱུར་བ་བརྒྱད་ནི་ལྷག་མ་མེད་པ་ཡིན་གྱི། ལྷུང་བ་འདི་ནི་ལྷག་མ་དང་བཅས་པ་ཡིན་ཏེ། དེ་བས་ན་དགེ་འདུན་ལྷག་མ་ཞེས་བྱའོ།། དེ་ལ་ལྟུང་བར ་ལྔར་འགྱུར་ཞེ་ན། དགེ་སློང་མ་གང་ཆགས་པས་སྐྱེས་པ་ཆགས་པ་ལས་ཅུང་ཟད་དེ་དག་གིར་བྱེད་ན་དགེ་འདུན་ལྷག་མའོ།། ཆགས་པས་སྐྱེས་པ་མ་ཆགས་པ་ལས་ན་ཉེས་བྱས་སོ།། མ་ཆགས་པས་ཆགས་པ་ལས་ན་སྦོམ་མའོ།། དེ་ལས་དང་པོ་པ་ལ་སོགས་པ་ལ ་ནི་ལྟུང་བ་མེད་དོ། ། དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཞི་པ་རྫོགས་སོ།། ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། གང་གི ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་བཅའ་བ་མཛད་པ་དང་། དེ་ཕྱིན་ཆད་ནམ་ཡང་དགེ་སློང་མ་རྣམས་ཉོ་ཚེར་མི་བྱེད་དོ།། དེ་དག་ཕོངས་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དྲན་པ་ཉེ་བར་གཞག་ལ་ཉོ་བར་བྱའོ།། དེ་ནས ་ཐོས་དགའ་མོས་གཙུག་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་ཕུ་ནུ་མ་རེ་ཤིག་ཁྱོད་མ་ཆགས་པར་གྱིས་ལ་ཁྱེད་མ་ཆགས་པར་གྱུར་ནས་རྒྱས་པ་ཆགས་པ་ལས་ཅུང་ཟད་ཤིག་ལོང་ཤིག། དེས་སོང་ནས་ཇི་ལྟར་སྐྱེས་པ་ཆགས་པ་ལས་ཅུང་ཟད་བདག་གིར ་བྱེད་པ་དེ་ལྟར་བྱས་སོ། ། དེ་ནས་གཙུག་དགའ་མོས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སྐྱེས་པ་འདི་ནི་ཆགས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་ཆགས། དེ་དེ་ལྟར་བདག་གིར་བྱེད་པ་ན་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ་ཅིའི་ཕྱིར་དེ་ལྟར་བྱེད། དེས་འདི་སྐད་ཅེས་སྨྲས་སོ།། དེར་ཟད་མོད། སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་ནས་བསླབ་པ་བཅས་པའི་བར་དུ་སྟེ། ཡང་དགེ་སློང་མ་གང་དགེ་སློང་མ་ལ་འདི་སྐད་ཅེས་པུ་ནུ་མོ་རེ ་ཤིག་ཁྱེད་མ་ཆགས་པར་གྱིས་ལ་ཁྱོད་མ་ཆགས་པར་གྱུར་ནས་སྐྱེས་པ་ཆགས་པའི་ལས་ཅུང་ཟད་བདག་གིར་གྱིས་ཤིག་ཅེས་ཟེར་ན་ཆོས་འདི་ཡང་དང་པོ་ནས་ལྟུང་བར་འགྱུར་ཞེང་དེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། ། དགེ་སློང་མ ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། ། དགེ་སློང་མ་ལ་ཞེས་བྱ་བ་ནི་གཙུག་དགའ་མོ་ལའོ།། རེ་ཤིག་ཁྱོད་མ་ཆགས་པར་གྱིས་ལ་ཞེས་བྱ་བ་ནི་འདོད་མ་ཆགས་པ་དང་། ཀུན་ཏུ་འདོད་མ་ཆགས་པ་དང་། ཀུན་ནས་མ་དཀྲིས་པར་གྱིས་ལའོ།། སྐྱེས་པ་ཆགས་པ་ལས་ཤེས ་བྱ་བ་ནི་འདོད་ཆགས་པ་དང་། ཀུན་དུ་འདོད་ཆགས་པ་དང་། ཀུན་ནས་དཀྲིས་པ་ལས་སོ།། ཆུང་ཟད་བདག་གིར་གྱིས་ཤེས་བྱ་བ་ནི་བཟའ་བ་ལྔ་དང་། བཅའ་བ་ལྔ་ལོང་ལ་བདག་གིར་གྱིས་ཤིག་པ་སྟེ་འདི་ནི་སྔ་མ་བཞིན་ནོ།། འདི་སྐད་དུ་ཟེར་ན་ཞེས་བྱ་བ་ནི་མཱ་ན། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གང་ཅུང་ཟད་ཇི་ཙམ་དུ་དགེ་སློང་མས་དགེ་སློང་མ་ལ་འདི་སྐད་ཅེས་ཁྱོད་ཚུར་མ་ཆགས་པར་གྱུར་ནས་སྐྱེས་པ་ཆགས་པ་ལས་ཅུང་ཟད་ལོང་ལ་བདག་གིར་གྱིས་ཤིག་ཅེས་ཟེར་ན་ཐམས་ཅད་དུ་དགེ་འདུན་ལྷག་མར་འགྱུར ་དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་ལྔ་པ་རྫོགས་སྷོ། ། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་དགུ་པ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་དམའ ་ཚལ་བྱ་ཀ་ལན་དཀ་གནས་པ་ན་བཞུགས་སོ། ། གང་གི་ཚེ་དགེ་སློང་མ་མཛའ་མོ་རང་གིས་ཁས་བླངས་པས་བསྙིལ་པ་དེའི་ཚེ་སྐྱེས་པས་བླངས་ནས་ཁྱིམ་གྱི་འཚོ་ཆིས་བྱེད་དུ་བཅུག་ཅིང་དེ་དང་རྩེ་བར་བྱེད་པ་ན་བུ་དང་བུ་མོ་དག་ཀྱང་སྐྱེས་སོ།། དེ་དུས་གཞན ་ཞིག་ན་ནད་ཀྱིས་ཐེབས་པ་དང་། དེའི་ཕུ་ནུ་མོ་དགེ་སློང་མ་མཛའ་ཅན་མ་ཞེས་བྱ་བས་དེ་ནད་ཀྱིས་ཐེབས་པར་ཐོས་ནས་བལྟ་བའི་ཕྱིར་གཅིག་པུ་སོང་སྟེ་དེས་དེ་ལ་བསྟས་ནས་སླར་ལོག་གོ། དེ་ནས་མཛའ་མོས་པུ་ནུ་མོ་ལ་འདི་སྐད་ཅེས་འཕགས་མ་གལ་ཏེ ་ན་བདག་དོ་མོ་འགུམ་ཡང་གྲངས་མ་བཞུད་པར་འདིར་བཞུགས་ཤིག་ཅེས་སྨྲས་པ་དང་། དེ་ཡང་དེར་འདུག་གོ། དེ་ནས་མཛའ་མོ་ཡང་དེ་ཉིད་ཀྱི་ནུབ་མོ་དུས་ལས་འདས་སོ།། དེ་ནས་མདའ་མོའི་ཁྱོས་མྱ་ངན་བྱ་བར་བརྩམས་པ་དང་། དེའི་གྲོགས་པོ་ཞིག ་གིས་ཟླ.་པ། འདི་ནི་དེའི་ཕྲ་རློམ་མདའ་ཅན་མཞེས་བྱ་བ་ཡིན་གྱིས་དེ་ཉིད་བྱུངས་པར་གྱིས་ཤག། དེ་ནས་མདའ་མོ་བྱས་མཛའ་ཅན་མ་ལ་འདི་ས་དེ་ཅེས་སྨྲས་སོ།། གལ་ཏེ་མཛད་ཅན་མ་སྒྲོན་བྱི་མ་འང་དང་། མངའ་མོའི་བུ་དང་། བུ་མོ་ག་ཡོངས་སུ ་སྐྱོངས་ཤིག། མཛའ་ཅན་མས་འདི་སྙམ་དུ་གལ་ཏེ་འདིར་ཅུང་ཟད་ཅིག་སྨྲས་ན་དེ་ཉིད་དུ་བདག་བརྡུལ་ཞུགས་དང་བྲལ་བར་འགྱུར་བས་མེ་སྨྲ་བར་བྱའོ་སྙམ་དུ་བསམས་ནས་ནམ་ནངས་པ་དང་དེ་འགྲོ་བར་བྱས་སོ།། དེ་ནས་སྐྱེས་པ་དེས་མདའ་ཅན་མལ་འདི ་སྐད་ཅེས་སྨྲས་སོ། ། འབུགས་མ་ཁྱམ་འདི་ཁྱོད་ཀྱི་ལགས་ཀྱིས་མ་བཞུད་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱི་ཁྱིམ་བརྩོན་རང་བྷུར་ཅིག། བྱེད་ཀྱི་ཁྱིམ་མེས་ཚིག་པར་གྱུར་ཅིག་སྨྲས་ནས་སོང་ང།། དེ་ལ་དགེ་སྦྱོང་མ་རྣམས་ཀྱིས་ཁྱོད་མ ་གསུམ་ག་ལ་ཉལ་ཉལ་ཞེས་དྲིས་པ་དང་། དེས་སྨྲས་པ། བདག་གིས་ཕུ་ནུ་མོ་དུས་ལས་འདས་པའི་དེ་ནའོ།། དེ་དག་གིས་སྨྲས་པ། གལ་ཏེ་འགའ་ཞིག་གིས་ཁྱེད་བརྟུལ་ཞུགས་དང་ཕྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད། དེས་འདི་སྐད་ཅེས་སྨྲས་སོ།། ་གལ་ཏེ་བདག་གིས་ཁ་རོག་པར་མི་འདུག་ན་དེ་ན་ཉིད་དུ་བདག་བརྟུལ་ཞུགས་དང་བྲལ་བར་གྱུར་ཏོ་ཞེས་བྱ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྦས་སོ་ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ ་གང་མཚན་མོ་གཅིག་པུ་ཕྱི་རོལ་དུ་གནས་པར་བྱེད་ན་ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་མཛའ་ཅན་མོའོ།། མཚན་མ ་ཞེས་བྱ་བ་ནི་ཉི་མ་ནུབ་ནས་སོ། ། གཅིག་པུ་ཞེས་བྱ་བ་ནི་གཉིས་པ་མེད་པར་རོ།། ཕྱི་རོལ་ཏུ་གནས་པར་བྱེད་ན་ཞེས་བྱ་བ་ནི་དབྱར་ཁང་ལས་གཞན་དུ་སྐྱ་རེང་ཤར་བར་བྱེད་ནའོ།། གཞན་དག་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར ་ཞེན། དགེ་སློང་མ་མཚན་མོ་གཅིག་པུ་ཕྱི་རོལ་དུ་གནས་པར་བྱེད་ན་ཇི་ལྟར་གྱུར་ཀྱང་རུང་སྟེ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་ཚུལ་མ་དང་ལྷན་ཅིག་ཕྱི་རོལ་དུ་གནས་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ།། ་དགེ་སློང་མ་དང་ལྷན་ཅིག་ཕྱི་རོལ་དུ་གནས་པར་བྱེད་ན་ཉེས་བྱས་སོ།། གལ་ཏེ་ཕྱི་བཞིན་འབྲང་བའི་དགེ་སློང་མ་ཤི་བར་གྱུར་ཏམ། ཉམས་པར་གྱུར་ཏམ། བྲོས་པར་གྱུར་ཏམ། བབས་པར་གྱུར་ན་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར ་འབྱེད་པ་ལས་དགེའངན་ལྷག་མདྲུག་པ་རྫོགས་སོ། ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དགན་གཅིག་པུ་ཉི་མ་ནུབ་རླབ་ཏུ་ཚེས་འཆད་པར་བྱེད་དོ།། ཉི་མ་ནུབ་པ ་དང་དབྱར་ཁང་དུ་འོངས་ནས་དེས་དགེ་སློང་དག་ལ་འདི་སྐད་ཅེས་སྨྲས་སོ། ། ཁོ་མོའི་རྒྱབ་དང་རྐེད་པ་དག་རྫིས་ཤིག། དེ་དག་གིས་དྲིས་པ། འཕགས་མ་ཁྱོད་གང་ནས་འོངས། དེས་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་བསྟེན་པ ་ནས་སོ། ། ཁྱེད་ཀྱི་ཕྱིར་བཞིན་འབྲང་བའི་དགེ་སློང་མ་སུ་དང་ལྷན་ཅིག་སོན། དེས་སྨྲས་པ། ཁོ་མོ་ཅིག་པུ་སོན་ཏོ།། དེ་དག་གིས་སྨྲས་པ། གལ་ཏེ་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་བྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད་དེས་སྨྲས་པ། སྤོས་འཚེང་གི ་ཁྱེའུ་གང་ཡིན་པ་རྡོག་པ་གཅིག་བསྐྲུན་པས་རྩིབ་མ་གཉིས་གཅག་པ་ཁྱེད་ཅག་གིས་མ་མཐོང་ངམ། དེ་དགགིས་སྨྲས་པ། ཆུ་རྔ་ཆུའི་དོན་དུ་ཁྲོན་པར་བཅུག་པ་རྟག་ཏུ་མཁྲང་པོར་མེ་ལྡོག་གོ།། དེ་ནས་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ་ཞེས ་བནས་བསླབ་པ་བཅས་པའི་བར་དུའོ། ། ཡང་དགེ་སློང་མ་གང་ཉིན་པར་གཅིག་པུ་ཕྱི་རོལ་དུ་གནས་པར་བྱང་ན་ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྷུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པསྟེ། དགེ་འདུན་ལྷག་མར་འགྱུར་རོ།། ་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཉིན་པར་ཞེས་བྱ་བ་ནི་ཉི་མ་ཤར་ནས་སོ།། གཅིག་པུ་ཞེས་བྱ་བ་ནི་གཉིས་པ་མེད་པར་རོ།། ཕྱི་རོལ་དུ་གནས་པར་བྱེད་ན་ཞེས་བྱ་བ་ནི་དབྱར་ཁང་ལས་གཞན་དུ་ཉི་མ་ནུབ་པར་བྱེད་ནའོ།། གཞན་ནེ ་རྫུམ་བཞིན་ནོ། ། དེ་ལ་ལྟུང་བ་དི་ལྟར་འགྱུར་ཞེ་ན། དགེ་སློང་མཉིན་པར་གཅིག་བུ་ཕྱི་རོལ་དུ་གནས་པར་བྱེད་ན་ཇི་ལྟར་ཡང་བྱང་སྟེ། ཐམས་ཅད་དུ་དགེ་འདུན་ལྷག་མར་འགྱུར་རོ།། དག་ཚུལ་མདང་ལྷན་ཅིག་ཀྱི་རམ་དྲགནས་པར་བྱེ་ན་ཉས་པ། ་སྦོམ་པོར་འགྱུར་རོ།། དགེ་སློང་མ་དང་ཕྱི་རོལ་དུ་ལྷན་ཅིག་གནས་པར་བྱེད་ན་ཉེས་བྱས་སོ།། གལ་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ཤི་བར་གྱུར་ཏམ། ཉམས་པར་གྱུར་ཏམ། ཐོས་པར་མྱུར་ཏམ། བབས་པར་གྱུར་ན་ལུང་བ་མེད་དོ།། ་དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བདུན་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་གཅིག་པུལ་མ་པོ་ཆེའི་བཞི་མདོ་དག་ཏུ་འདུག་ནས་དོན་འཐུན་ཐམས་ཅད་ཆས་ནས ་ལམ་དུ་ཞུགས་ཏེ་གྲོང་ཁྱེར་ཆེན་པོ་གང་དང་གང་དུ་དགྲོ་བའི་གྲོང་ཁྱེར་ཆེན་པོ་དེ་དང་དེར་རྒྱང་གྲགས་དང་རྒྱང་གྲགས་ཕྱེད་ཙམ་དུ་འགྲོ་བར་བྱེད་ཅིང་ལྡོག་པར་ཡང་བྱེད་དོ། ། དེ་བཞིན་དུ་ཇི་ཙམ་ན་ཉི་མ་ནུབ་པ་ན་དབྱར་ཁང་དུ་འོངས་པ་ནས་གཞོན་རབས་དག་ལ་འདི་སྐད ་ཅེས་སྨྲས་སོ། ། དེ་བདག་གི་རྒྱབ་རྫིས་ཤིག། བདག་གི་རྐེད་པ་དང་། རྩི་བ་ལོགས་རྫིས་ཤིག། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་གར་བཞུད་བཞུད། དེས་སྨྲས་པ། དེང་ཁོ་མོ་གྲོང་ཁྱེར་ཆེན་པོ་དྲུག་པོ་དག་གི་ལམ་དུ ་སོན་ཏེ། ། དེ་དག་གིས་སྨྲས་པ། ཁྱོད་ཀྱི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་སུ་དང་ལྷན་ཅིག་ཕྱིན། དེས་སྨྲས་པ། ཁོ་མོ་གཅིག་པུའོ།། དེ་དག་གིས་སྨྲས་པ། གལ་ཏེ་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན་ཁྱོད་ཀྱིས་ཅི ་བྱར་ཡོད། དེས་འདི་སྐད་ཅེས་གལ་ཏེ་བུ་ཟན་མོའི་བུ་དག་ང་ལ་རེག་ཏུ་འོད་ན་ངས་ལྷུང་བཟེད་ནག་པོས་སོ་བཅག་ཏུ་ཟད་མོད་ཅེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ།། ། ་ཡང་དགེ་སློང་མ་གང་གཅིག་པུ་འདྲོན་ལམ་དུ་ཞུགས་ཤིང་འགྲོ་བར་བྱེད་ན་ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ ་མོའོ། ། གཅིག་པུ་ཞེས་བྱ་བ་ནི་གཉིས་པ་མེད་པར་རོ།། འདྲོན་ལམ་དུ་ཞེས་བྱ་བ་ནི་དགོན་པའི་ལམ་མོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གཅིག་པུ་འདོན་ལས ་དུ་འགྲོ་བར་བྱེད་ན་ཇི་ལྟར་ཡང་རུང་སྟེ་དགེ་འདུན་ལྷག་མར་འགྱུར་རོ། ། གཞན་ནི་སྔ་མ་བཞིན་ནོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བརྒྱད་པ་རྫོགས་སྷོ།། གླེང་ག ་ནི་མཉན་ཡོད་ནའོ། ། དེ་ནས་དགེ་སློང་མ་མང་པོ་ལྗོངས་རྒྱུ་བ་རྒྱུ་ཞིང་ཆུ་འགྲམ་ཞིག་ཏུ་ཕྱིན་ཏོ།། དེ་དག་བྱ་བ་ཅུང་ཟད་ཙམ་གྱིས་ཕྱི་རོལ་ཏུ་འགྲོ་བར་འདོད་ནས་གྲུ་བརྩལ་བ་དང་། མཉན་པས་ཕ་རོལ་གྱི་འགྲམ་དུ་ཕུར་བ་ལ་གྲུ་བཏགས་ཏེ ་འདུག་གོ། ། རེ་ཤིག་ན་དགེ་སློང་མ་ནམས་ཀྱིས་མཐོང་ནས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་བདག་ཅག་ལས་རྒྱལ་ཤེས་པ་འགའ་ཞིག་ཡོད་ན་དེ་སོང་ལ་གྲུ་ཐང་པར་གྱིས་ཤིག། དེའི་ཚེ་ན་སྔོན་མཉན་པ་མོ་བྱེད་བྱེད་པ་དགེ་སློང་མ་ནག་མོ ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་ངག་བདག་སོང་ལ་གྲུ་ཐང་བར་བགྱིའོ་ཞེས་སྨྲས་ནས་དེས་ཆོས་གོས་བརྟུལ་ཏེ་ཆུའི་ནང་དུ་ཞུགས་སོ།། དེ་ཡང་སྔོན་གྱི་གོམས་པ་གང་ཡིན་པ་དེ་བྲི་ཞིང་ལུས་ཀྱང་ལྕི་བར་གྱུར་པས་དབུས་སུ་ཕྱིན་པ ་ངདང་གཏིང་དུ་བྱིད་ལ་ཐུག་པར་གྱུར་ཏོ། ། དེ་ནས་དགེ་སློང་མ་འགྲམ་ན་འདུག་པ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ནག་མོ་རྒྱོལ་ཅིག་ནག་མོ་རྒྱལ་ཅེས་སྨྲ་ན། དེ་ཡང་དལ་ཆད་དེ་འགྲམ་དུ་ཕྱིན་ཏེ་ཉི་མ་ནུབ་པ་དང་དབྱར་ཁང་དུ་འོངས་སོ།། དགེ ་སློང་མ་རྣམས་ཀྱིས་ཅུང་ཟད་བདེ་བར་བརྒྱུས་སམ་ཞེས་དྲིས་པ་དང་། དེས་ཇི་ལྟར་གྱུར་པ་དེ་དག་རྒྱས་པར་སྨྲས་པ་ན། དེ་དག་གིས། འདི་སྐད་ཅེས་སྨྲས་སོ།། ཁྱོད་གཅིག་པུ་ཚུར་ཞུགས་སམ། དེས་སྨྲས་པ། གཅིག་པུ ་གོ། ། དེ་དག་གིས་འདི་སྐད་ཅེས་གལ་ཏེ་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་བྲལ་ན་ཁྱོད་ཀྱིས་ཅེ་བྱར་ཡོད་ཅེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྦས་སོ་ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ།། ཡང་དགེ ་ཆོས་གང་གཅིག་བཅུ་ཀྲུང་གི་ཕ་རོལ་དུ་རྒྱལ་བར་བྱེད་ན་ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ་ངེས་པར་འཐུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་དགེ་སློང་མ་ནག་པའོ།། གཅེས ་xxx། xxx ་མལ་པར་བྱད་ན་དགེ་ལྡན་ནག་པར་གྱུརའོ། ། ཅང་ལགགལ་པར་བྱེད་ན་ཉེས་པ་ཐོམ་པར་འགྱུར་རོ།། ཆུ་བ་གལ་པར་བྱེད་ན་ཉེས་པ་སྒོལ་པར་འགྱུར་རོ།། ཟུང་གྱུར་ནལ་པར་བྱེད་ན་ཉེས་བྱས་ཏེ།། དགེ་སློང་པར ་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་དགུ་པ་རྫོགས་སྷོ། ། ། གླེང་བཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ན་རྒྱལ་པོ་གསལ་རྒྱལ་ལ་དམག་ཚོགས་མཐུ་སྟོབས་རྡུལ་དུ་ཀློག་པ་ཞེས་བྱ་བ་ནས་དང་། ་རིགས་བཟང་པོ་ཞེས་བྱ་བ་གཉིས་ཡོད་དེ་དེ་དག་རྒྱལ་པོ་གསལ་རྒྱལ་གྱི་མདུན་དུ་འགྲོ་ཞིང་རི་བྲགས་གང་ཡང་རུང་བ་ལོག་པར་གྱུར་ན་དེ་དག་དེར་སོང་ནས་གཡུལ་འགྱེད་པར་བྱེད་དོ།། དེ་དག་དེར་སོང་བ་ན་ཆུ་མ་རྣམས་གཡོན་ཅན་དང་། ་འརྩོན་མ་དང་། ཟོལ་པ་རྣམས་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ནས་དེ་དག་གིས་འདི་སྙམ་དུ་བདག་ཅག་གིས་ནི་ར་བྲགས་པ་ལོག་པའི་རྣམས་འདུལ་བར་བྱེད་ན་རང་གི་ཆུང་མ་དག་གདུལ་བར ་མི་ནུས་སམ་ཁྲིམས་བཅའ་གོར་མ་ཆག་སྙམ་དུ་བསམས་ནས། བདག་ཅག་གི་ཆུང་མ་གང་ཞིག་སྐྱེས་པ་གཞན་དང་ལྷན་ཅིག་མི་རིགས་པ་བྱེད་པར་གྱུར་པ་དེའི་མགོ་སྐྱེར་བཅད་ནས་དོར་བར་བྱའོ།། དེ་དག་ལ་གཅིག་གིས་སྨྲས་པ། ཐམ ་འདི་ཧཅང་བརླང་ཆོས་ཀྱིས་རྒྱལ་པོ་ལ་བདག་ཅག་གིས་ཁུ་བར་བྱའོ། ། དེ་ནས་དམག་དཔོན་དཔོག་བྱེད་དམག་ནི་ཚོགས་དང་ལྷན་ཅིག་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྐབས་དེ་དག་རྒྱས་པར་རྒྱལ་པོ་ལ་བསྙད་པ་དང་། ་ལ་པས་ཀྱང་མཉས་ས་ནས་བྱསས།། དནས་དམ་ག་པན་དཔོག་བྱད་ཐནམ་ལྡ་ཅན་ས་ཤེས་བྱ་བ་དེས་ཁྲིམས་དང་འགལ་བར་བྱས་པ་ན་བུད་མེད་པ་ལ་དག་གིས་འདི་སྐད་ཅེས་གས་ཏེ་ར་པ ་མབཅད་པར་གྱུར་ན་བདག་ཅག་གིས་ཀྱང་ཁྲིམས་རྡལ་བར་བྱའོ། ། ཞེས་སྨྲས་པ་དམག་མི་རྣམས་ཀྱིས་ཐོས་ནས་དེ་དག་གིས་དཔོག་བྱེད་ལ་སྨྲས་སོ།། དམག་དཔོན་དཔོག་བྱེད་ཀྱིས་འདི་སྙམ་དུ་བདག་གིས་ཁྲིམས་བཅས་ལ་བདག་ཤེས ་རྣལ་དྲགས་རང་གམ་དུ་བསམས་ནས་དམག་པོན་དཔོག་བྱེད་ཀྱིས་རྗེ་ཅན་མ་ཡོངས་སུ་བཏང་ནས་དམག་མི་རྣམས་ལ་སོད་ཙག་ཅེས་བསྒོའོ། ། དེ་ནས་སྡེ་ཅན་མས་ཐོས་ནས་རིངས་པ་རིངས་པར་སོང་སྟེང་མག་མི་རྣམས ་རྐང་པ་ལ་བཏགས་ནས་བཟོད་པ་གསོལ་ལོ། ། དེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་འདི་ལྟ་བུའི་མི་རིགས་པ་བྱེད་པ་ལ་བཟོད་པར་མི་ནུས་མོད་ཀྱི། འོན་ཀྱང་དམག་མི་ལ་བསྡུས་པ་དོན་མེད་པར་མི་འགྱུར་བར་བྱ ་བའི་ཕྱིར་དེའི་ལན་ཞག་བདུན་ན་སྦྱིན་པར་བྱའོ། ། ངས་ཀྱང་ཞག་བདུན་ན་ལན་ཐོབ་ནས་ཤིང་སྦྱིན་པ་ནི་སྦྱིན། བསོད་ནམས་ནི་བྱེད་པ་ན་དགེ་སློང་མ་ཕྱར་མོས་སྡེ་ཅན་མ་ལ་ཅི་སྟེ་ངུ་ཞེས་དྲིས་སོ།། དེས་འདི་སྐད ་ཅེས་སྨྲས་སོ། ། ཁོ་མོ་ངས་ཡོངས་སུ་བཏང་ངོ་།། ཁོ་མོ་མས་ཡོངས་སུ་བཏང་ངོ་།། ཁོ་མོ་ཁྱོས་ཡོངས་སུ་བཏང་སྟེ་ཁོ་མོ་ནི་ཉི་མ་བདུན་ན་མེད་དོ།། དེས་འདི་སྐད་ཅེས་རེ་ཤིག་རབ་ཏུ་འབྱུང་བར་མི་འདོད་དམ ་ཞེས་སྨྲས་པ་དང་། དེ་དེ་ལས་རབ་ཏུ་བྱུང་སྟེ་དེས་དེ་དབྱར་ཁང་དུ་ཁྲིད་དེ་སོང་ངོ་།། དེ་ཡང་དམག་མེ་རྣམས་ཀྱིས་ཐོས་ནས་དེ་དག་གིས་འདི་སྐད་ཅེས་གལ་ཏེ་བབླང་གི་རྭ་ཕྲག་ཏུ་ཞུགས་ཀྱང་དེ་ནི་གསོན་པོར་མི་བྱའོ་ཞེས ་སྨྲས་སོ། ། དེ་ཡང་སྡེ་ཅན་མས་ཐོས་ནས་སྐྲག་སྟེ་བཅུ་གཉིས་སྡེ་ལ་སྐྱབས་སུ་སོང་བ་དང་། དེ་དག་གིས་འདི་སྐད་ཅེས་པུ་ནུ་མོ་གལ་ཏེ་བུ་ཟན་མའི་བུ་རྣམས་འོངས་ན་ལྷུང་བཟེད་ནག་པོས་སོགཅག་གིས་རྟོན་ཤིག་ཅེས ་སྨྲས་སོ། ། དེས་འདི་སྙམ་དུ་བཅུ་གཉིས་སྡེ་ཁ་བྱ་འདི་དག་གིས་ནི་ནོན་མི་ནུས་སོ་སྙམ་དུ་བསམས་ནས་དེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མ་ལ་སྐྱབས་སུ་སོང་བ་དང་། དེས་སྨྲས་པ། འདི་ལྟར་པས་ཡོངས་སུ་བཏང ་མས་ཡོངས་སུ་བཏང་བ། དམག་མིས་ཡོངས་སུ་བཏང་བ། རྒྱལ་པོས་ཡོངས་སུ་བསྒོ་བ། ཁྱིམ་ཐབ་ཀྱིས་སྤངས་པ་ཁྱོད་སྲས་རབ་ཏུ་བྱུང་ཞེས་བྱ་ནས་བཙུན་མོ་འཕྲེང་ལྡན་མ་ལ་སྐྱབས་ས་སོང་བའི་བར་དུའོ།། ་དེ་ནས་བཙུན་མོ་ཕྲེང་ལྡན་མས་དཔོག་བྱེད་ཀྱི་བུ་མོ་སྡེ་ཅན་མའི་ཕྱིར་རྒྱལ་པོ་ལ་གསོལ་བ་བཏབ་པ་དང་། རྒྱལ་པོས་ཀྱང་ཁས་བླངས་སོ།། དེ་ནས་རྒྱལ་པོ་དམག་མི་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད ་སྨྲས་སོ། ། དཔོག་བྱེད་ཀྱི་བུ་མོ་སྡེ་ཅན་མ་འདི་ནི་སངས་རྒྱས་ལ་སྐྱབས་སུ་སོང་བ། ཆོས་ལ་སྐྱབས་སུ་སོང་བ། དགེ་འདུན་ལ་སྐྱབས་སུ་སོང་བ། ང་ལ་སྐྱབས་སུ་འོང་བ། ཁྱེད་ཅག་ལ་སྐབས་སུ་སོང་བ་ཡིན ་ཀྱིས་མ་བསད་ཅག་དེ་དག་གིས་སྨྲས་པ། ས་ཁྲིམས་རྒལ་བར་བཅ་འམ། དེས་འདི་སྐད་ཅེས་ག་ལ་ནལ་གྱི་སྟེད་དུ་ལེགས་པར་རབ་ཏུ་བསྲུང་མོད་ཀྱིས་འོན་ཀྱང་འདིའི་ཕྱིར་མཆོག་ཞིག་ཕྱིན་པར་བྱའོ་ཞེས་སྨྲས་པའི ་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། ། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླིང་བཞི་འདི་དང་། དངོས་པོ་འདི་དང་།། ་སྐབས་འདི་ལ་ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་བུད་མེད་གང་ཞིག་རྒྱལ་པོས་བསྒོ་བ། ཁྱིམ་ཐབ་ཀྱིས་སྤངས་པ། ཕ་མས་ཡོངས་སུ་བཏང་བ། དམགམིས་རྣམས་ལ་སོང ་ཅིག་ཅེས་བསྐོན་པར་ཤེས་བཞིན་དུ་འཁོར་དུ་འཇོག་པར་བྱེད་ན་ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྡང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི ་འཕྱར་མོའོ། ། བད་མེད་སྡེ་ཅན་གང་ཞིག་ཅེས་བྱ་བ་ནི་སྡེ་ཅན་མའོ།། རྒྱལ་པོས་བསྒོ་བ་ཞེས་བྱ་བ་ནི་གསལ་རྒྱལ་གྱིས་རང་གིས་རུང་བར་བྱས་པའོ།། ཁྱིམ་ཐབ་ཀྱིས་སྤངས་པ་ཞེས་བྱ་བ་ན་ཁྱོ ་གོ། ། མས་ཡོངས་ས་བཏང་བ་ཞེས་བྱ་བ་ནི་དཔག་བྱེད་དང་དཔོག་བྱེད་ཀྱི་ཆུང་མས་སོ།། དམག་མེ་རྣམས་ལ་སོད་ཅག་ཅེས་བསྒོ་བ་ཞེས་བྱ་བ་ནི་མཐུ་སྟོབས་རྡུལ་དུ་ཀློག་པ་དང་། རིགས་བཟང་པོ་ལའོ།། ཤེས་བཞིན་གས ་བྱ་བ་ནི་དེ་བདག་ཉིད་ཀྱིས་བསམ། གཞན་གྱིས་སྨྲས་པ་ནས་སོ།། འཁོར་དུ་འཇོག་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལ་གསོལ་བ་དང་། བཞིའི་ལས་ཀྱིས་རབ་ཏུ་འབྱིན་ཅིང་བསྙེན་པར་རྫོགས་པར་བྱེད་ནའོ།། གཞན་ནས་མ ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་རྣམ་པ་འདི་ལྟ་བུའི་བུད་མེད་རབ་ཏུ་འབྱིན་པར་བྱེད་ན་ཇི་ལྟར་ཡང་རུང་སྟེ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སོང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅུ་པ ་རྫོགས་སྷོ། ། ། སྡོམ་ལ་གང་གི་ཚེན་ཆགས་རྒྱ་དང་།། བཟོད་པ་གསོལ་དུ་འཇུག་བྱེད་དང་།། སངས་རྒྱས་ཆོས་དང་དགེ་འདུན་གཏོང་།། འདུན་དང་ཞེ་སྡང་འཇིགས་སུས་དང་།། གཉིས་པོ་ལྷན ་ཅིག་གནས་བྱེད་དང་། ། དེ་ཡི་རྗེས་སུ་ཕྱོགས་པ་དང་།། དགེ་འདུན་དབྱེན་དང་རྗེས་ཕྱོགས་དང་།། ཁྱིམ་སུན་དཀའ་བློ་མི་བདེ་བའོ།། སངས་རྒྱས་བཅོམ་ལྡན་འདས་གཉེན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མང་ཟས་སྦྱིན ་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེའི་ཚེ་གཏན་ཡོད་ན་ཁྱིམ་བདག་གཅིག་ནད་ཀྱིས་ཐེབས་ནས་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་པ་རྣམས་ལ་སྦྱིན་པ་ནི་བྱིན། བསོད་ནམས་ནི་བྱེད་པ་དེ་སོམ་དགའ་མོས ་ཟས་སོ། ། དེ་ནས་སྦོམ་དགའ་མོ་ཁྱིམ་བདག་གལ་བ་དེར་སོང་སྟེ་ཕྱིན་ནས་ཁྱིམ་བདག་དེ་ལ་ཆོས་བཤད་པ་བྱས་སོ།། ཆོས་བཤད་པ་བྱས་ནས་ཀྱང་ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྦས་སོ།། བཞིན་བཟང་ས་བྲང་མེང་ནི ་པ་ཆུང་པ་ཡིན་གྱིས་བདག་ལ་ཡང་ཅུང་ཟད་ཅིག་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད་ཅིའི་སླད་དུ་ཆེས་སྔར་མ་བྱོན།། བདག་འགྲམ་པར་འགྱུར་བ་འདྲ་ནས་བདག་གིས་ཐམས་ཅད་འཇིག་རྟེན་ཕ་རོལ་ང་བརྒྱས ་ལགས་སོ། ། དེས་འདི་སྐད་ཅེས་སྨྲས་སོ།། མཚར་བྱས་ཏེ་ཅང་མི་ཉེས་པར་ལོ་བརྒྱར་འཚོ་བར་འགྱུར་རོ།། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་པ་ཆགས་བརྒྱ་བཞེད་དམ། དེས་འདི་སྐད་ཅེས་སྦས་སོ།། བཞིན་བཟངས་ག ་ཏེ་བྱིན་པར་གྱུར་ནའོ། ། དེ་ནས་དེས་དེ་ལ་བྱིན་ནོ།། དེས་ཆགས་རྒྱ་བླངས་ནས་ཁྱིམ་བདག་གཞན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་འདི་ཅུང་ཞིག་ལྷོགས། ངེས་བྲགས ་སོ། ། བླགས་ནས་ཀྱང་འདི་སྐད་ཅེས་འདི་འཕགས་པ་ཁྱོད་མངའ་འམ།། དེས་སྨྲས་པ། བདག་དབང་ངོ་།། བདག་གིས་དབུལ་བར་བགྱིའོ།། དེ་ནས་སྦོམ་དགའ་མོས་ཁྱིམ་བདག་དེ་ལ་བཟུང་ནས་གལ་ཏེ་ཁྱོད་ཀྱིས་འདི་ང་ལ ་བབྱིན་པར་འགྲོ་ན་རྒྱལ་པོའི་ཕོ་བྲང་དུ་འབུལ་ལོ་ཞེས་བྱས་པ་དང་། དེ་ཡང་དེར་འདུག་གོ།། དེའི་གྲོགས་པོ་ཞིག་འོངས་ནས་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ།། འདི་ནི་ཅི་བྱེད། དེས་སྨྲས་པ། ཁོ་བོ་བུ་ལོན་དོད་པས་བཟུང་ངོ་།། ་བ་ལོན་དད་པ་སུ་ཡིན། དེས་འདི་སྐད་ཅེས་སྨྲས་སོ།། དགེ་སློང་མའོ།། དེས་སྨྲས་པ། ཁྱོད་ཀྱིས་འཇིག་རྟེན་ན་གཞན་ལས་ཅི་ཡང་མི་རྙེད་དམ་ཅི་ན་དགེ་སློང་མ་ལས་ལེན། དེ་ནས་བྲམ་ཟེ་དང་ཁྱིམ་བདག་རྣམས་གང་གི་ཕྱིར་ཆག། ་རྒྱ་ཡང་ལེན་པར་བྱེད་པས་ཤཱཀྱའི་བུའི་དགེ་སྦྱོང་མ་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་པའོ།། ཞེས་འཕྱ་བར་བྱེད། སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང ་ངག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་ཆགས་རྒྱ་ལེན་པར་བྱེད་ན་ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྷུང་བར ་འགྱུར་ལ་ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཆགས་རྒྱ་ཞེས་བྱ་བ་ནི་བུ་ལོན་མངའ་བའི་དབང་རྒྱའོ།། ལེན་པར་བྱེད་ན་ཞེས་བྱ ་བ་ནི་ལེན་ནའོ། ། ཆོས་འདི་ཡང་ཞེས་བྱ་བ་འདི་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སླར་བསྟན་པའོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཆགས་རྒྱ་ལེན་པར་བྱེད་ན་ཇི་ལྟར་ཡང་རུང་སྟེ་དགེ་འདུན་ལྷག་མར ་འགྱུར་རོ། ། ཚེགས་ཆུང་ངུས་ཁུགས་པ་དང་། ལས་དང་བ་ལ་སོགས་པ་ལ་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅུ་གཅིག་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན ་ཡོད་ན་དགེ་སློང་མ་འདུན་མ་ཞེས་བྱ་བ་ཐབ་མོ་བྱེད་པ། བགྱེད་པར་བྱེད་པ། ཐབ་ཀྲོལ་བྱེད་པ། རྩོད་པར་བྱེད་པ། དེའི་བུ་མོ་འདུན་མ་མོ་ཞེས་བྱ་བ་དེ་ཐོས་སོ་ཅོག་དེ་ཐམས་ཅད་མ་ལ་ཟློས་པར་བྱེད་དོ།། དེའི་རྒྱུས་དག་སློང་མའི་དགེ་འདུན་རྣམས ་མཚར་ཀར་ལྷགས་ཏེ་འཐབ་པ་དང་། རྩོད་པར་བྱེད་དོ།། དེ་ནས་དགེ་སློང་མིའི་དགེ་འདུན་གྱིས་རྩད་ཆོད་ནས་འདུན་མ་བསོད་སྙོམས་ལ་སོང་བའི་འོག་ཏུ་དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་མ་འདུན་མ་མོ་མ་མཐོང་བའི་ཕྱིར་གནས་ནས་དཐུང ་བའི་ལས་བྱས་སོ། ། དེ་ནས་འདུན་མ་མོ་ངུ་ཞིང་མ་ལ་དགེ་འདུན་མས་བདག་ལ་མ་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱས་སོ་ཞེས་བྱེ་སྨྲས་པ་དང་། དེས་འདི་སྐད་ཅེས་ཁམས་གསུམ་ནས་བསྐྲད་པའི་ལས་ཀྱང་བྱེད་ལ་རག་གོ་ཞེས་སྨྲས་ནས། ་ཡང་དཀྱིལ་འཁོར་གྱི་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་བཟོད་པ་གསོལ་དུ་བཅུག་ནས་དེ་དང་ལྷན་ཅིག་གནས་པར་བྱེད། ལྷན་ཅིག་ཟ་བར་བྱེད། ལྷན་ཅིག་ཁྱིམ་ན་ཉལ་བར་བྱེད་པ་དང་། དགེ་སློང་མ་དེ་དག་གིས་འདུན་མ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱེད ་ཅི་བསྐྲད་པ་དང་། ལྷན་ཅིག་གནས་པར་བྱེད་དམ། ཟ་བར་བྱེད་དམ། ཁྱིམ་ན་ལྷན་ཅིག་གནས་པར་བྱེད་དམ། དེས་འདི་སྐད་ཅེས་སྨྲས་སོ།། ཅི་བསྐྲད་ཅེས་ཏེ་ཕྱོགས་དང་ཡུལ་དུ་འདུག་ཏུ་མི་ཆད་དམ། དགེ་སློང་མ་དེ་དག་གིས་སྨྲས་པ། དགེ་སློང་མའི་དགེ་འདུན ་མམ་པ་གསལ་ཅག་ངས་འདག་ཅས་ཐུམས། ། མད་པན་ལགས་ཀྱིས་གསལ་བར་བྱས། འོན་ཀྱང་ཀྱད་ཅགན་འདྲན་པས་བྱེད་དོ།། ཞེ་ཐང་དང་གཏི་མུག་གིས་བྱེད་དོ།། ཞེས་བྱ་བའི་རྣཔས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང ་དགལ་རྨས་སོ། ། ག་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས་དགེ་སློང་མ་འདུན་མ་འམ། གཞན་ཡང་དེ་ལྟ་ཟ་དང་། འཐུན་པ་གང་ཡང་དྲང་བ་དག་ལ་བརྣམས་། ་བསྒོ་བར་བྱའོ།། དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་དེ་ལ་བཞམས་ཏེ་བསྒོའོ།། དེ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ནན་ནས་འདི་ཉིད་ནི་བདེན་གྱི་གཞན་ནི་བརྫུན་པའོ།། ཞེས་རྗེས་སུ་ཐསད ་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། ། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སོང་མ་རྣམས་ཀྱིས་དགེ་སློང་མ་འདུན་མ་ལ་གསོལ་བ ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། ། བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱས་སྟེ་ཞེས་བྱ་བ་ནས་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། ལས་གྱང་འདི་ལྟར་བྱས་སྟེ། འཕགས་མའི་དགེ་འདུན ་ཕྲ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འདུན་མ་འདི་དགེ་སློང་མའི་དགེ་འདུན་མ་རྣམས་ཀྱིས་དགེ་སློང་མ་གང་ཞིག་མ་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བགྱིས་པར་འཚལ་བཞིན་དུ་གནས་ནས་དབྱུང་བའི་ལས་བགྱིས ་པ་དེ་དང་ལྷན་ཅིག་གནས་པར་བགྱིད། ལྷན་ཅིག་ཟ་བར་བགྱིད། ལྷན་ཅིག་ཁྱིམ་ན་ཉལ་བར་བགྱིད་ནས། དགེ་སློང་མ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི ་བཙུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་གྱིས་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མ་འདྲན་མ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ།། དི་ནི་གསོལ་བ་འོ་དས་འདི་ལྟར་བྱ་སྟེ་བགས ་མའི་དགེ་འདུན་པ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འདུན་མ་འདི་དགེ་སློང་མའི་དགེ་འདུན་མ་རྣམས་ཀྱིས་དགེ་སློང་མ་གང་ཞིག་མ་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱས་པར་ཤེས་བཞིན་དུ་གནས་ནས་དབྱུང་བའི་ལས་བྱས ་པ་དེ་དང་ལྷན་ཅིག་གནས་པར་བྱེད། ལྷན་ཅིག་ཟ་བར་བྱེད། ལྷན་ཅིག་ཁྱིམ་ན་ཉལ་བར་བྱེད་ནས་དགེ་སློང་མ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་བ་ནས་བཞམས་ཏེ་བསྒོ་བ་ནག་ཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི ་བ་དེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་པའི་སླད་དུ་འཕགས་མའི་དགེ་སློང་འདུན་གྱིས་དགེ་སློང་མ་འདུན་མ་དེ་ལ་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་བར་མཛད་པ་ལ་གང་དག་བཟོད་པ་དེ་དག་ནི་ཅིང་མ་གསུང ་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། གཉིས་པ་དང་གསུམ་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱ་སྟེ། དགེ་འདུན་གྱིས་བཟོད་ཅི་གནང་བ་ནས་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ ་འཛིན་ཏོ། ། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་ཉིད་ལནན་གྱིས་མཆོག་ཏུ་འཛིན་ཅིང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། སྐབས་དེ་དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང ་མ་ཨ་གང་དགེ་སློང་མའི་དགེ་འདུན་འཐུན་པས་དགེ་སློང་མ་གང་ཞིག་གནས་ནས་དབྱུང་བའི་ལས་བྱས་པར་ཤེས་བཞིན་དུ་དེ་གཅིག་པོ་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་བཟོད་པ་གསོལ་དུ་འཇུག་པར་བྱེད་ན་ཆོས་འདི་ཡང་དང་པོ་ཉིད་ཀྱིས ་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་འདུན་མའོ།། དགེ་སློང་མའི་དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་ནོ།། ་དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི་འདུན་མ་མོའོ།། གནས་ནས་དབྱུང་བའི་ལས་བྱས་པ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་བགྱེས་སོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། དེ་ལ་གཞན་གྱིས་སྨྲས་པར་གྱུར་ནས་སོ།། ་དེ་གཅིག་པོ་ཞེས་བྱ་བ་ནི་དེ་འབའ་ཞིག་གོ། མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ། ཞེས་བྱ་བ་ནི་མཚམས་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སོང་སྟེའོ།། བཟོད་པ་གསོལ་དུ་འཇུག་པར་བྱེད་ན་ཞེས་བྱ་བ་ནི་གསོལ་པ་དང་གཉིས་ཀྱི་ལས་ཀྱིས་སོ།། གཞན་ནི། ་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་གང་ཞིག་གནས་ནས་དབྱུང་བའི་ལས་བྱས་པར་ཤེས་བཞིན་དུ་ཞེས་བྱ་བ་ནས་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་བཟོད་པ་གསོལ་དུ་བཅུག་ནས་དེ་དང་ལྷན་ཅིག ་འདུག་པར་བྱེད། ལྷན་ཅིག་ཟ་བར་བྱེད། ལྷན་ཅིག་ཁྱིམ་ན་ཉལ་བར་བྱེད་ན། ཇི་ལྟར་ཡང་རུང་སྟེ་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། བཞམས་ཏེ་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན་ཉེས་པ ་སྦོམ་པོར་འགྱུར་རོ། ། ལས་དང་པོ་པའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟ་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ་ནལ་ཚིག་རྫོགས་པར་གྱུར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལས་གཉིས་པའི་ཚིག་བརྗོད་པ་མ་རྫོགས ་པར་གལ་ཏེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ་ཚིག་རྫོགས་པར་གྱུར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལས་གསུམ་པའི་ཚིག་བརྗོད་པ་ཡང་མ་རྫོགས་ལ་འཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། མི་འཐུན་པས་ཆོས་མ་ཡིན་པར་བྱས ་པ་དང་། མི་མཐུན་པས་ཆོས་བཞིན་དུ་བྱས་པ་དང་། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པ་བསྟན་པ་ཇི་ལྟ་བ་བཞིན་དུ་མ་བྱས་ན་ལྟུང་བ་མེད་དོ།། ལས་གསུམ་པའི་ཚིག་བརྗོད་པ་ཡང་རྫོགས་ལ་ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། ་པས་བསྟན་པ་ཇི་ལྟ་བ་བཞིན་དུ་བྱས་ཀྱང་གཞི་དེ་གཏོང་བར་མི་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འདི་སྐད་ཅེས་འཕགས་མ་དག་བདག་ལ་དགེ་འདུན་ལྷག་མ་བྱུང་ངོ་ཞེས་བྱ་བའི་ཚིག་སྨྲ་བར་བྱེད་པ ་དེ་ལྟ་ན་ལེགས། ཇི་སྟེ་སྨྲ་བར་མི་བྱེད་ན་ཉེས་བྱས་སུ་འགྱུར་རོ།། དེས་ལྟུང་བ་མ་མཐོལ་ཞིང་མ་བཤགས་བཞིན་དུ་དེའི་འོག་ཏུ་གསོལ་པ་དང་། གསོལ་པ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ ་ཉེས་བྱས་སུ་འགྱུར་རོ། ། ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅུ་གཉིས་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ན ་གཉེན་ཡོད་ན་སྔོན་གཞན་མུ་སྟེགས་ཅན་དུ་གྱུར་པ་དགེ་སློང་མ་ནག་མོ་ཞེས་བྱ་བ་དེ་དགེ་སློང་མ་རྣམས་དང་འཐབས་པ་ན་ཁྲོས་ནས་འདི་སྐད་ཅེས། རེ་ཤིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཤིག་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང ་ལྡན་པ་མ་ཡིན་གྱི་དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏོང་ངོ་།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། ། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་པ། དགེ་སློང་མ་ཁྱེད་ཅག་གིས་དགེ་སློང་མ་ནག་མོའམ། གཞན་ཡང་དེ་ལྟ་བུ་དང་འཐུན་པ་སུ་ཡང ་རུང་བ་དག་ལ་བཞམས་ཏེ་བསྒོ་བར་བྱའོ། ། བསྒོ་བ་ཡང་འདི་ལྟ་བྱ་སྟེ། ནག་མོ་ཁྱོད་འཐབས་པ་ན་ཁྲོས་ནས་འདི་སྐད་ཅེས་རེ་ཤིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཤིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི།། དགེ ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་ཡོད་པས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏོང་ངོ་། ། ཆོས་དང་དགེ་འདུན་གཏོང་ངོ་ཞེས་མ་ཟེར་ཅིག། ནག་མོ་ཁྱོད་ཀྱིས་སྡིག་པ་ཅན་གྱི་ལྟ་བར ་གྱུར་པའི་རྣམ་པ་འདི་ལྟ་བུ་ཐོང་ཤིག་ཅེས་བསྒོ་བར་བྱའོ། ། དགེ་སློང་མ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞན་ནས་འདི་ཉིད་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད ་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། ། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་ནག་མོ་ལ་གསོལ་བ ་རང་ཙགས་ལས་ཀྱིས་བསྒོ་བར་བྱའོ། ། བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱ་སྟེ་ཞེས་བྱ་བ་ནས་དགེ་སློང་མ་གཅིག་གིས་གསོལ་པ་བྱེ་སྟེ་ལས་བྱའོ།། ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་རྩ ་ན་མོ་དག་བདག་ལ་གསན་དྲགསལ། དགེ་སློང་མ་ནག་མོ་འདི་དགེ་སློང་མ་རྣམས་དང་ལྡན་ཅིག་འཐབས་ནས་ཁྲོས་པ་ན་འདི་སྐད་ཅེས་རེ་ཤིག་ཤག་ཀྱའི་བུའི་དགེ་སྦྱོང་འདི་དགའ་བའ་ཤིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ ་ཡིན་གྱི། དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏོར་རོ།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་མཆི་བ་དེ་ལ་དགེ་སློང་མ་མང་པོ་རྣམ ་ཀྱིས་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་མཐུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་པའི་སླད་དུ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས ་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མ་ནག་མོ་དགེ་སློང་མ་རྣམས་དང་ཐབ་མོ་བགྱིད་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ།། འདི་ནི་གསོལ་བའོ།། ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ ་ནུ་མོ་དག་བདག་ལ་གསན་དུ་གསོལ། ། དགེ་སློང་མ་ནག་མོ་འདི་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབས་པ་ན་ཁྲོས་ནས་འདི་སྐད་ཅེས་རེ་ཤིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དགའ་བའ་ཤིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན ་གྱི། དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས་དེ་དག་གི་དྲུང་དུ་ཚངས་པར་སྦྱོར་བ་སྤྱད་པར་ཟད་ཀྱིས་སངས་རྒྱས་སྟོང་ངོ་།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་མཆི་བ་དེ་ལ་དགེ་སློང་མ་མང་པོ་རྣམས་ཀྱིས ་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་རྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་པའི་སླད་དུ་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་ནག་མོ་དེ་ལ་གསོལ་བ ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། ། དགེ་འདུན་གྱིས་དགེ་སློང་མ་ནག་མོ་ལ་གསོལ་བ་དང་བཞིའོ་ལས་ཀྱིས་བསྒོ་ང་མ་པ་དང་དག་ཡོད་པ་དེ་དག་ནི་དམི་ག་སུས་ཤེག་དག་མི་ཟོད་པདེ་ན་ནི་སུ་ཤིན། འདི་ནི་ལས་བརྗོད་པ་དང་པོ་སྟེ། གཉིས་པ ་དང་། གསུམ་པ་ཡང་དེ་བཞིན་དུ་དོན་འདི་ཉིད་བརྗོད་པར་བྱ་སྟེ། ཞེས་བྱ་བ་ནས་དགེ་འདུན་གྱིས་བཟོད་ཅིང་གནང་སྟེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་དུའོ།། དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ། ་ནགཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབས་པ་ན་ཁྲོས་ནས་འདི་སྐད་ཅེས་རེ་ཤིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཤིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ ་ཡིན་གྱི་དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏོད་ངོ་དོ།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་ཟེར་བའི་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས ་འདི་སྐད་ཅེས་དགེ་སློང་མ་ཁྱོད་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབས་པ་ན་ཁྲོས་ནས་འདི་སྐད་ཅེས་རེ་ཤིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཤིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི་དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང ་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏོང་ངོ་།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་མ་ཟེར་ཅིག། དགེ་སློང་མ་ཁྱོད་ཀྱིས་སྡིག་པ་ཅན་གྱི་ལྟ་བར་གྱུར་པའི་རྣམ་པ་འདི་ལྟ་བུ་ཐོང་ཤིག ་ཅེས་བསྒོ་བར་བྱའོ། ། དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་དེ་ལ་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན་ལན་གཉིས་ལན་གསུམ་གྱི་བར་དུ་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། དགེ་སློང་མ ་ཁྱོད་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབས་པ་ན་ཁྲོས་ནས་འདི་སྐད་ཅེས་རེ་ཤིག་ཤཱཀྱའི་བུའི་དགེ་སྤྱང་འདི་དག་འབའ་ཤིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི་དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན ་ཏན་དང་ལྡན་པ་ཡོང་པས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏ་དང་། ། ཆོས་དང་དགེ་འདུན་གཏོང་ང་ནས་མཟེར་ཅིག། དགེ་སློང་མ་ཁྱོད་ཀྱིས་སྡིག་པོ་ཅན་གྱི་ལྟ་བར་གྱུར་པའི་རྣམ་པ་འདས་བུ་འདི་ས ་ཤིག་ཅེས་བགོ་བར་བྱའོ། ། དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་དེ་ལ་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། དེ་སྟེ་གཏོང་བར་མི་བྱེད་ན་ཆོས་འདི་ཡང་དང ་བོ་ཉིད་ཀྱིས་ལྟུང་བར་འགྱུར་ལ་ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ནག་མོའོ།། འཐབས་པ་ན་ཞེས་བྱ་བ་ནི་ཕྱོགས་གཉིས་སུ་གྱུར་པ་ནའོ།། ཁྲོས་ནས་ཞེས་བྱ་བ་ནི་ཡིད་མ ་བདེ་ནས་སོ། ། འདི་སྐད་ཅེས་རེ་ཤིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཤིག་ཅེས་བྱ་བ་ནི་འདི་དག་ཁོ་ནའོ།། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་ཚུལ་ཁྲིམས་དང་ལྡན་པའོ།། ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ནི་ཐོས ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། ། དགེ་སྦྱོང་གཞན་ཡང་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་དུ་གྱུར་པའོ།། དེ་དག་གི་དྲུང་དུ་ཞེས་བྱ་བ་ནི་ཐད་དུའོ།། ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་ཞེས་བྱ་བ་ནི་རབ་ཏུ་བྱུང་བར་ཟད་ཀྱིས་སོ།། ་སངས་རྒྱས་གཏོད་དོ་ཞེས་བྱ་བ་ནི་རྐང་གཉིས་ཀྱི་མཆོག་གོ། ཆོས་དང་དགེ་འདུན་གཏོང་ངོ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བའི་མཆོག་དང་། ཚོགས་རྣམས་ཀྱི་མཆོག་གོ།། ཟེར་བའི་དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་ནག་མོ་ལའོ།། དགེ ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། ། འདི་སྐད་ཅེས་བྱ་བ་ནི་བཞམས་ཏེ་བསྒོ་བ་སྔ་མ་ཇི་ལྟ་བ་བཞིན་དུ་བསྒོ་བར་བྱའོ།། བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་བ་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་པའོ།། ་དི་སྟེ་གཏོང་པར་མི་བྱེད་ན་ཞེས་བྱ་བ་ནི་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་དེའོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པ་ཀྐོལང་དག་པ་གན་ཞེས་བྱ་བ་ནི་སྔར་གསོལ་བ་དང་བཞིའི་ལས་ཀྱིས་ཇི་སྐད་བསྒོ་བ་བཞིན ་དུའོ། ། དེ་ལ་ལྡང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གང་ཐབས་ན་ཁྲོས་ནས་འདི་སྐད་ཅེས་རེ་ཤིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཤིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི། དགེ་སྦྱོང་གཞན་ཡང ་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་ཡོད་པས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏོང་ངོ་། ། ཆོས་དང་དགེ་འདུན་གཏོང་ངོ་ཞེས་ཟེར་ན་ཇི་ལྟར་ཡང་རུང་སྟེ་ཐམས་ཅད་དུ་ཉེས་བྱས་སུ་འགྱུར ་བཞམས་ཏེ་བསྒོ་བན་གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས་ཇི་སྟེ་གཏོད་པར་མི་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། ། ལས་དང་པོ་པའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ་ཚིག ་རྫོགས་པར་གྱུར་ན་ཉེས་པ་སྦམ་པར་འགྱུར་རོ། ། ལས་གཉིས་པའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ་ཚིག་རྫོགས་པར་གྱུར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལས་གསུམ ་པའི་ཚིག་བརྗོད་པ་ཡང་མ་རྫོགས་ལ་འཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། མི་མཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། མི་མཐུན་པས་ཆོས་བཞིན་དུ་བྱས་པ་དང་། ཆོས་ཇི་ལྟ་བ་དང་འདུལ་བ་ཇི་ལྟ་བ་དང་། སྨན་པས ་བསྟན་པ་ཇི་ལྟ་བ་བཞིན་དུ་མ་བྱས་ན་ལྟུང་བ་མེད་དོ། ། ལས་གསུམ་པའི་ཚིག་བརྗོད་པ་ཡང་རྫོགས་ལ་ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ་བ་དེ་བཞིན་དུ་བྱས་ཀྱང་གཞི་དེ་གཏོར་བར་མི་བྱེད་ན་དགེ ་འདྲན་ལྷག་མར་འགྱུར་རོ། ། དགེ་སློང་མ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འདི་སྐད་ཅེས་འཕགས་མ་དག་བདག་ལ་དགེ་འདུན་ལྷག་མ་བྱུང་ངོ་ཞེས་བྱ་བའི་ཚིག་སྨྲ་བར་བྱེད་པ་དེ་ལྟ་ན་ལེགས། ཇི་སྟེ་སྨྲ་བར་མི་བྱེད་ན་ཉེས་བྱས ་འགྱུར་རོ། ། དེས་ལྟུང་ང་མ་ཐོལ་ཅིང་མ་བཤགས་བཞིན་དུ་དེ་ནས་འཇུག་ཐོགས་སུ་གསོལ་པ་དང་། གདོག་པ་དང་། གཉིས་དང་། གསོལ་བ་དང་། གཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། ལས་དང ་པོ་པ་ལ་སོགས་པ་ལ་ནི་ལྡང་བ་མེད་དོ། ། དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅུ་གསུམ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ན་སྦོམ་དགའ་མོ་དགེ་སློང་མ་ཞིག་དང་ལྡན ་ཅིག་འཐབ་ཅིང་གནས་རྩོད་པ་འཛིན་པར་བྱེད། འགྱེད་པར་གྱུར་ནས། དགེ་སློང་མ་རྣམས་ཀྱིས་བུ་ནུ་ཁྱོད་ཐབ་མོ་མ་བྱེད་ཅིག་ཅེས་བསྒོ་བ་ན་དེ་དེ་དག་ལ་ཁྲོས་ནས་འདི་སྐད་ཅེས་གང་གི་ཕྱིར་ཁྱེད་ཅག་ཁོ་མོ་ལ་བསྒོ་བར་བྱེད་ལ་གཞན་ལ ་ནི་མི་བྱེད་པས་དགེ་སློང་མ་ཁྱེད་ཅག་ནི་འདུན་པས་འགྲོ་བའོ། ། ཞེ་སྡང་གིས་འགྲོ་བའོ།། གཏི་མུག་གིས་འགྲོ་བའོ།། འཇིགས་པས་འགྲོ་བའོ་ཞེས་ཟེར་བའི་སྐབས་དེ་དག་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས ་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས་སྦོམ་དགའ་མོ་འམ་ཞེས་བྱ་བ་ནས། ཐབ་མོ་མ་བྱེད་ཅིག་ཅེས་བཞམས་ཏེ་བསྒོ་བར་བྱའོ།། དེ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ་ཞེས་བྱ་བའི་བར་དུའོ།། དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ་ཡང་དགེ་སློང་མ་གང་ཐབ་མོ་བྱེད་ཅིང་གནས་ལ་དགེ་སློང་མ་རྣམས་ཀྱིས་ཕུ་ནུ་མ་ཁྱོད་ཐབ་མོ་མ་བྱེད་ཅིག་ཅེས་སྨྲས་པ་ན་དེ་ཁྲོས་ནས་འདི་སྐད་ཅེས། གང་གི་ཕྱིར་ཐབ་མོ་བྱེད་པ་ཁ་ཅིག་ལ་ནི་སྨྲ་བར་བྱེད་ལ། གཞན་ལ་ནི་སྨྲ་བར་མི་བྱེད ་པས་འདི་ནི་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བའོ། ། ཞེ་སྡང་གིས་འགྲོ་བའོ།། གཏི་མུག་གིས་འགྲོ་བའོ།། འཇིགས་པས་འགྲོ་བའོ་ཞེས་ཟེར་བའི་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། གང་གི་ཕྱིར་ཐབ ་མོ་བྱེད་པ་ཁ་ཅིག་ནི་སྨྲ་བར་བྱེད་ལ་གཞན་ལ་ནི་སྨྲ་བར་མི་བྱེད་པས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བའོ། ། ཞེ་སྡང་གིས་འགྲོ་བའོ།། གཏི་མུག་གིས་འགྲོ་བའོ།། འཇིགས་པས་འགྲོ་བའོ་ཞེས་མ་ཟེར་ཅིག་དགེ་སློང་མ་འདི་དག་ནི་འདུན ་བས་འགྲོ་བ་མ་ཡིན་ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་པས་ཁྱོད་ཀྱིས་དེ་སྐད་ཅེས་འདུན་པས་དགྲོ་བའོ་ཞེ་སྡང་གིས་འགྲོ་བའོ།། གཏི་མུག་གིས་འགྲོ་བའོ།། འཇིགས་པས་འགྲོ་བའོ་ཞེས་བྱ་བའི་ཚིག ་གིས་ལ་མར་ལྟ་བུ་འདི་ཐོང་ཤིག་ཅེས་བརྗོད་པར་བྱའོ། ། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་ཅེས་བརྗོད་པ་ན། གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་གྱི ་བར་དུ་ཡང་དག་པར་སྒོ་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་སྒོ། ཡང་དག་པར་བསྟན་པ་ན། གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན་ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར ་འགྱུར་ལ། ངེས་པར་འབྱུང་བ་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཐབ་མོ་བྱེད་ཅིང་གནས་ལ་ཞེས་བྱ་བ་ནི་ཕྱོགས་གཉིས་སུ་གྱུར་བའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི། ་པ་རྣམས་ཀྱིས་སོ།། པུ་ནུ་མོ་ཁྱོད་ཐབ་མོ་མ་བྱེད་ཅིག་ཅེས་བྱ་བ་ནི་ཕྱོགས་གཉིས་སུ་མ་བྱེད་ཅིག་ཅེས་སོ།། ཁྲོས་ནས་ཞེས་བྱ་བ་ནི་ཡིད་མི་བདེ་ནས་སོ།། འདི་སྐད་ཅེས་གང་གི་ཕྱིར་ཐབ་མོ་བྱེད་པ་ཁ་ཅིག་ལ་ནི་སྨྲ་བར་བྱེད་ལ། ཁ་ཅིག་ལ་ནི་སྨྲ་བར ་མི་བྱེད་པས་ཞེས་བྱ་བ་ནས་འཇིགས་པས་འགྲོ་བའོ་ཞེས་བྱ་བའི་བར་དུ་ཟེར་བའི་དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་སྦོམ་དགའ་མོ་ལའོ། ། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་བ་རྣམས་ཀྱིས་སོ།། འདི་སྐད་ཅེས་བྱ་བ་ནི་བཞམས་ཏེ་བསྒོ་བསྡུ ་མ་ཇི་ལྟ་བ་བཞིན་དུ་བསྒོ་བར་བྱ་བའོ། ། བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་བ་དེ་ལྟ་ན་ནི་ལགྲ་ཤེས་བྱ་བ་ནི་དེ་ལྟ་ན་བཟད་པའོ།། ཇི་སྟེ་གཏོང་བར་མི་བྱེད་ན་ཞེས་བྱ་བ་ནི་འདུན་པས་འགྲོ་བའོ་ཞེས་བྱ་བ་ལ་སོགས་པའི་ཚིག་དེའོ།། ལན་གཉིས་ལན་གསུམ་གྱི་བར ་དུ་ཡང་དག་པར་བསྒོ་བ་ཡང་དག་པར་བསྟན་པ་ན་ཞེས་བྱ་བ་ནི་སྔར་གསོལ་བ་དང་བཞིའི་ལས་ཀྱི་ཇི་སྐད་བསྒོ་བ་བཞིན་དུ་བྱས་ནའོ། ། གཞན་ནི་སྡུ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དུ་དགེ་སློང་མས་དགེ་སློང་མ་རྣམས་ལ་འདི་སྐད ་ཅེས། འདུན་པས་འགྲོའོ་ཞེས་སྨྲས་ན་ཉེས་བྱས་སུ་འགྱུར་རོ།། ཞེ་སྡང་གིས་འགྲོའོ་ཞེས་བྱས་ན་ཉེས་བྱས་སུ་འགྱུར་རོ།། གཏི་མུག་གིས་འགྲོའོ་ཞེས་བྱས་ན་ཉེས་བྱས་སུ་འགྱུར་རོ།། འཇིགས་པས་འགྲོའོ་ཞེས་བྱས་ན་ཉེས་བྱས་སུ་འགྱུར་རོ།། གཞན ་ནིལྷག་མ་བཅུ་གཉིས་པོ་སྔ་མ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། ། དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅུ་བཞི་པ་རྫོགས་སྷོ།། །། གླིང་བཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ན་དགེ་སློང་མ་འཆི་ལྟས་དང་། ཉེ་བའི་འཆི་ལྟས ་གཉིས་འདྲེ་བར་གནས་པར་བྱེད་དོ། ། དེ་དག་འདྲེ་བས་གནས་པ་ན་རྒོད་པ་དང་། རྩེ་བ་དང་ལུས་ཀྱི་རྩ་ཙབ་ཧྲལ་བྱེད་དོ།། དེ་གཉིས་ཤིན་ཏུ་འདྲ་བས་གནས་པར་བྱེད་པ་ན་དོགས་པའི་གནས་སུ་འགྱུར་ཏོ། དགེ་སློང་མ་རྣམས་དོགས་པ་སྐྱེས་ནས། ་དགེ་སློང་མ་རྣམས་ཀྱིས་དེ་གཉིས་ལ་ཕུ་ནུ་མོ་ཁྱེད་གཉིས་ཧ་ཅང་འདྲེ་བས་གནས་པར་མ་བྱེད་ཅིག་ཅེས་བསྒོ་བ་ན། དེ་གཉིས་དེ་ཁོ་ན་བཞིན་དུ་འདྲེ་བས་གནས་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང ་ངག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་འདྲེ་བས་གནས་པར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན་ཁྱེད་འདྲེ་བས་གནས་པར་བྱེད་ན་དགེ་བའི་ཆོས་རྣམས་མི་འཕེལ་ཞིང་འགྲིབ་པ་ཉིད་དུ་འགྱུར་བར ་རིག་པར་བྱའོ། ། དགེ་སློང་མ་ཁྱེད་མི་འདྲེ་བས་གནས་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཅག་རྣམས་མི་འདྲེ་བས་གནས་པར་བྱེད་ན་དགེ་བའི་ཆོས་རྣམས་མི་འགྲིབ་ཅིང་འཕེལ་བ་ཉིད་དུ་འགྱུར་བར་རིག་པར་བྱའོ།། ཞེས་བཀའ་སྩལ་པ་ན། དགེ ་སྲོ་མ་རྣམས་ཀྱིས་དེ་གཉིས་ལ་འདྲེ་བར་མ་བྱེད་ཅིག་ཅེས་བསྒོ་བ་ན་ཡང་དེ་ཁོ་ན་ཉིད་བཞིན་དུ་འདྲ་ཞིང་གནས་པར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྤྲས་སོ། ། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས་དགེ་སློང་མ་འཆི་ལྟས་དང་། ཉེ་བའི་འཆི་ལྟས་དང་། གཞན་ཡང་དེ་ལྟ་བུ་དང་འཐུན་པ་སུ་ཡང་རུང་དག་གཞམས་ཏེ་བསྒོ་བར་བྱའོ།། བསྒོ་བ་ཡང་འདི་ལྟར་བྱ་སྟེ། དགེ་སློང ་མ་རྣམས་ཀྱིས་དེ་གཉིས་ལ་ཁྱེད་ཅག་འདྲེ་བས་གནས་པར་མ་བྱེད་པར་མི་འདྲེ་བས་གནས་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཅག་མི་འདྲེ་བས་གནས་པར་བྱེད་ན་དགེ་བའི་ཆོས་རྣམས་མི་འགྲིབ་ཅིང་འཕེལ་པ་ཉིད་དུ་རིག་པར་བྱའོ་ཞེས་བསྒོ་བར་བྱའོ།། དེ་གཉིས ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་གཞན་ནི་རྨོངས་པའོ། ། ཞེས་ཟེར་བའི་བར་གྱི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས་དགེ་སློང་མ་འཆི་ལྟས་དང་། ཉེ་བའི་འཆི་ལྟས་ལ་གསོལ་པ་དང་བཞིའོ་ལས་ཀྱིས་བསྒོ་བར་བྱའོ།། བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱ་སྟེ་ཞེས་པ་ནས་དགེ་སློང་མ་གཅིག་གིས་གསོལ་པ་བྱས་ཏེ། ་ལས་བྱའོ།། ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་བུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་དང་། ཉེ་བའི་འཆི་ལྟས་འདི་ཧ་ཅང་འདྲེ་བས་གནས་པར་འགྱུར་ཏེ། དེ་གཉིས་ལ་དགེ་སློང་མ་མང་པོ་རྣམས་ཀྱིས་ཕུ་ནུ་མོ ་ཁྱེད་གཉིས་ཧ་ཅང་འདྲེ་བས་གནས་པར་མ་བྱེད་པར་ཕུ་ནུ་མོ་ཁྱེད་གཉིས་ལྷན་ཅིག་གནས་པར་མ་བྱེད་ཅིག། ཕུ་ནུ་མོ་ཁྱེད་གཉིས་མི་འདྲེ་བས་གནས་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཁྱེད་གཉིས་མི་འདྲེ་བས་གནས་པར་བྱེད་ན་དགེ་བའི་ཆོས་རྣམས ་མ་ཨི་འགྲིབ་ཅིང་འཕེལ་བ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་དགེ་སློང་མ་དེ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ནན་གྱིས་ཞེས་བྱ་བ་ནས་གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་གྱི་སླད་དུ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར ་མཛོད་ཅིག་དང་དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་དང་། ཉེ་བའི་འཆི་ལྟས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་གང་ལགས་པ་དེ་མཛད་དོ།། འདི་ནི་གསོལ་པའོ།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་པ།། ་ལས་ནི་འདི་ལྟར་བྱ་སྟེ། ལན་གསུམ་དུ་བརྗོད་པ་རྒྱས་པར་བྱའོ།། དེ་ལྟར་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་འདི་ཁོ་ན་བདེན་གྱི་གཞན་ནི་རྨོངས་པའོ་ཞེས་བྱ་བའི་བར་གྱི ་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྨྲས་སོ། ། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བ་མཛད་པའི་བར་དུ་སྟེ། ཡང་དགེ་སློང ་མ་གང་དག་འདྲེས་པར་གནས་ཤིང་། དེ་དག་འདྲེས་པར་གན་པ་ན་རྒོད་པ་དང་། རྩེ་བ་དང་ལུས་ཀྱི་རྩ་བ་ཧྲལ་བྱེད་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། པུ་ནུ་མོ་ཁྱེད་འདྲེས་པར་མ་གནས་ཤིག། ་ཁྱེད་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་ཉམས་པ་ཁོ་ནར་འགྱུར་གྱི་འཕེལ་བ་ནི་མ་ཡིན་པར་རིག་པར་བྱའོ།། ཁྱེད་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི་ཉམས་པ་ནི་མ་ཡིན་པར་རིག་པར་བྱའོ།། གལ་ཏེ་དགེ་སློང ་མ་རྣམས་ཀྱིས་དགེ་སློང་མ་དེ་དག་ལ་དེ་སྐད་ཅེས་བརྗོད་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། ཇི་སྟེ་ཐ་དད་དུ་མི་གནས་ཀྱི་འདྲེས་པ་ཁོ་ནར་གནས་ན་གཞི་དེ་གཏོད་དུ་གཞུག་པའི་ཕྱིར་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་ལན་གཉིས ་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ངེས་པར་འབྱུང་བ ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། ། ཡང་དགེ་སློང་མ་གང་དག་ཅེས་བྱ་བ་ན་འཆི་ལྟས་དང་ཉེ་བའི་འཆི་ལྟས་སོ།། འདྲེས་པར་གནས་པ་ནི་ཚོལ་བ་སྟེ་སྟན་དང་མལ་དང་ཟས་ཀྱིས་འདྲེས་པར་གནས་པའོ།། རྒོད་པ་ནི་འཕྱར་པའོ།། རྩེ་བ་ནི། ་རྩེད་མོའོ།། ལུས་ཀྱི་ཙ་བ་ཧྲལ་ནི་དགོད་བྲོར་རུང་བའོ།། དགེ་སློང་མ་དེ་དག་ལ་ཞེས་བྱ་བ་ནི་འཆི་ལྔས་དང་ཉེ་བའི་འཆི་ལྟས་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ།། འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བ ་ནི་འདི་སྐད་ཅེས་སྨྲ་བར་བྱ་བའོ། ། ཕུ་ནུ་མོ་ཁྱེད་འདྲེས་པར་གནས་ཤིག། ཁྱེད་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་ཉམས་པ་ཁོ་ནར་འགྱུར་གྱི་འཕེལ་བར་ནི་མ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་ཁྱེད་འདྲེས་པར་གནས་ན་དགེ ་བའི་ཕྱོགས་སུ་མི་འགྱུར་བས་ཁྱེད་སོ་སོ་ཐ་དད་དུ་གནས་པར་གྱིས་ཤིག། ཁྱེད་ཐ་དད་དུ་གནས་ན་དགེ་བའི་ཕྱོགས་འཕེལ་བ་ཁོ་ནར་འགྱུར་བའོ།། གལ་ཏེ་དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ།། དགེ་སློང་མ་དེ་དག་ལ་དེ་སྐད ་ཅེས་བརྗོད་པ་ན་ཞེས་བྱ་བ་ནི་འཆི་ལྟས་དང་ཉེ་བའི་འཆི་ལྟས་དག་ལ་ཇི་ལྟར་སྔར་བཞམས་ཏེ་བསྒོ་བ་བཞིན་དུ་བསྒོ་ནའོ། ། གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟར་ན་བཟང་བའོ།། གལ་ཏེ་གཞི་དེ་མི་གཏོང་ན་གཞི་དེ་གཏོང་དུ་གཞུག ་ཕྱིར་ལན་གཉིས་ལན་གསུམ་དུ་ཇི་ལྟར་སྔར་བསྒོར་བཞིན་གསོལ་པ་དང་བཞིའི་ལས་ཀྱི་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱ་སྟེ། ཡང་དག་པར་བསྒོ་བ་ནི་འདི་ཡིན། ཡང་དག་པར་བསྟན་པ་ནི་འདི་ཡིན་ནོ།། ཆོས་འདི་ཡང ་ཞེས་བྱ་བ་འདི་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་གསུངས་པའོ། ། ངེས་པར་འབྱུང་བ་དང་བཅས་པ་ནི་རྟོན་པར་བྱ་བ་དང་བཅས་པའོ།། དེ་ལྷུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དུ་ཅུང་ཟད་དགེ་སློང་མ་དག་ཐ་དད་དུ་གནས་པར་གྱི་བཤིག་ཅེས་བརྗོད ་པ་ལས་འདྲེས་པར་གནས་ནས་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། ། བཞམས་ཏེ་བསྒོ་བ་ལས་མ་མཉན་ན་སྦོམ་པོར་འགྱུར་རོ།། རིམ་པ་གཞན་ནི་ཇི་ལྟར་སྔར་དགེ་འདུན་ལྷག་མ་བཅུ་གཉིས་པ་ལས་བཤད་པ་བཞིན་ནོ།། དགེ་སློང་མའི་རྣམ་པར ་འབྱེད་པ་ལས་དགེ་འདུན་ལྷག་མ་བཅཝ་ལྔ་པ་རྫོགས་སྷོ། ། །། གླིང་བཞི་ནི་མཉན་ཡོད་ནའོ།། དེའི་ཚེ་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་མ་དེ་དག་ཐ་དད་དུ་གནས་སོ།། ཐ་དད་དུ་གནས་པ་དེ ་དེ་དག་ལ་སྦོམ་དགའ་མོས་སྨྲས་པ། ཁྱེད་ཅིའི་ཕྱིར་ཐ་དད་དུ་གནས། ཁྱེད་ཚུར་འདྲེས་པར་གནས་ཤིག། བཅོམ་ལྡན་འདས་ཀྱིས་འབྲེལ་བའི་གཏམ་གཏན་ལ་འབེབས་པས་ཤེས་རབ་འཕེལ་བར་འགྱུར་བར་མ་གསུངས་སམ། ་xxx། xxx ་བཀའ་སྩལ་པ། དགེ་སློང་ཁྱུད་ཀྱིས་སྒོ་དགའ་ཚལ་བརྣམས་ཏམ་ཤིག། རློབས་པ་དིས་ཏེ། སྒོས་དགའ་མོ་ཁྱོད་དགེ་སློང་རྣམས་ཅད་དྲུགནས་ཤིང་བ་དང་དུགནས་པ་དེ་དག་གིས་དགེ་བའི་ཆོས་རྣམས་འཕེལ་བཁོན་བགྱུར་གྱི་རྣམས་པ ་ནིམེ་ཡིན་པར་ཤེས་བཞིན་དུ་དེ་དག་ལ་འདི་སྐད་ཅེས། བྱེད་འདྲེས་པར་གནས་ཤིག། བྱེད་རྗེས་པར་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ལོན་གཟུར་གྱི་ཉམས་པ་ནི་པཡིན་ནོ་ཞེས་མ་སྨྲ་ཤིག་ཅེས་བྱ་བ་ནས། གནན་གཏི་མུག་ག་ཞེས་བྱ་བའི་བ་། ་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས་ཀྱིས་སྤོམ་དགའ་མོ་ལ་གསོལ་བ་དང་། བཞིའི་ལས་ཀྱིས་སྐྱོབ་ཡིང ་ཤིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བ་ཤམ་པ་བྱས་ནས་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ནས་ལས་བྱ་བའི་བར་དུའོ།། ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་པ་ནུ་མོ་དག་བདག་ལགས་ན་དུ་གསོའོ།། སློས་དགའ ་མོ་འདི་དགེ་སློང་མཐ་དད་དུ་གནས་པ་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། དགེ་སློང་མ་ཁྱེད་ཐ་དད་དུ་མ་གནས་པར་ཁྱེད་འདྲེས་པར་གནོས་ཤིག། ཁྱེད་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི་ཉམས་པ་ནི་མ་ཡིན ་པ་རིག་པར་བྱ་ཞེས་མཆི་སྟེ། དེ་ལ་དགེ་སློང་མ་མང་པོས་པརྣམས་ཏེ་བསྐོན། གཞི་ཉིད་ལནན་གྱིས་ཞེས་བྱ་བ་ནས་གཞན་ན་མོངས་པའོ་ཞེས་བྱ་བའི་བར་དུ་སྟེ། གལ་ཏེ་འཕགས་པའི་དགེ་འདུན་གྱི་དུས་ལ་བ ་xxx། xxx ་གང་ལགས་པ་མཛད་དོ། ། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ་ཞེས་བྱ་བ་ནས་གསོལ་བ་དང་། བཞིའི་ལས་ཀྱིས་ལན་གསུམ་གྱི་བར་དུ་བསྒོ་ནན་གྱིས་མཆོག་ཏུ་ཞེས་བྱ་བ་ནས་གཞན་ནི་རྨོངས་པའོ་ཞེས་བྱ་བའི་བར་དུའོ།། ་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་བ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བ་མཛད་པའི་བར་དུ་སྟེ། ཡང་དགེ་སློང ་གང་དག་འདྲེས་པར་གནས་ཤིང་རྒོད་པ་དང་། རྩེ་བ་དང་། ལུས་ཀྱི་ཙ་བ་ཧྲལ་བྱེད་པར་ཤེས་བཞིན་དུ་དེ་དག་ཐ་དད་དུ་གནས་པ་ལ་འདི་སྐད་ཅེས་ཕུ་ནུ་མོ་ཁྱེར་ཐ་དད་དུ་མ་གནས་པར་ཁྱད་འདྲེས་པར་གནོས་ཤིག། ཁྱེད་འདྲེས་པར་གནས་ན་དགེ་བའི་ཆོས ་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི་འགྲིབ་པ་ནི་མ་ཡིན་པར་རིག་པར་བྱའོ་ཞེས་ཟེར་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་སློང་མ་འདྲེས་པར་གནས་ཤིང་རྒོད་པ་དང་། རྩེ་བ་དང་། ལུས་ཀྱིས་ཙབ ་རྒལ་བྱེད་པ་ལས་ཐ་དད་དུ་གནས་པ་རྣམས་ལ་འདི་སྐད་ཅེས་ཁྱེད་འདྲེས་པར་གནོས་ལ་ཐ་དད་དུ་མ་གནས་ཤིག་ཅེས་མ་ཟེར་ཅིག། དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་ཅེས་བརྗོད་པ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོར ་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྐོ་བར་བྱ།། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་ཏེ། གཞི་དེ་གཏོང་ན་དེ་ལྟ་ན་དག་གིས ་གལ་ཏེ་མི་གཏོང་ན་ལན་གསུམ་ཞེས་བྱ་བ་ནས། ཆོས་འདི་ཡང་ངེས་པར་འབྱུང་བ་དང་བཅས་པ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློང་མ་གང་དག་ཅེས་བྱ་བ་ནི་འཆི་ལྟས་དང་། ཉེ་བའི་འཆི ་ལྟས་སོ། ། རྒོད་པ་ནི་འཕྱར་བའོ།། རྩེ་བ་ནི་རྩེད་མོའོ།། ལུས་ཀྱི་ཙབ་ཧྲལ་ནི་རྒོད་བྲོར་རུང་བའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། གཞན་གྱིས་དེ་ལ་བརྗོད་ནས་སོ།། ཐ་དད་དུ་གནས་པ་དེ་དག་ལ་ཞེས་བྱ་བ་ནི་སོ་སོར་གནས ་པ་ལའོ། ། འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སླ་ནའོ།། པུ་ནུ་མོ་ཁྱེད་ཅེས་བྱ་བ་ནི་འཆི་ལྟས་དང་ཉེ་བའི་འཆི་ལྟས་སོ།། ཐ་དད་དུ་མ་གནས་པར་ཞེས་བྱ་བ་ནི་སོ་སོར་རོ།། ཁྱེད་འདྲེས་པར་གནོས་ཤིག་ཅེས་བྱ་བ་ནི་ཚོལ་བར་རོ།། ཁྱེད་འདྲེས་པར་གནས ་ན་ཞེས་བྱ་བ་ནི་ཚོལ་བར་རོ། ། དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི་ཉམས་པ་ནི་མ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་དགེ་བའི་ཕྱོགས་འཕེལ་བ་ཁོ་ནར་འགྱུར་གྱི་ཉམས་པ་ནི་མ་ཡིན་པའོ།། དགེ་སློང་མ་དེ་ལ་ནི་ཞེས་བྱ་བ་ནི་སྦོམ་དགའ་མོ་ལའོ། ་དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ།། འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་བཞམས་ཏེ་ཇི་སྐད་སྔར་བསྒོ་བ་བཞིན་དུ་བསྒོ་བར་བྱའོ།། གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ།། གལ་ཏེ་མི་གཏོང ་ན་བཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་ཇི་ལྟར་སྔར་བསྒོ་བ་ལྟར་རོ།། དེ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དུ་ཅུང་ཟད་དགེ་སློང་མས ་དགེ་སློང་མ་གང་དག་འདྲེས་པར་གནས་ཤིང་། རྒོད་པ་དང་། རྩེ་བ་དང་། ལུས་ཀྱིས་ཙབ་ཧྲལ་བྱེད་པར་ཤེས་བཞིན་དུ་དེ་དག་ཐ་དད་དུ་གནས་པ་ལ་འདི་སྐད་ཅེས་བྱེད་ཐ་དད་དུ་མ་གནས་པར་ཁྱེད་འདྲེས་པར་གནོས་ཤིག་ཅེས་སྒྲ་ན་ཐམས་ཅད་དུ་ཉེས་བྱས་སུ ་འགྱུར་རོ། ། དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅུ་དྲུག་པ་རྫོགས་སྷོ།། ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ཀ་ལན་དག་གནས་ན་བཞུགས་སོ།། དེའི་ཚེ་མུ་གེ་མི་བཟད་པས་དགོན་པ་སློངས་སོ་བས་ཟས ་རྙེད་པར་དཀའ་བར་བྱུང་སྟེ། དགེ་སློང་གང་ཞིག་རྫུ་འཕྲུལ་ཐོབ་པ་དེ་ནི་གང་གི་མིང་འཛམ་བུ་ཞེས་བྱ་བས་འཛམ་བུའི་གླིང་དུ་ཤེས་པར་དེར་སོང་ནས་ཤིང་འཛམ་བུའི་སྙེ་མ་ཁ་དོག་དང་དྲི་དང་རོ་དང་ལྡན་པ་རྣམས་ཀྱིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས། བདག ་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ།། ཤིང་འཛམ་བུའི་སྙེ་མ་ཇི་ལྟ་བ་དེ་བཞིན་དུ་ཤིང་བིལ་བ་དང་། སྐྱུ་རུ་ར་དང་། ཀ་པིང་ཐའི་སྙམ་རྣམས་ཀྱིས་ལྷུང་བཟེད་བཀང་སྟེ་ཁྱེར་ན་བདག ་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ།། དེ་བཞིན་དུ་རྒྱལ་ཆེན་ནི་དི་རིས་ཀྱི་ལྷ་དག་གིནང་དུ་ཡང་སོ།། སུམ་བཅུ་རྩ་གསུམ་པའི་ལྷ་དག་གི་ནང་དུ་ཡང་སོང།། ནས་བདུད་རྩི་ད་ག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག ་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ་མཁས་པོ་ཡོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ།། དེ་བཞིན་དུ་བྱང་གི་སྒྲ་མི་སྙན་གྱི་གླིང་དུ་སོང་ནས་མ་རྨོས་མ་བཏབ་པའི་འབྲས་ས་ལུའི་ཆན་གྱིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས ་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ།། དེ་བཞིན་དུ་ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དུ་ཡང་སོང་བ་ནས། ཡུལ་གང་དག་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་ལོ་ལེགས ་བ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དེ་དག་ཏུ་ཡང་སོང་ནས་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པ་ཁ་དོག་དང་དྲི་དང་རོ་དང་ལྡན་པས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ་ཡོད་པ་དག་ལ ་ཡང་བགོ་བཤའ་བྱེད་དོ། ། དེ་ནས་ལྷ་སྦྱིན་འདི་སྙམ་དུ་སེམས་ཏེ། ད་ལྟ་བུ་གེ་མི་བཟད་པ་དགོན་པ་སློང་མོ་བས་ཟད་རྙེད་པར་དཀའ་བ་བྱུང་ངོ་སྙམ་མོ།། ཡང་ལྷ་སྦྱིན་འདི་སྙམ་དུ་སེམས་ཏེ། བདག་གིས་ཀྱང་རྫུ་འཕྲུལ་ཐོབ་པར་བྱས་ལ་བདག་ཀྱང་གང་གིས་མིང ་འཛམ་བུ་ཞེས་བྱ་བས་འཛམ་བུའི་གློང་དུ་ཤེས་པ་དེར་སོང་ལ་ཤིང་འཛམ་བུའི་སྙེམ་ཁ་དོག་དང་དྲི་དང་རོ་དང་ལྡན་པ་རྣམས་ཀྱིས་ལྷུང་བཟེད་བཀང་སྟེ་བླངས་ནས། བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱད་པར་བྱ། ཚངས་པ་མཚུངས་པར་སྤྱོད་པར་མཁས་པ ་ཡོད་པ་དག་ལ་ཡང་བགོ་བཤའ་བྱའོ། ། དེ་བཞིན་དུ་ཡུལ་གང་དག་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་དེ་དག་ཏུ་ཡང་སོང་ལ། བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པ་ཁ་དོག་དང་དྲི་དང་། རོ་དང ་ལྡན་པས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱད་པར་བྱ། ཚངས་པ་ཚུངས་པར་སྤྱོད་པ་མཁས་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱའོ་སྙམ་མོ།། ཡང་ལྷ་སྦྱིན་འདི་སྙམ་དུ་སེམས་ཏེ། མ་ལ་བདག་བཅོམ་ལྡན་འདས་ག་ལ་བ་དེ ་འགྲོའོ་ཞེ་སྙམ་སོ། ། དེ་ནས་ལྷ་སྦྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ལྷ་སྦྱིན་གྱིས ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ། བདེ་བར་གཤེགས་པ་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་སྦྱིན་གྱི་འདོད་པ་སྡིག་པ་ཅན་དུ་གྱུར་པ་ཐུགས ་སུ་ཆུད་ནས་ལྷ་སྦྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ལྷ་སྦྱིན་རེ་ཤིག་ལྷག་པའི་ཚུལ་ཁྲིམས་ལ་བརྩོན་པར་གྱིས་ཤིག་དང་ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ།། ལྷག་པའི་སེམས་དང་། ལྐུག་པའི་ཤེས་རབ་ལ་བརྩོན་པར་གྱིས ་ཤིག་དང་ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ། ། དེ་ནས་ལྷ་སྦྱིན་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་བདག་ལ་རྫུ་འཕྲུལ་གྱི་ལམ་མི་སྟོན་ནོ་སྙམ་དུ་རིག་ནས་ལྷ་སྦྱིན་ཚེ་དང་ལྡན་པ་ཀུན་ཤྭེ་ཀཽཎྜི་ནྱ་ག་ལ་བ་དེར་སོང་སྟེ་ཕྱིན་ནས ་ཀུན་ཤེས་ཀཽཎྜི་ནྱ་ལ་འདི་སྐད་ཅེས་སྨྲས་སོ། ། གནས་བརྟན་པ་དག་ལ་རྫུ་འཕྲུལ་གྱི་ལམ་སྟོན་ཅིག། དེ་ནས་ཚེ་དང་ལྡན་པ་ཀུན་ཤྭེ་ཀོཎྜི་ནྱས་བཅོམ་ལྡན་འདས་ཀྱིས་ཐུགས་ལ་རྣམ་པར་བལྟས་ཏེ་དེའི་འདོད་པའི་སྡིག་པ་ཅན་དུ་གྱུར་པར་རིག་ནས་ལྷ་སྦྱིན ་ལ་འདི་སྐད་ཅེས་སྨྲས་སོ། ། ལྷ་སྦྱིན་གཟུགས་ཚུལ་བཞིན་ཡིད་ལ་གྱིས་ཤོག་དང་ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ།། རྣམ་པར་ཤེས་པའི་བར་ཚུལ་བཞིན་ཡིད་ལ་གྱིས་ཤིག་དང་ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར ་འགྱུར་རོ་ཞེས་བྱ་བ་ནས། ལྷ་སྦྱིན་གྱིས་འོད་སྲུང་སྟོབས་བཅུ་པ་ལས་རྫུ་འཕྲུལ་བསྒྲུབས་ཏེ་དེ་གཅིག་ཏུ་གྱུར་ནས་དུ་མར་འགྱུར་ཞེས་བྱ་བའི་བར་དུའོ།། རེ་ཤིག་ན་སེམས་ཡོངས་སུ་གཏུགས་པ་དེ་ལ་འདོད་པ་སྡིག་པ་ཅན་དུ་གྱུར་པ་འདི་ལྟ་བུ ་བྱུང་སྟེ། ད་ལྟར་བཅོམ་ལྡན་འདས་བགྲེས་འཁོགས་གདུགས་པས་འཁོར་བཞི་པོ་ལོ་གདམས་པར་མཉེས་པས། ཀྱེ་མ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་བདག་ལ་གཏད་དོ།། བདག་གིས་དགེ་སློང་གི་དགེ་འདུན་ཡོངས ་སུ་དྲུང་ཞིང་བཅོམ་ལྡན་འདས་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་ཞིང་ཐུགས་ལས་ཆུང་ངུར་བཞུགས་ཀྱང་ཅི་མ་རུང་སྙམ་མོ། ། ཇི་ཙམ་ན་ལྷ་སྦྱིན་བཅོམ་ལྡན་འདས་ག་ལ་བདེར་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ད་ལྟར་བགྲེས་པཁོགས་ཞེས་བྱ་བ་ནས་མཐོང་བའི་ཆོས་ལ་བདེ་བར་གནས་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་ཞིང་ཞེས་བྱ་བའི་བར་དུའོ།། དེས་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་སྦྱིན་ལ་འདི་སྐད་ཅེས། ་བཀའ་སྩལ་ཏོ།། སྐྱེས་བུ་གཏི་མུག་ངས་རེ་ཤིག་ཚངས་པ་མཚུངས་པར་སྤྱོད་པ་དེས་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དག་ལ་ཡང་དགེ་སློང་གི་དགེ་འདུན་མི་གཏད་ན་མི་ཚེལ་མ་འཐུང་བ་རོ་ཁྱོད་ལ་ལྷ་མོས་ཀྱང་ཅི་དགོས། དེ་སྐད་ཅེས་བཀའ་སྩལ་པ་དང་ལྷས་བྱིན་ཁྲོས་འཁྲུགས་ནས ་མགོ་ལན་གསུམ་གཅོགས་ཏེ་མཇལ་ཏོ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། ། དེ་ནས་ལྷ་སྦྱིན་དེ་ཕྱིན་ཅིང་དགེ་སློང་གི་དགེ་འདུན་གྱི་དབྱེན་བྱ་བར་བརྩམས་སོ།། དེའི་ཚེ་དགེ་སློང་མ་སྦོམ་དགའ་མོ་ཞེས་བྱ་བས་ཀྱང་དགེ་སློང་མའི་དགེ་འདུན་གྱི་དབྱེན་བྱ་བར་འབད་པ ་བརྩམས་པ་དང་། དགེ་སློང་མ་རྣམས་ཀྱིས་དེ་འབང་བ་རྩོམ་པར་འཕྲིགས་སོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་སྒོ་མ་དགའ་མོ་ལ་བཞབས་ཏེ་སྒོ་ཤིག། ་བཞམས་ཏེ་བསྒོ་བ་ཡང་འདི་ལྟར་བྱ་སྟེ། སྦོམ་དགའ་མོ་ཁྱེད་དགེ་སློང་མའི་དགེ་འདུན་འཐུན་པར་བྱེ་བའི་ཕྱིར་མ་འཇུག་ཤིག། དབྱེ་བར་བྱེ་བའི་ཕྱིར་བརྩོད་པ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་མ་འདུག་ཤིག། སྒོམ་དགའ་མོ་བྱེད་དགེ་བདུན་དང་འཐུན་པར་གྱིས་ཤིག། དགེ་འདུན་འཐུན་མི་ཕྱེད། ཀུན ་དུ་དགའ་མི་རྩོད་དེ། རྩེ་ཅིག་ལ་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་སྦོམ་དགའ་མོ་ཁྱེད་ཀྱིས་དགེ་འདུན་གྱི་དབྱེན་བྱེད་པའི་གཞི་དེ་ལྟ་བུ་ཟོང་ཤིག། དེ་ལ་དེ་སྐད་དུ་བ་ཞམས ་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ཕྱིར་ཞིང་ནན་གྱིས་མཆོག་དུ་བཟུང་ནས་འདི་འོ་ན་ཉིད་བདེན་གྱི་གཞན་ནི་མོངས་པའོ། ཞེས་རྗེས་སུ་ཐ་སྙད་འདོགས་སོ།། དགེ་སློང་མ་དེའི་གྲོགས་མོ་རྣམས་ཀྱང་དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། པུ་ནུ་མོ་ཁྱེད་དགེ་སློང་མ་འདི་ལ་དགེ་ཡང་རུང ་སྡུག་ཀྱང་རུང་ཅུང་ཟད་ཀྱང་མ་སྨྲ་ཤིག། དེ་ཅིའི་ཕྱིར་ཤེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བ་ཏེ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་རྗེས་སུ་ཐ་སྙད་འདོགས་པས། དགེ་སློང་མ་འདི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་ནི་མ་ཡིན་ནོ།། དགེ་སློང་མ་འདི ་གང་ལ་འདོད་ཅིང་བཟོད་པ་དེ་ལ་དེད་ཀྱང་འདོད་ཅིང་བཟོད་དོ། ། དེ་ནས་དགེ་སློང་མ་རབ་ཏུ་མང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ཏེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག ་ཅག་གི་སྦོམ་དགར་མོ་བཞམས་ཏེ་བསྒོ་ལགས་ཏེ། དེ་བཞམས་ཏེ་བསྒོ་བ་ནི་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་གཞན་ནི་མོངས་པའོ་ཞེས་བྱ་བའི་བར་དུའོ།། དགེ་སློང་མ་དེའི་གྲོགས་མོན་མས་ཀྱང་དགེ་སློང་མདེ་དག་ལ་འདི་སྐད་ཅེས་མཆི་སྟེ། ཕུན་མོ་བྱེད་དགེ་སློང་མ་འདི་ལ་ཅུང་ཟད་ཀྱང ་མ་སྨྲ་ཤིག་ཅེས་བྱ་བ་ནས་དེ་ལ་རེད་ཀྱང་འདོད་ཅིང་བཟོད་དོ་ཞེས་བྱ་བའི་བར་དུའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་དགེ་སློང་མ་དེ་དག་དང་། གཞན་ཡང་དེ་ལྟ་བུ་དག་ལ་བཞམས་ཏེ་སྒོ་ཤིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། དགེ་སློང་མ་ཁྱེད་དགེ་སློང་གང ་ཞིག་དགེ་འདུན་འཐུན་པ་དབྱེ་བའི་ཕྱིར་ཞུགས་ཏེ། དབྱེ་བའི་ཕྱིར་བརྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་འཇུག་པར་ཤེས་བཞིན་དུ་དེའི་གྲོགས་བྱེད་ཅིང་མི་འཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མབྱེད་པར་ཕུ་ནུ་མོ་དག་དགེ་འདུན་འབྱེད་པའི་རྗེས་འབྲང་བ་མི་མཐུན་པར ་སྨྲ་བ་འདི་ལྟ་བུ་ཐོང་ཤིག། དགེ་སློང་མ་རྣམས་ཀྱིས་དེ་སྐད་དུ་སྨྲས་པ་ན་གལ་ཏེ་ཞེས་བྱ་བ་ནས་གཞི་དེ་ཉིད་ལ་ཞེས་བྱ་བ་ནས་གཞན་ནི་རྨོངས་པའོ་ཞེས་བྱ་བའི་བར་དུའོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས ་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་སློང་མ་ཁྱེད་ཀྱིས་སྦོམ་དགའ་མོ་ལ་གསོལ་པ་དང་། བཞིའི་ལས་ཀྱི་བསྒོ་ཤིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ལ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། ་འཕགས་པའི་དགེ་འདུན་ཕུ་ནུ་མོ་རྣམས་བདག་ལགས་ན་དུ་གསོལ།། དགེ་སློང་མ་སྦོམ་དགའ་མོ་འདི་དགེ་འདུན་འཐུན་པ་དབྱེ་བའི་སླད་དུ་ཞུགས་དེ་དབྱེ་བའི་སླད་དུ་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་མཆིས་ནས། འདི་ལ་དགེ་སློང་མ་མོ་ཟོས་བཞམས་ཏེ་། ་པ་ན་འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱིས་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས ་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་སྦོམ་དགའ་མོ་ལ་ཕུནུ་མོ་སྦོམ་དགའ་མེ་ཁྱེད་དགེ་འདུན་འཐུན་པར་བྱེ་བའི་ཕྱར་མ་འཇུག་ཤིག། དབྱེ་བར་བྱ་བའི་ཕྱིར་བརྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་མ་བདུག་ཤིག། ཕུ་ནུ་མོ་ཁྱོད་དགེ་འདུན ་དང་འཐུན་པར་གྱིས་ཤིག། དགེ་འདུན་འཐུན་ཞིང་མི་ཕྱེད་ལ་ཀུན་ཏུ་དགའ་ཞིང་མི་བརྩོད་དེ་རྩེ་ཅིག་ལ་འདོན་པ་གཅིག་ཅིང་ཆུ་དང་འོ་མ། འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཕུ་ནུ་མོ་སྦོམ་དགའ་མོ་ཁྱོད་དགེ་འདུན་འབྱེད། ་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱི་བསྒོ་བ་མཛད་དོ།། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་པུ་ནུ་མོ་རྣམས་བདག་ལ་གསན་དུ་གསོལ། སྦོམ་དགའ་མོ་དགེ་འདུན་དབྱེ་བའི་སླད་དུ་ཞུགས་ཏེ། དབྱེ་བ་སླད་དུ་ཅོ ་པ་ཡང་དག་པར་བླངས་ན་ས་རབ་དུ་འཛིན་ཅིང་རྗེས་སུ་སྒྲུབ་ཏེ། འདི་ལ་དགེ་སློང་མ་མད་པོས་བཞམས་ཏེ་བསྒོན་པ་དེ་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་བཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་རྫུན་པའོ་ཞེས་རྗེས ་སུ་ཐ་སྙད་འདོགས་པ་དེའི་སླད་དུ་འཕགས་མའི་དགེ་འདུན་གྱིས་སྦོམ་དགའ་མོ་ལ་སྦོམ་དགའ་མོ་ཁྱོད་དགེ་འདུན་འཐུན་པ་དབྱེ་བའི་ཕྱིར་མ་འཇུག་ཤིག། དབྱེ་བར་བྱ་བའི་ཕྱིར་བརྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་མ་འདུག་ཤིག། སྐྱོམ་དགའ་མོ་ཁྱོད་དགེ་འདུན་དང ་འཐུན་པར་གྱིས་ཤིག། དགེ་འདུན་མི་བྱེད་ལ། ཀུན་ཏུ་དགའ། མི་རྩེད་རྩེ་ཅིག་ལ། འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས་སྦོམ་དགའ་མོ་ཁྱེད་དགེ་འདུན་འབྱེད ་པཔར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག། ཅེས་དགེ་སློང་མ་སྦོམ་དགའ་མོ་ལ་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་བ་མཛད་ན་ཚེ་དང་ལྡན་པ་མགང་དག་དགེ་སློང་མ་ཐོམ་དགའ་མོ་ལ་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག། གང ་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ།། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས་འཕག་ས་མའི་དགེ་འདུན་གྱིས་སྒྲོམ་དགའ་མོ་ལ་གསོལ་བ་དང་གཞི་ཡིས་ཀྱིས་བསྒོ་བ་མཛད་ལགས་ཏེ། ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེ་ལ་དེ་ལྟར་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་ཤེས་བྱ་བ་ནས། འདི་ཉིད་བདེན་གྱིས་གཞན་ནི་རྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སུའོ།། དེའི་གྲོགས་མོ་དགེ་སློང་མ་དེ་དག་ཀྱང་དགེ་སློང་མ་དེ་རྣམས་ལ་དགེ་སློང ་མཁྱེད་དགེ་སློང་མ་འདི་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅི་ཡང་མ་སྨྲ་ཤིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བ་ཡིན་ལ། འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བཅུད་ནས་རབ་ཏུ་འཛིན་ཅིང་རྗེས་སུ་གྲུབ་པའོ།། དགེ་སློང་མ་འདི་ནི་ཤེས་བཞིན་དུ་ཟླ་བ་ཡིན་གྱིས་མི་ཤེས་པ་ནི་མ ་ཡིན་ནོ། ། གེ་སློང་མའི་དི་གང་ལ་འདོད་ཅིང་བཟོད་པ་དེ་ལ་དེ་ཀྱང་འདོད་ཅི་བཟོད་དོ་ཞེས་དེ་སྐད་ཅེས་སྨྲས་སོ།། དེ་ནས་དགེ་སློང་མ་རབ་ཏུ་མང་པོས་བཅོམ་ལྡན་འདས་གལ་བ་དེར་སོ་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་འི་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་གིས་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་འདི་ཉིད་བདེན་གྱིས་གཞན་ནི་རྫུན་པའོ་ཞེས་བགྱི་བར་དུ་རྗེས་སུ་སྲུབ་ཅིང་དེའི་གྲོགས་མོ་དགེ་སློང་མ་དེ ་དག་ཀྱང་དགེ་སློང་མ་རྣམས་ལ་དགེ་སློང་མ་ཁྱེད་དགེ་སློང་མ་འདི་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅི་ཡང་མ་སྒྲ་ཤིག་ཅིག་ཅེས་བགྱི་བ་ནས་དོད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་བ་སྐད་ཅེས་མཚོའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མཁྱེད་ཀྱིས་དགེ་སློང་མ ་དག་ལ་ཡང་བཞམས་ཏེ་བསྒོ་ཤིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། དགེ་སློང་མ་ཁྱེད་དགེ་སློང་མ་གང་དགེ་འདུན་འཐུམ་པ་དབྱེ་བའི་ཕྱིར་བརྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པར་ཤེས་བཞིན་དུ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས ་བྱེད་ཅིག། དགེ་སློང་མ་རྣམས་ལ་དགེ་སློང་མ་བྱེད་དེགེ་སློང་མ་འདི་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅི་ཡང་མསྨྲ་ཤིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སུ་ཞིང་འདུལ་བ་སླལ་འདདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་རྗེས་སུ་གང ་བའོ། ། དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་ནི་མ་ཡིན་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་དེད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་སྐད་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བ་མ་ཡིན་ཞིང་འདུལ་བ་སྨྲ་བ་མ་ཡིན ་གྱིས་དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་སྨྲ་ཞིང་། འདུལ་བ་མ་ཡིན་པ་སྨྲ་བ་ཡིན་ལ། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་འརྔོན་ཅིང་རྗེས་སུ་སྒྲུབ་པའོ།། དགེ་སློང་མ་འདི་ནི་མི་ཤེས་བཞིན་དུ་སྨྲའི་ཤེས་པར་ནི་མ ་ཡིན་གྱིས། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཁྱེད་འདོད་པ་དང་བཟོད་པར་མ་བྱེད་ཅིག། པུ་ནུ་མོ་དྷད་གེདུན་འབྱེད་པ་འདོད་པར་མ་བྱེད་པར་བུ་ནུ་མོ་དག་འདུན་འཐུན་པར་ཉིད་དུ་འདོད་པར་གྱིས་ཤི།། དགེ་འདུན་འཐུན་ཞིང་མི་བྱེད་ག། ཀུན ་དུ་དགའ་ཞིང་མི་བརྩོད་དེ། རྩེ་གཅིག་ལ་འདོད་པ་གཅིག་ཅིང་ཆུ་དང་འོ་མ་ཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ་སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་གྱུར་གྱིས། ཕུ་ནུ་མོ་དག་དགེ་འདུན་འབྱེད་པ་ལ་ཕྱོགས་པ་མི་མཐུན་པར་སྨྲ་བ་འདི་ལྟ ་འདི་ཐོང་ཤིག། གལ་ཏེ་དགེ་སློང་མ་དེ་དག་ལ་དེ་སྐད་ཅེས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་ཤེས་བྱ་བ་ནས། གཞན་ནོ་རྫུན་པའོ་ཞེས་བྱ་བའི་བར་རྗེས་སུ་སྒྲུབ་པའོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བརྗོད་ཅིང་དགེ་སློང་རྣམས་ཀྱི་སུལ ་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་གྲོགས་བྱེད་པ་དེ་དག་དང་། གཞོན་དེ་དག་དེ་ལྟ་བུའི་རང་བཞིན་ཅན་རྣམས་ལ་གསོལ་བ་དང་གཞིའི་ལས་ཀྱིས་ས། གས་ས་རྣཾས་། ་གནས་མལ་གཞམ་པར་བྱ་ལ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱ་བའི་བར་དུའོ།། འཕགས་མའི་དགེ་འདུན་ཕུ་ནུ་མོ་རྣམས་བདག་ལ་གསན་དུ་གསོལ། རྗེས་སུ་ཕྱོགས་པ་འདི་དག་དགེ་སློང་མ་གང་དགེ་འདུན་མཐུན་པ ་དབྱེ་བའི་སླད་དུ་ཞུགས་ཏེ། དབྱེ་བའི་སླད་དུ་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པར་འཚལ་བཞིན་དུ་དེའི་གྲོགས་བགྱིད་ཅིང་མི་འཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་བགྱིད་ནས། དེ་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས ་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ཞེས་བྱ་བ་ནས་གཞན་ནི་རྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་པ་ན་དེའི་སླད་དུ་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་གྲོགས་བགྱིད་པ་དག་ལ་དགེ་སློང་མ་ཁྱེད་དགེ་སློང་མ་གང་དགེ་འདུན་འཐུན་པ་དབྱེ་བའི་ཕྱིར་ཞུགས་ཏེ། དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས ་རབ་ཏུ་འཛིན་ཅིང་འདུག་པར་ཤེས་བཞིན་དུ་དེའི་གྲོགས་བྱེད་ཅིང་མི་འཐུན་པ་སྨྲ་བའི་རྗེས་སུ་ཕྱོགས་ནས་དེ་དག་ལ་དགེ་སློང་མ་མང་བས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ཞེས་བྱ་བ་ནས་གཞན་ནི་རྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛད་ཅིག་དང་། དགེ་སློང་མ་གྲོགས་བགྱིད་པ་འདི་དག་ལ་དགེ་སློང་མ་ཁྱེད་དགེ་སློང་མ་གང་དགེ་འདུན་དབྱེ་བའི་ཕྱིར་ཞུགས་ཏེ། དགེ་འདུན་དབྱེ་བའི་ཕྱིར་བརྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་འདུག་པར་ཤེས་བཞིན་དུ་དང ་ཐོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་མཛོད་ཅིག་དང་། པུ་ནུ་མོ་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོད་ཤིག། དགེ་འདུན་འཐུན་ཞིང་མི་ཕྱེད་ལ། ཀུན་དུ་དགའ་ཞིང་མི་རྩོད་དེ་རྩེ་གཅིག་ལ། འདོན་པ་གཅིག་ཅིང་ཆུ་དང་ལོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་སྟན་པ། ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་རོ་ཞེས་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་བ་མཛད་དོ།། འདི་ནི་གསོལ་བའོ།། ལས་ཀྱང་འདི་ལྟར་བྱ་སྟེ་འཕགས་མའི་དགེ་འདུན་ཕུ་ནུ་མོ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་རྗེས་སུ་ཕྱོགས་པ་འདི་དག་ནི་དགེ་སློང་མ་གང ་དགེ་འདུན་འཐུན་པ་དབྱེ་བའི་སླད་དུ་ཞུགས་ཏེ། དབྱེ་བའི་སླད་དུ་རྩོད་པ་ཡང་དག་པར་བླང་ནས་རབ་ཏུ་འཛིན་ཅིང་མཆིས་པར་འཚལ་བཞིན་དུ་དེའི་གྲོགས་བགྱིད་ཅིང་འདུག་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་ནས་དེ་དག་ལ་དགེ་སློང་མ་རབ་དུ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ ་ཞེས་བྱ་བ་ནས་གཞན་ནི་རྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་ན་དེའི་སླད་དུ་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་ཁྱེད་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་ཞུགས་ཏེ། དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་འདུག་པར་ཤེས་བཞིན་དུ ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག། ཕུ་ནུ་མོ་དགེ་འདུན་གྱི་དབྱེན་གྱི་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་བ་མཛད་ན། འཕགས་མའི་དགེ་འདུན་གང་དག་དགེ་སློང་མ་འདི ་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་དང་། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱ་བ་ནས། འཕགས་མའི་དགེ་འདུན་གྱིས་བཟོད ་ཅིང་གནརྔ་ནས་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་གྲོགས་བགྱིད་པ་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་མཛིན་ཏོ་ཞེས་བྱ་བའི་བར་དུའོ།། དེ་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལས་ཞེས ་བྱ་བ་ནས་གཞན་ནི་རྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། ། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་སླབ་པ་བཅའ་བའི་བར་དུ་མཛད་དེ ་ཡང་དགེ་སློང་མ་གང་དགེ་འདུན་འཐུན་པ་དབྱེ་བའི་ཕྱིར་ཞུགས་ཏེ། དབྱེ་བའི་ཕྱིར་བརྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་འདུག་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མ་ཁྱེད་དདེ། འདུན་འཐུན་པ་དབྱེ་བའི་ཕྱིར་མ་འཇུག་ཤིག། དབྱེ་བའི་ཕྱིར་རྩོད་པར་ཡང ་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་རྗེས་སུ་མ་སྒྲུབ་ཤིག། འཕགས་མ་ཁྱོད་དགེ་འདུན་དང་འཐུན་པར་གྱིས་ཤིག། དགེ་འདུན་འཐུན། མི་ཕྱེད། ཀུན་ཏུ་དགའ། མི་རྩོད་དེ་རྩེ་གཅིག་ལ། འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་སྟན་པ་གསལ ་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། འཕགས་མ་དགེ་འདུན་གྱི་དབྱེན་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་དེ་སྐད་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན། གལ་ཏེ་གཞི་དེ་ཉིད་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི ་གཏོང་ན་གའི་དེ་གཏོང་དུ་གཞུགས་པའི་ཕྱིར་ཞུགས་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་སྟོན་པར་བྱའོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ། ཡང་དག་པར་སྟོན་པ་ན། གཞི་དེ་སྟོང་ན་དེ་ལྟ་ན་ནི་ལེགས། གལ་ཏེ་མི་ཏོང་ན ་ཆོས་འདི་ཡང་ལན་གསུམ་པ་ལ་ངེས་པར་འབྱུང་བ་དང་བཅས་པ་ཏེ་དགེ་འདུན་ལྷག་མའོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོ་འམ། གཞན་ཡང་དེ་ལྟ་བུ་དང་འཐུན་པ་གང་ཡིན་པའོ།། དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་ནོ།། འཐུན་པ ་ཞེས་བྱ་བ་ནི་རོ་ཅིག་པའོ། ། དབྱེ་བའི་ཕྱིར་ཞེས་བྱ་བ་ནི་རྣམ་པ་གཉིས་སུ་བྱ་བའི་ཕྱིར་རོ།། ཞུགས་ཏེ་ཞེས་བྱ་བ་ནི་རྩོན་པར་བྱེད་པའོ།། དབྱེན་བྱ་བའི་ཕྱིར་ཞེས་བྱ་བ་ནི་དབྱེན་བྱེད་པའི་གཞི་ནི་བཅུ་བཞི་སྟེ། ཆོས་སམ་ཆོས་མ་ཡིན་པའམ་འདུལ་བ་འམ། འདུལ་བ་མ་ཡིན་པ་འམ ་ལྟུང་བ་འམ། སྲུང་བ་མ་ཡིན་པའམ། ལྷག་མ་ཡོད་པ་འམ། ལྷག་མ་མེད་པ་འམ། ལྕི་བ་འམ་ཡང་བའམ། བཤགས་པར་བྱབ་འམ། བསྡམ་པར་བྱ་བ་འམ། འདུལ་བ་ལས་འགལ་བར་བྱ་བའམ། ཉེས་པར་བཤད་པར་འགྱུར་བ་སྟེ། འདི་དག་ལས་གང་ཡང་རུང་བའི་དངོས་པོལ། ་པར་རབ་ཏུ་ཤིན་ཏུ་བཟུང་བ་ཡིན་ནོ།། བརྩོད་པ་ཡང་དེ་ཞེས་བྱ་བ་ནི་བརྩོད་པ་བཞི་ཏེ་ཞེས་བྱ་བ་ནས་བྱ་བའི་ཕྱིར་བརྩོད་པའི་བར་དག་གོ།། ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་ཞེས་བྱ་བ་ནི་མངོན་པར་ཞེན་ནས་སོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདབ་རྣམས ་ཀྱིས་སོ། བཞམས་ཏེ་བསྒོ་བར་བྱའོ།། ཞེས་བྱ་བ་ནི་སྔར་ཇི་སྐད་བསྒོ་བ་བཞིན་དུའོ།། གལ་ཏེ་དགེ་སློང་མ་རྣམས་ཀྱིས་བཞམས་ཏེ་བསྒོ་བ་ན་བཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བ་དེའོ།། སྟོང་ན་དེ་ལྟ་ན་ནི་ལེགས་ཞེས་བྱ་བ་ནི་དེ་ལྟར་ན་བཟང་ངོ་ཞེས་བྱ་བའོ།། གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ལྟ་བའོ།། ་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་སྒོ་བར་བྱ། ཡང་དག་པར་བསྟན་པར་བྱ་ཞེས་བྱ་བ་ནི་བལྔར་གསོལ་བར་བྱ་བ་དང་གཞིའི་ལས་བྱས་ཇི་སྐད་བསྒོ་བ་བཞིན་དུའོ།། འདི་ནི་ཡང་དག་པར་གདམས་པ་ཡིན་ནོ།། འདི་ནི་ཡང་དག་པར་སྙན་པ་ཡིན་ནོ།། ཆོས་འདི་ཡང་ཞེས་བྱ ་འདི་ནི་ཆེས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་གསུང་བའོ། ། ལན་གསུམ་པ་ལ་ངེས་པར་འབྱུང་བར་བྱ་བ་སྟེ་ཞེས་བྱ་བ་ནི་སྟོན་པ་དང་བཅས་པའོ།། གཞན་ནི་སྔ་མ་ཇི་ལྟ་བུ་བཞིན་ནོ།། དེ་ལྟ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་དགེ་འདུན་དབྱེ་བའི་ཕྱིར་ཞུགས་ན་གང་ཅི་ཡང་རུང་སྟེ་ཐམས ་ཅད་དུ་ཉེས་བྱས་ཀྱིས་ལྟུང་བར་འགྱུར་རོ། ། བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོའོ།། གཞན་ནི་སྔ་མ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། དགེ་སློང་མ་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅུ་བདུན་པ་རྫོགས་སོ།། ། ་དེ་ནས་བཅོམ་ལྡན་འདས་ག་དེ་ཉིད་ལ་བཞུགས་བཞིན་དུ་བསླབ་པའི་གཞི་གཉིས་པ་འཆའ་བར་མཛད་དོ།། དགེ་སློང་མ་རྣམས་ལ་གཅིག་གམ། གཉིས་སམ། མང་པོ་ཡང་རུང་སྟེ། དགེ་སློང་མ་དེའི་གྲོགས་སུ་གྱུར་ལ། མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་ན་སུ་དགེ་སློང་མ་དེ་རྣམས ་དགེ་སློང་མ་རྣམས་ལ་འཕགས་མ་ཁྱེད་དགེ་སློང་མ་འདི་དག་ལ་དགེ་སློང་མ་དགེ་ཡང་རུང་སྡིག་ཀྱང་རུང་ཅི་ཡང་མ་སྨྲ་ཤིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བ་ཡིན་ལ། དགེ་སློང་མ་འདི་ནི་ཆོས་དང་འདུལ་བས་ཡང་དག་པར་བླངས་ནས་རབ་དུ་འཛིན་ཅིང་རྗེས ་སུ་སྒྲུབ་པའོ། ། དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པར་ནི་མ་ཡིན་ཏེ། དགེ་སློང་མ་འདི་ནི་གང་ལ་འདོད་ཅིང་བཟོད་པ་དེ་ལ་དེད་ཀྱང་འདོད་ཅིང་བཟོད་དོ།། ཞེས་དེ་སྐད་ཅེས་ཟེར་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མ་ཁྱེད་དགེ་སློང་མ་འདི་ནི་ཆས ་སྨྲ་བ་འདུལ་བ་སྨྲ་བ་ཡིན་ལ། དགེ་སློང་མ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ།། དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་ནི་མ་ཡིན་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས ་དེ་གང་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ་ཡིན་ལ། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་དང་། འདྲ་ལ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང ་རྗེས་སུ་སྒྲུབ་པའོ། ། དགེ་སློང་མ་འདི་ནི་མི་ཤེས་བཞིན་དུ་སྨྲའི། ཤེས་པར་མ་ཡིན་གྱིས། དགེ་སློང་མ་འདི་ནི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཁྱོད་འདོད་ཅིང་བཟོད་པར་མ་བྱེད་ཅིག། ཁྱེད་དགེ་འདུན་འབྱེད་པར་མ་བྱེད་ཅིག། ཁྱེད་དགེ་འདུན་འཐུན་པར་འདོད་པར་གྱིས་ཤིག། ་དགེ་འདུན་དང་འཐུན་པར་གྱིས་ཤིག། དགེ་འདུན་འཐུན་ཞིང་མི་ཕྱེད་ཀུན་དུ་གགཞི་མི་བརྗོད་དེ་རྩེ་གཅིག་ལ་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་དུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། དགེ་སློང་མ་ཕྱེད་དགེ་འདུན ་འབྱེད་པའི་ཕྱིར་མི་འཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པ་འདི་ལྟ་བུ་འདི་ཐོང་ཤིག། ཅེས་དེ་སྐད་ཅེས་བརྗོད་པར་བྱའོ།། དེ་ལྟར་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་ཅེས་བརྗོད་པ་ན་གལ་ཏེ་ག། ནི་དེ་གཏོར་ནདེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ ་གཏོད་དུ་གཞུག་པའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་གྱིས་དུ་ཡང་དག་པ་།། ཡང་དག་པར་བསྟན་པ་ན་གལ་ཏེ་གཞི་དེ། ཏོ་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན ་གསུས་པ་ལ་ངས་པར་འབྱུང་བ་དང་ས་པ་སྟེ། དགེ་འདུན་ལྷགས་དགེ་སློང་མ་དེའི་ཞེས་བྱ་བ་ནི་སྤོས་དགའ་མོ་བའོ། གེ་སློང་མ་ཕྱོགས་སུ་གྱུར་ལ་ཞེས་བྱ་བ་ནི་བཅུ་གཉིས་སྟེརྣམས་སོ།། གགགས་ཞེས་བྱ་བ་ནི་གཅིག་ཉིད་དོ།། གཉིསས་པ་ཞེས་བྱ་བ་ན་ས ་ཉིད་དོ། མང་པོ་ཡང་རུང་ཤེས་བྱ་བ་ནི་གཉིས་ལས་ལྷག་པ་ནི་མང་བའོ།། དེ་དག་དགེ་སློང་ས་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་བ་རྣམས་ལའོ།། དེ་སྐ་ཅེས་བེར་ན་ཞེས་བྱ་བ་ནི་སྨནའོ།། འཕགས་མཁྱེད་ཅེས་བྱ་བ་ནི་ཁྱེད་ཅག་གོ།། དགེ་སློང་མ་འདི་ལ་ཞེས་བྱ་བ་ནི་སྦོམ་དགལ ་མོ་ལའོ། ། ཅི་ཡང་མ་སྒྲ་ཤེག་ཅེས་བྱ་བ་ནི་སང་ཡང་རུང་ཉུང་ཡང་རུང་ཅི་ཡང་མ་སྟོན་ཅིག་ཅེས་བྱ་བའོ།། གེ་ཡང་རུང་ཞེས་བྱ་བ་ནི་དགེ་བ་འཛིན་དུམ་གཟུག་ཅིག་ཅེས་བྱ་བའོ།། སྡིག་ཀྱང་རུང་ཞེས་བྱ་བ་ནི་སྡིག་པ་ལས་མ་བསྲང་ཤིག་ཅེས་བྱ་བའོ།། དེ་ཅིའི་ཕྱིར་ཞེ་ན། ་དགེ་སློང་ས་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ་ཞེས་བྱ་བ་ནི་ཆོས་ཇི་ལྟ་བ་བཞིན་དང་། སྤྱོད་པ་ཇི་ལྟ་བ་བཞིན་དུའོ།། འདི་ནི་ཤེས་བཞིན་དུ་སྨྲ་བ་ཡིན་གྱི་མི་ཤེས་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ཤེས་པ་དང་ཇི་ལྟར་མཐོང་བ་དེ་བཞིན་དུ་སྙད་འདོགས་པའོ།། འདི་གང ་ལ་འདོད་པ་ཞེས་བྱ་བ་ནི་འདི་དང་བདག་ཅག་མཐུན་པར་བཟོད་པའོ། ། དགེ་སློང་མ་དེ་དག་ལ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་རྣམས་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ།། དེ་སྐད་ཅེས་བརྗོད་པར་བྱ་ཞེས་བྱ་བ་ནི་དེ་སྐད་ཅེས་བསྒོ་བར་བྱའོ།། ། ་འཐུན་པ་ཞེས་བྱ་བ་ནི་རོ་ཅིག་པའོ།། དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་ནོ།། འབྱེད་པ་ཞེས་བྱ་བའི་རྣམ་པ་གཉིས་སུ་འགྱུར་བའོ།། འཇུག་ཅེས་བྱ་བ་ནི་བརྩོན་པའོ།། དེའི་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གྲོགས་སུ་གྱུར་ཅེས ་བྱ་བ་ནི་འཇུག་རྫོགས་པར་བྱེད་པའོ། ། རྗེས་སུ་ཕྱོགས་པ་ཞེས་བྱ་བ་ནི་བཟོད་པ་དང་། འདོད་པ་དང་། བློ་གྲོས་དག་བསམ་པའོ།། མི་འཐུན་པར་སྨྲ་བའི་ཞེས་བྱ་བ་ནི་འཐུན་པ་དང་བྲལ་བར་བྱེད་པའོ།། དགེ་སློང་མ་དེ་དག་ལ་ཞེས་བྱ་བ་ནི་བཅུ་གཉིས་པ་སྡེ་རྣམས་ལའོ།། ་དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་བ་རྣམས་ཀྱིས་སོ།། དེ་སྐད་ཅེས་བརྗོད་པར་བྱ་ཞེས་བྱ་བ་ནི་དེ་སྐད་བསྒོ་བར་བྱའོ།། ཕུ་ནུ་མོ་དགེ་འདུན་གྱི་དབྱེན་མེ་འཐུན་པར་ཟླ་བའི་རྗེས་སུ་ཕྱོགས་པ་འདི་ལྟ་བུ་འདི་ཐེང་ཤིག་ཅེ་བྱ་བ་ནི་རྣམས་གྲངས་དུམས་དགེ་འདུན ་1་པ་ད་ན་ས་གྱུ། ས་མ་། @5་ནས། ་གཔཉིས་གཏན་གསལ་བ་དང་ཅན་མས་ཀྱིས་བསྐོ་པར་བྱག།། ཞེས་བྱ་བ་ནི་ག་པན་པ་བཞིན་།། འན་ཡང་དག་པར་ཟླབ་ཡིན་ན།། འདི་དགར་ན་པ་ད། ཚ་འད་ས་གས་བྱ་ན་མ་མ་ཡིན་པ་ལ ་བའོ། ། ལན་གསུམ་པ་ལ་ངེས་པར་འབྱུང་བ་དང་བཅས་པ་སྟེ་ཞེས་བྱ་བ་ནི་སྟོན་པ་དང་བཅས་པའོ།། གཞན་ནི་སྔམ་ཇི་ལྟ་བ་བཞིན་ནོ།། དེ་ལ་ལྟུང་བདི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་འདུན་གྱིས་དབྱེན་གྱིས་རྗེས་སུ་ཕྱོགས་པར་ཞུགས་ནགང་ཡང་ང་།། ་མས་ཉིས་བྱས་ཀྱིས་བྱུང་བར་འཐུང་ངོ་རོ།། བརྣམས་ཏེབ་སླབ་ན་གཞི་གཏོད་ན་དེ་སྟན་ལེགས། གལ་ཉིས་གཏད་ན་ཉེས་པ་སྒོམ་པོར་འགྱུར་རོ།། གཞནན་སྔ་མ་ང་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། དག་གྲང་བ་རྣམ་པར་འབྱེད་པ་ལ་ས་དབྱེ ་xxx། xxx ་མིཕྱོགས་དང་མོ་གཉིས་པ་ད། དན་སྲོད་དམ་ས་ཅན་རྣམས་ཀྱིས་ཅན་འབྱིན་པའི་སྡིག་པ་ཆོས་ཀུན་དུ་སྣད་ཅིང་འབང་ང།། དེ་རྣམས་བུ་མེད་དང་ན་ཅིག་ཀྱི་འཛི་བར་བྱེད། བྲན་པ་བྱེང་། ཙཙ་ན་པར་བྱེད། རྒད་པ་དང་། བ་དང་ས ་xxx། xxx ་འཇུན་མ་ཏོག་པང་དཔ་བྱེ། ད་དུ་འདྲག་པར་བྱེད། ཐོང་ཡང་བྱེང་། གླལན་པར་བྱེད། རིམ་མའི་སྒྲ་ཡང་འབྱིན་པར་བྱེད་ཅི། གྲོ་ལེགས་པར་བདྲུངས་སམ། ཐུ་ལེགས་པར་བླངསས་མངོན་མོ།། ལེགས་པར་བླང་ངས་ཞེས་བྱ་བ་ན་ལྐུག་པར་བྱེད། ་བར་བྱེད། མཆོད་པར་བྱེད་པའི་བར་དང་། ཆོས་གོས་བཞག་སྟེ། བྲང་གིས་འགྲོ་བར་བྱེད། ཉ་འཕར་བར་དང་།། དུས་སྦལ་འགྲོ་བ་དང་།། འབུར་ལོག་ཀྱང་བྱེད་དོ།། ལག་པ་རྡོབ་པར་བྱེད། དཔུང་པ་རྡོབ་པར་བྱེད། བརླབ་སྐྱུར་བར་བྱེད། རྡོབ་པར་བྱེད་ཅིང་ཁ་ནས་རྔ་བ་ཏ་ཏའི ་སྒྲ་དག་ཀྱང་འབྱིན་པར་བྱེད། ཁ་ནས་རྔམན་དུ་ཀ་དང་། ཁ་ནས་རྔའི་སྒྲ་དག་འབྱིན་པར་བྱེད་ལ། ཁྱུ་མཆོག་གི་རོ་འབྱིན་པར་བྱེད། མ་ཏེའི་སྐད་འབྱིན་པར་བྱེད།། གླང་པོ་ཆེའི་བཞིན་དུ་སྐད་འདོན་པར་བྱེད། རྨ་བྱའི་སྐད་འབྱིན་པར་བྱེད།། ཁུ་བྱུག་གི་སྐད་འདོན་པར་བྱེད ་ཅིང་། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། དཔུང་བུ་ཆུང་གི་དམག་ཀྱང་འགྱེད་ཅིང་། འབྱེད་དུ་འཇུག་པར་བྱེད། བུད་མེད་ཀྱི་དམག་དང་། སྐྱེས་པའི་དམག་དང་། ཁྱེའུའི་དམག་དང་། བུ་མོའི་དམག་ཀྱང་འགྱེད་པར་བྱེད། འགྱེད་དུ་འཛག་པར་བྱེད་ལ། སྐྱེས་པ་དང་། བུད་མེད་དང་། ་ཁྱེའུ་དང་བུ་མོའི་དམག་ཀྱང་འགྱེད་པར་བྱེད། འགྱེད་དུ་འཇུག་པར་བྱེད་ཅིང་། བྱ་གག་གི་ཐབ་མོ་དང་། ལུག་གི་ཐབ་མོ་དང་། བྱ་ལ་ཀའི་ཐབ་མོ་དང་། ཐི་བའི་ཐབ་མོ་དང་། བྱ་ག་ག་དང་། ལུག་དང་། བྱ་ཀའི་ཐབ་མོ་དང།། ཐིབ་པའི་ཐབ་མོ་དག་ཀྱང་འགྱེད་པར་བྱེད། འགྱེད་དུ ་འཇུག་པར་བྱེད་དོ། ། འདི་དག་དང་གཞན་ཡང་དགེ་སྦྱོང་གིས་བྱ་བ་མ་ཡིན་པ་བྱེད་ཅིང་། བྱེད་དུ་འཇུག་པར་བྱེད་དོ།། དེའི་ཚེ་གྲོགས་བྱེད་པ་བཅུ་གཉིས་སྡེ་ཡང་རྒོད་པ་དང་། རྩེ་བ་དང་། ལུས་ལ་རྩ་རྩལ་བྱེད་དོ། དེ་རྣམས་སྤྱོད་པ་དེ་དང་། སྤྱོད་ཚུལ་དེ་དང་། སྤྱོད་ལམ་དེས་གནས ་བ་ན་དགེ་སློང་སྡིག་པ་ཅན་དེ་གནས་པའི་ཕྱིར་དགེ་སློང་མ་ལྷགས་པ་རྣམས་ཀྱང་མི་འོང་ཞིང་། ལྷགས་པའི་རྣམས་ཀྱང་སླར་འདོད་པར་བྱེད། སྲ་འགྲེ་བ་དང་། སྒྲ་འཕྱར་བ་རྣམས་ཀྱང་མི་འཁོད་དོ།། དེ་རྣམས་ཀྱི་སྤྱོད་ལམ་དེས་རེ་ལྡེ་རེ་ལ་འཁོད་པའི་བྲམ་ཟེ་དང་། ཁྱིམ ་བདག་རྣམས་ཡིད་མ་རངས་ཤིང་མ་དད་པར་གྱུར་ནས་དགེ་སློང་གཉུག་མ་རྣམས་ལ་ཡང་བསོད་སྙོམས་མི་སྦྱིན་ཞིང་མི་བྱའོ། ། སྙམ་དུ་སེམས་ན་གློ་ཟར་དུ་འོངས་པ་རྣམས་ལ་ལྷ་མོས་ཀྱང་ཅི་དགོས།། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་སློང་གནས་རྟན་གནས་རྐུན་རྣམས ་དང་རེ་ལྡེ་ལ་དོང་ཏེ། དགེ་སློང་འགྲོ་མགྱོགས་པ་དང་། ནབ་སོ་གཉིས་བསྐྲད་པའི་ལས་བྱས་སོ།། དེ་ཉིད་ཀྱི་ཚེ་དགེ་སློང་མ་བཅུ་གཉིས་སྔ་རྣམས་ཀྱང་ཁྱིམ་སྲན་འབྱིན་པ་བྱས་པའི་ཕྱིར་བསྐྲད་པའི་ལས་བྱས་སོ།། དགེ་སློང་མ་བཅུ་གཉིས་སྡེ་དེ་རྣམས་ཀྱི་ལྷན་ཅིག ་ཅིག་གནས་པའི་དང་། ཉེ་གནས་རྣམས་ཀྱིས་ནི་གཉན་ཡོད་དུ་ལྷགས་ནས་བཤགས་པར་བྱ་བ་གང་ཡིན་པ་དེ་བཤགས་ཤིང་། བསྡམ་པར་བྱ་བ་གང་ཡིན་པ་བསྡམས་ཏེ། རང་བཞིན་དུ་གནས་པའི་དགེ་སློང་མ་རྣམས་དང་ལྷན་ཅིག་དྲུག་སོ་སྦྱོང་དང་དགག་དབྱེ་དང་། ་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་བཞིའི་ལས་དག་ཉམས་སུ་མྱོང་བར་བྱེད་དོ།། དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་བསམས་པ། བཅོམ་ལྡན་དཔ་ང་དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་ལ་བཟོད་པ་གསོལ་དུ་འདོད་དོ་སྙམ་མོ།། ་དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་མཉན་ཡོད་ག་ལ་བ་དེར་ལོགས་སུ་རྒྱུ་ཞིང་སོང་སྟེ། མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་མཉན་ཡོད་ན་ཕྱིན་པ་དང་། དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་བཅུ་གཉིས་པ་དེ་རྣམས་མཐོང་ངོ་།། མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་གསོལ་པ། ་བཅོམ་ལྡན་འདས་བཅུ་གཉིས་སྡེ་འདི་རྣམས་བསྐྲད་པའི་ལས་བགྱིས་ན་བདག་ཅག་གིས་ཇི་ལྟར་སྒྲུབ་པར་བགྱི། མི་སྨྲ་བར་བྱ་ཞིང་ལག་བརྡས་གཙུག་ལག་ཁང་ཐ་མ་བསྟན་པར་བྱའོ།། དེ་རྣམས་ཀྱིས་དེ་བཞིན་དུ་བྱས་སོ།། དེ་ནས་དེ་དག་གིས་ལྷན་ཅིག་གནས་པ་དང་། ་གནས་དེ་རྣམས་ཀྱང་སྨྲ་བར་མི་བྱེད། ཀུན་དུ་སྨྲ་བར་མི་བྱེད། ཀུན་དུ་དགའ་བར་མི་བྱེད་པ་དང་། དེ་རྣམས་ཀྱིས་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་གང་ཁྱེད་ཀྱིས་མ་སྨྲས་མ་བརྗོད་མ་བསྐྱོད་པ་ལས་ངེད་ཀྱིས་སྨྲས། བརྗོད ་བསྐྱོད་པ་ཅི་ཞིག་བྱ་ཡོད་པ་ཀྱེ་དགེ་སློང་མའི་གནས་བརྟན་གནས་བརྟན་རྣམས་མི་སྨྲ་ཞིང་ཀུན་དུ་མི་སྨྲ་བ་ནི་རུང་སྟེ། དེར་ཟད་ན་ཁྱེད་ཀོ་ཅིའི་ཕྱིར་མི་སྨྲ། དེ་རྣམས་ཀྱིས་དགེ་སློང་མ་དགེ་བར་དུ་བཞག་ནས་འདི་སྐད་ཅེས་སྨྲས་སོ།། ཇེ་སྐད་ཟེར་བ་དེ་ནི་དེ་ལྟར་ཡང་ཡིན་ན་འོན་ཀྱང ་བདག་ཅག་གིས་ནི་བཤགས་པར་བྱ་བ་གང་ཡིན་པ་དེ་ཡང་བཤགས། བསྡམ་པར་བྱ་བ་གང་ཡིན་པ་དེ་ཡང་བསྡམས་ནས་བདག་ཅག་གསོལ་བ་དང་བཞིའི་ལས་ཀྱི་བར་ཉམས་སུ་མྱོང་བའོ།། དེ་ནས་དགེ་སློང་མ་བཅུག་ཉིས་སྡེ་དེ་དག་གིས་དགེ་སློང་མ་རྣམས་གནས་བརྟན ་གནས་བརྟན་རྣམས་ལ་འདི་སྐད་ཅེས་སྨྲས་སོ། ། འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་དང་། ཞེ་སྡང་གི་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དག་ཡོད་དོ།། གང་དུ་ལྟུང་བ་འདྲ་བར་ཁོ་ན་ལས་དགེ་སློང་མ་ཁ་གཅིག་ནི་སྤྲོད་པར་བྱེད། ་ཁ་གཅིག་ནི་སློང་བར་མི་བྱེད་དོ།། དེ་ནས་དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ་སྨྲས་པ། སྲལ་འདུན་པས་འགྲོ་བའོ།། ཞེས་གཏེ། དེ་དག་གིས་སྨྲས་པ། དགེ་སློང་མ་གནས་བརྟན་གནས་བརྟན་རྣམས་ལའོ།། སྐབས་དེ་དགེ་སློང་མ་གནས་བརྟན ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ་བཞམས་སྟེ། དགེ་སློང་མ་ཁྱེད་དགེ་སློང་མ་གནས ་བརྟན་གནས་བརྟན་རྣམས་ལ། འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་གཅིག་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་ཡོད་དེ། གང་དུ་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་མ་ཁ་གཅིག་ནི་སྐྲོད ་བར་བྱེད་ལ། ཁ་ཅིག་ནི་སྐྲོད་པར་མི་བྱེད་དེ་ཞེས་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་དག་ནི་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་མ་ཡིན་གྱི། འོན་ཀྱང་དགེ་སློང་མ་ཁྱེད ་ཉིད་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་སུན་བྱུང་བར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་སོ།། ཁྱེད་སྡིག་པའི་ཆོས་ཀུན་དུ་སྤྱོད་པར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ཀྱི། ཕུ་ནུ་མོ་དག་འདུན་པས་འགྲོ ་བ་ཞེས་བྱ་བའི་ཚིག་གི་ལམ་ནས་འཇིགས་པས་འགྲོ་བ་ཞེས་བྱ་བའི་བར་གྱི་ཚིག་གི་ལས་དེ་ལྟ་བུ་ཐོང་ཤིག་ཅེས་བྱའོ། ། དེ་དག་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུའོ།། སྐབས་དེ་དགེ་སློང ་མནམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་བྱེད་ཀྱིས་བཅུ་གཉིས་སྡེ་ལས་གསོལ་བ་དང་། རྒོལས་ཀྱི་ནི་ཤིག་བསྐོ་བ་ཡང་འདི་ལྟར་བ་སྟེ། གནས ་མལ་བཤམས་པ་བྱས་ནས་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ནས་ལས་བྱའོ། ། འཕགས་མིའི་དགེ་འདུན་ཕྲ་ནུ་མོ་དག་བདག་ལ་གསན་དུ་གསོལ།། དགེ་སློང་མ་བཅུ་གཉིས་སྡེ་འདི་དག་གི་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད ་པ་ལགས་ཏེ། འདི་དག་གིས་ཁྱིམ་སུན་ཕྱུང་བར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས། འདི་དག་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་རབ་ཏུ་ཤེས་པའི་བར་ར་སྟེ། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་རེ་ལྡེ་རི་ལ་དེ་དག་སྐུད་པའི་ལས་བྱས་པ ་དང་། དེ་དག་དགེ་སློང་མ་རྣམས་ལ་འདུན་པས་འགྲོ་བ་ཞེས་བྱ་བ་ནས་འཇིགས་པས་འགྲོ་བ་ཞེས་བྱ་བའི་བར་གྱིས་གཤེ་བར་གྱིས་ནས་དེ་དག་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་རྒོསློ་དེ་དག་པ་རྣམས་ཏེ་སྒོབ་ནག་ནི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་གཞན་ནི་གཏི་མུག་གོ་ཞེས ་བྱ་བའི་བར་དུ་སྟེ། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་པར་ཤེས་ཅིང་བཟོད་ན་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ་གསོལ་པ་དང་། བཞིའི་ལས་ཀྱིས་བསྒོ་བ་མཛད་དེ། པུ་ནུ་མོ་ཁྱེད ་འདི་སྐད་ཅེས་ན་འདི་ནི་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་ནས། འཇིགས་པའི་བར་གྱིས་འགྲོ་བ་ཡོད་དོ་ཞེས་མ་ཟེར་ཅིག། འོན་ཀྱང་ཁྱེད་ཉིད་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཏེ། ཞེས་བྱ་བ་ནས་ཁྱེད་སྡིག་པའི་ཆོས་ཀུན ་དུ་སྤྱོད་པ་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་དུ་སྟེ། ཕུ་ནུ་མོ་དགེ་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གི་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ ་ཞེས་བྱ་བའི་ཚིག་ག་ལམ་དེ་ལྟ་བུ་ཐོང་ཤིག་ཅེས་བྱ་བ་སྟེ། འདི་ནི་གསོལ་བའོ།། ལས་ཀྱང་བྱ་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་པར་མོ་དག་བདག་ལ་གསན་དུ་གསོལ།། དགེ་སློང་མ་བཅུ་གཉིས་སྡེ་འདི་དག་ཁྱིམ་སུན་འབྱིན་པ། སྡིག ་པའི་ཆོས་ཀུན་དུ་སྤྱོད་པ་ལགས་ཏེ། དེ་དག་གིས་ཁྱིམ་སུན་འབྱིན་པར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་རེ་ལྡེ་རི་ལ་སོང་སྟེ། བསྐྲད་པའི་ལས་བགྱིས་པ་དང་། དེ་དག་དགེ་སློང་མ་རྣམས ་འདུན་པས་འགྲོ་བ་ཞེས་བགྱི་བ་ནས་འཇིགས་པས་འགྲོ་བ་ཞེས་བགྱི་བའི་བར་གྱི་གཤེ་བར་བགྱིད་ན་དེ་དག་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་བ་དང་། དེ་དག་བཞམས་ཏེ་བསྒོ་བ་ནས་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་གཞན་ནི་གཏི་མུག་གོ་ཞེས ་བྱ་བའི་བར་དུའོ། ། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་པ་སྡེ་ལ་གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་བ་མཛད་དེ། ཕུ་ནུ་མོ་ཁྱེད་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་ནས་འཇིགས་པའི་བར་གྱིས་འགྲོ་བ་ཡོད་དོ་ཞེས ་མ་ཟེར་ཅིག། འོན་ཀྱང་ཁྱེད་ཉིད་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ཡིན་ཏེ་ཞེས་བྱ་བ་ནས། ཁྱེད་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ཀྱི་ཕུ་ནུ་མོ་དག་འདུན་པས་འགྲོ་བ་དག་ཞེས་བྱ་བའི་ཚིག་གི། ་ལམ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དེ་ལྟ་བུ་ཐོང་ཤིག་ཅེས་བྱ་བར་དུ་སྟེ། འཕགས་མའི་དགེ་འདུན་གང་དག་བཅུ་གཉིས་སྡེ་འདི་དག་ལ་གསོལ་བ་དང་། བཞིའི་ལས་ཀྱིས ་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོའོ།། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་ཡང་དོན་དེ་ཉིད་བརྗོད་པར་བྱ་སྟེ། འཕགས་མའི་དགེ་འདུན་གྱིས ་བཟོད་ཅིང་གནང་ནས་དགེ་འདུན་གྱིས་བཅུ་གཉིས་སྡེ་འདི་དག་ལ་གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་བ་མཛད་གས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། ཞེས་བྱ་བའི་བར་དུའོ།། ་དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་གཅིག་པ། དེ་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ན་གཏི་མུག་གོ་ཞེས་བྱ་བའི་བར་གྱི་སྐབས་དེ་དགེ་སློང་མ་རྣམས ་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དོ།། དགེ་སློང་མ་རབ་ཏུ་མང་པོ་གྲོང་ངམ་གྲོང་རྡལ་ཞིག་ཏུ་ཉེ ་བར་རྟེན་ཅིང་གནས་ལ་དེ་དག་ཀྱང་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་གྱུར་ཅིང་། དེ་དག་གིས་ཁྱིམ་སུན་ཕྱུང་བ་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་སམ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས ་ན་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་དག་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་སུན་ཕྱུང་བར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས། ཁྱེད་ཀྱིས་སྡིག་པའི་ཆོས་ཀུན་ཏུ་སྤྱོད ་པར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ཀྱིས། འཕགས་མ་དག་གནས་འདི་ན་གནས་པས་ཆོག་གིས། གནས་འདི་ནས་དེང་ཤིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་དག་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་འདི་ནི་དགེ་སློང་མ་ཁ་ཅིག་འདུན་པས།། ་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དག་ཡོད་དེ། གང་དུ་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་རྐེ་འདི་ནི་སྤྱོད་པར་མི་བྱེད་དོནསེ་ཟེ་ན་གེ་སློངས་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་ཚིག་འདི་སྐད་ཅེས ་ཀྱེ་འཕགས་མ་དག་བྱེད་ཅག་འདི་སྐད་ཅེས་འདི་ན་དགེ་སློང་མ་ལ་གཅིག་འདུན་པས་འགྲོ་བ་ཡོད། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དག་ཡོད་དེ། གང་དུ་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད་ལ། ཁ་ཅིག་ནི ་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག། འོན་ཀྱང་པུ་ནུ་མོ་དག་ཁོ་ན་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་སུ་དབྱུང་བར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས། ཁྱེད་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས ་ཀྱིས། འཕགས་མ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་མཐོང་ཤིག་ཅེས་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གཞི་དེ་གཏོང་ན ་ལེགས། གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནས། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བའི་བར་དུའོ།། གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན ་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ངེས་པར་འབྱུང་བར་འོས་པའི་དགེ་འདུན་ལྷག་མའོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་བདག་གིའོ།། རབ་ཏུ་མང་པོ་ཞེས་བྱ་བ་ནི་གཉིས་ལས་ལྷག་པ་རབ་ཏུ ་མང་པོ་དག་གོ། གྲོང་ངམ། གྲོང་རྡལ་ཞིག་ན་ཞེས་བྱ་བ་ནི་རེ་ལྡེ་རི་ལའོ།། དེ་དག་ཁྱིམ་སུན་འབྱིན་ཅེས་བྱ་བ་ལ། ཁྱིམ་ཞེས་བྱ་བ་ནི་བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་གི་ཁྱིམ་དག་གོ།། སུན་འབྱིན་པ་ཞེས་བྱ་བ་ནི་རྒྱུ་གཉིས་ཀྱིས་ཁྱིམ་དག་དུ་སུན་འབྱིན ་པར་རབ་ཏུ་ཤེས་ཏེ། འགྲོགས་པ་དང་། ལོངས་སྤྱོད་པས་སོ།། ཇི་ལྟར་འགྲོགས་པས་ཤེ་ན། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་དང་ལྷན་ཅིག་རྒོད་པ་དང་། རྩེ་བ་དང་། ལུས་ཀྱི་རྩ་བ་ཧྲལ་བྱེད་ཅིང་དེ་ཉིད་ན་གནས་པ་སྟེ། དེ་ལྟར་འགྲོགས་པས་སོ།། ཇི་ལྟར་ལོངས ་སྤྱོད་པས་ཤེ་ན། ཁྱིམ་དེ་དག་ཉིད་དུ་མེ་ཏོག་གམ། འབྲས་བུའམ། སོ་ཤིང་དག་སྟོབས་པར་བྱེད་པ་སྟེ། དེ་ལྟར་ལོངས་སྤྱོད་པས་སོ།། མཐོང་ངམ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ།། ཐོས་སམ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་སོ།། རབ་ཏུ་ཤེས ་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་དག་གིས་སོ། ། དགེ་སློང་མ་དེ་དག་གིས་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གིས་སོ།། དགེ་སློང་མ་རྣམས་ཀྱིས་ཤེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ།། འདི་སྐད་ཅེས་བྱ་བ་ནི་འདི་སྐད་ཅེས་ཡང ་དག་པར་བསྒོ་བ་ནའོ། ། དགེ་སློང་མ་དག་དིསྐད་ཅེས་འདུན་པས་འགྲོ་བའོ།། ཞེས་མ་སྨྲ་ཤིག་ཅེས་བྱ་བ་ནི་གཤེ་བའོ།། ལྟུང་བ་འདྲ་བ་ཁོ་ན་ལས་ཤེས་བྱ་བ་ནི་ལྟུང་བ་མཚུངས་པ་ལགས་སོ།། དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད་ལ་ཞེས་བྱ་བ་ནི་བཅུ་གཉིས་སྡེ ་དག་གོ། ། ཁ་ཅིག་ནི་སྤོང་བར་མི་བྱེད་ཅེས་བྱ་བ་ནི་དེ་དག་ཉིད་ཀྱི་ལྷན་ཅིག་གནས་པ་དང་། ཉེ་གནས་དག་གོ།། དགེ་སློང་མ་རྣམས་ཀྱིས་ཚིག་འདི་སྐད་ཅེས་བྱ་བ་ནི་པུ་ནུ་མོ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་ཞེས་བྱ་བ་ནས། འཇིགས་པས ་འགྲོ་བ་ཞེས་བྱ་བའི་བར་གྱི་ཚིག་གི་ལམ་འོད་ཙག་ཅེས་བྱ་བའོ། ། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་ད་སྐད་ཅེས་བསྒོ་བ་ན་གཞིང་གཏོང་ན་དེ་ལྟན་ལགས་ཤེས་བྱ་བ་ནད་ལྷན་བཟང་བའོ།། གལ་ཏ་མི་གཏ་ན་པ་རྣམས་ཏེ་བསྒོང་དབྱལ་ཞེས་བྱ་བ་ནི་འདི ་སྐད་ཀྱང་བསྒོ་བ་བཞིན་བྱ་བའོ། ། དེ་དག་ལ་བཞམས་ཏེ་བསྒོ་བ་ན་གཞིད་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ་ཞེས་བྱ་བ་ནི་ཇི་སྐད་སྔར་བསྒོ་བ་བཞིན་བྱའོ།། ཡང་དག་པར་བསྒོ་བ་དེ་ནི་དེ་ཡིན། ཡང་དག་པར་བསྟན་པ་དེ་ནི ་དེ་ཡིན་ནོ། ། ཆོས་འདི་ཡང་ཞེས་བྱ་བ་ནི་ཆོས་མ་ཡིན་པ་འདི་ཆོས་ཀྱི་སྒྲར་གསུངས་པའོ།། ལན་གསུམ་གྱི་བར་གྱིས་འབྱུང་བར་འོས་པ་ཞེས་བྱ་བ་ནི་རྟོན་པ་དང་བཅས་པའོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གི། ་སློང་མ་ལ་འདི་ནད་ཅེས་འདིན་དགེ་སློང་པ་ལ་གཅིག་འདུན་པས་འགྲོ་བ་ཡོད། ཞེ་སྡང་དང་། གཏི་མུག་དང་། འཇིགས་པར་འགྲོ་བ་ཡོད་དོ་ན་སྨན་ཐམས་ཅད་དུ་ཉེས་བྱབ་ཀྱི་སྣང་བར་འགྱུར་།། བའམས་ཏེ་བསྒོ་བ་ན་གནིང་ག་ནང་ལྡན་ལགས། གས་ཏ་མི་གཏོང་ན ་སྦོམ་པོར་འགྱུརང་། ། གཞན་ན་གོང་མ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅུ་དགུ་པ་རྫོགས་སྷོ།། །། སངས་རྒྱས་བཅོམ་ལྡན་འདས་ཀོ་ཤམ་བེའི་གདངས་ཅན་གྱི་ཀུན་དགའ་ར་བ་ན ་བཞུགས་སོ། ། དེའི་ཚེ་གོ་ཤ་མ་བི་ནི་ཤཱཀྱའི་བུ་མོ་དགེ་སློང་མ་འདུན་མ་ཞེས་བྱ་བ་ལ་ལྟུང་བར་བྱུང་ནས། དེ་ལ་ཚངས་པ་མཚུངས་པར་སྤྱོད་པ། དོན་འདོང་བ། བན་པར་འདོང་བ། བདེ་བར་འདོད་པ། རེག་པར་འདོད་པ། ཐུབ་པ་དང་། བདེ་བར་འདོད་པ་རྣམས་ཀྱིས ་སྨྲས་པ། འདུན་མ་ཁྱོད་ལ་ལྡུང་པ་བྱུང་གིས་ཤོགས་ཤིག། དེས་དེ་དག་ལ་འདི་སྐད་ཅེས་ཁྱེད་ཅེས་དགེ་ཡང་རུང་སྡིག་ཀྱང་རུང་ཁོ་མོ་ལ་ཅི་ཡང་མ་སྨྲ་ཤིག། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱེད་ཅག་ནི་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། རྒྱུད་སྣ་ཚོགས་ལས་རབ་ཏུ་བྱུང ་བདག་ཡིན་ཏེ། ཇི་ལྟར་སྟོན་ཀའི་དུས་ན་ཤིང་རྣམས་ཀྱི་ལོ་མ་སྐྱེ་བོ་དག་རླུང་གིས་བསྡུམ་ནས་གཅིག་ཏུ་སོགས་ཤིང་འཇོག་པ་དེ་བཞིན་དུ་ཁྱེད་ཅག་ཀྱང་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། རྒྱུད་སྣ་ཚོགས་ལས་རབ་ཏུ་བྱུང་བ་དག་ཡིན་གྱི། ཁོ་མོའི་འཕགས ་པས་ནི་བྱང་ཆུབ་མངོན་པར་སངས་རྒྱས་སོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མས་དག་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་སློང། ་མ་འདུན་མ་ལ་བཞམས་ཏེ་བསྒོ་བར་བྱ་སྟེ། འདུན་མ་ཁྱོད་ལ་དགེ་སློང་མ་དོན་འདོད་པ། ཕན་པར་འདོད་པ་བདེ་བར་འདོད་པ། རེག་པར་འདོད་པ། གྲུབ་པ་དང་བདེ་བར་འདོད་པ་རྣམས་ཀྱིས་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་བདག་ཉིད་བརྗོད ་པར་གྱིས་ཤིག། དགེ་སློང་མ་རྣམས་ཀྱང་འདུན་མ་ལ་ཆོས་དང་འཐུན་པ་དང་། འདུལ་བ་དང་འཐུན་པར་སྨྲས། ཁྱོད་ཀྱང་དགེ་སློང་མ་རྣམས་ལ་ཆོས་དང་འཐུན་པ་དང་། འདུལ་བ་དང་འཐུན་པར་སྨྲོས་ཤིག། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། གཅིག་ལ་གཅིག་རྗོད་པར་བྱེད ་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་དེ་ལྟ་བུས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འཕེལ་བར་འགྱུར་གྱིས། འདུན་མ་ཁྱོད་བདག་ཉིད ་རྗོད་པར་བྱེད་པ་མ་ཡིན་པའི་ལས་ཀྱི་མཐའ་ཐོང་ཤིག་ཅེས་བསྒོ་བར་བྱའོ། ། དེ་ལ་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ནི་གཞི་དེ་ཉིད་ཅེས་བྱ་བ་ནས། གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་གྱི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང ་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་སློང་མ་འདུན་མ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ།། བསྒོ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ལ་ཞེས་བྱ་བ་ནས། དགེ་སློང ་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། ། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་པུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འདུན་མ་འདི་ལ་ཚངས་པ་ཚུངས་པར་སྤྱོད་པ་དོན་འཚལ་བ། གས་འཚལ་ག་དེ་བར་འཚ་བ། རེག་པར་འཚལ་བ། ་གྲུབ་པ་དང་བདེ་བར་འཚལ་བ་རྣམས་ཀྱིས་ལྟུང་བ་ཤོགས་ཤིག་ཅེས་སྨྲས་ན། དེ་འདི་སྐད་ཅེས་ཕུ་ནུ་མོ་དག་དགེ་ཡང་རུང་སྡིག་ཀྱང་རུང་ཁོ་མོ་ལ་ཅི་ཡང་མ་སྨྲ་ཤིག། ཁོ་མོ་ཡང་ཁྱེད་ཅག་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅི་ཡང་མི་སྨྲའོ་ཞེས་མཆི་ནས། དེ་བ་གེ་སློ།། ་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་འཕགས་མིའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས ་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མ་འདུན་མ་ལ་འདུན་མ་ཁྱོད་ལ་དགེ་སློང་མ་རྣམས་ཀྱིས་ཆོས་དང་འཐུན་པ་དང་། འདུལ་བ་དང་འཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་བདག་ཉིད་བརྗོད་པར་བྱ་བར ་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་རྣམས་ཀྱིས་ཁྱོད་ལ་ཆོས་དང་འཐུན་པ་དང་། འདུལ་བ་དང་འཐུན་པར་སྨྲས་པ་ན། ཁྱོད་ཀྱིས་དགེ་སློང་མ་རྣམས་ལ་ཆོས་དང་འཐུན་པ་དང་། འདུལ་བ་དང་འཐུན་པར་སྨྲ་བ་ཡིན་ནོ།། འདི་ལྟ་སྟེ། གཅིག་ལ་གཅིག་རྗོད་པར ་བྱད་པ་དང་། གཅིག་ལ་གཅིག་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འཕེལ་བར་འགྱུར་རོ།། འདི་ནི་གསོལ་བའོ།། ལས ་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་པུ་ནུ་མོ་དག་བདག་ལ་གསན་དུ་གསོལ།། དགེ་སློང་མ་འདུན་མ་འདི་ལ་ཚངས་པ་མཚུངས་པར་སྤྱོད་པ། དོན་འཚལ་བ། ཕན་པར་འཚལ་བ། བདེ་བར་འཚལ་བ། རེག་པར་འཚལ་བ། གྲུབ་པ་དང་བདེ་བར་འཚལ་བ ་རྣམས་ཀྱིས་ལྟུང་བ་ཤོགས་ཤིག་ཅེས་སྨྲས་ན། དེ་འདི་སྐད་ཅེས་ཕུ་ནུ་མོ་དག་དགེ་ཡང་རུང་སྡིག་ཀྱང་རུང་ཁོ་མོ་ལ་ཅི་ཡང་མ་སྨྲ་ཤིག། ཁོ་མོ་ཡང་ཁྱེད་ཅག་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅི་ཡང་མི་སྨྲའོ་ཞེས་མཆི་ནས། དེ་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས ་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས། དེའི་སླད་དུ་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་འདུན་མ་ལ་འདུན་མ་ཁྱོད་ལ་དགེ་སློང་མ ་རྣམས་ཀྱིས་ཆོས་དང་ལྡན་པ་དང་། འདུལ་བ་དང་འཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱུབ་མ་ཡིན་པར་མ་བྱེད་པར་བདག་ཉིད་བརྗོད་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེན། དགེ་སློང་མ་རྣམས་ཀྱིས་ཁྱོད་ལ་ཆོས་དང་འཐུན་པ་དང་། འདུལ་བ་དང་མུན་པར་སྨྲས ་པ་མ་ཁྱོད་ཀྱིས་དགེ་སློང་མ་རྣམས་ལ་ཆོས་དང་འཐུན་པ་དང་། འདུལ་བ་དང་འཐུན་པར་སྨྲ་བ་ཡིན་ནོ།། འདི་ལྟ་སྟེ་གཅིག་ལ་གཅིག་བརྗོད་པར་བྱེད་པ་དང་། གཅིག་ལ་གཅིག་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་སྲུང་བ་ལས་སྤྱོང་བ་དེ་ལྟ་བུས་བཅོམ་ལྡན་འས། ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འཕེལ་བར་འགྱུར་རོ་ཞེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ད་དགེ་སློང་མ་གང་དག་དགེ་སློང་མ་འདུན་མ་འདི་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་དོན་འདི་ཉིད་ལན་གཉིས་ལན་གསུམ་གྱི་བར་དུ་བཟླས་སོ།། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས ་དགེ། སློང་མ་འདུན་མ་ལ་གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ།། དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་ག་ཞི་དེ ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་གྱི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བའིདི ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། འདི་ནི་དགེ་སློང་མ་ཁ་ཅིག་བཀའ་བློ་མི་བདེ་བའི་རང་བཞིན་དུ་གྱུར་ལ། དེ་ལ་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་དགེ་སློང་མ ་རྣམས་ཀྱིས་ཆོས་དང་འཐུན་པ་དང་། འདུལ་བ་དང་འཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་དེ། འཕགས་མ་དག་དགེ་ཡང་རུང་སྡིག་ཀྱང་རུང་ཁོ་མོ་ལ་ཅི་ཡང་མ་སྨྲ་ཤིག། ཁོ་མོ་ཡང་དགེ་ཡང་རུང་སྡིག་ཀྱང་རུང་འཕགས་མ་དག་ལ ་ཅི་ཡང་མི་སྨྲའོ། ། འཕགས་མ་དག་གིས་བདག་ལ་ཚིག་གི་ལམ་མཐོང་ཤིག། ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་ཟེར་བ་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁྱོད་ལ་གདོན་པར་གཏོགས་པའི་བསླབ ་བའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་དགེ་སློང་མ་རྣམས་ཀྱིས་ཆོས་དང་འཐུན་པ་དང་། འདུལ་བ་དང་འཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་འཕགས་མ་བདག་ཉིད་བརྗོད་པར ་བྱ་བ་ཁོ་ནར་གྱིས་ཤིག། འཕགས་མལ་དགེ་སློང་མ་རྣམས་ལ་ཆོས་དང་འཐུན་པ་དང་། འདུལ་བ་དང་འཐུན་པར་སྨྲ་བ་ན། འཕགས་མས་ཀྱང་དགེ་སློང་མ་རྣམས་ལ་ཆོས་དང་འཐུན་པ་དང་། འདུལ་བ་དང་འཐུན་པར་སྨྲོས་ཤིག། དེ་ཅིའི་ཕྱིར་ཞེ་ན། ་འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱེད་པར་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་དེའི་འབོར་འཕེལ་བར་འགྱུར་གྱིས། འཕགས་མ་ཁྱོད་ཀྱིས་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་དེ་ལྟ་བུ་ཐོང་ཤིག་ཅེས་གལ་ཏེ་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ་ན་གཞི་དེ་གཏོར་ན་དེ ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་འབྱུང་བར་འོས་པའི་དགེ་འདུན་ལྷག་པའོ།། དགེ་སློང་མ་ཞེས་བྱ་བ་ནི་འདུན་མའོ།། བཀའ་བློ་མི་བདེ་བ་ཞེས་བྱ་བ་ནི་ཚིག་གི་ལམ་འཐུན་པ་རྗེས་སུ་མཉམ་པར་བྱ་བ་འཚམ་པ ་དྲུང་པོར་འཇུག་པ་མི་འཛིན་པ་དང་། མི་མཐུན་པར་འཛིན་པའོ།། གདོན་པ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོར་བསྟན་པའོ།། བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ།། མདོ་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ། ཉན་ཐོས ་གྱིས་སྤྲས་པ་སྟེ། བསླབ་པའི་གཞིབས་ཕམ་པར་འགྱུར་བ་བརྒྱད་དང་། དགེ་འདུན་ལྷག་མ་ཉི་ཤུ་དང་། སྤང་བ་སུམ་བཅུ་རྩ་གསུམ་དང་། ལྷུང་བྱེད་བརྒྱ་བརྒྱད་བཅུ་དང་། སོ་སོར་བཤགས་པར་བྱ་བ་བཅུ་གཅིག་དང་། བསླབ་པ་མང་པོ་དང་། རྩོད ་པ་ཞི་བར་བྱ་བའི་ཆོས་བདུན་དང་། འདུལ་བའི་གཞི་བཅུ་བདུན་དང་། ཕྲན་ཚེགས་དང་། སིལ་བུ་དང་། གླེང་གཞི་དང་། འདུལ་བ་མ་མོ་དང་། འདུལ་བ་གཅིག་ལས་འཕྲོས་པ་དང་། འདུལ་བ་ལྔ་པ་དང་། འདུལ་བ་བཅུ་དྲུག་པ་དང་། བྲམ་ཟེའི་བུ་མོ་དང་། ་ཉེ་བར་འཁོར་གྱིས་ཞུས་པར་གཏོགས་པ་དག་ལགས་པར་སྦྱར་བའོ།། དགེ་སློང་མ་རྣམས་ཀྱིས་ཆོས་དང་འཐུན་པ་དང་། འདུལ་བ་དང་། འཐུན་པས་ཤེས་བྱ་བ་ནི་ཆོས་ཇེ་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྨྱོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟ་བུའི ་ལས་གང་ཡིན་པས་སོ། ། སྨྲས་པ་ན་ཞེས་བྱ་བ་ནི་བདེ་བ་ལ་སྦྱོར་བ་ནའོ།། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན། ཞེས་བྱ་བ་ནི་དེའི་གདམས་ངག་དང་། བསྟན་པ་ལས་བདག་ཉིད་གཞན་དུ་སེལ་བའོ།། ཕུ་ནུ་མོ་དག་ཁོ་མོ་ལ་ཅི་ཡང ་མ་སྨ་ཤིག་ཅེས་བྱ་བ་ནི་བདག་ཉིད་ཕྱིར་ཞིང་ལྷག་པར་བཀའ་བློ་མི་བདེ་བ་ལ་འཇོག་པའོ། ། དགེ་ཡང་རུང་ཞེས་བྱ་བ་ནི་མི་དགེ་བ་ལ་འཇོག་པའོ།། སྡིག་ཀྱང་རུང་ཞེས་བྱ་བ་ནི་སྡིག་པ་ལས་མི་སློང་བའོ།། ཁོ་མོ་ཡང་ཕུ་ནུ་མོ་རྣམས་ལ་ནི་ཡང ་མི་སྨྲའོ་ཞེས་བྱ་བ་ནི་བདག་ཉིད་ཕྱིར་ཞང་ལྷག་པར་གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་སྤོང་བའོ། ། དགེ་ཡང་རུང་བ་དག་ཀྱང་ཕུ་ནུ་མོ་དག་ལ་ཞེས་བྱ་བ་ནི་དགེ་བ་ལ་མི་འཇོག་པའོ།། སྡིག་ཀྱང་རུང་བདག་ཀྱང་ཕུ་ནུ་མོ་དག་ལ་ཞེས ་བྱ་བ་ནི་སྡིག་པ་ལས་མི་སྤོང་བའོ། ། འཕགས་མ་དག་ཐོང་ཤིག་ཅེས་བྱ་བ་ནི་རིང་དུ་འོད་ཅིག་ཅེས་བྱ་བ་སྟེ། ཅི་ཁྱེད་ཅག་ཅེས་བྱ་བ་ནི་རྒྱུ་འདི་དག་གིས་བདག་གི་རྗེས་སུ་སྟོན་པར་བསྐོས་སམ་ཞེས་བྱ་བའོ།། དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་འདུན་མའོ།། དགེ་སློང ་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་བདག་གིས་སོ། ། གཞི་དེ་གཏོང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ།། དེ་ལྟ་ན་ལགས་ནས་བྱ་བ་ནི་དེ་ལྟ་ན་བཟད་པའོ།། གལ་ཏེ་མི་གཏོད་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བས་ཇི་ལྟར་སྔ་མ་བཞིན་དུ་བསྐུ ་ནོའོ། ། དེ་ལ་བ་རྣམས་ཏེ་བསྒོ་བ་ནག་ནི་དེ་གཏོང་ན་ཞེས་བྱ་བའི་བར་སྔ་མ་བཞིན་ནོ།། དེ་ལྟན་ལེགས་ཤེས་བྱ་བ་ནི་དེ་ལྟན་བཟད་པའོ།། གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་གསེལ་བ་དང་བཞིའི་ལས་ཀྱིས་བསྒོ་བས་ཇི་ལྟར་སྔམ་བཞིན་དུ་བསྒོ་བ་དོན་ཡང་དག་པར་བསྒོ ་བ་ད་ནི་དེ་ཡིན་ནོ། ། ཆོས་འདི་ཡང་ཞེས་བྱ་བ་ནི་ཆོས་མ་ཡིན་པ་འདི་ཆོས་ཀྱི་སྒྲར་གསུངས་པའོ།། ལན་གསུམ་གྱི་བར་གྱིས་འབྱུང་བ་དང་བཅས་པ་ཞེས་བྱ་བ་ནི་འབྱུང་བར་འོས་པའོ།། དགེ་འདུན་ལྷག་མ་ཞེས་བྱ་བ་ནི་ལྟུང་བ་འདི་དགེ་འདུན ་སྡེ་གཉིས་རག་ལས་པ་ཡིན། དགེ་འདུན་སྡེ་གཉིས་ལ་རྟོན་པ་ཡིན། དགེ་འདུན་སྡེ་གཉིས་ཀྱིས་དེ་ལྟུང་བ་ལས་སློང་བར་འགྱུར་གྱིས་གང་ཟག་ལས་ནི་མ་ཡིན་པའོ།། འདི་ལྟར་ཟས་ཕམ་པར་འགྱུར་བ་བརྒྱད་པོ་དག་ནི་ལྷག་མ་མེད་པ་ཡིན་ལ་འདི ་ནི་ལྷག་མ་དང་བཅས་པ་ཡིན་པས་དེ་བས་ན་དགེ་འདུན་ལྷག་མ་ཞེས་བྱའོ། ། དེ་ལ་ལྟུང་པེར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་རྣམས་ཀྱིས་སྨྲས་པ་ན་འདི་སྐད་ཅེས་ཕུ་ནུ་མོ་དག་ཁོ་མོ་ལ་ཅི་ཡང་མ་སྨྲ་ཤིག་ཅེས་སྨྲས་ན་ཐམས ་ཅད་དུ་ཉེས་བྱས་སུ་འགྱུར་རོ། ། བཞམས་ཏེ་བསྒོ་བ་ན་གཞི་དེ་མི་གཏོང་ན་སྦོམ་པོའོ།། ལས་བརྗོད་པ་དང་པོ་བརྗོད་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་སྦོམ་པོའོ།། ལས་བརྗོད་པ་གཉིས་པ་བརྗོད་པ་ན་མ་རྫོགས་པར་གལ་ཏེ་གཏོང་ན ་དེ་ལྟ་ན་ལེགས། གལ་ཏེ་མི་གཏོད་ན་བརྗོད་པ་རྫོགས་ན་སྦོམ་པོའོ།། ལས་བརྗོད་པ་གསུམ་པ་བརྗོད་པ་ན། མ་རྫོགས་པར་ཆོས་མ་ཡིན་པས་འཐུན་པར་བྱེད་པ་དང་། ཆོས་ཀྱིས་མི་འཐུན་པར་བྱེད་དེ། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན ་པ་ཇི་ལྟ་བ་བཞིན་མི་བྱེད་ན་བལྟུང་བ་མེད་དོ། ། ལས་བརྗོད་པ་བཞི་པ་བརྗོད་པ་ན་རྫོགས་ནས་ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུ་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་དེས་སྟན་དེ་ཉིད་ལ་འདྲག་བཞིན་དུ ་འདི་སྐད་ཅེས་འཕགས་མ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱའོ། ། བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མརྗོད་ན་དེས་ལྟུང་བ་བཤགས་ཤིང་དེ་སོ་སོར་མ་བཤགས་པར་དེས་དེའི་འོག་ཏུ་གསོལ་བ་དང་། གསོལ་པ་དང་གཉིས ་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། ལས་དང་པོ་པ་ལ་སོག་ལ་ལ་ནི་ལྟུང་བ་མེད་དོ།། དགེ་འདུན་ལྷག་མ་ཉི་ཤུ་པ་རྫོགས་ཏེ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་རྣམས་རྫོགས ་རྫོ་བ་ལ། ཞག་བཅུ་བཅད་དང་འབྲལ་མི་བྱ།། ཟླ་བ་ཉེ་རུ་མིན་མི་བསླད།། བླ་གོས་མཐང་གོས་བཅས་པ་དང་། ལྤགས་པ་གཉིས་དང་ཅོ་རྗེ་བསྐུར།། མོན་དང་སར་པ་གསེར་དངུས་དང་། སྣ་ཚོགས་ཉོ་ཚང་བྱེད་པའོ།། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན ་རྒྱལ་བུ་ཎྜལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེའི་ཚེ་དགེ་སློང་མ་རྣམས་ལ་ཆོས་གོས་མང་པོ་འདི་ལྟ་བུ་འདབྱུང་སྟེ། ཆོས་གོས་གཞན་གྱིས་ནི་མཁན་མོ་དང་། སློབ་དཔོན་དག་ལ་བལྟ་བའི་ཕྱིར་འགྲོ་བར་བྱེད། ཆོས་གོས ་གཞན་གྱིས་ནི་གཙུག་ལག་ཁང་དུ་ཆག་ཆག་འབེབས་པར་བྱེད། ཕྱག་དང་འབྱུག་པར་བྱེད། ཆོས་གོས་གཞན་གྱིས་ནི་བའི་ལྕི་བསང་བའི་བྱུག་པས་སུད་པར་བྱེད། ཆོས་གོས་གཞན་གྱིས་ནི་བཤད་པའི་ས་དང་། གཅི་བའི་ས་དག་འཕྱག་པར་བྱེད། ཆོས་གོས་གཞན ་གྱིས་ནི་སོ་ཤིང་འདོར་བར་བྱེད། ཆོས་གོས་གཞན་གྱིས་ན་གནས་མལ་དང་། སྟོད་སྤྱད་འདྲིམ་པར་བྱེད། ཆོས་གོས་གཞན་གྱིས་ནི་གྲོང་དུ་བསོད་སྙོམས་ལ་འཇུག་པར་བྱེད། ཆོས་གོས་གནན་གྱིས་ནི་ཟས་ཀྱི་བྲལ་དུ་བཀང་བར་བྱེད། ཆོས་གོས་གཞན་གྱིས་ནཉན་པར ་ཆོས་ཉན་པར་བྱེད། ཆོས་གོས་གཞན་གྱིས་ནི་མཚན་མོ་ཆོས་ཉན་པར་བྱེད། ཆོས་གོས་གཞན་གྱིས་ནི་སྟོན་པའི་སྤྱན་སྔ་ནས། གདམས་ངག་དང་། རྗེས་སུ་བསྟན་པ་དག་སོ་སོར་ཉམས་སུ་མྱོང་བར་བྱེད་པ་ན། དགེ་སློང་མངོན་ཉུང་བ་དག་སྨོད་པར་བྱེད་པའི་སྐབས་དེ་དག ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླིང་གན་འདི་དང་། ཞབས་འདི་ལ་དགེ་སློང་མའི་དགེ་འདུན་བསྲུབ་མཛད་དེ། དེ་ཐུན་ཐོས་མ་རྣམས་རྣམ་པར་ཤེས་པར ་འབྱུང་བ་ང། བསླབ་ཤིག་ནི་ཡང་ལེགས་པར་བབས་པར་འགྱུར་བའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནིམཁྱེན་བཞིན་དུ་རྨེད་པར་མདད་པ་སྟེ། མཁྱེན་བཞིན་དུ་མེད་ཀྱི་མི་མཁྱེན་པར་ནི་མ་ཡིན། དུས་སུ་ཡིན་གྱི་དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པར ་ཡིན་གྱི་དོན་དང་མི་ལྡན་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་པས་འདི་ལྟ་སྟེ། དོན་དང་ལྡན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་རྨེ་བརྨེད་པར་མཛད་དེ། དགེ་སློང་མ་དག་བྱེད་ཅག་ལ་ཆོས་གོས ་མང་པོ་འདི་ལྟ་བུ་འདི་བྱུང་བ་བདེན་ནམ། བཅོམ་ལྡན་འདས་མད་ལགས་སོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསོ་དཀའ་བ་དང་། དགང་དཀའ་བ་དང་། འདོད་པ་ཆེ་བ་དང་། ཆོག་མི་ཤེས་པ་དང་། སྦྱངས་པའི་ཡོན་ཏན་ཅན་མ་ཡིན་པ་དང་། ཚོད་མི་ཤེས་པའི ་རྣམ་པར་སྨད་པས་རྣམ་པར་སྨད་པ་མཛད་ནས། དགེ་སློང་མ་རྣམས་ལ་གསོ་སླབ་དང་། དགང་སླ་བ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་དང་། ཚོད་དེ་ཤེས་པའི་བསྔགས་པ་གསུངས་ཏེ། དགེ་སློང་མ་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད ་དེ། དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་བྱུང་ན་ཞག་བཅུའི་བར་དུ་གོས་ལྷག་པ་རུང་བར་མ་བྱས་པ་བཅད་པར་བྱའོ།། དེ་ལས་ལྷག་པར་འཆད་ན་སྤང་བའི་ལྟུང་བྱེད་དོ།། ཆོས་གོས་ཟིན་པ་ཞེས་བྱ་བ་ལ་ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད། སྲ་བརྐྱང་བྱུང ་ལ་ཆོས་གོས་མ་ཟིན་པ་ཡང་ཡོད། ཆོས་གོས་ཟིན་ན་སྲ་བརྐྱང་ཕྱུང་བ་ཡང་ཡོད། ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད་དོ།། ཆོས་གོས་ཟིན་ལ་སྲ་བརྐྱང་མ་བྱུང་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང་། དྲ་བ་དང་། དྲུབ ་དང་། ཁ་བསྒྱུར་ཟིན་ལ། དགེ་འདུན་གྱིས་སྲ་བརྐྱང་མ་ཕྱུང་བ་ཡིན་ཏེ། དེ་ལྟ་བུ་ནི་ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡིན་ནོ།། སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཡང་དགེ་འདུན་གྱིས་སྲ་བརྐྱང་ཕྱུང་ཟིན་ལ། དགེ་སློང་མས་ཆོས་གོས།། ་དག་གྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་བསྒྱུར་མ་ཟིན་པ་སྟེ། དེ་ལྟ་བུ་ནི་སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཡིན་ནོ།། ཆོས་གོས་ཟིན་ལ་སྲ་བརྐྱང་ཕྱུང་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ ་བསྒྱུར་བ་ཟིན་ལ། དགེ་སློང་མའི་དགེ་འདུན་གྱིས་ཀྱང་སྲ་བརྐྱང་བྱུང་བ་ཡིན་ཏེ། དེ་ལྟ་བུ་ཆོས་གོས་ཟིན་ལ་སྲ་བརྐྱང་ཕྱུང་བ་ཡིན་ནོ།། ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་བྱུང་བ་ཇི་ལྟ་བུ་ཞེ་ན། ནམ་པ་དེ་དག་མ་གཏོགས་པའོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་བ་དག་གིའོ།། ་ཞག་བཅུའི་བར་དུ་ཞེས་བྱ་བ་ནི་ཉིན་ཞག་བཅུའོ།། གོས་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བསླབས་པ་ལྔ་ལས་ལྷག་པའོ།། རུང་བར་མ་བྱས་པ་ཞེས་བྱ་བ་ནི་གང་ཞིག་སུའི་མིང་གིས་ཀྱང་རུང་བར་མ་བྱས་ལ་བདག་ཉིད་ཀྱིའོ་ཞེས་བཅངས་པའོ།། སྤང་བའི་ལྟུང་བྱེད ་དོག་བྱ་བ་ནི་དངོས་པོ་དེ་སྤངས་ནས་སུང་བྱེད་ཀྱི་ལྟུང་པ་བཤགས་པར་བྱ་བའོ། ། སྲུང་བ་ཞེས་བྱ་བ་ནི་དམྱལ་བ་དང་། དྲད་འགྲོ་དང་། ཡི་དགས་དང་། ངན་སོང་དང་། ངན་འགྲོ་ལོག་པར་ལུང་བ་རྣམས་སུ་སྷོ། དེ་བས་ན་ཀྱང་བྱེད་དོ་ཞེས་གསུངས་སོ། དེ་ཤཱ་། ་ཇི་ལྟར་འཟུར་ཞེ་ན། འདིག་སྟེ། ཡང་དགེ་སློང་མས་ཚས་ལ་གོས་རྙེད་ན་དགེ་སློང་མ་དེས་གོས་དེ་ཞག་བཅུ་བོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། རུང་བར་བྱ་བའམ། གཏང་བར་བྱེ་བ་འམ། གཞན་ལ་སྦྱིན་པར་བྱའོ།། ན་གྱིས་ཚབ་པར་མི་བྱེད་དམ། ང ་བར་མི་བྱེད་དམ། གཏོང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉིམ་བཅུ་གཅིག་པའི་མྱ་དག་ན་སྤང་བའི་ལྟུང་བྱེད་དོ།། ཇི་སྐར་ཚས་ལ་གོས་རྙེད་ལ། དེ་བཞིན་དུ་ཆེས་གཉིས་དང་། གསུམ་དང་ཞེས་བྱ་བ་ནས་བཅུའི་ནང་དུ་ནས་བྱ་བའི་བང་དུསྟེ། དགེ་སློ ་མ་དེས་གོས་དེ་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བ་འམ། རུང་བར་བྱ་བ་འམ། གཏང་བར་བྱའོ།། བྱིན་གྱིས་བརླབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེང་ཤར་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས ་ཚེས་ལ་གོས་གཅིག་རྙེད་ལ། ཕྱི་དེ་ཉིན་པར་གཅིག་རྙེད་ན་དགེ་སློང་མ་དེས་གོས་སྔ་མ་བྱིན་གྱིས་བརླབ་པར་བྱ་ཞིང་། ཕྱི་མ་ཤོས་རུང་བར་བྱ་བ་འམ། བྱིན་གྱིས་བརླབ་པར་བྱའོ།། ཡང་ན་གོས་ཕྱི་མ་ཤོས་བྱིན་གྱིས་བརླབ་པར་བྱ་ཞིང་སྔ་མ་རུང་བར་བྱའོ།། བྱིན་གྱིས་རློབ ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེར་ཤར་ན་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་དགེ་སློང་མས་ཚེས་དགུ་ལ་གོས་ཤིག་རྙེད་ན། ཚེས་བཅུ་ལ་གཅིག་རྙེད་ན་དགེ་སློང་མ་དེས་གོས་སྔ་མ་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི ་མ་ཤོས་རུང་བར་བྱ་བ་འམ། གཏང་བར་བྱའོ་ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ཚེས་གཅིག་ལ་གོས་གཉིས་རྙེད་ལ། ཚེས་གཉིས་ལ་ཡང་གཉིས་རྙེད་ན་དགེ་སློང་མ་དེས་གོས་སྔ་མ་གཉིས་བྱིན་གྱིས་བརླབ་པར་བྱ་ཞིང་། གོས་ཀྱི ་མ་ཤོས་གཉིས་རུང་བར་བྱ་བ་འམ། གཏང་བར་བའོ།། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེང་ཤར་ན་སྦ་བའི་ལྟུང་བྱེད་དོ།། དགེ་སློང་མས་ཚེས་དགུ་ལ་གོས་གཉིས་རྙེད་ལ། ཚེས་བཅུ་ལ་ཡང་གཉིས་རྙེད་ན་ཞེས་རྒྱས་པར་བརྗོད་པར་བྱའོ།། ། ་དགེ་སློང་མས་ཚེས། གཅིག་ལ་གོས་རབ་ཏུ་མང་པོ་རྙེད་ལ། ཚེས་གཉིས་ལ་ཡང་རབ་ཏུ་མང་པོ་རྙེད་ན་དགེ་སློང་མ་དེས་སྔ་མའི་གོས་རབ་ཏུ་མང་པོ་དག་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི་མ་ཤོས་ཀྱི་གོས་རབ་ཏུ་མང་པོ་དག་རུང་བར་བྱ་བ་འམ། གཏང་བར་བྱའོ།། ཡང ་ན་ཕྱི་མ་ཤོས་ཀྱི་གོས་རབ་ཏུ་མང་པོ་དག་བྱིན་གྱིས་བརླབ་པར་བྱ་ཞིང་སྔ་མའི་གོས་རབ་ཏུ་མང་པོ་དག་རུང་བར་བྱ་བ་འམ། གཏང་བར་བྱའོ།། བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེང་ཤར་ན་སྤང་བའི ་ལྟུང་བྱེད་དོ། ། དགེ་སློང་མས་ཆོས་དགུ་ལ་གོས་རབ་ཏུ་མང་པོ་རྙེད་ལ། ཚེས་བཅུ་ལ་ཡང་གོས་རབ་ཏུ་མང་པོ་རྙེད་ན་ཞེས་བྱ་བ་ནས་དེ་བཞིན་དུ་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ་སློང་མའི་གོས་སྤང་བར་གྱུར་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ ་ལྟུང་བ་མ་བཤགས་པར་གོས་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤན་གྱིས་སྤང་བར་འགྱུར་རོ། ། དགེ་སློང་མའི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་མ་བྱས་ལ། ལྟུང་བ་མ་བཤགས་པར་གོས་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤན་གྱིས་སྤང ་བར་འགྱུར་རོ། ། དགེ་སློང་མའི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་གོས་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤན་གྱིས་སྤང་བར་འགྱུར་རོ།། དགེ་སློང་མའི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ ་ལྟུང་བ་བཤགས་ནས་གོས་གཞན་ཞིག་རྙེད་ན་ལྟུང་བ་མེད་དོ། ། ལས་དང་པོ་པ་དང་། སྨོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་ཉེན་པ་ལ་ནི་ལྟུང་བ་མེད་དོ།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས། སྤང་བའི་ལྟུང་བྱེད་དང་པོའོ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དགེ་སློང་མ་དབྱར་གནས་པར་ཁས་བླངས་པ་དབྱར་མཐར་ཕྱིན་པར་གནས་པ་འགའ་ཞིག་གིས་ཆོས་གོས་དག་རྙེད་པར་གྱུར་ནས། དེས་དེ་དག་བཀྲུས་ཤིང་ཁ་བསྐུར་ཏེ། གཏུར་བུ་བཀང་ནས་བམ་པོར་བསྒྲེས་ཏེ། བཱ ་གེས་དང་། མཐང་གིས་དང་བཅས་པས་ལྗོངས་རྒྱུ་ཞིང་སོང་ནས། དེ་ལྗོངས་རྒྱུ་ཞིང་སོང་བ་ན་མ་སྦས་ཤིང་སྦེང་དུ་མ་བཟུག་པར་གྱུར་ཏོ།། དགེ་སློང་མ་གནས་ན་གཉུག་མར་གནས་པ་དག་ཀྱང་ཆོས་གོས་དེ་དག་སྐེམས་པ་དང་། སྤྲུག་པས་བྱེ་བ་མང ་བ་དང་། བྱེད་པ་མང་བར་གྱུར་ཅིངདེ་ལུང་མནོད་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་པ་ནས་དགེ་སློང་མ་དོན་ཉུང་བ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས ་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་བྱུང་ནས་ཆོས་གས་ལྔ་ལས་གང་ཡང་རུང་བ་ཞིག་དང་། ་མཚམས་ཀྱི་ཕྱི་རོལ་ཏུ་འབྲལ་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་དེ་ལྟར་བསླབ་པའི་གཞི་བཅའ་བ་མཛད་དོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་དུ་གནས་བརྟན་ཆེན་པོ་འོད་སྲུང་ལ་བརྟེན་ནས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ ་བྱིབྱིན་ནས་ཡང་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་དགེ་སློང་མ་གནས་བརྟན་གནས་བརྟན་དག་བཅོམ་ལྡན་འདས་ག་ན་བ་དེར་སོང་སྟེ། ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་བྱ་ག་བྱས་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ་ཙུན་པ་བདག་ཅག་གིས་བསླབ་པའི་གཞི་འདི་ཇི་ལྟར་གདོན་པར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱི་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་གསུངས་ནས་དགེ་སློང་མ་རྣམས་ལ་བཀའ ་བསྩལ་པ། དགེ་སློང་མ་དག་སྔ་མ་ནི་བཅས་པའོ།། འདི་ནི་གནང་བ་ཡིན་པས་ངའི་ཉན་ཐོས་མ་རྣམས་ཀྱིས་ཡང་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་མ་ཆོས་གོས་ཟིན་ཏེ་སྲ་བརྐྱང་ཕྱུར་ནས་ཆོས་གོས་ལྔ་ལས་གང་ཡང་རུང་བ་ཞིག་དང ་ནུབ་གཅིག་མཚམས་ཀྱི་ཕྱི་རོལ་དུ་བྲལ་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། ། ཆོས་གོས་ཟིན་པ་ཞེས་བྱ་བ་ནི་གོང་མ་ཇི་ལྟ་བ་བཞིན་ནོ།། ཆོས་གོས་ལྔ་ཞེས་བྱ་བ་ནི་སྣམ་སྦྱར་དང་། བླ་གོས་ལ་སོགས་པ་ཆོས་གོས་བྱིན་གྱིས་བརླབས ་པ་གང་ཡང་རུང་བ་དག་གོ། མཚམས་ཀྱི་ཕྱི་རོལ་དུ་བྲལ་ན་ཞེས་བྱ་བ་ནི་སྐྱ་རེང་འཆར་བར་བྱེད་ནའོ།། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱིས་གནང་བ་བཞག་སྟེའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར ་ཇི་ལྟར་འགྱུར་ཞེ་ན། ལྟུང་བའི་བར་སྡོམ་ལ། ཁྱིམ་གཅིག་པ་དང་ཁྱིམ་གཉིས་དང་། ཚོགས་དང་ས་བར་རྩིག་པ་དང་།། འོབས་ཀྱི་ཉེན་ཀོར་དག་དང་ནི། ཁྱིམ་དང་ཚོང་ཁང་ཆོད་རྡལ་དང་། ཡང་རྟོག་ཀུན་རྒྱུ་གཡུལ་དང་ནི། གཡུལ་ཚེགས་མུ་སྟེགས་ཤིང ་རྟ་དང་། གྲུ་དང་ཀུན་དགའ་ར་བ་དང་། ལྗོན་ཤིང་དང་ནི་ཞུས་པའོ།། ཁྱིམ་གཅིག་པའི་གྲོང་ནི་གང་། ཁྱིམ་གཉིས་པའི་གྲོང་ནི་གང་། ཁྱིམ་གྱི་ཚོགས་ནི་གང་། རིབ་མས་བསྐོར་བའི་གྲོང་ནི་གང་། རྩིག་པས་བསྐོར་བའི་གྲོང་ནི་གང་། དེ་བཞིན་དུ་འོབས་ཀྱིས་བསྐོར་བའི ་གྲོང་དང་། གྲོང་ཉེན་ཀོར་གཅིག་པ་དང་། གྲོང་ཉན་ཀོར་ཐ་དད་པ་དང་། གྲོང་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། གྲོང་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། ཁྱིམ་ཉེ་དོག་གི་ཤིག་ཀྱི་རྟེན་མ་ཤིག་ལྔམ་རབ་ཏུ་མང་པོ་ཉེར་ཀོར་གཅིག་པ་དང་། ཁྱིམ་རབ་ཏུ་མང་པོ་ཉན ་ཀོར་ཐ་དད་པ་དང་། དེ་བཞིན་དུ་ཚོང་ཁང་ཉེན་ཀོར་གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་ཚོར་རྡལ་ཉེན་ཀོར་གཅིག་པ་དང་། ཚེང་རྡལ་ཉེན་ཀོར་ཐ་དད་པ་ཡང་ཡོད། ཚང ་རྡལ་རབ་ཏུ་མང་པོ་ཉིན་ཀར་གཅིག་པ་དང་། རབ་ཏུ་མང་པོ་ཉིན་ཀོར་ཐ་དད་པ་དང་། དེ་བཞིན་དུ་ཡང་ཐོག་ཉེན་ཀོར་གཅིག་པ་དང་། ཡང་ཐོག་ཉེན་ཀོར་ཐ་དད་པ་ཡང་ཡོད། ཡང་ཐོག་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་ཤེས ་དུ་གཡུལ་ཉེན་ཀོར་གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡོད། གཡུལ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་གཡུལ་ཆོམས་ཉེན་ཀོར་གཅིག་པ་དང་། གཡུལ་ཆོམས་ཉན་ཀོར་ཐ་དད་པ་དང་། གཡུལ་ཚོམས་རབ་ཏུ ་མང་པོ་ཉེན་ཀོར་གཅིག་པ་ཡང་ཡོད། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་མུ་སྟེགས་ཅན་གྱི་ཁྱིམ་ཉེན་ཀོར་གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་ཀུན་དུ་ཙྪའི ་ཁྱིམ་ཉེན་ཀོར་གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་ཤིང་རྟ་ཉེན་ཀོར་གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེད་ཀོར་གཅིག་པ་དང་། རབ་ཏུ་མང་པོ ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་གྲུ་ཉེན་ཀོར་གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་ཀུན་དགའ་ར་བ་ན་ཉེན་ཀོར་གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡང་རབ་ཏུ་མང ་པོ་ཉིན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་ལྗོན་ཤིང་ཉེན་ཀོར་གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉིན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉིན་ཀོང་ཐ་དད་པ་སྟེ། ལྗང་བ་དེའི་བསྐྲུན་པ་ནི་འདི་ཡིན་ནོ།། ནི་བཤད་པར་སྒྲ ་པར་བྱ་སྟེ། དེ་ལ་ཁྱིམ་གཅིག་པའི་གྲོང་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བོང་དང་། རེ་ཁྲོད་པ་དང་། ཀླ་ཀློ་བཟོལ་རག་ལས་པ་རྣམས་ཀྱི་གྲོང་གང་ཡིན་པ་སྟེ། གྲོང་འདི་ནི་ཁྱིམ་གཅིག་པ་ཡིན་ནོ།། ཁྱིམ་གཅིག་པ་ཇི་ལྟར་ཁྱིམ་གཉིས་པའང་དེ་བཞིན་ནོ།། ཁྱིམ་གྱི ་ཆགས་ཀྱི་གྲོང་གང་ཞེ་ན། མིའི་གཙོ་པོ་སྣ་ཚོགས་གནས་པར་གྱུར་པའི་གྲོང་གང་ཡིན་པ་སྟེ། འདི་ནི་ཁྱིམ་གྱི་ཚོགས་ཀྱི་གྲོང་ཤེས་བྱའོ།། སབ་རབ་བསྐོར་བའི་གྲོང་གང་ཞེ་ན། སབ་རས་བསྐོར་བའི་གྲོང་གང་ཡིན་པའོ།། དེའི་རྐྱེན་ཀོར་གང་ཞེན་ནང་ཐམས་ཅད་དང་། ཕྱི་རོལ ་མདོམ་གང་དམ་གང་དུ་སྐས་རྡང་བུ་བཅུ་གཉིས་པས་ཁྱབ་ཅིང་འདུག་པ་འམ། ཡུལ་མ་ག་དྷའི་ཤིང་རྟ་སྨྱིག་མས་བཀང་བར་གྱུར་པའོ།། དགེ་སློང་མས་ནང་དུ་ཆོས་གོས་དག་བཞག་ནས་ཉེན་ཀོར་དུ་སྐྱ་རིང་འཆར་བར་བྱེད་ན་ལྟུང་བ་མེད་དོ།། ཉེན་ཀོར་དུ་ཆོས་གོས་བཞག་སྟེ ་ནང་དུ་སྐྱ་རེང་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ། ། ནད་ངམ་ཕྱི་རོལ་དུ་ཆོས་གོས་དག་བཞག་སྟེ། གཞན་དུ་སྐྱ་རེང་འཆར་བར་བྱེད་ཅིང་སྐྱ་རེང་ཤར་ན་སྤང་བའི་ལྟུང་བྱེད་དོ།། རྩིག་པས་བསྐོར་བ་གང་ཞེ་ན། ར་བས་བསྐོར་བའི་གྲོང་གང་ཡིན་པའོ།། དེའི་ཉེན་ཀོར་གང ་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་མདོམ་གང་ངམ། གང་དུ་རྡུང་བར་བྱེད་པ་དང་། རྡོ་བར་བྱེད་པ་དང་། ཟ་བར་བྱེད་པ་དང་། ཁྱེའུ་སུས་བྱེད་པ་འམ། གང་དུ་མི་རང་བཞིན་གྱིས་ངོ་ཚ་དང་ལྡན་པ་བཤད་པར་འགྲོ་བ་འམ། ཕྱ་གག་འབུང་སྟབས་ཀྱིས་ཆོད་པ་སྟེ། དེ་ཉེན་ཀོར་ནི་ཅི ་ནོདགེ་སློང་མས་ནང་དུ་ཆོས་གོས་དག་བཞག་སྟེ་ཉེན་ཀོར་དུ་སྐྱ་རེང་འཆར་བར་བྱེད་ན་ལྟུང་བ་མེད་དོ། ། ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ། ནང་དུ་སྐྱ་རེང་འཆར་བར་བྱེད་ན་ལྟུང་བ་མེད་དོ།། ནང་ངམ་ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ། གཞན་དུ་སྐྱ་རེང་འཆང་བར་བྱེད་ཅིང་སྐྱ་རེ་ཤ་ན ་ལྟུང་བྱེད་དོ། ། འོབས་ཀྱིས་བསྐོར་བའི་གྲོང་གང་ཞེ་ན། འོབས་ཀྱིས་བསྐོར་བའི་གྲོང་གང་ཡིན་པའོ།། དེའི་ཉེན་ཀོར་གང་ཞེ་ན། ནད་ཐམས་ཅད་དང་ཞེས་བྱ་བ་ནས། ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རམ། གང་དུ་བ་ལང་དང་། ལུག་དག་འགྲོ་བའི་རྡུལ་ལངས་པ་རླུང་གིས་མ་བསྐྱོད་པ་འམ། ་བྱག་རང་བོར་བའི་བོང་བ་འདྲིལ་བས་སླེབས་པ་ཡིན་ཏེ། དགེ་སློང་མས་ནད་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། གྲོང་ཉེན་ཀོར་གཅིག་པ་གང་ཞེ་ན། ཟོང་གདན་བསྐྱེད་མོས་ཚལ་འམ། འདུན་ས་འམ། ལྷའི་གནས་གཅིག་ཡོད་པའོ།། དེའི་ཉེན་ཀོར་གང་ཤེ་ན། ་དང་ཐམས་ཅད་དང་། ཕྱི་རོལ་མདོས་གང་ཞེས་བྱ་བ་ནས། ཁྱེའུ་སྲས་བྱེད་པ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་པའི་བར་རོ།། གྲོད་ཉེན་ཀོར་ཐ་དད་པ་གང་ཞེ་ན། གྲོང་གང་ན་བསྐྱེད་མོ་ཚལ་ལམ། འདུན་ས་འམ། ལྷའི་གནས་མང ་པོ་ཡོད་པའོ། ། དེ་རྣམས་ཀྱི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེན་སྒོའོ།། གལ་ཏེ་དགེ་སློང་མས་ནང་ངམ། ཕྱི་རོལ་དུ་ཆོས་གོས་དག་བཞག་ལ་སྐྱ་རེང་འཆར་ན་དགེ་སློང་མ་ཉེན་ཀོར་དང་བྲལ་བས་སྐོར་བདུག་ནས་མྱ་རེང་འཆར་བར་བྱའོ།། གལ་ཏེ་གཞན་དུ་བྱ་རེང་འཆར་བར ་བྱེད་ན་སྤང་བའི་ལྟུང་བྱེད་དོ། ། གྲོང་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། གྲོང་རབ་ཏུ་མང་པོ་དག་ལ་བསྐྱེད་མོས་ཚལ་འམ། འདུན་ས་འམ། ལྷའི་གནས་གཅིག་ཡོད་པའོ།། དེ་རྣམས་ཀྱི་ཉེན་ཀོར་གང་ཞེ་ན། ནད་ཐམས་ཅད་དང་། ཕྱི་རོལ་མདོམ་གང་ཞེས་བྱ་བ་ནས་གཞན་དུ་སྐྱ་རེང་འཆར་བར ་བྱེད་ན་གྲང་པའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། ། ཟོང་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། དེ་རྣམས་ཀྱི་བསྐྱེད་མོས་ཚལ་མང་པོ་ཡོད་པའོ།། དེ་རྣམས་ཀྱི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ཁྱིམ་ཉེན་ཀོར་གཅིག་པ་གང་ཞེན་མི་གཅིག་གིའམ། ་སུ་རྒོས་བྱེ་བའི་ཕྱིས་གང་ཡིན་པའོ།། དེ་དག་གི་རྟེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་མདོམ་གང་དེ་ཞེས་བྱ་བ་ནས་གཞན་དུ་མྱ་རེང་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། བྱིམ་རབ་ཏུ་མ་པོ་ཉེན་ཀོར་གཅིག་པ་གང་ཞེན། མི་གཅིག་གིའས། སུན་ནོ་བྱེ་བ་དག ་གི་ཁྱིས་གང་དག་ཡིན་པའོ། ། དེ་དག་གི་ཉེན་ཀོར་གང་ཞེ་ན། ནད་ཐམས་ཅད་དང་། ཕྱི་རོལ་མདོམ་གང་དོ་ཞེས་བྱ་བ་ནས་གཞན་དུ་སྐྱ་རེང་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པ་དག་གིའམ། སྤུན་སྒོ་བྱེ་བའི ་ཁྱིས་གང་དག་ཡིན་པའོ། ། དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོད་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ཚོང་ཁང་ཉེན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོམ་བྱེ་བ་དག་གི་ཚོང་ཁང་ཡིན་པའོ།། དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས ་ཅད་དང་། ཕྱི་རོལ་མདོ་མ་གང་འམ། གང་དུ་འབྲུ་སྤུང་བར་བྱེད་པ་དང་། གླེ་བ་དང་། བྲེའུ་ནུང་འཇོག་པར་བྱེད་པ་དང་། འཇལ་བར་བྱེད་པའི་སྣོད་དག་འཇོག་པར་བྱེད་པ་སྟེ། དེའི་ཉེན་ཀོར་ནི་དེ་ཡིན་ནོ།། དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས་གཞན་དུ་སྐྱ་རེང་འཆར་བར་བྱེད་ན ་སྤང་བའི་ལྟུང་བྱེད་དོ། ། ཞེས་བྱ་བའི་བར་རོ།། ཚེང་ཁང་ཉེན་གོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སུན་སྒོ་བྱེ་བའི་ཚེང་ཁང་གང་དག་ཡིན་པའོ།། དེ་དག་གི་ཉི་ཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཟོང་གི་མཛོད་དོ།། ཚོང་ཁང་རབ་ཏུ་མ་དེ་བེ་ཉེན་ཀོར་གཅིག་པ་དང ་ཞེ་ན། མི་གཅིག་གི་འམ། སྤུན་སྐོམ་བྱེ་བའི་ཚོང་ཁང་གང་དག་ཡིན་པའོ།། དེ་དག་གི་ཉེན་ཀོར་གང་ཞེ་ན། ནད་ཐམས་ཅད་དང་། ཕྱི་རོལ་མདོམ་གང་ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཚོད་ཁང་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། ་སྲུ་ན་སྒོ་བྱེ་བའི་ཚོང་ཁང་གང་དག་ཡིན་པའོ།། དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ཚོད་རྡལ་ཉེན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོ་མ་བྱེ་བ་དག་གི་ཚེད་རྡལ་གང་ཡིན་པའོ།། དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས ་ཅད་དང་། བྱི་རོལ་མདོམ་གདའང། གང་དུ་དེ་དག་གི་སྲང་ལེབ་དག་འཇོག་པར་བྱེད་པ་དང་། དྲི་དག་འཐག་པར་བྱེད་པ་དང་། ཐུས་བུ་དག་འཆིང་བར་བྱེད་པ་དང་། འདྲ་བར་བྱེད་པ་དང་ཞེས་བྱ་བ་ནས་ཁྱེའུ་སུམ་བྱེད་པ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ཉེན་ཀོར་དུ་ཆོས་གོས་དག་ཅེས་བྱ་བ་ནས་ཐང་བའི་ལྟུང་བྱེད་དོ་ཞེས ་བྱ་བའི་བར་རོ། ། ཚོད་དལ་རྟེན་ཀོར་བ་དད་པ་གང་ཤེ་ན། མི་ཐ་དད་པའི་འས། ཀུན་ནོ་བྱེ་བའི་ཚད་ན་ལ་གང་དག་ཡིན་པའོ།། དེ་ཉིན་ཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། བདུག་རྟོགས་སོ།། ཆོད་རྡཔལ་རབ་ཏུ་མ་པོ་ཉིན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སུན་སྐོམ་བྱེ་བ་དག་གི ་ཚོད་རྡལ་གང་ཡིན་པའོ། ། དེ་དག་གི་ཉེན་ཀོར་གང་ཞེ་ན། ནད་ཐམས་ཅད་དང་། ཕྱི་རོལ་མདོམ་གང་ཞེས་བྱ་བ་ནས་སྤང་བའི་ལྟུར་བྱེད་དོ་ཞེས་བྱ་བའི་བར་རོ།། ཚོད་རྡལ་རབ་ཏུ་མང་པོ་ཉིན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་རྡོ་བྱེ་བ་དག་གི་ཚོང་རྡལ་གང་དག་ཡིན་པའོ།། དེ་དག་གི་ཉེན་ཀོར་གང ་ཞེན་སོ་སོ་འོ། ། ཞིག་བུ་མོད་ཡིན་གན། ཅི་ཡང་པ་ཡིན་ནོ།། བ.རང་ག་ཉེན་ག་གཅིག་པ་གཤེན། དེས་། མག་གགི་པ། བླན་ནོཔ་བྱེ་བདག་གི་ས་ཤོག་གོ།། དེ་ཉི་ཀོར་གང་ཤེད། དདབམས་ཅད་དང་། ཕྱི་རོམ་མདོས་གང་།། ཞན་ནི་སྔམ་པའིདིདོ།། ཡོག་ན ་ཀོར་བ་དང་པགང་ཞེ་ན། འདི་ལྟ་སྟེ། མི་ཐ་ད་པའི་འམ། སྤུན་ནོ་བྱེ་བ་དང་གི་ཡང་ཐོག་གོ།། དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོད་ཡིན་ཞེ་ན། གས་སོ།། ཡང་ཐོག་རབ་ཏུ་མང་པོ་ཉིན་ཀོར་གཅིག་པགང་ཤེ་ན། འདི་ལྟ་སྟེ། མི་གཅིག་གིའམ། སྤུན་ཏེ་བྱེ་བ་དག་གི་སང་ཐོག་གོ།། དེ་དག་ག ་ཉེན་ཀོར་གང་ཤེན། ས་སོ་བའོ།། ཅིནིག་ཟུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ཀུན་ཏུ་ཆུའི་བྱིམ་ཉེ་ཀོར་གཅིག་པ་གང་ཞེ་ན། འདིས་ཏེ། མི་གཅིག་གིའམ། སྤུན་རྐོམ་བྱེ་བདག་གི་ཀུན་ཏུ་ཆུའི་ཁྱིས་མོ།། དེའི་ཉེན་ཀོར་གང་ཤེ་ན། ནང་ཐམས་ཅད་དང་། ཕྱི་རོལ་མདོམ་གང་ངམ། གནས་ག ་དུ་དེ་དག་གི་སྨིག་མ་གཤེགས་པར་བྱེད་པ་དང་། གླེ་བ་བྱེད་པ་དང་། གདུགས་ཀྱི་སྒོ་དག་ཅེས་བྱ་བ་ནས། སྐྱ་རེང་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཀུན་ཏུ་རྒྱུའི་ཁྱིམ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བ་དག་གི་ཀུན་དུ་རྒྱུའི་ཁྱིམ ་གང་ཡིན་པའོ། ། དེའི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། རྒྱལ་མཚན་གྱི་ཤིང་དོ།། ཀུན་དུ་རྒྱུ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྲུན་སྒོ་མ་བྱེ་བ་དག་གི་ཀུན་དུ་རྒྱུའི་ཁྱིམ་རབ་ཏུ་མང་པོ་གང་ཡིན་པའོ།། དེ་དག་གི་ཉེན་ཀོར་གང ་ཞེ་ན། ནད་ཐམས་ཅད་དང་། ཕྱི་རོལ་མདོམ་གང་ངམ། གནས་གང་དུ་སྨིག་མ་དག་གཤེག་པར་བྱེད་པ་དང་ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཀུན་དུ་རྒྱུ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། ཐ་མི་དད་པ་འམ། སྤུན་སྒོ་བྱེ་བ་དག་གི་ཀུན་ཏུ་རྒྱུ་རབ་ཏུ་མང ་བོའི་ཁྱིམ་གང་དག་ཡིན་པའོ། ། དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཞེ་ན། ཅི་ཡང་མ་ཡིན་ནོ།། གཡུལ་ཉེན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། ཐུན་སྒོམ་བྱེ་བ་དག་གི་གཡུལ་གང་ཡིན་པའོ།། དེའི་ཉེན་ཀོར་གང་ཞེ་ན། ནད་ཐམས་ཅད་དང་། ཕྱི ་རོལ་མདོམ་གང་ངམ། གནས་གང་དུ་སོག་མ་དག་འཇོག་པར་བྱེད་པ་དང་། བྲེ་བ་དང་། ཕྱགས་མ་དང་། གཞལ་སྣོད་དག་འཇོག་པར་བྱེད་པ་དང་། འཕྱར་བར་བྱེད་པ་དང་། འབྲུ་དག་ཕྱར་བ་ན་ཕུབ་མ་རགས་པ་དག་གང་དུ་རླུང་གིས་མ་བདས་པར་ཕྱིན་པ་སྟེ་དེའི་ཉེན་ཀོར་ནི་དེ་ཡིན་ནོ།། ་དགེ་སློང་མས་ཉེན་ཀོར་དུ་ཆོས་གོས་དག་ཅེས་བྱ་བ་ནས་གཞན་ནི་སྔ་མ་བཞིན་ནོ།། གཡུལ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བ་དག་གི་གཡུལ་གང་ཡིན་པའོ་ཞེས་བྱ་བ་ནས་ཅི་ཞིག་ཐུན་མོད་ཡིན་ཞེ་ན། གཡུལ་གྱི་དབུས་སོ།། གཡུལ་རབ ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྲུན་སྒོམ་བྱེ་བ་དག་གི་གཡུལ་གང་ཡིན་པའོ།། གཞན་ནི་སྔ་མ་བཞིན་ནོ།། གཡུལ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། གཡུལ་གང་ཞིག་མི་ཐ་དད་པའི་འམ་ཞེས་བྱ་བ་ནས་ཅི་ཞིག་ཐུན་མོང་ཞེ་ན། ཅི་ཡང ་མ་ཡིན་ནོ་ཞེས་པའི་བར་རོ། ། གཡུལ་ཚོགས་ཉེན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོམ་བྱེ་བ་དག་གི་གཡུལ་ཚོགས་གང་ཡིན་པའོ།། དེའི་ཉེན་ཀོར་གང་ཞེ་ན། ནད་ཐམས་ཅད་དང་། ཕྱི་རོལ་མདོམ་གང་དམ། གད་དུ་གླད་དག་འདོགས་པར་བྱེད་པ་དང་། ལྕི་བ་དག་འདོར་བར་བྱེད་པའོ།། ་གཞན་ནི་སྔ་མ་བཞིན་ནོ།། གཡུལ་ཚོགས་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐད་ད་པའི་འམ། སྤུན་སྒོ་བྱེ་བ་དག་གི་གཡུལ་ཚོགས་གང་ཡིན་པའོ།། དེའི་ཉེན་ཀོར་གང་ཞེ་ན་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། སྒོ་ཞེས་བྱ་བའི་བར་རོ།། གཡུལ་ཚོགས་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། གཡུལ ་གང་ཞིག་གི་མི་ཅིག་གི་འམ། ཞེས་བྱ་བ་ནས་སྔ་མ་བཞིན་ནོ།། གཡུལ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། གཡུལ་ཚོགས་གང་ཞིག་མི་ཐ་དད་པའིའམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། མུ་སྟེགས་ཅན་གྱི་ཁྱིམ་ཉེན་ཀོར་གཅིག་པ་གང་ཞེ་ན། མུ་སྟེགས ་ཅན་ལྟ་བ་གཅིག་པ། བཟོད་པ་གཅིག་པ། འདོད་པ་གཅིག་པ། བསམ་པ་གཅིག་པ་དག་གི་གང་ཡིན་པའོ།། དེ་དག་གི་ཉེན་ཀོར་གང་ཞེ་ན། གནས་གང་གང་དུ་དེ་དག་མིང་སྦྱིན་སྲེག་སྲེག་པར་བྱེད་པ་དང་། རྩཝ་དང་། ལྕི་བ་དང་། ཡམས་སྲེག་ཤིང་དང་། ཐུགས་གཟར་དག་འཇོག་པའོ།། དེའི་ཉེན་ཀོར་གང ་ཞེ་ན། ནད་ཐམས་ཅད་དང་། ཕྱི་རོལ་མདོམ་གང་ངམ། གང་དུ་གཅོད་པར་བྱེད་པ་དང་ཞེས་བྱ་བ་ནས། སྤང་བའི་ལུང་བྱེད་དོ་ཞེས་བྱ་བའི་བར་རོ།། མུ་སྟེགས་ཅན་གྱི་ཁྱི་མཉེན་ཀོར་ཐ་དད་པ་གང་ཞེ་ན། མུ་སྟེགས་ཅན་སྟ་བ་སྣ་ཚོགས་དང་ཞེས་བྱ་བ་ནས། བསམ་པ་སྣ་ཚོགས་གང་ཡིན་པའོ་ཞེས་བྱ་བའི ་བར་རོ། ། དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ལྷའི་གནས་སོ།། མུ་སྟེགས་ཅན་གྱི་ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། དང་པོ་བ་ཇི་ལྟ་བ་བ་དེ་བཞིན་དུ་བརྗོད་པར་བྱའོ།། མུ་སྟེགས་ཅན་གྱི་ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མུ་སྟེགས ་ཅན་ཅི་གྱི་ག་ག་མི་ཟད་པའི་ས། ཤེས་བྱ་བ་ན་ཡིན། པང་ཡིན་ནན། ཡ་མ་འདན་ནས་བྱང་བ་ང།། ཞིང་རྐྱེན། གཅིག་པ་གཤེན། ཞེས་ས། གསམག་ཅགག་ལ། བྲན་པ་བྱབད། ཀ་ཤོ། གྲོ་མ་ཁྲ་བ་དང་། ་ཉེན་ཀོར་མདོམ་གང་ངམ། གནས་གང་དུ་གླང་འདོགས་པར་བྱེད་པ་དང་། རྩཝ་མུན་ཛ་དགཟུང་བར་བྱེད་པ་དང་། ཐག་གུ་དག་འཁལ་བར་བྱེད་པ་འམ། ཡང་ན་གང་དུ་གཅོད་པར་བྱེད་པ་དང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཤིང་རྟ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། ་སྤུན་སྒོ་བྱེ་བའི་ཤིང་རྟ་གང་ཡིན་པ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཁ་ལོ་སྐུར་བའི་སྟན་ནོ་ཞེས་བྱའི་བར་རོ།། ཤིང་རྟ་རབ་ཏུ་མང་པོ་ཉེན་གོར་གཅིག་པ་གང་ཞེ་ན། དང་པོ་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ།། ཤིང་རྟ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། ཤིང་རྟ་གང་དག་མི་ཐ་དད ་པའི་ལ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་གཉིས་པ། གྲུཉེན་ཀོར་གཅིག་པ་གང་ཞེན། མི་གཅིག་གི་འམ། སྤུན་སྐོམ་བྱེ་བ་དག་གི་གྲུ་གང་ཡིན་པའོ།། དེའི ་ཉེན་ཀོར་གང་ཞེ་ན། འགྲོ་བའི་ཉེན་ཀོར་མདོམ་གང་འམ། གནས་གང་དུ་ཕུར་བ་འདེབས་པར་བྱེད་པ་དང་། གྲུ་ཏོད་པར་བྱེད་པ་དང་། རྩཝ་མུན་ཛ་དག་ཟུང་བར་བྱེད་པ་དང་། ཟག་པ་དག་འཁལ་བར་བྱེད་པ་དང་། དུ་སྱ་དག་འཇོག་པར་བྱེད་པ་འམ། གང་དུ་གཅོད་པར་བྱེད་པ་དང་ཞེས་བྱ་བ་ནས། ་ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ནས་དུ་ཆོས་གོས་དག་ཅེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། གྲུ་ཉེན་ཀོར་ཐ་དད་པ་གང་ཞེ་ན། བུ་གང་དག་མི་ཐ་དད་པའི་འམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། གྲུ་གདོད་དོ་ཞེས་བྱ་བའི་བར་རོ།། ཟུང་བ ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། དང་པོ་པ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། གྲུ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། གྲུ་གང་དག་མི་ཐ་དད་པའི་འམ་ཞེས་བྱ་བ་ནས་ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། ཀུན་དགའ་ར་བ་ཉེན་ཀོར་གཅིག་བགང་ཞེ ་ན་མི་གཅིག་གི་འམ། སྤུ་ན་སྒོ་བྱེ་བ་དག་གི་ཀུན་དགའ་ར་བ་གང་ཡིན་པའོ།། དེའི་ཉེན་ཀོར་གང་ཞེ་ན། གནས་གང་དུ་ལོ་མ་སྔོན་མོ་དག་འཁྲུ་བར་བྱེད་པ་དང་། ཐུམ་བུ་དག་འཕུར་བར་བྱེད་པ་དང་། མེ་ཏོག་དག་ཆུད་པར་བྱེད་པ་དང་། ཞེས་བྱ་བ་ནས་ཁྱེའུ་སུས་དག་བྱེད་པ་ཞེས་བྱ་བའི་བར་རོ།། ་དག་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། མྱ་དེང་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་ནས་བྱ་བའི་བར་ར།། ཀུན་དགའ་ང་བ་ཉེན་ཀོར་ཐ་དད་པགང་ཤེ་ན། ཀན་དགའ་བ་གང་མི་ཐ་དད་པའི་འབ་ཞེས་བྱ་བ་ནས། ཅི་ཞིག་བླན་མོང་ཡིན་ལེན། ཁྲོན་པ་ཞེས་བྱ་བའི་བར་རོ།། བ ་དགའ་ར་བ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། ཀུན་དགའ་ར་བ་གང་དག་མི་གཅིག་གིའམ་ཞེས་བྱ་བ་ནས་དང་པོ་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ།། ཀུན་དགའ་ར་བ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། ཀུན་དགའ་ར་བ་མང་པོ་གང་དག་མི་ཐ་དད་པའི་འམ་ཞེས་བྱ་བ་ནས། ་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། ཤིང་ལྗོན་པའི་ཉེན་ཀོར་གཅིག་བ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པའི་ཡལ་གའི་ལོ་མདབ་འབྱོར་པས་གཅིག་ཏུ་སྡུག་པའོ།། དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་མདམ་གང་ངམ། སོག་རྣམས་ཀྱི ་ཟླ་བ་ཐ་མ་ལ་བབ་པའི་ཉི་མ་ཕྱེད་ཀྱི་གྲིབ་མས་ཁྱབ་ཅིང་འདུག་པ་འམ། ལོ་མ་སྐྱེ་བོ་དག་རླུང་གིས་མ་བདས་པར་ལྟུང་བ་འམ། ཆར་བབ་པ་ན་ཆུའི་ཐིགས་པ་དག་འབབ་པ་སྟེ་དེའི་ཉེན་ཀོར་ནི་དེ་ཡིན་ནོ།། དགེ་སློང་མས་ནང་དུ་ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ་ཤིང་ལྗོན་པ་ཉེན་ཀོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པ་ཡལ་གའི་ལོ་མ་མདབ་མ་འབྱོར་པ་འམ་ཞེས་བྱ་བ་ནས། ཐུན་མོང་ཅི་ཞིག་ཡིན་ཞེ་ན། ཤིང་དྲུང་དོ་ཞེས་བྱ་བའི་བར་རོ།། ཤིང་ལྗོན་པ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པ་རབ་ཏུ་མང ་པོ་ཡལ་གའི་ལོ་མ་མདབ་མ་འབྱོར་བགྲིབ་མ་ཐ་དད་པ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་དགེ་སློང་མ་ཤུལ་དུ་ཞུགས་པའི་ཉེན་ཀོར་ཀང ་ལགས། འགྲོ་བ་ན་མདོམ་གང་འགྲེང་བ་ན་འདོམ་གང་། འདུག་པ་ན་མདོམ་པ་གང་ཁོར་ཁོར་ཡུག་ཡིན་ནོ།། བཙུན་པ་གལ་ཏེ་དགེ་སློང་མ་དག་ཤུལ་དུ་ཞུགས་ནས་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལ་ཆོས་གོས་དག་གཏད་དེ་དེ་སླད་བཞིན་མཆིས་ན་དེ་དག་གི་ཉེན་ཀོར་གང་ལགས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེས་ཇི་སྐད་བྲམ་ཟེ་གྲོ་ཞིནི་སྐྱེས་ཀྱི་རིགས་ལ་བར་མདོམ་བདུན་བདུན་གྱིས་བཅད་དེ་ཨ་མྲ་བསྐྱེད་ན། ཤིན་དུ་མེ་ཏོག་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། ཡལ་ག་ཕུན་སུམ་ཚོགས་པར་འགྱུར་བར་གསུངས ་པའི་ཨ་མྲ་ག་དག་ཡིན་པ་དེ་དག་གི་བར་ནི་མདོམ་བཞི་བཅུ་རྩ་དགུར་འགྱུར་རོ། ། བཙུན་པ་རེ་ཤིག་གཙུག་ལག་ཁང་གཉིས་ཀྱི་མཚམས་སུ་མཆིས་ཉལ་བར་བགྱིད་ན་མཚམས་གང་ལགས། ཇི་ཙམ་ཆོས་གོས་ཀྱི་གྲཝ་ལུས་དང་མ་བྲལ་བ་དེ་སྲིད་དུ་ཆོས་གོད་པས་བར་མི་འགྱུར་རོ།། ་གང་གི་མོ་དའི་ཆོས་གོས་ཀྱི་གྲཝ་ལུས་དང་བྲལ་བ་དེའི་ཚེ་ཆོས་གོས་དང་བྲལ་བར་འགྱུར་ཏེ། དགེ་སློང་མའི་ཆོས་གོས་སྤང་བར་གྱུར་པ་དེ་མ་སྤངས་པར་ཞེས་བྱ་བ་ནས། དང་པོ་ཇིལ་བ་དེ་བཞིན་དུ་བརྗོད་པར་བྱའོ།། སྡང་བའི་ལྟུང་བྱེད་གཉིས་པ་རྫོགས་སྷོ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་དགེ་སློང་མ་རྣམས་ལ་གོས་ཀྱི་རྙེད་པ་མང་པོ་འདི་ལྟ་བུ་འདི་ཟུང་སྟེ། གང་སུ་ཡང་རུང་བས་གོས་སྔོན་པོ་ཞིག་རྙེད་ནས་དེས་དེ་བྱེད་དུམི་འཇུག་པར་གང་གི་ཚེ་འདི་འདྲ་བའི་གོས་དག་གིས་རྙེད་པར་གྱུར་པ་དེའི་ཚེ་བདག་གིས་ལངས་པར་བྱས་ལ་བཅར་བར ་བྱའོ་སྙམ་དུ་རེ་བ་ཡོད་ཅིང་རེས་དེ་འཇོག་པར་བྱེད་དོ། ། སྔོན་པོ་ལ་ཇི་ལྟ་བ་དེ་བཞིན་དུ་སེར་པོ་དང་། དམར་པོ་དང་། སྟུག་པོ་དང་། སྲང་མོ་ལ་ཡང་བརྗོད་པར་བྱའོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྒྱད་ཕྱུང་ན་དུས་མ་ཡིན་པར་གོས་ཤིག་རྙེད་ལ་འདོད་ན་དགེ་སློང་མ་ངེས་གོས་དེ་བླང་བར་བྱའོ།། ཟངས་ནས་གལ་ཏེ་ལོངས་ན་མྱུར་བ་ཁོ་ནར་བྱས་ཏེ་བཅང་བར་བྱའོ།། གལ ་ཏེཆོས་གོས་ལ་རེ་བ་ཡོད་པ་འམ། ། ཁ་མ་ལོངས་པ་ཁ་སྐོད་པར་བྱེད་ན་དགེ་སློང་མ་དེས་གོས་དེ་ཟླ་བ་གཅིག་གི་མཐའ་བར་དུ་བཅད་པར་བྱའོ།། དེ་ལས་འདས་པར་འཇོག་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མཆོས་གོས་ཟིན་པས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། རྙེད་ལ་ཞེས་བྱ་བ་ནི་གཞན་ལས ་སོ། ས་མ་ཡིན་པའི་གོས་ཞེས་བྱ་བ་ལ། གོས་ཀྱི་ས་ནི་གང་ཡིན། དུས་མ་ཡིན་པའི་གོས་ནི་གང་ཡིན་ཞེ་ན། སྲ་བརྒྱད་པཏིང་བའི་གནས་ནནི་སྟོན་ཟླ་འབྲིང་པོའི་ནས་བཟུང་སྟེ། སྲིད་བྱར་བ་ཏིའི་བར་གྱི་ཟླ་བལྔ་པོ་དེ་དག་ནི་གོས་ཀྱི་དུས་ཡིན་ནོ།། ཞག་མམ་བདུན་པོ་དག་ནི་དྲས་མ་ཡིན་ནོ།། ་གོས་བདན་པོ་གང་ཡང་རུང་བ་ཞེས་བྱ་བ་ལ། བདུན་པོ་དེ་དགག་ཤེན། པས་གྱི་དང་། རས་དང་། རས་བལ་གྱི་དང་། མོན་དང་དང་། དགུལ་ངས་དང་། ཀོཏམ་པའི་རས་དང་། ཉི་འོགགིགས་སོ།། འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ།། བླངས་ནས་གལ་ཏེ་ལངས་ན་མང་བཞིན ་བྱས་ཏེ་བཅད་པར་བྱོ། ། གལ་ཏེ་མི་ལང་པན་ཞེས་བྱ་བ་ནི་ས་པོ་གང་ཡར་རུང་བའོ།། གེ་སློང་མདེས་གོས་དེ་ཐ་པ་གཅིགགི་ཐར་བཅང་བར་བྱའོ་ཞེས་བྱ་བ་ནི་ཉིམ་ནག་སུམ་བཅུའི་མགྲང་རོ།། གོས་དེའི་བ་ཞེས་བྱ་བ་ལགས་ཀྱི་བག་ཤེན། བདག་ལ་མས་སྦྱིན་པར་འགྱུར་བའམ། བདག་ལ་པས ་སྨིན་པར་འགྱུར་བའམ། བདག་ལ་མིང་པོ་དང་པུ་ན་མོས་སྦྱིན་པར་འགྱུར་བའམ། ལོ་ལྔའི་དུས་སྟོན་ཆེན་པོའི་ཚེ་འཐོབ་པའོ།། འ་མ་ལོངས་པ་ཁ་སྐོང་བར་བྱེད་ན་ཞེས་བྱ་བ་ནི་གོས་དེའི་བསྐོད་པར་བྱེད་ནའོ།། དེ་ལས་འདས་པར་ཞེས་བྱ་བ་ནི་དེ་ལས་ཐལ་བར་རོ།། འཇོག་ན་ཞེས་བྱ་བ་ནི ་བཅང་ནའོ། ། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་སྤངས་ནས་ཞེས་བྱ་བ་ནས། ངན་འགྲོལག་པར་ལྟུང་བ་རྣམས་སོ་ཞེས་བྱ་བའི་བང་རོ།། དེ་ལ་ལྟུང་བར་ལྟར་འགྱུར་ཤེ་ན། ལུང་བའི་བར་ལྡོམ་ལ། རེ་བཅས་རེ་བ་མེད་པ་དང་།། ཉམས་པར་ཐར་ལ་གསུམ་དག་དག། མཐུབ་པས ་ཐུན་ཆད་དང་། ། གོས་ནི་གཉིས་པོ་ཉིད་དག་དང་། དེ་ནས་གོས་ནི་ལྔ་དག་དང་།། ཕྱག་དང་ཁྲོད་ལ་གཉིས་དང་ཡང་།། སྣམ་ཕྲན་ཚད་དང་གླེན་པ་དང་།། རྡུལ་ཟན་མཐང་གོས་ཉིད་དང་ཡང་།། འཁོར་གསུམ་ཁེབས་པ་དག་དང་ནི།། བོར་ཡུག་ཕྱི་མར་བྱས་པ་ཡིན།། དགེ་སློང་མས་ཆོས་ལ་གོས་སྔོན ་པོ་ཞིག་རྙེད་ནས། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ།། སྙན་དུ་གོས་ཀྱི་རེ་བ་ཡོད་པས་དེས་དེ་འཇོག་པར་བྱེད་ཅིང་དེ་གོས་ཀྱི་རེ་བ་ཡོད་པ་ལས་དེས་ཚེས་དེ་ཉིད་ཀྱི་ཉིན་པར་རེ་བ་ཡོད་པ་རྙེད་ན་དགེ་སློང་མ་དེས་གོས་དེ་ཉི་མ་བཅུ་པོ་དེ་ཉིད་ཀྱི་ནང་དུ ་བྱིན་གྱིས་བརླབ་པར་བྱ་བ་འམ། གཏད་པར་བྱ་བའམ། རུང་བར་བྱའོ།། བྱིན་གྱིས་རླབ་པར་མི་བྱེད་དམ། དྲང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེང་ཤར་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཚེས་ཉིད་ལ་གོས་མ་རྙེད་དམ། ཚེས་གཉིས་ལ་ཡང་མ་རྙེད་མོད་ཀྱི་ཆོས ་དཔྲལ་རེབ་དང་བཅས་པ་ཞིག་རྙེད་ན་དགེ་སློང་མ་དེས་ཉི་མ་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བ་འམ། རུང་བར་བྱ་བའམ། གཏང་བར་བྱའོ།། བྱིན་གྱིས་རློབ་པར་ཡི་བྱེད་དམ། རུང་བར་བྱེད་དམ། གཏོད་པར་མི་བྱེད་ན་ཉི་མ་བཅུགཅིག་པའི་ཕྱིར་ཤར་ན་སྤང་བའི་ལྟུང་བྱེད་དོ།། གཞན ་ཡང་དགེ་སློང་མས་ཚེས་ཉིད་ལ་གོས་མ་རྙེད་ཅིང་ཚེས་གཉིས་ལ་ཡང་མ་རྙེད་དེ། འོན་ཀྱང་ཞག་ཉི་ཤུ་རྩ་དགུའི་ཉིན་པར་རེ་རེབ་དང་བཅས་པ་ཞིག་རྙེད་ན་དགེ་སློང་མ་དེས་གོས་དེ་ཉི་མ་སུམ་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བ་འམ། རུང་བར་བྱ་བའམ། གཏད་བར་བྱའོ།། བྱིན་གྱིས་རྨོ ་བར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན་ཉི་མ་སུམ་བཅུ་བའི་སྐྱ་རེ་ཤར་ན་སྤང་བའི་ལྟུང་བྱེད་དོ།། སྔོན་པོ་ལ་ཇིས་པ་དེ་བཞིན་དྲིས་པོ་དང་། ཐུག་པ་དང་། སྲབ་མོ་ཡང་དེ་བཞིན་ནོ།། དགེ་སློང་མས་ཚེས་ལ་གོས་སྔོན་པོ་ཞིག་རྙེད་ལ་དེས་དེ་བྱེད་དུ་མི་འཇུག་པར་གང ་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་རོ་བྱའོ་སྙམ་དགོས་ཀྱི་རེ་བ་ཡོད་པས་དེས་དེ་འཇོག་པར་བྱེད་ཅིང་། དེས་ཚེས་དེ་ཉིད་ལ་རེ་བ་མེད་པ་གཞན་ཞིག་རྙེད་ན་དགེ་སློང་མ་དེས་གོས་དེ་ཉི་མ་བཅུ་པ་དེ་ཉིད་ཀྱི་ནང་དུ་ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ ་སྲོང་མས་ཆོས་ཉིད་ལ་ཡང་མ་ཡིན། ཆོས་གཉིས་ལ་ཡང་མ་ཡིན་ཞེས་བྱ་བ་ནས་ཚེས་དགུ་དང་། བཅུའི་ནང་དུ་ཡང་མ་ཡིན་ན་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། གཞན་ཡང་དགེ་སློང་མས་ཚེས་ཉིད་ལ་ཡང་མ་ཡིན་ཞེས་བྱ་བ་ནས། ཚེས་ཉི་ཤུ་དགུའི་ཉིན ་བར་རེ་བ་མེད་པ་ཞིག་རྙེད་ན་ཞེས་བྱ་བ་ནས། ཐང་བའི་ལྟུང་བྱེད་དེ་ཞེས་བྱ་བའི་བར་རོ།། སྔོན་པོ་ལ་ཇི་ལྟ་བ་བཞིན་དུ་སྲབ་མོའི་བར་ལ་ཡང་དེ་བཞིན་ནོ།། དགེ་སློང་མས་ཚེས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད་དུ་མ་འཇུག་པར་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར ་གྱུར་པ་དེའི་ཚེ་བྱའོ་སྙས་དུ་གོས་ཀྱི་རེ་བ་ཡོད་པ་ལས། དེའི་གོས་ཀྱི་རེ་བ་དེ་ཉམས་པར་གྱུར། འབྱངས་པར་གྱུར། ཤས་ཆུང་བར་གྱུར་ལ། དེས་ཚེས་དེ་ཉིད་ལ་རེ་བ་མེད་པའི་གོས་གཞན་རྙེད་ན་ཞེས་བྱ་བ་ནས། དེ་བཞིན་དུ་ཚེས་དགུལ་ཡང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དེ་ཞེས་བྱ་བའི་བར ་གོགཞན་ཡང་དགེ་སློང་མས་ཆོས་ལ་གོས་གཞན་ཞིག་རྙེད་ན་ཞེས་བྱ་བ་ནས། ཚེས་ཉི་ཤུ་དགུའི་ཉིན་པར་ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། སྔོན་པོ་ལ་ཇི་ལྟ་བ་བཞིན་དུ་སྲབ་མོའི་བར་ལ་ཡང་དེ་བཞིན་ནོ།། དགེ་སློང་མས་ཚེས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད ་མི་འཇུག་པར་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་ཅིང་དེས་འཇོག་པར་བྱེད་པ་ན། དེའི་གོས་ཀྱི་རེ་བ་ཡོད་པ་དེ་གྲུབ་པར་མ་གྱུར། རྫུན་ཆད་པར་མ་གྱུར་པར་དེས་ཆོས་དེ་ཉིད་ལ་རེ་བ་མེད་པའི་གོས་གཞན་རྙེད་ན་ཞེས་བྱ་བ་དང་། དེ་བཞིན་དུ ་ཆོས་ལ་མ་ཡིན་ཞེས་བྱ་བ་ནས་ཚེས་དགུའི་བར་དང་། ཚེས་ཉི་ཤུ་དགུའི་ཉིན་མོ་ཞེས་བྱ་བའི་བར་བྱས་པར་བརྗོད་པར་བྱའོ།། སྔོན་པོ་ལ་ཇི་ལྟ་བ་བཞིན་དུ་སྲབ་མོའི་བར་ལ་ཡང་དེ་བཞིན་ནོ།། དགེ་སློང་མས་ཆོས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་བདག་གིས ་འདིའ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་པ་ལས་དེའི་གོས་ཀྱི་རེ་བ་དེ་ཐམས་ཅད་དུ་རྒྱུན་ཆད་པར་གྱུར་པ་དང་། དེས་ཆོས་དེ་ཉིད་ལ་རེ་བ་མེད་པའི་གོས་གཞན་ཞིག་རྙེད་ན་ཞེས་བྱ་བ་དང་། དེ་བཞིན་དུ་ཚེས་ལ་ཡང་མ་ཡིན་ཞེས་བྱ་བ་ནས། ཚེས་དཀྲིའི་བར་དང་། དེ་བཞིན ་མྱོས་ཀྱི་ཟུ་ས་ཀྱིས་ལ་མེད་པའི་ཤེས་བྱ་འི་བར་དུ་ཟབ་པར་བརྗོད་པར་བྱག། ། སྔོན་པོ་ལ་དི་ས་བར་ཤིན་ད་བ་ལ་ཡ་ཞེན་ནོ།། གོས་ནི་གཉིས་ཏེ། སང་པ་དང་། དུས་ཚིགས་སུ་བ་པའོ།། དེ་ལ་ས་བ་ནི་ཟག་པཔ་གསར་གགས་སོ།། ར་ཚིགས་པ་ནི ་ཚིགས་གསུལ་པོ་གང་ཡང་རུང་བའི་དུས་ཚིགས་སུ་སྤྱད་པར་གྱུར་བའོ། ། གོས་ལྔ་པོ་དག་ལ་ལྔ་གང་ཞེ་ན།། འོ་པོ་དོགག་ནན་པོ་མེད་པ་དང། ཁོར་བ་བླངས་པ་དང་། དུར་ཁྲོད་པ་དང་། ལྔ་པ་ནི་ཕྱག་དར་ཁྲོད་པའོ།། དེ་ལ་གོས་བདག་པོ་ཡོད་པ་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིང་བྱིན ་ཕ་བོར་བཏགས་པ་གང་ཡིན་པའོ། ། བདག་པ་མེད་པ་ནི་མ་ནིང་གི་པར་དུ་སྦྱིན་པ་པོ་མེད་པ་གང་ཡིན་པ་འམ། ཡང་ན་ལམ་ཀར་ལྟུང་བ་རྙེད་པའོ།། བོར་བ་བླངས་པ་ནི་ཤི་བ་ཏེ་དུས་གོས་ཀྱི་གདུགས་དག་བསྒྲེང་སྟེ་དུང་ཁྲོད་དུ་བསྐྱལ་ནས་དེ་ནས་གྲངས་པ་དག་དགེ་སློང་ས་རྣམས ་ལ་འཁྲུལ་བར་བྱེད་པ་སྟེ། འད་ནི་བོར་བ་བླངས་པའི་གོས་ཤེས་བྱའོ།། ངུར་ཁྲོད་པ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་མེད་པའི་དྲར་ཁྲོད་ནས་བླངས་པ་གང་ཡིན་པའོ།། ལྔ་པ་ཉིད་ནི་ཕྱག་དང་ཁྲོད་པར།། གཞན་ཡང་ཕྱག་དར་ཁྲོད་པ་ནི་ལྔ་སྟེ། ལྔ་ག་ཞེན། ཕྱག་དར་ཁྲོད་པ ་མ་པོ་ཆེ་བ་དང་། ཆུ་འགྲམ་པ་དང་། དགོན་པར་བོར་བ་དང་། རལ་རུལ་དང་། ཝ་བ་ཉིད་ནི་ཕྱག་དང་ཁྲོད་པའོ།། གཞན་ཡང་ཕྱག་དང་ཁྲོད་པ་ནི་ལྔ་སྟེ། བེའུ་ཡིས་ཟོས་པ་དང་། ཟིལ་གྱིས་ཟོས་པ་དང་། བྱི་བས་ཟོས་པ་དང་། མེས་ཚིག་པ་དང་ལྔ་བ་ཉིད་ནི་ས་ལ་ལུང་བའི་གས་སོ།། ་དགེ་སློངས་བགོས་པར་བརྙེད་ལགས་ཏེ་རུས་ན་དེས་གོས་དེ་ལས་རྣལ་སྦྱར་ནི་ཉི་རིམ་དུ་བྱ། གདིང་བ་ཡང་ཉི་རིམ་དུ་བྱ། བླ་གོས་ནི་ཚིག་རྒྱད་དུ་བྱ། མཐང་གོས་ཀྱང་ཅིག་ཅུང་བྱའོ།། དེ་བཞིན་དུ་དུལ་ཟན་དང་། ཤིང་དབང་ཅད་ཀྱང་ཅིག་ཆུང་དུ་བྱའོ།། དགེ་སློང་མས་པར་བལ་རྣམ ་ལྱང་ཅི་ས་ལ་རིས་པ་གསུས་པོ་གློན་པར་བྱེད་ན་དེ་ཐོན་པར་བྱེད་པ་ན་ཉེས་བྱས་སོ། ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་སར་བ་ལ་སྣམ་སྦྱར་ཉ་རིམ་བྱས་པ་ལས་གཞན་དུ་ཀུན་ན་སྙམ་ནས་རིས་པ་གཅིག་འབོགས་པར་བྱེད་ན་དེ་འདོགས་པར་བྱེད་པ་ན ་ཨ། ། ཉེས་བྱས་སོ།། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་འདི་སྙམ་དུ་སེམས་བསྐྱེད་དེ། བཀོགས་ལ་བཀྲུས་ཤིང་ཁ་བསྐུར་ཏེ། འདི་ཉིད་ལ་ཀླན་ནོ་ཉམ་པས་དེ་འབོགས་པར་བྱེད་ན་ལྟུང་བ་མེད་དོ།། ཞག་བཅུ་འདས་ན་སྲང་བའི་སྲུང་བྱེད་དོ།། དེ་བཞིན་དུ ་གདིང་བ་ལ་ཡང་བརྗོད་པར་བྱའོ། ། བླ་གོས་ཚིག་རྐྱང་ལ་རིམ་པ་ཀློན་པར་བྱེད་ན་དེ་ཀློན་པ་ལ་ཉེས་བྱས་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ།། བླ་གོས་ལ་ཇི་ལྟ་བ་བཞིན་དུ་མཐང་གོས་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། ཆོས་གོས་ལྔའི་བར་དུ་ཡང་བརྗོད་པར་བྱ་སྟེ། ་ཐམས་ཅད་ལ་སྤང་བའི་ལྟུང་བྱེད་དོ་ཞེས་བརྗོད་པར་བྱའོ།། དགེ་སློང་མས་དུས་ཚིགས་སུ་བཙད་པའི་གོས་ཤིག་རྙེད་ལ། གལ་ཏེ་ནུས་ན་དེས་དེ་ལས་སྣམ་སྦྱར་ནི་བཞི་རིམ་དུ་བྱའོ།། གདིང་བ་དང་། བླ་གོས་དང་། མཐང་གོས་ནི་ཉི་རིམ་དུ་བྱའོ།། རྡུལ་ཟན་དང་། ཤིང་དཔུང་ཆད་ཀྱང་དེ ་བཞིན་ནོ། ། དགེ་སློང་མས་སྣམ་སྦྱར་བཞི་རིམ་ལ་རིམ་པ་ལྔ་པ་ཀློན་པར་བྱེད་ན་དེ་ལྗོན་པར་བྱེད་པ་ན་ཉེས་བྱས་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ།། འབོགས་པར་བྱེད་ན་ཞེས་བྱ་བའི་བར་གོང་མ་ཇི་ལྟ་བ་བཞིན་ནོ།། དེ་བཞིན་དུ་གདིང་བ་ལ་ཡང་བརྗོད་པར་བྱའོ།། བླ་གོས་དང ་མཐང་གོས་ཀྱང་དེ་བཞིན་ནོ། ། རྡུལ་ཟན་དང་། ཤིང་དཔུང་ཆང་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། རིམ་པ་གཉིས་པ་ལ་ཞེས་བྱ་བ་ནས། འབོགས་ཤིང་རིམ་པ་གསུམ་པ་གློན་པར་བྱེད་ན་དེ་ཀློན་པར་བྱེད་པ་ན་ཉེས་བྱས་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི ་བ་། ག་ལགའ་དུ་ཟ་ནོ་སྙམ་པ་ནས་དེ་ཀློན་པར་བྱེད་ན་ཉེས་བྱས་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། བཀོགས་ལ་བཀྲུས་ཤིང་འགྱུར་ཏེ་ཞེས་བྱ་བ་ནས། འདི་ཉིད་ལ་ཀླན་པར་བྱའོ་སྙམ་ན་ལྟུང་བ་མེད་ལ། ཞག་བཅུ་འདས་ན་སྲུང་བའི་ལུང ་བྱེད་དོ་ཞེས་བྱ་བའི་བར་རོ། ། ཕྱག་དརང་ཁྲོད་པའི་ཚེམ་བུ་རྣམས་ལ་ནི་ཇི་ཙམ་འདོད་པར་ཀླན་པར་བྱའོ།། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་སྣམ་སྦྱར་དག་གི་སྣམ་ཕྲན་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བར་འཁོར་དགུ་སྟེ། དགུ་གང་ཞེ་ན། དགུབ ་དང་བཅུ་བརྩིག་པ་དང་། བཅུ་གསུམ་པ་དང་། བཅུ་ལྔ་པ་དང་། བཅུ་བདུན་པ་དང་། བཅུ་དགུ་པ་དང་། ཉི་ཤུ་རྩ་གཅིག་པ་དང་། ཉི་ཤུ་རྩ་གསུམ་པ་དང་། ཉི་འུ་རྩ་ལྔབའོ།། ཉེ་བར་འཁོར་སྙམ་པན་ཅན་ད་པོ་འདི་དག་ནི་སྔམ་བྱར་ཞེས་བྱའོ།། ཉེ་བར་འཁོར་དེ་ལ་དགྲ་གང་ཡིན་པ་དང་། བཅུག་ཅིན་གང་ཡིན་། ་དང་ཡུ་བསུམ་པ་གང་ཡིན་པ་དེ་དག་ནི་གླེགས་བུ་བྱེད་དང་གསུམ་པར་བྱས་ཏེ་བྱང་བར་བྱའོ།། བཅཝ་ལྔ་པ་གང་ཡིན་པ་དང་། བཅུ་བདུན་པ་གང་ཡིན་པ་དང་། བཅུ་དགུ་པ་གང་ཡིན་པ་དེ་དག་ནི་གླེགས་བུ་བྱེད་དང་བཞི་པར་བྱ་སྟེ་བཅང་བར་བྱའོ།། ཉི་ཤུ་རྩ་གཅིག་པ་གང་ཡིན་པ་དང་། ཉི་ཤུ ་གསུམ་པ་གང་ཡིན་པ་དང་། ཉི་ཤུ་རྩ་ལྔ་པ་གང་ཡིན་པ་དེ་དག་ནི་གླེགས་བུ་བྱེད་དང་ལྔ་པར་བྱས་ཏེ་བཅང་བར་བྱའོ།། དེ་བཞིན་དུ་ཀླན་པར་བྱའོ།། དེ་ཡན་ཆད་ནི་ཚེམ་བུའོ།། བཅོམ་ལྡན་འདས་ཆོས་གོས་ཀྱི་ཚད་ཇི་ཙམ་ལགས། ཉེ་བར་འཁོར་གསུམ་སྟེ། ཆོས་གོས་ཆེན་པོ་དང་། འབྲིང ་དང་ཆུང་ངུའོ། ། དེ་ལ་སྣམ་སྦྱར་ཆེན་པོ་གང་ཡིན་པའི་སྲིད་དུ་ནི་ཁྲུ་ལྔའོ།། ཞེང་དུ་ནི་ཁྲུ་གསུམ་མོ།། སྣམ་སྐྱང་ཆུང་ངུ་གང་ཡིན་པའི་སྲིད་དུ་ནི་ཁྲུ་བྱེད་དང་ལྔའོ།། ཞེང་དུ་ནི་ཁྲུ་བྱེད་དང་གསུམ་མོ།། འབྲིང་ནི་དེའི་བར་མའོ།། དེ་བཞིན་དུ་བླ་གོས་ལ་ཡང་རྣམ་པ་གསུམ་མོ།། མཐང་གོས་ལ ་ཡང་རྣམ་པ་གསུམ་མོ། ། དེ་བཞིན་དུ་རྒྱལ་ཟན་དང་། ཤིང་དཔུང་ཆང་ལ་ཡང་རྣམ་པ་གསུམ་མོ།། གཞན་ཡང་མཐང་གོས་ཀྱི་སྲིད་དུ་ནི་ཁྲུ་ལྔའོ།། ཞེང་དུ་ནི་ཁྲོདའོ།། གཞན་ཡང་མཐང་གོས་ཀྱི་སྲིད་དུ་ནི་ཁྲུ་བཞིའོ།། ཞེང་དུ་ནི་བུ་དོའོ།། མཐང་གོས་ཀྱི་ཐ་མ་ནི་ཁོར་གསུམ་ཁེབས་པའི་ཚད་དོ།། ་སྤང་བ་རྣམས་ཀྱི་ཐ་མ་ནི་ཁྲུ་གང་ཁོར་ཡུག་གོ།། དགེ་སློང་མས་གོས་སྤང་བར་གྱུར་པ་ཞེས་བྱ་བ་ནས། དང་པོ་ཇི་ལྟ་བ་བཞིན་དུ་སྤང་བའི་ལྟུང་བྱེད་དོ།། ཞེས་བྱ་བའི་བར་རོ།། ཐར་པའི་ལྟུང་བྱེད་གསུམ་པ་རྫོགས་སོ།། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི ་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཉེར་དགའ་ལ་བརྟེན་ཏེ་མགོ་ནི་མད་ཟས་སྦྱིན་གྱིས་གསོལ་ནས་ཉེ་དུ་མ་ཡིན་པ་ལས་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དགེ་སློང་དང་ཆོ་དུན་མས་བཏོགས་ནས། དགེ་སློང་ཆོམ་རྐུན་པས ་གཏོགས་པ་ལས་བརྟེན་ཏེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ངོ་ཞེས། དགེ་སློང་མ་གནས་བརྟན་གནས་བརྟན་རབ་ཏུ་མང་པོས་ཐོས་ནས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དགེ་སློང་མ་གནས་བརྟན་གནས་བརྟན་རབ་ཏུ་མང་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསླབ་པའི་གཞི་འདི་ལ་བདག་ཅག་གིས་ཇི་ལྟར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསླབ ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས།། དགེ་སློང་མའི་དགེ་འདུན་ལ་བཀའ་སྩལ་པ། ཡང་དགེ་སློང་མ་གང་ཁྱིམ་བདག་འམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་སྟེ་གེས་སློང་ན་དུས་མ་གཏོགས་ཏེ་དེ་ལས་འདས་ན་སྤང ་བའི་ལྟུང་བྱེད་དོ། ། དེ་ལ་རུས་ནི་འདི་ཡིན་ཏེ། དགེ་སློང་མགོས་ཕྲོགས་སམ། གོས་རླག་གམ། གོས་ཚིག་གམ། གོས་ཆུས་ཁྱེར་བར་གྱུར་ན་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་བསླང་བར་བྱ་སྟེ། དེ་ལ་དུས་ནི་དེ་ཡིན་ནོ།། ཡང་དགེ་སློང་མ ་གང་ཞེས་བྱ་བ་ནི་ཆོས་འདི་པའི་འོ། ། ཉེ་དུ་མ་ཡིན་པའི་ཞེས་བྱ་བ་ནི་ཕྱི་མོ་དང་། མེས་པོའི་ཕྲུགས་བདུན་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ན།། ཁྱིམ་བདག་འམ་ཞེས་བྱ་བ་ནི་སྐྱེས་པའོ།། ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ།། སོང་སྟེ་ཞེས་བྱ་བ ་ནི་སོང་ནས་སོ། ། སློང་ན་ཞེས་བྱ་བ་ནི་དུས་མ་གཏོགས་པར་བདག་ཉིད་དམ། གཞན་སློང་དུ་འཇུ་ནའོ།། དེ་ལ་དུས་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་ཆོས་དང་འཐུན་པ་ཡིན་པའོ།། གོས་ཕྲོགས་སམ་ཞེས་བྱ་བ་ནི་ཆོམ་རྐུན་ནམ། གཡོ་ཅན་གྱིས་དེའི་གོས་དག་ཕྲོགས་པར་གྱུར་པའོ།། ་གིས་རླག་གམ་ཞེས་བྱ་བ་ནི་དེའི་གོས་དག་རླག་པའམ། འཁྱམས་པར་གྱུར་པའོ།། གོས་ཆུས་ཀྱི་ངམ་ཞེས་བྱ་བ་ནི་དེའི་གོས་དག་ཆུས་ཁྱེར་བར་གྱུར་པའོ།། གོས་ཚིག་གམ་ཞེས་བྱ་བ་ནི་དེའི་གོས་དག་མེས་ཚིག་པར་གྱུར་པའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནས་རྒྱས་པར ་སྦྱར་ཏེ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། རིན་ཐང་དང་། ཁ་དོག་དང་། ཁྲུ་ཚད་ལས་ཏེ། ཇི་ལྟར་རིན་ཐང་ལས་ཞེ་ན། ཡང་དགེ་སློང་མ་གང་ཁྱིམ་བདག་འམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་ཀར་ཤ་པ་ཎ་ལྔ་རིབ་བསླངས་ན་སློང་བ་ན་དེ་ལ་ཉེས་བྱས། ་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་ཚེས་ལྷག་པར་ཐོབ་ན་ལྟུང་བ་མེད་དོ།། དེ་བཞིན་དུ་ཀར་ཤ་བ་ཎ་བཅུ་དང་ཉི་ཤུ་རི་བ་ལ་ཡང་བརྗོད་པར་བྱ་སྟེ། དེ་ལྟ་བུ་ནི་རིན་ཐང་ལས་སོ།། དེ་ལྟར་ཁ་དོག་ལས་ཞེ་ན། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན ་པའི་དྲུང་དུ་སོང་སྟེ་གོས་སྔོན་པོ་བླངས་ན་སློང་བ་ན་དེ་ལ་ཉེས་བྱས་སོ། ། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་སེར་པོ་ཐོབ་ན་ལྟུང་བ་མེད་དོ།། དེ་བཞིན་དུ་སྔོན་པོ་དང་། དེ་བཞིན་དུ་མར་པོ་ལ་སྔོན་པོ་དང་། དཀར་པོ་ཉ་རྒྱས་པར་བརྗོད་པར་བྱའོ།། དགེ་སློང་མ་ཁྱིམ་བདག་འམ། ཁྱིམ ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་སེར་པོ་བླངས་ན་སློང་བ་ན་ཉེས་བྱས་སོ། ། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ།། དེ་བཞིན་དུ་སེར་པོ་དང་། དམར་པོ་དང་། དཀར་པོ་ལ་ཡང་བརྗོད་པར་བྱའོ།། དགེ་སློང་མ་ཁྱིམ་བདག་གམ། ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་དམར་པོ་བསླངས་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དེ།། གལ་ཏེ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ།། དེ་བཞིན་དུ་སེར་པོ་དང་། དམར་པོ་དང་། དཀར་པོ་ལ་ཡང་བརྗོད་པར་བྱའོ།། དགེ་སློང་མ་ཁྱིམ ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་དཀར་པོ་བླངས་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ།། དེ་བཞིན་དུ་དཀར་པོ་དང་། སེར་པོ་དང་། དམར་པོ་ལ་ཡང་བརྗོད་པར་བྱ་སྟེ། ་དེ་ལྟ་བུ་ནི་ཁ་དོག་ལས་སོ།། ཇི་ལྟར་ཁྲུ་ཚད་ལས་ཤེ་ན། ཡང་དེ་སློ་ག་ཏུ་ནི་དག་འམ། བྱ་མི་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་སྟེ། གོས་ཁྲུ་ལྔ་པ་བསླངས་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། ཁྲུ་ལྔ་པའི་གོས་གང་ཡིན་པ་བསླངས་པ་ན ་ཁྲུ་དྲུག་པ་ཐོབ་ན། ལྟུང་བ་མེད་དོ།། དེ་བཞིན་དུ་ཁྲུ་བཅུ་པ་དང་། ཁྲུ་བཅུ་གཅིག་པ་དང་། དེ་བཞིན་དུ་ཁྲུ་ཉི་ཤུ་པ་དང་། ཁྲུ་ཉི་ཤུ་རྩ་གཅིག་པ་ཐོབ་པ་དང་། དེ་བཞིན་དུ་ཁྲུ་བཅུའི་བར་དུ་བསླངས་ལ། རས་མ་ཐོབ་པ་དང་། རས་མ་བསླངས་ལ། སྣམ་སྦྱར་གྱི་བར་དུ་ཐོབ་པ་ལ་ནི ་ལུང་བ་མེད་དོ། ། སྤང་བའི་ལྟུང་བྱེད་པཞི་པ་རྫོགས་སྷོ།། །། གླེང་བཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན་ཡོད་དུ་དགེ་སློང་མཆོམ་རྐུན་པས་བཅོམ་པ་དག་ལྷགས་སོ།། དེ་ནས་བཅུ་གཉིས་སྡེ་དགའ་མོ་དང་། ཉེ་དགའ་མོ་དང་། སྦོམ་དགའ་མོ་རྣམས་ཀྱིས་དེ་དག ་གི་ཆེད་དུ་བྲམ་ཟེ་དང་། ཁྱིམ་བདག་དག་གི་ཁྱིམ་རྣམས་སུ་དོང་ནས་གོས་རབ་ཏུ་མང་པོ་དག་བསྒྲུབས་ཏེ། བསྒྲུབས་ནས་འབུལ་དུ་འཇུག་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱི་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མ་གོས་ཕྲོགས་སམ། གོས་རླག་གམ། གོས་ཚིག་གམ། གོས་ཆུས་ཁྱེར་བར་གྱུར་ན་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་བསླང ་བར་བྱའོ་གལ་ཏེ་དེ་ལ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་གྱིས་གོས་རབ་ཏུ་མང་པོ་སྟོབས་ལ། འདོད་ན་དགེ་སློང་མ་དེས་གོས་དེ་ལས་བླ་གོས་དང་། མཐང་གོས་དང་བཅས་པའི་མཐར་ཐུག་པ་བླང་བར་བྱའོ།། དེ་ལས་ལྷག་པར་ལེན་ན་སྤང་བའི་ལྟུང་བྱེད་དོ།། གོས་ཕྲོགས་སམ ་ཞེས་བྱ་བ་ན་ཆོམ་རྐུན་ནམ། གཡོ་ཅན་གྱིས་དེའི་གོས་དག་ཕྲོགས་པར་གྱུར་པའོ།། སློང་ན་ཞེས་བྱ་བ་ནི་རང་ངམ་གཞན་གྱི་བར་གྱིས་སོ།། གལ་ཏེ་དེ་ལ་ཞེས་བྱ་བ་ནི་དགེ་སློང་མ་དེ་ལའོ།། དད་པ་ཅན་ཞེས་བྱ་བ་ནི་སངས་རྒྱས་ལ་མངོན་པར་དད་པ་དང་། ཆོས་དང་དགེ་འདུན་ལ་དད་པ་དང་། ་བདེན་པ་མཐོང་བ་དང་། འབྲས་བུ་ཐོབ་པ་གང་དག་ཡིན་པའོ།། བྲམ་ཟེ་ཞེས་བྱ་བ་ནི་བྲམ་ཟེ་གཙང་སྦྲ་ཅན་ལ་སོགས་པའོ།། ཁྱིམ་བདག་ཅེས་བྱ་བ་ནི་དེ་ལས་རིགས་གཞན་པའོ།། ལྷག་པར་ཞེས་བྱ་བ་ནི་ཡང་དང་ཡང་དུའོ།། རབ་ཏུ་མང་པོ་ཞེས་བྱ་བ་ནི་གོས་བདུན་པོ་གང་ཡང་རུང་བ་ལས། ་ཇི་ཙམ་གྱིས་ཆོག་པའོ།། སྟོབས་ལ་ཞེས་བྱ་བ་ནི་འགྲོན་དུ་གཉེན་ནའོ།། འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ།། དགེ་སློང་མ་དེས་ཞེས་བྱ་བ་ནི་དོན་ང་གཉེར་བ་གང་ཡིན་པ་དེས་སོ།། ཐ་གོས་དང་མཐང་གོས་དང་བཅས་པའི་མཐར་ཐུག་པ་ཞེས་བྱ་བ་ལ་གོས་དང་མཐར་གོས་དང ་བཅས་པ་ནི་གཉིས་ཏེ། ཁྱིམ་པའི་བླ་གོས་དང་། མཐང་གོས་དང་བཅས་པ་དང་། དགེ་སློང་མའི་བླ་གོས་དང་། མཐང་གོས་དང་བཅས་པའོ།། ཁྱིམ་པའི་སྟོད་གཡོགས་དང་། རྨད་གཡོགས་དང་བཅས་པ་གང་ཞེ་ན། རས་ཡུག་ཆེན་ཁྲུ་བཅུ་གཉིས་པ་དང་། རས་ཡུག་ཕྲན་ཁྲུ་བདུན་པ་དང་། ་དོ་བ་སྟེ། འདི་ནི་ཁྱིམ་པའི་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་པ་ཞེས་བྱའོ།། དགེ་སློང་མའི་བླ་གོས་དང་། མཐང་གོས་དང་བཅས་པ་གང་ཞེ་ན། སར་པ་ལ་སྣམ་སྦྱར་ཉི་རིམ་དང་། རས་ཡུག་ཕྲན་ཁྲུ་ལྔ་པ་དང་ངོ་བའོ།། གོས་དེ་ལས་བླང་བར་བྱའོ་ཞེས་བྱ་བ་ནི་དེ་ལས་བླ་གོས ་རང་མཐང་གོས་དང་བཅས་པའོ། ། དེ་ལས་ལྷག་ན་སྤང་བའི་ལྟུང་བྱེད་དོ།། ཞེས་བྱ་བ་ནི་གོང་མ་ཇི་ལྟ་བ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཁྱིམ་པའི་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་པ་ཐོབ་ལ། ཁྱིམ་པའི་སྟོད་གཡོགས་དང་། སྨད་གཡོགས ་དངམ་མ་བཟླས་ནས། ད་ས་ན་ཅན་ཇུ་གས་པ་དེས་ནི་རྣམ་བྱང་ཀྱི་མ་པར་བྱག། མ་ཇུག་ཟན་བདུན་དང་། དབལ་ནམ་ཐན་ཀྱར།། གམ་ས་པང་ནམང་ཐང་བར་ས་བྱལ། ལྷག་པར་བྱུང་ན་པར་བྱེད་པར་མབྱེ།། དེ། མས་པ ་སློང་མའི་ཐགོས་དང་། མཐང་གོས་དང་བཅས་པར་ཐོབ་ལ། དགེ་སློང་མའི་བགོས་དང་། མཐང་གོས་དང་བཅས་པ་བླངས་ན་དེས་སྔམ་སྦྱར་དེ་ལས་ནི་སྣུམ་སྦྱར་ཉིད་དུ་བྱའོ།། རས་ཡུག་ཕྲན་བུལྔ་བ་དང་། དོ་བལ་ནི་མང་གོས་བྱའོ།། ་གལ་ཏེ་མི་ལྡང་ན་ཡང་བསླང་བར་བྱའོ།། ལྷག་པར་གྱུར་ན་ཡང་སྦྱིན་པར་བྱའོ།། དགེ་སློང་མས་ཁྱིམ་པ་ལས་ཆུང་བ་སློང་ན་སློང་བ་དེ་ལ་ཉེས་བྱས་སོ།། ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཆུང་བ་སློང་ན་ཉེས་བྱའོ།། ལྷག་སྟེ་མ ་xxx། xxx ་བྱབ་ནས། ནམ་ཐོས་ཀྱི་ཕུལ་ནོར་གྱིས་འགྲན་བཞིག་ཡོད་པ་དེས་རིགས་མཉམ་པ་ལས་ཆུངས་ཐངས་སོ།། དེ་ཡང་རི་ཙམ་དུས་གཞན་ཞིག་ན་བུད་མེད་གཞན་ཞིག་དང་། ལྷན་ཅིག་འཇིག་རྟེན་པའི་འཕྱན་པོ་དག་ལ་ཞུགས་པ་དང་། དེ་ཆུང་མ་དེས་བཟློག་གོ།། དེ་བཟློག་པ་ན་མ་རྐུ ་ནནམ་དེའི་རུང་མ་དེ་ལ་སྙིད་ན་ནས་མི་གཞན་ཞིག་དང་ལྷན་ཅིག། དགའ་མགུར་སྤྱད་པ་ལ་ཞུགས་པས་ཁྱིམ་དེ་སྒོ་གཉིས་ཀྱིས་རྒུང་པར་གྱུར་ནས་དེ་གཉིས་ཀྱིས་བྲན་མོ་ཡང་ཀུན་དུ་བདེགས་སོ།། དེ་ནས་ཐོས་དགའ་མོ་རྫ་དྲོ་མོས་གོས་དང་། ལུང་བ་ད་ཐངས་ཏེ་མཉན་ཡིན་དུ་ཡང ་སྙོམས་ལ་ཞུགས་ནས། དེ་མཉན་ཡོད་དུ་བསོད་སྙོམས་སྤྱོད་ཅིང་ཁྱིམ་བདག་དེའི་ཁྱིམ་གང་ཞེན་པར་སོང་སྟེ། སོན་ནས་ཁྱིམ་བདག་དང་། ཁྱིམ་བདག་གི་ཆུང་མ་ལ་འདོད་ཆགས་ལ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བར་འགྱུར་བའི་ཆོས་བཤད་པ་དང་། ་དེ་གཉིས་ཀྱིས་ཕན་ཚུན་དུ་བལྟས་ནས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་འདི་ནི་བདག་གིས་མ་ནོངས་ཏེ་ནོངས་པ་འདི་ནི་རྗེའི་སྲས་འདིའི་ལགས་སོ།། ཚོང་དཔོན་གྱིས་འདི་སྐད་ཅེས་འདི་བདག་གི་ཡང་མ་ལགས་མོད་ཀྱི་ནོངས་པ་འདི་ནི་བཟང་མོའི་ལགས ་སོ་ཞེས་སྨྲས་པ་དང་། དེ་ནས་སྦོམ་དགའ་མོས་ཁྱིམ་བདག་དེ་ཡང་གཞན་གྱི་བུད་མེད་དང་། ཁྱིམ་བདག་གི་ཆུང་མ་དེ་ཡང་གཞན་གྱི་སྐྱེས་པ་དང་བསླབ་པའི་གཞི་འཛིན་དུ་བཅུག་གོ།། དེ་གཉིས་ཀྱིས་དམ་པ་མ་ཡིན་པའི་ཆོས་དེ་ལས་ལོག་པས་ཁྱིམ ་དེ་རྒྱས་པར་གྱུར་ནས་བྲན་མོ་དེ་ཡང་ཁྱིམ་དེའི་དཔོན་མོར་བཅུག་གོ། དེ་ནས་ཁྱིམ་བདག་ད་དང་། ཁྱིམ་བདག་གི་ཆུང་མ་ངེས་བསམས་པ། བདག་ཅག་གི་ལེགས་པ་དེ་དང་སྐལ་ཅུང་ཟད་ཅི་བདོག་པ་ཐམས་ཅད་ནི་འཕགས་མ ་སྦོམ་དགའ་མོ་ལས་བྱུང་བར་ཤེས་སོ། ། བྲན་མོ་དེས་ཀྱང་བསམས་པ། ད་ལྟར་བདག་བདེ་བ་དང་ཡིད་བདེ་བ་ཅུང་ཟད་ཅི་བདོག་པ་དེ་གང་ཡིན་པ་ཐམས་ཅད་ནི་འཕགས་མ་སྦོམ་དགའ་མོ་ལས་བྱུང་བར་ཤེས་ཀྱིས། ཀྱེ་མའོ་བདག་གིས་འཕགས ་མ་སྦོམ་དགའ་མོ་ལ་དབུལ་བར་བྱའོ་སྙམ་ནས་དེའི་ཕྱི་རོལ་དུ་བྱུང་བ་དང་། སྦོམ་དགའ་མོ་མཐོང་ངོ་།། མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ།། འཕགས་མཁྱོད་ལ་གཏམ་སྙན་སྨན་པར་བགྱི་སྟེ། འཕགས་མས་རྗེའི་སྲས་ལས་རས་ཡུག་ཆེན་གཅིག ་ཐོབ་པར་འགྱུར་རོ། ། དེ་ནས་སྦོམ་དགའ་མོ་ཁྱིམ་དེར་སོང་ནས། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་ཁོ་མོ་ལ་སྦྱིན་པར་འདོད་པའི་རས་ཡུག་ཆེན་གང་ཡིན་པ་དེ་བལྟས་འོ་ན་གཅིག། དེ་ནས་ཁྱིམ་བདག ་དེས་རས་ཡུག་ཆེན་དེ་བླངས་ནས་སྦོམ་དགའ་མོ་ལ་བྱིན་པ་ལས་སྦོམ་དགའ་མོས་རས་ཡུག་ཆེན་སྦོམ་པོ་དེ་མཐོང་ནས་བཞིན་སྐུར་བར་བྱེད། ལག་པ་འདྲིལ་བར་བྱེད་པ་དང་། དེ་གཉིས་ཀྱིས་འདི་སྐད་ཅེས་སྦས་སོ།། འཕགས་མ་འདི་ཅི་ནོངས། དེས་འདས ་ཅེས་སྨྲས་སོ། ། བཞིན་བཟངས་འདི་བཟང་པོ་ཡིན་སྙམ་འམ། ཁྱིམ་བདག་གལ་ཏེ་འདི་ཁོ་མོས་བགོས་ཏེ་ཁྱིམ་དག་ཏུ་སོན་ན་ཁོ་མོ་ལ་དེ་དག་སུ་ལས་ཐོབ་པའི་གོས་ཡིན་ཞེས་འདྲི་ན་ཁོ་མོ་ནི་ངོ་ཚན་དེ་སྐད་འདི་གང་བ། དེ་གཉིས་ཀྱིས་འདི་སྐད་ཅེས ་སྨྲས་སོ། ། ཕགས་མ་བདག་ཅག་པ་འདི་མཆིས་ཀྱི་གཞན་ན་མ་མཆིས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་ཁ་མོས་ཁྱོད་ལ་བསྟན་པར་བྱའོ།། ཇི་ལྟར་བགྱི་ལགས། དེས་འདི་ས་དཔེས་སྨྲས་སོ།། ཁྱིམ་པ་དགངས་ཡུག་ཆེན་འདི་ཉིད་བཙོངས་པའི ་སྟེང་དུ་ཅུང་ཟད་ཅིག་བསྣན་དང་། ལྷག་པར་བཟང་པོར་འགྱུར་རོ།། ཆུང་མས་ཀྱང་སྨྲས་པ། རྗེའི་སྲས་དེ་བཞིན་དུ་མཛོད་ཅིག། དེ་ཚོད་འདུས་སུ་སོང་སྟེ་ཚོད་པ་ལ་ཞག་དུས་བཏབ་ནས་རས་ཡུག་ཆེན་སེར་བ་ཞིག་སྦྱིན་པོར་བླངས་ཏེ་བསྐོན་ནོ།། དེ་ནས ་ཚོང་པ་དེས་དུས་ཚད་ནས་ཚོང་དཔོན་དེ་བཟུང་པ་གཞན་དག་གིས་མཐོང་བ་ནས་སྨོད་པར་བྱེད་པའི་སྐབས་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ་དགེ་སློང་མའི་ཆེད་དུ་ཁྱིམ་བདག་འམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱིར་ནི་དག་སྤགས་པར་གྱུར་ལ། དེར་ཡང་དགེ་སློང་མེ་དེ་ལ་སྔར་མ་བཏབས་བཞིན་དུ་རྣམ་པར་རྟོག་པ་འགའ་ཁོ་ན་སྐྱེས་ཏེ་སོང་ནས་ཁྱེད་ཀྱིས་ཁ་མོའི་ཆེད་དུ་གོས་ཀྱི་རིནི་དག་སྤགས ་པར་གྱུར་པ་གང་ཡིན་པའི་གོས་ཀྱི་རིན་སྤགས་པ་དེ་དག་གིས་ཚེ་དང་ལྡན་པ་དག་གོས་འདི་ལྟ་བུ་དང་འདི་ལྟ་བུ་དག་ཉོས་ལ་བདག་ལ་གོས་རུང་བ་དུས་སུ་ལེགས་པར་སྐོན་ཅིག་ཅེས་སྨན་བཟང་པོ་འདོད་པའི་ཕྱིར་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། ། དགེ་སློང་མ་ཞེས ་བྱ་བ་ནི་སྦོམ་དགའ་མོའོ། ། ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། གོས་ཀྱི་རིན་དག་ཅེས་བྱ་བ་ནི་དངུལ་དང་གསེར་རོ།། སྤགས་ཏེ་ཞེས་བྱ་བ་ནི་བདག་གི་གོས་ཀྱི་རིན་དངུལ་དང་གསེར་འདི་དག་གིས་ཤེས་མངོན་པར་འདུས་བྱས་པའོ།། འདི་ལྟ་བུ་དང་། ་འདི་ལྟ་བུ་དག་ཅེས་བྱ་བ་ནི་གོས་བདུན་པོ་གང་ཡང་རུང་བ་ལས་གོས་འདི་འདྲ་བ་དག་ཉོས་ཤིག་ཅེས་བྱ་བའོ།། དགེ་སློང་མ་འདི་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། འོངས་ནས་ཞེས་བྱ་བ་ནི་འོངས་ནའོ།། སྐོན་ཅིག་ཅེས་བྱ་བ་ནི་བྲལ་ཅིག་ཅེས་བྱ་བའོ།། གོས་ཞེས ་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། ། རུང་བ་དུས་སུ་ཞེས་བྱ་བ་ནི་ལོངས་སྤྱོད་པར་འོས་པའོ།། དེར་དགེ་སློང་མ་དེ་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་འགྲོན་དུ་མ་གཉེར་བར་རོ།། རྣམ་པར་རྟོག་པ་འགའ་ཁོ་ན་སྐྱེས་ནས ་ཞེས་བྱ་བ་ནི་རྟོག་པ་འགའ་ཁོ་ན་སྐྱེས་པའོ། ། ཁྱེད་ཀྱིས་ཁོ་མོའི་ཆེད་དུ་ཞེས་བྱ་བ་ནི་བདག་ཉིད་ཉེ་བར་སྟོན་པའོ།། གོས་གྲུབ་ན་ཞེས་བྱ་བ་ནི་ཐོབ་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ན་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། རིན་ཐར ་དང་ཁ་དོག་དང་། ཁྲུ་ཚད་ལས་ཏེ། ཇི་ལྟར་རིན་ཐང་ལས་ཤེ་ན། དགེ་སློང་མ་ཁྱིམ་བདགའམ། ཁྱིམ་བདག་གི་ཆུང་མཉེ་དྲ་མ་ཡིན་པའི་དྲུང་དུ་སོང་ནས་གོས་ཀར་ཤ་བ་ནི་ལྔ་རིབ་བྱིན་ལ། གོས་ཀར་ཤ་པ་ནི་ལྔ་རེ་བ་བླངས་ན་ལྟུང་བ་མེད་དོ།། གལ་ཏེ ་ལྷག་པར་ཐོད་། སློང་བན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་པའི་ལུང་བྱེད་དོ།། དེ་བཞིན་དུ་ཀར་ཤ་བ་ནི་ཉི་ཤུ་བའི་བར་དུ་བརྗོད་པར་བྱ་སྟེ། དེ་ག་བྲ་ནི་ནེ་ཟད་ལས་སོ།། ཇི་ལྟར་བདག་ལས་ཤེས་ན། དགེ་སློང་མ་ཀྱིས་བདགའལ ་ཁྱིམ་བདག་གི་ཅིང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་སྔོན་པོ་གང་ཡིན་པ་བྱིན་ལ། གོས་སྔོན་པོ་བླངས་ན་ལྟུང་བ་མེད་དོ།། གལ་ཏེ་སེར་པོ་ཐངས་ན་སྤོང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། སྔོན་པོ་ལ་ཇི་ལྟ་བཞིན་དུ ་སེར་པོ་དང་། ། དམར་པོ་དང་། སྟུག་པོ་དང་། སྲབ་མའི་བར་དུ་སྔ་མ་བཞིན་ཏེ། དེ་ལྟ་བུ་ནི་ཁ་དོག་ལས་སོ།། ཇི་ལྟར་ཁྲུ་ཚད་ལས་ཞེ་ན། དགེ་སློང་མ་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་རས་ཡུག་ཆེན་ཁྲུ་ལྔ་པ་བྱིན་ལ། རས ་ཡུག་ཆེན་ཁྲུ་ལྔ་པ་བླངས་ན་ལྟུང་བ་མེད་དོ། ། གལ་ཏེ་ལྷག་པ་བསླངས་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། ཁྭ་ཉི་ཤུའི་བར་ལ་ཡང་དེ་བཞིན་ནོ།། སྤང་བའི་སྲུང་བྱེད་དྲུག་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། བྱུང་བ ་འདི་ཉིད་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མའི་ཆེད་དུ་ཁྱིམ་བདགའམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་སོ་སོ་ནས་གོས་ཀྱི་རིན་དག་བསྡོགས་པར་གྱུར་ལ། བདག་ཅག་སོ་སོ་ནས་གོས་ཀྱི་རིན་བསྡོགས་པ་འདི་དག་གིས་གོས་འདི་ལྟ་བུ ་སོ་སོ་བ་དག་ཉོས་ལ་དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་དང་། དེ་ལ་སོ་སོ་ནས་གོས་བསྐོན་པར་བྱའོ་སྙམ་པ་ལས་དེར་གལ་ཏེ་དགེ་སློང་མ་དེ་སྔར་མ་བསྟབས་བཞིན་དུ་རྣམ་པར་རྟོག་པ་འགའ་ཁོ་ན་སྐྱེས་ཏེ། སོང་ནས་ཁྱེད་ཀྱིས་ཁོ་མོའི་ཆེད་དུ་སོ་སོ་ནས་གོས ་ཀྱི་རི་ནི་བསྡོགས་པར་གྱུར་བ་གང་ཡིན་པའི་གོས་ཀྱི་རིན་སོ་སོ་བ་དེ་དག་གིས་ཚེ་དང་ལྡན་པ་དག་སོ་སོ་ནས་གོས་འདི་ལྟ་བུ་དང་། འདི་ལྟ་བུ་དག་ཉོས་ལ་གཉི་ག་འདུས་ཏེ་གོས་རུང་བ་དུས་གཅིག་ཏུ་ལེགས་པར་བསྐོན་ཅིག་ཅེས་སྨྲ་ན། བཟང་པོ་འདོད་པའི་ཕྱིར་གོས ་གྲུབ་ན་སྤང་བའི་ལྟུང་བྱེད་དོ། ། ལྟུང་བའི་རིམ་པ་ནི་གོང་མ་ཇི་ལྟ་བ་བཞིན་དུ་བསླབ་པའི་གཞི་འདི་ལ་ཡང་རྗེས་སུ་འཐུན་པར་བརྗོད་པར་བྱའོ།། དེ་ལྟ་མོད་ཀྱི་ཁྱད་པར་ནི་འདི་ཡོད་དེ། སོ་སོ་ཞེས་བྱ་བ་ནི་རེ་རེའོ་ཞེས་བྱ་བ་ནས་བཟང་པོ་འདོད་པའི་ཕྱིར་ཞེས་བྱ ་བའི་བར་འདི་ནི་ཐ་དད་དུ་བྱ་བ་ཡིན་ནོ། ། སྤང་བའི་ལྟུང་བྱེད་བདུན་པ་རྫོ་གས་སྷོ།། །། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། བཅོམ་ལྡན་འདས་ཀྱིས་ཁ་ཅིག་དགེ་སློང་ཐུན་མོང་དང་། ཁ་ཅིག་དགེ་སློང་ཐུན་མོང་དང་། ཁ་ཅིག་གཉི་ག་ཐུན་མོང་བའི་བསླབ་པའི ་གཞི་བཅའ་བ་མཛད་པ་ཡིན་པས། འདིར་ནི་བཅོམ་ལྡན་འདས་ཀྱིས་གཉི་ག་ཐུན་མོང་བ་མཛད་དེ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་པ་ཉིད་གའི་ལས་བརྟེན་ཏེ་ཀར་ཤ་བ་ནི་ལེན་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་དགེ་སློང ་མ་གང་དག་བསློང་བ་འདོད་པ་དག་ནི་རྗེས་སུ་བྱེད་དོ། ། དེ་ནས་དགེ་སློང་མ་ཉེ་དགའ་མོ་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལས་ཀར་ཤ་བ་ན་སློང་བ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་ས ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མའི་ཆེད་དུ་རྒྱལ་པོའམ། བློན་པོ་ཆེན་པོ་འམ། ་བྲམ་ཟེའམ། ཁྱིམ་བདག་འམ། གྲོང་རྡལ་གྱི་མིའམ། ཡུལ་གྱི་མིའམ། ཀོར་ཅན་ནམ། ཚོང་དཔོན་ནས། དེད་དཔོན་གྱིས་པོ་ཉའི་ལག་ཏུ་གོས་ཀྱི་རིན་དག་བསྐུར་བར་གྱུར་ལ། དེ་ནས་པོ་ཉེ་དགོས་ཀྱི་རི་ནི་དེ་དག་ཁྱེར་ནས་དགེ་སློང་མ་དེའི་དྲུང་དུ་སོང་སྟེ། ་སོན་ནས་དགེ་སློང་མ་དེ་ལ་འདི་སྐད་ཅེས་འཕགས་མ་མཁྱེན་པར་མཛོད་ཅིག། ཁྱོད་ལ་གོས་ཀྱིར་ནི་འདི་དག་རྒྱལ་པོ་འམ། བློན་པོ་ཆེན་པོ་འམ། བྲམ་ཟེའམ། ཁྱིམ་བདག་འམ། གྲོང་རྡལ་གྱི་མི་འམ། ཡུལ་མི་འམ། ནོར་ཅན་ན་མཆོང་དཔོན་ནམ། ་དེད་དཔོན་ཆེ་གེ་མོ་ཞིག་གིས་བསྐུར་བ་ལགས་ཀྱིས་འཕགས་མས་ཐུགས་བརྩེ་བས་ཉེ་བར་བཟུང་སྟེ། གོས་ཀྱི་རི་ནི་འདི་དག་བཞེས་སུ་གསོལ་ཞེས་སྨྲ་ན། དགེ་སློང་མ་དེས་ཕོ་ཉ་དེ་ལ་ཚིག་འདི་སྐད་ཅེས་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་མ་རྣམས་ནི་གོས་ཀྱི་རིན ་ངག་ལེན་དུ་རུང་བ་མ་ཡིན་པས་ཁོ་མོ་ཅག་ནི་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ་ཞེས་བརྗོད་པར་བྱའོ། ། གལ་ཏེ་ཕོ་ཉ་དེ་དགེ་སློང་མ་དེ་ལ་འདི་སྐད་ཅེས་འཕགས་མ་རྣམས་ཀྱི་ཞལ་ཏ་བགྱིད་པ། འཕགས་མ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང ་ལགས་པ་མཆིས་སམ་ཞེས་ཟེར་ན། དགེ་སློང་མགོས་འདོད་པས་ཕོ་ཉ་འདི་དག་ནི་དགེ་སློང་མ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་ཡིན་ནོ།། ཞེས་ཀུན་དགའ་ར་བ་འམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ།། དེ་ནས་པོ་ཉེ་ངས་ནས ་ཏ་བྱེད་པ་དེ་ག་ན་བ་དེར་འགྲོ་བར་བྱ་སྟེ། སོན་ནས་ཞལ་ཏ་བྱེད་པ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག། དགེ་སློང་མ་འདི་ལྟ་བུ་ཞིག་གི་ཆེད་དུ་གོས་ཀྱི་རིན་འདི་དག་རྒྱལ་པོ་འམ། ཞེས་བྱ་བ་ནས། དེང་དཔོན་ཞེས་བྱ་བའི་བར ་གྱིས་བསྐུར་བ་ཡིན་གྱིས་ཞལ་ཏ་བྱེད་པ་ཁྱོད་ཀྱིས་གོས་ཀྱི་རི་ནི་འདི་དག་གིས་གོས་འདི་ལྟ་བུ་དང་། འདི་ལྟ་བུ་དག་ཉོས་ལ་དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་དང་འདི་ལ་གོས་རུང་བ་དུས་སུ་བསྐོན་ཅིག་ཅེས་བརྗོད་པར་བྱའོ།། དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ ་ལ་ཤིན་དུ་ལེགས་པར་ཡང་དག་པར་བསྒོ། ཡང་དག་པར་བསྟན་ནས་དགེ་སློང་མ་དེ་གད་ན་བ་དེར་འགྲོ་བར་བྱ་སྟེ། བྱིན་ནས་དགེ་སློང་མ་དེ་ལ་འདི་སྐད་ཅེས་འབགས་མ་རྣམས་ཀྱི་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན ་ལགས་ཀྱིས་དེའི་དྲུང་དུ་བཞུད་ཅིག་དང་། དེས་ཁྱེད་ལ་གེས་རུང་བ་དུས་སུ་བསྐོན་པར་འགྱུར་རོ་ཞེས་བརྗོད་པར་བྱའོ།། དགེ་སློང་མ་གོས་འདོད་པས་ཀྱང་ཞལ་ཏ་བྱེད་པ་ད་གན་བ་དེར་འགྲོ་བར་བྱ་སྟེ། སོན་ནས་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཁོ་མོ་གོས་འདོད་དོ།། ་དང་ལྡན་པ་ཞལ་ཏ་བྱེད་པ་ཁོ་མོ་གོས་འདོད་དོ་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ་དྲན་པར་བྱའོ།། ལན་གཉིས་ལན་གསུམ་དུ་སོང་སྟེ་བསྐུལ་ཅིང་དྲན་པར་བྱས་པ་ལས་གལ་ཏེ་གོས་གྲུབ་ན་དེ་ལྟ་ན་ལེགས། ཇི་སྟེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག ་གི་མཐར་ཐུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ། ། ལན་བཞི་ལན་ལྔ་ལན་དྲུག་གི་མཐར་ཐུག་གི་བར་དུ་ཕྱོགས་སུ་བསྡད་པ་བྱས་པ་ལས་གལ་ཏེ་གོས་གྲུབ་ན་དེ་ལྟ་ན་ལེགས། ཇི་སྟེ་མ་གྲུབ་ན་དེ་ལས་ལྷག་པར་གོས་བསླབ་པའི་ཕྱིར ་བཅལ་བ་བྱས་ཏེ་གོས་བསྒྲུབ་ན་སྤང་བའི་ལྟུང་བྱེད་དོ། ། གལ་ཏེ་མ་གྲུབ་ན་དགེ་སློང་མ་དེས་ཕྱོགས་གང་ནས་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་ཉིད་འགྲོ་བར་བྱའོ།། ཡང་ན་ཡིད་བཅུགས་པའི་ཕོ་ཉ་ལས་ཁྱེད་ཀྱིས་དགེ་སློང་མ་མིང་འདི་ཞེས་བྱ་བའི་ཆེད་དུ་གོས ་ཀྱི་རིན་གང་ཡིན་པ་དག་བསྐུར་བ་ལས་གོས་ཀྱི་རིན་དེ་དག་གིས་ནི་དགེ་སློང་མ་དེའི་དོན་ཅི་ཡང་མ་གྲུབ་ཀྱིས་ཤེས་པར་གྱིས་ཤིག། ཚེ་དང་ལྡན་པ་དག་རང་གི་ནོར་ཆུང་མ་གཟན་ཅིག་ཅེས་སྤྲིང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ།། དགེ་སློང་མའི་ཆེད་དུ་ཞེས་བྱ། ་བ་ནི་ཤཱཀྱའི་བུ་མོ་ཉེ་དགའ་མོའིའོ།། རྒྱལ་པོ་ནི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བ་སྟེ། བུད་མེད་དམ། སྐྱེས་པ་འམ། མ་ནི་ང་རྒྱལ་པོའི་དབང་བསྲུར་བས་དབང་བསྐུར་བ་གང་ཡིན་པ་དེ་ནི་རྒྱལ་པོ་ཡང་ཡིན། དེ་ནི་རྒྱལ་རིགས་ཀྱང་ཡིན། ད་ནི ་སྤྱི་བོ་ནས་དབང་བསྐུར་བ་ཡང་ཡིན་ནོ། ། བློན་པོ་ཆེན་པོ་འམ་ཞེས་བྱ་བ་ནི་རྒྱལ་པོའི་བྱ་བ་བྱེད་པ་སྟེ། གསང་ཚིག་འཐུན་པས་འཚེ་བའོ།། བྲམ་ཟེའམ་ཞེས་བྱ་བ་ནི་བྲམ་ཟེ་གཙང་སྦྲ་ཅན་ནོ།། ཁྱིམ་བདག་གམ་ཞེས་བྱ་བ་ནི་ཕྱུག་པོའོ།། གྲོང་རྡལ་གྱི་མི་ཞེས ་བྱ་བ་ནི་གྲོང་གླིངས་པའོ། ། ཡུལ་གྱི་མི་འམ་ཞེས་བྱ་བ་ནི་ཡུལ་ན་གནས་པའོ།། ནོར་ཅན་ནམ་ཞེས་བྱ་བ་ནི་ནོར་བྱེ་བས་ཕྱུག་པའོ།། ཚོང་དཔོན་ནམ་ཞེས་བྱ་བ་ནི་ཅོད་པན་བཅིངས་པའོ།། དེད་དཔོན་གྱིས་ཞེས་བྱ་བ་ནི་གང་གིས་ཡུལ་གཞན་དུ་དོན་འཐུན་དག ་དད་པའོ། ། ཕོ་ཉའི་ལག་ཏུ་ཞེས་བྱ་བ་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིང་གིའོ།། གོས་ཀྱི་རིན་དག་ཅེས་བྱ་བ་ནི་གསེར་དང་དངུལ་དག་གོ། བསྐུར་ཏེ་ཞེས་བྱ་བ་ནི་བརྫངས་ཏེའོ།། དེ་ནས་ཕོ་ཉ་དེ་ཞེས་བྱ་བ་ནི་སྐྱེས་པ་དང་། བུད་མང་དང་། མ་ནིང་ངོ་།། གོས ་ཀྱི་རིན་དེ་དག་བླངས་ཏེ་ཞེས་བྱ་བ་ནི་ཁྱེར་ནས་སོ། ། དགེ་སློང་མ་དེ་ཞེས་བྱ་བ་ནི་ཤཱཀྱའི་བུ་མོ་ཉེ་དགའ་མོའོ།། སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ།། འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནི་སྨྲས་པའོ།། འཕགས་མ་མཁྱེན་པར་མཛོད་ཅིག་ཞེས་བྱ་བ་ནི་གོས་ཀྱི ་རིན་འདི་དག་ནི་རྒྱལ་པོས་བསྐུར་བའོ་ཞེས་རིག་པར་བྱའོ། ། སྣོམས་ཤིག་ཅེས་བྱ་བ་ནི་ལོང་ཤིག་པའོ།། ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་ཞེས་བྱ་བ་ནི་ལེགས་པར་འདོད་པ་ཉེ་བར་བཟུང་སྟེའོ།། དགེ་སློང་མ་དེས་ཞེས་བྱ་བ་ནི་ཉེ་དགའ་མོས་སོ།། པོ་ཉི་ཞེས ་བྱ་བ་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིད་དོ།། ཚིག་འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་འདི་སྐད་ཅེས་ཡང་དག་པར་བསྒོ་བར་བྱ་བའོ།། ཚེ་དང་ལྡན་པ་པོ་ཉ་དགེ་སློང་མ་རྣམས་ནི་གོས་ཀྱི་རིན་དག་ལེན་དུ་རུང་བ་མ་ཡིན་ཏེ། ཞེས་བྱ་བ་ནི་དེ་དག་ལེན་པ ་བཅོམ་ལྡན་འདས་ཀྱིས་བཀག་གི། བཅོམ་ལྡན་འདས་ཀྱིས་ཁོ་མོ་ཅག་ལ་ནི་གོས་རུང་བ་རྗེས་སུ་གནང་བའོ།། གལ་ཏེ་ཕོ་ཉིད་དགེ་སློང་མ་དེ་ལ་འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་འདྲི་ནའོ།། འཕགས་མ་རྣམས་ཀྱི་ཞལ་ཏ་བགྱིད་པ་ཞེས་བྱ་བ་ནི་འཕ ་མ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་ཞེས་བྱ་བའོ། ། དགེ་སློང་མ་གོས་འདོད་པས་ཞལ་ཏ་བྱེད་པ་བསྟན་པར་བྱ་སྟེ་ཞེས་བྱ་བ་ལ། ཀུན་དགའ་ར་བ་བ་ཞེས་བྱ་བ་ནི་རུང་བ་བྱེད་པའོ།། དགེ་བསྙེན་ཞེས་ཟླ་བ་ནི་བསླབ་པའི་གཞི་ལྔ་པའོ།། དི་དག ་ནི་དགེ་སློང་མ་རྣམས་ཀྱི་ཞལ་ཏ་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་འདི་དག་གིས་དགེ་སློང་མ་དེ་རྣམས་ཀྱི་ཞལ་ཏ་བྱེད་པ་ཉམས་སུ་མྱོང་བའི་ཕྱིར་རོ། ། གལ་ཏེ་ཕོ་ཉ་དེ་ཞལ་ཏ་བྱེད་པ་གང་ན་བ་དེར་འགྲོ་བར་བྱ་སྟེ་ཕྱིན་ནས་ཞེས་བྱ་བ་ནི་དེ་ལ་དགོས་པར་རིག་པར་བྱ ་བའི་ཕྱིར་ཕྱིན་པའོ། ། ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག། གོས་ཀྱི་རིན་འདི་དག་ནི་ཞེས་བྱ་བ་ནི་གསེར་དང་དངུལ་དག་རྒྱལ་པོའི་བར་གྱིས་བསྐུར་བ་དག་གོ། དགེ་སློང་མ་མིང་འདི་ཞེས་བྱ་བའི་ཆེད་དུ་ཞེས་བྱ་བ་ནི་ཤཱཀྱའི་བུ་མོ་ཉེ་དགའ་མོའོ།། དེ་ནས་ཕོཉ ་དེ་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་། མ་ནིང་ངོ་།། ཞལ་ཏ་བྱེད་པ་ཀུན་དགའ་ར་བ་པ་འམ། དགེ་བསྙེན་ལ་ཤིན་དུ་ལེགས་པར་ཡང་དག་པར་བསྒོ་ནས་ཞེས་བྱ་བ་ནི་རྣམ་གྲངས་དུ་མས་སོ།། དགེ་སློང་མ་དེ་ཞེས་བྱ་བ་ནི་ཤཱཀྱའི་བུ་མོ་ཉེ་དགའ་མོའོ།། གད་ན ་བ་དེར་འགྲོ་བར་བྱ་སྟེ་ཕྱིན་ནས་ཞེས་བྱ་བ་ནི་སོན་ནས་སོ། ། འདི་སྐད་ཅེས་སྨྲ་བར་བྱ་སྟེ། འཕགས་མ་རྣམས་ཀྱི་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས་བཞུད་ཅིག་དང་། དེས་ཁྱོད་ལ་གོས་བསྐོན་པར ་འགྱུར་རོ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། ། རུང་བ་ཞེས་བྱ་བ་ནི་ལོངས་སྤྱོད་པར་འོས་པའོ།། དགེ་སློང་མ་གོས་འདོད་པ་ཞེས་བྱ་བ་ནི་གལ་ཏེ་གོས་དོན་དུ་གཉེར་བར་གྱུར་ནའོ།། སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ།། ལན་གཉིས་ཞེས་བྱ་བ་ནི་ལན ་གཉིས་ཀྱི་བར་དུའོ། ། ལན་གསུམ་དུའོ་ཞེས་བྱ་བ་ནི་ལན་གསུམ་གྱི་བར་དུའོ།། བསྐུལ་བར་བྱ་དྲན་པར་བྱའོ།། དོན་དེ་གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་པོའོ།། ཇི་སྟེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་མཐར་ཐུག་གི་བར་དུ ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ་ཞེས་བྱ་བ་ནི་ཕྱོགས་སུ་བསྡད་པ་བཞི་དང་། བསྐུལ་བའི་སྒོ་དྲག་པོ་དག་གིས་སོ།། ཕྱོགས་སུ་བསྡད་པ་བཞི་པོ་དག་གང་ཞེ་ན། ཀུན་གནས་དང་། འདུག་གནས་དང་། ཟོང་གནས་དང་། ལས་ཀྱི་མཐའ་གནས་སོ།། ་དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་གསུམ་པ། དེ་ལ་ཀུན་གནས་ཞེས་བྱ་བ་ནི་འདྲེག་མཁན་དང་། རྔ་མཁན་གྱི་གནས་སོ།། འདུག་གནས་ཞེས་བྱ་བ་ནི་ཁྱིམ་སྟེ་ལྷག་པར་གནས་པའོ།། ཟོད་གནས་ཞེས་བྱ་བ་ནི་ཚོང་ཁང་དང་། ཚོང་རྡམ ་ལོ། ལས་ཀྱི་མཐའི་གནས་ནི་གསུམ་སྟེ། ས་ལུའི་ལས་ཀྱི་མཐའ་དང་། ལན་ཛཱ་དང་བུར་མ་ཤིང་གི་ལས་ཀྱི་མཐའ་སྟེ། འདི་ནི་ཕྱོགས་སུ་བསྡད་པ་བཞི་ཞེས་བྱའོ།། བསྐུལ་བའི་སྒོ་དྲུག་པོ་དག་གང་ཞེ་ན། འོངས་སམ་ཞེ་ན། དེའི་ཕྱིར་རོ་ཞེས་བྱ་བ་དང ་འོངས་པ་ལེགས་སོ་ཞེ་ན། དེའི་ཕྱིར་རོ་ཞེས་བྱ་བ་དང་། སྟན་འདི་ལ་འདུག་ཤིག་ཅེ་ན། དེའི་ཕྱིར་རོ་ཞེས་བྱ་བ་དང་། བཅའ་བ་འདི་འཚོ་ཤིག་ཅེས་བྱ་བ་དང་། ཟས་འདི་ཟོ་ཤིག་ཅེས་བྱ་བ་དང་། གཏུང་བ་འདི་འཐུང་ཤིག་ཅེ་ན། དེའི་ཕྱིར་རོ་ཞེས་བྱ་བ་སྟེ། ་འདི་དག་ནི་བསྐུལ་བའི་སྒོ་དྲུག་གོ།། མ་ཐོགས་པར་བརྗོད་ཅིང་གང་དུ་སྐབས་མེད་པར་བསྐུལ་ན་བསྐུལ་བ་ཡོངས་སུ་མ་རྫོགས་པ་ཞེས་བརྗོད་པར་བྱའོ།། གལ་ཏེ་སྐབས་ཡོད་པ་ལ་བསྐུལ་ན་བསྐུལ་བ་ཡོངས་སུ་རྫོགས་པ་ཞེས་བརྗོད་པར་བྱའོ།། དེ་ལྟར ་གནས་དེ་རྣམས་སུ་ཅང་མི་སྨྲ་བར་བསྡད་པ་ན་གོས་དེ་གྲུབ་ནའོ་ཞེས་བྱ་བ་ནི་རྙེད་ནའོ། ། དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟད་པའོ།། ཇི་སྟེ་མ་གྲུབ་ན་ཞེས་བྱ་བ་ནི་མ་ཐོབ་ནའོ།། ལྷག་པར་བསྐུལ་པ་བྱས་ནས་ཞེས་བྱ་བ་ནི་དེའི་འོག་རོལ་དུ་ལྷག་པར་རོ།། ་གོས་གྲུབ་ན་ཞེས་བྱ་བ་ནི་ཐོབ་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ཞེས་བྱ་བ་སྔ་མ་བཞིན་ནོ།། དི་སྟེ་མ་གྲུབ་ན་ཞེས་བྱ་བ་ནི་མ་ཐོབ་ནའོ།། དགེ་སློང་མ་དེ་ཞེས་བྱ་བ་ནི་ཉེ་དགའ་མོའོ།། ཕྱོགས་གང་ན་གོས་ཀྱི་རིན་དེ་དག་འོ ་པར་གྱུར་པ་ཞེས་བྱ་བ་ནི་གང་ལས་འོངས་པར་འགྱུར་བའོ། ། དེར་བདག་ཉིད་འགྲོ་བར་བྱ་བའམ། ཞེས་བྱ་བ་ནི་རང་ཉིད་དོ།། ཡིད་གཅུགས་པའི་ཕོ་ཉ་གཏང་བར་བྱའོ་ཞེས་བྱ་བ་ནི་གང་ཞིག་སོང་ན་དོན་དེབྱེད་པར་འགྱུར་བའོ།། ཁྱོད་ཀྱིས་དགེ་སློང་མ་མིང ་འདི་ཞེས་བྱ་བའི་ཆེད་དུ་གོས་ཀྱི་རིན་བསྐུལ་བ་གང་ཡིན་པ་དེ་དག་གིས་ནི་དེའི་དོན་ཅི་ཡང་མ་གྲུབ་ཅེས་བྱ་བ་ནི་དགོས་པ་ཅུང་ཟད་ཀྱང་མ་བྱས་པའོ། ། ཤེས་པར་གྱིས་ཤིག་ཅེས་བྱ་བ་ནི་ཚེ་དང་ལྡན་པ་དག་རང་གི་ནོར་ཚུལ་མ་ཡིན་པར་ཚུད་མ་གཟན ་ཅིག་ཅེས་བྱ་བའོ། ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དེ་ནི་རྗེས་སུ་འཐུན་པའི་ཆོས་ཡིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གལ་ཏེ་ཞལ་ཏ་བྱེད་པ་དེ་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས། འཕགས་མ་གོས་དག་སྣོམས་ཤིག། ཅེས་ཟེར་ན ་དགེ་སློང་མ་དེས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས། འདི་དག་ཁོ་མོས་སྤངས་ཟིན་གྱིས་དེ་ཉིད་ལ་བྱིན་ཅིག་ཅེས་བརྗོད་པར་བྱའོ།། གལ་ཏེ་ཞལ་ཏ་བྱེད་པ་དེ་ཡང་འདི་སྐད་ཅེས་འཕགས་མ་གོས་འདི་དག་བཞེས་ཤིག་དང་། བདག་གིས་དེའི་སེམས་གཟུང ་ལགས་ཀྱིས་ཞེས་ཟེར་བ་གལ་ཏེ་དགེ་སློང་མས་རིམ་པ་འདི་མ་བྱས་པར་ལེན་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་དགེ་སློང་མས་བརྟགས་པ་མ་ཡིན་པ་དེས་གང་ཅུང་ཟད་དུ་ན་ལྷུང་བཟེད་དམ། ཆོས་གོས་སམ། གཞན་ཡང་དགེ་སྦྱོང་གི ་འཚེ་བའི་ཡོ་བྱད་ཅི་ཡང་རུང་བ་བདག་གིར་བྱེད་ན་དེ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། ། སྤང་བའི་ལྟུང་བྱེད་བརྒྱད་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མོན་དར་གྱི་གདིང་བ་བཀག་པ་དེའི་ཚེ་བཅུ་གཉིས ་སྡེ་དག་གིས་མོན་དར་གྱི་གདིང་བ་དག་ཀྱང་བྱེད། བྱེད་དུ་ཡང་འཇུག་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གད་མོན་དར་སར་པ་ལས་གདིང་བ་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་བའིའོ།། སང་བ་ཞེས ་བྱ་བ་ལ། སར་བ་ནི་གཉིས་ཏེ། གསར་བས་སར་པ་དང་། རྙེད་པས་སར་པ་སྟེ། སྐབས་འདིར་ནི་གས་པས་སང་བ་ཁོ་ན་ཡིན་པར་དགོངས་སོ།། མན་དར་ཞེས་བྱ་བ་ནི་སྲིན་པལ་ལ་བྱའོ།། གདིང་བ་ཞེས་བྱ་བ་ལ་གདིང་བ་ནི་གཉིས་ཏེ། ནད་ཚངས་ཅན ་དང་། བྲེངས་པ་སྟེ་སྐབས་འདིར་ནི་གཉི་ག་ཡིན་པར་དགོངས་སོ།། བྱེད་ན་ཞེས་བྱ་བ་ནི་བདག་ཉིད་དམ་གཞན་གྱིས་སོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་ལུང་བར་ཇི་ལྟར་འགྱུར་ཞེ་ན། ཆུན་པོ་དང་འདའ་བ་དང་། ཕུང་པོ་སྟེ། དགེ་སློང་མས། ་སྲིན་བལ་གྱི་ཆུན་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་། ཇི་སྲིད་དུ་གདིང་བ་མི་བྱེད་ན་ཉེས་བྱས་སོ།། བྱས་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་སྲིན་པལ་གྱི་འདའ་བ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་། ཇི་སྲིད་དུ་གདིང་བ ་མི་བྱེད་ན་ཉེས་བྱས་སོ། ། བྱས་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་སྲིན་བལ་གྱི་ཕུང་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་། ཇི་སྲིད་དུ་གདིང་བ་མི་བྱེད་ན་ཉེས་བྱས་སོ།། བྱས་ན་སྤད་པའི་ལྟུང་བྱེད་དོ།། དགེ་སློང་མས་སྲིན་བལ་གྱི་ཆུན་པོ་དང་། ་འདའ་བ་དང་། ཕུང་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་། ཇི་སྲིད་དུ་གདིང་བ་མི་བྱེད་ན་ཉེ་བྱས་སོ།། བྱས་ན་སྤད་བའི་ལྟུང་བྱེད་དོ།། དགེ་སློང་མས་སྲིན་བལ་གྱི་འདའ་བ་དང་། ཕུང་པོ་དང་། ཆུན་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ ་བར་བྱེད་ཅིང་ཇི་སྲིད་དུ་གདིང་བ་མི་བྱེད་ན་ཉེ་བྱས་སོ། ། བྱས་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་སྲིན་བལ་གྱི་ཕུང་པོ་དང་། འདའ་བ་དང་། ཆུན་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་། ཇི་སྲིད་དུ་གདིང་བ་མི་བྱེད་ན་ཉ་བྱས་སོ།། བྱས་ནས། ་སྤང་བའི་ལུང་བྱེད་དོ།། གལ་ཏེ་བྱས་པ་རྙེད་ན་ལོངས་སྤྱད་པ་ནི་ལྟུང་བ་མེད་དོ།། སྤང་བའི་ལྟུང་བྱེད་དགུའ་པ་རྫོགས་སྷོ།། །། གླིང་གཞི་ནི་རྒྱལ་པོའི་ཁབ་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གཙུག་ན་ནོར་བུའི་མདོ་ལས་འབྱུང་བའི་ངོ་བོ་ལ་བརྟེན་ནས། གསེར་དང ་དངུལ་ལེན་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་ཡང་བཅུ་གཉིས་སྡེ་རྣམས་ཀྱིས་དེའི་ཚེ་གསེར་དང་། དངུལ་རང་གི་ལག་གིས་ལེན་པར་བྱེད། ལེན་དུ་འཇུག་པར་བྱེད་པ་དང་། དགེ་སློང་མདོན་ཉུང་བ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རང་གི་ལག་གིས་གསེར་དང་། དངུལ་ལེན་པར་བྱེད་དམ་ལེན་དུ་འཇུག་ན་སྤང་བའི་ལྟུང་བྱེད་དེ། ཡང་དགེ ་སློང་མ་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། ། རང་གི་ལག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིའོ།། གསེར་དང་དངུལ་ཞེས་བྱ་བ་ནི་དབྱིག་དང་། གསེར་རོ།། ལེན་པར་བྱེད་དམ་ཞེས་བྱ་བའི་བདག་ཉིད་ཀྱིས་སོ།། ལེན་དུ་འཇུག་ན་ཞེས་བྱ་བ་ནི་གཞན་གྱིས་སོ།། ་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གཞི་བན་བརྒྱད་ཀྱིས་ཏེ། འདི་ལོང་ཤིག། འདི་ནས་ལོང་ཤིག། འདི་ཙམ་ལོང་ཤིག་ཅེས་བྱ་བ་དང་། འདི་ཁྱེར་ཏེ་ཤོག། འདི་ནས་ཁྱེར་ཏེ་ཤོག། འདི་ཙམ་ཁྱེར་ཏེ་ཤོག་ཅེས་བྱ ་བ་དང་འདི་ཞོག་ཤིག། འདིར་ཞོག་ཤིག། འདི་ཙམ་ཞོག་ཤིག་ཅེས་བྱ་བ་དང་། དེ་ལོང་ཤིག། དེ་ནས་ལོང་ཤིག། དེ་ཙམ་ལོང་ཤིག་ཅེས་བྱ་བ་དང་། དེ་ཁྱེད་ཤོག། དེ་ནས་ཁྱེར་ཏེ་ཤོག། དེ་ཙམ་ཁྱེར་ཤོག་ཅེས་བྱ་བ་དང་། དེ་ཞོག་ཤིག། དེར་ཞོག་ཤིག། དེ་ཙམ་ཞོག་ཤིག། ་ཅེས་བྱ་བ་སྟེ། འདི་ལོང་ཤིག་ཅེས་བྱ་བ་ནི་དབྱིག་གམ་གསེར་རོ།། འདི་ནས་ལོང་ཤིག་ཅེས་བྱ་བ་ནི་ལྕགས་ཟངས་ནས་སམ། རྔ་བོ་ནས་སམ། ཟངས་ནས་སམ། བྱི་གྲེད་ནས་སམ། ཟ་མ་ཏོག་ནས་སོ།། འདི་ཙམ་ལོང་ཤིག་ཅེས་བྱ་བ་ནི་བརྒྱ་འམ་སྟོང་སྟེང་གང་ན་རུང་བ ་བྱེད་པ་འམ། དགེ་སྦྱོང་ཡོད་པ་དེར་ལོང་ཤིག་ཅེས་བསྒོ་ན་ཉེས་བྱས་སོ།། བླངས་ན་སྤང་བའི་ལྟུང་བྱེད་དོ།། འདི་ལོང་ཤིག། འདི་ནས་ལོང་ཤིག། འདི་ཙམ་ལོང་ཤིག་ཅེས་བྱ་བ་ནས་འཐོབ་པར་མི་འགྱུར་བའི་ཕྱོགས་གང་དུ་རུང་བ་བྱེད་པའམ། དགེ་ཚུལ་མ་མེད་པ་དེར ་ལོང་ཤིག་ཅེས་བསྒོ་ན་ཉེས་བྱས་སོ། ། བླངས་ན་ཡང་ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། གང་ཡང་ཡུལ་ཙམ་པའི་ཁྱིམ་བདག་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླད་པར་བྱ་སྟེ་བཤེས་པ་གཞན་གྱིས་བཅད་པར་བྱའོ།། བཅད་པ་ནི་འདི་ལྟར། ་བྱ་སྟེ། འཕགས་མ་དགོངས་སུ་གསོལ། བདག་མེད་འདི་ཞེས་བགྱི་བ་ལ་ཀར་ཤ་བ་ནི་རུང་བ་མ་ལགས་པ་དག་བྱུང་སྟེ། བདག་མིང་འདི་ཞེས་བགྱི་བས་ཡོན་བདག་གམ། ཡོན་བདག་གི་མཆིས་ཐད་ཆེག་མོ་ཞེས་བགྱི་བའི་མིང་གིས་རུ་དབང་བགྱི་སྟེ། རྐྱེན་དེ་ལ ་རྔས་བཅད་པར་བགྱིའོ། ། ནམ་རུང་བར་མ་བགྱིས་པ་འདིས་རུང་བར་བགྱིས་པ་གྲུབ་པ་དེའི་ཚེ་བདག་གིས་རུང་བར་བགྱིས་སོ་ཞེས་བྱ་བ་ནས་བཅད་པར་བྱའོ།། སྤད་པའི་ལྟུང་བྱེད་བཅུ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་ག་ཆེ་བཅོམ་ལྡན་འདས། ་གྱིས་དྲུག་སྔ་རྣམས་ལ་བརྟེན་ནས་མངོན་མཚན་ཅན་གྱིས་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་ཡང་བཅུ་གཉིས་སྔ་རྣམས་ཀྱིས་དེའི་ཚེ་མངོན་མཚན་ཅན་གྱིས་སྤྱོད་པ་སྣ་ཚོགས་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྤོད། ་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མདད་དེ། ཡང་དགེ་སློང་མ་གང་མངོན་མཚན་ཅན་གྱིས་སྤྱོད་པ་སྣ་ཚོགས་བྱེད་ན་སྤང་པའི་ལྟུང་བྱེད་དོ། ་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། སྣ་ཚོགས་ཤེས་བྱ་བ་ནི་རྣམ་པ་དུ་མའོ།། མངོན་མཚན་ཅན་ཞེས་བྱ་བ་ནི་དབྱིག་གམ་གསེར་རོ།། སྤྱོད་ན་ཞེས་བྱ་བ་ནི་ལྷག་པར་སྤྱོད་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོད་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི ་ལྟར་འགྱུར་ཞེ་ན། རྣམ་པ་བཞི་སྟེ། ཀུན་དུ་སྦྱོར་བར་བྱེད། རབ་ཏུ་སྦྱོར་བར་བྱེད། བུན་འགྱེད་པར་བྱེད། སྐྱེད་འགྱེད་པར་བྱེད་པའོ།། དེ་ལ་ཀུན་ཏུ་སྦྱོར་བར་བྱེད་པ་ནི་ཡུལ་གྱི་རྙེད་པའི་ཕྱིར་ཟོད་ལ་ཀུན་དུ་སྦྱོར་བར་བྱེད་པ་དང་། ཤིང་རྟ་ལ་ཀུན་དུ་སྦྱོར་བར་བྱེད ་པ་དང་། མེ་རྣམས་སྡུད་པར་བྱེད་པ་དང་། དེ་ནས་ནས་འདི་ནི་ཁྱེད་ཀྱིའོ།། འདི་ནི་ཁོ་མོའིའོ་ཞེས་བྱ་བ་སྟེ། ཇི་སྲིད་དུ་རྙེད་པ་བདག་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ།། རྙེད་པ་བདག་གིར་མི་བྱེད་ན་སྡུད་པའི་ལྟུང་བྱེད་དོ།། དེ་ལྟ་བུ་ནི་ཀུན་དུ་སྦྱོར་བར་བྱེད་པ ་ཡིན་ནོ། ། དེ་ལྟར་རབ་ཏུ་སྦྱོར་བར་བྱེད་ཅན། གསེར་མི་རྙེད་པའི་ཟོད་གིས་བཅུ་ལས་བཅུ་གཅིག་ན་བསྐྱེད་པའི་ཕྱིར་ཟོད་ལ་རབ་ཏུ་སྦྱོང་བར་བྱེད་ཅིང་དབང་བམའི་ཆེད་དུ་དང་འཕོ་བ་དང་། སྣག་ཚའམ། དབང་པོ་ཚལ་དུ་འགྲོ་བའོ།། ཇི་ཙམ་དུ་རྙེད་པ་བདུ། ་གིར་མི་བྱེད་ན་ཉེས་བྱས་སོ།། བདག་གིར་བྱེད་ན་ཐད་པའི་ལུང་བྱེད་དོ།། དེ་ལྟ་ཐ་ནི་རབ་ཏུ་སྦྱོར་བར་བྱེད་པ་ཡིན་ནོ།། ཇི་ལྟར་ཐུན་འབྱེད་པར་བྱེད་ཅེན། ནས་དང་ཐོགས་ཐོག་གི་མྱིར་བྲན་དམ་པར་གཞལ་བའི་སྣོད་ཀྱིས་གྲོ་དང་ནས་སྐྱེད་དུ་གཏོད་པ་སྟེ། ་དེ་དེ་དག་གཞལ་བའི་རྒོད་དང་། ཐེབ་ཆུང་དག་ཐལ་དང་། འཇལ་བ་དང་། མིང་གདོན་དུ་གཉེར་བར་འགྲོ་བ་ཡིན་ཏེ། དེ་སྲིད་དུ་རྙེད་པ་བདག་གར་མི་བྱེད་ན་ཅེས་བྱས་ས།། བདག་གི་བྱེད་ན་སྤད་པའི་སྲུང་བྱེད་དེ།། དེ་ལ་ཟ་ནི་བྲན་འགྱེད་པར་བྱེད་པ་ཡིནན། ་སྤྱད་འགྱེད་པར་བྱེད་ཅེན། དེ་དག་པ་ཅིག་གི་སྤྱད་ཉིད་ཀྱིས་སྐྱེད་འགྱེད་པར་བྱེད། གསེར་གྱི་སྐྱེད་ཅིད་ཀྱིས་སྤྱད་འརྒྱད་པར་བྱེད་པ་ཡིན། དེར་དེ་དག་གྲོ་བ་དང་། སྔག་ཙ་དང་། དབང་པོ་དན་དྲག་བར་བྱེད་པ་ཡིན་ཏེ། ཇི་སྲིད་དུ་ད་པ་བདག ་གེར་མི་བྱེད་ན་ཉེས་བྱས་སོ། ། བདག་གིར་བྱེད་ན་སྲུང་བའི་ལྟུང་བྱེད་དོ།། དེ་ལྟ་བུ་ནི་སྐྱེད་འགྱེད་པར་བྱེད་པ་ཡིན་ནོ།། དེ་ལྟར་བསླབ་པའི་གཞི་བཅས་པ་དང་། མཆོད་རྟེན་གྱི་དང་། དགེ་འདྲེན་གྱི་མི་ཟད་པར་བྱ་བ་དེ་དག་རབ་ཏུ་སྦྱོར་བར་མི་བྱེད་ནས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། རབ་ཏུ་སྦྱར་བར་བྱའོ།། དེ་དག་གིས་སུ་ཡང་རུང་བ་དག་ལ་བཏང་བ་དང་། བཏང་བ་དེ་དགའ་ཁྱམས་པར་གྱུར་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཀྲེན་པ་ལ་ཡང་ནོར་མི་གཏོང་།། མཐའ་འཁོབ་གནས་ལའང་མ་ཡིན་ཞིང་། གཏུ ་ལོ་སྡིག་པའི་ལས་ཅན་དང་། མཐུ་ཅན་ལ་ཡང་ནམ་ཡང་མིན།། སྤང་བའི་སྲུང་བྱེད་བཅུ་གཅིག་པ་རྫོགས་སོ།། །། མེ་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་དྲུག་སྡེ་རྣམས་ཉོ་ཚང་རྣམ་པ་སྣ་ཚོགས་དག་བྱེད་དེ། ལེན་པར་བྱེད་གཏོང་བར་བྱེད། ཉོ་བར་བྱེད་འཚོང་པར། ་བྱེད་དོ།། ཇི་ལྟར་ལེན་པར་བྱེད་ཅེ་ན། གང་གི་ཚེ་མཉན་ཡོད་ན་དཀོན་པར་གྱུར་ལ་ལྗོངས་རྣམས་སུ་མོད་པར་གྱུར་པ་དེའི་ཚེ་ལྗོངས་རྣམས་ནས་བླངས་ནས་མཉན་ཡོད་དུ་ལེན་པར་བྱེད་དེ། དེ་ལྟ་བུ་ནི་ལེན་པར་བྱེད་པའོ།། ཇི་ལྟར་གཏོད་པར་བྱེད་ཅེ་ན། གང་གི་ཚེ་མཉན་ཡོད། ་ང་ལེ་ལེགས་པར་གྱུར་ལ་ལྗོངས་རྣམས་སུ་ལེ་ཉེས་པར་གྱུར་པ་དེའི་ཚེ་མཉན་ཡོད་ནས་ཐངས་ནས་ལྗོངས་རྣམས་སུ་གཏོང་བར་བྱེད་དེ། དེ་ལྟ་བུ་ནི་གཏོང་བར་བྱེད་པའོ།། ཇི་ལྟར་ཉོ་བར་བྱེད་ཅེ་ན། གང་གི་ཚེ་མོད་པར་གྱུར་པ་དེའི་ཚེ་ཉེ་བར་བྱེད་པ་སྟེ། དེ་ལྟ་བུ་ནི་ཉོ་བར ་བྱེད་པའོ། ། ཇི་ལྟར་འཚེང་བར་བྱེད་ཅེ་ན། གང་གི་ཚེ་དཀོན་པར་གྱུར་པ་དེའི་ཚེ་འཚོད་པར་བྱེད་པ་སྟེ། དེ་ལྟ་བུ་ནི་འཚོང་བར་བྱེད་པའོ།། ཉོ་ཚོང་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྦས་པ་དང་། ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ཅ་མཛད་དེ། ཡང་དགེ་སློང་མ་ག་པོ་འཚོང་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་། ་ཞེས་བྱ་བ་ནི་གོང་མ་བཞིན་དོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། རྙེད་པ་འདོད་པས་ཉོ་བར་བྱེད་ཅིང་། རྙེད་པ་འདོད་པས་འཚོང་པར་བྱེད་ན་ཉོ་བར་བྱེད་པ་ན་དེ་ལ་ཉེས་བྱས་སོ།། འཚོར་བར་བྱེད་པ་ན་སྤང་བའི་ལྟུང་བྱེད་དོ།། རྙེད་པ་འདོད་པས་ཉེ་བར་བྱེད་ལ། ་རྙེད་པ་མི་འདོད་པས་འཚེད་པར་བྱེད་ན་ཉེ་བར་བྱེད་པ་ན་དེ་ལ་ཉེས་བྱས་སོ།། འཚེད་པར་བྱེད་པ་ན་ལྟུང་བ་མེད་དོ།། རྙེད་པ་མི་འདོད་པས་ཉོ་བར་བྱེད་ལ་རྙེད་པའི་དོད་པས་འཚོང་བར་བྱེད་ན་ཉོ་བ་ན་དེ་ལ་ལྟུང་བ་མེད་དོ།། འཚེང་བར་བྱེད་པ་ན་སྤང་བའི་ལྟུང་བྱེད་དོ།། རྙེད ་པ་མི་འདོད་པས་ཉོ་བར་བྱེད་ཅིང་། རྙེད་པ་མི་འདོད་པས་འཚོད་པར་བྱེད་ན་གཉིས་ཀ་ལ་ལྟུང་བ་མེད་དོ།། ཡུལ་གཞན་གྱི་སྦྱོར་བས་སྔ་མའི་རྒྱུད་སྤྱད་པར་བྱའོ།། དེ་ནས་དགེ་འདུན་གྱི་དག་ཡོད་ལ་སྦྱིན་པ་པོ་དག་ཀྱང་འོངས་ཏེ་ཟན་སྦྱང་བ་འདོད་ནས་དེ་དག་གིས་ཟོང་གིས། ་བཙལ་བ་དང་། བཟའ་བ་དང་བཏུ་རབ་མ་རྙེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་ཉོས་པ་བཞིན་སྦྱིན་ནོ།། རེས་འགའ་མོད་པ་ན་ཉོས་ལ་དཀོན་པར་གྱུར། རེས་འགའ་དཀོན་པ་ན་ཉོས་ལ་མོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཚད་འདས་ཀྱི་རིན་ཐང་གིས་སྦྱིན་པར་བྱའོ།། སྤང་བའི་ལྟུང་བྱེད་དང་བའི་ཚོགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། སྡོམ་ལ། ལྷུང་བཟེད་སྐུད་པ་དེ་ཕྱིར་དང་།། ཕྱིར་འཕྲོག་དེ་བཞིན་བརྟད་པ་དང་།། རྙེད་དང་སྨན་དང་ཞག་གཅིག་དང་།། རྗེས་དང་རུས་དང་དུས ་མེད་པའོ། ། གླིང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལ་བརྟེན་ཏེ་ལྷུང་བཟེད་འབྲེལ་བ་མེད་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ལྷུང་བཟེད་འབྲེལ་བ་མེད་པ་ཡང་འཚང་བར་བྱེད། ་འབྲེལ་བ་མེད་པ་ལྷན་པ་མེད་པ་ཡང་འཆད་པར་བྱེད་དོ།། དེ་ནས་རང་བཞིན་དུ་གནས་པའི་དགེ་སློང་མ་དག་གིས་བཅུ་གཉིས་སྡེ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། བུ་ནུ་བོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞམ་བཅས་སམ། དེ་ནས་བཅུ་གཉིས་སྡེ་དེ་དག ་གིས་དགེ་སློང་མ་དེ་རྣམས་ལ་འདི་སྐད་ཅེས། བསླབ་པའི་གཞི་དེ་ནི་དགེ་སློང་རྣམས་ཀྱི་ཡིན་གྱི། དགེ་སློང་མ་རྣམས་ཀྱི་ནི་དེ་མ་ཡིན་ནོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ལྷུང་བཟེད་ལྷན་པ་ལྔ་མེད་པ་སྤྱད་བཟོད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་སར་པ་གཞན་སློང་ཞིང་། ལྷུང་བཟེད་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། ་དགེ་སློང་མ་དེས་ལྷུང་བཟེད་དེ་དགེ་སློང་མའི་འཁོར་ལ་དབུལ་བར་བྱའོ།། དགེ་སློང་མའི་འཁོད་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་མ་དེ་ལ། དགེ་སློང་མ་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབས་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུས་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ། དེ་ལ་དེ་ནི་ཚིག་ཡིན་ནོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། ལྷན་པ་ལྔ་མེད་པའི་ལྷུང་བཟེད་ཅེས་བྱ་བ་ནི་ལྡན་པ་སྔར་མ་ཚད་པ་གང་ཡིན་པའོ།། ་ཡོད་བཞིན་དུ་ཞེས་བྱ་བ་ནི་སྤྱད་བཟོད་པའོ།། སར་པ་གཞན་སྨོད་ན་ཞེས་བྱ་བ་ནི་གཉིས་བཤོས་སོ།། བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི་མཆོག་འདོད་པའི་ཕྱིར་རམ། ཡང་ན་གཞན་འདོད་པའི་ཕྱིར་རོ།། གྲུབ་ནའོ་ཞེས་བྱ་བ་ནི་ཐོབ་ནའོ།། སྤང་བའི་ལྟུང་བྱེད་དོ།། ་བྱ་བ་ནི་ས་མ་བཞིན་ནོ།། དགེ་སློང་མ་དེས་ལྷུང་བཟེད་དེ་དགེ་སློང་མའི་དགེ་འདུན་ལ་དབུལ་བར་བྱའོ་ཞེས་བྱ་བ་ནི་སྦྱིན་པར་བྱའོ།། དགེ་སློང་མའི་འཁོར་གང་ཡིན་པ་དེའི་ཞེས་བྱ་བ་ནི་དགེ་སློང་མའི་ལྷུང་བཟེད་ཐ་མར་གྱུར་བའོ།། དེ་ནས་དགེ་སློང་མའི་དགེ་འདུན་ངེས ་ལྷུང་བཟེད་བྲལ་བ་མེད་པ་འདྲིམ་པའི་དགེ་སློང་མ་བསྐོ་བར་བྱའོ། ། ལྷུན་བཟེད་འབྲེལ་བ་མེད་པ་འབྲེལ་པའི་དགེ་སློང་མ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་མི་བྱ་ལ། བསྐོས་པ་ཡང་དབྱུང་བར་བྱའོ།། ལྔ་གང་ཞེ་ན། འདུན་པས་འགྲོ་བ ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། ལྷུང་བཟེད་བྲིམས་པ་དང་མ་བྲིམས་པ་མི་ཤེས་པའོ།། དེ་བཞིན་དུ་དཀར་པོའི་ཕྱོགས་ལ་ཡང་སྦྱར་བར་བྱའོ།། དེའི་འོག་ཏུ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ལྷུང་བཟེད ་འབྲེལ་པ་མེད་པ་འདྲིམ་པའི་དགེ་སློང་མ་བསྐོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་ཞེས་བྱ་བ་ནས་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་མིང།། ་འདི་ཞེས་བགྱི་བ་འདི་འཕགས་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་བ་མེད་པ་འདྲིམ་པར་སྤྲོ་ལགས་ན་གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་མས་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལྷུང་བཟེད། ་འབྲེལ་བ་མེད་པ་འདྲིམ་པར་བསྐོ་བར་བགྱི་སྟེ། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ།། མིང་འདི་ཞེས་བགྱི་བ་འདི་འཕགས་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་སྤྲོ་ལགས ་ནས། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་བ་མེད་པ་འདྲིམ་པར་བསྐོས་ཏེ། མིང་འདི་ཞེས་བགྱི་བ་འཕགས་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་བགྱིད་ན། ཕུ་ནུ་མོ་དག་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ ་བ་མེད་པ་འདྲིམ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅད་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་པ་མེད་པ་འགྲིམ་པར་བསྐོས ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེའི་འོག་ཏུ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པའི་དགེ་སློང་མས་ཚོགས་པའི་དུས་སུ་དགེ་འདུན་ལས་སྔ་དྲོ་འབྲེལ་བ་མེད་པའི་ལྷུང་བཟེད་འདྲིམ་གྱིས། རང་རང་གི་ལྷུང་བཟེད་སྣོམས་ལ་སྤྱོན་ཅིག ་ཅེས་བྱ་རྗོད་པར་བྱའོ། ། དེ་ནས་ནམ་ནངས་པ་དང་འདྲིམ་པར་བྱེད་པའི་དགེ་སློང་མས་གནས་མལ་བཤམ་པ་བྱས་ཏེ། དགེ་སློང་མའི་དགེ་འདུན་ཚོགས་ཤིང་འཐུན་པར་གྱུར་པ་དང་། ལྷུང་བཟེད་འབྲེལ་བ་མེད་པ་ཐོགས་ཏེ། དགེ་སློང་མའི་གནས་བརྟན་གྱི་མ་དྲན ་འདུག་ནས་ལྷུང་བཟེད་འབྲེལ་བ་མེད་པའི་བསྔགས་པ་ཇི་ལྟ་བ་བཞིན་བརྗོད་པར་བྱ་ཞིང་། འདི་སྐད་ཅེས་གནས་བརྟན་མ་ལྷུང་བཟེད་པཞེས་ཤིག་ཅེས་ཀྱང་བརྗོད་པར་བྱའོ།། གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་ལྷུང་བཟེད་འབྲེལ་པ་མེད་པ་བླངས་ན། དགེ ་འདུན་གྱི་གནས་བརྟན་གྱི་ལྷུང་བཟེད་གནས་བརྟན་གཉིས་པ་ཤོས་ལ་སྦྱིན་པར་བྱའོ། ། གནས་བརྟན་གཉིས་པ་ཤོས་ཀྱི་ལྷུང་བཟེད་གསུམ་པ་ཤོས་ལ་སྦྱིན་པར་བྱ་སྟེ། དེ་བཞིན་དུ་དགེ་འདུན་གསར་བུའི་བར་དུ་ཡང་ངོ་།། གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས ་ལྷུང་བཟེད་འབྲེལ་བ་མེད་པ་མ་བླངས་ལ། གནས་བརྟན་གསུམ་པའི་ཐད་དུ་ཕྱིན་པ་ལས། གལ་ཏེ་སླར་ཡང་དགེ་འདུན་གྱི་གནས་བརྟན་སློང་ན་སྦྱིན་པར་མི་བྱའོ།། ལན་གཉིས་སློང་ན་ཡང་སྦྱིན་པར་མི་བྱའོ།། གལ་ཏེ་ལནགསུམ་དུ ་སློང་ན་སྦྱིན་པར་བྱ་སྟེ། འདུལ་བ་དང་འགལ་བའི་ཉེས་བྱས་བཤགས་པར་བྱའོ།། དེ་བཞིན་དུ་དགེ་འདུན་གསར་བུའི་བར་དུ་སྟེ། གལ་ཏེ་སུས་ཀྱང་ལྷུང་བཟེད་འབྲེལ་བ་མེད་པ་མབླངས་སམ། གཞན་གྱི་ལྷག་པར་གྱུར་ན་དེ་ཉིད་ལ་སྦྱིན་པར་བྱའོ།། དེས་དེའི ་འོག་ཏུ་ཀུན་དུ་སྤྱད་པར་བརྗོད་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་འབྲེལ་བ་མེད་པ་འཆང་བའི་དགེ་སློང་མའི་ཀུན་དུ་སྤྱད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་མ་ལྷུང་བཟེད ་འབྲེལ་བ་མེད་པོ་འཆང་བ་གལ་ཏེ་བསོད་སྙོམས་ལ་འགྲོ་ན་ལག་པ་གཡས་པར་ལྷུང་བཟེད་འབྲེལ་པ་མེད་པར་འཀུར་ཞིང་ལག་པ་གཡོན་པར་བྱིན་གྱིས་བརླབས་པའོ། ། གལ་ཏེ་འབྲས་ཆན་གཤེར་པ་རྙེད་ན་བྱིན་གྱིས་བརླབས་པར་བླང་བར་བྱའོ།། གལ་ཏེ་འབྲས་ཅན ་སྐམ་པོ་རྙེད་ན་ལྷུང་བཟེད་འབྲེལ་བ་མེད་པར་བླང་བར་བྱའོ། ། གལ་ཏེ་ལྷུང་བཟེད་ཀྱི་སྣོད་དུ་འཇུག་པར་བྱེད་ན་ཞབས་སུ་ནི་བྱིན་གྱིས་བརླབས་པའོ།། སྟེང་དུ་ནི་ལྷུང་བཟེད་འབྲེལ་བ་མེད་པའོ།། གལ་ཏེ་བྱི་དོར་བྱེད་ན་དང་པོར་ལྷུང་བཟེད་འབྲེལ་བ་མེད་པའོ།། ཕྱི་ནས་བྱིན ་གྱིས་བརླབས་པའོ། ། གལ་ཏེ་ལྷུང་བཟེ་དག་དུ་བུའི་སྟོང་དུ་འཇོག་ན་བྱིན་གྱིས་བརླབས་པའི་སྟེང་དུ་ལྷུང་བཟེད་འབྲེལ་བ་མེད་པར་གཞག་པར་བྱའོ།། གལ་ཏེ་ལྷུང་བཟེད་ཀྱི་ལས་བྱེད་ན་རྔ་བོ་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་བ་མེད་པ་བསྲེག་པར་བྱའོ།། ་གལ་ཏེ་ལམ་དུ་འགྲོན་ལྷན་ཅིག་གནས་པ་དང་། གནས་རྣམས་ལ་བྱིན་གྱིས་བརླབས་པ་བསྐུར་བར་བྱ་ཞིང་། ལྷུང་བཟེད་འབྲེལ་བ་མེད་པ་ནི་རང་གིས་སོ།། གལ་ཏེ་ཁྱེར་བ་འགའ་ཡང་མེད་ན་མཆན་ཁུང་གཡས་ཀྱིས་ནི་ལྷུང་བཟེད་འབྲེལ་བ་མེད་པའོ།། ་གཡོན་གྱིས་ནི་བྱིན་གྱིས་བརླབས་པའོ།། ལྷུང་བཟེད་འབྲེལ་བ་མེད་པ་འཆང་བའི་དགེ་སློང་མས་ཀུན་ཏུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། དགེ་འདུན་གྱི་ལྷུང་བཟེད་ཐ་མ ་དེ་བྱིན་གྱིས་མི་བརླབ་སྟེ། བྱིན་གྱིས་བརླབ་པར་མི་བྱ་སུལ་ཡང་སྦྱིན་པར་མི་བྱ་བར་ལད་ཀྱིས་དལ་བུས་དལ་བུས་ཇི་སྲིད་འཚེའི་བར་ཆགས་པའི་མཐར་ཐུག་པའི་བར་དུ་བཅད་པར་བྱའོ།། དེ་ལ་སྤང་བར་ཇི་ལྟར་འགྱུར་ཞེ་ན་དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང་ལྷན ་པ་གཅིག་གིས་ཀླན་པར་འོས་ཤིང་མགྲན་པ་སྤྱད་བཟོད་བཞིན་དུ་གཞན་ཚོལ་བར་བྱེད་ན་ཉེས་བྱས་སོ། ། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང་ལྷན་པ་གཉིས་ཀྱིས་ཀླན་པར་འོས་ཤིང་། མགྲན་ལ་སྤྱད་བཟོད་པཞིན་དུ་གཞན་ཡང་ཚོལ ་བར་བྱེད་ན་ཉེས་བྱས་སོ། ། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མ་ལྷུང་བཟེད་ཆག་པར་གྱུར་ཀྱང་ལྷན་པ་གསུམ་གྱིས་ཀླན་པར་འོས་ཤིང་མཐན་ལ་སྤྱད་བཟོད་བཞིན་དུ་གཞན་ཡང་ཚོལ་བར་བྱེད་ན་ཉེས་བྱས་སོ།། ཐོབ་ན་སྤང་བའི་སྦྱོར་བྱེད་དོ།། དགེ་སློང་མའི་ལྷུང་བཟེད ་ཆག་པར་གྱུར་ཀྱང་ལྷན་པ་བཞིས་ཀླན་པར་འོས་ཤིང་། མཀླན་ལ་སྤྱད་བཟོད་བཞིན་དུ་གལ་ཏེ་གཞན་ཡང་ཚོལ་བར་བྱེད་ན་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང་ལྷན་པ་ལྔས་ཀླན་པར་འོས་ཤིང་མ་ཀླན་ལ་སྤྱད ་བཟོད་བཞིན་དུ་གལ་ཏེ་གཞན་ཡང་ཚོལ་བར་བྱེད་ན་ཉེས་བྱས་སོ། ། ཐོབ་ན་སྤད་པའི་ལྟུང་བྱེད་དོ།། དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང་ལྡན་པ་གཅིག་གིས་ཀླན་པར་འོས་པས་ཀུན་ཏེ་སྤྱད་བཟོད་བཞིན་དུ་གཞན་ཚོལ་བར་བྱེད་ན་ཉེས་བྱས་སོ།། ཐོབ་ནི་སྤང ་བའི་ལྟུང་བྱེད་དོ། ། དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང་ལྷན་པ་གཉིས་ཀྱིས་ཀླན་པར་འོས་པས་ཀླན་ཏེ་སྤྱད་བཟོད་བཞིན་དུ་ཞེས་བྱ་བ་ནས་ཉེས་བྱས་དང་། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་དུའོ།། དེ་བཞིན་དུ་ལྷན་པ་གསུམ་འོས་པ་དང་། དེ་བཞིན ་དུ་ལྷན་པ་བཞི་འོས་པ་ལ་ཡང་བརྗོད་པར་བྱའོ། ། དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང་ལྷན་པ་ལྔས་ཀླན་པར་འོས་པས་ཀླན་ཀྱང་རུང་མ་ཀླན་ཀྱང་རུང་། ལྷུང་བཟེད་གཞན་ཚོལ་བ་ལ་སྐུར་བ་མེད་དོ།། ལས་དང་པོ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། སྤང་བའི་ལྟུང་བྱེད ་བཅུ་གསུམ་པ་རྫོགས་སྷོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ཉེ་དགའ་ལས་བརྟེན་ཏེ་ཉེ་དུ་མ་ཡིན་པ་ལས་སྐུད་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་དགེ་སློང་མ་སྦོམ་དགའ་མོས་ཉེ་དུ་མ་ཡིན་པ་དང་། ཉེ་དུ་ལས་ཀྱང་སྐུད་པ་བསླངས་ཤིང་ཐག ་པ་ཉེ་དུ་དང་ཉེ་དུ་མ་ཡིན་པ་ལ་ཡང་གོས་འཐག་ཏུ་འཇུག་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས ་གྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ། ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། ། ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་མ་མེས་དང་། ཕ་མེས་ཕྲུག་བདུན་གྱི་བར་རོ།། སྐུད་པ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའིའོ།། ཐ་ག་པ་ཉེ་དུ་མ་ཡིན་ཞེས་བྱ་བ་ནི་ཐགས་འཐག་པའོ།། གོས་ཞེས་བྱ་བ་ནི་བདུན་པོ་གང ་ཡང་རུང་བའོ། ། འཐག་ཏུ་འཇུག་ན་ཞེས་བྱ་བ་ནི་འཐག་ཏུ་བཅུག་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཉེ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ། ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ། ། ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་ནས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཉེ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ། བདག་ཉིད་དམ་ཐ་ག་པ་ཉེ་དུ་མ་ཡིན་པ་ལ། འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས ་བྱས་སོ། ། བདག་ཉིད་འཐག་ན་ཡང་ཉེས་བྱས་སོ།། ཉེ་དུ་མ་ཡིན་པ་འཐག་ཏུ་བཅུག་སྟེ་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཉེ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ། ཐ་ག་པ་ཉེ་དུ་ལ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། ཐག་པ་ཉེ་དུ་འཐག་ཏུ་བཅུན ་ནལྟུང་བ་མེད་དོ། ། དགེ་སློང་མས་ཉེ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ་བདག་ཉིད་དམ། ཉེ་དུ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། བདག་ཉིད་འཐག་ན་ཉེས་བྱས་སོ།། ཉེ་དུ་ཡིན་ན་ལྟུང་བ་མེད་དོ།། དགེ་སློང་མས་ཉེ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ། ་བདག་ཉིད་འཐག་གམ་ཉེ་དུ་མ་ཡིན་པ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། བདག་ཉིད་འཐག་ན་ཉེས་བྱས་སོ།། ཉེ་དུ་འཐག་ཏུ་འཇུག་ན་ལྟུང་བ་མེད་དོ།། ཉེ་དུ་མ་ཡིན་པ་འཐག་ཏུ་བཅུག་སྟེ་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཉེ་དུ་ལས་སྐུད་པ ་བསླངས་ཏེ་བདག་ཉིད་འཐག་ན་སློང་བ་ན་དེ་ལ་ལྟུང་བ་མེད་དོ། ། བདག་ཉིད་འཐག་ན་ཉེས་བྱས་སོ།། དགེ་སློང་མས་ཉེ་དུ་ལས་སྐུད་པ་བསླངས་ཏེ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་འཇུག་ན་དགེ་སློང་བ་ན་དེ་ལ་ལྟུང་བ་མེད་དོ།། གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཏེ ་རུ་ལས་སྐུད་པ་བསླངས་ཏེ་བདག་ཉིད་དམ། ཉེ་དུ་འཐག་ཏུ་འཇུག་ན་དེ་སློད་བ་ན་དེ་ལ་ལྟུང་བ་མེད་དོ།། བདག་ཉིད་འཐག་ན་ཉེས་བྱས་སོ།། ཉེ་རུ་འཐག་ཏུ་བཅུག་ན་ལྟུང་བ་མེད་དོ།། དགེ་སློང་མས་ཉེ་དུ་ལས་སྐུད་པ་བསླངས་ཏེ་བདག་ཉིད་འཐག་གམ། ཉེ་དུ་མ་ཡིན་པ ་འཐག་ཏུ་འཇུག་ན་སྤོང་བ་ན་དེ་ལ་ལུང་བ་མེད་དོ། ། བདག་ཉིད་འཐག་ན་ཉེས་བྱས་སོ།། ཉེ་དུ་མ་ཡིན་པ་འཐག་ཏུ་ཅུག་ཏེ། གྲུབ་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞིག་ཉེ་དུ་ལས་སྐུད་པ་བསླངས་ཏེ་ཐག་པཉེ་དུལ་འཐག་ཏུ་འདུག་ན་རྨོང་བ་ན་ཡང་། ་བ་མེད་དོ།། ཉེ་དུ་འཐག་ཏུ་བཅུག་པ་ལ་ཡང་ལྟུང་བ་མེད་དོ།། དགེ་སློང་མས་ཉེ་དུ་ལ་སུད་པ་བསླངས་ཏེ་བདག་ཉིད་འཐག་གམ། ཉེ་དུ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ལྟུང་བ་མེད་དོ།། བདག་ཉིད་འཐག་ན་ཉེས་བྱས་སོ།། ཉེ་དུ་འཐག་ཏུ་བཅུག་ན་ལྟུང་བ་མེད་དོ།། ་ཉེ་དུ་མ་ཡིན་པ་འཐག་ཏུ་བཅུག་སྟེ་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། ལས་དང་པོ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། སྤང་བའི་ལྟུང་བྱེད་བཅུ་བཞི་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན་ཡོད་དུ་སྦོམ་དགའ་མོས་ཁྱིམ་བདག་འཁོར་དང་བཅས ་པ་མངོན་པར་དད་པར་བྱས་པས། ཁྱིམ་བདག་དེས་དགེ་སློང་མ་སྦོས་དགང་མོའི་ཕྱིང་ཆུད་པ་དག་ཟག་པ་ལ་བྱིན་པ་མྱོས་དག་འ་མོས།། བྲམ་མོ་དེ་ལས་ཐོས་ཏེ་བས་ནས་ཐག་པ་གན་པ་དེར་སོང་སྟེ་བྱིན་པ་དང་། འདི། ཅེས་སྨྲས་སོ།། ཟག་པ་བཅངས་ཏལ། ་པའི་རས་ཡུག་ཆེན་འདི་བུའི་ཕྱིར་ཡིན་ཞེས་སམ། དེས་འདི་སྐད་ཅེས་སྨྲས་སོ།། མ་འཚལ་ཏོ།། དེས་འདི་སྐད་ཅེས་ཁྲི་མོ་བྱིར་མིན་ནོ།། ཞེས་སྨྲས་ནས་དྲི་ཙམ་གྱི་བར་དུ་དེ་ལ་དེ་བཟའ་བའམ། བཟའ་བཙམ་འམ། བཟའ་བའི་ནི་གྲུབ་པར་བྱེད་པ་ན་དོན་ནང་བའི ་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་སོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅང་བའ་བར་དུ་མཛད་དེ། ན ་སློང་མའི་ཕྱིར་ཁྱིམ་བདག་གས། ཁྱིམ་བདག་གི་ཆུང་མས་ཐག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་ལ། དེ་ཡང་དགེ་སློང་མ་དེ་ལ་སྔར་མ་བསྟབས་བཞིན་དུ་རྣམ་པར་རྟོག་པ་འགའ་ཞིག་བྱུང་ནས། ཚེ་དང་ལྡན་པ་ཐག་པ་ཤེས་པར་གྱིས་ཤིག། གོས ་འདི་ལ་མོའི་ཕྱིར་ཡིན་གྱིས། ཚེ་དང་ལྡན་པ་གོས་འདི་ཞིང་ཆབ་དང་། ཡུན་རིང་བ་དང་། ཐར་གྱིས་ཞག་པ་དང་། ཐག་རན་བཟང་བར་ལེགས་པར་གྱིས་ཤིག། དེ་ལྟར་བྱས་ན་ཁོམས་ཚེ་དང་ལྡན་པ་ལ་འདི་ལྟ་སྟེ། བཟའ་བའམ། བཟའ་བཙལ་འམ། བཟའ་བའི་རྣ ་ཅུང་ཟད་ཙམ་གྱིས་ཀྱང་བསྒྲུབ་པར་བྱའོ། ། ཞེས་བྱས་ནས། དེ་ལ་དགེ་སློང་མ་དེ་འདི་ས་སྟེ། བཟའ་བའམ། བཟའ་བཙམ་འམ། བཟའ་བའི་རྒྱུ་རླུང་ཟད་ཙམ་བྱིན་ནས་གོས་བསྒྲུབས་ཏེ། གོས་གྲུབ་ན་སྤང་བའི་ལུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ ་དགའ་མའོ། ཉེ་དུ་མ་ཡིན་པ་ལས་ཞེས་བྱ་བ་ནི་མ་མེས་དང་། ཕ་མེས་ཕྱུགས་བདུན་གྱི་བར་དྲུག་གོ། ཁྱིམ་བདག་ཅེས་བྱ་བ་ནི་སྐྱེས་པའོ།། ཁྱིམ་བདག་གི་ཆུངམ་ཞེས་བྱ་བ་ནི་བུད་མེད་དོ།། ཐག་པ་ཉེ་དུ་མ་ཡིན་པ་ཞེས་བྱ་ནི་ཐགས་འཐག་པའོ།། གོས་འཐག་ཏུ ་བཅུག་པ་ལ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། ། དེ་ནས་དགེ་སློང་མ་དེ་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རྣམ་པར་རྟོག་པ་འགའ་ཞིག་བྱུང་ན་ཞེས་བྱ་བ་ནི་དོགས་པ་འགའ་ཞིག་སྐྱེས་ནས་སོ།། ཐ་ག་པའི་དྲུང་དུ་སོང་ནས་ཞེས་བྱ་བ་ནི་ཕྱིན་ནས་སོ།། འདི་སྐད ་ཅེས་སྨྲས་སོ་ཞེས་བྱ་བ་ནི་སྨྲས་པའོ། ། ཆོས་འདི་ཞེས་བྷ་བ་ནི་གོས་ཉེ་བར་སྟོན་པའོ།། ཁོ་མའི་ཕྱིར་འཇུག་ཏུ་བཅུག་གིས་ཞེས་བྱ་བ་ནི་བདག་ཉིད་ཉེ་བར་སྟོན་པར་བྱེད་པའོ།། ཚེ་དང་ལྡན་པ་ཟག་པས་ལེགས་པར་ཞེས་བྱ་བ་ནི་ཚེ་དང་ལྡན་པ་ཐགཔས་བཟང་པོར་རོ།། ་སྣོད་ཀྱིས་གོས་འདི་ཞེས་བྱ་བ་ནི་འཐག་ཏུ་བཅུག་པ་གང་ཡིན་པ་དེའོ།། ཞེད་ཆེ་བ་ཞེས་བྱ་བ་ནི་འདི་ལྟར་བྱ་ཆེ་བ་ཉིད་དོ།། ཡུན་རིང་བ་ཞེས་བྱ་བ་ནི་འདི་ལྟར་མཆུ་རིང་བ་ཉིད་དོ།། ཐར་གྱིས་ཞག་པ་ཞེས་བྱ་བ་ནི་འཇུར་མདུད་མེད་པའོ།། ཐག་རན་བཟང་བར་ཞེས་བྱབ ་ནི་ཐགས་བབངས་པ་དང་། ཁ་ཚར་ཐུང་བར་རོ།། གལ་ཏེ་དེ་ལྟར་ན་ཁོ་མོས་ཁྱོད་ལ་བཟའ་བའམ། བཟའ་བཙམ་འམ། བཟའ་བའི་ཆུ་ཆུང་ཟད་ཙམ་བསྒྲུབ་པར་བྱའོ།། ཞེས་བྱ་བ་ནི་བཟའ་བ་ལྔ་དང་། བཅའ་བ་ལྔ་པོ་དག་གོ།། དེ་ལ་གལ་ཏེ་དགེ་སློང་མ་ཞེས་བྱ ་བ་ནི་སྡོམ་དགའ་མོའོ། ། ཆུང་ཟད་སྦུབ་ན་ཞེས་བྱ་བ་ནི་འདི་ལྟ་སྟེ། བཟའ་བ་འམ། བཟའ་བ་ཙམ་འམ། བཟའ་བའི་རྩཝ་རྡུང་ཟད་བྱིན་པའོ།། གོས་བསྲུབས་ཏེ་ཞེས་བྱ་བ་ནི་གོས་ཐོབ་པར་བྱ་བའི་ཕྱིར་རོ།། གོས་གྲུབ་ན་ཞེས་བྱ་བ་ནི་ཐོབ་ནོའོ།། སྤང་བའི་ལུང་བྱེད་དོ་ཞེས ་ཟླ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་དེ་ལྟར་འགྱུར་ཞེ་ན། དགེ་སློང་མས་གོས་བསྒྲུབ་པའི་ཕྱིར་ཁྱིམ་བདག་གི་ཁྱིམ་རྣམས་སུ་བསོད་སྙོམས་ལ་འཇུག་ཅིང་བཅའ་བ་ལྔ་དང་། བཟའ་བ་ལྔ་པོ་དག་ཟག་པ་ལ་སྦྱིན་པར་བྱེད་པ་ནས། ཇི་ཙམ་མ་གྲུབ་པ་དེ ་སྲེད་དུ་ཉེས་བྱས་སོ། ། ཐུབ་ན་སྤང་བའི་ལྟུང་བྱེད་དོ།། སྡར་པའི་ལྟུང་བྱེད་བཅོ་ལྔ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ལ་ཆོས་གོས་དང་སྲུང་བཟེད་དག་བགོ་བཤའ ་བྱེད་ལ། བུད་མེད་ནི་ཁྲོ་བའི་དབང་དུ་འགྱུར་བ་ཡིན་པས་གང་གི་ཚེད་དེ་དག་དང་དེ་རྣམས་ཐབ་མོ་དང་། འཚང་འབྲུ་བར་བུར་པ་དེའི་ཚེ་དེ་དག་གིས་ལྷན་ཅིག་གནས་པ་དང་། ཉེ་གནས་ལ་ཕྱིར་ཡང་གོས་དག་འཕྲོག་པར་བྱེད། འཕོག་ཏུ་འཛུག་པར་བྱེད་པ་ན ་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་དག་ལ་གོས་དག་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྣམ་པར་འགྱུར་ཅིང་། ཡིད་མ་རངས་པས་དགེ་སློང་མ་ཁྱོད་ལ་གོས་དག་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཅེས་འཕྲོག་གམ། འཕྲོག་ཏུ་འདུག ་ན་དགེ་སློང་མ་དེས་གོས་ཀྱི་ལྷག་མ་ཡོད་པ་སླར་སྦྱིན་པར་བྱ་སྟེ། ལོངས་སྤྱོད་ན་སྤང་པའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། དགེ་སློང་མ་རྣམས་ཤེས་བྱ་བ་ནི་ལྷན་ཅིག་གནས་པ་དང་། ཉེགནས་རྣམས་སོ།། གོས་དག ་བྱིན་ནས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་དག་གོ། ། དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནོ།། ཐོས་འཁྲུགས་དམ་པར་གྱུར་ཅིང་ཡིད་མ་རངས་པས་ཞེས་བྱ་བ་ནི་འཁྲུག་པ་མ་སངས་པར་རོ།། འཕྲོག་གས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། འཕྲོག་ཏུ་འདུགན ་ཞེས་བྱ་བ་ནི་གཞན་གྱིས་སོ། ། དགེ་སློང་མཔྱོད་ལ་གོས་དག་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཅེས་ཟེར་ན་དགེ་སློང་མདེས་གོས་དེ་ཞེས་བྱ་བ་ནི་གོས་བདུན་པོ་གང་ཡང་རུང་བའི་ལྷག་མ་ཡོད་པའོ།། ཕྱིར་སྦྱིན་པར་བྱའོ་ཞེས་བྱ་བ་ནི་གཏད་པར་བྱའོ།། དལོངས་སྤྱད་ན་ཞེས ་བྱ་བ་ནི་དེ་ཇི་ཙམ་གྱི་བར་དུ་ལོངས་སྤྱད་པར་གྱུར་ནའོ། ། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོད་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ལུས་གཡོ་བར་བྱེད་པ་དང་། ཚིག་རྗོད་པར་བྱེད་པ་དང་། དེ་གཉི་ག་དང་ལྡན་པའོ།། ཇི་ལྟར་ལུས་གཡོ་བར་བྱེད་པས་ཞེ་ན། ་ལག་པས་བཟུང་ཞིང་འཕྲོག་པ་སྟེ། ཇི་སྲིད་དུ་གོས་ཀྱི་གྲཝ་ལུས་དང་བྲལ་བར་མི་བྱེད་ཀྱི་བར་དུ་ཉེས་བྱས་སོ།། ཕྲལ་བ་ན་སྤང་བའི་ལྟུང་བྱེད་དོ།། དེ་ལྟ་བུ་ནི་ལུས་གཡོ་བར་བྱེད་པས་སོ།། ཇི་ལྟར་ཚིག་རྗོད་པས་ཞེ་ན། ཚིག་འདི་སྐད་ཅེས་དགེ་སློང་མ་གོས་ཕྱིར་བྱིན་ཅིག་ཅེས ་སྨྲས་ནས་དི་སྲིད་དུ་གོས་ཀྱི་བུ་ལུས་དང་བྲལ་བར་མི་བྱེད་ཀྱི་བར་དུ་ཉེ་བྱས་སོ། ། ཕྲལ་བ་ན་སྤད་པའི་ལྟུང་བྱེད་དེ། དེ་ལྟ་བུ་ནི་ཚིག་རྗོད་པར་བྱེད་པས་སོ།། ཇི་ལྟར་དེ་གཉིག་དང་ལྡན་པས་ཞེ་ན། ཚིག་ཏུ་གོས་ཕྱིར་བྱིན་ཅིག་ཅེས་སྨྲ་ཞིང་ལག་པས་འཛིན་པ་སྟེ། ཇི་སྲིད་དུ ་གོས་ཀྱི་གྲཝ་ལུས་དང་བྲལ་བར་མི་བྱེད་ཀྱི་བར་དུ་ཉེ་བྱས་སོ། ། ཕྲལ་བ་ན་སྤང་བའི་ལྟུང་བྱེད་དེ། དེ་ལྟ་བུ་ནི་གཉིས་དང་ལྡན་པས་སོ།། དོན་གཞན་དང་འདུལ་བའི་ཡོ་བྱད་ཀྱིས་ནི་ལྟུང་བ་མེད་དོ།། ཇི་ལྟར་དོན་གཞན་གྱིས་ཞེ་ན། འདི་ལྟར་ཡང་དགེ་སློང་མ་རྣམས་ཀྱི་ལྷན་ཅིག། ་གནས་པ་དང་། ཉེ་གནས་དག་དུས་མ་ཡིན་པར་འཇིགས་པ་དང་བཅས་པའི་དུས་སུ་འགྲོ་བ་ན་དེ་དག་གི་མཁན་མོ་དང་། སློབ་དཔོན་དག་གིས་ཆོམ་རྐུན་པ་རྣམས་ཀྱིས་གོས་དག་ཕྲོགས་པར་གྱུར་ན་མི་རུང་ངོ་ཞེས་འཕྲོག་པར་བྱེད་པ་སྟེ། དེ་ལྟ་བུ་ནི་དོན་གཞིན་གྱིས་ཡིན་ནོ།། ་ཇི་ལྟར་འདུལ་བའི་ཡོ་བྱད་ཀྱིས་ཞེ་ན། འདི་ལྟར་ཡང་དགེ་སློང་མ་རྣམས་ཀྱིས་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ནི་མི་དགེ་བའི་བཤེས་གཉེན་དང་ལྷན་ཅིག་འགྲོགས་ཤིང་འགྲོ་བ་ན་དགེ་བའི་བཤེས་གཉེན་དང་ལྷན་ཅིག་འགྲོ་བར་གྱུར་ཅིག་ཅེས་དེ་དག་ལས་གོས ་འཕྲོག་པར་བྱེད་པ་སྟེ། དེ་ལྟ་བུ་ནི་འ་དུལ་བའི་ཡོ་བྱད་ཀྱིས་ཡིན་ནོ།། སྤང་བའི་ལྟུང་བྱེད་བཅུ་དྲུག་པ་རྫོགས་སྷོ།། ། གླེང་བཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ཆོས་སྦྱིན་གྱིས་ཉམས་པའི་རྒྱལ་རིགས་འཁོར་དང་བཅས་པ་བདེན་པ་རྣམས་ལ་རབ་ཏུ་བཀོད་པ་དང་། དེ ་རྣམས་ཀྱི་རྒྱལ་པོ་གསལ་རྒྱལ་ལས་དབྱར་རྒྱུ་དག་ཐོབ་པོ། ། དེ་དག་འདི་སྙམ་དུ་བདག་ཅག་བདེན་པ་མཐོང་བར་བྱེད་པ་གང་ཡིན་པ་དེ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་འཕགས་མཆོས་སྦྱིན་ལས་བརྟེན་ཏེ་ཡིན་ན་དེ་ལ་བདག་ཅག་གིས་ཅི་ཞིག་བྱས་ན་ལ་ན་ལོན་པར།། ་འགྱུར། མ་ལ་བདག་གིས་རྒྱལ་པོ་ལས་རྙེད་པ་དང་། བཀུར་སྟི་ཐོབ་པ་དེ་བདག་ཅག་གིས་ཆོས་སྦྱིན་ལ་དབུལ་བར་བྱ་གོར་མ་ཆག་སྙམ་མོ།། དེ་ནས་ཉམས་པའི་རྒྱལ་རིགས་རྣམས་ཀྱིས་རྙེད་པ་དེ་ཁྱེར་ཏེ་ཆོས་སྦྱིན་ག་ན་བ་དེར་དོང་ནས་ལྤགས་པ་དང་། ཆོས་སྦྱིན་གྱི་རྐང ་པ་ལ་མགོ་བོས་ཕྱག་བྱས་ཏེ་ཆོས་སྦྱིན་ལ་རྙེད་པ་དང་བཀུར་སྟི་དེ་ཕུལ་ལོ། ། ཆོས་སྦྱིན་གྱིས་བསམས་པ། ཅི་བཅོམ་ལྡན་འདས་ལ་འགའ་ཞིག་གིས་ཟླ་བ་གསུམ་དུ་ན་བཟའ་དང་བསོད་སྙོམས་ཀྱིས་བསྟབས་སམ་སྙམ་མོ།། དེ་ནས་དེ་རྟོག་པ་ལ་ཞུགས་པ་ན་བཅོམ ་ལྡན་འདས་དེ་དག་ཁོ་ན་ལག་ཞེས་པར་ཤེས་སོ། ། དེ་ནས་ཆོས་སྦྱིན་གྱིས་ཉམས་པའི་རྒྱལ་རིགས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་དག་དེད་ལ་བཅོམ་ལྡན་འདས་ལ་ཟླ་བ་གསུམ་དུ་ན་བཟའ་དང་བསོད་སྙོམས་དང་། ཞེས་བྱ་བ་ནས་སྨན་དང་། མཁོ་བའི ་ཡོ་བྱད་ཀྱི་བར་གྱིས་སྟོབས་ཤིག། དེ་ནས་དེ་དག་དོད་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། ཆོས་སྦྱིན་འཁོར་དང་བཅས་པ་ལ་བསྟབས་སོ།། དེ་ནས་ཉམས་པའི་རྒྱལ་རིགས་ཀྱི་ཆུང་མ་དེ་དག་གིས་དགེ་སློང་མ་དེ་རྣམས་ལ་བསྙེན་བཀུར་བྱ ་བར་བརྩམས་སོ། ། ཉམས་པའི་རྒྱལ་རིགས་དེ་དག་གིས་ཀྱང་དགེ་སློང་དང་། དགེ་སློང་མ་རྣམས་ཀྱི་ཕྱིར་རིན་ཐང་ཆེན་པོའི་གོས་དང་། གོས་ཕལ་དག་འཇོག་དུ་བཅུག་གོ། དེ་དག་དབྱར་གྱི་ནང་ལོགས་སུ་རྒྱལ་པོས་གཞན་དུ་མངགས་པ་ལས་མགོན་མེད་ཟས ་སྦྱིན་གྱིས་དེ་དག་བཟློག་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དབྱར་ཟད་ནས་གོས་འདོད་པའི་ཕྱིར་བརྡའ་བྱས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག་བདག་ཅག་གིས་གོས་ཀྱི་རིན་དེ་དག་ཕུལ་ལགས་སོ།། སྲལ་རྣམས་ཀྱིས་ཟས ་སོ། ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་དབྱར་གྱི་དུས་ཀྱི་རྙེད་པ་དབྱར་གྱི་ནང་ལོགས་སུ་བོགོ་བར་མི་བྱའོ་ཞེས་གསུངས་པས། བསླབ་པ་འདོད་པས་མ་བགོས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ ་ལྡན་འདས་ལ་གསོལ་ཏེ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་སྟོན་ཟླ་ཐ་ཆུངས་ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་བརྟང་བ་ལས་བྱུང་བའི་གོས་ཞིག་རྙེད་ལ། བཏང་བ ་ལས་བྱུང་བའི་གོས་འདོད་ན་དགེ་སློང་མ་དེས་བླང་བར་བྱའོ། ། བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ།། དེ་ལས་འདས་པར་འཆད་ན་སྤང་བའི་ལྟུང་བྱེད་དོ།། ཞག་བཅུ་ཞེས་བྱ་བ་ནི་ཞག་བཅུ་པ་ལ་དགག་དབྱེ་འབྱུང་བར་འགྱུར་བའོ།། དགེ་སློང་མ་ཞེས ་བྱ་བ་ནི་ཆོས་འདི་བདག་གིའོ། ། རྙེད་པ་ཞེས་བྱ་བ་ནི་གཞན་ལས་སོ།། བརྟད་པ་ལས་བྱུང་བའི་གོས་ཞེས་བྱ་བ་ལ་བཏད་པ་ལས་བྱུང་བའི་གོས་ལྔ་སྟེ། ལྔ་གང་ཞེ་ན་འོངས་པ་དང་། འགྲོ་བར་ཆས་པ་དང་། ནད་པ་དང་ནང་གཡོག་དང་། དགེ་བསྐོས་མའོ།། གོས་ཞེས ་བྱ་བ་ནི་བདུན་པོ་གང་རུང་བའོ། ། འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ།། གོས་སྦྱིན་པའི་དུས་སུ་བཅད་པར་བྱའོ་ཞེས་བྱ་བ་ནི་གོས་སྦྱིན་པའི་དུས་ཞག་བཅུའི་དགག་དབྱེ་གང་ཡིན་པའོ།། དེ་ལས་འདས་པར་ཞེས་བྱ་བ་ནི་དེ་ལས་ལྷག་པར་རོ།། སྤང་བའི་ལྟུང་བྱེད ་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གང་ཡང་དགེ་སློང་མས་དབྱར་གྱི་རྙེད་པ་ཅི་ཡང་རུང་དབྱར་གྱི་ནང་ལེགས་སུ་འགེད་པ་དང་། དགག་དབྱེ་ལས་འདས་པར་འཆད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་གོས ་སྲེང་བའི་དགེ་སློང་མ་བསྐོས་ན་ཡང་ལྟུང་བ་མེད་དོ། ། སྤང་བའི་ལྟུང་བྱེད་བཅུ་བདུན་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལས་བརྟེན་ཏེ་དགེ་འདུན་གྱི་གང་ཟག་རང་གིར་སྦྱར་བར་བྱེད་པའི་བསླབ་པའི ་གཞི་བཅའ་བ་མཛད་པ་དེའི་ཚེ་དགེ་སློང་མ་བཅུ་གཉིས་སྔ་རྣམས་ཀྱིས་དགེ་འདུན་གྱི་ཚིད་དུ་རྙེད་པ་བླངས་ནས་གང་ཟག་གིར་སྦྱར་བར་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་རྣམས་སྤོང་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། ་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཞིག་ཤེས་བཞིན་དུ་དགེ་འདུན་ལ་བསྔོས་པའི་རྙེད་པ་གང་ཟག་བདག་གིར་བྱེད་ན ་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི་བཅུ་གཉིས་སྡེ་རྣམས་སོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། གཞན་གྱིས་སྨྲས་པར་འགྱུར་བའོ།། དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་འོད ་རྙེད་པ་ཞེས་བྱ་བ་ནི་རྙེད་པ་གཉིས་པོ་གོས་ཀྱི་རྙེད་པ་དང་། ཟས་ཀྱི་རྙེད་པ་སྟེ། སྐབས་འདིར་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ།། བསྔོས་པ་ཞེས་བྱ་བ་ནི་ཕུལ་བའོ།། གང་ཟག་བདག་གིར་བྱེད་ན་ཞེས་བྱ་བ་ནི་རང་གིར་བྱེད་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ ་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཤེས་བཞིན་དུ་གང་ཟག་ལ་བསྔོས་པའི་རྙེད་པ་གཞན་དུ་གང་ཟག་ལ་སྦྱར་བར་བྱེད་ན་ཇི་སྲིད་དུ་རྙེད་པ་རང་གིར་མི་བྱེད་པ་དེ་སྲིད་དུ་ཉེ་བྱས་སོ།། རང་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་དགེ། ་འདྲན་སྡེ་གཞན་དང་གཞན་དུ་གནས་ལ་སྡེ་གཅིག་ལ་བསྔོས་པའི་རྙེད་པ་སྡེ་གཉིས་པ་ཤོས་ལ་སྦྱར་བར་བྱེད་ན་ཇི་སྲིད་དུ་རྙེད་པ་རང་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ།། རང་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་དགེ་སློང་གི་དགེ་འདུན་ལ་བསྔོས་པ་དགེ་སློང ་མའི་དགེ་འདུན་ལ་སྦྱར་བར་བྱེད་ན་ཡང་སྔ་མ་བཞིན་ནོ། ། དེ་བཞིན་དུ་གཉི་གའི་དགེ་འདུན་ལ་བསྔོས་པ་དགེ་འདུན་སྡེ་གཅིག་ལ་སྒྱུར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་དགེ་འདུན་སྡེ་གཅིག་ལ་བསྔོས་པ་གཉི་གའི་དགེ་འདུན་ལ་སྒྱུར་བར་བྱེད་ན་ཡང་སྤང་བའི ་ལྟུང་བྱེད་དོ། ། དེ་བཞིན་དུ་མཆོད་རྟེན་རྣམས་ཀྱི་མེ་ཏོག་གི་གནས་ནས་བཟུང་སྟེ་བུམ་པའི་བར་མེ་ཏོག་གི་གནས་དང་། སྒོ་གང་ལ་སོགས་པ་དང་། དེ་བཞིན་དུ་རིམ་གྲོའི་ཁང་པར་བསྔོས་པ་དྲོད་ཁང་དུ་སྦྱར་བར་བྱེད་པ་དང་། དེ་བཞིན་དུ་བསྲེ་གང་དང་། དགེ་འདུན ་གྱི་ཀུན་དགའ་ར་བ་དང་། ཀ་བ་དང་། གདུང་དང་། ས་ལ་ཡང་བརྗོད་པར་བྱའོ།། ཐ་ན་མུལ་ལྟོ་བ་གཅིག་ལ་བསྔོས་པ་གཉིས་པ་ཤོས་ལ་སྐུར་བར་བྱེད་ན་ཡང་ཉེས་བྱས་སོ།། གལ་ཏེ་བཙལ་བ་ལས་མ་རྙེད་དམ་གནང་བ་སྦྱིན་ན་ཉེས་པ་མེད་དོ།། སྤང་བའི་ལུང ་བྱེད་བཅཝ་བརྒྱད་པ་རྫོགས་སྷོ། ། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་བཞི་པ། གླེང་གཞི་ནི་རྒྱལ་པོའི་ཁ་བ་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བི་ལིན་དེའི་བུའི་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ལས་བརྟེན ་གཉི་གའི་ཐུན་མོང་བའི་ནད་ཀྱི་སྨན་གྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་ནད་ཀྱི་སྨན་དེ་ལས་བྱིན་ལེན་བྱས་ཤིང་ཟ་བར་བྱེད་མྱུར་བར་བྱིན་ལེན་བྱས་ནས་དེ་ལས་བྱིན་ལེན་བྱས་པ་དག་ཕན ་ཚུན་དུ་སྲེ་བར་བྱེད། ཟས་ཀྱི་ཕྱེ་མ་དང་འདྲེས་ཤིང་ཤིན་འཕགས་པ་དབྱར་ཡང་མི་མངོན་པར་དེ་དག་དུས་དང་དུས་མ་ཡིན་པར་ཟ་བར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། ། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསྲབ་བ་བཅའ་བའི་བར་དུ་མཛད་དེ། ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ནད་པ་རྣམས་ལ་འཕྲོད་པ་སོ་སོར་བསྟེན་པར་བྱ་བའི་སྤྱན་རྗེས་སུ་གནང་བ་གང་ཡིན་པ་འདི་ལྟ་སྟེ། མར་སར་དང་། ཏི་ལ་མར་དང་། སྦྲང་རྩིང ་ཟུར་མ་གྱི་དབབ་སྟེ། དེ་དག་དགེ་སློང་ནད་པས་སོགས་འཇོག་གི་ལོངས་སྤྱོད་ཀྱིས་ཞག་བདུན་གྱི་མཐར་ཐུག་པར་ལོངས་སྤྱད་པར་བྱའོ།། དེ་ལས་འདས་པར་ལོངས་སྤྱོད་ན་སྤང་བའི་ལྟུང་བྱེད་དོ།། ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དམ་མ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ། ། དགེ་སློང་མ་ནང་བ་རྣམས་ལ་ཞེས་བྱ་བ་ནི་ན་པབ་རྣམས་ལའོ།། འཕྲོད་པ་ཞེས་བྱ་བ་ནི་རྗེས་སུ་འཐུན་པའོ།། སོ་སོར་བསྟེན་པར་བྱ་བའི་ཞེས་བྱ་བ་ནི་རུང་བའིའོ།། སྨན་རྣམས་ཞེས་བྱ་བ་ལ། མར་སར་ཞེས་བྱ་བ་ན་མ ་རོ་ཏི་ལ་མར་ཞེས་བྱ་བ་ནི་ཏིལ་མང་ཉིད་དོ། ། སྦྲང་རྩི་ཞེས་བྱ་བ་ནི་སྦྲང་བུའིའོ།། བུ་རམ་གྱི་དབུ་བ་ཞེས་བྱ་བ་ནི་བུར་མ་མོ།། ཞག་བདུན་པའི་མཐར་ཐུག་པའི་ཞེས་བྱ་བ་ནི་ཉིན་ཞག་བདུན་དུའོ།། སོགས་འཇོག་གི་ལོངས་སྤྱོད་ཀྱིས་ཞེས་བྷཱ་བ་ནི་ཙྪིན་གྱིས་བརྡབས་རྣམས ་སོ་སོང་བརྟེན་པར་བྱབ་ནས་བྱ་བནི་བཟའབར་བྱབའོ། ། ད་ལས་འདས་པར་ཞེས་བྱ་བ་ནི་དལས་ལྷག་པར་རོ།། ཏུ་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སུམ་བཞིནན།། དེ་ལ་འང་བར་དྲིལྟང་འཐུང་ཞེ་ན། ག་ཐོང་མམཆིས་ལན་པའི་ཕྲིན་ནིག་ནང་ན་དེས་ན་པའིམ ་ན་ཤིན་ས་ན་ཀྱི་འམས་པར། ག་ས་བྱ། སངས་སྤྱད་པར་བྱག།། རྐྱེན་གྱི་ཛུ་པར་མི་བྱེད་དཔ། གཏང་ད་དམ། མིངས་སྐྱེད་པར་མིབྱེད་ན་ནག་ཏུ་པ་གྱུར་གང་ན་སྤ་བའི་ཆུ་དང།། དེ་བན ་ཆོས་ལ་ཞེས་བྱ་བ་ལྟར་ཞག་པའི་བར་དུ་དེ་ཁོ་ན་བཞིན་སྔ་མ་དང་འདྲ་བར་བརྗོད་དོ། ། དགེ་སློང་མས་ཆོས་ལེན་པའི་སྨན་ཞིག་རྙེད་ལ། ཆོས་གཉིས་ལ་ཡང་གཞན་ཞིག་རྙེད་ན་དགེ་སློང་མངས་སྔ་མ་ཤོས་བྱིན་གྱིས་བརླབ་པར་བྱ་བ་འམ། གཏང་བར་བྱ་བའམ། བྱིས ་ཤོས་ལོངས་སྤྱོད་པར་བྱ་བའམ། ཕྱི་མ་ཤོས་བྱིན་གྱིས་བརླབ་པར་བྱ་བ་འམ། སྔ་མ་ཤོས་ལོངས་སྤྱད་པར་བྱའོ།། བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། ལོངས་སྤྱོད་པ་ན་མི་བྱེད་ན་ཞག་བརྒྱད་པའི་སྐྱ་རེང་ཤར་ན་སྤང་བའི་ལྟུང་བྱེད་དོ།། ་བཞིན་དུ་ཚེས་ལ་གཉིས་རྙེད་ལ། ཚེས་གཉིས་ལ་ཡང་གཉིས་རྙེད་ན་ཞེས་བྱ་བ་ནས་ཞག་དྲུག་དང་། བདུན་གྱིས་བར་དུ་ཡང་རྒྱས་པར་བརྗོད་པར་བྱའོ།། དགེ་སློང་མས་ཚེས་ལ་ན་བའི་སྨན་རབ་ཏུ་མང་པོ་ཞེས་བྱ་བའི་བར་དུ་རྒྱས་པར་བརྗོད་པར་བྱའོ།། དེ་བཞིན་དུ ་ཚེས་ལ་རབ་ཏུ་མང་པོ་རྙེད་ལ། ཚེས་གཉིས་ལ་ཡང་གཞན་དག་ཅེས་བྱ་བའི་བར་དུ་རྒྱས་པར་རོ།། དེ་ལ་ན་པའི་སྨན་གང་ཡིན་པ་དེ་ལས་བྱིན་ལེན་བྱས་པ་གང་དག་ཕན་ཚུན་དུ་འདྲེས་པ་དང་། ཟས་ཀྱི་ཕྱེ་མ་དང་འདྲེས་ཤིང་ཤན་འབགས་པ་དེ་དག་ནི་གཙུག་ལག་ཁང ་གཞན་གྱི་དགེ་ཚུལ་མ་རྣམས་ལ་སྦྱིན་པར་བྱའོ། ། ན་བའི་སྨན་གང་ཡིན་པ་དེ་ལས་བྱིན་ལེན་བྱས་པ་གང་དག་ཕན་ཚུན་མ་འདྲེས་པ་དང་། ཟས་ཀྱི་ཕྱེ་མ་དང་། མ་འདྲེས་ཤིང་ཤན་མ་འཕགས་པ་དེ་དག་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་སྦྱིན་པ་ལ་སྦྱིན་པར ་བྱ་ཞིང་འདི་སྐད་ཅེས་ན་བའི་སྨན་འདི་ཉི་མ་གཅིག་ལེན་ལགས་ཀྱིས་ཉི་མ་དྲུག་དུ་ལོངས་སྤྱོད་པར་བགྱིའོ་ཞེས་བརྗོད་པར་བྱའོ། ། དེ་བཞིན་དུ་ཉི་མ་གཅིག་ལུས་པའི་བར་དུ་སྟེ། དགེ་སློང་མས་ན་བའི་སྨན་པར་གྱུར་ལ་དེ་མ་སྤངས་སམ། བྲལ་བར་མ་བྱས་སམ། ་ལུང་བ་མ་བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤན་གྱིས་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་སྤངས་ལ་བྲལ་བར་མ་བྱས་ཤིང་ལྟུང་བ་མ་བཤགས་ན་དེ་ཡང་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་བྲལ་བ་བྱས་ལ་ལྟུང་བ་མ་བཤགས་ན་དེ་ཡང་སྤང་བའི་ལྟུང་བྱེད།། ་དེ་བ་སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་བཤགས་ཏེ་ལོངས་སྤྱད་ན་ལྟུང་བ་མེད་དོ།། ལས་དང་པོ་བ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། སྤང་བའི་ལྟུང་བྱེད་བཅུ་དགུ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་ལྷུང་བཟེད། ་རྙེད་ཅིང་སྙེད་པ་རྣམས་སོགས་པར་བྱེད་ཅིང་བདག་ཉིད་ཀྱང་སྤྱོད་པར་མི་བྱེད། དགེ་སློང་མ་འཁོད་པ་ལ་ཡང་འགེད་པར་མི་བྱེད། ཐ་ན་སློང་བ་ལ་ཡང་སྦྱིན་པར་མི་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང ་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་ལྷུང་བཟེད་ལྷག་པ་ཞག་གཅིག་གི་མཐར་ཐུག ་པར་བཅང་བར་བྱའོ། ། དེ་ལས་འདས་པར་འཆད་ན་སྤང་བའི་ལྟུང་བྱེད་དོ།། ཞག་གཅིག་ཅེས་བྱ་བ་ནི་ཉིན་ཞག་གཅིག་གོ། དགེ་སློང་མ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་འམ། གཞན་ཡང་དེ་ལྟ་བུ་དང་འཐུན་པའོ།། ལྷུང་བཟེད་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ ་ལས་ལྷག་པའོ། ། དེ་ལས་འདས་པར་འཆང་ན་ཞེས་བྱ་བ་ནི་དེ་ལས་ལྷག་པར་རོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཞག་གཅིག་ལས་འདས་པར་ལྷུང་བཟེད་ལྷག་པར་འཆང་ན་ཐམས་ཅད་དུ་སྤང ་བའི་ལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་ལྷུང་བཟེད་སྐྱེའོ་འཆད་ན་ལྟུང་བ་མེད་དོ།། སྤང་བའི་ལྟུང་བྱེད་ཉི་ཤུ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན་ཡོད་ན་ཁྱིམ་བདག་གཅིག་གནས་པ་དེས་ཇི་ཙམ་ན་རིགས་མཉམ་པ་ལས་ཆུད་མ་བླངས་ཏེ། ་དེ་དེ་དང་རྩེ་བར་བྱེད་པ་ནས་ཁྱེའུ་ཞིག་བཙས་པའི་བར་དུ་སྟེ། དེའི་མིང་འདུན་པ་ཞེས་བྱ་བར་བཏགས་སོ།། འདོད་པ་རྣམས་ནི་ཚྭ་ཆུ་དང་འདྲ་བས་དེ་ཡང་རྩེ་བར་བྱེད་པ་ནི་བུ་མོ་ཞིག་བཙས་ཏེ། དེའི་མིང་ནི་འདུན་མ་ཞེས་བྱ་བར་བཏགས་སོ།། དེ་ནས་དུས་གཞན་ཞིག་ན་ཁྱིམ ་བདག་ཤི་བར་གྱུར་ཏོ། ། གང་གི་ཚེ་ཁྱིམ་བདག་དེ་ཤི་བར་གྱུར་པ་དེའི་ཚེ་ཁྱིམ་བདག་དེའི་ཆུང་མ་མ་སྨད་གསུམ་རབ་ཏུ་བྱུང་ངོ་།། དེ་ནས་གཞོན་ནུ་འདུན་པ་དགེ་སློང་བའི་གཙུག་ལག་ཁང་ནས། དགེ་སློང་མའི་གཙུག་ལག་ཁང་དུ་མ་ལ་བལྟ་བའི་ཕྱིར། དེས་སྔམ་སྦྱར་ཚོན ་གསེར་གྱིས་ཁ་བསྒྱུར་བ་དམར་སེར་ཞིག་བགོས་ཏེ། སོང་བ་དང་སྲིད་མོ་དེས་དྲིས་པ། མིང་པོ་ཆོས་གོས་འདི་སུའི་ལེགས། ངེས་འདི་སྐད་ཅེས་སྨྲས་སོ།། ཁོ་བོའི་ཡིན་ནོ།། ངེས་འདི་སྐད་ཅེས་བདག་ལ་སྩོལ་ཅིག་ཅེས་སྨྲས་པ་ལས། དེས་མ་བྱིན་པ་དང་དེ་ངུ་བར ་གྱུར་ཏོ་དེ་ལ་མས་དྲིས་པ་བུ་མོ་ཙ་སྟེ་དུ། དེས་འདི་སྐད་ཅེས་སྨྲས་སོ།། མིང་པོ་ལ་བདག་གིས་ཆོས་གོས་བསླངས་ན་ངེས་མ་སྩལ་ཏོ།། དེ་ནས་མས་གཞོན་ནུ་འདུན་པ་ལ་སྨྲས་པ། བུ་སྲིང་མོའི་འཆོས་གོས་བྱིན་ཅིག། དེས་སྨྲས་པ། ཉེས་པ་འགའ་ཞིག་ཏུ་མི་འགྱུར་ལགས ་གྲང་དེས་འདི་སྐད་ཅེས་སྨྲས་སོ། ། དེ་ལ་ཉེས་པ་ཅི་ཡང་མེད་དོ།། དེ་ནས་འདུན་པས་ཆོས་གོས་དེ་འདུན་མ་ལ་བྱིན་ནོ།། འདུན་མས་ཀྱང་རང་གི་ཆོས་གོས་འདུན་པ་ལ་བྱིན་ནོ།། དེ་ནས་འདུན་མས་ཆོས་གོས་དེ་ཞག་མང་པོ་མ་ལོན་པར་དྲི་མ་ཅན་དུ་བྱས་སོ།། འདུན་པས་ཡང ་ཆོས་གོས་དེ་ལེགས་པར་བཀྲུས་ཤིང་ལེགས་པར་ཁ་བསྒྱུར་བ་བྱས་ནས་ཡང་མ་བལྟ་བའི་ཕྱིར་སོང་བ་དང་། དེ་ནས་འདུན་མས་མིང་པོ་ལ་འདི་སྐད་ཅེས་སྨྲས་སོ།། མིང་པོ་ཆོས་གོས་འདི་སུའི་ལགས། དེས་འདི་སྐད་ཅེས་སྨྲས་སོ།། འདི་དེའི་ཚེའི་ཁྱོད་ཀྱི་ཡིན་མོད་དེས ་འདི་སྐད་སྨྲས་སོ། ། རང་གི་ཆོས་གོས་འདི་སྣོམས་ལ་བདག་གི་ཆོས་གོས་ནི་ཚུར་སྩོལ་གཅིག། དེས་མ་བྱིན་པ་དང་། དེས་ཡང་མ་ལ་གསོལ་བ་བཏབ་པ་དང་། བུ་བྱིན་ཅིག། དེས་དེ་ལ་བྱིན་ནོ།། དེ་ནས་དགེ་སློང་མ་འདུན་མ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱི་ཆོས ་གོས་ལ་རྟགས་པར་བཀྲུས་ཤིང་ལེགས་པར་ཁ་བསྣུར་བས་གནས་གཙང་མའི་བཞིན་དུ་གྱུར་ཏོ། ། དེས་སྐབས་དེ་དགེ་སློང་མ་རྣམས་ལ་སྨྲས་པ་དང་། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་ཁྱོད་འཁོར་གྱི་གཙོ་བོ་དང་ལྷན་ཅིག་ཆོས་གོས ་བརྗེ་བ་ཉམས་སུ་མྱོང་བར་བྱེད། དེས་འདི་སྐད་ཅེས་གལ་ཏེ་བརྗེར་མི་རུང་ཡང་རུང་བ་རྗེར་མི་རུང་ཡང་རུང་བ་དག་གིས་བརྗེས་ལགས་སོ།། ཞེས་སྨྲས་པ་ན་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་ནམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ ་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛོད་དེ། ཡང་དགེ་སློང་མ་གང་དགེ་སློང་དང་ལྷན་ཅིག་ཆོས་གོས་བརྗེས་ནས་དེའི་འོག་ཏུ་འདི་སྐད་ཅེས་འཕགས་པ་འཕགས་པའི་ཆོས་གོས་གང་ལགས་པ་འདི་བཞེས་ལ་བདག ་གི་ཆོས་གོས་གང་ལགས་པ་དེ་སླར་སྩོལ་ཅིག་ཅེས་སྨྲ་ན་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་འདུན་མ་དང་། དགེ་སློང་འདུན་པར་རོ།། ཆོས་གོས་བརྗེས་པ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ། ་དེ་ལ་སྦྱང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་དང་ཆོས་གོས་དེ་པ་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་སྤང་བའི་ལུང་བྱེད་དུ་གྱུར་རོ།། སྲད་པའི་ལྟུང་བྱེད་ཉི་ཤུ་གཅིག་པ་རྫོགས་སྷོ།། །། གླེང་གནི་ནི་མཉན་ཡོད་ནའོ།། ་དེའི་ཚེ་སྦོམ་དགའ་མོས་དགེ་སློང་མའི་དགེ་འདུན་དང་ལྷན་ཅིག་སྟོན་ཟླ་ཐ་ཆུངས་ཚེས་ལ་སྲ་བརྐྱང་བཏིང་མ་ཐག་ཏུ་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་སྲ་བརྐྱང་དབྱུང་གིས་ཚུར་ཤིག། སྲ་བརྐྱང་ཕྱུང་ན་གྲུབ་པ་དང་བདེ་བ་མང་པོ་འབྱུང་ངོ་།། དེ་དག ་གིས་འདི་སྐད་ཅེས་སྨྲས་སོ། ། བདག་ཅག་དུས་མ་ཡིན་པར་སྲ་བརྐྱང་མི་འབྱིན་ཏོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་སྡེ་སྣོད་གསུམ་པ་ཡིན་ནོ་ཁོ་མོས་ཅི་སྲ་བརྐྱད་དབྱུང་བའི་དུས་གང་ཡིན་པ་མི་ཤེས་སམ། དེས་དགེ་སློང་མ་དེ་དག་གི་ཚིག་མ་མཉན་པར་དུས་མ ་ཡིན་པར་སྲ་བརྐྱང་ཕྱུང་ནས་རྙེད་པ་བགོས་སོ། ། དེ་ནས་དགེ་སློང་མ་དེ་དག་ཆོས་གོས་ལྔ་ཐོགས་ཏེ། ལྗོངས་རྒྱུ་ཞིང་འདོད་པ་དང་། དེ་ནས་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དྲིས་པ། འཕགས་མ་དག་ཁྱེད་ཀྱིས་སྲ་བརྐྱང་བཏིང་བ་ཚད་ངམ། དེ་དག ་ཀིས་འདི་སྐད་ཅེས་སྨྲས་སོ། ། ཁོ་མོ་ཅག་ནི་མི་ཤེས་མོད་ཀྱི། འཕགས་མ་སྦོམ་དགའ་མོ་ནི་དེ་འདི་སྐད་ཅེས་ཁོ་མོ་སྡེ་སྣོད་གསུམ་པ་ཡིན་པས་སྲ་བརྐྱང་དབྱུང་བའི་དུས་ཤེས་སོ་ཞེས་ཟེར་རོ།། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག་གིས་སྲ་བརྐྱང ་ཕྱུང་ངམ། དེ་དག་གིས་ཕྱུང་ངོ་ཞེས་སྨྲས་པ་ན་དོན་ཉུང་བའི་དགེ་སློང་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང ་དགེ་སློང་མ་གང་དུས་མ་ཡིན་པར་སྲ་བརྐྱང་འབྱིན་ན་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མའོ།། དུས་མ་ཡིན་པ་ཞེས་བྱ་བ་ནི་སྲ་བརྒྱད་གི་རུས་དང་དུས་མ་ཡིན་པ་ག་ཤེ་ན། སྟོན་ཟླ་ཐ་ཆུངས་ནས་བཟུང་སྟེ་དབྱེད་ཟླང་བའི་བར་དེ་ནི་སྲབརྐྱང་ག ་བའི་དུས་ཡིན་ནོ། ། གལ་ཏེ་ན་དེ་དེར་སྲ་བརྐྱད་འབྱིན་ན་དུས་མ་ཡིན་པར་སྲ་བརྐྱང་བྱུང་བ་ཡིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། གང་ཡང་དགེ་སློང་མས་དུས་མ་ཡིན་པར་སྲ་བཏུདང་དེ་འབྱིན་ན་ཐམས་ཅད་དུ་སྤང་པའི་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ཆོམ་རྐུན་པས་བཏགས ་པའི་དགེ་སློང་མ་རྣམས་ཀྱི་ཕྱིར་ཡིན་ན་ལྟུང་བ་མེད་དོ། ། སྤང་བའི་ལྟུང་བྱེད་ཉི་ཤུ་གཉིས་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས་སྲ་བརྐྱད་དབྱུང་བའི་དུས་སུ་སྲ་བརྐྱང་མ་བྱུང་བ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྦས་སོ།། ་འཕགས་པ་སྲ་བདྷ་ང་བྱུང་བ་དྲེས་ལ་ཡན་ཁྱོད་ཀྱི་མ་སྲིད་དུས་བརྒྱ་མི་དབྱུང་། དེས་གད་ཅེས་སྨྲས་ས།། ཨ་སོ་སྡེ་རྒོད་གསུམ་པ་ཡིན་པས་འམས་སྲ་བརྒྱ་དབྱུང་བའི་ཤེས་སོ།། དེ་ན་ས་དགེ་སློང་མ་རྣམས་སྲ་བཏྱ་དགི་དུས་ལས་འདས་ལགས ་ས་དང་ས་པ་རྗོས་དྷའིང་དོད་པ་དང་། དགེ་སློང་མ་དེ་དགཉིས་རྗེས་པ། ཐུ་མ་དག་བྱེད་ཅག་ཅི་བྱེད་པ་རྒྱར་བྱུང་བ.ལས་འདས་ཏེཐགས་མང་གོས་དང་བཅས་པས་རྗོངས་ནཱའི་ད། དེ་གཞིས་འདི་ག་གས་སྷོ། ་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་ཟེར་ནས་དདུང་སྲ་བརྐྱང་མ་ཕྱུང་ངོ་ཞེས་སྨྲས་པ་ན་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དུས་སུ་སྲ་བརྐྱང་མི་འབྱིན་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ ་ཀློང་མགང་ཞེས་བྱ་བ་ནི་སྔམ་དགའ་མོའོ། ། དུས་སུ་ཤེས་བྱ་བ་ནི་དབྱིང་ཐར་པའི་ཉེ་ལ་མ་བརྐྱང་འབྱིན་པའོ།། སྤང་པའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྐུར་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དགེ་སློང་མས་སྲ་བཏུང་དུས་སུ་འབྱིན་པར་མི་བྱེད་ན་ཐབས ་ཅང་དུ་སྤང་པའི་ལྟུང་བྱེད་དུ་འགྱུར་རོ། ། སྤང་བའི་ལུང་བྱེད་ཉི་ཤུ་གསུམ་པ་རྫོགས་སྷོ།། །། སྡོམ་ལ། མངོན་མཚན་ཅན་དང་སོ་སོ་དང་། དེ་ནི་ཡང་ཡང་འགྲོལ་བ་དང་། གོས་ཕྱིར་དངོས་པོ་གཞན་རེད་དང་། གནས་མལ་དང་ནི་དབྱར་ཁང་དང་།། བོ་མང་པོའི། ་ཕྱིར་རྙེད་དང་།། དགེ་འདུན་ཆེད་དུ་སློང་པ་དང་།། ལྕེ་ལ་ར་ནི་ཐང་ཆེ་བ་དང་།། ཡང་པ་དེ་ནི་ཐ་མ་ཡིན།། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་མཉན་ཡོད་ན་གསེར་མག ་ཞིག་ཡོད་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་སོ། ། དེ་ནས་དེ་ཁུ་འཕྲིག་ཅན་ཞིག་པས་ཆུང་མ་སར་པ་དེ་བག་མ་པར་འདོད་ནས་གསེར་གྱི་རྣ་ག་དུ་བ་ཅིག་བཞག་སྟེ་དབེན་པར་བསྡད་དོ།། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས ་བླངས་ཏེ་གསེར་མགར་གྱི་ཁྱིམ་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བག་མ་སར་པ་དེ་ལ་ནད་མེད་པར་གྱུར་ཅིག་ཅེས་བྱས་ནས་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེས་ཟས་ཁྱེ་ཞིག་བྱུང་བ་དང་། དེས་ཟས་བྱེ་དེ ་མཐོང་ནས་འདི་སྐད་ཅེས་ཁོ་བོ་ཁྱོད་ལས་ཐོག་མར་ཟས་ཕྱེ་ལེན་པ་ནི་མི་བཟང་སྟེ། མི་ཤེས་ཀྱིས་གསེར་གྱི་རྣ་གདུབ་དེ་བསྟན་ནས་འོན་བྱིན་ཅིག་ཅེས་སྨྲས་པ་དང་། དེས་སྣོམས་ཤིག་ཅེས་ཀྱང་མ་སྨྲས། མ་བསྣམས་ཤིག་ཅེས་ཀྱང་མ་སྤྲས་པ་ལས་དེས་དེ་བླངས ་ཏེ་དོང་ངོ་། ། དེ་ནས་མི་དེས་གསེར་གྱི་རྣ་གདུབ་དེ་མ་མཐོང་ངོ་།། མ་མཐོང་ནས་བག་སར་དེ་ལ་བརྡེག་པར་ཞུགས་པ་དང་། གཡས་གཡོན་འཁོད་པ་དག་གིས་འདི་སྐད་ཅེས་ཁྱོད་གནོད་མེད་ཅིང་མཉེས་པ་འདི་ལ་དབྱུག་པས་རྡེག་གམ། ཅི་གསེར་གྱི་རྣ་གདུབ་ནི་དགེ ་སློང་མ་པ་གིས་ཁྱེར་ཏེ་སོང་དོ་ཞེས་སྨྲས་པ་དང་། དེ་ནས་གསེར་མགར་གྱིས་སྦོམ་དགའ་མོ་གང་ན་བ་དེར་བརྒྱུགས་པ་ལས། དེ་ཡང་སྐྱེས་པ་དང་བུད་མེད་ཀྱི་རྐང་པའི་སྒྲ་ལ་མཁས་པ་ཡིན་པས། དེས་འཕྲིགས་ནས་གསར་གྱི་རྣ་གདུབ་ཁར་བཅུག་གོ། ཇི་ཙམ ་ན་མི་དེ་ཉེ་བ་དང་། མི་དེ་ལ་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། བུ་ཟན་མོའི་བུ་ཁོ་མོ་ཅག་རྒྱལ་པོས་བཙུན་མོའི་ཐབས་གནང་བར་ཁྱོད་ཀྱིས་མི་ཤེས་སམ། ཁོ་མོ་ལ་ལག་པས་མ་རེག་ཤིག། དེས་མགོ་རེག་མོ་ངན་པ་མོ་ཞེས་སྨྲས་ནས། དེས་དེ་ལ་ཁུ་ཚུར ་གྱིས་བསྣུན་ནས་ཁ་ནས་ཁྲག་བྱུང་བྱུང་དུ་ཏེ་བོར་བརྡེགས་སོ། ། དེ་ཡང་མིག་ཕུགས་སྤངས་ཤིང་དབྱར་ཁང་དུ་འོངས་པ་དང་། དགེ་སློང་མ་དེ་རྣམས་ཀྱིས་དྲིས་པ། འཕགས་མ་འདི་ཅི་ནོངས། དེ་ཁྲོས་ནས་འདི་སྐད་ཅེས་ཁྱེད་ཅག་ཕ་རོལ་མི་བདེ་བས་སྙིང ་ཚིམ་འམ་ཞེས་སྨྲས་ནས། གཏམ་དེ་ཡང་དགེ་སློང་མ་རྣམས་ལ་རྒྱས་པར་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལ་གསོལ་ཏོ་ཞེས་བྱ་བའི་བར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བའང ་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མངོན་མཚན་ཅན་སློང་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའམ། གཞན་ཡང་དེ་ལྟ་བུ་དང་འཐུན་པའོ།། མངོན་མཚན་ཅན་སློང་ན་ཞེས་བྱ་བ་ནི ་གསེར་རམ་དངུལ་ལོ། ། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་རང་གི་དོན་དུ་མངོན་མཚན་ཅན་སློང་ན་སྤང་བའི་ལྟུང་བྱེད་དོ།། གསེར་སློང་ན་སྤང་བའི་ལྟུང་བྱེད་དོ།། གང་ཡང་དགེ་སློང་མས་ཀྱི ་ཡང་རུང་བ་མ་ཡིན་པ་སློང་བ་ན་དེ་ཡང་སྤང་བའི་ལྟུང་བྱེད་དོ། ། སྤང་བའི་ལྟུང་བྱེད་ཉི་ཤུ་བཞི་པ་རྫོགས་སོ།། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་མཉན་ཡོད་ན་སྦོམ་དགའ་མོ་ཁྱིམ ་བདགག་ཆད་མ་རབ་ཏུ་མང་པོ་ལ་ཆོས་སྙན་བསྟན་པ་དག་སྟོན་ཏོ། ། དེའི་ཚེ་སྦོམ་དགའ་མོའི་ཆོས་གོས་ལྔ་ནི་རྙིངས། སྣམ་སྦྱར་ནི་དེངས་པ་དང་། དེ་ལ་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་གལ་ཏེ་འདི་འདྲ་བའི་ཆོས་འཆད་མཁྱེན་ན་ཁྱོད ་ཅིའི་སླད་དུ་ཆོས་གོས་སྙིང་པ་ལྔས་འཁྱམ་པར་མཛད། དེས་འདི་སྐད་ཅེས་སྨྲས་སོ།། ཅི་ཁོ་མོ་ལ་ཡང་ཁྱེད་བཞིན་དུ་ཁྱོད་དང་བུ་ལས་བྱེད་པ་དག་ཡོད་དམ། ཁོ་མོ་དགེ་སློང་མཁ་སྟེང་བསུ་ཡོད། དེ་ལ་དེ་དག་གིས་སྲུད་པ་དག་བསྟན་ནས་བདག་ཅག་གིས་སྐུད་པ་འདི ་འཕགས་མའི་སླད་དུ་གོས་སུ་འཐག་ཏུ་སྩལ་ནས་གསོལ་ལོ། ། དེས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཀྱིས་དགེ་སློང་མའི་གོས་ཇི་ལྟར་བྱ་བར་མི་ཤེས་པས་ཁོ་མོ་རང་གིས་བཏག་གོ་ཞེས་དེས་སྐུད་པ་དེ་ཁྱེར་ནས་ཆོད་པའི་མི་གངདན་བ་དེར་སོང་སྟེ་བྱིན་ནས། ཚོད་པའི་མིལ ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་ནང་རྗེ་ཁྱོད་སྤྱད་པ་འདི་ཇི་ཙམ་གྱིས་ཏོ།། ཉོས་ནས་ང་ཙམ་དུ་འཚོང་། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་བོ་ནི་འདི་ཙམ་གྱིས་ཉེས་ནས་ཁོ་བོ་ནི་འདིས་ཙམ་དུ་འཚོང་ངོ་།། དེས་འདི་སྐད་ཅེས་སྨྲས་སོ།། སྐུད་པ་འདི་ཁྱེར་ལ་ཁོ་མོ་ལ་རིན་བྱིན་ཅིག། ་ཚེ་པའི་མི་དེས་སྐུད་པའི་རིན་ཀར་ཤ་པ་ཎ་དག་བྱིན་ནོ།། དེ་ནས་སྦོམ་དགའ་མོ་དབྱར་ཁང་དུ་སོང་ནད་ཀར་ཤ་པ་ཎ་དེ་དག་ལས་ཁ་ཟས་དག་གཡོ་བར་བྱེད་དེ། ཀུན་དུ་གཡོས་པ་དང་། ལེགས་པར་གཡོས་པ་དང་། འབྲས་བུས་བརྒྱན་པ་དང་། ཚིལ་གྱི་བཻ་རེག་ང།། ་འབྲས་བུའི་བྲེ་རེག་དང་། རིམ་པ་བརྒྱ་པ་དང་། ནང་ཚངས་ཅན་དག་སྟེ། དེ་ལྟར་ཁ་ཟས་ཀྱིས་གཡོས་ཀྱི་སྣ་གྲངས་བཅཝ་བརྒྱད་པ་དང་། ཉི་ཤུ་པ་དག་བྱས་ཏེ་ཀར་ཤ་པ་ཎ་དེ་གཞག་མང་པོ་མ་ལོན་པར་ཟོས་སོ།། ཟོས་ནས་ཀྱང་ཡང་ཁྱིམ་བདག་གིས་ཆུང་མ་རྣམས ་ཀྱི་དྲུང་དུ་སོང་བ་དང་། དེ་ནས་ཁྱིམ་བདག་གི་ཆུད་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་གོས་དེ་བཏགས་ལགས་སམ། དེས་འདི་སྐད་ཅེས་སྨྲས་སོ།། དེ་ལ་གླ་ཡང་དགོས་སོ།། དེ་དག་གིས་གླ་ཡང་བྱིན་པ་དང་། ་དེ་ཡང་ཟོས་སོ།། དེ་བཞིན་དུ་འདྲུབ་པའི་དང་། ཚོན་རྩིའི་གླུ་ཡང་ཟོས་སོ།། དེ་ནས་སྦོམ་དགའ་མོ་ལ་ཡང་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཅིའི་སླད་དུ་ན་བཟའ་མི་བནབས། དེས་འདི་སྐད་ཅེས་སྨྲས་སོ།། རྗེས་སུ་ཡི་རང་བགྱིས ་ཤིག། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱེད་ཀྱིས་ཅི་ཞིག་དུ་བགྱིས། དེས་འདི་སྐད་ཅེས་སྨྲས་སོ།། གཏེར་དུ་སྦས་སོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། རེ་ཤིག་བདག་ཅག་ནི་བུ་དང་ཁྱེའུ་ཆེད་དུ་གཏེར་དུ་སྤྲད་ན། ཁྱོད་མུན་དི་ཏི་དང་རྒྱ་ཤུག ་ལྟར་གཅིག་པུ་ལགས་ན། སུའི་སླད་དུ་གཏེར་དུ་སྦས། དེས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག་ཅི་དོད་བརྐོས་ནས་གཏེར་དུ་སྦས་སྙམ། འོན་ཀྱང་ཁོ་མོས་ནི་ཁ་ཟས་ཀྱི་གཡོས་ཀྱི་སྣ་གྲངས་བཅཝོ་བརྒྱད་པ་དང་། ཉི་ཤུ་པ་དག་བྱས་ཏེ་ལག་མཐིལ་ནས་ལྐོག ་མར་བརྫངས་སོ། ། ལྐོག་མ་ནས་སའི་འོག་ཏུ་བོར་རོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་རེ་ཤིག་བདག་ཅག་ལ་བུ་དང་། སྡུམ་ཐབས་ལས་བགྱིད་པ་མཆིས་ཀྱང་བདག་ཅག་འདི་འདྲ་བའི་ཁ་ཟས་མི་འཚལ་ན། ཅིའི་སླད་དུ་ཁྱོད་རབ་ཏུ་བྱུང་བར་གྱུར ་པ་ཁ་ཟས་ཀྱི་རྣམ་པ་འདི་ལྟ་བུ་ལ་ལོངས་སྤྱོད་ལགས། དེས་འདི་སྐད་ཅེས་ཁོ་མ་ནི་ཤཱཀྱའི་བུ་མོ་ཤིན་དུ་གཞོན་པ་སྡེ་སྣོད་གསུམ་པ་ཡིན་ཏེ། ཁ་ཟས་ངན་པས་འཚོ་བར་མི་ནུས་སོ།། ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་ཐོས་ནས་དགེ་སློང་མ་རྣམས ་སྨོད་པར་བྱེད་དོ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གོས་ཀྱི་རྙེད་པ་སོ་སོ་བདག་བདག་གི་ཁའི་བཟའ་བར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོ་འམ། ་གཞན་ཡང་དེ་ལྟ་བུ་དང་འཐུན་པའོ།། སོ་སོ་བ་ཞེས་བྱ་བ་ནི་དངོས་པོ་གཞན་དག་གོ།། གོས་ཞེས་པ་ནི་བདུན་པོ་གང་ཡང་རུང་བའོ།། བདག་རང་གི་ཁའི་སྒོར་ཞེས་བྱ་བ་ནི་ལྐོག་མར་མེད་པའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར ་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ནུང་གོས་ཀྱི་རྙེད་པ་ལའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་ལྟུང་བྱེད་ཉི་ཤུ་ལྔ་པ་རྫོགས་སྷོ།། ཕྲེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་སྤོས་འཚོང་གི་བྱེར་ཞིག་ལ་ཆགས་པས ་དད་འ་ཚད་ཁང་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། ། བཞིན་བཟངས་སྒེའུ་གཤེར་གྱི་ཐུམ་པོ་ཆིངས་ཤིང་། ཇི་ཙམ་ན་འཆིད་པ་ལ་ཞུགས་པ་དང་། དེས་ཡང་འདི་སྐད་ཅེས་སྨྲས་སོ།། མ་ཡིན་མ་ཡིན་པི་པི་ལིང་གི་ཐུམ་པོ་ཆིངས་ཤིག། མ་ཡིན་མ་ཡིན་ན་ལེ་ཤམ་གྱི་ཐུམ་པོ ་ཆིངས་ཤིག། བུད་མེད་ནི་རྗེས་ངས་པ་ཡིན་པས་བུ་རམ་གྱི་ཐུམ་པོ་ཆིངས་ཤིག། མ་ཡིན་མ་ཡིན་ཤ་ཁ་རའི་ཐུམ་པོ་ཆིངས་ཤིག། མ་ཡིན་མ་ཡིན་བཅག་ཡུག་སྣུམ་གྱི་ཐུམ་པོ་ཆིངས་ཤིག། གང་གི་ཚེ་དེ་གཞན་འགྲོལ་ཞིང་གཞན་འཆིངས་པ་དེའི་ཚེ་སྤོས་འཚོང་གི་ཁྱེའུ་ཁྲོས ་ནས་ཐུབ་པ་དེ་བརྡབས་སོ། ། བརྡབས་ནས་འདི་སྐད་ཅེས་མགོ་དག་མོ་ངན་པ་ཞེས་སྨྲས་སོ།། དེས་བྷི་བཞིན་འབྱུང་པའི་དགེ་སློང་མས་སྨྲས་པ། ཁྱོད་ནུས་པ་འདིས་སྡེ་སྣོད་གསུམ་པོ་དག་ལེགས་པར་སྟོན་ནམ།། དེས་ཐུན་མོ་ཁོ་མོ་བརྗེད་སྙམའམ། དེ་ལྟ་མོད་ཀྱི་ཁོམ ་ཚིག་ཙམ་རང་གར་བྱེད་དོ། ། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་འདོད་ཆགས་ཀྱིས་བརྡེགས་ན་མི་འགས་ཤིང་། ཤིང་ཤོགས་རྡོ་ལྟ་བ་བཞིན་དུ་མི་འབར་བ་ངོ་མཚར་ཆེའོ།། ཞེས་སྨྲས་པ་ན་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང ་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སོང་མ་གང་བྲམ་པོ་བཅིངས་ཤིང་བཅིངས་ཤིང་ཡང་དང་ཡང་དུ་འགྲོལ་དུ་འཇན་སྤང་བའི་སྲུང་བྱེད་དོ།། ཡང་དགེ་སློང ་མ་ག་ཤེས་བྱ་བ་ནི་སྦོམ་དགའ་མོའོ། ། ཐུམ་པོ་བཅིངས་ཤིང་བཅིངས་ཤིང་། ཞེས་བྱ་བ་ནི་ཐོང་ངོ་དོ།། ཡང་དང་ཡང་དུ་འགྲོལ་དུ་འཇུག་ན་ཞེས་བྱ་བ་ནི་གཞན་དང་གཞན་ནོ།། སྦྱང་བའི་སྲུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྦྱང་བར་ཇི་ལྟར ་འགྱུར་ཤེ་ན། དགེ་སློང་མས་རྡི་ཙམ་ཅུང་ཟད་ཆགས་པས་ཐུམ་པོ་བཅིངས་ཤིང་བཅིངས་ཤིང་འགྲོལ་དུ་འཇུག་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་སྲུང་བྱེད་ཉི་ཤུ་དྲུག་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྡོ་ཤམ། ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་བཙུན་མོ་ཕྲེང་ལྡན་མའི་ཕོ་བྲང་གང་ན་བ་དེར་སོང་བ་དང་། བཙུན་མོ་ཕྲེང་ལྡན་མས་རྒྱད་རིང་པོ་ཁོ་ན་ནས་སྦོམ་དགའ་མོ་འོང་བ་མཐོང་ངོ་།། མཐོང་ནས་ཀྱང་སྟན་ཤོམ་དུ་བཅུག་གོ། དེ་ནས་སྦོམ་དགའ་མོ་སྟན ་བཤམས་པ་ཉིད་ལ་འདུག་སྟེ། འདུག་ནས་བཙུན་མོ་འཕྲེང་ལྡན་མ་ཚེས་མཉན་ཅིང་སྙན་པ་བཤད་དོ།། དེའི་ཚེ་སྦོམ་དགའ་མོའི་ཆོས་གོས་སྨད་ལྔ་རྙིངས། སྔམ་སྦྱར་ཡང་དེ་ངས་སོ།། དེ་ནས་དགེ་སློང་མ་སྦོམ་དགའ་མོ་ལ་བཙུན་མོ་འཕྲེང་ལྡན་མས་འདི་སྐད ་ཅེས་སྨྲས་སོ། ། འཕགས་མ་ཁྱོད་ཀྱི་ཆོས་གོས་རྣམས་རྙིངས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། བཙུན་མོ་ཅི་བདག་ལ་གསུས་པོ་ཆེ་ཁང་བགྱིད་དམ། འོན་ཏེ་ཡུལ་ཀ་ཤི་དང་། ཀོ་ས་ལ་བདོག། གཞན་ཡང་བཙུན་མོ་བུད་མེད་ནི་རྙེད་པ་ཆུད་པ་ལགས་སོ།། དེ་ནས ་བཙུན་མོ་ཕྲེང་ལྡན་མས་དགེ་སློང་མ་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་ལ་བདག་གིས་ཆོས་གོས་ལྔ་དབུལ་ལོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱིས་དགེ་སློང་མའི་ཆོས་གོས་དག་འཚེམ་མི་མཁྱེན་ཏེ། དེ་ལྟ་མོད་ཀྱི་བདག་ཉིད་ཀྱིས་བཙེམ་མོ།། དེས་དེ ་ལ་ཆོས་གོས་ལྷའི་རྒྱུར་རིན་ཆེ་བའི་རས་ཡུག་པོ་ཆེ་དག་བྱིན་ནོ། ། དེས་དེ་བླངས་ཏེ་ཚེང་པའི་དྲུང་དུ་སོང་ནས་བཙོངས་ཏེ་ཞེས་བྱ་བ་ནས། ཁ་ཟས་ཀྱི་རྣམ་གྲངས་བཅཝོ་བརྒྱད་པ་དང་། ཉི་ཤུ་པ་དག་བྱས་ནས་ཟོས་སྔར་ཡང་སོང་བ་དང་ཞེས་བྱ་བ་ནས་འདུབ་པའི་དང་། ཚོན་རྩིའི ་གླ་ཡང་ཟོས་སོ། ། དེ་ནས་སྦོམ་དགའ་མོ་ལ་བཙུན་མོ་འཕྲེང་ལྡན་མས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད་ཅིའི་སླད་དུ་ཆོས་གོས་དེ་དག་མི་བནབས། དེས་འདི་སྐད་ཅེས་སྨྲས་སོ།། བཙུན་མོ་གཏེར་དུ་སྦས་ལགས་ཀྱིས། རྗེས་སུ་ཡི་རང་བ་མཛོད་ཅིག། དེ་ནས ་སྦོམ་དགའ་མོ་ལ་བཙུན་མོ་ཕྲེང་ལྡན་མས་འདི་སྐད་ཅེས་སྨྲས་སོ། ། ཁོ་མོ་ཡུལ་ཀ་ཤི་དང་། གོ་ས་ལ་ཡོད་ཀྱང་གཏེར་མི་འཆའོ་ཞེས་བྱ་བ་ནས། རྣམ་གྲངས་བཅཝོ་བརྒྱད་པ་དང་། ཉི་ཤུ་པ་དག་བགྱིས་ཏེ་ལག་མཐིལ་ནས་ལྐོག་མར་བརྫངས་སོ་ཞེས་བྱ་བ་ནས་བདག་ནི ་སྡེ་སྣོད་གསུམ་པ་ལགས་སོ། ། ཞེས་བྱ་བའི་བར་རོ།། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གདགོས་ཀྱི་ཕྱིར་དངོས་པོ་གཞན་རྙེད་པ་རང་གི་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་སྔར ་བའི་ལྟུང་བྱེད་བྱེདདོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དངོས་པོ་གཞན་ཞེས་བྱ་བ་ནི་གཞན་དུ་བསྔོས་པའོ།། གོས་ཀྱི་རྙེད་པ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། ཁའི་སྒོ་ཞེས་བྱ་བ་ནི་ལྐོག་མར་མེད་པའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན ་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དགེ་སློང་མས་དངོས་པོ་གཞན་རྙེད་པ་དེ་བའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་ལྟུང་བྱེད་ཉི་ཤུ་རྩ་བདུན་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ ་དགའ་མོ་རང་གི་དབྱར་ཁང་ག་གནས་མལ་གྲུབས་ཤིང་ཆགས་པ་དང་། དེ་ལ་བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱིས་གནས་མལ་གྲུབས་ཤིང་ཆག་པ་དག་ཅིའི་སླད་དུ་མ་བཅོས། དེས་འདི་སྐད་ཅེས་སྨྲས་སོ།། ཅི་ཁོ་མོ་ལ་བུ་དང་ཁྱིམ ་ཐབ་ལས་བྱེད་པ་ཡོད་སྙམ་འམ། དེ་དག་གི་གནས་མལ་བཅོས་པའི་ཕྱིར་ཀར་ཤ་བ་ཎ་མང་པོ་བྱིན་ནོ།། ཞེས་བྱ་བ་ནས་དེས་ཁཟས་ཀྱི་རྣམ་གྲངས་བཅོ་བཅད་པ་དང་། ཉི་ཤུ་བ་དག་བྱས་ཏེ་ཟོས་སོ་ཞེས་བྱ་བའི་བར་རོ།། ཡང་གྲགས་ཤིང་ཆག་པ་མཐོང་ནས་ཞེ་གྱ ་གནས། འདི་སྐད་ཅེས་ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མག་སྨོད་པར་བྱེད་པའི་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་ཁང་གི་གནས་མལ་གྱི་རྙེད་པ་རང་གི་ཁའི་བཟའ ་བར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གནས་མལ་གྱི་རྙེད་པ་ཞེས་བྱ་བ་ནི་གདིང་བ་དང་གཡོག་པ་བཏགས་པ་འམ་ཡིན་ནོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར ་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དབྱར་ཁང་གི་རྙེད་པ་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། སྤང་བའི་སྐུད་བྱེད་ཉི་ཤུ་བརྒྱད་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཆེས་བརྒྱད་དང་། བཅཝ་ལྔ་དག་ལ་ཁྱིམ་བདག ་གི་ཆུང་ས་རབ་ཏུ་མང་པོ་ཆོས་ཉན་པའི་ཕྱིར་དབྱར་ཁང་དུ་འོངས་པ་དང་། དེ་ནས་མཚན་མོ་ཚར་བབ་པས་དབྱར་ཁང་ཐམས་ཅད་ཐིགས་པ་འཛག་པར་གྱུར་ཏོ།། དེ་ནས་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས ་མཔྱོད་ཀྱིས་ཅིའི་སླད་དུ་དབྱར་ཁང་མི་བཅོས། དེས་འདི་སད་ཅེས་ནི་ཁོ་མོའི་ཁྱིམ་ན་ཡང་བུ་དང་ཁྱིམ་ཐབ་ཡོད་སྙམ་ཞེས་སྨྲས་པ་དང་། དེ་དག་གིས་དབྱར་ཁང་བཅོས་པའི་ཕྱིང་ཀར་ཤ་བ་ཎ་བདག་བྱིན་ཏེ། དེས་བཟས་ཀྱི་རྣམ་གྲང་པ་བརྡོ་བརྒྱད་པ་དང་ཉི་ཤུ ་བདག་བྱས་ནས་ཟོས་སོ་ཞེས་བྱ་བ་ནས། ཡང་ཐིགས་པ་འཛག་པ་མཐོང་ནས་ཞེས་བྱ་བའི་བར་རོ།། དེ་དག་གིས་སྨྲས་པ། འཕགས་མ་དབྱར་ཁང་མ་བཅོས་སམ་ཞེས་བྱ་བའི་བར་དུ་སྟེ། དེས་འདི་སྐད་ཅེས་ཁོ་མོ་ནི་སྡེ་སྡོད་གསུམ་པ་ཡིན་ནོ།། ཞེས་བྱབ་འ་བར་དུ ་སྨྲས་པན། དོན་ནུང་བའི་དགེ་སློང་མ་དག་སྐྲོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སུམ་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་ཡང་བཅོས་པའི་རྙེད་པ་བདག་ཉིད་ཀྱི་བའི་སྒོར་བྱིན་གྱིས་རབ་པར་བྱེད་ན་སྤང་བ ་སྲུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དབྱར་ཁང་ཞེས་བྱ་བ་ནི་གཙུག་ལག་ཁང་ངོ་དོ།། རྙེད་པ་ཞེས་བྱ་བ་ནི་གསེར་དང་དངུལ་འམ། གཞན་ཅི་ཡང་རུང་བའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློ ་མས་ཇི་ཙམ་ཅུང་ཟད་དབྱར་ཁང་བཅོས་པའི་རྙེད་པ་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། ། སྤང་བའི་ལྟུང་བྱེད་ཉི་ཤུ་དགུ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ལྗོངས་ཤིག་ནས་དགེ་སློང་མ་རབ་ཏུ་མང་པོ་མཉན་ཡོད་དུ་ལྷགས་པ་དང་། དེ་དག ་གི་བྱིར་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ཆུང་མས་རྙེད་པ་མངང་གཏང་ནས་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་གདུགས་ཚོད་མཛོད་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འདི་ལྟ་ཉུངས་ཀྱིས་ཡང་དང་ཡང་དུ་སྔོན་ཅིག། དེ་དག་གིས་ཡང་དང་ཡང་དུ་བྱིན་ནས་ཀྱང་དེ ་དག་གིས་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་གདུགས་ཚེད་བགྱི་བའི་དུས་ནི་འདི་ལགས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ད་དུང་ཟན་བྱ་བའི་དུས་ལ་མ་བབ་པོ། གང་གི་ཚེ་དགེ་སློང་མ་དེ་རྣམས་ལྗོངས་དག་ཏུ་དོང་བ་དེའི་ཚེ་དེས་རྙེད་པ་དེ་ལས་རྣམ་གྲངས་བཅཝ་བརྒྱད་པ་དང་། ཉི་ཤུ ་པའི་བར་དག་བྱས་ཏེ་ཟོས་སོ་ཞེས་བྱ་བ་ནས། ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་རོ།། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང ་གློ་བུར་དུ་ལྷགས་པའི་དགེ་སློང་མ་རྣམས་ཀྱི་ཕྱིར་རྙེད་པ་བསླངས་ཏེ། གཅིག་པུ་ཅན་སྤང་པའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དག་མོའོ།། གློ་བུར་དུ་ལྷགས་པའི་དགེ་སློང་མ་རྣམས་ཀྱི་ཕྱིར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ས་རྣམས་སོ།། རྙེང་པ ་ཞེས་བྱ་བ་ལ་རྙེད་པ་ནི་གཉིས་ཏེ། ཟོས་ཀྱི་རྙེད་པ་དང་། གོས་ཀྱི་རྙེད་པའོ།། དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོངས་སོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དགེ་སློང་མས་གློ་བུར་དུ་ལྷགས་པའི་དགེ་སློང་མ་རྣམས ་ཀྱི་ཕྱིར་རྙེད་པ་ཡོད་པ་གཅིག་པུ་ཟ་བར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། ། སྤང་བའི་ལྟུང་བྱེད་སུམ་བཅུ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་སྦོམ་དགའ་མོས་དགེ་འདུན་མའི་ཕྱིར་ཟས་དག་ཡང་དག་པར་སྐུལ་བར་བྱེད་པ་ན། དེ ་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་ཅིའི་སླད་དུ་དགེ་འདུན་མའི་ཟས་ཀྱི་རྙེད་པ་མི་བགྱི། འདི་ལྟར་ཉུངས་སོ་ཞེས་ཡང་དང་ཡང་དུ་བླངས་ནས་གཅིག་པུས་ཀུན་ཏུ་གཡོས་པ་དང་། ལེགས་པར ་གཡོས་པ་ནས། རྣམ་གྲངས་པཅཝ་བརྒྱད་པ་དང་། ཉི་ཤུ་པ་དག་གི་བར་དང་བྱས་ཏེ་ཟོས་སོ་ཞེས་བྱ་བ་ནས། རྗེས་སུ་ཡི་རང་བར་གྱིས་ཤིག། ཅེས་བྱ་བ་དང་། ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་རོ།། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི ་ཞེས་བྱ་བ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་གྱི་ཕྱིར་རྙེད་པ་བསླངས་ཏེ་བདག་ཉིད་ཀྱི་ཁ་ལ་བཟའ་བར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྤོང ་དགའ་མོའོ། ། དགེ་འདུན་མའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མའི་འོ།། རྙེད་པ་ཞེས་བྱ་བ་ལ་རྙེད་པ་ནི་གཉིས་ཏེ། ཟས་ཀྱི་རྙེད་པ་དང་། གོས་ཀྱི་རྙེད་པའོ།། དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོངས་སོ།། བསླངས་ཏེ་ཞེས་བྱ་བ་ནི་ཕ་རོལ ་ལས་སོ། ། ཁའི་ཞེས་བྱ་བ་ནི་ཁའི་བཟའ་བར་རོ།། བྱིན་གྱིས་རློབ་པར་བྱེད་ན་ཞེས་བྱ་བ་ནི་ལྐོག་མར་མིད་པར་རོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་མའི་རྙེད་པ་བདག་ཉིད་ཀྱི་ཁའི་སྒོར ་བྱིན་གྱིས་རློབ་པར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། ། སྤང་བའི་ལྟུང་བྱེད་སུམ་བཅུ་གཅིག་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཡུལ་ལུས་འཕགས་ཀྱི་རྒྱལ་པོས་ལ་བ་རིན་པོ་ཆེ་ཞིག་རྒྱལ་པོ་གསལ་རྒྱལ་ལ་སྐྱེས་སུ ་བསྐུར་བ་ལས། དེས་རྒྱལ་རིགས་ཉམས་པའི་དམག་མི་རྣམས་ལ་བྱིན་ནོ།། དེ་རྣམས་ཀྱིས་ཀྱང་ཆོས་སྦྱིན་ནི་དག་ཅག་གི་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་ལ་བ་རིན་པོ་ཆེ་དེ་དེ་ལ་བྱིན་ནོ།། དེས་ཀྱང་ལ་བ་རིན་པོ་ཆེ་ཆོས་གོས་ཀྱི་གདིང་ལ་གཟར་ཏེ་བཞག་གོ།། གཙུག ་དགའ་མོ་གནས་ཁང་དུ་ཞུགས་པས་མཐོང་ནས། དེས་ཆོས་སྦྱིན་ལ་དྲིས་པ། འཕགས་མ་ལ་བ་རིན་པོ་ཆེ་འདི་སུའི་ལགས། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོའི་ཡིན་ནོ།། དེ་ནས་གཙུག་དགའ་མོས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་བསོད་ནམས ་དག་ནི་བྱ་སྟེ། བསོད་ནམས་མ་བྱས་སྡུག་བསྔལ་འགྱུར། འཇིག་བརྟེན་འདི་དང་ཕ་རོལ་དུ། བསོད་ནམས་བྱས་པ་དགའ་བར་འགྱུར།། ཞེས་གསུངས་པ་ནི་ཐོག་ཏུ་བབ་སྟེ། ཁྱེད་ནི་བསོད་ནམས་བགྱིས་པས་ལྷ་དང་མིས་མཆོད་པར་གྱུར་ཏོ།། དེ་ནས་ཆོས་སྦྱིན་གྱིས ་གཙུག་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། ། གལ་ཏེ་འདོད་ན་ཁྱེར་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འདི་ནི་ལྷའི་ཕམ་ཕབས་ལགས་སོ་ཞེས་བྱས་ནས་ལ་བ་རིན་པོ་ཆེ་དེ་བླངས་ཏེ་གོས་ནས་ལག་པ་གཉིས་བསྒྱུར་བ་བྱས་ཏེ། ལམ་པོ་ཆེ་དང་སྲད་དུ་འཁྱམ་པ་ན། དེ་ཟམ་ཟེ ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་འདི་སྐད་ཅེས་སྨྲས་སོ། ། ཕ་བའི་སུ་ཞིག་ཡིན་ཅི་ནོར་ཅན་གྱི་ཆུང་མ་འམ། ཚོད་དཔོན་གྱི་ཆུང་མ་འམ། དེད་དཔོན་གྱི་ཆུང་མ་ཞིག་ཡིན། གཞན་དག་གིས་འདི་སྐད་ཅེས་སྨྲས་སོ།། གཙུག་དགའ་མོ་ཡིན་ནོ།། བལྟས་ནས་ཤེས་ལྡན ་དག་ཟམ་ཟེ་དང་ཁྱིམ་བདག་གི་ཆུང་མ་གང་ཡིན་པ་དེ་དག་ཀྱང་ལྕི་ལ་རིན་ཆེ་བའི་གོས་དག་གྱོན་ལ། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་མ་འདི་དག་ཀྱང་ལྕི་ལ་རིན་ཆེ་བའི་གོས་དག་གྱོན་ན་ཁྱད་པར་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད་ཅེས་སྨོད་པར་བྱེད། ཕྱར ་ཀ་གཏོད་པར་བྱེད། ཁ་ཟེར་བར་བྱེད་དོ་ཞེས་བྱ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན ་འདས་ཀྱིས་གཙུག་དགའ་མོ་ལ་མེད་པར་མཛད་དེ། དགེ་སློང་མ་ཁྱེད་ཀྱིས་འདི་ལྟ་བུ་མཛེས་པ་མ་ཡིན་པ་བྱས་པ་བདེད་ནམ། བཅོམ་ལྡན་འདས་མང་ལགས་སོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཙུག་དགའ་མོ་ལ་དགེ་སྦྱོང་མའི་ཚུལ་མ་ཡིན་པ་དང་། རུང་བ་མ་ཡིན ་བ་དང་། མཛེས་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་གཉིས་ཀའི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་དག་བུད་མེད་ནི་ཁ་ཟས་དང་འདྲ་སྟེ། རི་ཤིག ་གོས་བཟང་པོ་མེད་ན་ཡང་འདོད་པར་བྱ་བ་ཡིན་ནོ། ། གོས་བཟང་པོ་གོས་ན་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་ཐམས་ཅད་ནི་ལྕེ་ལ་རིན་ཆེ་བའི་གོས་འཆང་པ་ལས་གྱུར་ཏོ་སྙམ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དགེ ་ཀློང་མ་གང་ཅི་ལ་རིན་ཆེ་བའི་གོས་འཆར་ན་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གཙུག་དག་བ་མོའོ།། ལྕི་པ་ཞེས་བྱ་བ་ནི་དབུན་གྱི་བགོ་ཅིའི།། རིན་ཆེ་བ་ཞེས་བྱ་བ་ནི་ཀར་ཤ་གཎ་ཉི་ཤུའམ། ཉི་ཤུ་རྩ་ལྡར་བའོ།། བཆད་ན་ཞེས་བྱ་བ་ནི་ཅོན་ནོའོ།། སྤང་བའི་སྲུང་བྱེད་དོནས ་བྱ་བ་ནི་སྔམ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྐྱིལ་རིན་ཆེ་བའི་གོས་འཆད་ན་ཐམས་ཅད་དུ་སྤྱད་པའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་ལྟུང་བྱེད་སུམ་ཅུཅུ་གཉིས་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནནོ།། དེའི་ཚེ་ཡུལ་ཀ་ལི་ཀའི ་རྒྱལ་པོས་སེང་རས་རིན་ཆེ་བཞིག་རྒྱལ་པོ་གསལ་རྒྱལ་ལ་སྐྱེས་སུ་བསྐུར་བ་ལས། དེས་རྒྱལ་རིགས་ཉམས་པའི་དམག་མི་རྣམས་ལ་བྱིན་ནོ།། དེ་རྣམས་ཀྱིས་ཀྱང་ཆོས་སྦྱིན་ནོ་བདག་ཅག་གི་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་དེ་ལ་བྱིན་ནོ།། དེས་དེ་བླངས་ཏེ་ཆོས་གོས་ཀྱི ་གདང་ལ་གཟར་ཏེ་བཞག་གོ། ། གཙུག་དགའ་མོ་ཡང་གནས་ཁང་དུ་ཞུགས་པ་ན་མཐོང་ནས་དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སེད་རས་འདི་སུའི་ལགས། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོའི་ཡིན་ནོ།། དེ་ནས་གཙུག་དགའ་མོས་ཆོས་སྤྲིན་ལ་འདི་སྐད་ཅེས་སྨྲས་སོ།། ་ཁྱོད་ནི་བསོད་ནམས་བགྱིས་པས་ལྷ་དང་མིས་མཆོད་པར་གྱུར་ཏེ། ཁྱོད་ལ་དཔྱིང་ཀའི་གོ་བ་འདི་ལྟ་བུ་མདའ་འོ།། དེས་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་འདོད་ན་ཁྱེར་ཅིག། དེ་ནས་འདི་སྐད་ཅེས་སྨྲས་སོ།། ལྷའི་ཐམ་ཐབས་སུ་མི་འཚལ། དེ་ནས་ཆོས་སྤྲིན་གྱིས་སེང་རས ་གདུག་དགའ་མོ་ལ་བྱིན་ནོ། ། དེས་དེ་བགོས་ཏེ་བགོས་ནས་སྲང་དུ་ཞུགས་ན་དེའི་ལུས་གཡོགས་ཀྱང་སྒྲེན་མོ་འདྲ་བར་སྣང་ངོ་།། དེ་ནས་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་གཙུག་དགའ་མོ་རྒྱང་རི་བོ་ཁོ་ན་ནས་འོང་བ་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། བ་བཻ་མུ་ཞིག་ཡིན། ་ནོར་ཅན་གྱི་འམ། ཚོང་དཔོན་གྱི་འམ། དེད་དཔོན་གྱི་བུ་མོ་ཞིག་འོངས་པར་གྱུར་ཏམ། གཞན་དག་གིས་འདི་སྐད་ཅེས་སྨྲས་སོ།། དགེ་སློང་མ་གཙུག་དགའ་མོ་ཡིན་ནོ།། དེ་རྣམས་ཀྱིས་བལྟས་ནས་འདི་སྐད་ཅེས་སྨྲས་སོ།། འདི་ལྟ་སྟེ། སེང་རས་གྱོན་པ་འདི་ནི་དགེ་སློང་མ་རྣམས ་ལ་མཛེས་པ་མ་ཡིན་ནོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པ་ནི་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་རྒྱས་པར་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། ནབས་ཡིད་ལ་ངའི་ཉན་ཐོས་མ་རྣམས་ཀྱིས་རྣམ་པར་ཤེས་པར་འགྱུར་བ་དང་། ངས་བསླབ་པའི་གཞི་ལེགས་པར་བཅས་པར་འགྱུར་བར་བྱ་བའི་ཕྱིར་གཉི་གའི་དགེ་འདུན་བསྡུ་བ་མཛད་དོ།། སངས་རྒྱས་བཅོམ་ལྡན་འདས ་ནམས་ནི་མཁྱེན་བཞིན་དུ་མེད་པ། མི་མཁྱེན་པར་མ་ཡིན་གྱི་མཁྱེན་བཞིན་དུ་རྨེད་པར་ཡིན་པས་ཞེས་བྱ་བ་ནས། དགེ་སློང་མ་ཁྱོད་ཀྱིས་མཛེས་པ་མ་ཡིན་པ་འདི་ལྟ་བུ་བྱས་པ་བདེན་ནམ་ཞེས་བྱ་བའི་བར་རོ།། བཙུན་པ་མེད་དོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྨད་པར ་མཛད་དེ། དགེ་སློང་མ་དག་བུད་མེད་ནི་ལེགས་པར་སྦས་ཀྱང་མཛེས་པ་མ་ཡིན་ན། མ་སྦས་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་ནས། དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མདག་དེས་པ་ན་ཡོན་བཅུ་ཡང་དག་པར་རྗེས་སུ་གཟིགས་ནས ་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དེ། འདི་ལྟ་སྟེ། དགེ་འདུན་ཡང་དག་པར་བསྡུ་བའི་ཕྱིར་དང་ཞེས་བྱ་བ་ནས་ལྷ་དང་མིའི་བར་ལ་ཡང་དག་པར་ལེགས་པར་རབ་ཏུ་བཤད་པར་འགྱུར་བའི་བར་རོ།། ཡང་ངའི་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ ་པའི་གཞི་འདི་སྐད་ཅེས་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་ཡང་ལ་རིན་ཆེའིགོས་གྱོནན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ།། གོས་ཡང་ལ་ཞེས་བྱ་བ་ནི་སེང་རས་སོ།། རིནི་ཆེ་བ་ཞེས་བྱ་བ་ནི་ཀར་ཤ་ག་ཎ་ཏི་གུ་བའམ། ཀར་ཤ་ཤི ་ཉི་ཤུ་རྩ་ལྔ་རི་བའོ། ། སྤང་བའི་ལྟུང་བྱེད་དོ་གོས་བྱ་བ་ནི་གོང་མ་བཞིན་དོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་སེར་རས་གྱོན་ན་སྤང་བའི་ལྟུང་བྱེད་དོ།། སྣ་ཚོགས་སུ་བཀྲ་བར་གྱོན་ནས། གྲིབ་མོ་གྱོན་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། ལས་དང་པོ་པ་ལས་སོགས་པ ་ལ་ན་ལྟུང་བ་མེད་དོ། ། སྤང་བའི་སྙིང་བྱེད་སུམ་ཅུ་གསུམ་པ་རྫོགས་སོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས་སྤང་བའི་ལྟུང་བྱེད་རྣམས་རྫོགས་སྷོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་ལྔ་པ། དེ་ནི་སྲུང་བྱེད་རྣམས་སྒྲུབར་བྱེདསྟེ། བསྡུས ་པའི་སྡོས་ནི། ཤེས་བཞིན་དང་ནི་ས་བོན་དང་། དེ་བཞིན་ཁུར་བ་ཉིད་དང་ནི།། ཐལ་མོ་རྡེབས་དང་ཕྱེད་བསམས་དང་། རྐུན་མ་བདེ་ཆེན་ཉིད་དང་དོ།། སྡོམ་ནི། ཤེས་བཞིན་དང་ནི་སྐྱོན་ནས་འདྲ།། ཕྲ་མ་དང་ནི་སྐྱེ་སྔོགས་དང་།། སྐྱེས་པ་ལ་སྟོན་ཆོས་དང་ནི།། ཡིད་འོང་བསླབ་པ་ཁྱད་གསོད ་པའོ། ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་ཤེས་བཞིན་དུ་དགེ་སློང་མ་རྣམས་བརྫུན་སྨྲ་བས་འགྲོ་འཚམ་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྤྱོད་པར ་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཤེས་བཞིན་དུ་བརྫུན་དུ་སྨ་ན་ལྟུང་བྱེད་དོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་དཔྱད་ནས་སོ།། བརྫུན་སྨན་ཞེས་བྱ་བ ་2བརྫུན་དུ་སྨྲ་བ་ནམ་པ་བརྒྱད་ཀྱང་ཡོད། བརྙན་ས་སླབ་རྣས་པ་བདུན་ཡང་ཡད། བརྫུད་དུ་སྨྲ་བ་རྣམ་པ་དྲུག་ཀྱང་ཡོད། བརྫུན་དུ་སྨྲ་བ་ནམ་པ་ལྔ་ཡང་ཡོད། བདུན་དུ་སྨྲ་བ་རྣམ་པ་བཞི་ཡང་ཡོད། བདུན་དུ་སྨྲ་བ་ནས་པ་གསས་ཡང་ཡོད། བདུན་དུ་སྨྲ་བ་རྣམ་པ་གཉིས་ཀྱང་ཡོ། ་དོ། བརྫུན་དུ་སྨྲ་བནས་པ་བརྒྱད་གང་ཞེ་ན། གཞི་མེད་པར་བས་བམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སར་བཤགས་པར་བྱ་བ་དང་། ཉེས་བྱས་དང་། གཞི་མེད་པར་མཐོང་བ་དང་། ཐོབ་པ་དང་། དོག་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་བརྒྱད་ཡིན་ནོ།། ་བདུན་དུ་སྨྲ་བ་རྣམ་པ་བདུན་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྷ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་ཉམས་པ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་བདུན་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམས ་དྲུག་གང་ཞེ་ན། དགེ་སློང་མ་བརྫུན་དུ་སྨྲ་བར་འདོད་པ་འདི་སྙམ་དུ་བརྫུན་དུ་སྨྲ་བར་བྱའོ་སྙམ་པ་དང་། བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་སོ་སྙམ་པ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་དྲུག ་ཡིན་ནོ། ། བརྫུདུན་དུ་སྨྲ་བ་རྣམ་པ་ལྔ་གང་ཞེ་ན། གཞི་མེད་པར་ཕས་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་པ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱིས་ཏེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་ལྔ་ཡིན།། རྫུན་དུ་སྨྲ་བ་རྣམ་པ་བཞི་གང་ཞེ་ན། གནི ་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་བཞི་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་གསུམ་གང་ཞེ་ན། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི་བརྫུན་དུ ་སྨྲ་བ་རྣམ་པ་གསུམ་ཡིན་ནོ། ། གཞན་ཡང་བརྫུན་དུ་སྨྲ་བ་རྣམ་པ་གསུམ་སྟེ། བརྫུན་སྨྲ་བར་འདོད་པ་ན་འདི་སྙམ་དུ་བདག་གིས་བརྫུན་སྨྲ་བར་བྱའོ་སྙམ་པ་དང་། སྨྲ་བ་ན་འདི་སྙམ་དུ་བདག་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་པ་ན་འདི་སྙམ་དུ་བདག་གིས་བརྫུན ་སྨྲས་སོ་སྙམ་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམས་པ་གསུམ་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་གཉིས་གང་ཞེ་ན། བརྫུན་སྨྲ་བ་ན་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་པ་ན་འདི་སྙམ་དུ་བདག་གིས་བརྫུན་སྨྲས་སོ་སྙམ་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་གཉིས ་ཡིན་ནོ། ། བརྫུན་དུ་སྨྲ་བ་ལ་རྣམ་པ་གཅིག་པུ་འབའ་ཤིག་ནི་མེད་དོ།། བརྫུན་དུ་སྨྲ་བ་ཕས་ཕམ་པར་འགྱུར་བ་ཡང་ཡོད། བརྫུན་དུ་སྨྲ་བ་དགེ་འདུན་ལྷག་མར་གྱུར་པ་ཡང་ཡོད། བརྫུན་དུ་སྨྲ་བ་སྦོམ་པོར་འགྱུར་བ་ཡང་ཡོད། བརྫུན་དུ་སྨྲ་བ་ལྟུང་བྱེད་དུ་འགྱུར་བ་ཡང་ཡོད།། བརྫུན་དུ ་སྨྲ་བ་ཉེས་བྱས་སུ་འགྱུར་བ་ཡང་ཡོད། བརྫུན་དུ་སྨྲ་བ་པས་ཕམ་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་མེའི་ཆོས་བླ་ན་མེད་པ་བཞིན་དུ་སྨྲ་བ་སྟེ། འདི་ནི་བརྫུན་དུ་སྨྲ་བ་ཕས་ཕམ་པར་འགྱུར་བ་ཡིན་ནོ།། བརྫུན་དུ་སྨྲ་བ་དགེ་འདུན་ལྷག་མར་འགྱུར་བ ་གང་ཞེ་ན། འདི་ལྟ་སྟེ་ཡང་དགེ་སློང་མས་གཞི་མེད་པར་དགེ་སློང་མ་དག་པ་ལ་ཐ་ས་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པ་སྟེ། འདི་ན་བརྫུན་དུ་སྨྲ་བ་དགེ་འང་ན་ལྷག་མར་འགྱུར་བ་ཡིན་ནོ།། བརྫུན་དུ་སྨྲ་བ་སྦོམ་པོར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ་ཡང་དགེ་སློང་མས ་ཆེད་དུ་བསམས་ཏེ་དགེ་འདུན་གྱི་ནང་དུ་ཆོས་མ་ཡིན་པ་ལ་ཆོས་དང་། ཆོས་ལ་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ལ་འདུལ་བ་དང་། འདུལ་བ་ལ་འདུལ་བ་མ་ཡིན་པར་སྟོན་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་སྦོམ་པོར་འགྱུར་བ་ཡིན་ནོ།། བརྫུན་དུ་སྨྲ་བ་ལྟུང་བྱེད་དུ་འགྱུར་བ ་གང་ཞེ་ན། འདི་ལྟ་སྟེ་ཡང་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་ཤེས་བཞིན་དུ་བརྫུན་སྨྲ་བས་ཐོ་འཚམ་པར་བྱེད་པ་སྟེ། འདི་ནི་བརྫུན་དུ་ཟླ་བསྐུར་བྱེད་དུ་འགྱུར་བ་ཡིན་ནོ།། བརྫུན་དུ་སྨྲ་བ་ཉེས་བྱས་སུ་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ་ཡང་དགེ་སློང་མས་གསོ་སྦྱོང་བཅཝ་ལྔ་པ་དེ་ཉིད ་བ་སོ་སོ་ཐར་པའི་མདོ་འདོན་པས་ཅི་འདི་ནི་ཡོངས་སུ་དག་གམ་ཞེས་དྲིས་པ་ན་དེ་ཡོངས་སུ་མ་དག་བཞིན་དུ་ཅང་མི་སྦུབས་དང་དུ་ལེན་པ་སྟེ། འདི་ནི་བརྫུན་དུ་སླུ་བ་ཉེས་བྱས་སུ་འགྱུར་བ་ཡིན་ཏེ། དེ་ལ་རྣམ་པ་བཞི་མ་གཏོགས་པ་དེ་ལས་གཞན་པའི་བརྫུན་གང་ཡིན་པ་དེ་ཐམ ་ཅད་དོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྲེག་པར་བྱེད། འཚེད་པར་བྱེད། ལྟུང་བར་བྱེད་པའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། བར་སྡོམ་ནི།། མ་བརྗེད་པ་དང་ཡིད་གཉིས་དང་། ་འདུ་ཤེས་མུ་བཞིར་སྦྱར་བའོ།། འདིས་མ་མཐོང་བ་དང་། མ་ཐོས་པ་དང་། མ་རྟོགས་པ་དང་། རྣམ་པར་མི་ཤེས་ལ། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདིསད་ཅེས་ངས་མཐོང་ངོ་ངོ་ཐོས་སོ།། རྟོགས་སོ།། ནམ ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། ། མཐོང་ལ་བརྗེད་ཅིང་བདག་གིས་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་བརྗེད་ནས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། སྐབ་བསྒྱུར་ནས་འདི་མེད་ཅེས ་དས་མཐོང་སྟེ་མ་བརྗེད་དོ། ། ཐོས་རྟོགས། རྣམ་པར་ཤེས་ཏེ་མ་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་མཐོང་ལ་ཡིད་གཉིས་ཟ་བ་དང་། བདག་གིས་མཐོང་བ་དང་། རྟོགས་པ་དང་། བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་ཟ་བ་ལས་དེས་འདུ་ཤེས་དང་། ་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྐུར་ནས་འདི་སྐད་ཅེས་ངས་མཐོང་སྟེ་ཡིད་གཉིས་མི་ཟའོ།། དེས་རྟོགས། རྣམ་པར་ཤེས་ཏེ་ཡིད་གཉིས་མི་ཟའོ་ཞེས་ཟེར་ན་སྨྲས་སོ།། ཅོག་ལྟུང་བྱེད་དོ།། མཐོང་ལ་མ་མཐོང་བར་འདུ་ཤེས་ཤིང་། ་ཐོས་རྟོགས། རྣམ་པར་ཤེས་ལ་རྣམ་པར་མ་ཤེས་པར་འདུ་ཤེས་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྐུར་ཏེ་འདི་སྐད་ཅེས་ངས་མཐོང་ངོ་།། ཁོ་མོས་མ་ཐོས་སོ།། མ་རྟོགས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན ་སྨྲས་སོ་ཅོག་ལྟུང་བྱེད་དོ། ། འདིས་མ་མཐོང་མོད་ཀྱི། ཐོས་རྟོགས། རྣམ་པར་ཤེས་པ་ལས། དེས་འདུ་ཤེས་བསྐུར་ཏེ་ཞེས་བྱ་བ་ནས་ངས་མ་མཐོང་ངོ་།། མཐོས་སོ།། མ་རྟོགས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་སུར་བྱེད་དོ།། འདིས་མཐོས་མོད་ཀྱི། མཐོང་རྟོགས ་རྣམ་པར་ཤེས་པ་ལས་དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་ཐོས་ཀྱི་མ་མཐོང་ངོ་།། མ་རིག་གོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། འདིས་མ་རྟོགས་མོད་ཀྱི། མཐོང་ཐོས་རྣམ་པར་ཤེས་པ་ལས་དེས་འདུ་ཤེས་བསྐུར་ཏེ་ཞེས་བྱ་བ་ནས། ངས་རྟོགས ་གྱི་མཐོང་ངོ་། ཐོས་སོ།། རྣམ་པར་མ་ཤེས་ས་ཞེས་ཟེང་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། འདིས་རྣམ་པར་མ་ཤེས་མོད་ཀྱི། མཐོང་ཐོས་རྟོགས་པ་ལས་དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྣམ་པར་ཤེས་ཀྱི། མཐོས་སོ།། མ་རྟོགས་སོ་ཞེས་པར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། 56 ་གིས་མཐོང་ལ་མ་བརྗེད་ཅིང་བདག་གིས་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་མ་བརྗེད་པ་ལས་དེས་འདུ་ཤེས་བསྒྱུར་ནས་ཤེས་བྱ་བ་ནས་ངས་མཐོང་སྟེ་བརྗོད་དོ།། ཁོ་མོས་ཐོས་རྟོགས། རྣམ་པར་ཤེས་ཏེ་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས ་ཐོས་ལ་བརྗེད་ཅིང་བདག་གིས་མཐོང་བ་དང་། རྟོགས་པ་དང་། རྣམ་པར་ཤེས་པ་བརྗོད་པ་ལས་དེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་ཐོས་ཏེ་མ་བརྗེད་དོ།། ངས་མཐོང་རྟོགས། རྣམ་པར་ཤེས་ཏེ་མ་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་སྐུར་བྱེད་དོ།། བདག་གིས་རྟོགས་ལ་མ་བརྗེད ་ཅིང་བདག་གིས་མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་ལམ་བརྗེད་པ་ལས། དེས་འདུ་ཤེས་བསྒྱུར་ཏི་ཞེས་བྱ་བ་ནས། ངས་རྟོགས་ཏེ་བརྗེད་དོ།། ངས་མཐོང་། རྟོགས། རྣམ་པར་ཤེས་ཏེ་བརྗེད་དོ།། ཞེས་ཟེར་ན་སྨྲས་སོ་ཅོག་ཀུང་བྱེད་དོ།། བདག་གིས་རྣམ་པར་ཤེས་ལ་མ ་བརྗེད་ཅིང་བདག་གིས་མཐོང་བ་དང་། ཐོས་པ་དང་། རྟོགས་ལ་མ་བརྗེད་པ་ལས་དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྣམ་པར་ཤེས་ཏེ་བརྗེད་དོ།། ཁོ་མོས་མཐོང་ཐོས། རྟོགས་ཏེ་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་མཐོང་ལ་ཡིད་གཉིས་ཟ་ཞིང ་བདག་གིས་བོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་ཡིདི་གཉིས་ཟབ་ལས་ཞེས་བྱ་བ་ནས། ངས་མཐོང་སྟེ་ཡིད་གཉིས་མི་བའོ།། ཁོམས་ཐོས། རྟོགས། རྣམ་པར་ཤེས་ཏེ་ཡིང་གཉིས་མི་ཟོའོ་ནས་ཟེར་ན་སྨྲས་སོ་ཅོག་སུང་བྱེད་དོ།། བདག་གིས་ཐོས་ལ་ཡིད་གཉིས་ན ་ཞིང་བདག་གིས་མཐང་བ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་ཡིད་གཉིས་ཟབ་ལས་ཞེས་བྱ་བ་ནས། ངས་ཐོས་ཏེ་བ་གཉིས་མི་པའོ།། འམས་མཐོ་རྟོགས་རྣམ་པར་ཤེས་ཏེ་ས་གཉིས་མི་རའོ་ཞེས་པར་ན་སྨྲས་སོ་ཅོག་སུང་བྱེད་དོ།། བདག་གིས་རྟོགས་པ་ཡི ་གཉིས་ན་ཞིང་བདག་གིས་མཐོང་བ་དང་ཐོས་པ་དང་། རྣམ་པར་ཤེས་ལ་ཡིད་གཉིས་ཟ་བ་ལས་དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྟོགས་ཏེ་ཡིད་གཉིས་མི་ཟའོ།། ཁོ་མོས་མཐོང་ཐོས་ལ། རྣམ་པར་ཤེས་ཏེ། ཡིད་གཉིས་མི་ཟའོ་ཞེས་ཟེར་ན་སྨྲས་ས་ཅོག་ལྟུང་བྱེད་དོ།། ་བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་ཟ་ཞིང་བདག་གིས་མཐོང་བ་དང་། ཐོས་པ་དང་། རྟོགས་ལ་ཡིད་གཉིས་ཟ་བ་ལས། དེས་འདུ་ཤེས་བསྐུར་ཏེ་ཞེས་བྱ་བ་ནས། ངས་རྣམ་པར་ཤེས་ཏེ་ཡིད་གཉིས་མི་ཟའོ།། ཁོ་མོས་མཐོང་ཐོས། རྟོགས་ཏེ་ཡིད་གཉིས་མི་ཟའོ་ཞེས ་ཟེར་ན་སྨྲས་སོ་ཅོག་སུང་བྱེད་དོ། ། ངས་མཐོང་ལ་མ་མཐོང་བར་འདུ་ཤེས་ཤིང་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་རྣམ་པར་ཤེས་པར་འདུ་ཤེས་པ་ལས་དེས་འདྲ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་མཐོང་གིས་མཐོས་སོ།། མརྟོགས་སོ།། རྣམ་པར་མ་ཤེས ་སོ་ཞེས་ཟེར་ན་སྨྲས་སོ་ཅོག་སྐུང་བྱེད་དོ། ། དེས་ཐོས་ལ་མཐོས་པར་འདུ་ཤེས་ཤིང་མཐོང་བ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་རྣམ་པར་ཤེས་པར་འདུ་ཤེས་པ་ལས་དེས་བསྐུར་ཏེ་ཞེས་བྱ་བ་ནས་ངས་ཐོས་ཀྱི་མ་མཐོང་ངོ་།། མ་རྟོགས་སོ།། རྣམ་པར་མ་ཤེས་སོ་ཞེས ་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། ། རྟོགས་ལ་མ་ཏོགས་པར་འདུ་ཤེས་ཤིང་མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་ལ་རྣམ་པར་འདུ་ཤེས་པ་ལས། དེས་བསྒྱུར་ཏེ་ཞེས་བྱ་བ་ནས་ཁམས་རྟོགས་ཀྱི་མཐོང་ངོ་།། མཐོས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག ་ལྟུང་བྱེད་དོ། ། རྣམ་པར་ཤེས་ལ་རྣམ་པར་མ་ཤེས་པར་འདུ་ཤེས་ཤིང་མཐོང་བ་དང་། ཐོས་པ་དང་། རྟོགས་པ་ལ་རྟོགས་པར་འདུ་ཤེས་པ་ལས་དེས་འདུ་ཤེས་བསྐུར་ཏེ་ཞེས་བྱ་བ་ནས་ངས་རྣམ་པར་ཤེས་ཀྱི། མ་མཐོང་ངོ་།། མཐོས་སོ།། མ་རྟོགས་སོ་ཞེས་ཟེར་ན་སྨྲས་སོ་ཅོ། ་དུང་བྱེད་དོ། འདིདས་མཐོད་པར་གྱུར་ཅིང་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་པར་གྱུར་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། གྲོས་དང་། ཏོག་པ་དང་། ལྟ་བ་བསྒྱུར་ཏེ་འདིས་ཅེས་ངས་མ་མང་།། མཐས་སོ།། མངག་གནམ་པར ་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་སྐུར་བྱེད་དོ། ། འདིས་མཐོང་བར་གྱུར་ལམ་བརྗེད་པ་དང་། ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་མ་བརྗེད་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློགྲོས་དང་། རྟོག་པ་དང་། ལྟ་བ་བསྐུར་ཏེ་འདིས་དེ་ཅེས་ངས ་མཐོང་སྟེ་བརྗེད་དོ། ། དས་ཐོས་ཏེ་བརྗེད་དོ།། ངས་རྟོགས་ཏེ་བརྗེད་དོ།། ངས་རྣམ་པར་ཤེས་ཏེ་བརྗེད་དོ།། ཞེས་ཟེར་ན་སྨྲས་སོ་ཅོག་སུར་བྱེད་དོ།། བདག་གིས་མཐོང་ལ་ཡིད་གཉིས་མིན་ཞིང་བདག་གིས་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་ཡིད་གཉིས་མ་བ་བ་ལས་དེས ་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མཐོང་སྟེ་ཡིད་གཉིས་ཟའོ།། རས་ཐོས་རྟོགས། རྣམ་པར་ཤེས་ཏེ་ཡིད་གཉིས་ཟའོ་ཞེས་ཟེར་ན་སྨྲས་སོ་ཅོག་སྐུར་བྱེད་དོ།། མཐོང་ལ་མཐོང་བར་འདུ་ཤེས་ཤིང་ཐོས ་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་རྣམ་པར་ཤེས་པར་འདུ་ཤེས་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྐུར་ཏེ་འདི་སྐད་ཅེས་མཐོད་དོ།། མ་ཐོས་སོ།། མ་རྟོགས་སོ།། རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང ་བྱེད་དོ། ། འདིས་མཐོང་མོད་ཀྱི་མཐོས། མ་རྟོགས། རྣམ་པར་མ་ཤེས་པ་ལས་དེས་འདུ་ཤེས་བསྐུར་ཏེ་ཞེས་བྱ་བ་ནས་ངས་མ་མཐོང་སྟེ། འོན་ཀྱང་ཐོས་སོ།། རྟོགས་སོ།། རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་སུང་བྱེད་དོ།། འདིས་ཐོས་མོད་ཀྱི་མ་མཐོང་། མ་རྟོགས། རྣམ་པར ་མགས་པལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། རྫ་གྲས་དང་། ཏོག་པ་དང་། ལྕིབ་བགྱུར་ཏེའདི་ག་སདས་མཐས་ཉིན་མ་། གས་སོ།། རྣམ་པར་ཤེས་སོ་ནས་པ་ན་སྨྲས་པ་ཚིག་སུན་བྱེད་དོ།། འདིས་རྟོགས་མེད་ཀྱི་མ་མཐོང་བ་དང་མམ ་པ་དང་། རྣམ་པར་མ་ཤེས་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྐུར་ཏེ་འདི་སྐད་ཅེས་ངས་མ་རྟོགས་ཏེ་འོན་ཀྱང་མཐོང་།། ཐོས་སོ། རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་སུང་བྱེད་དོ།། འདིས་རྣམ་པར་ཤེས་མོད་ཀྱི་མ ་མཐོང་ལ་ཐོས། མ་རྟོགས་པ་ལས་དེས་བསྒྱུར་ཏེ་ཞེས་བྱ་བ་ནས། འདི་སྐད་ཅེས་ངས་རྣམ་པར་མ་ཤེས་ཏེ་འོན་ཀྱང་ངས་མཐོང་ངོ་།། ངས་ཐོས་སོ།། ངས་རྟོགས་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་མཐོང་ལ་མ་བརྗེད་ཅིང་བདག་གིས་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས ་པ་བརྗེད་པ་ལས་དེ་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མ་མཐོང་སྟེ། འོན་ཀྱང་ཐོས་སོ།། རྟོགས་སོ།། རྣམ་པར་ཤེས་སོ་ཞེས་དེ་སྐད་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་མཐོང་ལ་མ་བརྗེད། བདག་གིས ་ཐོས་ལ་མ་བརྗེད། བདག་གིས་རྟོགས་ལ་མ་བརྗེད། བདག་གིས་རྣམ་པར་ཤེས་ལ་མ་བརྗེད་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མཐོང་སྟེ་བརྗེད་དོ།། ངས་ཐོས་ཏེ་བརྗེད་དོ།། ངས་རྟོགས་ཏེ་བརྗེད་དོ།། ་ངས་རྣམ་པར་ཤེས་ཏེ་བརྗེད་དོ།། ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་རྟོགས་ལ་མ་བརྗེད། བདག་གིས་མཐོང་ལ་མ་བརྗེད། བདག་གིས་ཐོས་ལ་མ་བརྗེད། བདག་གིས་རྟོགས་ལམ་བརྗེད། བདག་གིས་རྣམ་པར་ཤེས་ལ་མ་བརྗེད་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང ་འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་རྟོགས་ཏེ་བརྗེད་དོ།། ངས་མཐོང་སྟེ་བརྗེད་དོ།། ངས་ཐོས་ཏེ་བརྗེད་དོ།། ངས་རྣམ་པར་ཤེས་ཏེ་བརྗེད་དོ།། ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་རྣམ་པར་ཤེས་ལ་མ་བརྗེད་དོ།། བདག་གིས་མཐོང ་ལ་མ་བརྗེད། བདག་གིས་ཐོས་ལ་མ་བརྗེད། བདག་གིས་རྟོགས་ལ་མ་བརྗེད་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་རྣམ་པར་ཤེས་ཏེ་བརྗེད་དོ།། ངས་མཐོང་སྟེ་བརྗེད་དོ།། ངས་ཐོས་ཏེ་བརྗེད་དོ།། ་ངས་རྟོགས་ཏེ་བརྗེད་དོ།། ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་མཐོང་ལ་ཡིད་གཉིས་མི་ཟ། བདག་གིས་ཐོས་ལ་ཡིད་གཉིས་མི་ཟ། བདག་གིས་རྟོགས་ལ་ཡིད་གཉིས་མི་ཟ། བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་མི་ཟ་བ་ལས་དེས་འདུ་ཤེས་དང་། ་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མཐོང་སྟེ་ཡིད་གཉིས་མི་ཟའོ།། ངས་ཐོས་ཏེ་ཡིད་གཉིས་མི་ཟའོ།། ངས་རྟོགས་ཏེ་ཡིད་གཉིས་མི་ཟའོ།། ངས་རྣམ་པར་ཤེས་ལ་ཡིད་གཉིས་མི་ཟོའོ་ཞེས་ཟེར་ན་སྨྲས་ཇོག ་ལྟུང་བྱེད་དོ་བདག་གིས་ཐོས་ལ་ཡིད་གཉིས་མི་ཟ། བདག་གིས་མཐོང་ལ་ཡིད་གཉིས་མི་ཟ། བདག་གིས་རྟོགས་ལ་ཡིད་གཉིས་མི་ཟ། བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་མཟེ་བ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ ་དང་། ལྟ་བ་བསྐུར་ཏེ་འདི་སྐད་ཅེས་ངས་ཐོས་ཏེ་ཡིད་གཉིས་མི་ཟའོ།། ངས་མཐོང་སྟེ་ཡིད་གཉིས་ཟའོ།། ངས་རྟོགས་ཏེ་ཡིད་གཉིས་མི་ཟའོ།། ངས་རྣམ་པར་ཤེས་ཏེ་ཡིད་གཉིས་མི་ཟའོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་ཏོགས་ལ་ཡིད་གཉིས་མི་ཟ། བདག ་གིས་མཐོང་ལ་ཡིད་གཉིས་མི་ཟ། བདག་གིས་ཐོས་ལ་ཡིད་གཉིས་མི་ཟ། བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་མི་ཟ་བ་ལས་དེས་བསྒྱུར་ཏེ་ཞེས་བྱ་བ་ནས་ངམ་རྟོགས་ཏེ་ཡིད་གཉིས་མི་ཟའོ།། ངས་མཐོང་། གྲོས་རྣམ་པར་ཤེས་ཏེ་ཡིད་གཉིས་ཟོའོ་ཞེས་ཟེར་ན་སྦས ་སོ་ཅོག་ལུང་བྱེད་དོ། ། བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་མི་ཟ་ཞིང་མཐོང་བ་དང་། ཐོས་པ་དང་། རྟོགས་ལ་ཡིད་གཉིས་མི་ཟ་བ་ལས་དེས་ཞེས་བྱ་བ་ནས། ངས་རྣམ་པར་ཤེས་ཏེ་ཡིད་གཉིས་ཟའོ།། དེས་མཐོང་ཐོས། རིག་སྟེ་ཡིད་གཉིས་ཟའོ་ཞེས་ཟེར་ན་སྨྲས་སོ། ་ཅོག་ལྟུང་བྱེད་དོ།། མ་མཐོང་ལ་མཐོང་བར་འདུ་ཤེས་ཤིང་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་རྣམ་པར་ཤེས་པར་འདུ་ཤེས་པ་ལས་དེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་མཐོང་གི། མ་ཐོབ་སོམ་རྟོགས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག ་ལྟུང་བྱེད་དོ། ། མ་ཐོས་ལ་ཐོས་པར་འདུ་ཤེས་ཤིང་མཐོང་བ་དང་། རྟོགས་པ་དང་། རྣམ་པར་ཤེས་པར་འདུ་ཤེས་པ་ལས་དེས་ཐོས་ཀྱི་མཐོང་ངོ་།། མ་རྟོགས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། མ་རྟོགས་པ་ལ་རྟོགས་པར་འདུ་ཤེས་ཤིང ་མཐོང་བ་ལ་མཐོང་བར་འདུ་ཤེས། ཐོས་པ་ལ་ཐོས་པར་འདུ་ཤེས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ལས་དེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྟོགས་ཀྱི་མ་མཐོང་ངོ་།། མ་ཐོས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ་འགྱུར་རོ།། རྣམ་པར་ཤེས ་ལ་རྣམ་པར་ཤེས་པར་འདུ་ཤེས་ཤིང་བདག་གིས་མཐོང་བ་དང་། བདག་གིས་ཐོས་པ་དང་། བདག་གིས་རྟོགས་པ་ལས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྐུར་ཏེ་འདི་སྐད་ཅེས་ངས་རྣམ་པར་ཤེས་ཀྱི། མ་མཐོང་ངོ་།། མ་ཐོས ་གོ་ཏོགས་སནས་པ་ན་སྨྲསས་ག་སུང་བྱང་བྱ་རྒྱ་། ། སུང་དང་པགས་སོ།། ང་གཞནས་ན་ན་ག། ང་ཡ་ན་ཐང་མ་འ་ས་རྣན་ཀྱ་དགང་ཅགནཔ། ཅག་ཏུ་ག། ས་ང་འསུམས་གཅག་སགསཞན་པས་ཐར ་སྐྱོད་ནས་འབྲུ་ཞིང་སྨྲ་བའི་ཀུན་ཏུ་སྤྱོད་པས་ཀུན་དུ་སྤྱོད་པར་བྱེད་པ་ན། དེ་རྣམས་དེ་ལྟར་བུད་མེད་ཀྱི་སྐྱོན་ནས་འབྲུ་ཞིང་སྨྲ་བའི་ཀུན་དུ་སྤྱོད་པ་བ་སྡུག་བསྔལ་ཞིང་ཡིད་མི་བདེ་བ་མང་བར་གྱུར་ཏེ། ལུད་མནོད་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་གཏོང་ཞིང ་ཆོས་འདུལ་བ་འདི་ལ་ཆོས་དང་ལྡན་པའི་སྡུམ་པ་གཞུང་དུ་དག་བྱུང་བ་ཡང་བར་ཆད་དུ་གྱུར་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོང་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་སྔོན་བྱུང་བ་ལྗོངས་ཤིག་ན་ཁྱིམ་བདག་ཞེད་པ་ཞིག་ཡོད་པའི་དྲུང་དུ་ཁྱེའུ་ཞིག་འོངས་ཏེ་ཞེས་བྱས་ནས། དེས་དེའི་སེམས་མགུ་བར་བྱས་སོ་ཞེས་བྱ་བའི་བར་རོ།། དེས་ཁྱེའུ་དེ་ལ་བུམ་བྱིན་ནོ་ཞེས་བྱ་བ་ནས། ཞིང་བ་དེས ་ཆད་པའི་ཆེག་མཉན་ནས་ཡང་མ་བྱིན་ནོ་ཞེས་བྱ་བའི་བར་རོ། ། དེས་དེའི་གྲེང་དེ་དག་བདེགས་པ་ལས་ཀྱང་དེ་གཉིས་ཀྱིས་ཁྱེའུ་དེ་ལ་རྗེས་པ་དང་། དེས་ཀྱང་སྨྲས་སོ།། དེན་དེ་དག་ལས་ཀྱང་གཉིས་ཤིག་གིས་རྒྱལ་བའི་ཕོ་བྲང་དུ་སོང་ཤིག་དང་། ཁོ་བོ་ཅག་གིས་སྤང་བྱའོ།། ཞེས་བྱ་བ་ནས ་དེས་ཡང་དང་ཡང་དུ་རུ་ཆག་མཇུག་རྡུམ། ཞར་བ་ཞེས་ཀུན་དུ་སྤྲས་པ་གཅིག་ཅིག་ཡོད་པ་དེ་མ་བཏུབ་པོ་ཞེས་བྱ་བའི་བར་དང་། རྒྱལ་པོ་འཁོར་དང་བཅས་པའི་ཞེས་བྱ་བ་ནས། མོན་སྲན་གྲེའུ་བཞིང་ཕུན་སུམ་ཚོགས་པ་ལ་ཉི་མ་བདུན་དུ་མ་བཟན་པར་སྐྱེ་ཡང་ཅུང་ཟད་ཀྱང་མ་ཟོམ་མོ་ཞེས་བྱ ་པའི་བར་རོ། ། དགེ་སློང་མ་དག་རེ་ཤིག་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་དེ་དག་ཀྱང་མིའི་སྐྱོན་ནས་སྨྲ་བས་ཀུན་དུ་སྤྲད་པ་ན་གནོད་པར་བྱ་བར་སེམས་པར་བྱེད་ན་མིར་གྱུར་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནས། སྔོན་གྱི་སྦྱོར་བ་འདི་རྒྱས་པར་བརྗོད་པར་བྱའོ།། ཡང་བཅོམ ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་སྔོན་བྱུང་བ་འདས་པ་ན་ཤིང་རྟས་སྤྱོད་པའི་མི་ཞིག་ལ་དགའ་བྱེད་མ་དང་། ས་རི་མོ་ཞེས་བྱ་བའི་བ་བཞོན་གཉིས་ཤིག་ཡོད་པ་ལས་ཞེས་བྱ་བ་ནས། བེའུ་གཉིས་ཡོད་པའི་བར་རོ།། དེ་གཉིས་འཐབས་པ་ལས་ཅིག། ་གཅིག་གི་རི་ནི་ཆག་པར་འགྱུར་ཏོ།། གཅིག་ཤོས་ནི་གདེངས་པར་གྱུར་ནས་དེས་རུ་རྡུམ་དང་། རུ་འདི་ལ་ཞེས་བྱ་བའི་བར་རོ།། ཤིང་རྟས་སྤྲོད་པས་འདྲན་པ་ན་ཞེས་བྱ་བ་ནས་སྐུགས་པ་ཡལ་ལོ་ཞེས་བྱ་བའི་བར་རོ།། དགའ་བྱེད་དང་། ས་རི་ཞེས་སྨྲས་ནས་ཞེས་བྱ་བ་ནས། ཉིས་འགྱུར ་ཐོབ་པོ་ཞེས་བྱ་བའི་བར་དང་། ཚིགས་སུ་བཅད་པས་སྨྲས་པ། གང་ཚེ་ལམ་ནི་ཆེས་དཔའ་ལ།། གང་ཚེ་ཁ་ལ་ནི་ཆེས་ལྕི་བ།། དེ་ཚེ་ཁ་ལ་དག་ཁྱེར་བྱེད་ཅིང་། དེ་ཚེ་སྣ་ལ་འདྲེན་པར་བྱེད།། ཡིད་དུ་འོང་བ་སྨྲས་པ་ན།། ཁུར་ལྕི་བ་ཡང་སྒྲོལ་བར་བྱེད།། ཅེས་བྱ་བའི་བར་དུལ་དུང་འགྲོ་རྒྱ ་གནས་སུ་སོད་པའི་སྲོག་ཆགས་དག་ཀྱང་མིའི་སྐྱོན་ནས་སྨྲས་པ་ནས་གནོད་པར་བྱ་བར་སེམས་པར་བྱེད་ན་མིར་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས། དགེ་སློང་མ་དག་དེ་ལྟ་བས་ན་བུད་མེད་ཀྱི་སྐྱོན་ནས་སྨསྨྲ་ན་ལྟུང་བྱེད་དོ།། བུད་མེད་ཀྱི་སྐྱོན་ནས་སྨྲ་བའི་བསམ་པ་ཅན་གྱི་ངག་དང་ཚིག་དང་། ཐ་སྙད་དང་། ་བརྗོད་པ་དང་། སྐད་དང་ངས་པའི་ཚི་ག་དང་། ཚིདགིས་མ་དང་། ཚིག་གི་སྒྲ་དང་།། རྗོད་བྱེད་དང་། རྗོད་པའི་ལས་དང་། དག་གི་རྣམ་པར་རིག་བྱེད་གང་ཡིན་པ་དག་གོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། བར་སྡོམ་ནི། རིགས་དང་བཟོདད་ལས་དང་ནི།། ཏགས་ནད་ལྡུད་པ་སྡེ་ལྔ་དང་། ཉེ་བའི་ཉོན་མོངས་རྣམས་དང་། ་ནི། སྐྱོ་བར་བྱེད་པ་ཐ་མ་ཡིན།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་འཕགས་མ་ཁྱད་ནི་བྲམ་ཟེ་མོ་ལས་རབ་ཏུ་བྱུང་བ་ཡིན་ན་དགེ་སྦྱོང་གིས་ནི་ཅི་ཞིག་བྱ། ཚངས་པའི་ཚུལ་གྱིས་ནི་ཅི་ཞིག་བྱ་ཞེས་སྨྲས་ན། དགེ་སློང་མ་སྤ་གོད་པ་ཉིད་དུ་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང ་ཞེས་བྱ་བ་ནས་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་བར་རོ། ། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་ཁྱོད་ན་རྒྱལ་རིགས་མོ་ལས་རབ་ཏུ་བྱུང་བ་ཡིན་ན་ཁྱོད་ལ་དགེ་སྦྱོང་གི་ཚུལ་ལམ། ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ་ཞེས་སྨྲས་ན། དགེ་སློང་མ་སྤ་གོད་པ་ཉིད་དུ་གྱུར་ཀྱང་རུང ་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ། ། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་རྗེའུ་རིགས་མོ་ལས་རབ་ཏུ་བྱུང་བ་ཡིན་ནོ།། ཁྱོད་ལ་དགེ་སྦྱོང་གི་ཚུལ་ལམ། བྲམ་ཟེའི་ཚུལ་གྱིས་ཅི་ཞིག་བྱ་ཞེས་སྨྲས་ན། དགེ་སློང་མ་སྤ་གོད་པ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང ་ལྟུང་བྱེད་དུ་འགྱུར་རོ། ། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་དམངས་རིགས་མོ་ལས་རབ་ཏུ་བྱུང་བ་ཡིན་ན། དགེ་སྦྱོང་གི་ཚུལ་ལམ། ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ་ཞེས་སྨྲ་ན། དགེ་སློང་མ་སྤ་གོང་པ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་ཏེ། ་ན་གས་ཤེས་བྱ་ན།། དལཔ་ལས་ས་པར་རྣམ་ལ། བ་ས་པསྔལ་དགས་ད།། ཟུགས་པ་ས་ད་དང་། ཟག་པ་དུ་བྱུང་མས་ན།། ཡང་པ་ན་ག་ཟུགས་དག་དང་།། རྣམས་ཛ།། འགས་པདང། ། ་སྨིག་མཁན་བྲན་རིགས་སོ།། དགེ་སོང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་པས་རང་གི་གཞུང་ལུགས་འདི་ལྟ་སྟེ་བྲམ་ཟེ་རྣམས་ཀྱི་སྤྱོད་འཚུལ་དང་། སྤྱོད་པ་དང་། གཙང་སྒྲ་དང་། ཀུན་དུ་སྤྱོད་པ་དང་། ཐལ་ཟད་པ་དང་། ཁྱམ་བུས་གྲང་བར ་ས་བླང་པ་དང་། རབ་བསྔགས་བྱ་བ་དང་། ཀྱེ་ཞེས་བྱ་བ་དང་། རྒྱལ་བར་གྱུར་ཅིག་ཅེས་བྱ་བ་དང་། ཀུན་ཨུ0f7f་བཟླས་བརྗོད་དང་། བཟླས་བརྗོད་དང་། དུས་ཀྱི་བསྙེན་པ་དང་། དེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན ་བྱེད་པ་དང་། མཆོད་སྦྱིན་བྱེད་དུ་འཇུག་པ་དང་། ཀློག་པ་དང་ཀློག་ཏུ་འཇུག་པ་དང་། སྦྱིན་པ་དང་ལེན་པ་ཁོ་ན་བསླབས་པ་དགོས་ཏེ། ལས་དྲུག་ལ་བརྩོན་པའི་བྲམ་ཟེ་མོ་ནི་ཚངས་པ་ཡིན་ནོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་པ་ཉིད་དུ་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང ་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཡིན་པས་རང་གི་གཞུང་ལུགས་འདི་ལྟ་སྟེ། པྲོ་དང་གླུ་དང་། དེ་བིད་དང་བི་བད་རྒྱུད་གཅིག་པ་དང་། བ་བྷི་ས་ཀེ་ཞེས་བྱ་བ་དང་། མ་ནིག་ཟ་བ་ནེ་ཞེས་བྱ་བ་དང་། དྲི་བཏག་པ་དང་། མགོའི་ཕྱི་རོར ་དང་། གོས་བལྟབ་པ་དང་། བྱི་དོར་བསླབ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་དབའགོད་པ་གཉིད་དུ་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ལྷུང་བྱེད་དུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ཡིན་པས་རང་གི་གཞུང་ལུགས་འདི ་ལྟ་སྟེ་ཡི་གེ་དང་། རྩིས་དང་། གྲངས་དང་། ལག་རྩིས་བསླབ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་བགོད་པ་ཉིད་དུ་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ལྷུང་བྱེད་དུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་དམར་རིགས་ལས་རབ་ཏུ་བྱུང་བ་ཡིན་པས་རང་གི ་གཞུང་ལུགས་འདི་ལྟ་སྟེ་འདྲུ་བ་དང་། འཐག་པ་དང་། རྐུན་དང་། རྐུན་ཤིང་དང་ཞེས་བྱ་བ་ནས། སེལ་བ་དང་། རྨེལ་བ་དང་། འཁལ་བའི་བར་ལ་སླབ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་པ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ ་སོང་སྟེ་འདི་གད་ཅེས། ཁྱོད་ནི་ཟག་མ་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ཀྱི་རང་གི་གཟུང་ལུགས་འདི་ལྟ་སྟེ་དང་དང་། རས་ཡུག་ཆེན་དང་། གོས་དང་ཡོན་དང་དག་བསླ་བ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་གོང་བཉིད་དུགྱུར་ཀྱང་རུང་མཀྲུར་ཀྱང་དྲང་གང་བྱེད་དུ་འབྱུང་དོ་ག ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་སྲུད་རིས་མཁན་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ཀྱིས་རང་གི་གཞུང་ལུགས་འདི་ལྟ་སྟེ་ཀླམ་དང་། བར་ཏང་དང་། རྒྱབ་རྟེན་དང་། གོར་ཆན་ནང་ཚངས་དང་། ཝ་དྲུབ་པ་དང་། ལླི་ཏོ་དག་བསླབ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ ་སྤ་གོང་པ་ཉིད་དུ་གུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ། ། དེ་བཞིན་དུ་བཟང་མཁན་ལས་རབ་ཏུ་བྱུང་བ་ལ་བུས་པའི་གོས་དང་། ཞྭ་དང་། ཡན་ལག་ལྔ་ཁོབས་པ་དང་། འཐབ་བེར་དག་ཅེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་མགར་བ་ལས་རབ་ཏུ་བྱུང་བ་ལ་སྤང་བཟེད ་དང་། ལྷུང་བཟེད་ཆུང་ངུ་དང་། མཚོན་ཆ་དང་། ཁབ་དང་། གསོར་བུ་དང་། ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལྕགས་མགར་ལས་རབ་ཏུ་བྱུང་བ་ལ་ཞུགས་གླིང་དང་། གྲུ་གུ་དང་། ཁོར་བུ་དང་། ཁ་བཟར་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལྷ་མ ་མཁན་ལས་རབ་ཏུ་བྱུང་བ་ལ་ལྷམ་དང་། ལྷམ་ཡུ་ཆད་དང་། མཆིལ་ལྷམ་དང་། སྲབ་དང་། སྐྲཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རྫ་མཁན་ལས་རབ་ཏུ་བྱུང་བ་ལ་རྫ་མ་དང་། རིལ་ཁ་དང་། བྱ་བོ་དང་། ཁམ་པོར་དང་། ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དག་ཞེས་བྱ་བ་ནས ་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། ། དེ་བཞིན་དུ་འདྲེག་མཁན་ལས་རབ་ཏུ་བྱུང་བ་ལ་ཁ་སྤུ་ཐེག་པ་དང་། བྱིན་སྤུ་བྲེག་པ་དང་། སེ་མོ་ཟག་པ་དང་། སྲ་བྲེག་པ་དང་། ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཤིང་མཁན་ལས་རབ་ཏུ་བྱུང་བ་ལ་ཁྲི་དང་། ཁྲིའུ་དང་། མལ་ཁྲི ་དང་། འདུག་ཁྲི་དང་། སྒོ་ཆ་དང་། སྒོ། འཕར་དང་། ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་སྣག་མ་མཁན་ལས་རབ་ཏུ་བྱུང་བ་ལ་གདུགས་དང་། བསིལ་ཡབ་དང་། དིར་དང་སྐོན་བུ་དང་། དུད་གཟེབ་དང་སྦ་ཁྲིའུ་དང་། ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ་སློང ་མས་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས་ཁྱོད་ནི་བྲན་མོ་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ཀྱིས་རང་གི་གཞུང་ལུགས་འདི་ལྟ་སྟེ། བསྐུམ་ཉེ་དང་ཁྲུས་དང་། དྲིལ་ཕྱེ་དང་བང་ཆེན་དུ་འགྲོ་བ་དང་། འོང་བ་དང་། མངག་གཞུག་དག་བསླབ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་བཟོ་ཞེས་བྱ་བ་ཡིན་ནོ།། དགེ་སློང་མས་དགེ་སློང་མའི་དྲིང་དུ་སོང་ནས་འདི་སྐད་ཅེས་ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ཀྱིས་རང་གི་གཞུང་ལུགས་འདི་ལྟ་སྟེ་ཐུགས་གཔར་དང་། ཟས་བུ་དང་། སྦྱིན་ས་ག་དང་། བྱིན། ་སྲེག་ཤིང་དང་། ཏྲ་དང་། མེ་དང་། བའི་ལྕི་བ་དག་གི་ལས་བྱ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྲ་གོང་བ་ཉིད་དུགྱུར་ཀྱང་རུང་མགྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲང་དུ་སོང་ནས་འདི་སྐད་ཅེས། ཁྱོད་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ཀྱིས་རང་གི་གཟུང ་ལུགས་འདི་ལྟ་སྟེ། པི་བང་དང་། པི་བང་རྒྱུད་གཅིག་པ་དང་། བབ་བྷིས་ཀའི་ལས་བྱ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དོ།། དེ་བཞིན་དུ་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས་ཡི་གེ་དང་། ཅིས་དང་། ཞེས་བྱ་བ་ནས་ལྟུང་བྱེད། ་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་དམང་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས་སེལ་བ་དང་། རྨེལ་བ་དང་། འབལ་བ་ཞེས་བྱ་བ་ནས་ལྟུང་བྱེད་དེ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཐག་པ་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས་འདི་ལྟ་སྟེ། ཐགས་བཟང་དང་། སོན་མ་དང་། དྲ་བ་དང་། ་སྔས་དང་། སྣས་ཀྱི་དང་། སྐུད་པ་དང་། འབྲས་ཐུག་ཏུ་གཞུག་དང་། བརྐྱང་ཐག་གི་ལས་བྱ་དགོས་སོ་ཞེས་སྨྲས་ན། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་སྲད་རིས་མཁན་ལས་རབ་ཏུ་བྱུང་བ་ལ་རྒྱང་ཤིང་དང་། ཐགས་བཟངས་དང་། སྤུན་གྱི་སྐྲག་མ་དང་། སོམངས་དང་ཞེས་བྱ་བ་ནས་ཉུང་། ་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་བཟང་མཁན་ལས་རབ་ཏུ་བྱུང་བ་ལ་དྲ་གྲི་དང་། ཁབ་དང་ལྗིབ་མོ་དང་། འཐིབ་ལྗིབ་དང་། ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་མགར་བ་ལས་རབ་ཏུ་བྱུང་བ་ལ་སྦུད་རུ་དང་། སོ་མ་ལ་དང་དྲི་དང་། ཐེའུ་དང་། ཐོ་ཆེན་དང་། སྡུད་པ་དང་། ་སྐམ་པ་དང་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རྫ་མཁན་ལས་རབ་ཏུ་བྱུང་བ་ལས་འཁོར་ལོ་དང་། དབྱུག་གུ་དང་། འཁོར་ལོའི་རྟེན་མ་དང་། གཞག་པ་དང་། དྲ་བའི་ཐེ་གུ་དང་། ཆུ་སྣོད་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་འདྲེག་མཁན ་ལས་རབ་ཏུ་བྱུང་བ་ལ་ཆན་པ་དང་། སྤུ་གྲི་དང་། རྨང་ཆེར་དང་། སེན་མོ་བྲག་པ་དང་། གདང་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཤིང་མཁན་ལས་རབ་ཏུ་བྱུང་བ་ལ་སྟེའུ་དང་། གཞི་དང་། བཟོད་དང་། སྟ་རེ་དང་སོག་ལེ་དང་། སོག་ཆུང་དང་གསོར་བུ་དང་ཞེས ་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། ། དེ་བཞིན་དུ་སྨྱུག་མ་ཁན་ལས་རབ་ཏུ་བྱུང་བ་ལ་སྤུག་མ་དང་། སྐུད་པ་དང་། གཤེག་གྲི་དང་མཚོན་རྩི་དང་། ལྷང་ཚེར་དང་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་འིར།། དེ་བཞིན་དུ་བྲན་མོའི་རིགས་ལས་བར་དུ་བྱུང་བ་ལ་ཐག་པ་དང་། བུམ ་པདང་ཁྲུ་མར་དང་། བསྐུ་མཉེར་དང་།། ཟུས་དང་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་ཏེ། འདི་ནི་ལས་ཤེས་བྱ་བ་ཡིན་ནོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཐེང་མོ་ཞེས་བྱ་སྨྲས་ན་ལྟུང་བྱེད་དོ།། སྐར་མོ་དང་མི་ཐུང་མོ་དང་། རྐང་ན་མོ་དང་། ལྦབ་ཅན་མོ ་དང་། ལྐུག་མ་དང་། ཐེད་མོ་དང་འོད་བ་མོ་དང་། རྟེན་འཕྱེ་མོ་དང་། རྐང་པ་མ་མོ་ཞེས་སྨྲས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་རྟགས་ཞེས་བྱ་བ་ཡིན་ན།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། མཛེ་ཅན་མ་ཞེས་སྨྲས་ན་ལྟུང་བྱེད་དོ།། ཤུ་བ་དང་འབྲུམ་བུ་ཕྲ་མོ་དང་། ་དལ་རྐྱེན་པ་དང་། གཡལ་བ་དང་། ཁྱི་ཛེ་དང་ཀ་ཡན་པ་དང་། ཤུ་བ་གཡའ་བ་དང་། རྐང་ཤུ་དང་སྐྱེགས་བུ་དང་། སྐྱུག་ཟོ་བ་དང་། རིམས་དང་ཁོང་སྐེམ་དང་། ལུ་བ་དང་དབུགས་མི་འདེ་བ་དང་། ཁ་སྐམ་གདང་བརྗེད་བྱེད་དང་། བཀྲེས་དབ་དང་། སྤྱན་པ་ཆག་དང་སྒྲ་ན་དང་། ཁྲག་ནད་དང་མཁྲིས་ནད་དང་། ་མཚན་པར་རྡོལ་མ་ཞེས་དེ་ལ་སོགས་པ་སྨྲས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་ནད་ལས་ཞེས་བྱ་བ་ཡིན་ནོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་ཕས་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་ཅན་ཡིན་ནོ་ཞེས་སྨྲས་ན་ལྟུང་བྱེད་དོ།། ་སོར་བཤེགས་པ་དང་། ཉེས་བྱས་ཅན་ཡིན་ནོ་ཞེས་སྨྲས་ན་ཐམས་ཅད་དུ་གཞི་ཇི་ལྟ་བ་བཞིན་དུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། གཡོ་དང་། སྒྱུ་ཅར ་མ་ཞེས་སྨྲས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་ཡིན་ནོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། སྐྱོ་བ་ན་རྒྱ་ཞེས་བྱ་བ་དང་། མདལ་ཞེས་བྱ་བ་དང་། བོད་ཐ་དང་ལྡན་པ་དག་གིས་སྨྱོས་པ་ན་དགེ་སློང་མ་བགོད་པ་ཉིད་དུ་གྱུར་ཀྱང་རུང་མ་གྱུར ་ཀྱང་རུང་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་མང་པོ་ཞིག་མིང་འཐུན་ན་ལྟུང་བ་མེད་དོ།། དེ་ལ་ཡང་དམིགས་ཀྱིས་བསལ་བ་མེད་པར་མི་བརྗོད་ཀྱི་རྒྱུའི་ཆེད་ཀྱིས་མིད་ནས་བརྗོད་པར་བྱའོ།། ལས་དང་པོ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་གཉི་བ་རྫོགས་སོ།། །། གླེང་ག ་ནིམཉན་ཡོད་ནའོ། ། དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཐམས་ཀུན་དུ་སྤྱོད་པར་བྱེད་དེ། ཚྭ་བི་ལས་ཐོས་ནས་པ་པི་དག་ལ་རྗོད་པར་བྱེད། ཕ་བི་ལས་ཐོས་ནས་ཆུ་པི་དག་ལརྗོད་པར་བྱེད་པ་ན་དེ་དག་ཕྱེ་སྟེ་ཕྱོགས་གཉིས་སུ་འགྱུར་བས་ཕན་ཚུན་སྡུག་བསྔལ་ཞིང་ཡིད་མི་བདེ་བསྨྲས ་ལུང་གནོད་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞིག་ནས་ཀྱང་སྟོད་པར་བྱེད་ཅིང་གནས་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་ད ་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་གཅག་ལ་གཅིག་ཐམས་ཀུན་དུ་སྤྱོད་པར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་དག་སྔོན་བྱུང་བ་ན་ནགས་ཆད་ཅིང་ཞིག་ན་སེང་གེ་མོ་སྦྲམ་མ་ཞིག་ཡོད་དེ། དེ་རྣམས་ཀྱི་རང ་བཞིན་ནི་བདག་གི་ཕྲུ་གུས་ནུ་མ་ལ་ཟ་བ་འམ། ལྟོགས་པར་གྱུར་ན་མི་རུང་ངོ་ཞེས་དེ་ཉིད་ཁ་ཟས་སུ་བྱ་བའི་ཕྱིར་ཤ་ཁོ་ནའི་ཚོགས་བྱས་ཏེ་འབྲེང་བར་བྱེད་དོ་ཞེས་བྱ་བ་ནས་པ་ཞིག་བསད་དེ་འབྲངས་སོ།། བ་དེ་ལ་ཡང་བེའུ་ཞིག་ཡོད་པ་སེང་གེ་མོ་དེ་ཉིད་ཀྱི་ནུ་མ་ལ་འཐུང་ངོ་ཞེས་བྱ་བའི་བར་དུའོ།། ་ནམ་ན་གཉིས་ཀ་ཆེན་པོར་གྱུར་ནས་དེ་ཡང་འཆི་བའི་དུས་ཀྱི་ཚེ་ཞེས་བྱ་བ་ནས། མཛའ་བ་འབྱེད་པ་ནི་མང་དུ་ཡོད་དོ་ཞེས་ཡང་དག་པར་གཏམས་ནས་ཞེས་བྱ་བའི་བར་རོ།། ཝ་ཞིག་གིས་གཉིས་ཀ་གྱེ་ནས་ཞེས་བྱ་བ་ནས། དེ་གཉིས་ཀྱང་གཅིག་གིས་གཅིག་སྲོག་དང་ཕྲལ་ལོ་ཞེས་བྱ་བའི་བར ་རོ། ། ཇི་ཙམ་ན་ལྷས་ཚིགས་སུ་བཅད་དེ་སྨྲས་པ། སྐྱེ་བོ་སྡིག་ཅན་འགྲོགས་པ་ལས།། མི་ཡིས་བཟང་པོ་མཐོང་མི་འགྱུར།། སེང་གེ་ཁྱུ་མཆོག་མཛའ་བ་ལས།། ཝ་ཡིས་ཐ་དད་བྱེ་ལ་སྟོས།། དགེ་སློང་མ་དག་རེ་ཤིག་དུད་འགྲོའི་སྐྱེ་གནས་སུ་སོད་པའི་སྲོག་ཆགས་དེ་དག་ཀྱང་ཕྲ་མས་ཀུན་དུ་སྦྱང་བ་ན ་ཛམ་ན་གཅིག་ལ་གཅིག་གསོད་པར་བྱེད་ན་བུད་མེད་ལྷག་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཤེས་སྔོན་གྱི་སྦྱོར་བ་འདི་རྒྱས་པར་བརྗོད་པར་བྱའོ། ། གཞན་ཡང་སྔོན་གྱི་སྦྱོར་བ་ནི་དགེ་སློང་མ་དག་སྔོན་བྱུང་བ་སེང་གེ་ཟུག་གུ་བཙས་ནས་རིང་པོ་མ་ལོན་པ་ཞིག་མ་སྤྱོད་ཡུལ་དུ་སོད་པ་དང་ལྟོགས ་ཤིད་འབྱེན་པ་ན། དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་སྟག་མོ་ཞིག་འབྲངས་སོ།། དེ་འཕྱན་པ་ན་སྟག་མོ་ཞིག་དང་ཕྲད་ནས་ནུ་མ་བསྣུན་པར་བརྩམས་སོ་ཞེས་བྱ་བ་ནས། གནས་གཅིག་དུ་འཁོད་དོ་ཞེས་བྱ་བའི་བར་རོ།། དེ་ལ་ཡང་སེང་གེའི་མེད་ནི་མཆེ་བཟངས་ཞེས་བྱའོ།། སྟག་གི་མིང་ནི་དབུས། ་བཟངས་ཞེས་བྱའོ་ཞེས་བྱ་བ་ནས། དེ་གཉིས་ལ་ཡང་ཝ་ཞིག་གིས་དབྱེན་བྱ་བར་བརྩམས་སོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་སེ་གེས་ཆེགསུ་བཅད་དེ་སྨྲས་གརུ་ཞིང་བུ་ན་སུ་མཚོགས་པ་དང་། རྒྱལ་དང་ཤུགས་དང་ལྡན་པ་ཡིག་མེ་ཟ་ལ་འདོ་བྱེད་པ། དཔུང་བཟངས་དེ་ནི་ལེགས་པ་མིན། དཔུང་བཟང་གྱིས ་སྨྲས་པ། ཆུ་ཞིང་ཕུན་སུམ་ཚོགས་པ་དང་།། རྩལ་དང་ཤུགས་དང་ལྡན་པ་ཡི། དཔུང་བངས་ལ་ནི་ནོལ་བྱེད་པ།། མཆེ་བཟངས་དེ་ནི་ལེགས་པ་མིན།། དེ་གཉིས་ཀྱིས་གཅིག་ལ་གཅིག་དྲིས་ནས་ཞེས་བྱ་བ་ནས་ལྤགས་དོ་ཞེས་བྱ་བའི་བར་རོ།། ཛི་ཙམ་ན་ལྷས་ཚོགས་སུ་བཅད་དེ་སྨྲས་པ། གཞན་གྱི་ཚིག ་གིས་གྲོགས་པོ་མི་སྤང་སྟེ། ། གཞན་གྱིས་སྨྲས་པ་དག་ན་བརྟག་པར་བྱ།། དབྱེ་བར་འདོད་པ་རྣམས་ནི་གླགས་ཚོལ་བྱེད།། དེ་བས་སྐྱེ་བོ་ཕྲ་མ་ཡིད་མ་ཏོན།། གྲོགས་པོ་འབྱེད་པའི་ཕྲ་མ་ཅན།། བརྫུན་དུ་སྨྲ་བའི་ཝ་སྐྱེས་པོ།། གྲོང་རྒྱུན་སྐྱེས་ཏོར་འདི་ནི།། གསད་ནས་བདེ་བས་དགའ་བར་བྱེད།། དགེ་སློང ་མ་དག་རེ་ཤིག་དུད་འགྲོའི་སྐྱེས་གནས་སུ་སོང་བའི་སྲོག་ཆགས་དེ་དག་ཀྱང་གཅིག་ལ་གཅིག་ཕྲ་མས་ཀུན་ཏུ་སྤྱད་པ་ན། སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོས་གནས་པར་བྱེད་ན། བུད་མེད་ལྷག་པར་ཁྲོ་བ་ལྟ་སྨོས་ཀྱང་ཅི་དགོས། དགེ་སློང་མ་དག་དེ་ལྟ་བས་ན་ཕྲ་མས་ཀུན་དུ་སྤྱད་པར་མི་བྱའོ།། ་ཀུན་དུ་སྤྱོད་ན་ལྟུང་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་ཕྲ་མ་སྨྲས་ན་ལྟུང་བྱེད་དོ།། ཕྲ་མའི་བསམ་པ་ཅན་གྱི་གང་ཞེས་བྱ་བ་ནས་གང་དང་། ཚིག་དང་ཞེས་བྱ་བའི་བར་སྔ་མ་བཞིན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི ་ལུང་བར་བྱེད་ཅེས་པའི་བར་སྔ་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་བྲམ་ཟེ་ལས་རབ་ཏུ་བྱུང་བའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་སྨྲས་འཕགས་མ་ཁྱོད་ལ་དགེ་སློང་མཆེ་གེ་མོ་ཞིག་འདི་སྐད་ཅེས་ཁྱོད་ལ་དགེ་སྦྱོང་གི་ཚུལ་དང་། ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ་ཁྱོད ་ན་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་ནོ་ཞེས་ཟེར་རོ་ཞེས་སྨྲས་ཞིང་རིགས་སྒྲོགས་པར་བྱེད་ན་ཉེས་བྱས་སོ། ། རུས་སྒྲོགས་པར་བྱེད་ན་ཡང་ཉེས་བྱས་སོ།། དེ་བཞིན་དུ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཞེས་བྱ་བ་ནས། ཉེས་བྱས་སོ་ཞེས་བྱ་བར་རོ།། དེ་བཞིན་དུ་རྗེའུ་རིགས་ལས་རབ་ཏུ་བྱུང ་བ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་དམངས་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་ཏེ།། འདི་ནི་རིགས་ཤེས་བྱ་བ་ཡིན་ནོ།། དགེ་སློང་མས་བྲམ་ཟེ་ལས་རབ་ཏུ་བྱུང་བའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་འཕགས་མ་ཁྱོད་ལ་དགེ་སློང་མེད ་གེ་མོ་ཞིག་འདི་སྐད་ཅེས་ཁྱོད་ལ་དགེ་སྦྱོང་གི་ཚུལ་དང་། ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ། ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ནི་རང་གི་གཞུང་ལུགས་ལ་བསླབ་དགོས་སོ་ཞེས་ཟེར་རོ་ཞེས་སྨྲས་ཞིང་བཟོ་སྒྲོགས་པར་བྱེད་ན་ཉེས་བྱས་སོ།། དེ་བཞིན་དུ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཞེས ་བྱ་བ་ནས། ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་དམངས་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་ཏེ། དེ་ལྟར་བར་སྡོམ་དེ་ཇི་ལྟར་གང་དུ་བཤར་པ་བཞིན་དུ་ཨུ0f7fས ་པར་བརྗོད་པར་བྱའོ། ། དེ་ལ་སྲུང་མཁན་དང་བཟང་མཁན་དང་། ལྕགས་མགར་དང་ནི་ལྷམ་མཁན་དང་། རྫ་མཁན་འདྲེག་མཁན་ཤིང་མཁན་དང་། སྨིག་མ་མཁན་དང་བྲན་མོའོ།། འདི་ནི་བཟོ་ཞེས་བྱ་བ་ཡིན་ནོ།། དགེ་སློང་མས་བྲམ་ཟེ་ལས་རབ་ཏུ་བྱུང་བའི་དགེ་སློང་མིའི་དྲུང་དུ་སོང་སྟེ་འདི་སྐད་ཅེས ་འཕགས་མ་ཁྱོད་ལ་དགེ་སློང་མ་ཆེ་གེ་མོ་ཞིག་འདི་སྐད་ཅེས་ཁྱོད་ལ་དགེ་སྦྱོང་གི་ཚུལ་དང་། ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ། ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ཀྱིས་རང་གི་གཞུང་ལུགས་ཀྱི་ལས་བྱ་དགོས་སོ་ཞེས་ཟེར་རོ་ཞེས་སྨྲས་ཤིང་། ལས་སྒྲོགས་པར་བྱེད་ན་ཉེས་བྱས་སོ།། དེ ་བཞིན་དུ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ལྟུང་བྱེད་དེ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་དམངས་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་ཏེ ་ཇི་ལྟར་གོང་དུ་བཤད་པ་བཞིན་པར་སྡོམ་དེ་རྒྱས་པར་བྱའོ། ། རིགས་དང་བཟོ་དང་ལས་དང་ནི།། རྟགས་དང་ནད་ནི་ལྔ་པ་ཡིན།། ལྟུང་བ་དང་ནི་ཉེ་ཉོན་མོངས།། སྐྱོ་བར་བྱེད་པ་ཐ་མ་ཡིན།། ལྟུང་བྱེད་གསུམ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ ་རྣམས་ཀྱིས་རྩོད་པ་ཉེ་བར་ཞི་བར་བྱས་པ་རྣམས་བརྩོད་པ་འདི་ནི་ཤད་ཀྱིས་མ་བྱེད་སྟེ། ཡང་ཤད་ཀྱིས་སྤྱད་པར་བྱའོ།། རྩོད་པ་འདི་ནི་ངེས་པར་མ་བརྟགས་ཏེ་ཡང་ངེས་པར་བརྟགས་པར་བྱའོ།། རྩོད་པ་འདི་ནི་ལེགས་པར་གཏན་ལམ་ཕབ་སྟེ། ཡང་ལེགས་པར་གཏན་ལ་དབབ་པར་བྱའོ།། ་ཅོད་པ་འདི་ནི་ཉེ་བར་ཞི་བར་བྱས་ཏེ་ཡང་ཉེ་བར་ཞི་བར་བྱའོ་ཞེས་ཡང་དང་ཡང་དུ་སྐྱོ་སྔོགས་བྱེད་དེ། དེས་ན་དགེ་སློང་མ་དེ་རྣམས་ཐབ་མོ་དང་། མཚད་འདྲུ་བ་དང་ག་རྩོད་པ་བྱུང་ཞིང་མཚད་འདྲ་བར་གྱུར་པས་གནས་ཤིང་ལུང་མནོད་པ་དང་། ཀློག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད ་བ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ ་འདུན་འཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་ཤེས་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཤེས་བཞིན་དུ་ཞེས་བྱ་བ་དེ་བདག་ཉིད་ཀྱིས་སོ།། ཆོས་བཞིན་དུ་ཞེས་བྱ་བ་ནི་འདུལ་བ་ཇི་ལྟ་བ་བཞིན་དང་། སྟོན་པའི ་བསྟན་པ་ཇི་ལྟ་བ་བཞིན་དུའོ། ། རྩོད་པ་ཞེས་བྱ་བ་ནི་རྩོད་པ་བཞི་པོ་འཐབ་པའི་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ།། ཆོས་བཞིན་དུ་སྦྱངས་པ་ལས་ཞེས་བྱ་བ་ནི་གསོལ་བ་དང་གཞིའི་ལས་ཀྱིས་སོ།། ཡང་ལས་ཀྱི་སྐྱོ ་ས་བྱེད་ན་ཞེས་བྱ་བ་ནི་ཡང་བྱེད་འདོད་པའི་ཕྱིར་རོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་འཐབ་པའི་ཕྱིར་བརྩོད་པ་ལ་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱེད་པ་ལས་ཤད་ཀྱིས་བྱེད་པར་འདུ་ཤེས་ཤིང་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས ་བྱད་པ་ལ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། ། དགེ་སློང་མས་ཤད་ཀྱིས་མ་བྱེད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས་ཤིང་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་མ་བྱེད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན ་ཉེས་བྱས་སོ། ། དགེ་སློང་མས་འཐབ་པའི་ཕྱིར་རྩོད་པ་ལ་ལྟུང་བའི་ཕྱིར་ཅོད་པར་འདུ་ཤེས་ནས་ཤད་ཀྱིས་བྱེད་པར་འདུ་ཤེས་ཤིང་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། ཤད་ཀྱིས་མ་བྱེད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན ་ཉེས་བྱས་སོ། ། དགེ་སློང་མས་འཐབ་པའི་ཕྱིར་རྩོད་པ་ལ་བྱ་བའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱེད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས་ཤིང་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། ཤད་ཀྱིས་མ་བྱེད་པ་ལ་ཤད་ཀྱིས ་ཁྱད་པར་འདུ་ཤེས་ན་ཉེས་བྱས་སོ། ། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་མི་གདམས་པའི་ཕྱིར་རྩོད་པ་ལ་འཐབ་པའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱེད་པར་འདུ་ཤེས་ཤིང་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། ཤད་ཀྱིས་བྱེད་པ་ལ་ཡིད་གཉིས་ཟ་ན་ལྟུང་བྱེད ་རོ། དགེ་སློང་མས་ཤད་ཀྱིས་མ་བྱད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་མི་གདམས་པའི་ཕྱིར་རྩོད་པ་ལ་ལྟུང་བའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟན ་ལྟུང་བྱེད་དོ། ། ཤད་ཀྱིས་བྱེད་པ་ལ་ཤད་ཀྱིས་མ་བྱེད་པར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། མི་གདམས་པའི་ཕྱིར་རྩོད་པ་ལ་བྱ་བའི་ཕྱིར་ཅོད་པར་འདུ་ཤེས་ནས་ཤད་ཀྱིས་བྱད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། ཤད ་ཀྱིས་བྱེད་པ་ལ་ཤད་ཀྱིས་མ་བྱེད་པར་འདུ་ཤེས་ན་ཉེས་བྱས་སོ། ཤད་ཀྱིས་མ་བྱེད་པ་ལ་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་ལྟུང་བའི་ཕྱིར་རྩོད་པ་ལ་འཐབ་པའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱེད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས་ན་ལྟུང ་བྱེད་དོ། ། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་བྱེད་པ་ལ་ཤད་ཀྱིས་མ་བྱེད་པར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་ལྟུང་བའི་ཕྱིར་རྩོད་པ་ལ་འཐབ་པའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱེད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས ་ན་ལྟུང་བྱེད་དོ། ། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ལྟུང་བའི་ཕྱིར་རྩོད་པ་ལ་བྱ་བའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱེད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས་ནས་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་མ་བྱེད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས ་ཟ་ན་ཉེས་བྱས་སོ། ། དགེ་སློང་མས་བྱ་བའི་ཕྱིར་རྩོད་པ་ལ་འཐབ་པའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱེད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་མ་བྱེད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས་ན་ཉེས་བྱས་སོ།། ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་བྱ་བའི་ཕྱིར་རྩོད་པ་ལ་མི་གདམས་པའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱེད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མ་ཤད་ཀྱིས་མ་བྱེད་པ་ལ་ཤད་ཀྱིས་བྱེང་པར་འདུ་ཤེས་ན་ཉེས ་བྱས་སོ། ། ཡང་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་བྱ་བའི་ཕྱིར་རྩོད་པ་ལ་ལྟུང་བའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱེད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་མ་བྱེད་པ་ལ་ཤད་ཀྱིས་བྱེད་པར་འདུ་ཤེས ་ན་ཉེས་བྱས་སོ། ། ཡིད་གཉིས་ཟན་ཉེས་བྱས་སོ།། དགེ་སློང་མ་ནི་ལྔ་སྟེ། ལྔ་གང་ཞེ་ན། དགེ་སློང་མ་གཉུག་མར་གནས་པ་དང་། ལས་བྱེད་པ་དང་། དུན་པ་དབུལ་བ་དང་། ལྟ་བ་སྨྲ་བ་དང་ལྔ་པ་ནི་གློ་བུར་དུ་འོངས་པའོ།། དགེ་སློང་མ་གཉུག་མར་གནས་པ་གཤེན ་གང་གིས་རྩོད་པ་དེའི་ཐོག་མ་དང་། བར་དང་། ཐ་མ་དག་ཤེས་པའོ།། ལས་བྱེད་པ་གང་ཞེ་ན། གང་གིས་དེར་ལས་བྱས་པར་གྱུར་པའོ།། འདུན་པ་འབུལ་བ་གང་ཞེ་ན། གང་གིས་དེར་རང་གིས་འདུན་པ་ཕུལ་བར་གྱུར་པའོ།། ལྟ་བ་སྨྲས་པ་གང་ཞེ་ན། གང་གིས་དེར་འདི་ནི་བདག ་བཟོད་དོ། འདི་ནི་མི་བཟོད་དོ།། འདི་ནི་བདག་འདོད་དོ།། འདི་ནི་བདག་མི་འདོད་དོ་ཞེས་རང་གི་ལྟ་བ་བརྗོད་པར་གྱུར་པའོ།། གློ་བུར་དུ་འོངས་པ་གང་ཞེ་ན། དེར་གང་གིས་ཐོག་མ་དང་། བར་དང་། ཐ་མ་དག་མི་ཤེས་པའོ།། དང་པོའི་གསུམ་པོ་གང་ཡིན་པ་གཉུག་མར་གནས་པ་དང་། ལས་བྱེད ་པ་དང་། འདུན་པ་འབུལ་བ་སྟེ། འདི་དག་གིས་ཆོས་བཞིན་དུ་རྩོད་པ་སྦྱངས་པ་ལས་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ།། ཐ་མ་གཉིས་ཀྱི་སྐྱོ་སྔོགས་བྱེད་ན་ཉེས་བྱས་སོ།། གལ་ཏེ་ཤད་ཀྱིས་ཉེས་པར་སྦྱངས་པ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པ་རྫོགས་སྷོ།། ། དགེ ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་དྲུག་པ། གླེང་པ། ནི་ན་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་ཁྱིམ་བདག་གི་ཁྱིམ་དེ་དང་དེ་རྣམས་སུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ་བྲམ་ཟེ་དང་། ཁྱིམ་བདག་དེ་དག་ལ་གཅིག་པུ་འདུག་ཅིང་ཆོས་སྟོན་པ་ན་དེས་བུད་མེད་རྣམས ་ཀྱི་བུད་མེད་ཀྱི་གསང་བ་དང་། བུད་མེད་ཀྱི་གསང་ཆེན་གང་ཡིན་པ་ཐམས་ཅད་སྐྱེས་པ་དེ་དག་ལ་བསྟན་ཏོ།། སྐྱེས་པ་དེ་དག་གིས་ཀྱང་ཆུང་མ་དེ་དག་ལ་སྨྲས་སོ།། བུད་མེད་ནི་ཕྲག་དོག་ཅན་ཡིན་པས་དེ་ནས་དགེ་སློང་མ་གནས་བརྟན་གནས་བརྟན་དག་བསོད་སྙོམས་ལ་རྩུབ་ན་འཇིག་རྟེན་ལ ་ཅོ་འདྲེ་བར་བྱེད་པ་ཁྱེད་ཅག་ལ་སུ་ཞིག་བསོད་སྙོམས་སྦྱིན་པར་བྱེད་པར་སེམས་པར་འགྱུར་ཞེས་ཁ་ཟེར་བ་དང་། ཨེ་མའོ་ཕུ་ནུ་མོ་དག་འདི་དག་ཅི་ཉེས་ན་གཤེ་བར་གྱུར། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སྦོམ་དགའ་མོས་བདག་ཅག་ཁྱིམ་ཐབ་དག་གི་མདུན་དུ་ཅོ་འདྲེས་སོ།། ་དེ་རྣམས་ཀྱིས་བསོད་སྙོམས་མ་རྙེད་པ་ན་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད།། ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་དེ་ཐམས་ཅད་ནི་ཆོས་བསྟན་པ་ལས་གྱུར་གྱིས་དེ་ཉ ་བས་ན་ཆོས་བསྟན་པར་མི་བྱའོ། ། དེ་དག་ཡང་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ན་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་སྨྲས་པ། འཕགས་མ་དག་ཆོས་ཤོད་ཅིག། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་བཀག་གོ།། བྲམ་ཟེ་དང་། ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས ་སོ། ། བདག་ཅག་གི་སྡུམ་པའི་བསོད་སྙོམས་ཀྱང་དག་གི་ལགས་མོད། དེ་རྣམས་ཡང་བསོད་སྙོམས་ཀྱིས་ཕོངས་པར་གྱུར་པ་ནས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཚིག་ལྔའི་ཆོས་བསྟན་པར་བྱའོ།། བཅོམ་ལྡན་འདས་ཀྱིས་ཚིག། ་ལྔའི་ཆོས་བསྟན་པར་བཀའ་སྩས་པ་ནིད་རྣམས་ཀྱིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གཟུགས་ནི་མི་རྟག་གོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མི་རྟག་གོ་ཞེས་བྱ་བའོ།། གང་གི་ཚེ་དེ་རྣམས་ཀྱིས་ཚིག་ལྔའི་ཆོས ་བསྟན་པར་བརྩམས་པ་དང་། དེ་ནས་བྲམ་ཟེ་དང་། ཁྱིམ་བདག་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག་ཅིའི་སླད་དུ་ཁྱོད་ཀྱིས་ཆོས་མང་དུ་མི་བཤད། ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་དེ་ཙམ་ཞིག་བཅའ་བ་མཛད་དོ།། འཕགས་མ་དག་ཅི་ཁྱོད་སྨྲིག་གའི་རིན་གྱི་ཆོས་ཤིག ་བསྟན་པར་རྩོམ་མམ། དེ་ནས་བྲམ་ཟེ་དང་། ཁྱིམ་བདག་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཇི་ལྟར་བདག་ཅག་ལ་ཆོས་ཉུང་ངུ་བསྟན་པ་དེ་ལྟར་བདག་ཅག་གི་བསོད་སྙོམས་ཅད་ཉུང་ངུ་འབུལ་ལོ།། དེ་ལྟར་བསོད་སྙོམས་ཀྱིས་ཕོངས་པར་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚིག་དྲུག་གི་ཆོས་བསྟན་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ན་དེ་རྣམས་ཀྱིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་མིག་ནི་མི་རྟག་གོ།། ཁྱིམ་བདག་རྣ་བ་དང་། སྣ་དང་ལྕེ་དང་། ལུམ་དང་། ་ཡིད་ནི་མི་རྟག་གོ་ཞེས་བྱ་བའོ།། གང་གི་ཚེ་དགེ་སློང་མ་དེ་རྣམས་ཀྱིས་ཚིག་དྲུག་གི་ཆོས་བསྟན་པར་བརྩམས་པ་དང་། དེ་ནས་བཅུ་གཉིས་སྡེ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཚིག་ལྔ་གང་ཡིན་པ་དེ་དྲུག་པར་བྱས་འདོད་ཅིག་ཚིག་དྲུག་པས་ཆང་ནི་མ་འཟུངས་སྒོགས་ནི་མ་ཟོས་ན ་ཉེས་པ་ཅི་ཡོད། དེ་བཞིན་དུ་ཆེད་དུ་བསམས་ཏེ་ཚིག་དྲུག་བྱ་བ་ལ་ཚིག་བདུན་པར་འདས་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མི་བསྟན་ཏོ་ཞེས་བྱ་བ་ནས། བསོད་སྙོམས་ཀྱིས་ཕོངས་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། སྐྱེས་པ་ལ་ནི་བུད་མེད་དང་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། བཅུ་གཉིས་སྡེ་དེ་རྣམས་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་བདག་གི་ཁྱིམ་དེ་དག་ཏུ་ཁྱིམ་བདག་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་ཆོས་ཉོན་ཅིག། འཕགས་པ་རེ་ཤིག་བུད་མེད་དག་ཐོགས། ་སུ་དགུག་གིས་གཞེས་ཤིག། བཅུ་གཉིས་སྡེ་དེ་དག་གིས་འདི་སྐ། ཅེས་སྨྲས་སོ།། ཕྱག་ག་མོ་འམ། སྤྲ་མོའམ། ལག་མ་མོ་འམ། བྱི་ལ་མོ་འདི་དག་མོ་མ་ཡིན་ནམ་ཞེས་དེ་རྣམས་ཀྱིས་རུང་བར་བྱེད་པ་འདིས་སྐྱེས་པ་རྣམས་ལ་ཆོས་སྟོན་པར་བྱེད་དོ།། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོག ་ཏ་མི་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས་ནས་སྤྱོད་ཡུལ་དུ་ཞུགས་ཏེ་དེ་ཁྱིམ་བདག་གི་ཁྱིམ་དེ་དག་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། དེ་ནས་ཁྱིམ་བདག་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཆོས་བཤད་དུ་གསོལ། སོང་ལ་བུད་མེད་དག་གྲོགས། ་སུ་ཁྲིད་དེ་ཤོག་ཤིག། ཁྱིམ་བདག་དེས་ཡང་འདི་སྐད་ཅེས་སྨྲས་སོ།། བྱ་གག་མོ་འདི་མོ་མ་ལགས་སམ། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མིས་ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱེད་ལ་དེ་ལྟ་བུའི་ཆོས་སྟོན་པ་དེ་སུ་ཡིན། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། བཅུ་གཉིས་སྡེ ་གོ། ། དེས་འདི་སྐད་ཅེས་དེས་ན་ཁོ་མོ་ཅག་ལ་ཡང་གནས་སྐབས་འདི་བྱུང་ངོ་ཞེས་སྨྲ་བ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པ་ན་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བྱང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བུད ་མེ་མེད་པར་སྐྱེས་པའི་མདུན་དུ་ཚིག་ལྔ་འམ། དྲུག་གི་ཆོས་སྟོན་ན་རིག་པའི་བུད་མེད་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཚིག་ལྔ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ།། རིགས་པའི་བུད་མེད་མ་གཏོགས་ཏེ་ཞེས་བྱ་བ་ནི་རིག་པའི་བུད་མེད་བཞག ་སྟེའོ། ། ལྟུང་བྱེད་དོ།། ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཞིག་ཆེད་དུ་བསམས་ཏེ་སྐྱེས་པ་ལ་ཚིག་ལྔའི་ཆོས་སྟོན་པ་ན་ཚིག་དྲུག་པར་ཐལ་བར་བྱེད་ན་ལྟུང་བྱེད་དོ།། དེ་བཞིན་དུ་སྟེང་གི་སར་བཤད་ནས་ཞེས་བྱ་བ་ནས་ཁྱིམ་དུ་ཞེས་བྱ་བའི ་བར་ཏེ་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། དེ་བཞིན་དུ་ཆེད་དུ་བསམས་ཏེ་ཚིག་དྲུག་གི་ཆོས་སྟོན་པ་ན་ཚིག་བདུན་པར་ཐལ་བར་བྱེད་ན་ལྟུང་བྱེད་དོ།། གལ་ཏེ་དྲི་བ་འདྲིན་ལྟུང་བ་མེད་དོ།། ལས་དང་པོ་ལ་སོགས་པ་ལ་ཡང་ལྟུང་བ་མེད་དོ།། ལྟུང་བྱེད་ལྔ་པ་རྫོགས་སོ།། །། གླེང་གཞི་ནི་མཉན ་ཡོད་ནའོ། ། དེའི་ཚེ་བཅུ་གཉིས་སྡེ་རྣམས་བསྙེན་པར་མ་རྫོགས་པའི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ལ་སོགས་པ་ལ་ཁ་བསྙམས་ཏེ་ཆོས་འདོན་དུ་འཇུག་གོ།། དེ་ནས་དབྱར་ཁང་དེ་ན་དཔེར་ན་རྩིས་སན་རྩིས་ཀྱི་སློབ་དཔོན་རྣམས་ཀྱིས་བཞིན་དུ་སྒྲ་མཐོན་པོ་དང་། སྒྲ་ཆེན ་པོ་བྱུང་བ་ན་དོན་ཉུང་བའི་དགེ་སློང་མ་དག་ཁྲོད་པར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་ས་གང་ཟག་བསྙེན་པར་མ་རྫོགས་པ་རྣམས་ལ་ཁ་བསྣམས་ཏེ་ཆོས་འདོན་དུ་འདུག་ན་ལུང་བྱེད་དོ།། ཡང་དགེ་སོང་མགས ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་གདག་གོ། ། གང་ཟག་བསྙེན་པར་མ་རྫོགས་པ་ཞེས་བྱ་བ་ལ། བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་། དགེ་སློང་མོའོ།། ལྷག་མ་རྣམས་ནི་བསྙེན་པར་མ་རྫོགས་པའོ།། ཁ་བསྙམས་ཏེ་ཞེས་བྱ་བ་ནི་ཚིག་མཉམ་པ་དང་། ཆོག་བྷ་བ་དང་། ས་མ་། ་ཡིགེ་གག་པར་རོ།། དེ་ལ་ཚིག་མཉམ་པ་ཞེས་བྱ་བ་ནི་ཇི་སྲིད་དུ་སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་སྨྲ་བ་དེ་སྲིད་དུ་དེ་ཡང་སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་སྨྲ་བ་སྟེ། འདི་ནི་ཚིག་མཉམ་པ་ཞེས་བྱའོ།། ཚིག་ལྷག་པ་ཞེས་བྱ་བ་ན་ཇི་སྲིད་དུ་སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་མ་སྨྲས་པ་དེ་སྲིད ་དུ་དེ་དགེ་བ་ཕུན་སུམ་ཚོགས་པར་བྱའོ་ཞེས་སྨྲ་བ་སྟེ། འདི་ནི་ཚིག་ལྷག་པ་ཞེས་བྱའོ།། ཡི་གེ་མཉམ་པ་ཞེས་བྱ་བ་ནི་ཇི་སྲིད་དུ་ཨ་ཞེས་སྨྲ་བ་དེ་སྲིད་དུ་དེ་ཡང་ཨ་ཞེས་སྨྲ་བ་སྟེ། འདི་ནི་ཡི་གེ་མཉམ་པ་ཞེས་བྱའོ།། ཡི་གེ་ལྷག་པ་ཞེས་བྱ་བ་ནི་ཇི་སྲིད་དུ་ཨ་ཞེས་མ་སྨྲས་པ་དེ་སྲིད་དུ་དེ་ཡང་ཨ ་ཞེས་སྨྲ་བའོ། ། ཆོས་འདོན་དུ་འཇུག་ན་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ། ཉན་ཐོས་ཀྱིས་སྨྲས་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གང་ཟག་བསྙེན་པར་མ་རྫོགས་པ་ལ་ཁ་བསྟམས་ཏེ་རོས ་འདོན་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་ལྔ་པ་ལྡིབ་ཅན་དང་། སྤུ་མྱུར་བ་དང་། དྲན་པར་བྱ་བ་དང་། འདྲི་བ་གསོལ་པ་ལ་སྦྱིན་པ་ལ་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པ་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། ཉོན་མོངས་པ་རྣམས་མ་སྤངས་པའི་ཕྱིར་དང་། ་མི་ཤེས་པའི་ཕྱིར་ལྟུང་བ་དག་བྱུང་ཞིང་སྔོན་གྱི་ལྟུང་བ་དག་འཆགས་པར་བྱེད་པས་དེ་རྣམས་བཀུར་སྟི་བྱ་བ་སྤྱོད་དེ། དེ་རྣམས་ནང་བར་སྔར་ལངས་ཤིང་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བསྙེན་བཀུར་བྱེད། ཆག་ཆག་དང་། ཕྱག་དར་དར། བྱི་བ་དང་བྱེད་དོ།། བཅུ་གཉིས་སྡེ་དེ་དག་ནི ་སེམས་ལས་ཆུང་ངུང་ཇུག་ཅེར་འཁོད་དོ། ། དེར་ཡང་ཁྱིམ་པ་དག་ལྤགས་ཏེ་དེ་རྣམས་ཀྱིས་དེ་དག་མཐོང་ནས་འདི་སྙམ་དག་སོང་མནན་མོ་འདི་དག་ནི་རིན་པོ་ཚོགས་ཤིང་རིན་པ་ཚེ་སོགས་པར་བྱེད་དོ།། བཅུ་གཉིས་ལྔ་འདི་དགན་ངན་པ་ཚམགས་ཤང་ངན ་པོ་འི་སོགས་པར་མི་བྱེད་དོ་སྙམ་སེམས་སོ། ། དེ་ནས་བཅུ་གཉིས་སྡེ་དག་གིས་ཁྱིམ་བདག་ལས་ཐོས་ནས་འདི་སྐད་ཅེས་སྨྲས་སོ།། ཁྱེད་འདི་ལྟ་བུ་རིན་པོ་ཆེ་སོགས་ཤིག། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་འདི་དག་སངས་རྒྱས་དང་། ཆོས་དང་འདགེ་འདུན་ལ་སོགས་པ་ལ་མཆོད་པའི ་དོན་དུ་བརྩོན་པར་བྱེད། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ལྷུར་བ་འདི་དང་འདི་དག་བྱུང་ངོ་།། དེ་དག་གིས་ཐོས་ནས་གང་ལ་རྒན་མོ་རྣམས་ཀྱང་འདི་འདྲ་བའི་གནས་སྐབས་སུ་གྱུར་ན་གཞོན་ནུ་མ་རྣམས་ལྟ་ཇི་ལྟ་བུ་ཞིག་ཏུ་འགྱུར་ཞེས་ཡིད་ལ་གཅགས་པར་གྱུར་ཏོ། བཅུ་གཉིས་སྡེ་དག་གིས ་དོན་དེ་རྟོགས་པར་བྱས་ནས་དེ་དག་གི་དགེ་ཚུལ་གཞོན་ནུམ་རྣམས་ལ་དྲིས་པ། ཁྱེད་ཀྱི་མཁན་མོ་དང་། སློབ་དཔོན་དག་ནི་བྱེད། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བསོད་ནམས་བགྱིད་དོ།། དེ་ནས་བཅུ་གཉིས་སྡེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱད་བསོད་ནམས་འདི་འདྲབ ་བྱོས་ཤི། དགེ་ཚུལ་མ་དེ་རྣམས་ཀྱིས་འདི་ག་ཅེས་སྨྲས་སོ།། དེ་ཅི་ལགས། དེ་ནས་བཅུ་གཉིས་སྡེ་དགགས་དེ་དག་གིས་དགེ་ཚུམ་མརྣམས་ལ་འདི་གད་ཅེས་སྨྲ་པོ།། བྱེད་ཀྱི་སྙིང་ལ་མན་བྱེད་ཀྱི་མ་ཁན་པོ་དང་། སློབ་དཔོན་དེ་དག་དིས་ཆོས་བམད་ཞེས་སངས་རྒྱས་དང་ཆོས་དང་། ་བདུན་ལ་སོགས་པ་ལ་བསྙེན་བསྐུར་བྱེད་སྙམ་འམ། དེ་ལྟ་མོད་ཀྱི་ལྟུང་བ་འདི་དང་འདི་དག་བྱུང་ངོ་།། གང་གི་ཚེ་དགེ་སློང་མ་དེ་དག་སྲུང་བ་དེ་ལས་ལངས་པར་གྱུར་པ་དེའི་ཚེ་དེ་དག་གི་དགེ་ཚུལ་གཞོན་ནུམ་དེ་དག་ལ་དགེ་ཚུལ་མ་དག་ལས་དག་ཀྱིས་ཤིག་ཅེས་སྒོམ་པ་ན། དེ་དག་གིས་སྨྲས་པ། ་ཁྱེད་ཅག་ཅིའི་ཕྱིར་མི་མཛད། གནས་བརྟན་མོ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁོ་མ་ཅིག་གིས་མི་རུ་ངོ་།། དེག་ཚུལ་མ་རྣམས་ཀྱིས་ཡང་འདི་སྐད་ཅེས་སྨྲས་སོ།། ཁ་ཅིག་དྲངན་ལ་ཅིག་མི་རུང་ངམ། དགེ་སློང་མ་དེ་རྣམས་ཀྱིས་འདིས་དབུས་སོ།། ཁྱེད་པ་སུས་སྨྲས་དེ་དག་གིས་འདི ་སྐད་ཅེས་བཅུ་གཉིས་སྡེ་དག་གིས་སོ་ཞེས་སྨྲས་པ་ན་དོན་ཉུར་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏེ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྗོད་པར་མི་བྱའོ་ཞེས་དེ་ལྟར་དགག་པ་མཛད་དོ།། དེ་ནས་དགེ་སློང་མ་དྲང་པོ་ཞེས་བྱ་བ་ཅི་ནས་ཀྱང་། ་སྐྱེ་བར་ཚོགས་ཅན་པོ་མ་ད་པ་ག་པར་འབྱུང་བ་དེ་ས་ལྟར་གྱིམ་རྣམས་སུ་སྤྱད་པར་བྱེད་པའི་རྣབས་དེ་བཅོམ་ལྡན་འདས་ལ་གསལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའསྩལ་བ། ཁྱིམ་དུས་སོང་གཔར་བྱེད་པ་དགསང་མ་ག་བར་བྱའོ།། བཅོམ་ལྡན་དསཀྱིས་བཀའདུས་པ་ས་ཤེས་ནཀྱི ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མཆོས་ལྔ་དང་ལྡན་པ་ཁྱིམ་དུ་སོ་སོར་གོ་བར་བྱེད་པ་བསྒོ། བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། སོ་སོར་གོ་བར་བྱ་བ་དང་སོ་སོར་ག། ་བར་མ་བྱས་པའི་ཁྱིམ་ཤེས་པའོ།། བསྒོ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱས་ལ་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་འགསན་དུ་གསོལ།། དགེ་སློང་མ་དྲང་པོ་འདི་གང་གིས་ན་སྐྱེ་བོའི་ཚོགས་ཆེན་པོ་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས ་སུ་སྤྱོད་པར་བགྱིད་དེ། མིང་འདི་ཞེས་བརྩི་བ་འདི་ཁྱིམ་རྣམས་སུ་སོ་སོང་གོ་བར་བགྱིད་པར་སྤྲོན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། མིང་འདི་ཞེས་བགྱི་བ་གང་ལགས་པ། འདི་དགེ་སློང་མདང་པོའི་སླད་དུ་ཁྱིམ་དུས་སོར་། ་གོ་བར་བགྱིད་པར་བསྐོ་བར་བགྱི་སྟེ། མིང་འདི་ཞེས་བགྱི་བ་གང་ལགས་པས་དགེ་སློང་མ་དྲང་མོའི་སླད་དུ་ཁྱིམ་རྣམས་སུ་པུ་ནུ་མོ་དག་ཁྱེད་ཅག་དགེ་སློང་མ་དྲང་མོ་ས་བོན་ཚིག་པ་ལྟ་བུ། ས་བོན་ཉམས་པ་ལྟ་བུ་འདིས་བསྟན་པ་ལ་ཚོད་མ་འཛིན་ཅིག། འཕགས་མ་སྐྱེ་དགུའི་བདག་མོ་ཆེན་མོས་བསྟན ་པའི་ཚད་བཟུར་ཤིག། གོ་ཏ་མི་སྐེམ་མོ་དང་། ཨུཏྤ་ལའི་མདོག་དང་། ཆོས་སྦྱིན་དང་། འཕགས་མ་ཚུལ་ལྡན་གྱིས་ཚད་ཟུང་ཤིག་ཅེས་སོ་སོར་གོ་བར་བགྱིད་པར་འགྱུར་རོ།། འདི་ནི་གསོལ་བའོ།། ལས་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་བུ་ནོམོ་དག་བདག་ལགས་ན་དུ་གསོལ། ཞེས་བྱ་བ། ་ནས་འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས་འདི་སྐད་ཅེས་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་རོ།། དེ་ནས་དགེ་སློང་མ་དྲང་མོས་ཁྱོད་ཀྱི་ཕྱིར་ཁྱིམ་དུ་སོ་སོར་གོ་བར་བྱེད་པའི་དགེ་སློང་མ་སྤྲོ་བར་བྱས་སོ།། ཞེས་ཐོས་སོ།། ཐོས་ནས་ཀྱང་དགེ་སློང་མ་དྲང་མོ་ཁྱིམ་ཏྲ་སོ ་སོར་གོ་བར་བྱེད་པའི་དགེ་སློང་མ་གང་ན་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ། ། ཕུ་ནུ་མོ་ཁྱོད་དགེ་འདུན་གྱིས་ཁོ་མོའི་ཕྱིར་ཁྱིམ་དུ་སོ་སོར་གོ་བར་བྱེད་པ་བསྐོས་སམ། དེས་འདི་སྐད་ཅེས་སྨྲས་སོ།། དེ་ཡིན་ནོ།། ཕུ་ནུ་མོ་ཁྱོད་ཀྱིས་ཁོ་མོ་འདི་ལྟར་ཁྱིམ་རྣམས་སུ་མ་དང ་བ་མང་དུ་བྱས་པར་ཡིད་ཆེས་སམ། དེས་འདི་སྐད་ཅེས་སྨྲས་སོ།། ཡིད་ཆེས་སོ།། དད་མོས་འདི་སྐད་ཅེས་སྨྲས་སོ།། ཇི་ལྟར་གཅིག་ལ་ཡིད་ཆེས་པ་ལྟར་གཅིག་ཤོས་ལ་ཡང་དེ་དང་འདྲ་བས་ཁོ་མོས་ཁྱོད་ཀྱི་ལྟོ་དྲ་བ་ལ་རྒྱ་མས་དབྱར་ཁང་འཁོར་བར་བསྐོར་རོ།། དགེ་སློང་མ་དེ་ཕྲག་ནས་སྐལ ་དེ་དགེ་སློང་མའི་དགེ་འདུན་ལ་རྒྱས་པར་སྨྲས་སོ། ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས་ཀྱིས་གསོལ་པ་འབའ་ཤིག་པ་བྱའོ།། བཅོམ་ལྡན་འདས་ཀྱིས་གསོལ་པ་འབའ་ཤིག་པ་བྱའོ་ཞེས་བཀའ་སྩལ་པ་མ ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་གམས་པ་བྱས་ནས་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་ཟད་མོ་འདི་ཅི་ནས་ཀྱང་སྐྱེ་བོའི་ཚོགས་ཆེན་པོ་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད ་པར་བགྱིད་དེ། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། གསོལ་བ་འབའ་ཤིག་པ་བགྱིས་ནས་དགེ་སློང་མ་དྲང་མོ་ཇི་ལྟར་སྣང་བ་དང་། གང་དུ་དེ་སྣང་བ་དེ་ཁོ་ནར་འདི་སྐད་ཅེས་ཕུ་ནུ་མོ་དག་ཁྱེད་དགེ་སློང་མ་སྡིག་ཅན ་ས་བོན་ཚིག་པ་བཞིན་དུ་སྐྱེ་བའི་མཐུ་མེད་པ་འདིས་བསྟན་པ་ལ་ཚོད་མ་འཛིན་ཅིག། དེ་ལྟ་མོད་ཀྱི་དགེ་སློང་མ་གནས་བརྟན་གནས་བརྟན་དག་གིས་བསྟན་པ་འདི་ལ་ཚད་ཟུང་ཤིག་ཅེས་བསྒོ་བར་བགྱི་སྟེ་འདི་ནི་གསོལ་བའོ།། དེ་ལྟར་གསོལ་བ་འབའ་ཤིག་པ་བྱས་ནས་དགེ་སློང་མ་དེ་རྣམས ་ཀྱིས་གང་དུ་སྐྱེ་བོའི་ཚོགས་ཆེན་པོ་ཡོད་པ་དེར་སོ་སོར་གོ་བར་བྱའོ། ། གང་དུ་མ་དད་པར་བྱས་པ་དེར་བརྗོད་པར་བྱ་བའི་ལྟོགས་པ་ཁོ་ནས་ཤི་བར་གྱུར་ན་མི་རུང་བས་གཞན་ནི་བརྗོད་པར་མི་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བླང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་རྣམས་ལ་གནས་ངན་ལེན་གྱི་ལྟུང་བརྗོད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པའོ།། བརྗོད་ན་ཞེས་བྱ་བ་ནི་སྨནའོ།། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱིས་གནང ་བ་བཞག་སྟེག། ལུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་དེ་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་ལ་མཐར་འགྱུར་བའི་ལྟུང་བ་མཐོང་ལ་དེས་མ་རིག་པ་ལ་མ་རིག་པའི་འདྲ་ཤེས་ཀྱིས་བརྗོད་ན་སུང་བྱེད་དོ།། དེ་བཞིན་དུ་མ་རིག་པ་ལ་ཡིད་གཉིས་ཟན་སུར་བྱེད་དོ།། དགེ་སློང་བས ་དགེ་སློང་མ་ལ་མཐར་འགྱུར་བའི་ལྟུང་བ་མཐོང་ལ་དེས་རིག་པ་ལ་མ་རིག་པར་འདུ་ཤེས་ན་ཉེས་བྱས་སོ། ། དེ་བཞིན་དུ་མ་རིག་པ་ལ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། རས་ལ་རི་མོར་བྲིས་པ་ལྟར་ཇི་ལྟར་བདག་གིས་ཤེས་པ་དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཤེས་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་།། ་བྱེད་བདུན་པ་རྫོགས་སྷོ།། །། སངས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ།། དེའི་ཚེ་མུ་གེ་མི་ཟད་པ་དོཀོན་བསློངས་མོ་བས་ཟས་རྙེད་པར་དཀའ་བ་བྱུང་ངོ་།། དེ་ནས་དགེ་སློང་མ་རབ་ཏུ་མང་པོ་ལྗོངས་ཤིག་ཏུ་དོང་བ་དང་། བསེད ་སྙོམས་ཀྱིས་ཕོངས་པར་གྱུར་ཏོ། ། དེ་ནས་དེ་རྣམས་ཕན་ཚུན་དུ་བཟོས་པར། ཕྱིའི་ཕྱིར་བདག་ཅག་གི་ཡོན་ཏན་བསྒྲགས་པར་མི་བྱ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཅི་ཡང་དག་པས་སམ། ཡང་དག་པས་མ་ཡིན་པ་པ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཡང་དག་པས་སོ།། ་དེ་དག་གིས་ཕན་ཚུན་དུ་ཡོན་ཏན་ཡང་དག་པས་བཀླགས་པ་བྱས་པ་དང་། འཇིག་རྟེན་ནི་ཡོན་ཏན་ལ་དགའ་བ་ཡིན་པས་དེ་རྣམས་ཀྱིས་དེ་དག་བསོད་སྙོམས་ཀྱིས་མ་ཕོངས་པར་བྱས་སོ།། གང་གི་ཚེ་དགེ་སློང་མ་དེ་དག་ལྗོངས་རྒྱུ་ཞིང་དོང་ནས་ཡངས་པ་ཅན་དུ་ཕྱིན་ནོ།། དེ་ནས་གནས་པ ་དང་། གཉུག་མར་གནས་པའི་དགེ་སློང་མ་རྣམས་ཀྱིས་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། སངས་རྒྱས་ལྡན། ཆོས་ལྡན། དགེ་འདུན་ལྡན་དག་འོངས་པ་ལེགས་སོ།། འོངས་པ་ལེགས་སོ།། ཇི་ག་ལེགས་པར་སྦྱང་ངམ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ལེགས་པར་ལྟུང་ངོ་།། ་ཚེ་དང་ལྡན་མ་དག་བསོད་སྙོམས་ཀྱིས་ཕོངས་པར་མི་གྱུར་གྲང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། མ་གྱུར་ཏོ།། གནས་བརྟན་གནས་བརྟན་འདི་དག་ནི་བསོད་སྙོམས་ཀྱིས་ཕོངས་པ་ཟུར་ན་ཁྱོད་ཀྱིས་ཐབས་ཅི་ཞིག་བྱས་ནས་གྱུར། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཕན་ཚུན ་ཡོན་ཏན་བསྒྲགས་པ་བྱས་པས་སོ། ། ཁྱེད་མིའི་ཆོས་ཐ་མ་བརྗོད་དུ་རུང་ངམ། དེ་དག་གིས་འདི་སྐད་ཅེས་བདག་ཅག་གིས་བརྗོད་དོ་ཞེས་སྨྲས་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་ཐ་མ་བདེན་པ་རྗོད་ན་སྤང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པའོ།། བསྙེན་པར་མ་རྫོགས་པ་ལ་ཞེས་བྱ་བ་ལ་བསྙེན་པར་རྫོགས་པ་ནི་གཉིས་སོ།། ་ལྷག་མ་རྣམས་ནི་བསྙེན་པར་མ་རྫོགས་པའོ།། བདེན་པ་ཞེས་བྱ་བ་ནི་ཡང་དག་པར་ཡོད་པའོ།། ལུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། བར་སྡོམ་ལ། མཐོང་དང་འདུ་ཤེས་དགོན་པ་དང་།། ཁྱིམ་རྣམས་མུ་ནི་སྟན་བཀྲ་དང་། རང་གི་མཚན་ཉིད་འཛིན་བྱེད ་དང་། བདག་ཉིད་ཉེ་བར་སྟོན་པའོ།། དགེ་སློང་མས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་མ་བསྐུར་བར་འདི་སྐད་ཅེས་ལྷ་མཐོང་ངོ་ཞེས་ཟེར་ལ། བདེན་པ་ཡིན་ན་ལྟུང་བྱེད་དོ།། དེ་བཞིན་དུ་གནོད་སྦྱིན་རྣམས་དང་། གྲུ་རྣམས་དང་། དྲི་ཟ་རྣམས་དང་། མི ་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། གྲུལ་བུམ་རྣམས་དང་། ཡི་དགས་རྣམས་དང་། ཤཟ་རྣམས་དང་། སྲུལ་པོ་རྣམས་ཀྱང་བདེན་ན་སྲུང་བྱེད་དོ།། ཐན་ཕྱག་དང་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ།། དེ་བཞིན་དུ་ལྷ་རྣམས་ལ་བལྟ་བའི་ཕྱིར་འགྲོའི་ཞེས་བྱ་བ་ནས་ལུས་སུལ་པོ ་རྣམས་ལ་ཞེས་བྱ་བའི་བར་ཏེ་བདེན་ན་ལྟུང་བྱེད་དོ། ། ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ།། ཁོ་མོའི་དྲུང་དུ་ལྷ་ལ་སོགས་པ་ཉེ་བར་འོང་བ་བདེན་ན་ལྟུང་བྱེད་དོ།། ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ།། དེ་བཞིན་དུ་ལྷ་ལ་སོགས་པའི་སྒྲ་ཐོས་པ་བདེན་ན་ལྟུང་བྱེད ་དོ། ། ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ།། ལྷ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། རྣམ་པར་གཏན་ལ་འབེབས་པར་བྱེད་པ་བདེན་ན་ལྟུང་བྱེད་དོ།། ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ།། དེ་བཞིན་དུ་ལྷ་ཡང་ཁོ་མོ་དང་ལྷན་ཅིག་གཏམ་འདྲ་བར་བྱེད། རྣམ ་རགཏན་ལ་འབེབས་པར་བྱེད་པ་བདེན་ན་ལྟུང་བྱེད་དོ། ། ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ།། དགེ་སློང་མས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་མེ་རྟོག་པའི་འདུ་ཤེས་ཐོབ་བོ་ཞེས་ཟེར་ལ་བདེན་པ ་ཡིན་ན་ལྟུང་བྱེད་དོ། ། དེ་བཞིན་དུ་སྡུག་བསྔལ་ལ་མི་རྟག་པའི་འདུ་ཤེས་དང་། སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མོ་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། འདོད་ཆགས་དང ་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་དང་། རྣམ་པར་སྔོས་པའི་འདུ་ཤེས་དང་། རྣམ་པར་རུལ་བའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་ཞིགས་པའི་འདུ ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་པའི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་དང་། ཁོ་མོས་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་ཞེས་བྱ་བ་ནས། རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་ཁོ་མོས་ཐོབ་བོ་ཞེས་ཟང་ལ་བ་དང། ་ན་ལྟུང་བྱེད་དོ།། དགེ་སློང་མས་འདུ་ཤེས་མ་བསྐུར་བ་ཞེས་བྱ་བ་ནས། འདི་སྐད་ཅེས་བྱ་བའི་བར་ཏེ། དགེ་སློང་མ་རབ་ཏུ་མང་པོ་དགོན་པོ་ན་གནས་ན་དེ་དག་ལས་མི་མ་ཡིན་པ་རྣམས་ཀྱིས་རྣམ་པར་མི་འཚེན་ཁོ་མོ་ཡང་དེ་ན་གནས་ན་རྣམ་པར་མི་འཚེའོ།། ཞེས་སྨྲས་ལ་བདེན་ན་ལུང་བྱེད་དོ།། ་དེ་བཞིན་དུ་ཁྱིམ་རྣམས་སུ་སྟན་བཀྲ་ཞིང་བཀྲ་བ་རྣམས་ལ་ཡང་བརྗོད་པར་བྱའོ།། དགེ་སློང་མས་འདུ་ཤེས་མ་བསྐུར་བར་ཞེས་བྱ་བ་ནས། འདི་སྐད་ཅེས་བྱ་བའི་བར་ཏེ། དགེ་སློང་མ་གང་གིས་རང་གི་མཚན་ཉིད་འཛིན་པ་ཞི་གནས་ཀྱི་མཚན་མ་ལ་བརྟེན་ནས། འཇིག་རྟེན་པའི་ཡིད་ལ་བྱེད་པས་ཉོན ་མོངས་པ་དག་རྣམ་པར་མནན་པས་འདོད་པའི་འདོད་ཆགས་དང་། གནོད་སེམས་ལ་སོགས་པ་ཀུན་དུ་མི་སྤྱོད་པ་ཡོད་དེ། ཞེས་བྱ་བ་ནས། ཁོ་མོས་ཀྱང་ཞེས་བྱ་བའི་བར་དུ་ཟད་ན་ལྟུང་བྱེད་དོ།། དགེ་སློང་མས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་ཟོས་དང་། རྟོག་པ་དང་། ལྟ་བ་མ་བསྐུར། ་བར་འདི་སྐད་ཅེས་དགེ་སློང་མ་ལྷ་མཐོང་བ་གང་ཡིན་པ་དེ་ཡོད་དོ་ཞེས་སྨྲས་ཀྱིས་ཁོ་མོས་ས་ཞེས་དེ་སྐད་མ་སྨྲས་ན་ཉེས་བྱས་སོ།། དེ་བཞིན་དུ་གནོད་སྦྱིན་རྣམས་དང་། ཀླུ་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། གུལ་བུམ་རྣམས་དང་། ཡི་དགས ་རྣམས་དང་ཤ་ཟ་རྣམས་དང་། ལུས་སུལ་པོ་རྣམས་བདག་གིས་སོ་ཞེས་དེ་སྐད་མ་སྨྲས་ན་ཉེས་བྱས་སོ།། ཐན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ལ་ཡང་བདག་གིས་སོ་ཞེས་མ་སྨྲས་ན་ཉེས་བྱས་སོ།། དེ་བཞིན་དུ་རིམ་པ་འདིས་སྡོམ་གྱི་ཚིག་བཅད་འདི་བརྗོད་པར་བྱའོ།། ཡང་དག་སློང་མ་གང་ཞིག་འདུ་ཤེས་མ ་བསྐུར་བར་ཞེས་བྱ་བ་ནས། འདི་སྐད་ཅེས་བྱ་བའི་བར་ཏེ། དགེ་སློང་མ་རང་གི་མཚན་ཉིད་འཛིན་པ་ཞི་གནས་ཀྱི་མཚན་ཉིད་མ་ལ་བརྟེན་ནས་འཇིག་རྟེན་པའི་ཡིད་ལ་བྱེད་པས་ཉོན་མོངས་པ་རྣམས་རྣམ་པར་མནན་ནས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་ལ་སོགས་པ་ཀུན་དུ་མི་སྤོང ་པ་གང་ཡིན་པ་དེ་ཡོད་དོ་ཞེས་ཟེར་གྱི་ཁོ་མ་ཡིན་ནོ་ཞེས་དེ་སྐད་ན་སྨྲས་ན་ཉེས་བྱས་སོ། ། ལྟུང་བྱེད་བརྒྱད་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ཆོས་སྦྱིན་པོ་ཉེས་བསྟན་པར་རྫོགས་པ་ཐོབ་ཅིང་བདེན་པ་རྣམས་མཐོང་བ་དེའི་ཚེ་དེ་རང་གི་གཡང་ཁང་ན་དགེ་སློང་མ་རྣམས་ཀྱི་ཆོས ་དང་ལྡན་པའི་ཞལ་ཏ་བྱེད་པ་ལ་བརྩོན་པར་བྱེད་དེ། ། དེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཡིན་པས་འདི་ལྟ་སྟེ། སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། དགེ་སློང་མ་ཤེས་པ་རྣམས་ལ་མི་འབུལ་བའམ། ཡོངས་སུ་མི་གཏང་བ་ཅི་ཡང་མེད་དོ།། དེ་དེ་ལྟར ་ཕུལ་ཞིང་དེ་ལྟར་ཡོངས་སུ་བཏང་པས་ཆོས་གོས་རྙིངས་ཤིང་སྣམ་སྦྱར་ཡང་རྙེངས་པར་གྱུར་ཏོ། ། དེ་ནས་དགེ་སློང་མའི་དགེ་འདུན་འདི་སྙམ་དུ་དགེ་སློང་མ་ཆོས་སྦྱིན་འདི་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཡིན་པས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། ་སྙོམས་པར་འཇུག་པ་སྤངས་ནས་དགེ་སློང་མ་རྣམས་ཀྱིས་ཆོས་དང་ལྡན་པའི་ཞལ་ཏ་བྱེད་པ་ལ་བརྩོན་པར་བྱེད་ལ། དེ་མི་དབུལ་བ་འམ། ཡོངས་སུ་མི་གཏོང་བ་ཅི་ཡང་མེད་དེ་ཞེས་བྱ་བ་ནས། སྣམ་སྔར་དེངས་པར་གྱུར་གྱིས་ཞེས་བྱ་བའི་བར་རོ།། བདག་ཅག་གིས་རབ་ཡུག་ཆེན་ཞིག་ཐུམ་པ ་དང་། རེ་བདག་ཅག་གིས་ཆོས་སྦྱིན་ལ་སྦྱིན་ནོ་སྙམ་དུ་སེམས་སོ།། དེ་ནས་དུས་གཞན་དག་ན་རངས་ཡུག་ཆེན་ཞིག་རྙེད་ནས་དེ་རྣམས་ཀྱིས་ཆོས་སྦྱིན་ལ་བྱིན་ནོ།། དེས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསོལ་བ་བྱས་ཏེ་སྤྱིར་རོ།། འདི་ལྟར་བྱས ་ཏེ་གནས་མ་མས་པ་བྱས་ལ་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ཅལ་གསན་དུ་གསོལ། དགེ་སྲོང་མཆོས་སྦྱིན་འདི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ལགས་པས་འདི་ལྟ་སྟེ། སངས་རྒྱས་སམ། ཆོས་སམ། དགེ་འདུན་ནལ། དགེ་སློང ་མ་བཤེས་པ་རྣམས་ལ་མི་འབུལ་བ་འམ། ཡོངས་སུ་མི་གཏང་བ་ཅ་ཡང་མ་མཆིས་སོ།། དེ་དེ་ལྟར་ཡོངས་སུ་བཏང་བས་ཆོས་གོས་ལྔ་རྙིངས་ཞིང་སྣམ་སྦྱར་ཡང་དེངས་པར་གྱུར་ལགས་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་འཕགས་པའི་དགེ་འདུན་གྱིས་གནང་བར ་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་ཆོས་སྦྱིན་ལ་རས་ཡུག་ཆེན་སྩོལ་བར་མཛད་དོ།། འདི་ན་གསོལ་པའོ།། གང་གི་ཚེ་དེ་དག་གིས་གསོལ་བ་བྱས་ཏེ་ཆོས་སྦྱིན་ལ་རས་ཡུག་ཆེན་བྱིན་པ་དེའི་ཚེ་སྦོམ་དགའ་མོས་བཅུ་གཉིས་སྡེ་ལྷག་མ་རྣམས་ལ། ཀྱེ་ཕུ་ནུ་མོ་དག་གང་དུ་དགེ་འདུན ་ཀྱི་རྙེད་པ་བཤེས་དོར་སྔོ་བར་བྱེད་པར་དགེ་སློང་མའི་དགེ་འདུན་གྱི་རྙེད་པ་འགྲུབ་པར་གལ་འགྱུར་ཞེས་སྨྲས་པ་ནི་དོན་ཉུང་བུའི་དགེ་སློང་པ་རྣམས་སྨོད་པར་བྱེད་དེ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྔར ་གས་པར་རུང་བར་བྱས་ནས་དེའི་འོག་ཏུ་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་ཕུ་ནུ་མོ་དག་དགེ་སློང་མ་རྣམས་ཀྱིས་བཤེས་དོར་བྱས་ཏེ་དགེ་འདུན་གྱི་རྙེད་པར་བསྔོས་པ་གང་ཟག་གིར་སྔོ་བར་བྱེད་དོ་ཞེས་ཟེར་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྔར་ལེགས ་བར་རུང་བར་བྱས་ནས་ཞེས་བྱ་བ་ནི་བློ་གྲོས་འཐུན་པར་བྱས་པའོ། ། དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ།། འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྒྲ་ནའོ།། དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ།། རྙེད་པ་ཞེས་བྱ་བ་ལ་རྙེད་པ་ནི་གཉིས་ཏེ། ་ཟིང་ག་རྙེད་པ་དང་། གོས་ཀྱི་རྙེད་པ་སྟེ། དོན་འདི་ལ་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ།། བཤེས་ངོར་ཞེས་བྱ་བ་ལ་གང་གི་བཤེས་གང་ཡིན་ཞེ་ན། ལྷན་ཅིག་གནས་པའི་བཤེས་པ་ན་མཁན་མ་ཡིན་ལ། མཁན་མོའི་ནི་ལྷན་ཅིག་གནས་པ་ཡིན་ནོ།། ཉེ་གནས་ཀྱི་སློབ་དཔོན ་ཡི་ལ་སློབ་དཔོན་གྱི་ཡང་ཉེན་ས་ཡིན་ནོ། ། འགྲོགས་པ་ཤེས་ཀྱི་ཡང་འགྲོགས་བཤེས་ཡིན་ནོ།། སྨོས་འདྲིན་གྱི་ཡང་སྨོས་འདྲིན་ཡིན་ནོ།། གནས་གཅིག་པའི་ཡང་གནས་གཅིག་པ་ཡིན་ནོ།། སྔོན་ཞེས་བྱ་བ་ནི་སྦྱར་ནའོ།། གང་ཟག་ལ་ཞེས་བྱ་བ་ནི་གང་ཟག་ལ་སྦྱིན་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི ་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དེ་དགེ་སློང་མས་ཇི་ཙམ་དུ་སྔར་ལེགས་པར་རུང་བར་བྱས་ནས་དེའི་འོག་ཏུ་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་དགེ་སློང་མས་བཤེས་དོར་དགེ་འདུན་གྱི་རྙེད་པར་བསྔོས་པ་གང་ཟག་གིར་སྦྱར་བར་བྱེད་དོ་ཞེས་ཟེར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ་གལ་ཏེ་བདེན་པ་ཁོ་ཡིན་ནོ་ལྟུང་བ་མེད་དོ།། ལྟུང་བྱེད་དགུ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་འདི་སྐད་ཅེས་བུ་ནུ་མོ་དག་ཇི་ཙམ་གྱིས་དགེ་སློང་མ་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ ་དང་། ཡིད་མི་བདེ་བ་དང་། གནོད་པ་དང་། གདུང་བར་འགྱུར་བའི་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་གང་ལ་གཞི་ཡང་མངོན་ལ། གང་ཟག་དང་། གྲོང་དང་། ཞི་ཡང་མངོན་པ་དེ་དག་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་བཏོན་པས་ཅི་ཞིག་བྱ་ཞེས་སྨྲས་པ་ནི་དོན་ཉུང་བའི ་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མ་མཛད་དེ། ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་འདི་སྐད་ཅེས ་འཕགས་མ་དག་ཇི་ཙམ་དགེ་སློང་མ་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། ཡིད་མི་བདེ་བ་དང་། གནོད་པ་དང་། གདུང་བར་འགྱུར་བའི་བསླབ་པའི་གཞིམ་ནི་ཚེགས་རབ་ཏུ་ཟ་བ་འདི་དག་ཟླབ་ཕྱེད་བྱེད་ཅིང་མོ་སོང་ཐར་པའི་མདོ་གདོན་པ་ལས་བཏོན་པས་ཅི་ཞིག་བྱ་ཞེས་ཟེར་ན་ཀྱང ་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྲོས་དགའ་མིའོ།། ཟླ་བ་ཕྱེད་བྱེད་ཅིང་ཞེས་བྱ་བ་ནི་ཟླབ་ཕྱེད་བྱེད་ཅིང་རོ།། སོ་སོར་ཐར་པ་ཞེས་བྱ་བ་ན་ཕས་ཕ་མཔར་འགྱུར་བ་བརྒྱད་དང་། དགེ་འདུན་ལྷག་མ་ཉི་ཤུ་དང་ཞེས་བྱ་བ་ནས། ལྟུང་བྱེད་བརྒྱད་བརྒྱད་ཅུ་དང་། སོ་སོར་བཤགས་པ་བྱབ་བཅུ ་གཅིག་དང་། བསླབ་པ་མང་པོ་དང་། རྩོད་པ་ཞི་བར་བྱེད་པ་བདུན་དང་། འདུལ་བ་བཞི་བཅུ་བདུན་དང་། བྲན་ཚེགས་དང་། སིལ་བུ་དང་། གླེང་གཞི་དང་། འདུལ་བ་མ་མོ་དང་། འདུལ་བ་གཅིག་ལས་འཕྲོས་པ་དང་། འདུལ་བ་ལྔ་པ་དང་། འདུལ་བ་བཅུ་དྲུག་པ་དང་། ཉེ་བར་འཁོར་གྱིས་ཞུས ་པ་ལས་འབྱུང་བའོ། ། མདོ་ཞེས་བྱ་བ་ནི་ལེགས་པར་སྦྱར་བའོ།། གདོན་ཞེས་བྱ་བ་ནི་རབ་ཏུ་སྟོན་པའོ།། འདི་སྐད་ཟེར་ན་ཞེས་བྱ་བ་ནི་སྨནའོ།། ཕུ་ནུ་མོ་དག་འདི་དག་ཅི་དགོས་ཞེས་བྱ་བ་ནི་གང་ལགས་ཟག་མངོན་ཞིང་གྲོང་དང་། ཞིང་དང་། གཞི་ཡང་མངོན་པ་ཇི་ཙམ་གྱི་དགེ་སློང་མ་རྣམས་འགྱོད། ་པ་དང་། ཡིད་ལ་གཅགས་པ་དང་། ཡིད་མི་བདེ་བ་དང་། གནོད་པ་དང་། གདུང་བའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཟླབ་བྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་དགེ་སློང་མ་རྣམས་ལ་འདི་སྐད་ཅེས ་ཕུ་ནུ་མོ་ཇི་ཙམ་གྱིས་དགེ་སློང་མ་རྣམས་འགྱོད་པར་འགྱུར་བའི་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་ཅི་དགོས་ཞེས་བྱ་བའི་བར་དུ་ཟེར་ན་ལྟུང་བྱེད་དོ། ། ཡིད་ལ་བཅགས་པ་དང་། ཡིད་མི་བདེ་བ་ཞེས་ཟེར་ན་ལྟུང་བྱེད་དོ།། དེ་བཞིན་དུ་གདུང་བ་དང་། ཀྲན་གདུང་བ་དང་། ཡོངས ་སུ་གདུང་བ་དང་། དེ་བཞིན་དུ་བསླབ་པའི་གཞི་དང་ལྡན་པའི་མདོའི་དོན་པ་ན་ཁྱད་དུ་བསོད་ན་ལྟུང་བྱེད་དོ།། དེ་བཞིན་དུ་བསླབ་པའི་གཞི་དང་ལྡན་པའི་ཚོགས་སུ་བཅད་པ་དོན་པ་ན་ཁྱད་དུ་བསོད་ན་ཐམས་ཅད་དུ་ཞེས་བྱས་སུ་འགྱུར་རོ།། གལ་ཏེ་ཉམས་པ་ཡིན་པ་དང་། གལ་ཏེ་དགེ་སློང་མའི ་དགེ་འདུན་ན་བར་གྱུར་ན་ལྟུང་བ་མེད་དོ། ། ལྟུང་བྱེད་དང་པོའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། །། སྡོམ་ནི་རྔ་ཞིང་རྔར་འཇུག་འཕྱ་བ་དང་། རྣལ་གཟོན་དང་གནས་མལ་དང་། གདིང་བདག་ནི་ལྔ་པ་ཡིན།། ཡང་ཐོག་ཁྲི་རྩ་འབྱུང་བ་དང་།། དྲ་དག་དང་ནི་ཁང་ཆེན་དང་།། གནས་ཅིག ་དེ་བཞིན་འཁོད་པའི། ། གླེང་གཞིན་མ་ཉན་མོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྔོན་གྱི་ཤིང་མཁན་བྱེད་བྱེད་པའི་དགེ་སློང་ལས་བརྟེན་ནས་ས་བོན་གྱི་ཚིགས་དང་། འབྱུང་པོའི་གནས་འཇིག་པའི་བསླབ་པའི་གཞི་བཅའ་བ་མཛད་དོ།། དེའི་ཚ་དགེ་སློང་མ་བཅུ་གཉིས་སྡེ་རྣམ་པ་རང་གི་ལག ་གིས་རྩཝ་སྔོན་པོ་རྔ་ཞིང་རྔར་འཇུག་པར་བྱེད་པ་དང་། དེ་རྣམས་ལ་རང་བཞིན་དེ་གནས་པའི་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་འདི་ལྟ་བུའི་བསླབ་པའི་གཞི་བཅའ་བ་མཛད་ཀྱིས་ཁྱོད་དྲི་སྔོན་པོ་མ་གཙང་བཅོད་དུ་མ་གཞུག་ཞིག། དེ་ནས་བཅ་གཉིས་སྡེ ་རྣམས་ཀྱིས་དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་བསླབ་པའི་གཞི་འདི་དགེ་སློང་རྣམས་ཀྱི་ཡིན་གྱི། དགེ་སློང་མ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག ་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ས་བོན་གྱི་ཚོགས་དང་། འབྱུང་པོའི་གནས་འཇིག་གམ། འཇིག་ཏུ་འཇུག་ན་ལྟུང་བྱེད་དོ།། ས་བོན་གྱི་ཚོགས་ཞེས་བྱ་བ ་ལ་ས་བོན་ནི་ལྔ་སྟེ། རྩ་བའི་ས་བོན་དང་། སྡོང་བུའི་ས་བོན་དང་། ཐོར་ཏོའི་ས་བོན་དང་། འགས་པའི་ས་བོན་དང་། ས་བོན་གྱི་ས་བོན་ནི་ལྔ་པའོ།། དེ་ལ་རྩ་བའི་ས་བོན་ནི་གྲེ་སྐད་དང་། ཤུ་དག་དང་། ཡང་དང་། སྒེའུ་གཤེད་དང་། བོ་དང་དཀར་པོ་དང་། གཞན་ཡང་དེ་ལྟ་བུའི་རྩབ་སྟེ་རྩ་བ་ཉིད་ས ་བོན་དུ་འགྱུར་བ་གང་ཡིན་པ་འདི་ནི་རྩ་བའི་ས་བོན་ཞེས་བྱའོ། ། སྡོང་བུའི་ས་བོན་གང་ཞེ་ན། ཤིང་ཀན་ཅན་དང་། བི་ཏི་ལ་དང་། ཨ་ཤྭད་ཐ་དང་། ཨུ་དུ་མབར་དང་། ནྱ་གྲོ་དྷ་དང་། གཞན་ཡང་དེ་ལྟ་བུའི་སྡོང་བུ་སྟེ། སྡོང་པ་ཉིད་ས་བོན་དུ་འབྱུགྱུང་བ་གང་ཡིན་པ་འདི་ནི་སྡོང་བུའི་ས་བོན་ཞེས་བྱའོ། ཐར ་ཏོའི་ས་བོན་གང་ཞེ་ན། བུ་རམ་ཤིང་དང་། འདམ་བུ་དང་། སྨིག་མ་དང་། རྒྱ་མཚེ་བ་དང་ཌཱ་ཀ་ཤ་དང་གཞན་ཡང་དེ་ལྟ་བུའི་ཐོར་ཏོ་སྟེ་ཐོར་ཏོ་ཉིད་ས་བོན་དུ་འགྱུར་བ་གང་ཡིན་པ་འདི་ནི་ཐེར་ཏོ་ས་བེ་ན་ཞེས་བྱའོ།། འགས་པའི་ས་བོན་གང་ཞེ་ན། ཨརྫ་ཀ་དང་། ས་རྫ་ཀ་དང་། སེ་ཡ་བ་དང་། ཧཱ ་མཁྲིས་དང་། བྷ་དྲི་ན་ཀ་དང་། གཞན་ཡང་དེ་ལྟ་བས་འགས་ཤིང་ས་བོན་དུ་འགྱུར་བ་གང་ཞེ་ཡིན་པ་འདི་ནི་ལེགས་པའི་ས་བོན་ཞེས་བྱའོ།། ས་བོན་གྱི་ས་བོན་གང་ཞེ་ན། ནས་དང་གྲོ་དང་ས་ལ་དང་། མོན་སྲན་སྡེའུ་ལ་སོགས་པ་དང་། གཞན་ཡང་ས་བོན་གྱི་ས་བོན་དུ་འགྱུར་བ་གང་ཡིན་པ་དེ ་ནི་ས་བོན་གྱི་ས་བོན་ཞེས་བྱ་བ་སྟེ་ལྔ་བ་ཉིད་ཡིན་ནོ། ། འབྱུང་པོའི་གནས་ཤེས་བྱ་བ་ལ་འབྱུང་པོ་ཞེས་བྱ་བ་ནི་སྦྲུལ་དང་། སྡིག་སྦྲུལ་དང་། ཏྲི་ཡ་མ་བུ་ཀ་དང་། ཏྲེ་ལ་ཏ་དང་། སྲིན་བུ་དང་། ཕྱེ་མ་ལེབ་དང་། ཏིལ་གྱི་ཕུབ་མ་ཟ་བ་སྟེ། དེ་དག་གི་ཤིང་གང་ཡིན་པ་ནི་འབྱུང་པོའི་གནས་ཤེས་བྱའོ།། ་གཅོད་དམ་ཞེས་བྱ་བ་ནི་རང་གིས་སོ།། གཅོད་དུ་འདུག་ན་ཞེས་བྱ་བ་ནི་གཞན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་རྩ་བའི་ས་བོན་ལ་རྩ་བའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འདུ། ་ན་ལྟུང་བྱེད་དོ།། དགེ་སློང་མས་རྫ་བའི་ས་བོན་ལ་རྩ་བའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་རྩ་བའི་ས་བོན་ལ་རྩ་བའི་ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དགེ་སློང་མས་རྦ་བའི་ས་བོནལ་རྩ་བའི་ས་བོན་དུ་འདུ་ཤེས ་ཤིང་སྐམ་པོ་ལ་ཡིད་གཉིས་ཟ་ན་ཉེས་བྱས་སོ། ། དགེ་སློང་མས་སྡོང་བུའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟན་ལྟུང་བྱེད་དོ།། དགེ་སློང་མས་སྡོང་བའི་ས་བོན་ལ་སྡོང་བུའི ་ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་ཐོར་ཏོའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལུང་བྱེད་དོ། ་སློང་མས་ཐོར་ཏོའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་ཀྱིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་འགས་པའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅད་དུ ་འཇུག་ན་ལྟུང་བྱེད་དོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་འགས་པའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་ས་བོན ་གྱི་ས་བོན་ལས་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལུང་བྱེད་དོ།། དགེ་སློང་མས་ས་བོན་གྱིས་བོན་ལ་ས་བོན་གྱི་ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད ་ར་འདུག་ན་ཉེས་བྱས་སོ། ། དེ་བཞིན་དུ་ཡིད་གཉིས་ཟན་ཉེས་བྱས་སོ།། དགེ་སློང་མས་རྩ་བའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལུང་བྱེད་དོ།། དགེ་སློང་མས ་བའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་རྩ་བའི་ས་བོན་ལ་ཐོར་ཏེའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་ག ་དམ། གཅོད་དུ་འདུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟན་ལྟུང་བྱེད་དོ།། དགེ་སློང་མས་ཅ་བའི་ས་བོན་ལ་ཐོར་ཏེའི་ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཅན་ཉེས་བྱས་སོ། རྩ་བའིས ་བོན་གྱིས་སབོན་གྱིས་བོན་ལ་ཡང་དེ་བཞིན་དུ་གྱུར་རོ། ། དགེ་སློང་མས་སྡོང་བུའི་ས་བོན་ལ་བོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འག་ན་སྲུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟན་ལྟུང་བྱེད་དོ།། དགེ་སློང་མས་སྡོང་བུའིས་པོན ་འཐོར་ཏོའི་སི་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཅན་ཉེས་བྱས་སོ།། སྡོང་བུའི་ས་བོན་གྱིས་རྩ་བའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། སྡོང་བུའི་ས་བོན་གྱིས་འགས་པའི་ས་བོན་ལ་ཡང ་བཞིན་སྦྱར་རོ། ། ལྗོང་བུའི་ས་བོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། དགེ་སློང་མས་བོ་ར་ཏོའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཐོར་ཏོའི་ས་བོན་ལ ་འགས་པའས་བན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉོས་བྱས་སོ། ། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། ཐོར་ཏོའི་ས་བོན་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། དགེ་སློང་མས་རྒྱ་བའི་ས་བོན་ལེ་རྦ་བ་ས་བོར་དུ་འདུ་ཤེས་ཤིང་སྔོན་པོ་ལ་རྗོ། ་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟན་སུར་བྱེད་དོ།། སམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟན་ཉེས་བྱས་སོ།། རྩ་བའི་ས་བོན་གྱིས་སྡོད་བུའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། ཆ་བའི་ས་བེན ་གྱིས་ཐོར་ཏོའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། ། རྩ་བའི་ས་བོན་གྱིས་འགས་པའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། རྩ་བའི་ས་བོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། དགེ་སློང་མས་སྡོང་བུའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། སྡོང་བུའི་ས་བོན་གྱིས་ཐོར་ཏོའི་ས་བོན་ལ་ཡང་དེ་བཞིན་དུ་སྦྱར་རོ་སྡོད ་བུའི་ས་བོན་གྱིས་འགས་པའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། ། སྡོང་བུའི་ས་བོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། དགེ་སློང་མས་ཐོར་ཏེའི་ས་བོན་ལ་ཐོར་ཏེའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ།། ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟན་ཉེས་བྱས་སོ།། ཐོར་ཏེའི་ས་བོན་གྱིས་རྩ་བའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། ཐོར་ཏོའི་ས་བོན་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། ཐོར་ཏོའི་ས་བོན ་གྱིས་འགས་པའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། ། ཐོར་ཏོའི་ས་བོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། དགེ་སློང་མས་འགས་པའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ། དེ་བཞིན་དུ་ཡིད ་གཉིས་ཟ་ན་ལྟུང་བྱེད་དོ། ། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། འགས་པའི་ས་བོན་གྱིས་རྩ་བའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། འགས་པའི་ས་བོན་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། འགས ་འི་ས་བོན་གྱིས་ཐོར་ཏོའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། ། འགས་པའི་ས་བོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། དགེ་སློང་མས་ས་བོན་གྱི་ས་བོན་ལ་ས་བོན་གྱི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སོན་པོར་འདུ་ཤེས་ནས་གཅོད་དམ།། གཅོད་དུ་འཇུག་ན་ལྡང་བྱེད་དེ། དེ་བཞིན ་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། ། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། ས་བོན་གྱི་ས་བོན་གྱིས་རྩ་བའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། ས་བོན་གྱི་ས་བོན་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་བཞིན ་སྤྱན་ནོ། ས་བོན་གྱིས་བོན་གྱིས་ཐོར་ཏོ་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། ས་བོན་གྱིས་བོན་གྱིས་འགས་པའི་ས་བོན་ལ་ཡང་དེ་བཞིན་སྦྱད་རོ།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་བདུན་པ། བར་སྡོམ་ལ། རྩ་བའི་ས་བོན་ལྔ་དག་དང་།། ལྗོན་ཤིང་རྩཝ་བཅོད་དེ་བཞིན ་དུ། འཆག་དང་རྩ་རྒྱུན་ན་ལྕིབས་དང་།། ཆུ་དགས་མེ་ཏོག་རྒྱས་པའོ།། དགེ་སློང་མས་ས་བོན་རྣམས་ཉམས་པར་གྱུར་ཅིག་སྙམ་པའི་བསམ་པས། ས་བོན་གྱི་རིགས་ལྔ་གཏུན་སྐུར་བླུགས་ནས་གཏུན་མགོས་རྡུང་ཞིང་ས་བོན་ཉམས་པར་གྱུར་ཅིག། རྣམ་པར་ཉམས་པར་གྱུར་ཅིག་ཅེས་དྲག་ཏུ་བརྡུགས་པ་ལས ་ས་བོན་ཉམས་ན་ལྟུང་བྱེད་དུ་འགྱུར་རོ། ། ས་བོན་མ་ཉམས་ཤིང་ས་བོན་རྣམ་པར་མ་ཉམས་ན་ཉེས་བྱས་སུ་འགྱུར་རོ།། དེ་བཞིན་དུ་མེ་དང་ཐ་བ་དང་། ཐུགས་ལང་དང་སླད་དང་། མེ་ཕབ་དང་མེ་དོང་དང་། མདོང་ཆེན་པོ་དང་། ས་དང་། ཐུག་པ་དང་། ཁུ་ཚན་དང་། འབྲས་ཁུར་ལུགས་པ་དང་། དེ་བཞིན་དུས ་བོན་ཉམས་པར་གྱུར་ཅིག། རབ་ཏུ་ཉམས་པར་གྱུར་ཅིག་ཅེས་མཚོ་ཆེན་པོ་དང་། འབབ་ཆུ་ཆེན་པོ་དང་ཞེས་བྱ་བ་ནས་ཆུ་ཉུང་ངུ་དང་། ལྕི་བ་དང་ཆ་རྒོ་དང་། འགྱུར་བྱེད་དང་། ས་དང་ལྷན་ཅིག་བསྲེས་པ་ལས་དེ་ཡང་ཉམས་ན་ལྟུང་བྱེད་དོ།། མ་ཉམས་ན་ཉེས་བྱས་སོ་ཞེས་བྱས་པའི་བར་རོ་དགེ་སློང་མས ་སྦྱོར་བ་གཅིག་གིས་ཤིང་ལྗོན་པ་གཅིག་གཅོད་དམ། གཅོད་དུ་འདུག་ན་ཉེས་བྱས་གཅིག་དང་། ལྟུང་བྱེད་གཅིག་གོ།། གཉིས་གཅོད་དེ་བཞིན་དུ་སྦྱོར་བ་གཉིས་ཀྱིས་ཤིང་ལྗོན་པ་གཅིག་གཅོད་ན་དེ་ལ་ཉེས་བྱས་གཉིས་དང་། ལྟུང་བྱེད་གཅིག་གོ། དེ་བཞིན་དུ་སྦྱོར་བ་མང་པོས་ཤིང་ལྗོན་པ་ཅིག ་གཅོད་ནད་ལ་ཉེས་བྱས་མང་པོ་དང་། ལྟུང་བྱེད་གཅིག་གོ། དགེ་སློང་མས་སྦྱོར་བ་ཅིག་གིས་ཤིང་ལྗོན་པ་གཉིས་གཅོད་ན་དེ་ལ་ཉེས་བྱས་ཅིག་དང་། ལྟུང་བྱེད་གཉིས་སོ།། དེ་བཞིན་དུ་སྦྱོར་བ་གཉིས་ཀྱིས་ཤིང་ལྗོན་པ་གཉིས་གཅོད་ན་དེ་ལ་ཉེས་བྱས་གཉིས་དང་། ལྟུང་བྱེད་གཉིས་སོ།། དགེ ་སློང་མས་སྦྱོར་བ་མང་པོས་ཤིང་ལྗོན་པ་གཉིས་གཅོད་ན་དེ་ལ་ཉེས་བྱས་མང་པོ་དང་། ལྟུང་བྱེད་གཉིས་སོ།། དགེ་སློང་མས་སྦྱོར་བ་གཅིག་གིས་ཤིང་ལྗོན་པ་མང་པོ་གཅོད་ན་དེ་ལ་ཉེས་བྱས་གཅིག་དང་། ལྟུང་བྱེད་མང་པོར་འགྱུར་རོ།། དེ་བཞིན་དུ་སྦྱོར་བ་གཉིས་ཀྱིས་ཤིང་ལྗོན་པ་མང་པོ་གཅོད་ནད ་ཉེས་བྱས་གཉིས་དང་། ལྟུང་བྱེད་མང་པོར་འགྱུར་རོ།། དེ་བཞིན་དུ་སྦྱོར་བ་མང་པོས་ཤིང་ལྗོན་པ་མང་པོ་གཅོད་ན་དེལ་ཉེས་བྱས་གཅིག་མང་པོ་དང་། ལུང་བྱེད་མང་པོར་འགྱུར་རོ།། དགེ་སློང་མས་ནི་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་རྔན་ལྟུང་བྱེད་དོ།། རྔར་འདུག་ན་ལུར་བྱེད་དོ།། སྔོན་པོ་ལ་ཡིད་གཉིས ་པ་མཛན་ལྟུང་བྱེད་དོ། ། རྔར་འཇུག་ན་ལྟུང་བྱེད་དོ།། སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་རྔན་ཉེས་བྱས་སོ།། རྔར་འཇུག་ན་ཉེས་བྱས་སོ།། སྐམ་པོ་ལ་ཡིད་གཉིས་ཟན་ཉེས་བྱས་སོ།། རྔར་འཇུག་ན་ཉེས་བྱས་སོ།། དགེ་སློང་མས་སྦྱོར་བ་གཅིག་གིས་རྩཝ་གཅིག་རྔན་དེ་ལ་ཉེས་བྱས་གཅིག་དང་། ་ལྟང་བྱེད་གཅིག་གོ།། དེ་བཞིན་དུ་གཉིས་ལ་ཡང་བརྗོད་པར་བྱའོ།། དེ་བཞིན་དུ་མང་པོས་རྩཝ་གཉིས་ལ་ཡང་བརྗོད་པར་བྱའོ།། ཇི་ལྟར་ཤིང་ལྗོན་པ་ལ་བརྗོད་པ་དེ་བཞིན་དུ་རྒྱས་པར་རྣ་མང་པོ་ལ་ཡང་བརྗོད་པར་བྱའོ།། དགེ་སློང་མས་ཤིང་ལྗོན་པའི་རྩ་རྒྱུར་འབྱིན་ན་ཉེས་བྱས་སོ།། ཕྱི་ཤུན་འཆུན་ཉེས་བྱས ་སོ། ཋི་རྒུན་ཉེར་བྱས་གོ། ན་ཤུན་རྒུན་ཉེར་བྱས་སོ།། རྙིང་པོ་སྦྱིན་ལྟུང་བྱེད་དོ།། ལོ་མ་སྐྱ་བོ་ནི་ཉེས་བྱས་སོ།། ལོ་མརློན་ན་ལྟུང་བྱེད་དོ།། མེ་ཏོག་འབྱེད་ན་ཉེས་བྱས་སོ།། ཁམ་ཕྱེན་ལྟུང་བྱེད་དོ།། འབྲས་བུ་སྨིན་ན་ཉེས་བྱས་སོ།། འབྲས་བུ་མ་སྨིན་ན་ལྟུང་བྱེད་དོ།། རྩཝ་ཉམས་པར་གྱུར་གཅིག། རྩཝ་རབ་ཏུ་ཉམས་པར ་གྱར་ཅིག་ཅེས་རྩཝ་སྔོན་པོའི་སྟེང་དུ་འཆག་པར་བྱེད་ན་ལྟུང་བྱེད་དོ། ། དེ་བཞིན་དུ་འུ་ཆེན་ལ་སོགས་པ་ལ་ཡང་ལྟུང་བྱེད་དོ།། ཉམས་པར་གྱུར་ཅིག། རབ་ཏུ་ཉམས་པར་གྱུད་ཅིག་ཅེས་ཤིང་ངམ། ཡལ་ག་འདྲེན་ན་ལྟུང་བྱེད་དོ།། འདྲེན་པའི་བསམ་པ་དང་། འཆག་པའི་བསམ་པ་ཡིན་ན་ལྟུང་བ་མེད་དོ། ་ག་ཉམས་པར་གྱུར་ཅིག་ཅེས་འཆག་ན་ཉེས་བྱས་སོ།། ཁུ་ཚན་དང་ཤིང་ལ་སོགས་པ་ལ་ཡང་དོ།། འཆག་པའི་བསམ་པས་ཡིན་ན་ལྟུང་བ་མེད་དོ།། ཉམ་ལྕིབས་ཆུ་ནས་ཇི་སྲིད་མ་བཏོན་པ་དེ་སྲིད་དུ་ཉེས་བྱས་སོ།། བཏོན་ན་ལྟུང་བྱེད་དོ།། རྩ་བ་མེད་པའི་ས་བོན་གྱི་ཁམས་འབྱིན་ན་ཉེས་བྱས་སོ།། ་ཉ་ཚང་དང་། བ་བ་ལྤལྒ་དང་། ཤ་མོ་འབྱིན་ན་ཉེས་བྱས་སོ།། བུམ་པའི་འདམ་སྐྱ་བོ་འཕྱིན་ཉེས་བྱས་སོ།། ཁ་ཟས་འདམ་སྐྱ་བ་ཟ་ན་ཉེས་བྱས་སོ།། གལ་ཏེ་རུང་བ་བྱས་པ་ཡིན་ན་ལྟུང་བ་མེད་དོ།། ལྷུང་བྱེད་གཉིས་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། གང་གི་ཚེམས། ་ས་ལ་སྐས་ཀྱིས་དྲུག་སྡེ་རྣམས་ཀྱི་མདུན་དུ་ཚེ་དང་ལྡན་པ་གྱད་བུ་ནོར་ལ་འཕྱ་བར་བྱེད་པ་ན་དེ་བཞིན་དུ་དགེ་སློང་མ་མཛའ་མོ་ཞེས་བྱ་བ་ཡང་བཅུ་གཉིས་སྡེ་རྣམས་ཀྱི་མདུན་དུ་གྱད་བུ་ནོར་ལ་པ་ཕྱ་བར་བྱེད་དོ།། དེ་ནས་དགེ་སློང་མ་གནས་རྟན་གནས་རྟེན་དག་གིས་འདི་སྐད་ཅེས་སྨྲས་སོ།། ་མཛའ་མོ་འཁོར་གྱི་གཙོ་བ་ལ་མ་འཕྱ་ཤིག། དེ་ལ་དེ་སྐད་དུ་བསྒོ་བ་ན་འོན་ཀྱང་འཕྱ་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་མཛའ་མོ་དོར་འཕྱ་བའི་གྲངས་སུ་ཆུག་ཤིག། གྲངས་སུ ་ཞུགས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱས་ནས་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་མཛའ་མོ་འདི་ཚེ་དང་ལྡན་པ་གྱད་བུ་ནོར་ལ་དོར་འཕྱ་ལགས་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང ་བཟོད་ན་འཕགས་མའི་དགེ་འདུན་གྱིས་གནང་བར་མཛད་ཅིག་དང་། དགེ་སློང་མ་མཛའ་མོདོར་འཕྱ་བའི་གྲངས་སུ་སྤྲུལ་ཏོ།། འདི་ནི་གསོལ་བའོ།། དེ་བཞིན་དུ་ལས་ཀྱང་བརྗོད་པར་བྱའོ།། འོན་ཀྱང་གཞོག་འཕྱས་ཀྱིས་འཕྱ་བར་བྱེད་པ་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས། ་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་མཛའ་མོ་གཞོག་འཕྱས་བྱེད་པའི་གྲངས་སུ་ཆུག་ཤིག་ཅེས་བྱ་བའི་བར་ཏེ། འདི་ནི་གསོལ་བའོ།། ལས་ཀྱང་བརྗོད་པར་བྱའོ།། ཕྱི་ནས་གཞོག་འཕྱས་དང་། དོར་འཕྱ་བ་གཉིས་ཀ་བྱེད་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། དགེ་སློང་མ་མཛའ་མོ་གཉི་གར་འཕྱ་བའི་གྲངས་སུ་ཆུག་ཤིག་ཅེས་བྱ་བའི་བར་ཏེ། གསོལ་པ་དང་ལས་ཀྱང་བརྗོད་པར་བྱའོ།། དེ་དེ་ལྟར་ལསྒོ་ཡང་འཕྱ་བར་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་། ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། འཕྱའམ་གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། འཕྱའམ་ཞེས་བྱ་བ་ན་འཕྱ་བའི་བསམ་པ་ཅན་གྱི་གང་དག་དང་ཚིག་དང་། རྗོད་པ་ཞེས་བྱ་བའི་བར་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གྲངས་སུ ་བཅུག་པར་གྱུར་པས་ཡང་དགེ་འདུན་གྱིས་བསྐོས་པའི་དགེ་སློང་མ་བཅུ་གཉིས་པོ་སྦྱོར་བ་མ་བཏང་བ་རྣམས་ལ་འཕྱ་ན་ལྟུང་བྱེད་དོ། ། གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། འཕྱ་བ་དང་གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། དགེ་སློང་མ་གྲངས་སུ་བཅུག་པར་བྱུར་བས་ཡང་དགེ་འདུན་གྱིས་བསྐོས ་པའི་དགེ་སློང་མ་བཅུ་གཉིས་པོ་སྦྱོར་བ་བཏང་བ་རྣམས་ལ་འཕྱ་ན་ལྟུང་བྱེད་དོ། ། གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། འཕྱ་བ་དང་གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། དགེ་སློང་མ་གྲངས་སུ་བཅུག་པར་གྱུར་པས་ཡང་དགེ་འདུན་གྱིས་མ་བསྐོས་པའི་དགེ་སློང་མ་བཅུ་གཉིས་པོ་སྦྱོར་བ་མ་བཏང་བ ་རྣམས་ལ་འཕྱ་ན་ལྟུང་བྱེད་དོ། ། གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། འཕྱ་བ་དང་གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། དགེ་སློང་མ་གྲངས་སུ་བཅུག་པར་གྱུར་པས་ཡང་དགེ་འདུན་གྱིས་མ་བསྐོས་པའི་དགེ་སློང་མ་བཅུ་གཉིས་པོ་སྦྱོར་བ་བཏང་བ་རྣམས་ལ་འཕྱ་ན་ལྟུང་བྱེད་དོ།། གཞོག་འཕྱས ་བྱེད་ན་ལྟུང་བྱེད་དོ། ། འཕྱ་བ་དང་གཞོན་འབྱས་བྱེད་ན་ལྟུང་བྱེད་དོ།། དགེ་སློང་མ་གྲངས་ས་བཅུག་པར་མགྱུར་བས་ཀྱང་དགེ་འདུན་གྱིས་མགོ་བའི་དགེ་སློང་མ་བཅུ་གཉིས་སྦྱོར་བ་མ་བཏང་བ་རྣམས་ལ་འབྱན་ཉེས་བྱས་སོ།། གཞོག་འཕྱས་བྱེད་ན་ཉེས་བྱས་སོ། འབྱུང་། ་དང་གཞོག་འཕྱས་བྱེད་ན་ཉེས་བྱས་སོ།། དེ་བཞིན་དུ་མུ་གཞན་གསུམ་རྒྱས་པར་བརྗོད་པར་བྱའོ།། ལྟུང་བྱེད་གཉིས་པའི་གཉིས་པ་རྫོགས་སྷོ།། །། གླེང་གཞི་ནི་ཀོ་ཤམ་བི་ནའོ།། དེ་ན་དགེ་སློང་མ་འདུན་པ་ལ་ལྟུང་བ་བྱུང་བ་དང་། དེ་ལ་ཚངས་པ་མཚུངས་པར་སྤྱོད་པ་དོན་འདོད་པ། ་ཕན་པར་འདོད་པ་བདེ་བར་འདོད་པ། རེག་པར་འདོད་པ་གྲུབ་པ་དང་བདེ་བར་འདོད་པ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་ཁྱོད་ལ་ལྟུང་བ་བྱུང་གིས་དེ་ཤོགས་ཤིག། དེ་དགེ་སློང་མ་དེ་རྣམས་ཀྱི་བསྐོབ་པ་ཅིག་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་འདུན་མ་བསྒོ་བ་གཅོག་པའི་གྲངས་སུ་ཆུག་ཤིག་གྲངས་སུ་གཞུག་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་ཞེས་བྱ་ནས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གས་ན་དུ་གསོལ།། དགེ ་སློང་མ་འདུན་མ་འདི་ལྟུང་བ་བྱུང་ནས་དེ་ལ་ཚངས་པ་མཚུངས་པར་སྤྱོད་པ་དོན་འཚལ་བར་སྨན་པར་འཚལ་བ་བདེ་བར་འཚལ་བ། རེག་པར་འཚལ་བ། གྲུབ་པར་དད་བདེ་བར་འཚལ་བ་རྣམས་ཀྱིས་སྨྲས་པ། འདུན་མ་ཁྱོད་ལ་ལྟུང་བ་བྱུང་གིས་དེ་ཤོགས་ཤིག་ཅེས་བགྱིས་ན། དེ ་དགེ་སློང་མ་དེ་རྣམས་ཀྱི་བསྒོ་གཅོག་པར་བགྱིད་ལགས་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་འདི་ལྟར་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མ་འདུན་མ་བསྒོ་བ་གཅོག་པའི་གྲངས་སུ་སྩལ་ཏོ།། འདི་ནི་གསོལ་བའོ།། དེ་ཁོ། ་ན་བཞིན་ལས་ཀྱང་བྱའོ།། དེ་འདི་སྙམ་དུ་མ་ལ་བདག་གིས་ཁ་རོག་པ་འམ། བདག་གིས་མ་སྨྲས་པར་གྱུར་ན་བདག་གྲངས་སུ་བཅུག་པར་མི་འགྱུར་བ་ཞིག་སྟེ། འདི་ལྟར་ལ་ལས་ཀྱང་སྐྱེས་བུ་མཁས་པར་ལྡན་པ་ཡིས།། དག་རྣམས་བཞི་པོ་བསྲུང་བྱ་སྟེ།། ནགས་ཀྱི་ནང་ན ་གོད་མ་སྲེག། སྒྲ་འབྱིན་པས་ནི་ཟིན་ལ་ལྟོས་ཞེས་སྨྲས་སོ།། སྙམ་དུ་བསམས་ནས་དེ་ཅང་མི་སྨྲ་བས་དགེ་སློང་མ་རྣམས་ཀྱི་བསྒོ་བ་གཅོག་གོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉི་གས་གཅོག་པའི་གྲངས་སུ་གཞུག་པར་བྱ་སྟེ། གསོལ་བ་དང་ལས་བྱའོ།། དེ ་ལ་བསྒོ་བ་ན་འོན་ཀྱང་གཅོག་པར་བྱེད་པ་ནས་དོན་ཉུང་བའི་དགེ་སློང་མ་དགེ་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ ་པ་བཅའ་བའི་བར་དུ་མཛད་དེ། བསྒོ་བ་གཅོག་ན་ལྟུང་བྱེད་དོ།། བསྒོ་བ་གཅོག་པ་ཞེས་བྱ་བ་ནི་བསྒོ་བ་གཅོག་པའི་བསམ་པ་ཅན་གྱི་གང་དག་དང་ཚིག་དང་། བརྗོད་པ་ཞེས་བྱ་བའི་བར་གོང་མ་བཞིན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང ་མ་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས་ཁྱེད་ཀྱིས་དགེ་སློང་མ་སྐྲ་བྲེགས་ནས་རིང་པོ་མ་ལེན་པ། སྣམ་སྦྱར་དམར་སེར་ཅན་ལྡུང་ཟེད་ཞ་ཉའི་དབྱར་འདབ་ཅན། མར་གྱིས་ལྷུང་བེ་ཟེད་པ་གང་བ་འམ། སྦྲང་རྩིས་ལྷུང་བཟེད་བཀང་བའམ། འོ་མས་ལྷུང་བཟེད་བཀང་བས་འགྲོ་བ་ཞིག་མཐོང་། ་ངམ། ཞེས་ཟེར་བ་དེ་ལ་དེས་འདི་སྐད་ཅེས་དགེ་སློང་མ་གང་གིས་འགྲོ་བ་ཞིག་མཐོང་ངོ་ཞེས་ཟེར་ཏེ་གཞན་དྲིས་ན་ལན་གཞན་ལྡོན་པར་བྱེད་ཅིང་བསྒོ་བ་གཅོག་པའི་བསམ་པས་ཡིན་ན་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མ་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ནས་ཁྱེད་ཀྱིས་དགེ་སློང་མ་སྐྲ་བྲེགས། ་ནས་རིང་པོ་མ་ལོན་པ། སྣམ་སྦྱར་དམར་སེར་ཅན་ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཅན་ཁར་སིལ་ལྕགས་ཀྱིས་དཀྲིས་པས་བྱུང་བ་ཞིག་མཐོང་དམ་ཞེས་ཟེར་བ་ནས་ཞེས་བྱ་བ་ནས། གཞན་ཐམས་ཅད་བརྗོད་དེ་བསྒོ་བ་གཅོག་པའི་བསམ་པས་ཡིན་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི ་བར་རོ། ། དགེ་སློང་མ་དགེ་སློང་མའི་དྲུང་དུ་སོང་སྟེ་ཁྱོད་ཀྱིས་ལམ་འདི་ནས་ཁྱིམ་པ་བུར་རམ་ཤིང་གི་ཁུར་རམ། འདམ་བུ་འམ། སྨིག་མ་འམ། མ་དའི་ཁུ་ར་རམ། མར་གྱི་བུམ་པ་འམ། འབྲུ་མར་རམ། སྦྲང་རྩིའམ། བུ་རམ་གྱི་དབུ་བའི་བུམ་པས་འགྲོ་བ་མཐོང་ངམ། ཞེས་ཟེར་བ་ན་དེ་འདི ་སྐད་ཅེས་ཁོ་མོས་ཁྱིམ་པ་རྐང་པས་འོང་བ་ཞིག་མཐོང་གི་རྒྱུ་གཞན་དག་གིས་ནི་མ་ཡིན་ནོ་ཞེས་ཟེར་ཏེ། གཞན་དྲིས་ན་ལན་ལྡོན་པར་བྱེད་ཅིང་བསྒོ་བ་གཅོག་པའི་བསམ་པས་ཡིན་ན་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མ་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས་ཁྱོད་ཀྱིས ་ལ་མི་འདི་ནས་ཁྱིམ་པ་མོ་ཐམས་ཅད་སྔོ་བ་འམ། ཐམས་ཅད་ས་ར་བ་འམ། ཐམས་ཅད་དམེར་བའམ། ཐམས་ཅད་དཀར་བ་དགོས་པས་འགྲོ་བ་མཐོང་ངམ་ཞེས་འདྲི་བད་དེ་འདི་སྐད་ཅེས་ཁ་མོས་ཁྱིམ་པ་མོ་རྐང་གིས་འགྲོ་བ་ཞིག་མཐོང་ངོ་ཞེས་ཟེར་ཏེ། གཞན་དྲིས་ན་ལན་གཞན ་ལྗོན་པར་བྱེད་ཅིང་བསྒོ་བ་གཅོག་པའི་བསམ་པས་ཡིན་ན་ལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་གཤེད་མའི་དྲང་ནས་བྲོས་པཞིག་གཤེད་མས་རྗེས་ཐོགས་ལ་དེ་དགེ་སློང་མའི་དྲུང་དུ་སོར་ནས་འདི་སྐད་ཅེས་འཕགས་མ་ཁྱོད་ཀྱིས་ལམ་འདི་ནས་གསད་པ་ཞིག་ཟོས་པ་གཟིགས ་སམ་ཞེས་དྲིས་ན་དེས་དེ་ལ་གསོད་པའི་གཤེད་མ་ལ་རིགས་པས་བརྗོད་པར་བྱ་སྟེ། གལ་ཏེ་ཆི་བའི་དུས་ཡིན་ན་བཞིན་བཟངས་རེ་ཤིག་ཡུད་ཙམ་ཞིག་དལ་སོ་ཤིག། རེ་ཤིག་ཆུ་གྲང་མེ་དག་འཐུང་ཤིག་ཅེས་བསིལ་ཡབ་དག་གིས་གཡབ་པར་བྱའོ།། གལ་ཏེ་གྲང་བའི་དུས ་ཡིན་ན། འདི་སྐད་ཅེས་བཞིན་བཟངས་རེ་ཤིག་སྲོ་ཁང་དུ་ཞུགས་ཤིག། ཡུད་ཙམ་ཞིག་གནས་དྲོན་པོར་རལ་སོ་ཤིག་ཅེས་བརྗོད་པར་བྱའོ།། གལ་ཏེ་གཤེད་མ་དེ་འདི་སྐད་ཅེས་བདག་རིངས་ཀྱིས་ཐོད་ཤིག་ཅེས་ཟེར་ན་དེ་ལ་འདི་སྐད་ཅེས་ནམ་མཁའ་ལ་བལྟས་ཏེ། ནམ་མཁས ་མཐོང་ངོ་ཞེས་བརྗོད་པར་བྱའོ། ། དེ་བཞིན་དུ་སེན་མོ་ལ་བལྟས་ཏེ་སེན་མོ་མཐོང་ངོ་ཞེས་བརྗོད་པར་བྱའོ།། གལ་ཏེ་གཤེད་མ་ཟིན་པོ་ཞིག་སྟེ། འདི་སྐད་ཅེས་བདག་རྣམ་པ་འདི་དག་མི་འདྲིའོ།། བདག་ནི་གསད་པ་འདྲིའོ་ཞེས་ཟེར་ན་དགེ་སློང་མ་དེས་འདུ་བྱེད་ཐམས་ཅད་སྟོང་པ་ཉིད ་དུ་ལྷག་པར་མོས་པར་བྱས་ལ་ཅུང་ཟད་ཀྱང་མཐོང་བ་མེད་དོ་ཞེས་བརྗེད་པར་བྱའོ། ། དགེ་སློང་མ་དགེ་སློང་མའི་དྲུང་དུ་སོང་སྟེ་དེ་སྐད་ཅེས་འདྲི་བ་ལ་གལ་ཏེ་དགེ་སློང་མས་ཅད་མི་སླུ་བས་གཅོག་ན་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ན་པའི་སྨན་ཁར་བཅུག་པར་གྱུར་པ་འམ། ཁའི་ནད་ཀྱི ་ཐེབས་པ་ལ་ནི་ལྟུང་བ་མེད་དོ། ། ལྟུང་བྱེད་གཉིས་པའི་གསུམ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་བླ་གབ་མེད་པའི་གནས་མལ་རབ་ཏུ་མེད་པ་གཟིགས་ནས་བསླབ་པའི་གཞི་བཅའ་བ་མཛད་པ ་དང་། དེ་ན་འདི་བཞིན་དུ་གནས་པའི་དགེ་སློང་མ་གང་དག་ཡིན་པ་དེ་དག་ནི་བསླབ་པའི་གཞི་དེའི་རྗེས་སུ་སྒྲུབ་པར་བྱེད་དོ།། དེ་ནས་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་བླ་གབ་མེད་པའི་གནས་མལ་ནམས་མ་བཏུལ་བར་མཚམས་ཀྱི་ཕྱི་རོལ་དུ་དོང་ངོ་།། དེ་ནས་དགེ་སློང་མ ་གནས་བརྟན་གནས་བརྟན་དེ་དག་གིས་བཅུ་གཉིས་སྡེ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་མ་བཅས་སམ། དེ་དག་གིས་འདི་སྐད་ཅེས་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ནི་དགེ་སློང་རྣམས་ཀྱི་ཡིན་གྱི། དགེ་སློང་མ ་རྣམས་ཀྱི་ནི་མ་ཡིན་ནོ། ། ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་འདི་ག་ཅེས་གསོས་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེས་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ནི་གཉི་གའི་ཐུན་མོང་ཡིན་ནོ།། ་བཅོམ་ལྡན་འདས་ཀྱིས་དེ་ལྟར་བླ་གབ་མེད་པར་གནས་མལ་གཞག་པར་མི་བྱའོ་ཞེས་བཅའ་བ་མཛད་པ་དང་། དེ་ནས་དུས་གཞན་ཞིག་ན་དགེ་སློང་མ་རྣམས་དོན་འཐུན་དང་ལྷན་ཅིག་འགྲོགས་ཏེ་རི་འོར་ཞིག་ཏུ་ཕྱིན་པ་དང་། དེ་རྣམས་ཀྱིས་གཙུག་ལག་ཁང་དེར་གནས་མལ་རྙེད་ནས་ཕྱི ་དེ་ཉིན་པར་གནས་མལ་གཏོང་བ་ན་དོན་འཐུན་དང་ཡང་བྲལ་ནས། དེ་དེས་འབའ་ཞིག་དོང་བ་ལས་ཚེམ་རྐྱེན་པ་རྣམས་ཀྱིས་ལ་རྟོགས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདབ་ཀྱིས་བཀའ་སྩལ་པ། བཅོམ་ཏེ་འདོད་པར་བྱའོ།། ་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གཙུག་ལག་ཁང་ན་གནས་ན་དགེ་སློང་ལ་བཅོལ་བར་བྱའོ།། དབྱར་ཁང་ན་གནས་ན་དགེ་སློང་མ་ལ་བཅོལ་བར་བྱའོ།། དེ་དག་དེ་རྣམས་ལ་འཚོལ་བ་ན་ཡང་ཐོགས་པར་གྱུར་ནས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཅོལ་བ་ནི་ལྔ་སྟེ། ལྔ་གང་ཞེ་ན། གཙུག་ལག་ཁང་འདི་རེ་ཞེས་བྱ་བ་དང་། གཙུག་ལག་ཁང་ལྟོས་ཤིག་ཅེས་བྱ་བ་དང་། གནས་མལ་འདི་རེ་ཞེས་བྱ་བ་དང་། གནས་མལ་ལྟོས་ཤིག་ཅེས་བྱ་བ་དང་། སྒོ་ལྕགས་གཞུག་པ་ཉིད་ནི་ལྔ ་བ་ཡིན་ཏེ། དེ་ལྟར་བྱས་ནས་དེའི་འོག་ཏུ་འདོད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པའི་བསྔགས་པ་བརྗོད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡང་དགེ་སློང་མ་གང་ཞེས་བཞིན་དུ་དགེ་འདུན་གྱི་བྲི་འམ། ཁྲིའུ།། ་འམ། སྟན་ནང་ཚངས་ཅན། ལཊ་འམ་སྔས་སམ། གོང་བུ་བཏིང་བ་མ་བསྡུས་སམ། སྡུས་དུ་མ་བཅུག་གམ། དགེ་སློང་མ་ཡོད་པ་ལ་མ་བཅོལ་བར་དེའི་འོག་ཏུ་དོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པའོ།། དགེ་འདུན་གྱི ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ། ། གཙུག་ལག་ཁང་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་ཤི་བོའོ།། ཁྲི་ཞེས་བྱ་ནི་ཉལ་བའི་འོ།། ཁྲིའུ་ཞེས་བྱ་བ་ནི་འདུག་པའི་འོ།། སྟན་ནད་ཚངས་ཅན་ཞེས་བྱ་བ་ནི་ཤི་དཔལ་ཅན་ནོ།། ལ་བ་ཞེས་བྱ་བ་ནི་ལ་ཐལ ་རྫས་ཞེས་བྱ་བ་ནི་རྫས་སུ་གཞུག་པའོ། ། གོང་བུ་ཞེས་བྱ་བ་ནི་གྲུབ་བཞིའོ།། བླ་ག་བ་མེད་པར་ཞེས་བྱ་བ་ནི་བར་སྣང་ངོ་།། བཏིང་བ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སོ།། འདོད་དུ་བཅུག་པ་ཞེས་བྱ་བ་ནི་གཞན་ནོ།། མ་བསྡུས་མ་མ་ཞེས་བྱ་བ་ནི་རང་གིས་སོ།། རྫས་དུ་མ་བཅུག ་པར་ཞེས་བྱ་བ་ནི་གཞན་ནོ། ། དེའི་འོག་ཏུ་དོང་ན་ཞེས་བྱ་བ་ནི་ཉེས་ཀོར་སྤངས་ནས་སོ།། གནས་མལ་གྱི་ཉེན་ཀོར་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོམ་བཞི་བཅུ་རྩ་དགུའོ།། ཕན་ཕུན་དུ་འགྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། སངས་རྒྱས ་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འབོར་གྱིས་ཞུས་པ། བཙུན་པ་གནས་མལ་ཕན་པུན་དུ་འགྱུར་བ་དུ་མཆིས། ཉེ་བར་འཁོར་གཉིས་ཏེ། གཉིས་གང་ཞེ་ན། ཆར་གྱིས་ཕན་བུན་དུ་འགྱུར་བ་དང་། རླུང་གིས་ཕན་ཕུན་དུ་འགྱུར་བའོ།། ཆར་གྱིས་ཕན་ཕུན་དུ་འགྱུར་བ་ག་ཤེ ་ན་ཉེ་བར་འཁོར་གལ་ཏེ་ཆར་གྱི་ཆུས་གནས་མལ་རིམ་པ་གཉིས་རླན་པར་གྱུར་ན་ལྟུང་བྱེད་དུ་འགྱུར་རོ། ། མ་རླན་ན་ཉེས་བྱས་ཏེ་འདི་ནི་ཆེར་གྱིས་ཕན་ཕུན་དུ་འགྱུར་བ་ཞེས་བྱའོ།། གལ་ཏེ་རུང་གིས་རིམ་པ་གཉིས་བཟློག་པར་གྱུར་ན་ལྟུང་བྱེད་དུ་འགྱུར་རོ།། མ་ཟློག་ན་ཉེས་བྱས་སོ།། ་གལ་ཏེ་ལམ་དུ་ཞུགས་པ་ན་དྲན་ན་དེས་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བདག་གིས་གནས་འདི་འདྲ་བ་ཞིག་ཏུ་གནས་མལ་བཞག་པ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་བརྟུལ་གྲང་ཞེས་བརྗོད་པར་བྱ་ལ། ལྟུང་བ་དེ་ཡང་སླར་ཆོས་བཞིན་བྱའོ།། ལམ་དུ་དགེ་སློང་མ ་མཐོང་ན་ཐ་ན་བཏའ་བར་བྱ་ཞིང་གར་སོན་ཡང་ཐ་ན་བཏའ་བར་བྱ་ལ། ལྟུང་བ་དེ་ཡང་སླར་ཆོས་བཞིན་དུ་བྱའོ།། དགེ་སློང་མ་ཡོད་པ་ལ་མ་བཅོལ་བར་ཞེས་བྱ་བ་ནི་དེ་ལ་ཡོད་པའི་དགེ་སློང་མ་གང་ཡིན་པའོ།། དེ་ལྟ་བུ་མ་གཏོགས་ཏེ་ཞེས་བྱ་བ་ནི་དེའི་སྲོག་གི་བར་ཆད་དུ་འགྱུར་བ་གང་ཡིན ་པའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་གཙུག་ལག་ཁང་དུ་དགེ་འདུན་གྱི་ཁྲི་དང་། ཁྲིའུ་དང་། སྟན་ནང་ཚངས་ཅན་དང་ཞེས་བྱ་བ་ནས། གནས་མལ་བླ་གབ་མེད་པར་བཏིང་ངམ། གདི་དུ་བཅུག ་པ་མ་བསྡུས་སམ། སྡུད་དུ་མ་བཅུག་པར་སོད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མས་དགེ་འདུན་གྱི་གཙུག་ལག་ཁང་དུ་གནས་མལ་བླ་གབ་མེད་པར་བཏིང་ངམ། འདིང་དུ་བཅུག་ལ། གཙུག་ལག་ཁང་དུ་ཞུགས་ནས་དྲན་པ་ཉེ་བར་མ་གཞག་པ་ཉེ་བར་གཞག ་པའམ། སེམས་མཉམ་པར་མ་གཞག་པ་མཉམ་པར་གཞག་པ་འམ། སེམས་རྣམ་པར་མགྲོལ་བ་རྣམ་པར་གྲོལ་བར་བྱའོ།། ཞེས་ནང་དུ་ཡང་དག་པ་ཞག་ལ་ཐུན་དང་པོ་ཕྱེད་ཁོང་ན་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མགྱུར་ནི་ཉེས་བྱས་སོ།། དེ་བཞིན་དུ་ཐུ་དང་པོ་ལ་བྱུང ་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ། ། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། དེ་བཞིན་དུ་ཐུན་དབུ་མ་ཕྱེད་ཁོར་ན་བྱུང་བ་ན་ཕུན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུམ་པ་གྱུར་ན་ཉེས་བྱས་སོ།། དེ་བཞིན་དུ་ཐུན་དབུ་མ་ལ་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན ་ཉེས་བྱས་སོ། ། དེ་བཞིན་དུ་ཐུན་ཐ་མ་ཕྱེར་ཁོར་ན་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་པུན་དུ་མ་གྱུར་ན་ཉེས་བྱས་སོ།། དེ་བཞིན་དུ་ཐུན་ཐ་མ་ལ་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། དེ་བཞིན་དུ་སྐྱ་རེང་ཤར་ཀའི་དུས་ཀྱི་ཚེ་བྱུང་བ་ན ་ན་ཕུན་དུ་ན་གྱུར་ལྟ་བྱེད་དོ། ། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། དེ་བཞིན་དུ་སྐྱ་རེདང་ཐ་མ་དང་། དེ་བཞིན་དུ་གླང་པོ་ཆེ་འདོན་པའི་དུས་ཀྱི་ཚེ་དང་། དེ་བཞིན་དུ་གླང་པོ་ཆེ་བཏོན་པ་དང་། དེ་བཞིན་དུ་ནམ་ཕན་ཕུན་དང་། དེ་བཞིན་དུ་ནམནངས་པ་དང་། དེ་བཞིན་དུ་ཉི་མ་འཆར་ཀའི ་དུས་ཀྱི་ཚེ་དང་། དེ་བཞིན་དུ་ཉི་མ་རྩེ་དང་། དེ་བཞིན་དུ་དྲོས་བུ་ཆུང་དང་། དེ་བཞིན་དུ་ཕྱེད་ཡོལ་ན་བྱུང་བ་དང་པ་ན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། དགེ་སློང་མས་དགེ་འདུན་གྱི་གཙུག་ལག་ཁང་ཞེས་བྱ་བ་ནས། སེམས་རྣམ་པར་མ་གྲོལ་བ་རྣམ་པར་གྲོལ ་བར་བྱའོ་ཞེས་ནང་དུ་ཡང་དག་འཛེག་པའི་ཕྱིར་ཞུགས་ནས་ཞེས་བྱ་བའི་བར་རོ། ། དུད་འབུད་པ་གསུམ་པ་ལ་བྱུང་ནས་ཞེས་བྱ་བ་ནས་ཉི་མ་ནུབ་ཀ་ན་བྱུང་ནས་ཞེས་བྱ་བའི་བར་ཏེ་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། གཞུང་བླ་མའི་བསྡུས་པའི་སྡོམ་ནི། ་ཆོས་མཉན་པ་དང་དེ་བཞིན་དུ།། ཟན་ཟབ་དང་དེ་བཞིན་གྲོང་།། གཙུག་ལག་ཁང་དུ་བཅོལ་བ་དང་།། ནད་པ་དང་ནི་གནས་མལ་དང་།། ལྔ་ལ་བཅོལ་བར་མི་བྱ་དང་།། ཁྲི་ཅིག་ལ་ནི་གཉིས་འདུག་པའོ།། དེ་ནས་བྲམ་ཟེ་དང་དེ་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དགེ་སློང་མའི་དབྱར་ཁང་དུ་ལྷག ་པ་དང་། དགེ་སློང་མ་དེ་རྣམས་ཀྱིས་ལྷན་ཅིག་འདུ་འཛིའི་གཏམ་གྱིས་དུས་འདའ་བར་བྱེད་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་འདུ་འཛིའི་གཏམ་སྨྲ་བ་ནི་འཚམ་པ་མ་ཡིན་ནོ།། དེ་ལྟ་མོད་ཀྱི་ཆོས་ཤོད་ཅིག། དེ་དག་ལངས་ཏེ་གུས་ཤིང་མདུན་དུ་བདུག་ནས་ཆོས ་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་ལ་ཆོས་བཤད་པར་བྱ་སྟེ། ཁྱིམ་པ་མོ་དེ་རྣམས་ལ་ཡང་སྟན་བསྟབས་པར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འདུག་ལ་ཆོས་བཤད་པར་བྱའོ་ཞེས་བཀའ་སྩལ་པ། དེ་ནས་དགེ་སློང་མ་དེ་རྣམས ་ཀྱིས་གྲལ་རེངས་སུ་ཤོམ་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་རྣམ་པ་གཉིས་པོ་ཟླ་གམ་ལྟ་བུའམ། གྲུ་བཞིར་གདིང་བར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་བཤད་པར་བྱའོ་ཞེས་བཀའ་སྩལ་པ་ན་དེ་དག་གིས་གང་གིས་བཤད་པ་མ་ཤེས་ནས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤོབས་པའི་མཐུ་དང་ལྡན་པར་གྱུར་པ་གང་ཡིན་པ་དེས་བཤད་པར་བྱའོ།། དེ་ནས་རྒན་རིམས་མཐུ་དང་ལྡན་པ་མ་ཡིན་པར་གྱུར་ནས། འོག་མ་གཞོན་རིམས་དག་འཆད་པར་བྱེད་པ་ན་དེ་དག་རྒན་རིམས་ནས་གཞོན་རིམས་སུ་དོང་ནས་ཉན་པར ་བྱེད་པས་རྒན་རིམས་དེ་དག་མི་བརྗིད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་སྨྲ་བའི་སེང་གེའི་ཁྲི་བཤམ་པར་བྱ་ཞིང་སེང་གེའི་ཁྲི་ལས་སྨྲ་བར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སེང་གེའི་ཁྲི་ལས་སྨྲ་བར་བྱའོ་ཞེས་བཀའ་སྩམ་པ་དེའི་ཚེ་མདོ་རིང་པོ་དག་རྒྱས ་བར་སྨྲ་བར་བྱེད་པ་ན་ཁྱིམ་པ་མོ་རྣམས་སྐྱོ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆ་གསུམ་པ་དང་། ལྔ་པ་ནས་ཆ་གསུམ་པ་དང་། སྟོན་པ་ཡོངས་སུ་བསྒྲགས་པ་ལ་ཆར་བསྲང་སྟེ། སྨྲ་བར་སྣོད་དོ་ཞེས་བྱ་བའི་བར་རོ།། རྔ་ཙམ་ན་ཁྱིམ་བདག་མོ་རྣམས་ཟས་དག ་གཡོ་བར་བྱེད་པ་ན་དེ་རྣམས་སྣོད་སྤྱད་དག་རྙེན་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྙོས་ཤིག། སྟན་དག་རྙེན་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྙོས་ཤིག། དེ་ནས་དེ་དག་གྲོང་དུ་འགྲོན་དུ་འབོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ། ་དེར་ཡང་དོད་ལ་ལོངས་སྤྱད་པར་བྱའོ།། དེ་ནས་ཁྱིམ་བདག་མོ་རྣམས་ཀྱིས་དེ་དག་ལ་འདི་སྐད་ཅེས་འཕགས་མ་དག་ཁྱེད་ཅག་ཅིའི་སླད་དུ་ཆབ་སྣོད་དག་སྣོམས་ཏེ་མ་བྱོན་ཞེས་ཟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཡང་བུམ་པ་དང་། རིལ་བ་དང་། སྟན་དང་། ་སེང་གེའི་ཁྲི་དག་བཀུར་བར་བྱའོ།། ཇི་ཙམ་ན་དགེ་སློང་མ་ནད་པ་ཞིག་ཡོད་པ་དེས་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཕུ་ནུ་མོ་དག་འཆི་བར་འགྱུར་རོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཅི་སྟེ་དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ནད་པ་ལ་འདྲི་བ་འགའ་ཡང་མེད་དོ་ཞེས་བྱས་ནས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་བལྟ་བར་བྱའོ།། ལྟ་བར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ནད་པ་ལ་བལྟ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དེ་ཕྱིན་ཆད་ག་ཎ་ཌཱི་བརྡུངས་ཏེ་དགེ་འདུན་ཐམས་ཅད་ནད་པ་ལ་བལྟ་བའི་ཕྱིར ་འདོད་པ་ན། དེ་ནས་ནད་པས་མཐོང་ནས་གང་གི་ཕྱིར་དགེ་འདུན་ཐམས་ཅད་ལྷགས་པ་ལས་ན། བདག་ནི་འཆི་བར་གྱུར་གོར་ཆག་གོ་སྙམ་ནས་སྐྲག་པར་གྱུར་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གཅིག་གམ། གཉིས་འགྲོ་བར་བྱའོ།། དེར་དོད་པ་ན་སྟན་དག ་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་འདྲི་བའི་ཆེད་དུ་སྟན་དག་གདིང་བར་བྱའོ།། གང་གི་ཚེ་བཏིང་བ་དེའི་ཚེ་དེ་དག་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་བླ་གབ་མེད་པར་གནས་མལ་དོར་བར་མི་བྱའོ་ཞེས་གསུངས་སོ་སྙམ་དུ་སེམས་ཤིང་། དེ་དེ་དག་དེ་ཉིད་ན་སྲུང་ཤིང་འཁོད ་བ་ན་དེ་དག་གི་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། མཁན་པོ་དང་། སློབ་དཔོན་གྱི་བྱ་བ་གང་ཡིན་པ་དེ་དེས་ཉམས་པར་གྱུར་ནམ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོལ་ལ་འདོད་པར་བྱའོ།། དེ་དག་ནད་པ་ལ་འཚོལ་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་བ་ཞེས་བྱ་བ་ནས། རྐྱེན་ལྔས་གནས་མལ་བླ་གབ་མེད་པར་བོར་ཏེ་འདོད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ལྔ་པོ་དེ་དག་གང་ཞེ་ན་ཞེས་བྱ་བ་ནས་རྒས་པ་དང་། ངོ་ཚ་བ་ཆེད་པ་དང་། བར་ཆད་དང་བཅས་པ་དང་། འགྱོད་པ་མེད་པ་དང་། བསྙེན་པར་མ་རྫོགས་པའོ་ཞེས་བྱ་བའི་བར་ཏེ། དེ་དག ་རྐྱེན་དུ་བྱས་ནས་དོར་བར་མི་བྱའོ། ། བྱེད་ན་བག་ལ་ཚབས་ཅན་དུ་འགྱུར་རོ།། གཉིས་ཁྲི་ཅིག་ལ་འདུག་ན་གང་གིས་ཁྲི་བརྟུལ་བར་བྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་པས་སོ།། གཉིས་ཀ་གཞོན་པར་གྱུར་ན་གལ་ཏེ་བཟོད་ན་ཅིག་གིས་སོ།། ལྟུང་བྱེད་གཉིས་པའི ་པ་རྫོགས་སྷོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྷོ་ལམ་ནས་འོངས་པའི་དགེ་སློང་ཞིག་ལ་བརྟེན་ནས་རྩཝའི་གདིང་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་རང་བཞིན་དུ་གནས་པའི་དགེ་སློང་མ་དེ་རྣམས་ཀྱིས་ནི་ཐོས་ནས། ་རྗེས་སུ་སྒྲུབ་པར་བྱེད་དོ།། བཅུ་གཉིས་སྡེ་རྣམས་ཀྱིས་ནི་ནྱའི་གདིང་བདག་བཏིང་ཞིང་འདིར་དུ་བཅུག་ནས། མི་སྡུད་ཅིང་སྡུད་དུ་མ་བཅུག་གོ།། དེ་ནས་བཅུ་གཉིས་སྡེ་རྣམས་ལ་དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གནི ་བཅའ་བ་མ་མཛད་དམ། ཅིའི་ཕྱིར་རྩཝའི་གདིང་བ་དག་མི་རྟུལ། དེ་དག་གིས་འདི་སྐད་ཅེས་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ནི་དགེ་སློང་རྣམས་ཀྱི་ཡིན་གྱི། དགེ་སློང་མ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ ་གྲོང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དག་འདུན་གྱི་གཙུག་ལག་འང་དུ་དྷའི་གདིང་བའམ། ལོ་མའི་གདི ་བ་བཏིང་ངམ། འདིར་རུབ་ཅུ་གནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་མ་ཡོད་པ་ལམ་བཅོལ་བར་དེ་ནས་སོང་ན་དེ་ལྟ་བུའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། རྩཝའི་གདིང་བ་ཞེས་བྱ་བ་ལ། རྩ་ཞེས་བྱ་བ་ནི་དྷ་ཉིད་དོ།། ལོ་མ་ནས ་བྱ་བ་ནི་ལོ་མདག་ཉིད་དོ། ། བཏིང་ངམ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སོ།། འདིར་དུ་གཙུག་པ་ཞེས་བྱ་བ་ནི་གཞན་གྱིས་སོ།། མ་སྡུས་སམ་ཞེས་བྱ་བ་ནི་རང་གིས་སོ།། སྡུད་དུ་མ་བཅུག་གམ་ཞེས་བྱ་བ་ནི་གཞན་ནོ།། དེ་ནས་སོང་ན་ཞེས་བྱ་བ་ནི་ཉེན་ཀོར་སྤངས་ནའོ།། གདིང་བའི་ཉེན་ཀོར་གང ་ལགས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོམ་བཞི་བཅུ་རྩ་དགུ་སྟེ། ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། ཉེ་བར་འཁོར་གྱིས་ཞུས་པ། གདིང་བ་ལ་ཕན་ཕུན་དུ་གྱུར་པ་དུ་མཆིས། ཉེ་བར་འཁོར་གཉིས་ཏེ། ཀླུང་གིས་ཕན་ཕུན་གྱུར ་པ་དང་། སྲིལ་གྱིས་ཕན་ཕུན་དུ་འགྱུར་བའོ།། རླུང་གིས་ཕན་ཕུན་དུ་འགྱུར་བ་གང་ཞེ་ན། རླུང་གིས་གདེང་བ་རིམ་གཉིས་བཟློག་པར་གྱུར་པ་སྟེ་ལྟུང་བྱེད་དུ་འགྱུར་རོ།། མ་བཟློག་ན་ཉེས་བྱས་ཏེ་འདི་ནི་དྲུང་གིས་ཕན་ཕུན་དུ་གྱུར་པ་ཞེས་བྱའོ།། སྲིལ་གྱིས་ཕན་ཕུན་དུ་གྱུར་པ་གང་ཞེ་ན། ་གལ་ཏེ་སྲིལ་རྣམས་ཀྱིས་གདིང་བ་རིམ་གཉིས་གློངས་པར་གྱུར་པ་སྟེ་གློངས་ན་ལྟུང་བྱེད་དོ།། མ་གློངས་ན་ཉེས་བྱས་སོ།། ལམ་དུ་དོང་བ་ན་དྲན་ན་ཞེས་བྱ་བ་ནས། གནས་མལ་ལ་ཇི་ལྟ་བ་བཞིན་དུ་རྒྱས་པར་སྦྱར་བར་བྱའོ།། ལྟུང་བྱེད་དོ་ཞེས་བྱ་བ་ན་གང་མ་བཞིན་ནོ།། ས ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ། གང་ཡང་དགེ་སློང་མས་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩཝའི་གདིང་བ་འམ། ལོ་མའི་གདིང་བ་བཏིང་ངམ། འདིར་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་པར་དེ་ཇི་སྲིད་དུ་ཉེན་ཀོར་སྤངས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ཡང ་དགེ་སློང་མ་གང་ཞིག་དགེ་འདུན་གྱི་གཙུག་ལག་ཁང་དུ་རྔུའི་གདིང་བའམ། ལོ་མའི་གདིང་བ་བླ་གབ་མེད་པར་བཏིང་དམ། འདིང་དུ་བཅུག་ནས་གཙུག་ལག་ཁང་དུ་ཞུགས་དེ་དྲན་པ་ཉེ་བར་མ་བཞག་པ་དང་། སེམས་མཉམ་པར་མ་བཞག་པ་མཉམ་པར་བཞག་པ་དང་། སེམས་རྣམ་པར་མ ་གྲོལ་བ་རྣམ་པར་གྲོལ་བར་བྱའོ་ཞེས་ནང་དུ་ཡང་དག་པར་བཞག་ལ་ཐུན་དང་པོ་ཕྱེད་ཁོར་ན་བྱུང་ལ་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ། ། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། ཉི་མ་ནུ་བ་ཀན་ཞེས་བྱ་བ་ནས་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མགུར་ན་ཉེས་བྱས་སོ་ཞེས་བྱ་བའི་བར ་གནས་མལ་ལ་ཇི་ལྟ་བ་བཞིན་དུ་རྒྱས་པར་སྦྱར་བར་བྱའོ། ། ལམ་ཀར་གནས་མལ་བཏིང་བ་ལ་ཉལ་བ་དེ་དག་འགྱོད་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གློང་བར་བྱའོ།། གློང་བར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། དེ་ནས་ཕྱིས་དབྱར་ཁང་དུ་ཚོན་རྩིའི་ལས་དག ་བྱེད་པ་ན་དགེ་སློང་མ་རྣམས་ཀྱིས་རྩཝ་དག་བཀྲམ་པར་གྱུར་པ་དང་། བསླབ་པ་འདོད་པ་དེ་དག་གིས་རྩཝ་དེ་དག་བསྡུས་ནས་དབྱར་ཁང་གི་ཕྱི་རོལ་ཏུ་བོར་བ་དང་། གཞན་དག་ཕོངས་པར་གྱུར་པ་ནས་བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། གལ་ཏེ་འགའ་ཞིག་སེམས་ལས་ཆུད་པར་གྱིས་ཤིག ་ཅེས་ཟེར་ན་མདོར་རོ། ། ལྟུང་བྱེད་གཉིས་པའི་ལྔ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས་དབྱར་གྱི་ཐལ་ནས་རྒྱུ་ཞིང་སོང་བ་དང་། དེ་ནས་དགེ་སློང་མ་གཞོན་ནུ་རྣམས་ཀྱིས་མཁན་མོ་དང་སློབ་དཔོན་མོ་དག་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག་བདག ་ཅག་ཀྱང་རྒྱུ་ཞིང་མཆི་ལགས་སོ། ། དེ་དག་གིས་དྲིས་པ་སུ་དང་ལྷན་ཅིག། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སྦོམ་དགའ་མོ་དད་དོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། མ་འདོད་ཤིག། ཅིའི་སླད་དུ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། སྦོམ་དགའ་མོ་ནི་གནས་ངན་ལན་ཀུན ་དུ་སྤྱོད་པ་ཡིན་ནོ་ཞེས་དེ་དག་གིས་དེ་ལྟར་བཟློག་ཀྱང་དེ་དང་ལྷན་ཅིག་རྨ་ཞིང་དོང་སྟེ། དེ་དག་རྒྱུ་ཞིང་དོང་བ་ནི་རི་བོར་ཞིག་ཏུ་ཕྱིན་ཏོ།། དེ་ནས་གཞོན་ནུ་དེ་རྣམས་ཀྱིས་རྩཝ་དག་བསླངས་ཏེ་གདེང་བ་བཤམས་ནས་དེ་དག་ཉལ་བ་དང་། སྦོམ་དགའ་མོས་དབུས་སུ་མཆོངས་ནས་སྣང་བར་བྱས་ཤིང་ཕུལ ་ཏེ་གི་བཤགས་ནས་འདི་སྐད་ཅེས་སུ་གནོད་པར་འགྱུར་བ་དེ་དག་འདོད་པར་འགྱུར་གྲང་ཞེས་སྨྲས་སོ། ། དེ་ནས་དགེ་སློང་མ་དེ་རྣམས་ཕྱི་དེ་ཉིན་པར་སླར་ལོག་པ་དང་། དེ་ནས་དགེ་སློང་མ་སྦོམ་དགའ་མོས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཁྱེད་ལན་གྱི་སྨན་ལ་སོགས་པ་སྦྱར་བར་བྱའོ་ཞེས ་བྱ་བ་ནས། གཞོན་ནུ་མ་དེ་དག་གིས་གབས་དེ་མཁན་མོ་དང་། སློབ་དཔོན་མོ་དགལ་རྒྱས་པར་སྨྲས་སོ་ཞེས་བྱ་བའི་བར་རོ།། དོན་རུང་བའི་དགེ་སློང་མ་དགེ་སྨོང་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ཤེས་བྱ ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་སྔ་ནས་འཁོད་པར་ཤེས་བཞིན་དུ་དེའི་འོག་ཏུ་འོངས་ནས་སུ་ལ་གནོད་པར་འགྱུར་བ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ་ཕྱིས་གནོན་བྱས་ནས་སྟན་ལ་འདུག་པར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང ་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། ། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་གྱིས་སྨྲས་པར་གྱུར་པའོ།། སྔ་ནས་འཁོད་པར་ཞེས་བྱ་བ་ནི་སྔ་ནས་འདུག་པར་རོ།། ཕྱིས་གནོན་བྱས་ནས་ཞེས་བྱ་བ་ནི་འཕྲལ་དུ་མཐུས་སོ།། སྙན་པ་ཞེས་བྱ་བ་ནི་གདིང་བ་ལའོ། འདུག་པར ་བྱེད་ན་ཞེས་བྱ་བ་ནི་འདུག་པར་བྱེད་པའམ། ལུས་སྙོལ་བར་བྱེད་པའོ།། སྲ་ལ་གནོད་པར་འགྱུར་བ་ཞེས་བྱ་བ་ནི་གེ་མི་འཆུག་པ་གང་ཡིན་པའོ།། དེ་འགྲོ་བར་འགྱུར་གྲང་ཞེས་བྱ་བ་ནི་དེ་ལངས་ཏེ་འགྲོ་བའོ།། དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི་གཞན་མ་ཡིན་པའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར ་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་དག་སྔ་ནས་འཁོད་པར་ཤེས་བཞིན་དུ་སུ་ལ་གནོད་པར་འགྱུར་བ་དེ་འགྲོ་བར་འགྱུར། གྲང་ཞེས་ཕྱིས་གནོན་བྱས་ནས་སྟན་ལ་འདུག་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ནང་བ་ཡིན་ན་ལྟུང་བ་མེད་དོ།། གལ་ཏེ་སྐྲག་པ ་ཡིན་ན་ལྟུང་བྱེད་མེང་ངོ་། ། ལྟུང་བྱེད་གཉིས་པའི་དྲུག་པ་རྫོགས་སྷོ།། །། གླེང་བཞིནི་མཉམ་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་འཁོར་དང་ཅས་ཏེ་ལྗོངས་རྒྱུ་ཞིང་སོང་བ་ན་མཉན་ཡོད་དུ་ཕྱིན་ཏོ།། བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་དགེ་སློང་དང་། དགེ་སློང་མ་རྣམས་གནས་མལ་འབོ། ་པར་བྱེད་པ་འདི་ནི་ལུགས་ཡིན་པས་དེ་ནས་དགེ་སློང་མའི་དབྱར་ཁང་གི་གནས་མལ་འགེད་པ་ན་སྦོམ་དགའ་མོའི་སྐལ་བར་སྟེང་གི་ཡང་ཐོག་གཅིག་ཟབ་པ་ལས་དེ་ཤེས་བཞིན་དང་མི་ལྡན་པར་གནས་མལ་དེ་ལ་འདུག་སྟེ། དེ་འདུག་པ་ནི་ཁྲིའི་རྐང་པས་ཁང་ཐོག་རྡོལ་བར་བྱས་ཏེ། ཁྲིའི་ཏིང ་པ་སྲུང་བས་དེའི་འོག་ན་དགེ་སློང་མ་ཞིག་ཡོད་པའི་མགོ་བོ་རྟོལ་བ་དང་། དོན་ཉུང་བའི་དགེ་སློང་མ་དགེ་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འ་དེས ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྟེང་གི་ཡང་ཐོག་ཏུ་ཁྲི་འམ། ཁྲིའུརྩ་བ་འབྱུང་བ་ལ་ལྗིང་ཀྱིས་མནན་ཏེ་ཉལ་ལ་མ་འདུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན ་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ། ། གཙུག་ལག་ཁང་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་ཤོང་བའོ།། སྟེང་གི་ཞེས་བྱ་བ་ནི་ཁང་ཐོག་གི་སྟེང་ངོ་།། ཡང་ཐོག་ཅེས་བྱ་བ་ནི་གནས་ཁང་ངོ་།། རྩབ་འབྱུང་བ་ལ་ཞེས་བྱ་བ་ནི་རྐང་པ་འབྱུང་བའོ།། འདུག་གམ་ཞེས་བྱ་བ་ནི་འདུག་པར་བྱེད། ་པའི་ཞལ་ལམ་ཞེས་བྱ་བ་ནི་ལུས་སྙོལ་བར་བྱེད་པའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ནུ་ཟད་སྟེང་གི་ཁང་ཐོག་གི་ཡང་ཐོག་ཏུ་ཁྲིའམ། ཁྲིའུའི་རྩི་བ་འབྱུང་བ་ལ་འདུག་གམ་ཉལ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་སོ་ཕག་གིས་གཡོགས་པ་འམ། སང་།། ་ལེབ་ཀྱིས་གཡོགས་པ་འམ། གྲམ་བུ་འམ། ཤིང་ལེབ་མ། ཤིང་ལེབ་ཆུང་ངུས་གཡོགས་པ་འམ། ཞལ་ཞལ་བྱས་པ་འམ། རྐང་རྟེན་བཅུག་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་གཉིས་པའི་བདུན་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་སྲོག་ཆགས་དང་བཅས ་པའི་ཆུས་རྒྱ་ལ་འདེབས་པར་བྱེད། ས་དང་ལྕི་བ་ལ་ཡང་འདེབས་པར་བྱེད་ནས། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་སྲོག་ཆགས་དང་བཅས་པའི་ཆུས་རྩཝལམ། ལྕི་བ་ལམ་བདེབས་ཤིག། དེས་འདི་སྐད་ཅེས་ཅི་ཁོ་མོ་ལ་བགྲངས་ཏེ་གཏད་དམ། ཤར་གྱི་རྒྱ་མཚོ་ཆེན་པོའི་འདོད་ན་ཅི་ཉེས ་ལྷོ་དང་ནུབ་ཀྱི་རྒྱ་མཚོ་ཆེན་པོར་འདོད་ན་ཅི་ཉེས་ཤེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང ་སྲོག་གགསད་ཅས་པའི་ཆུས་རྩཝ་འམ། ལྕི་བ་འམ། ས་ལ་འདེབས་སམ་འདེབས་སུ་འཇུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྲོག་ཆགས་དང་བཅས་པའི་ཞེས་བྱ་བ་ལ་སྲོག་ཆགས་ནི་གཉིས་ཏེ། གང་དག་མིག་ལམ་དུ་སྣང་བར་འགྱུར་བ་དང་། གང ་ངག་ཆུ་ཆགས་ཀྱིས་ཟིན་པར་འགྱུར་བའོ། ། ཆུས་ཞེས་བྱ་བ་ནི་ཆུས་རྫ་འམ། ས་འམ་འཅི་བ་འམ། ལྕི་བ་འམ། ལུང་ལའོ།། འདེབས་སམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། འདེབས་སུ་བཅུག་ན་ཞེས་བྱ་བ་ནི་གཞན་དག་གོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི ་ལྟར་འགྱུར་ཞེ་ན། སྲོག་ཆགས་དང་བཅས་པའི་ཚུལ་སྲོག་ཆགས་དང་ཅས་པར་འདུ་ཤེས་ཏེ་འདེབས་སམ། འདེབས་སུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟན་ལྟུང་བྱེད་དོ།། དགེ་སློང་མས་སྲོག་ཆགས་མེད་པའི་ཚུལ་སྲོག་ཆགས་དང་བཅས་པར་འདུ་ཤེས་ནས་འདེབས ་སམ། འདེབས་སུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་ཡུར་བ་འདྲེན་པར་བྱེད་ན་དེར་སྲོག་ཆགས་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་རོ།། ཇི་སྙེད་མ་ཤི་བ་དེ་སྙེད་ཀྱི་ཉེས་བྱས་སུ་འགྱུར་རོ།། དེ་བཞིན་དུ་རྒྱུན་གཅོད་པར་བྱེད་པ་དང་། ཞིང་གི་དཀའ ་བཅོད་པ་དང་། འགོག་ཅིང་གཏོང་བ་སྟེ། ཐམས་ཅད་དུ་གཞི་ཇི་ལྟ་བ་བཞིན་དུ་འགྱུར་རོ།། ལྟུང་བྱེད་གཉིས་པའི་བརྒྱད་པ་རྫོགས་སྷོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅཝོ་བརྒྱད་པ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། བསོད་ནམས ་དག་ནི་བྱ་བ་སྟེ། བསོད་ནམས་མ་བྱས་ཐུག་བསྔལ་འགྱུར།། འཇིག་རྟེན་འདི་དང་ཕ་རོལ་དུ།། བསོད་ནམས་བྱས་པ་དགའ་བར་འགྱུར།། ཞེས་བཀའ་སྩལ་པ་དེའི་ཚེ། དགེ་སློང་མ་དེ་དག་གིས་གནས་ཁང་དང་། ར་བ་དང་། སྒོ་ཁད་ལ་སོགས་པ་བྱ་བར་བརྩམས་སོ།། དེ་ནས་སྦོམ་དགའ་མོས ་བསམས་པ། བདག་གིས་འདི་ལྟ་བུའི་བསོད་ནམས་ཀྱི་ཕུང་པོ་ལས་ཡོངས་སུ་ཉམས་སོ་སྙམ་དུ་བསམས་ནས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་། ཆོས་གོས་བླངས་ཏེ། ཚོང་དཔོན་གྱི་ཆུད་མ་ཞིག་གི་དྲུང་དུ་སོང་ནས་སོན་པ་དང་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ ་ནད་མེད་པར་གྱུར་ཅིག། དེ་ནས་ཁྱིམ་བདག་གི་ཆུང་མ་དེས་སྦོམ་དགའ་མོའི་ཕྱིར་སྟན་བཏིང་ངོ་།། དེ་ནས་སྦོམ་དགའ་མོ་སྟན་བཏིང་བ་ལ་འདུག་གོ། འདུག་ནས་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་གྱི་མདོ་རྒྱས་པར་རྣམ་པར་ཕྱེ་བས་ཁྱིམ་བདག་གི་ཆུང་མ ་དེདད་པར་བྱས་ནས་སྐབས་འབྱེད་དུ་བཅུག་གོ་ཞེས་བྱ་བ་ནས་དེས་སྨྲས་པ། གཙུག་ལག་གི་རྒྱུ་ཅུང་ཟད་ཅིག་བྱིན་ཅིག་ཅེས་བྱ་བའི་བར་རོ།། དེ་ནས་སྦོམ་དགའ་མོས་དབྱར་ཁང་དེ་ལ་གཏོར་ཁུང་ཡང་མེད། ཆུ་ཁུང་ཡང་མེད་པ་སྤང་གི་དབྱིབས་ལྟ་བུ་ཞིག་བརྩིག་པར་བརྩམས་པ་དང་དེ་ནས ་དགེ་སློང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་བཅོམ་ལྡན་འདས་ཀྱིས་སྒོ་ཁར་དང་། གཏན་པའི་གནས་ཇི་སྲིད་པར་འཇི་བའི་རིམ་པ་གཉིས་སམ་གསུམ་བརྩིགས་པར་བྱའོ་ཞེས་བཀའ་སྩལ་པ་མ་ཡིན་ནམ། དེས་འདི་སྐད་ཅེས་སྨྲ་དགེ་སློང་རྣམས ་ལལག་ཕྲུ་ལ་འི་གྱི་དགེ་སློང་མ་རྣམས་པ་ནི་མ་ཡིན་ནོ། ། དེ་ལྟ་མོད་ཀྱི་བུབྲན་གྱི་བུ་མོ་དག། ཀྱེ་ལོ་མོ་སྡེ་སྣོད་གསུམ་པ་ཡིན་པས་གཙུག་ལགལང་ཅི་འདྲ་བར་བརྩིག་པར་ཤེས་པ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྤོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས ་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་གཙུག་ལག་ཁང་ཆེན་པོ་ཞིག་རྩིག་ཏུ་འཇུག་ན་སྒོ་ཁང་དང་། གཏན་པ ་དང་། སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་ཀྱིས་ས་བརྟག་པ་ནས་གཟུང་སྟེ་འཇི་བའི་རིམ་པ་གཉིས་སམ་གསུམ་བརྩིག་པར་བྱའོ།། དེ་ལས་ལྷག་པར་རྩིག་ན་ལྟུང་བྱེད་དོ།། ཆེན་པོ་ཞེས་བྱ་བ་ལ་ཆེན་པོ་ནི་གཉིས་ཏེ། སྦྱིན་པར་བྱ་བ་ལས་དང་། ཚད་ལས་ཏེ། དོན་འདི་ལ་ནི་སྦྱིན་པར ་བྱ་བ་ལས་ཡིན་པར་དགོངས་སོ། ། གཙུག་ལག་ཁང་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་ཤོད་པའོ།། རྩིག་ཏུ་འཇུག་ན་ཞེས་བྱ་བ་ནི་བདག་ཉིད་དམ་གཞན་ནོ།། སྒོ་ཁར་དང་། གཏན་པའི་གནས་ཤེས་བྱ་བ་ནི་སྒོ་ཁང་དང་། སྐར་ཁུང་གི་འདུ་ཤེས་དང་། ཆུ་ལུང་གི་འདུ་ཤེས་སོ།། ཇི་བའི ་རིམ་པ་གཉིས་སམ་གསུམ་ཞེས་བྱ་བ་ལ། འཇི་བ་ཞེས་བྱ་བ་ནི་འཇིམ་པའོ།། རིམ་པ་ཞེས་བྱ་བ་ནི་རྩེག་མའོ།། རྩིག་མར་བྱའོ་ཞེས་བྱ་བ་ནི་བསླང་བར་བྱའོ།། དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་གོང་དུའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར ་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འཇི་བའི་རིམ་པ་གཉིས་སམ་གསུམ་ལས་ལྷག་པར་རྩིག་ན་ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་གཙུག་ལག་ཁང་རྡོ་བའི་རྒྱུ་ལས་རྩིག་གམ།། གཙུག་ལག་ཁང་གི་བདག་པོ་རིངས་ལྟུང་བ་མེད་དོ།། ལྟུང་བྱེད་གཉིས་པའི་དགུ་པ་རྫོགས ་གླེང་གཞི་ནི་མཉན་ཡོད་ནའོ། ། གང་གི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་གཅེར་བ་པའི་འདུག་གནས་སུ་འདུག་ནས་ཁྱིམ་བདག་ཆུང་མ་དང་། འཁོར་དང་བཅས་པ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཞག་གོ། དེ་ཉིད་ལ་རབ་ཏུ་བརྟེན་ནས་སྲོག་ཆགས་ཁྲི་ཉིས་སྟོང་བདེན་པ་མཐོང ་བར་བྱས་པ་ན་དེའི་ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་བརྟེན་ཏེ་ལེགས་པར་རྟགས་ནས་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་རྣམས་འདུག་གནས་གཅིག་ཏུ་ཉལ་བར་བྱེད། འདུག་གནས་གཅིག་ཏུ་ཟོས་ནས་བསོད་སྙོམས་ཕྱི་མ་ཤོས་ཀྱང་ཟ་བར་བྱེད ་པ་དང་། རང་བཞིན་དུ་གནས་པའི་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་འདུག་གནས་ཀྱི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཅས་པ་དེ་ནི་དགེ་སློང་རྣམས ་ཀྱི་ཡིན་གྱི་དགེ་སློང་མ་རྣམས་ཀྱི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ནུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་གྲུབ་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། དགེ་སློང་མ་གང་ལེན་པར་འདུག་གནས་གཅིག་ན་འདུག་པས་བསོད་སྙོམས་ལན་ཅིག་བཟའ་བར་བྱས་སྟེ། དེ་ལས་ལྷག་པར་ཟན་ལྟུར་བྱེད་དོ།། འདུག་གནས་ལ་ཕིག་ཏུ་ཉལ་ན་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་གནས ་སུ་ཉལ་ནའོ། ། དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། མིན་པར་ཞེས་བྱ་བ་ནི་ན་བ་མ་གཏོགས་པའོ།། བསོད་སྙོམས་ལན་ཅིག་བཟའ་བར་བྱེད་སྟེ་ཞེས་བྱ་བ་ནི་ཕྱི་མ་ཤོས་མ་ཡིན་པའོ།། དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་འདས་པར་རོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི། ་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདུག་གནས་སུ་གནས་སམ། འདུག་གནས་སུ་ཟ་བ་ན་གོས་པ་ན་དེ་ལ་ཉེས་བྱས་སོ།། ཟན་ལྟུང་བྱེད་དོ།། འདུག་གནས་སུ་གནས་ཤིང་གཞན་དུ་ཟ་ན་འདུག་གནས་སུ་གནས་པ་ན ་དེ་ལ་ཉེས་བྱས་སོ། ། གཞན་དུ་ཟ་ན་ལྟུང་བ་མེད་དོ།། འདུག་གནས་སུ་ཟ་ལ་གཞན་དུ་གནས་པར་བྱེད་ན་འདུག་གནས་སུ་ཟ་བར་བྱེད་ན་དེ་ལ་ལྟུང་བྱེད་དོ།། གཞན་དུ་གནས་པར་བྱེད་པ་དེ་ལ་ལྟུང་བ་མེད་དོ།། གཞན་དུ་གནས་པར་བྱེད་ཅིང་གཞན་དུ་ཟན་གཉི་ག་ལ་ལྟུང་བ་མེད་དོ།། ལྟུང།། ་བྱེད་གཉིས་པའི་བཅུ་པ་རྫོགས་སྷོ།། །། སྡོམ་ནི། ཁུར་བ་འདུས་དང་དུས་མིན་དང་།། སོགས་འཇོག་མ་བྱིན་ལྔ་པ་ཡིན།། སྲོག་ཆགས་བཅས་པ་དག་དང་ནི།། ཉལ་པོ་བྱེད་པར་ཤོམ་པ་གཉིས།། གཅེར་བུ་དམག་ལ་ཞག་གཉིས་ལྷག། ཚོགས་ལ་ལྟ་བར་བྱེད་པའོ།། གླེང་གཞི ་མཉན་ཡོད་ནའོ། ། དེའི་ཁྱིམ་བདག་ཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་ཆུང་མ་དེ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། ཇིཙ་མན་བུ་མོ་གཡས་ཞར་མ་ཞིག་བཙས་ཏེ་ཞེས་བྱ་བ་ནས། ཆུང་མ་གསོད་པ་ཞེས་བྱ་བས་སྤངས ་ཏེ་ཞག་དུས་བཏབ་པོ་ཞེས་བྱ་བའི་བར་རོ། ། ཇི་ཙམ་ན་དེའི་ཆེང་དུ་ཕལ་མོ་ཆེ་དག་སྟ་གོན་བྱེད་དོ།། ཇི་ཙམ་ན་ཁྱིམདེར་དགའ་བོ་དང་། ཉེ་དགའ་བསོད་སྙོམས་ཀྱི་ཕྱིར་ཞུགས་ནས་དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། ངེས ་འདི་སྐད་ཅེས་སྨྲས་སོ། ། བདག་གྲོ་བ་བྲེལ་བ་ཞིག་མཆིས་སོ།། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅི་ཞིག་བྲེལ། དེས་འདི་སྐད་ཅེས་སྨྲས་སོ།། གཡས་ཞར་མཛོད་པ་ལ་བབ་ལགས་སོ།། དེ་གཉིས་ཀྱིས་འདིསྐད་ཅེས་སྨྲས་སོ།། དེ་རིང་ཁོ་བོ་ཅག་གསུང་མོ་རྗོད ་ན་ཁོ་བོ་ཅག་གིས་དེ་རིང་ཁོ་ན་བསོད་སྙོམས་མི་རྙེད་དམ། དེ་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བའི་ཡིད་ཀྱིས་བསོད་སྙོམས་མང་དུ་བྱིན་ནོ།། དེ་གཉིས་ཀྱིས་བསོད་སྙོམས་སྤངས་ནས་དོང་ངོ་།། དེའི་འོག་ཏུ་སྦོམ་དགའ་མོ་དང་། གཙུག་དགའ་མོ་འོངས་ནས་དེ་གཉིས་ཀྱི ་ཀྱང་བསོད་སྙོམས་བླངས་ཏེ་དོང་ངོ་། ། ཇི་ཙམ་ན་རྒྱལ་དང་། ཉེ་རྒྱལ་གྱིས་སྒྲོམ་དགའ་མོ་དང་། གཙུག་དགའ་མོ་ལག་པ་གང་ཞིང་ལྷུང་བཟེད་གད་བ་མཐོང་ངོ་།། མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་གཡས་ཞར་མ་དི་རིང་རྗོད་པ་ལ་བབ་ཀྱིས་དེང་ཤིག་དེ་ནས་རྒྱལ ་དང་ཉེ་རྒྱལ་ཡང་བསོད་སྙོམས་ཀྱི་ཕྱིར་དེ་ཉིད་དུ་དོང་ངོ་། ། དེ་བཞིན་དུ་རྒྱལ་གྲོགས་མ་དང་། རྒྱལ་སྐྱོང་མ་དང་། དེ་བཞིན་དུ་བཟང་མོ་དང་། ཤིན་དུ་བཟང་མོ་དང་། དེ་བཞིན་དུ་མདོས་དགའ་མོ་དང་། རྒྱལ་ལྡན་མ་ཡང་དོད་ནས་ཁྱིམ་དེན་གཡས་ནར་མདི་རིང་རྗོད་པའི་ཆེད་དུ་སྟ་གོན་བྱས་པ ་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་བཅུ་གཉིས་སྡེ་རྣམས་ལ་བྱིན་ནོ། ། ཇི་ཙམ་ན་ཡང་སྟ་གོན་བྱ་བར་བརྩམས་པ་དང་། དེ་ནས་ཆུང་མ་གསོད་པ་དེའི་ནེའུ་ཨུ0f88ུ0f90་ཞིག་ཡོད་པ་དེས་སྨྲས་པ། གཡས་ཞར་མ་ནི་སྐྱོན་མང་པོ་ཅན་ཡིན་ཏེ། དྷེ་སྟེགས་ཤིང་གིས་ཤིང་དང་ནུབ་ཏུ་སྲས་ཅན་ན ་ཡལ་བ་དང་། དགོངས་ཀརི་ནོ་འཐུང་གཡས་ཞར་ལེན། ཞི་བ་ཡང་ནི་གནས་ནས་འཕོ་ཞེས་སྨྲས་ཏེ། དེ་ལྟར་གཡས་ཞར་མདེ་ལེན་པའི་བར་ཆད་བྱས་པར་གྱུར་ཏོ། ཟམ་ཟེ་དང་། ཁྱིམ་བདག་རྣམས་དགེ་སྦྱོང་ཤཱཿའི་སྲས་རྣམས་ཀྱི་དགེ་སྦྱོང་གི་ཚུལ་དང་། ཚངས་པའི་ཚུལ་ནི་ཚིག ་པ་ཡིན་ཏེ། གང་གི་ཕྱིར་བུ་མོ་ན་མིས་ཅད་བྱེད་དོ་ཞེས་བྱ་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་རབ་ཏུ་མང ་པོ་ཁྱིམ་རྣམས་སུ་དོང་བ་ན་དེ་དག་ལ་གལ་ཏེ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་རྣམས་སྐྱོ་བ་འམ། སྡུམ་ཁུར་དག་གིས་ཤིན་དུ་སྟོབས་པར་བྱེད་ལ། འདོད་ན་དགེ་སློང་མ་དེས་ལྷུང་བཟེད་དོ་འམ། གསུམ་བླང་བར་བྱའོ།། དེ་ལས་ལྷག་པར་ལེན་ན་ལྟུང ་བྱེད་དོ། ། ལྷུང་བཟེད་ངོ་འམ། གསུམ་བླངས་ནས་ཁྱིམ་གྱི་ཕྱི་རོལ་ཀུན་དགའི་ར་བར་སོང་ལ་དགེ་སློང་མ་འཁོད་པ་རྣམས་དང་སྒོ་བར་བྱ་སྟེ། དེ་ལ་ཆོ་ག་ནི་དེ་ཡིན་ནོ།། ཡང་དགེ་སློང་མ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཁྱིམ་རྣམས་སུ་དོང་བ་ན་ཞེས་བྱ་བ་ནི་ཐམ་ཐ ་དང་། ཁྱིམ་བདག་གི་ཁྱིམ་རྣམས་སུའོ།། དེ་དག་ལ་གལ་ཏེ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་ཅེས་བྱ་བ་ལ། དད་པ་ཅན་ཞེས་བྱ་བ་ནི་སངས་རྒྱས་ལ་མངོན་པར་དད་པ་དང་། ཆོས་དང་དགེ་འདུན་ལ་མངོན་པར་དད་པ་ཞེས་བྱ་བ་ནས། འབྲས་བུ་ཐོབ་པ་ཞེས་བྱ ་བའ་བིར་གང་ཡིན་པའོ། ། ཤིན་ཏུ་ཞེས་བྱ་བ་ནི་ཆོག་པར་རོ།། སྟོབས་པར་བྱེད་ན་ཞེས་བྱ་བ་ནི་འགྲོན་དུ་གཉེར་ནའོ།། སྐྱོ་མ་ཞེས་བྱ་བ་ནི་ཕྱེའིའོ།། སྣུམ་ཁུར་ཞེས་བྱ་བ་ནི་ཁུར་བའོ།། འདོད་ན་ཞེས་བྱ་བ་ནི་དོན་དུ་གཉེར་ནའོ།། དོ་འམ་གསུམ་ཞེས་བྱ་བ་ལ། དོ་ཞེས་བྱ་བ་ནི་ཆེན ་པོའིའོ། ། གསུམ་ཞེས་བྱ་བ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོའིའོ།། དེ་ལ་ཆེན་པོ་ནི་ཡུལ་མ་ག་དྷའི་ཟེའུ་ཆུང་གང་ངོ་།། ཆུང་ངུ་ནི་བྲེའུ་ཆུང་ཕྱེད་དོ།། དེའི་བར་མ་ནི་བར་མོ།། བླངས་ནས་ཁྱིམ་གྱི་ཕྱི་རོལ་ཀུན་དགའ་ར་བར་སོང་ནས་གཙུག་ལག་ཁང་ན་དགེ་སློང་མ་འཁོད་པ་རྣམས་དང་བགོ་བར ་བྱ་སྟེ་ཞེས་བྱ་བ་ནི་དེ་ན་ཡོད་པའི་དགེ་སློང་མ་དག་དོང་ངོ་། ། དེ་ལས་ལྷག་པར་ཞེས་བྱ་བ་ནི་ལས་འདས་པར་རོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ལྷུང་བཟེད་ཆེན་པོ་གསུམ་བླངས་ན་ལྟུང་བྱེད་དོ།། ཆེན་པོ་གཉིས་དང་། ་བར་མ་གཅིག་བླངས་ན་ལྟུང་བྱེད་དོ།། མ་གཅིག་བླངས་ན་ལྟུང་བྱེད་དོ།། བར་མ་གཉིས་དང་། ཆེན་པོ་གཅིག་ལེན་ན་ལྟུང་བྱེད་དོ།། དགེ་སློང་མས་ཅི་ཙམ་ཅུང་ཟད་ཟེའུ་ཆུང་ངོ་ལས་ལྷག་པར་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་གསུམ་པའི་དང་པོ་རྫོགས་སྷོ།། ་གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་སྦྱིན་ལས་བརྟེན་ཏེ་ཚོགས་ཤིང་ཟ་བ་བཀག་པ་དང་། དེ་ནས་དགེ་སློང་མ་དེ་དག་གིས་གཉི་གའི་བྲན་མོང་ཡིན་ནོ་ཞེས་རྗེས་སྒྲུབ་པར་བྱེད་དོ།། དེ་ནས་བྱིས་ན་པ་བདག་ཏུ་གྱུར་ཏེ་ཟས་གཅིག་གིས་འཚེ་བར ་མ་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ན་བ་དུས་ཡིན་ནོ་ཞེས་བྱས་ཏེ་བཟའ་བར་བྱའོ།། དེ་བཞིན་དུ་ལམ་དུ་ཞུགས་པ་བཀྲེས་ནས་དགེ་བའི་ཕྱོགས་བྱེད་མི་ནུས་པར་གྱུར་ནས་ཞེས་བྱ་བ་ནས། བཟའ་བར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལས་བྱེད་པ་དང་། ་དེ་བཞིན་དུ་གྲུར་ཞུགས་པས་ཀྱང་བཟའ་བར་བྱའོ།། དེ་བཞིན་དུ་མང་པོ་འདུས་པའི་དུས་སུ་རྙེད་པ་བྱུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟའ་བར་བྱའོ།། དེ་བཞིན་དུ་ཀུན་དུ་རྒྱུའམ། ཀུན་དུ་རྒྱུ་མོ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་པ་དེ་ལས་ཀྱང་བཟའ་བར ་བྱ་སྟེ། དགེ་སློང་མ་དག་ཀུན་དུ་རྒྱུ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་པ་ནི་དཀོན་པའི་ཕྱིར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་རྗོད་ནས་འདི་སྐད་ཅེས། ་བཀའ་སྩལ་ཏོ།། དུས་མ་རྟོགས་ཏེ་འདུས་ཤིང་ཟན་ལྟུང་བྱེད་དོ།། དེ་ལ་དུས་ནི་འདི་ཡིན་ཏེ། ནབ་དུས་དང་ལས་དུས་དང་། ལམ་དུས་དང་། གུར་ཞུགས་པ་དང་། འདུས་པ་ཆེན་པོ་དང་། དགེ་སྦྱོང་གི་ཟས་དུས་སོ།། འདུས་ཤིང་ཟ་བ་ཞེས་བྱ་བ་ནི་མི་མཐུན་ཞིང་ཟ་བའོ།། དུས་མ་རྟོགས་ཏེ ་ཞེས་བྱ་བ་ནི་འདི་ལྟར་ཡང་ན་བདག་ཏུ་གྱུར་ལ། ཟས་གཅིག་གིས་འཚེ་བར་མི་ནུས་པ་ལྟ་བུའོ།། ལམ་དུས་ཞེས་བྱ་བ་ནི་ལམ་དུ་ཞུགས་པ་ལ་སྦྱིན་བདག་གིས་བྱིན་པའོ།། གྲུར་ཞུགས་པ་ཞེས་བྱ་བ་ནི་ཟར་འཇུག་པ་ན་སྦྱིན་བདག་གིས་བསོད་སྙོམས་བྱིན་པའོ།། འདུས་པ་ཆེན་པོ་ཞེས ་xxx། xxx ་ལམ་ཐམས་ཀྱིནིང་དུ་འདུ་ཤེས་པས་འདྲེས་ཤི་བས་ན་ལྟུང་བྱེད་དོ། ། དེ་བཞིན་དུ་མེད་གཉིས་ཅན་སུང་བྱེད་དོ།། དགེ་སློང་མ་མཚམས་ཀྱི་ཕྱི་པོ་ལ་མཚམ་ས་ནི་ནང་དུ་འདུ་ཤེས་པས་འདས་ཤིང་བན་པ་ན་ཉེས་བྱས་སོ།། གཉིས་ཅན་ཉེས་བྱས་སོ།། དགེ་སློང་མ ་དབྱར་ཁང་གི་ཁྱམས་དག་ཡོད་ལ། གལ་ཏེ་དགེ་སློང་མ་ཁ་ཅིག་དབྱར་ཁང་དུ་ཐལ། ཁ་ཅིག་བྱམས་དག་ཏུར་ན། དེ་ལ་ནི་དབྱར་འང་ནཔ་བ་གང་ཡིན་པ་དེ་དག་གིས་དག་ཁཟས་ཀྱིས་བསྐུལ་ཏམ་ཞེས་དྲི་བར་བྱའོ།། མདྲི་བ་ཟན་ལྟུང་བྱེད་དུ་འགྱུར་རོ།། བྱམས་རྣམས ་ལ་ནི་ཉེས་བྱས་སུ་འགྱུར་རོ། ། དེ་བཞིན་དུ་གནས་ཁང་དང་། སྒོ་ཁང་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ།། གལ་ཏེ་ཁ་ཟས་ཀྱིས་བཅུལ་ན་ཆུང་ངུན་རིལ་བའི་ཆུའམ། ལན་ཚྭལ་གཟར་གད་ཙམ་ཡང་བསྐུལ་ན་ལྟུང་བ་མེད་དོ།། ལྟུང་བྱེད་གསུམ་པའི་གཉིས་པ་རྗོག་སྷོ། ་གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བཅུ་གཉིས་སྡེ་རྣམས་ལས་བརྟེན་ཏེ་དུས་མ་ཡིན་པའི་ཟས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་རྣམས་དུས་སུ་ཡང་ཟ་བར་བྱེད་པ། དུས་མ་ཡིན་པར་ཡང་ཟ་བར་བྱེད་པ་དང་། དགེ་སློང་མ་རྣམས ་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པའི་ཟས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་བཅའ་བ་མཛད་ཀྱི་དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་སོ།། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དུས་མ་ཡིན་པར་བཟའ་བ་དང་། བཅའ་བ་འཆོས་སམ་ཟོས་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱས་ནི་བཅུ་གཉིས ་སྡེ་དག་གོ། ། དུས་མ་ཡིན་པ་ཞེས་བྱ་བ་ལ་དུས་མ་ཡིན་པ་ནི་གཉིས་ཏེ། དུས་མ་ཡིན་པ་ཕྱེད་ཡོལ་བ་དང་། དུས་མ་ཡིན་པ་སྐྱ་རེང་མ་ཤར་བའོ།། བཅའ་བ་དང་། བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་། བཟའ་བ་ལྔ་པོ་དག་གོ།། འཆོས་སམ། ཟོས་ན་ཞེས་བྱ་བ་ནི་ལྐོག་མར་མིང་ནའོ།། ལྟུང ་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དུས་མ་ཡིན་པ་ལ་དུས་མ་ཡིན་པར་འདུ་ཤེས་ནས་འཆོས་སམ། ཟོས་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་དུས་ལ་དུས་མ་ཡིན་པར་འདྲ་ཤེས་ནས ་བཆོས་སམ། ཟོས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། ལྟུང་བྱེད་གསུམ་པའི་གསུམ་པ་རྫོགས་སྷོ།། །། གླེང་གཞི་ན་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ནག་པོ་འཆར་ཀ་ལས་བརྟེན་ཏེ་སོགས་འཇོག་བྱས་པའི་ཟས་ཀྱི་བསླབ་པའི ་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་བསོད་སྙོམས་ལ་བརྒྱུས་ནས་འབྲས་ཆན་སྐམ་པོ་ཡང་ལོགས་ཤིག་ཏུ་ལེན་པར་བྱེད། འབྲས་ཆན་གཤེར་བ་ཡང་ལོགས་ཤིག་ཏུ་ལེན་པར་བྱེད་ཅིང་། ཇི་སྙེད་ལོངས་སྤྱད་པའི་ལྷག་མ་དེ་དག་སྐེམས་པར་བྱེད་དེ། དེ་དག ་བསྐམས་ནས་འཛེག་པར་བྱེད་དོ། ། གང་གི་ཚེ་རླུང་ལངས་པར་གྱུར་པ་འམ། ཡུལ་ངན་བྱུང་བ་དེའི་ཚེ་དེ་དག་ཆུས་སྤངས་ནས་མེས་བཅོས་ཏེ་ལོངས་སྤྱོད་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དགེ་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏེ།། དེ་ནས་བཅོམ་ལྡན་འདས ་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སོགས་འཇོག་བྱས་པའི་བཅའ་བ་དང་། བཟའ་བ་ཆོས་སམ། ཟོས་ན་ལྟུང་བྱེད་།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བདུ་གཉིས་སྡེ་དག་གོ།། སོགས་འཇོག་བྱས་པ་ཞེས་བྱ ་བལ། སོགས་འཇོག་བྱས་པ་ནི་གཉིས་ཏེ། སྔ་མའི་ཟས་བྱིན་ལེན་བྱས་ཤིང་ཕྱི་མའི་ཟས་སོགས་འདོག་བྱས་པ་འམ། ཕྱིར་འཟས་བྱིན་ལེན་བྱེད་ཅིང་དུས་ཆོད་ལས་འདས་པའི་སོགས་འཇོག་བྱས་པའོ།། བཅའ་བ་དང་འཐའ་བ་ཞེས་བྱ་བ་ནི་སུམ་པའི་ག། ལུང་བར་རོའིས་བྱ ་བའི་བར་གོད་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་སོགས་འཇོག་བྱས་པ་ལ་སོགས་འཇོག་བྱས་པར་འདུ་ཤེས་ན་ལྟུང་བྱེད་དོ།། སོགས་འཇོག་མ་བྱས་པ་ལ་སོགས་འཇོག་བྱས་པར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གནས་ཟན་ཞེས་བྱས ་སོ། ། གོས་ཀྱི་སོག་འཇོག་བྱེད་ན་ལྟུང་བྱེད་དོ།། ལྷུང་བཟེད་ཀྱི་སོགས་འཇོག་བྱེད་ན་ལྟུང་བྱེད་དོ།། བྱམ་བུམ་སོག་འཇོག་བྱེད་ན་ལྟུང་བྱེད་དོ།། སྒོ་ལྕགས་སོགས་འཇོག་བྱེད་ན་ཉེས་བྱས་སོ།། ལྡེ་མིག་སྐྱོག་པོ་སོགས་འཇོག་བྱེད་ན་ཉེས་བྱས་སོ།། སྒོ་ལྕགས་གཟམ་སོགས་འཇོག་བྱེདན ་ཉེས་བྱས་སོ། ། ལུང་བྱེད་གསུམ་པའི་བཞི་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དུང་ཁྲོད་ཐམས་ཅད་པའི་དགེ་སློང་ནག་པོ་ཆེན་པོ་ལ་བརྟེན་ནས་བྱིན་ལེན་བྱ་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་དགེ་སློང་མ་དེ་དག་གིས ་བནི་ལེན་ཇི་ལྟ་བུ་ཡིན་པ་དང་། བྱིན་ལེན་དུ་ཡོད་པ་མ་ཤེས་པར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིན་ལེན་ནི་ལྔ་སྟེ། ལྔ་གང་ཞེ་ན་ལུས་ཀྱིས་ལུས་དང་འབྲེལ་བ་དང་། ལུས་ལ་ལུས ་ཀྱིས་དང་། ལུས་དང་འབྲེལ་བ་ལ་ལུས་དང་འབྲེལ་བ་དང་། ལུས་ལ་ལུས་ཀྱིས་འབྲེལ་བ་དང་། གཞག་པའི་ཆོ་ག་ཉིད་ནི་ལྔ་པ་ཡིན་ནོ།། སྨད་པ་ཞེས་བྱ་བའི་ཡུལ་ཡོད་དེ། དེ་དག་མ་ལ་ཡང་ཉལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནས། དེར་ས་ལ་དཀྱིལ་འཁོར་བྱས་ཏེ་བྱིན་ལེན་བྱའོ།། ་འབྲས་བུ་དག་རྙེད་ན་དེ་དག་གིས་ཇི་ལྟར་བྱིན་ལེན་བྱ་བ་མ་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིན་ལེན་ནི་ལྔ་སྟེ། གཞོན་པ་དང་། ཁྲི་དང་། ཁྲིའུ་དང་། ཐུ་བ་དང་། ལྷུང་བཟེད་ཀྱི་སྣོད་དེ་ལག་པས་རེག་པས་བྱིན་ལེན་བྱའོ།། བྱིན་ལེན་བྱས་པ་དེ་དགའ་བྲེ ་ནགལ་ཉིམ་འདས་པར་ཟིན་ན་དཉིད་བྱིན་ལེན་བྱས་པ་ཡིན་ནོ། ། གལ་ཏེ་རྐྱང་རིང་པོར་གྱུར་ན་ཡང་བྱིན་ལེན་བྱའོ།། དེ་དག་རུང་བར་བྱ་དགོས་ན་རུང་བ་དུ་ཡོད་པམ་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རུང་བ་ནི་ལྔ་སྟེ། ལྔགང་ཞེ་ན། མས་དྲང་བ་དང་། འོན་ཀྱིས་དུ ་པད་། ནེ་ཅོས་རུང་བ་དང་། སེན་མོས་རུང་བ་དང་། རྙིས་པས་རུང་བ་ཉིད་ནི་ལྔ་པའོ།། ཡང་རུང་བ་ནི་ལྔ་སྟེ། གྲུང་པ་དང་། གཤེགས་པ་དང་། བཅད་པ་དང་། ཕྲག་པ་དང་། ས་བོན་གྱི་ཆོས་མེད་པ་ནི་ལྔ་པ་སྟེ། སྔོན་པོ་ལ་ཡང་དེ་ཉིད་ཀྱིས་རུང་བར་བྱས་པ་ཡིན་ནོ།། གྱིས་དེ་དག་ལ ་བྲམ་ཟེ་དང་། ཁྱིམ་བདག་རྣམས་འདྲིམ་པར་འདོད་པ་ན་མ་བྱིན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩས་པ། སྦྱིན་པར་བྱའོ།། དགེ་སློང་མདག་ལམ་དུ་ཞུགས་ནས་དགོན་པའི་གནས་ཞིག་ཏུ་འཁོད་པ་ན་ནགས་ཀྱི་སེང་གེ་དང་། སྤྲེའུ་དང་། དོ་མ་ལ་སོགས་པ་ལས་བྱིན་ལེན་བྱ ་གང་དག་འཛིན་པ་མངན་པ་དེ་དག་ལས་བྱིན་ལེན་ཡང་མ་ནནོ། ། དེ་དག་ལམ་དུ་འགས་པན་བྱུང་དངས་ཤིང་གིས་བངས་པར་གྱུར་བ་ན་པས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སོང་དག་ལ་སྨྲས་སོ།། དགེ་བང་དག་གིས་བཅོམ་ལྡན་དས་ལ་གསོལ་བ་དང་། བཅོས་རྫུན ་འདས་ཀྱིས་བཀ་འཕྲུལ་པ། ཆུ་དངས་ཤིང་མ་གཏོགས་སོ་ཞེས་རྗེས་སུ་གནང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསྒྲུབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོང་བྱད་བསྲུངས་པའི་བསྔགས་པ་འཛད་ན་པ་འདིན་ཅེས ་བཀའ་སྔལ་ཏོ། ། ཡང་དགེ་སློང་མ་གང་ཆུང་དུ་སོ་ཤིང་མ་གཏོགས་ཏེ་མབྱིན་པར་ཁའི་སྒོ་ནས་མེད་པའི་ཟས་ཟན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པ་དག་གོ། མ་བྱིན་པར་ཞེས་བྱ་བ་ནི་དེ་ལ་ལུས་ཀྱང་མབྱིན་པར་གྱུར་པའི། འི་། ཞེས་བྱ་བ་ནི ་བར་བ་བཅའ་བཞེས་བྱ་བ་ན་སྔམ་བཞིན་ནོ། ། ཆུངདངས་ཤིང་མནགས་པར་ཤེས་བྱ་ན་སྲི་དངས་གང་བཞིག་ཏོག།། ལུང་བྱེད་ཞེས་ཀྱ་ན་གདམ་བཞིན་ནོ།། དེ་འསྲུང་བར་དེལ་པ་ཟུང་ན།། དགེ་སང་མས་ཕྱིན་པ་ནས་བྱས་པ་རྩོན་འདམས་པ ་ནས་ཟས་སམ་ཐོས་ན་སྲུང་བྱེད་དོ། ། དེ་བཞིན་དུ་ཡི་གཉིས་ཟན་ལུང་བྱེད་དོ།། དགེ་སློང་ནས་བྱི་ལེན་བྱས་པ་ལ་བྱིན་ལེན་མ་བྱས་པར་འངདུ་ཤེས་ནས་ཐོས་སམ་འཆོས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟན་ཉེས་བྱས་སོ།། བར་སྔོམ་ལ་བྱིན་མེ། ་ལྔལྡ་དང་འབྲས་བུ་དང་། དེ་བཞིན་དང་བ་ལྔ་དང་ནི།། སེང་གེ་སློ་དོམ་དང་ནི།། དེ་བཞིན་གཤེགས་པས་རྫས་གནང་སྟེ།། བར་གྱི་སྡོམ་དུ་བསྡུས་པ་ཡིན།། རླུང་བྱེད་གསུམ་པའི་ལྔ་པ་རྫོགས་སྷོ།། གླེང་གཞིན་གོ་ཤས་པནིའོ།། དར་ཚྭ་རྒྱལ་དང་རྒྱལ་སགཅས ་དང་ཅས་པའི་ཚུལ་སྤྱོད་པ་དང་། དགེ་སློང་མ་དེ་རྣམས་ཀྱིས་སྨྲས་པ། བྲ་ནུ་མོ་དག་སྲོག་ཆགས་དང་བཅས་པའི་ཚུལ་སྤྱོད་པར་མབྱེད་ཀྱི།། དེ་དག་གིས་འདི་སྐད་ཅེས་ཅི་ལོ་མ་ཅག་ལ་བགྲངས་ཏིགཏང་ངམ། ཤར་གྱི་རྒྱ་མཆ་ཆེན་པོར་དང་ནཅི་ཉེས། ལྷོ་དང་། དུབ་དང་། བྱང ་གི་རྒྱམ་ཚོ་ཆེན་པོར་དང་། ཙཉིས་ཞེས་སྨྲས་པ་དང་། དོན་ཟུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མ་ཛདང་། ཡང་དགེ་སློངས ་གང་ཞེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཚུལ་སྤྱོད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་རྒྱལ་དང་། ཧེ་རྒྱལ་ལོ།། སྲོག་ཆགས་དང་བཅས་པའི་ཆུ་ཞེས་བྱ་བ་ལ། སྲོག་ཆགས་ནི་གཉིས་ཏེ། གང་དག་མིག་ལ་མཿསྣང་བ་དང་། གང་དག་ཆུ་ཆག ་གྱིས་ཟིན་པར་འགྱུར་པའོ། ། སྤྱོད་ན་ཞེས་བྱ་བ་ལ་སྤྱོད་པ་ནི་གཉིས་ཏེ། ནད་དང་བྱོའོའོ།། བྱིའི་ནི་ཁྲུས་བྱེད་པ་དང་། ཆག་ཆག་དང་། གོས་ལ་སོགས་པའི་དཀྲུབ་ཤལ་དང་། སྲེ་པ་དང་། འཚོད་པར་བྱེད་པ་དང་། བྱེད་དུ་འཇུག་པ་སྟེ། འདི་ནི་ཕྱིའི་སྤྱོད་པ་གས་བྱའོས་ཤིང་བཅ་པ ་དང་། ང་བ་ཡང་ངོ་།། ལུང་བྱེད་དོ་ཞེས་བྱ་བ་ནི་གོང་མོ་བཞིན་ནོ།། དེ་ལ་ལྡང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་སྲོག་ཆགས་དང་ཅས་པའི་ཚུལ་སྲོག་ཆགས་དང་ཅེས་པའི་ཚུར་འདུ་ཤེས་ནས་གཉིས་པོ་གང་ཡང་རུང་བར་སྤྱོད་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཅན ་བྱེད་དོ། དགེ་སློང་མས་སྲོག་ཆགས་མེད་པའི་ཆུ་ལ་སོག་ཆགས་དང་བཙས་པར་འདུ་ཤེས་ནས་གཉིས་པོ་གང་ཡང་རུང་བར་སྤྱོད་པར་བྱེད་ན་ཉེས་བྱས་སོ།། དེ་བཞིན་དུ་སྲོག་ཆགས་དང་བཅས་པའི་ཡལ་ག་དང་། ལོ་མ་དང་། འབྲས་བུ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ།། ཀུང ་བྱེད་གསུམ་པའི་དྲུག་པ་རྫོགས་སྷོ། ། །། གླང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྤོས་འཚོང་གི་ཁྱེའུ་ཆུང་མ་བླངས་ནས་རིང་པོར་མ་ལོན་པ་ཞིག་ཡོད་པ་དེ་ནུབ་མོ་བསྲུང་བའི་ཕྱིར་ཚོད་ཁང་དུ་འདུག་ནས། དེ་ནང་བར་གྱི་རུས་སུ་ཚོང་ཁང་གི་སློབ་ཅད་དེ་ཁྱིམ་དུ་རྒྱས ་པ་དེ་སྦོམ་དགའ་མོ་སྤྱོད་ཡུལ་དུ་ཞུགས་པས་མཐོང་ངོ་། ། མཐོང་ནས་ཀྱང་ཨེ་མའོ་ཁྱེའུ་དེ་ནི་འདོད་ཆགས་ཀྱི་སེམས་ཀྱིས་ཁྱིམ་དུ་སོང་ངོ་སྙམ་དུ་རིག་ནས་དེ་ནས་དེ་རངས་པར་སོང་སྟེ། ཚེད་པའི་ཁྱེའུ་དེའི་ཁྱིམ་དུ་ཞུགས་ཏེ་སྟན་ལ་འདུག་ནས་བསྡད་ངོ་།། དེ་ནས་ཆོད་པའི་ཁྱེའུ ་ཁྱིམ་དུ་འོངས་ནས་ཆུང་མ་འག་བརྩམས་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། རྗེའི་སྲས་འཕགས་མ་སྡོད་ཅིང་བཞུགས་སོ།། དེ་ནས་ཁྱེའུ་དེས་སྡོམ་དགའ་མོ་མཐོང་ནས་ཤཱཀྱའི་སྲས་ཀྱི་དགེ་སློང་མ་རྣམས་ཀྱི་དགེ་སྟོང་གི་ཚུལ་དང་། ཚངས་པའི་ཚུལ་ཚིག་པ་ཡིན་ཏེ། གང་གི ་ཕྱིར་འདི་ལྟར་རང་གི་ཆུང་མདང་ལྷན་ཅིག་དབེན་པ་ན་འདུག་པའི་སྐབས་ཀྱང་མི་རྙེད་དོ། ། ཞེས་འཕྱ་བར་བྱེད་པ་དང་། དོན་རླུང་འི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅར ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ་སྟན་ལ་འདུག་པར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཉལ་པོ་བྱེད་པར་ཤོམ་པའི་ཞེས་བྱ་བ་ནི་བུད་མེད་ནི་སྐྱེས་པར ་ཉལ་པོ་བྱ་བ་ཡིན་ནོ། ། ཁྱིམ་དུ་ཞེས་བྱ་བ་ནི་ཁྱིམ་བདག་རྣམས་ཀྱི་ཁྱིམ་དུའོ།། ཕྱིས་གནོན་བྱས་ཏེ་ཞེས་བྱ་བ་ནི་འཕྲལ་ལའོ།། འདུག་པར་བྱེད་ན་ཞེས་བྱ་བ་ནི་འདུག་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས ་ཙམ་ཅུད་ཟད་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་རྣམས་སུ་མཐུས་མནན་ཏེ་སྟན་ལ་འདུག་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་གསུམ་པའི་བདུན་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྡེ་དོ་ཤམ་ཐབས་བགོས་ཆོས ་གོས་དང་ལྟུང་བ་མེད་ཐོགས་ཏེ་སྤྱོད་ཡུལ་དུ་ཞུགས་པ་དང་། སྦོམ་དགའ་མོས་ཡང་སྤོས་འཚོང་གི་ཁྱེའུ་དེ་ཁྱིམ་དུ་འགྲོ་བ་མཐོང་ངོ་།། དེ་ནས་སྤོབ་དགའ་མོས་བསམས་པ། བཅོམ་ལྡན་འདས་ཀྱིས་འདྲག་པའི་བསླབ་པའི་བཞི་བཅའ་བ་མཛད་ཀྱིས་མ་ལ་བདག་གིས་སྒོ་རྒྱ་ཏུ ་འགྲེང་ལ་སྡུད་དོ་སྙམ་པ་ནས། སྤོས་འཚེང་གི་ཁྱེའུ་ཡིས་མཐོང་ཏེ་སྨོད་པར་བྱེད་པ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་རྒྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ ་དག་མོའོ། ། ཤེས་བཞིན་དུ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སམ། གཞན་གྱིས་སྨྲས་པར་འགྱུར་བའོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་རྒྱབས་ཡོད་པ་ན་འགྲེང་ན་ཐམས་ཅད་དུ་ལྟུང་བྱེད་། ་འགྱུར་རོ།། གལ་ཏེ་སྐྲག་པར་གྱུར་པ་འམ། བར་ཆད་ཡོད་པ་ཡིན་ན་ལྟུང་བྱེད་དོ།། ལྷུང་བྱེད་གསུམ་པའི་བརྒྱད་པ་རྫོགས་སྷོ།། ། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལས་བརྟེན་ནས་བཅེར་བུ་པ་དང་། གཅེར་བུ་མའི་བསླབ་པའི་གཞི་ཅར་བ་མད ་པ་དེའི་ཚེ་བཅུ་གཉིས་སྡེ་རྣམས་རང་གི་ལག་གིས་བཟའ་བ་དང་། བཅའ་བ་གཅེར་བུ་པ་དང་། གཅེར་བུམ་རྣམས་ལ་སྦྱིན་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས ་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རང་གི་ལག་གིས་བཟའ་བ་དང་། བཅའ་བ་གཅེར་བུ་བ་འམ། གཅེ་བུ་མའམ་ཀུན་ཏུ་རྨྱ་འམ། ཀུན་ཏུ་རྒྱུ་མོ་ལ་སྦྱིན་པར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། གཅེར་བུ་པ་ཞེས་བྱ་བ་ནི ་གོས་མེད་པའོ། ། གཅེར་བུ་མ་ཞེས་བྱ་བ་ཡང་གོས་མེད་པའོ།། དེ་བཞིན་དུ་ཀུན་ཏུརྫྫ་ཞེས་བྱ་བ་ནི་གྲངས་ཅན་ནོ།། ཀུན་དུ་རྒྱུ་མོ་ཡང་དེ་བཞིན་ནོ།། རང་གི་ལག་གིས་ཞེས་བྱ་བ་ནི་ལག་པས་ལག་པར་རོ།། བཟའ་བ་དང་བཅའ་བ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་གོད་མ ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རང་གི་ལག་གིས་བཟའ་བ་དང་། བཅའ་བ་གཅེར་བུ་པ་འམ་ཞེས་བྱ་བ་ནས། ཀུན་དུ་ནུ་མོའི་བར་ལ་སྦྱིན་པར་བྱེད་ན་ལྟུང་བྱེད་དོ།། གལ་ཏེ་པ་དང་མ་ཡིན་ན་ལྟུང་བ་མེད་དོ།། གལ་ཏེན་པར་སོང་བཞིག་དབུལ ་པར་འདོད་ན་ལྟུང་བ་མེད་དོ། ། གལ་ཏེ་སློང་ན་དེ་ལ་འདི་སྐད་ཅེས་སློང་པོར་ས་ལ་ཞོག་ཤིག་ཅེས་བརྗོད་པར་བྱའོ།། གལ་ཏེ་བཞག་ན་སྦྱིན་པར་བྱའོ།། འོན་ཏེ་མ་བཞག་ན་སྦྱིན་པར་མི་བྱའོ།། ལྟུང་བྱེད་གསུམ་པའི་དཀུ་པ་རྫོགས་སྷོ།། །། གླེང་གཞིན་མིཉན་ཡོད་ནའོ།། གང་གི་ཚེ ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལ་བརྟེན་ནས་དམག་ཤམ་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་བཅུ་གཉིས་སྡེ་དེ་དག་དམག་ཤོམ་པ་ལ་བལྟ་བའི་ཕྱིར་དོང་བ་དང་ཞེས་བྱ་བ་ནས། དོན་ཉུད་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དམག་ཤོམ་པ་ལ་བལྟ་བའི་ཕྱིར་འགྲོ་བར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཤོམ་པ ་ཞེས་བྱ་བ་ནི་དམག་ལ་མངོན་པར་དགའ་བའོ། ། དམག་ཅེས་བྱ་བ་ལ་དམག་ནི་བཞི་སྟེ། དམག་ཡན་པ་གཅིག་པ་ཡང་ཡོད། དམག་ཡན་ལག་གཉིས་པ་དང་། ཡན་ལག་གསུམ་པ་དང་། ཡན་ལབཞི་པ་ཡང་ཡོད་དོ།། དམག་ཡན་ལགཅིག་པ་ནི་གླང་པོ་ཆེ་བའིའོ།། ཡན་ལག ་གཉིས་པ་ནི་གླང་པོ་ཆེ་བ་དང་རྟ་པའིའོ། ། ཡན་ལག་གསུམ་པ་ནི་གླང་པོ་ཆེ་བ་དང་། རྟ་བ་དང་། ཤིང་རྟ་བའི་འོ།། ཡན་ལག་བཞི་བའི་ནི་གླང་པོ་ཆེ་བ་དང་། རྟ་བ་དང་ཤིང་རྟ་བ་དང་། དཔུང་བུ་ཆུང་གི་དམག་གོ། བལྟ་བའི་ཕྱིར་ཞེས་བྱ་བ་ནི་བལྟ་བའི་ཕྱིར་རོ།། འགྲོ་ན་ཞེས་བྱ་བ་ནི་འགྲོ་བར ་བྱེད་ནའོ། ། ལྟུར་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྡུད་པར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དམག་ཤོམ་པ་ལ་བལྟ་བའི་ཕྱིར་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། དབྱར་ཁང་ལམ་ཀ་ན་འདུག་ན་ལྟུང་བ་མེད་དོ།། ལྟུང་བྱེད་གསུམ་པའི་བཅུ་པ་རྫོགས ་སྷོ། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་རྒྱལ་པོ་གསལ་རྒྱལ་ལ་རི་འོར་བ་དག་ལོག་པ་དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སོགས་ཏེ་དགེ་བསྙེན་རྣམས་ཀྱང་རྒྱལ་པོས་སྤྲིང་ནས་དེར་དོར་དོ།། དེའི་འོག་ཏུ་དགེ་འདུན་ལ་གསོལ་བ་བཏབ་ནས་དྲུག་སྡེ་རྣམས་དོང་ངོ་།། དེའི་ཚེ ་དྲུན་སྡེ་དེརྣམས་པ་ཞག་གཉིས་ཀྱི་མཐའི་བསླབ་པའི་གཞི་བཅའ་པ་མ་ད་དོ། ། དེ་ནས་དུས་གཞན་ནིགན་བཅུ་གཉིས་སྡེ་རྣམས་དམག་གོམ་པར་གག་གཉིས་ཀྱི་མཐར་གནས་པར་བྱེད་དོ།། གང་གིས་དེ་དག་མང་དུ་གས་པ་དེའི་ཚེ་དགེ་སློང་མ་དེ་རྣམས་ཀྱིས་འདི། ཅེས ་སྨྲས་སོ། ། དགའ་མོ་ཉེ་དགའ་མོ།། སྦོམ་དགའ་མོ་དག་འོངས་པ་ལེགས་སོ་འོངས་པ་ལེགས་སོ།། ཁྱེད་ཅག་གང་ནས་འདིར་འོངས། གང་དུ་གནས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ཅག་དམག་ཤོམ་པ་ལ་ཆོས་འཆད་དུ་དོར་སྟེ། དེ་ཉིད་དུ་གནས་སོ།། དེ་ནས་དགེ་སློང་མ་དེ ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། ། བཅོམ་ལྡན་འདས་ཀྱིས་ཞག་གཉིས་ཀྱི་མཐའ་བསླབ་པའི་གཞི་ཅ་བ་མ་མཛད་དམ། དེ་རྣམས་ཀྱིས་འདི་སྐད་ཅེས་དགེ་སློང་རྣམས་ལ་བཅའ་བ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་རུང་བའི་དགེ་སློང་མ ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བར་དུ་མཛད་དེ། ཡང་དགེ་སློང་མས་དམག་ཤོམ་པ་ལ་ལྟ་དགོས་པའི་རྐྱེན་དེ་ལྟ་བུ་བྱུང་ན་ཞག་གཉིས་ཀྱི་མཐར་དམག་དེའི་ནང་དུ ་དགེ་སློང་མ་དེ་ས་གནས་པར་བྱའོ། ། དེ་ལས་ལྷག་པར་གནས་ན་ལྟུང་བྱེད་དོ།། དགེ་སློང་མས་ཞེས་བྱ་བ་ནས་བཅུ་གཉིས་སྡེ་དག་གོ།། དེ་ལྟ་བུའི་རྐྱེན་བྱུང་ན་ཞེས་བྱ་བ་ནི་དེ་ལྟ་བུའི་རྐྱེན་བྱུང་བ་མ་གཏོགས་པའོ།། ཤོམ་པ་ཞེས་བྱ་བ་ནི་དམག་ལ་མངོན་པར་དཀའ་བའོ།། དམག་ཅེས ་བྱ་བ་ནི་ཞེས་བྱ་བ་ནས་རྣམ་པ་བཞིའོ་ཞེས་བྱ་བའི་བར་རོ། ། ཞག་གཉིས་ཀྱི་མཐར་ཞེས་བྱ་བ་ནི་ཉིན་ཞག་གཉིས་སུའོ།། དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་འདས་པར་རོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ ་ནུད་ཟད་ཞག་གཉིས་ལས་ལྷག་པར་དམག་གི་ནང་དུ་གནས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་གསུམ་པའི་བཅུ་ཅིག་པ་རྫོགས་སོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སྤྲིངས་ནས་ཞེས་བྱ་བ་ནས། ཞག་གཉིས ་ཀྱི་མཐར་ཐུག་པར་དཔག་དེའི་ནང་དུ་གནས་སོ་ཞེས་བྱ་བའི་བར་རོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་གཡུལ་བཤམས་པ་དང་། རྒྱལ་མཚན་གྱི་མཆོག་གི་བསླབ་པའི་གཞི་བཅའ་བ་མཛད་དོ།། དེ་ནས་བཅུ་གཉིས་སྡེ་དེ་དག་ཡང་གཡུལ་བཤམས་པ་དང་། རྒྱལ་མཚན ་གྱི་མཆོག་དང་། དཔུང་གི་མཆོག་གི་ནང་དུ་དོང་བ་དང་། དགེ་སློང་མ་དེ་རྣམས་ཀྱིས་སྨྲས་པ། ཀྱེ་བུ་རུ་མོ་དག་བསླབ་པའི་གཞི་བཅའབ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དག་སློང་རྣམས་ལ་བཅའ་བ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དེ་ན་ཉིད ་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་ལ་བཅའ་བའི་བར་དུ་མཛད་དོ།། ཡང་གལ་ཏེ་དགེ་སློང་མ་དཔག་དེའི་ནང་དུ་ཞག་གཉིས་གནས་པ་ན་གཡུལ་པ་ཤམས་པ ་དང་། རྒྱལ་མཚན་གྱི་མཆོག་དང་། དཔུང་མཆོག་དང་། དབུར་བཀོད་པའི་ཚོགས་ལ་ལྟ་བ་སོ་སོར་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཀོང་པའི་ཚོགས་ལ་ལྟ་བ་ཞེས་བྱ་བ་ལ། བཀོད་པ་ཞེས་བྱ་བ་ནི་གས ་རྟའི་དབྱིབས་ལྟ་བུ་དང་། ནམ་མཁའ་ལྟེ་ག་མེད་བ་མའི་དབྱིབས་ལྟ་བུ་དང་། འབྲུའི་ཁ་ལྟ་བུ་དང་། པད་མའི་དབྱིབས་ལྟ་བུ་དང་། ཟླ་བ་ཁམ་པའི་དབྱིབས་ལྟ་བུའོ།། ཚོགས་ཞེས་བྱ་བ་ནི་དཔུང་གི་མཆོག་དག་གོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོད་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟ ་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ནུང་ཟད་གཡུལ་བཤམས་པའི་ནང་དུ་འགྲོན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་གསུམ་པའི་བཅུ་གཉིས་པ་རྫོགས་སྷོ།། །། སྡོམ་ནི་རྡེག་པ་དང་ནི་འཐལ་མོ་དང་། འཁྲུ་དང་སྲེད་དང་བསོད་པ་སློང་གནས་ངན་ལེན་འཆབ ་ཁྱིམ་དང་མེ། འདུན་པ་རང་ནི་ནུབ་གཉིས་དང་།། བར་ཆད་དང་ནི་ཤེས་བཞིན་དང་།། དགེ་ཚུལ་མ་གཉིས་ཁ་དོག་སྐུར།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་དགེ་སློང་མ་རྣམས་དང་ལྷན་ཅིག་ཐབ་མོ་དང་མཚད་འདྲ་བར་བྱེད་དེ།། བུད་མེད་ནི་རང་བཞིན་གྱིས་ཁྲོ་བ ་ཡིན་པས་དེ་རང་བཞིན་གྱིས་ཁྲོས་པས། ཁྲོས་འཁྲུགས་རྔམ་པར་གྱུར་ནས་དགེ་སློང་མ་རྣམས་ལ་ལྷག་དབྱུག་དང་། ཐལ་ལྕག་གིས་བརྡེག་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་སློང་མ་ལ་རྔག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྲོས་ཞེས་བྱ་བ་ནི་ཀུན་ནས་དབྲིས་པའོ།། འཇམ ་དམ་པར་གྱུར་ཏེ་ཞེས་བྱ་བ་ནི་ལྷག་པར་ཞེན་ནས་སོ། ། ཡིད་མ་རངས་ནས་ཞེས་བྱ་བ་ནི་ཡིད་མི་བདེ་བ་སྐྱེས་པའོ།། དགེ་སློང་མ་ལ་ཞེས་བྱ་བ་ན་ཆོས་འདི་བའོ།། རྡེག་ན་ཞེས་བྱ་བ་ནི་སོར་མོ་ལྔས་རྡེག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ་ཡང་དགེ་སློང་མ་གང་ཁྲོས་ནས་དགེ་སློང་མ་རྣམས་ལ་སོར་མོ་ཅིག་གིས་བརྡེགས་ན་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ་སོར་མོ་ལྔས་བརྡེགས་ན་ལྟུང་བྱེད་ལྔའོ།། དེ་བཞིན་དུ་ལག་པ་དང་། འཛུབ་མོ་དང་། མིག་འོ་དང་། ལྷག་པ་དང་། ལུས་དང་། གྲུ་མོ་དང་། བཛྲ་དང་བྱིན་པ་དང་། རྐང་པ་དང་། ་རྐང་པའི་སཐེ་བོས་བརྡེགས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ་དབྱུག་པ་དང་། གསེགས་དང་། བོད་པ་ལ་སོགས་པས་རྡེགས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ཕྱགས་མས་བརྡེགས་ན་ཕྱགས་མིའི་རྟག་པཇི་སྙེད་པོག་པ་དེ་ཉིད་ཀྱི་ལུང་བྱེད ་ཇི་སྙེད་མ་ཕོག་པ་དེ་སྙེད་ནི་ཉེས་བྱས་སོ། ། དེ་བཞིན་དུ་མོན་སྲན་སྡེའུའི་སྦར་བས་བརྡེགས་ན་མོན་སྲ་ནེ་སྡེའུའི་འབྲུ་ཇི་སྙེད་ལུས་ལ་ཕོག་པ་དེ་སྙེད་ཀྱི་ཕུར་བྱེད་དོ།། ཇི་སྙེད་མ་ཕོག་པ་དེ་སྙེད་ཀྱི་ཉེས་བྱས་སོ།། ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་དབྱེད་བཞི་པའི ་དང་པོ་རྫོགས་སྷོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། བྱུང་བ་སྔ་མ་དེ་ཉིད་ལ་ཁྱད་པར་ནི་འདི་ཡོད་དེ།། དགེ་སློང་མ་དེ་རྣམས་ཁོ་ན་ལ་ཞེས་བྱ་བ་ནས་ཐལ་མོ་གཟས་པ་དང་། ཞེས་བྱ་བའི་བར་རོ།། ཇི་ཙམ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན ་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་སློང་མ་ལ་རྡེག་པར་གཟས་ན་ཐ་ན་ཐལ་མོས་ཀྱང་རུང་ཏེ་ལྟུང་བྱེད་དོ། ང ་དགེ་སློང་མས་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། ། གཞན་ནི་སྔ་མ་བཞིན་ནོ།། ཁྱད་པར་ནི་འདི་ཡོད་དེ། གཟས་ན་ཞེས་བྱ་བ་ནི་གདེངས་ནས་མ་བརྒྱབ་པའོ།། ལྟུང་བྱེད་དོ་ཞེས་བྱ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དེ་ཁོ་ན་བཞིན་དུ་ལྟུང་བ་འ་རིམ། ་པ་བརྗོད་པར་བྱ་སྟེ། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་ལ་གཟས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཞི་པའི་གཉིས་པ་རྫོགས་སྷོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་དགུ་པ། གླེང་གཞི་ནི་མཉན་ཡོད་ནའོ།། ་དེ་ནས་ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་། ཆོས་གོས་བླངས་ནས་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། མཉན་ཡོད་དུ་སོད་སྙོམས་སྦྱང་ནས་སྦེད་མའི་ཁྱིམ་གང་ན་བ་དེར་སོང་བ་དང་། སྦེད་མས་འཆར་ཀ་རྒྱང་རིང་པོ་ཁོ་ན་ནས་འོང་བ ་མཐོང་ངོ་། ། མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ།། འཆར་ཀ་རབ་ཏུ་བྱུང་ན་ང་བདག་གིས་ཅི་དག་བགྱི། དེ་ནས་འཆར་ཀས་སྦེ་དམ་ལ་འདི་སྐད་ཅེས་སྨྲས་སོ།། བྱང་ཆུབ་སེམས་དཔས་བཙུན་མོ་དྲུག་ཁྲི་སྤངས་ཏེ་རབ་ཏུ་བྱུང་ན་ཁྱོད་ཀྱིས་དེ་དག་གི་རྐང་པ་འཁྲུ་བར་ཡང་མི ་ལོམ་ན་དེ་དག་ཅི་བྱེད། དེས་འདི་སྐད་ཅེས་སྨྲས་སོ།། བདག་ཀྱང་རབ་ཏུ་འབྱུང་ལགས་གྲང་། དེ་ནས་འཆར་ཀས་སྦེད་མ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་ལེགས་པར་སྤོས་ཤིག། དེས་ལེགས་སྦས་ནས་འཆར་ཀ་དང་རྒྱལ་པོའི་ཁབ་ཏུ་སོང་སྟེ། དབྱར་གནས་སོ།། ་ནས་སྦེད་མ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་ཉེ་དག་འདི་སྐད་ཅེས་སྨྲས་སོ།། དགོས་པ་ཅི་ཞིག་ལ་འོངས། དེ་ནས་བླདམས་འདི་སྐད་ཅེས་སྨྲས་སོ།། རབ་ཏུ་བྱུང་ངོ་།། ཉེ་དགས་འདི་སྐད་ཅེས་སྨྲས་སོ།། འཆར་ཀ་ནི་ཡུལ་ཀོ་ས་ལའི་སྤུ་གྲི་རྟུལ་བས་ཡུལ་མ་ག་དྷ་ར་སཱུ་གྲིའི་ཕྱིར་སོང་ངོ་།། དེ་ནས་སྐད ་མ་ད་བདག་རབ་ཏུ་ཡང་མ་བྱུང་ལ་ཁྱིམ་ན་གནས་པར་ཡང་མ་གྱུར་ཏོ་སྙམ་དུ་སེམས་ཁོངས་སུ་ཆུད་ཅིང་འདུག་པ་དང་། དགེ་སློང་མ་འཆག་པ་གཞན་ཞིག་གིས་སྦེད་མ་སྐྱེ་དགུ་འ་བདག་མོ་ཆེན་མོ་ལ་གཏང་ནས་ཞེས་བྱ་བ་ནས། རབ་ཏུ་ཕྱུང་ངོ་ཞེས་བྱ་བའི་བར་རོ།། དེ་ནས་འཆར་ཀ་དབྱར་གྱི་ཟླ་བ ་གསུམ་པོ་དག་འདས་ནས་མཉན་ཡོད་དུ་ཕྱིན་པ་དང་། སྦེད་མས་འཆར་ཀ་འོངས་སོ་ཞེས་ཐོས་ནས། དེ་ནས་དགེ་སློང་མ་སྦེད་མ་འཆར་ཀ་གང་ན་བ་དེར་སོང་སྟེ་སོན་པ་དང་གནས་ཁང་གི་སྒོ་ལ་འཛགས་སོ།། དེ་ནས་འཆར་ཀས་འདི་སུ་ཞིག་ཅེས་དྲིས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ། ་བདག་སྦེད་མ་ལགས་སོ།། དེ་ནས་འཆར་ཀས་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་གི་ཆུང་མ་ནང་དུ་ཞུགས་ཤིག། དེས་འདི་སྐད་ཅེས་སྨྲས་སོ།། བདག་ཁྱིམ་བདག་གི་ཆུད་ཟད་མ་ལགས་ཏེ། བདག་རབ་ཏུ་བྱུང་བ་ལགས་སོ།། དེས་ཁྱོད་སུས་གནང་ན་འདི་ལྟར་ཁྱོད་རབ་ཏུ་བྱུང་ཞེས ་སྨྱོས་པ་དང་། དེ་ནས་སྦེད་མས་འཆར་ཀ་ལ་བཟོད་པ་གསོལ་ཏོ།། དེ་ནས་དེའི་འོག་ཏུ་འཆར་ཀས་སྦེད་མ་ལ་ཆོས་བཤད་པར་བརྩམས་པ་དང་། ཇི་ཙམ་ན་ཀུན་དུ་ཆགས་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་བུད་མེད་མཁས་པའི་རང་བཞིན་ཅན་ནི་སྐྱེས་པ་ཆགས་པ་ཤེས་སོ།། ། ་ཞེས་གསུངས་པ་ཡིན་པས་ཇི་ཙམ་ན་འཕྲིགས་ནས་གཅི་བའི་བརྡའ་བྱས་ཏེ་བྲོས་སོ།། འཆར་ཀ་ཡང་རྐང་པའི་སྒྲ་ལ་མཁས་པ་ཡིན་པས་རིག་ནས་ཕྱི་བཞིན་བརྒྱུག་པ་དང་། དེའི་བརྒྱལ་རེག་པས་སྨད་གཡོགས་གཤེར་ཏོ།། སྦེད་མས་འདོད་ཆགས་དང་བྲལ་བར་རིག་ནས་འཆར་ཀ ་གདན་བ་དེར་སོང་སྟེ་ཕྱིན་ནས་སྲད་མས་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ། ། འཕགས་པ་འཆར་ཀ་གལ་ཏེ་བདག་གིས་དེ་ལྟར་མ་བགྱིས་ན་ངེས་པར་འི་སྐོལ་གཉིས་ཀ་དགེ་སྦྱོང་གི་ཚུལ་ལས་ཉམས་པར་འགྱུར་རོ།། ཞེས་དེ་སྐད་སྨྲས་པ་དང་། འཆར་ཀས་སྦེད་མ་ལ་འདི་སྐད ་ཅེས་སྨྲས་སོ། ། སྤད་མ་ལེགས་སོ་ལེགས་སོ།། བཅོམ་ལྡན་འདས་ཀྱིས་གང་བདག་བསྲུང་བ་དེ་ནི་གཞན་སྲུང་བ་ཡིན་ལ། གང་གཞན་སྲུང་བ་དེ་ནི་བདག་སྲུང་བ་ཡིན་ནོ་ཞེས་གསུངས་པ་ནི་ཐོག་ཏུ་བབ་སྟེ། འདི་ལྟར་ཡང་སྦེད་མ་ཁྱོད་ཀྱིས་རང་ཡང་བསྲུངས། ཁོ་བོ་ཡང ་བསྲུངས་སོ། ། དེ་ནས་སྦེད་མས་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ལམ་གྱིས་དུབ་སྟེ་བྱོན་གྱིས་གོས་དག་བདག་ལ་གཏོད་ཅིག་བཀྲུའོ།། དེ་ནས་བྱིན་པ་དང་སྦེད་མས་མཐོང་ནས་འགྱོད་པ་སྐྱེས་ཏེ་བདག་གིས་ནི་བུད་མེད་ཀྱི་མི་བརྟན་པ་བྱས། བདག་གིས་ནི་དགེ་སློང ་གི་མི་བརྟན་པ་དང་། བྲམ་ཟེའི་མི་བརྟན་པ་བྱས་སྟེ། བདག་གི་ལུས་ཀྱི་ཡན་ལག་དེ་འདི་ལྟ་སྟེ། འཆར་ཀས་མ་མཐོང་བ་འམ། མ་རེག་པ་འམ། སུས་ཀྱང་མི་ཤེས་པ་དེ་གང་ཞིག་ཡོད་ཅེས་དེ་ལྟར་སྨྲེ་སྔགས་མང་དུ་བཏོན་ནས་མི་གཙང་བ་རྨའི་ནང་དུ་ཐུགས་སོ།། དེ་ནས་སྤོད ་མས་འཆར་ཀའི་གོས་དག་ཀྲུས་ནས་དགེ་སློང་མའི་དབྱར་ཁང་གང་ན་བ་དེར་སོང་ངོ་། ། དེ་ནས་སྦེད་མ་དུས་གཞན་ཞིག་ན་སེམས་ཅན་དང་ལྡན་པར་གྱུར་ཏོ།། དེ་ནས་དགེ་སློང་མ་རྣམས་ཀྱིས་སྦེད་མའི་ལུས་ཀྱི་གྱུར་པ་དག་མཐོང་ནས་ཞེས་བྱ་བ་ནས་སྐབས་དེ་དགེ་སློང་མ་ནམས ་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་མ་དག་དགེ་སློང་ཉེ་དུ་མ་ཡིན་པའི་གོས་དག་འཁྲུ་བ་དང་། ཁ་དོག་སྒྱུར་བ་དང་། འཆག་པ་ལས ་གྱུར་ཏོ་སྙམ་མོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་ཉེ་དུ་མ་ཡིན་པའི་གོས་རྙིང་པ་འཁྲུ་འམ། ཁ་དོག་སྦྱར་རམ་འཆག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི ་སྦེད་མ་འམ། ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་མ་མེས་དང་། ཕ་མས་བདུན་རྒྱུད་ཚུན་ཆད་ནི་ཉེ་དུ་ཡིན་ནོ།། དགེ་སློང་ཞེས་བྱ་བ་ནི་ཆོས་འདི་བའོ།། རྙིང་པ་དག་ཅེས་བྱ་བ་ནི་དུས་ཆག་གསུམ་པོ་དགུན་དང་། དཔྱིད་དང་དབྱར་གང་ཡང་རུང་བའི་དུས་ཚིག་སུ་ལོངས་སྤྱད་པར་གྱུར ་པའོ། ། གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། འཁྲུ་འམ་ཞེས་བྱ་བ་ནི་ཐ་ན་ཆུ་ལན་ཅིག་ལྡངས་པ་ཡང་ངོ་དོ།། ཁ་སྐར་རམ་ཞེས་བྱ་བ་ནི་ཐ་ན་ཆེན་གྱི་ནང་དུ་ལན་ཅིག་འཇུག་པ་ཡང་ངོ་།། འཆག་ན་ཞེས་བྱ་བ་ནི་ཐ་ན་ལག་མཐིལ་གྱིས་ལན་ཅིག་རྡེ་བས་ན་ཡང་དེ་ལྟུང་བྱེད་དོ་ཞེས། ་བྱ་བ་ནི་གང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཉེ་དུ་མ་ཡིན་པའི་འདུ་ཤེས་ཀྱིས་དགེ་སློང་ཉེ་དུ་མ་ཡིན་པའི་འཁྲུ་ན་ལྟུང་བྱེད་དོ།། ཁ་སྦྱར་ན་ལྟུང་བྱེད་དོ།། འཆག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཉེ་དུ་མ་ཡིན་པ་ལ་ཡིད་གཉིས་ཀྱིས་འཐུན་སྣང ་བྱེད་དོ། ། ཁ་སྤྱད་ན་ལྟུང་བྱེད་དེ།། འཆག་ན་ལྟུང་བྱེད་དེ།། དགེ་སློང་མས་དགེ་སློང་ཉེ་དུ་ལ་ཉེ་དུ་མ་ཡིན་པའི་འདུ་ཤེས་ཀྱིས་འཁུན་ཉེས་བྱས་སོ།། ཁ་སྦྱར་ན་ཉེས་བྱས་སོ།། འཆག་ན་ཉེས་བྱས་སོ།། དེ་བཞིན་དུ་ཉེ་དུ་ལ་ཡིད་གཉིས་ཀྱིས་འཁྲུ་ན་ཉེས་བྱས་སོ།། ཁ་སྐུར་ན་ཉེས་བྱས་སོ།། ་འཆག་ན་ཉེས་བྱས་སོ།། ཕ་དང་རུ་དང་། མང་པོ་དག་གི་ལ་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་གསུམ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་སུ་བདུན་སྡེ་རྣམས་ལ་བརྟན་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སྦེད་པའི་བསླབ་པའི་གཞི་བཅའ་བ་མཛད་པ ་དང་། དེ་ནས་བཅུ་གཉིས་སྡེ་རྣམས་དགོད་པའི་བསམ་པས་དགེ་སློང་མ་རྣམས་ཀྱི་དོན་དག་སྦེང་བར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མི་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་ནས་བསླབ་པ་བཅའ་བའི ་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་གི་འམ། དགེ་སློང་མའི་འག། གེ་སློ་མའི་ང་། གེ་ཚུལ་ལམ།། དགེ་ཚུལ་མའི་ལྷུར་བཟེད་དམ། ཆོས་གོས་སམ་དྲ་བའམ། ཆ་ལུག་གམ། སྐ་རག་སྲེད་དམ། སྦེད་དུ་འཇུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། དགེ ་སློང་དམ། ཞེས་བྱ་བ་ནི་ཆོས་འདི་པའོ།། དགེ་སློང་མ་འམ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་མའོ།། དགེ་སློང་མ་ཞེས་བྱ་བ་ནི་དགེ་སློང་མའི་བསླབ་པ་ལ་སློབ་པ་ཡིན་པའོ།། དགེ་ཚུལ་ཞེས་བྱ་བ་ནི་གཞོན་ནུའོ།། དགེ་ཚུལ་མ་ཞེས་བྱ་བ་ནི་གཞོན་ནུ་མའོ།། ལྷུང་བཟེད་དམ། ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་ལ་སོགས་པ་སྟེ། ཐ་ན་སྣོད་གཅིག་ཤོས་ཀྱང་ཡིན་ནོ།། ཆོས་གོས་སམ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། དྲ་བའམ་ཞེས་བྱ་བ་ནི་དྲ་བ་ཉིད་དོ།། ཆུ་ཁུག་གམ་ཞེས་བྱ་བ་ནི་ལན་ཚྭའི་སྣོད་དོ།། སྐ་རགས་ཤེས་བྱ་བ་ནི་ལྷག་པོད་དཔ། ཧ་ཅང ་གང་ཡང་རུང་བ་སྟེ། དགེ་སློང་མའི་འཚོ་བའི་ཡོ་བྱད་ཅི་ཡང་རུང་གང་སྦས་ན་རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ལྟུང་བྱེད་དོ།། རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ཞེས་བྱ་བ་ནི་རྟེན་དེ་ལྟ་བུ་བཞག་སྟེའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན་དགེ་སློང་མས་ཇི་ཙམ་ཅུང ་ཟད་དགེ་སྦྱོང་གིའི་ཚོ་བའི་ཡོ་བྱད་སྦེད་ན་རྐྱེན་མ་གཏོགས་ཏེ་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཞི་པའི་བཞི་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལས་བརྟེན་ནས་ཁ་ཟས་བསོད་པའི་དགག་པ་མཛད་ནས་ནང་བ་ལ་ནི་རྗེས ་སུ་གནང་། ། དེ་ནས་བཅུ་གཉིས་སྡེ་དེ་དག་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་རྣམས་སུ་ཁ་ཟས་བསོད་པ་བསླངས་ནས་ན་བ་ཡང་ལོངས་སྤྱོད་པར་བྱེད། མིན་པ་ཡང་ལོངས་སྤྱོད་པར་བྱེད་པ་དང་། དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་དེ་དག་གིས་ནིའི་དསྐད་ཅེས་བསླབ་པའི་བཞི་དེ་འི་དགེ་སློང ་རྣམས་ལ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ།། ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏེ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསློབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མ ་ན་བ་རྣམས་ལ་ཁ་ཟས་བསོད་པ་རྗེས་སུ་གནང་བ་གང་ཡིན་པ་དེ་དག་ནི་འདི་ལྟ་སྟེ། འོ་མ་དང་ཞོ་དང་། མར་སར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་མོ།། ཡང་དགེ་སློང་མ་གང་མིན་ན་བདག་ཉིད་ཀྱི་ཆེད་དུ་བཅའ་བ་དང་། བཟའ་བ་དེ་ལྟ་བུ་གཞན་གྱི་ཁྱིམ་བ་གནས་བསླངས་ཏེ་འཆའ་འམ་ཟ་ན་ལྟུང ་བྱེད་དོ། ། གང་ཡིན་པ་དེ་དག་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ།། ནད་པ་རྣམས་ཀྱི་ཞེས་བྱ་བ་ནི་ནད་ཀྱིས་ཐབས་པ་རྣམས་ཀྱིའོ།། དགེ་སློང་མ་རྣམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མ་རྣམས ་སོ། ། བསོད་པ་ཞེས་བྱ་བ་ནི་ཞིམ་པོའོ།། བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའོ།། འོ་མ་ཞེས་བྱ་བ་ནི་འོ་མ་ཉིད་དོ།། ཞོ་ཞེས་བྱ་བ་ནི་ཞོ་ཉིད་དོ།། མར་ས་ར་ཞེས་བྱ་བ་ནི་མར་རོ།། ཤ་ཞེས་བྱ་བ་ནི་ཤ་ཉིད་དོ།། ཉ་ཞེས་བྱ་བ་ནི་ཉ་ཉིད་དོ།། ཤ་སྐམ་ཞེས་བྱ་བ་ནི་ཤ་སྐར་པའོ།། ་འདི་ལྟར་ཁྱིམ་བདག་ནས་སློང་ན་ཞེས་བྱ་བ་ནི་རང་གིས་སོ།། སྲོད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ཟོས་སམ་འཆོས་ན་ཞེས་བྱ་བ་ནི་ལྐོག་མར་ཁམ་གྱིས་མིང་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། མིན་པར་སློང་ཞིང་མིན་པར་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། ཟ་བ་ན་ལྟུང་བྱེད་དོ།། ་ན་བར་སློང་ཞིང་ན་བ་ན་ཟ་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། ཟ་བ་ན་ལྟུང་བ་མེད་དེ།། དེ་བཞིན་དུ་ན་བ་ན་བསླངས་ལ་མིན་པ་ན་ཟན་སློང་བ་དེ་ལ་ལྟུང་བ་མེད་དེ།། ཟ་བ་ནི་ལྟུང་བྱེད་དེ།། དེ་བཞིན་དྲན་པ་ན་སློང་ཞིང་ན་བར་ཟན་གཉི་ག་ལ་ལྟུང་བ་མེད་དོ།། ལྟུར་བྱེད་བཞི་པའི་ལྔ་པ་རྫོགས་སྷོ།། གླེང ་གཞི་ནི་མཉན་ཡོད་ནའོ། ། དེ་ནས་བཅུ་གཉིས་སྡེ་རྣམས་གནས་ངན་ལེན་གྱི་ལྟུང་བ་བྱུང་ནས་ཕན་ཚུན་འཐབ་པར་བྱེད་ཅིང་། དེ་དག་འཐབ་པ་དང་། འཚང་འདྲུ་བར་བྱེད་ཅིང་ཕན་ཚུན་དུ་གཞི་དེས་གླེང་བར་བྱེད་པ་དེ་དག་དོན་ཉུང་བའི་དགེ་སློང་མ་རྣམས་ཀྱིས་ཐོས་ནས་སྨོད་པར་བྱེད། ་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དགེ་སློང་མིའི་གནས་ངན་ལེན་གྱི་ལྟུང་བ་འཆབ་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། གནས་ངན་ལེན་ཞེས་བྱ་བ་ནི་གནས་ངན་ལེན་གཉིས་ཏེ། ཕས་ཕམ་པར་གྱུར་པས་ཀུན་ནས་བསླངས་པ་དང་། དགེ་འདུན་ལྷག་མས་ཀུན་ནས་བསླད་པའོ།། འཆབ་ན་ཞེས་བྱ་བ་ནི་གཞན་ལ་མི་སྨྲའོ།། ལྟུད་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན ་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་ལ་ཕས་ཕམ་པར་འགྱུར་བས་ཀུན་ནས་བསླང་བའི་ལྟུང་བ་བྱུང་བ་མཐོང་ལ་དེའི་དེ་བཅབ་པར་སེམས་བསྐྱེད་ན་ལྟུང་བྱེད་དོ།། དེ་བཞིན་དུ་དགེ་འདུན་ལྷག་མ་དང་། དེ་བཞིན་དུ་ལྟུང་བྱེད་དང་། སོ་སོར་བཤགས། ་པར་བྱ་བ་དང་། ཉེས་བྱས་ལ་ནི་ཉེས་བྱས་སོ།། གལ་ཏེ་ཐབ་མོར་གྱུར་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པ་འདྲུག་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་བསམས་པ། ཚེམ་བུ་པ་ལྷུང་བཟེད་ནག་པོ་ཅན་འདི་དག་གིས་ཁོ་བོ་ཅག་དགེ ་སློང་མ་རྣམས་ཀྱི་མདུན་དུ་ཐོ་བརྩམས་ན། ཁོ་མོ་ཅག་གིས་འདི་དག་ལ་གནོད་པ་ཅི་ཞིག་བྱ་སྙམ་མོ།། དེ་ནས་སྦོམ་དགའ་མོ་དང་། གཙུག་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ལན་དུ་ཐོ་བརྩམས་པར་བྱ་བ་ལྟ་སླའོ་ཞེས་དེ་དག་གིས་དགེ་སློང་མ་རྒན་མོ་ཆེན་མོ་རྣམས་དང་། སུམ་མདོ་དང ་བཞི་མདོ་རྣམས་སུ་འགྲོན་དུ་བོས་ནས། ཇི་སྲིད་ཀྱི་ཟན་འཆང་བ་དེ་སྲིད་འཁྱམ་དུ་བཅུག་གོ།། བཅུ་གཉིས་སྡེ་རྣམས་ཀྱིས་ནི་གཉིས་ཤིང་བསྡད་ནས་བྲམ་ཟེ་ཁྱིམ་བདག་གི་ཁྱིམ་རྣམས་སུ་སོང་སྟེ། བསོད་སྙོམས་ཟོས་སོ།། དེ་ནས་དགེ་སློང་མ་རྒན་ཡོན་མོ་དགར་བྲ ་དུ་འོངས་ནས་འཁྲེས་ཏེ་འདུག་པ་དང་། དེ་དག་གི་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་སྨྲས་པ། འཕགས་མ་དག་གལ་ཏེ་ཟས་གཞན་གྱི་ལགས་ཤེས་ཏེ། ལྟོ་ཡང་གཞན་གྱི་ལགས་སམ་ཅི། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། དི་རིང་སུས་ཟོས་པ་ཡིན་གྲང་། དེ ་ངག་གིས་འདི་སྐད་ཅེས་བཤོས་མ་བཀུ་མ་གྲང་ཞེས་སྨྲས་པ་དང་། དེ་དག་གིས་སྐབས་དེ་དགེ་སློང་མ་རྣམས་ལ་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མས་གང་ཝན་ཀ་ཚོལ་བས་ཅི་ནས་ཀྱང་དགེ་སློང་མ་འདི་ལ་ཀླན་ཀ་ཚོལ་བར་འགྱུར་རོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་སྟེ། དགེ་སློང་མ་ལ་འདི་སྐད་ཅེས་འཕགས་མ་ཁྱོད་ཚུར་ཁྱིམ་དག་ཏུ་བཞུད་ངོ་།། དེར་ཁྱོད་བཟའ་བ་བསོད་པ ་དག་ཇི་ཙབ་འདོད་པ་སྦྱིན་དུ་བཞུག་གོ། ། ཞེས་སྨྲས་ནས་དེས་དེ་ལ་བཟའ་བ་དང་། བཅའ་བ་བསོད་པ་དག་ཇི་ཙམ་འདོད་པར་སྦྱིན་དུ་མ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས་འཕགས་མ་ཁྱོད་དང་ཁོ་མོ་ལྷན་ཅིག་སྨྲ་བ་འམ་འདུག་པ་བདེ་བ་མ་ཡིན་ནོ།། དེ་ལྟ་མོད་ཀྱི་ཁོ་མོ་ཅིག་པུ་སྨྲ་འམ ་འདུག་ན་བ་དེ་ཁྱོད་སོང་ཤིག་ཅེས་ཟེར་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། དགེ་སློང་མལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་མ་ལའོ།། འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨྲནའོ།། ཆུར་ཁྱི་མ་དག་ཏུ་བཞུད་དང་ཞེས་བྱ་བ་ནི་བྲམ་ཟེ་དང་། ཁྱིམ་བདག ་གི་ཥྛི་ས་རྣམས་སུའོ། ། དེར་ཁྱོད་ལ་བཟའ་བ་དང་བཅའ་བ་བསོད་པ་དག་སྦྱིན་དུ་བཅུག་གོ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་། བཟའ་བ་ལྔའོ།། དེ་ཙམ་འདོད་པར་ཞེས་བྱ་བ་ནི་ཇི་ཙམ་ཐ་འདོད་པའོ།། དེས་དེ་ལ་སྦྱིན་དུམ་བཅུག་པར་འདི་སྐད་ཅེས་ཁྱོད་དང་ཁོ་མོ་ལྷན་ཅིག་བ་བ་མ་ཡིན་ནོ་ཞེས་བྱ། ་བ་ནི་ཁྱོད་དང་ལྷན་ཅིག་དགའ་བ་མ་ཡིན་པའོ།། སྨྲའམ་ཞེས་བྱ་བ་ནི་ཚིག་གོ།། འདུག་པའམ་ཞེས་བྱ་བ་ནི་འཁོད་པའོ།། ལན་ཀ་ཚོལ་བ་ཞེས་བྱ་བ་ནི་ཐོ་མ་པའི་གླགས་ཚོལ་བའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ ་ཅུང་ཟད་ཀླན་ཀ་ཚོལ་བས་དེ་སྐད་ཅེས་སྨྲས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་སྨན་པའི་ལུང་ཡོད་པ་འམ། དེ་ལ་རྟེན་ནས་དགེ་འདུན་གྱི་ཟན་བཅད་པར་གྱུར་ན་མི་རུང་བ་ཞིག་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་བདུན་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལ་བརྟེན་ཏེ་བླ་གབ་མེད་པར་མ་འབྲད་པའི་བསླབ་པའི་གཞི་བཅའ་བ་མཛད་ལ། དེ་ཡང་ནད་པ་རྣམས་ལ་བརྟེན་ནས་ནི་རྗེས་སུ་གནང་བ་དེའི་ཚེ་བཅུ་གཉིས་སྡེ་རྣམས་རང་གི་ལག་གིས་མེ་སྤོར་བར་བྱེད། སྤོར་དུ་འཇུག་པར་བྱེད་པ། ་བྱཿ། དང་། ཇི་ཙམ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་ཡང་དགེ་སློང་མག་མན་པར་བདག་ཉིད་ཀྱི་ཕྱིར ་ཟད་པ་འདོད་ནས་མ་སྟོར་རམ། སྔར་དུ་འཇུག་ན་ལུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། མིན་པར་ཞེས་བྱ་བ་ནི་ནད་པ་མ་གཏོགས་པའོ།། བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་རང་གི་ཆེད་དུའོ།། མེ་སྤོར་རམ་ཞེས་བྱ་བ་ནི་མི་འབད་པ་ལ། བདག་ཉིད ་ཀྱིས་ཞེས་བྱ་བ་ནི་རངགས་སོ། ། སླར་དུ་འདུག་ན་ཞེས་བྱ་བ་ནི་གཞན་ནོ།། དེ་ལ་ལུང་བར་དེ་ལྟར་འགྱུར་ཞེ་ན། དགེ་སློང་མས་དག་ས་ལེན་ཏམ། ཇིའི་ཆེད་དུ་མེས་བགེངས་པར་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ།། བྱིན་གྱིས་མ་བ.རབས་ན་སྲུང་བྱེད་དོ།། དེ་བཞིན་དུ་དྲི་དག ་དྲིའི་ཆེད་དུ་སྡུགས་ན་ཡང་སངས་རྒྱས་ཀྱི་ཆེད་ཡིན་ནོ་ཞེས་དང་བྱིན་གྱིས་བརླབས་པར་བྱའོ། ། བྱིན་གྱིས་མ་བརླབས་ན་ལྟུང་བྱེད་དོ།། དེ་བཞིན་དུ་མཁན་པོའི་ཕྱིར་ཡང་བྱིན་གྱིས་མ་བརླབས་ན་ལུང་བྱེད་དོ།། དེ་བཞིན་དུ་དགེ་འདུན་གྱི་ཕྱིར་མེ་སྦར་ན་ལྷུར་ཅི་ཙམ་དགོས་པ་མ་རྫོགས ་ཀྱི་བར་དུ་དུས་རང་བར་བྱིན་གྱིས་བརྡབ་པར་བྱའོ། ། བྱིན་གྱིས་ཚེ་བ་ན་དེ་སྟན་ལེགས། གས་ཏེ་བྱིན་གྱིས་མི་ཐོ་བ་ན་ལྟུང་བྱེད་དོ།། ཤིང་རེ་རིནས་འདུག་ན་ཡང་དུས་བྱིན་གྱིས་བརླབ་པར་བྱའོ།། བྱིན་གྱིས་དྲབ་ན་ལེགས། གལ་ཏེ་ཁྱོན་གྱིས་མི་ད་བ་ན་སྤང་བྱེད་དོ།། དེ་བཞིན་དུམ ་འཐོར་བར་བྱེད་ངམ་སྲུང་བར་བྱེད་ན་ཡང་ལྟུང་བྱེད་དོ། ། དགེ་སློང་མས་འགལ་མེ་བླངས་ཏེ་འགལ་མེའི་འཁོར་ལོ་སྐོར་བར་བྱེད་ན་ལྟུང་བྱེད་དོ།། ཞེས་བྱ་བ་ནས་དེ་བཞིན་དུ་མངག་ལེ་ལར་མོ་འདྲི་བར་བྱེད་ར་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་མདག་མེ་ལེན་ནགལ་ཏེ། ་དུས་བྱིན་གྱིས་རློ་ན་དེ་ལྡན་ལགས། གལ་ཏམ་བྱེད་ན་ཉེས་བྱས་སོ།། གལ་ཏེ་ནད་པར་ཕྱིར་ཐ་གབ་མེད་པར་སྣོང་དུ་བཅོ་བ་འཚད་དམ། དེ་བཞིན་དུ་ཚོན་ཅི་ལས་དང་། ལྷུང་བཟེད་ཀྱི་ལས་བྱེད་པ་སྟེ། ཐམས་ཅད་དུ་དུས་བྱིན་གྱིས་བཏབས་ན་ལུང་བ་མ་དང་། ལུང་བྱེད ་བཞི་པའི་བབྱད་པ་རྫོགས་སྷོ། ། ། གླང་གཞོན་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བཅུ་བདུན་སྡེ་རྣམས་ལ་ཉེན་ནས་དགེ་འདུན་གྱི་བྱབ་ཆོས་དང་ལྡན་པའི་བསླབ་པའི་གཞི་བཅའ་བ་མ་དད་པ་དེའི་ཚེ་རང་བཞིན་དུ་གནས་པའི་དག་སློང་མ་རྣམས་དགེ ་འདུན་གྱི་བྱབ་ཆོས་དང་ལྡན་པ་དགེ་འདུན་གྱིས་བྱེད་དོ། ། དེའི་ཚེ་བཅུ་གཉིས་སྡེ་དེ་རྣམས་ཀྱིས་དགེ་འདུན་གྱི་བྱེ་བ་ཆོས་དང་ལྡན་པའི་ལ་འདུན་པ་བྱིད་ཟིན་ནས་མི་སྦྱིན་ནོ།། ཉེས་པར་བྱིན་ནོ།། མི་མཐུན་པས་བྱས་ཀྱི། འཐུན་པས་མ་ཡིན་ནོ་ཞེས་སྨྲ་བ་ན་དོན་ཉུང་བལ ་དགེ་སློང་མ་དག་སྨད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་འདུན་པ་བྱིན་ནས་དེའི ་འོག་ཏུ་སྤོང་བའི་ཆོས་སུ་བྱེད་ཅིང་། དགེ་སློང་མ་འདུན་པ་ཕྱིར་བྱིན་ཅིག་ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། དགེ་འདུན་གྱི་བྱེ་བ་ཆོས་དང་ལྡན་པ་ལ་ཞེས་བྱ་བ་ནི་དགེ་འདུན་གྱི་ཆོས་དང་ལྡན་པའི་དགེ ་འདུན་གྱི་བྱ་བ་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་དག་གོ། འདུན་པ་བྱིན་ནས་ཞེས་བྱ་བ་ནི་བློ་གྲོས་དག་བྱིན་ནས་སོ།། དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞནའོ།། སྤོང་བའི་ཆོས་བུ་བྱེད་ཅིང་ཞེས་བྱ་བ་ན་འདི་སྐད་ཅེས་ཁོ་མོས་འདུ ་པ་མ་བྱིན་ནོ་ཞེས་སྨྲ་བའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ན་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་འདུན་པ་བྱིན་ནས་སྤོང་བའི་ཆོས་སུ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་བདེན ་པ་ཉིད་དམ། ཉེས་པར་བྱིན་པ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་དགུ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྒན་ཞུགས་ཤིག་ལ་རྟེན་ནས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཐམས་ཅད་ཏུ་གནས་པར་མི་བྱའོ།། གནས ་ན་ལྟུང་བྱེད་དོ། ། ཡང་དགེ་ཚུལ་སྐྲག་ཅན་ཟིན་ལ་བརྟེན་ནས་ནུབ་གཉིས་ཚུན་ཆད་རྗེས་སུ་གནང་དོ།། དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་འདི་སྐད་ཅེས་གང་དུ་ནུབ་གཉིས་ཡིན་པ་ལ་ནི་གསུམ་དུ་འགྱུར་འདོད་ཅིག། གང་དུ་གསུམ་ཡིན་པ་དེ་ལ་ནི་བཞིར་འགྱུར་འདོད་ཅིག་ཅེས་སྨྲ་བའི་སྐབས ་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་པར་མི་བྱའོ།། གནས་ན་ལྟུང་བྱེད་དོ།། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་དགེ་ཚུལ་མ་དག་དགེ་ཚུལ་གྱི་ཀུན་དགའ་ར་བའི་ཕྱི་རོལ་དུ་བྱུང་བ་ན་དེ་དག་མོ་སྦེད་ཅིང ་བསྲུངས་པར་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཀུན་དགའ་ར་བའི་ཕྱི་རོལ་དུ་དབྱུང་བར་མི་བྱའོ།། དེ་ལྟ་མོད་ཀྱི་གཞི་སྤང་བར་བྱའོ།། དེ་ལྟར་བྱས་པ་དང་། དགེ་སློང་མ་ཞིག་གིས་དགེ ་ཚུལ་མ་ནད་པ་ཞིག་ཡོད་པ་དེ་ལ་ཁ་ཟས་ཙམ་བྱིན་ནས་བདག་གི་ལག་པས་བྱིན་ལན་མ་བྱས་པར་མ་གྱུར་གྲང་ཞེས་སླར་ཡང་རེག་པར་མི་བྱེད་པ་དང་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་ལག་གིས་བསྟོད་པར་བྱ་སྟེ་དེ་ལ་འགྱོད་པར་མི་བྱའོ།། དེ་ནས ་དགེ་ཚུལ་མ་ནད་པ་དེ་དག་ཟས་ཀྱི་དུས་སུ་འདུག་པས་དུབ་པར་གྱུར་པ་ན་དགེ་སློང་མ་དེ་དག་སྟོན་པར་མི་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་ཅིག་ཏུ་བར་སོང་བར་བརྟན་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ།། དེ་ནས་ཡང་ནུབ་མེར་གྱུར་པ་ན་དགེ་ཚུལ་མ་དེ་དག་བོར ་ཏེ་དོང་བ་དང་། ནད་པ་དེ་ཡང་ནུབ་མོ་སྐོམ་སློང་བ་དང་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཁོ་ནར་ལྷན་ཅིག་གནས་པར་བྱ་སྟེ་དེ་ལ་འགྱོད་པར་མི་བྱའོ།། དེ་བཞིན་དུ་དགེ་སློང་མནན་ཡང་དེར་དགེ་ཚུལ་མ་འམ། ནད་གཡོག་དག་གནས་པར་བྱ་ཞིང་སྡང་བ་དང་ཅེས ་པར་ཡང་གནས་པར་བྱ་སྟེ་དེ་ལ་འགྱོད་པར་མི་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་བསླབ་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་གསུངས་ནས་སྔ་མ་ནི་བཅས་པའོ།། འདི་ནི་རྗེས་སུ་གནང་བ་སྟེ། ཉན་ཐོས་མ་རྣམས ་ཀྱིས་ཡང་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་འདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་བསྙེན་པར་མ་རྫོགས་པ་དང་། ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་ཅིག་ཏུ་ཉལ་བར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། བསྙེན་པར་མ་རྫོགས་པ་དང ་ཞེས་བྱ་བ་ལ་བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་དགེ་སློང་མའོ།། ལྷག་མ་ནི་བསྙེན་པར་མ་རྫོགས་པའོ།། ནུབ་གཉིས་ལས་ལྷག་པར་ཞེས་བྱ་བ་ནི་ནུབ་གཉིས་འདས་པར་རོ།། གནས་ཅག་ཏུ་ཉལ་བར་བྱེད་ན་ཞེས་བྱ་བ་ལ། གནས་བཞི་པོ་དག་ཏུ་ཉལ་བར་བྱེད་པ་སྟེ། ཐམས ་ཅད་དུ་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཐམས་ཅད་གཡོགས་ཤིང་ཕལ་ཆེར་མ་སྐོར་བ་དང་། ཐམས་ཅད་ངལ་ཆེར་གཡོགས་ཤིང་བལ་ཆེར་མ་སྐོར་བ་དང་། ཐམས་ཅད་པལ་ཆེར་གཡོགས་ཤིང་པལ་ཆེར་བསྐོར་བའོ།། ཐམས་ཅད་གཡོགས་ཤིང་ཐམས་ཅད་བསོར་བ ་ནི་གནས་ཁང་དམ། འཁོར་གྱི་བྱམས་སམ། ཁང་པ་རྩེག་མ་དག་གོ།། ཐམས་ཅད་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་ནི་ཁྱམས་ཟླུམ་པོ་འམ། རིམ་གྲོའི་གནས་དག་གོ།། ཐམས་ཅད་ཕལ་ཆེར་མ་གཡོགས་ཤིང་ཕལ་ཆེར་མ་སྐོར་བ་ན་ཁྱིམས་དོས་གསུམ་པའོ། ལ ་ཆེར་མ་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་ན་ཁྱམས་དོས་བཞི་པའོ། ། སྐྱ་རེང་ཤར་ན་ཞེས་བྱ་བ་ནི་སྐྱ་རེད་གསུམ་པོ་སྐྱ་རེང་དང་པོ་འམ། བར་མ་འམ། ཐ་མ་གང་ཡང་རུང་བ་ཤར་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང ་མས་ཛ་ཙམ་ཅུང་ཟད་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་འདས་ཏེ་ནུབ་གསུམ་པར་གནས་ཅིག་ཏུ་ཉལ་བར་བྱེད་ན་ཐམས་ཅད་དུ་ལྷུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཞི་པའི་བཅུ་པོ་རྫོགས་སྷོ།། །། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། དའ་ཆེ་དགེ་སློང་མ་འཚ་ལྟས་ལ ་སྡིག་པ་ཅན་གྱི་ལྟ་བར་སོང་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་ཟེར་བའི ་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་སློང་མ་འཆི་ལྟས་ལ་བཞམས་སྟེ་བསྒོ་ཤིག། དེ་ལ་བཞམས་ཏེ་སྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་བདེན་གྱི། ་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་སློང་མ་འཆི་ལྟས་ལ་གསོལ་བ་དང་གཞིའི་ལས་ཀྱིས་སྒོ་བར ་བྱའོ། ། ན་འདི་ལྟར་བྱ་སྟེ་གནས་མལ་བཤམས་པ་བྱས་ཏེ་ཞེས་བྱ་བ་ནས། དགེ་སློང་མ་ཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ་ཞེས་བྱ་བའི་བར་རོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆ་ལྟས ་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་སྟེན་ཀྱང་བར་དུ་གཅོད་པ་མི་འགྱུར་བ་དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱི་ཆོས་སྙན་པ་ཤེས་སོ།། ། ་ཞེས་མཆི་བ་དེ་ལ་དགེ་སློང་མ་མང་པོས་བཞམས་ཏེཏོ་བསྒོ་སྟེ། དེ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས། གལ་ཏེ་འཕགས་མའི་དགེ ་བདུན་གྱི་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་འཆི་སྟེ་ས་ལ་གསོལ་པ་དང་བཞིའི་ལས་ཀྱ་བསྒོ་བ་མཛད་དོ།། འདི་ནི་གསོལ་པའོ།། དེ་བཞིན་དུ་ལས་ཀྱང་ལན་གསུམ་གྱི་བར་དུ་བྱའོ།། དེ་ལ ་གསོལ་པ་བཞིའི་ལས་ཀྱིས་བསྒོབ་ན་འདི་སྐད་ཅེས་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་སྨྲ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ ་གཏོང་དུ་མི་ཐུབ་པ་དང་། གཞན་ཡང་དེ་ལྟ་བུ་དང་འཐུན་པ་སུ་ཡང་རུང་བ་ལ་གནས་ནས་དབྱུང་བའི་ལས་བྱོས་ཤིག། ལས་ནི་འདི་ལྟར་བྱ་སྟེ་གནས་མལ་བཤམས་པ་བྱས་ལ་ཞེས་བྱ་བ་ནས། དགེ་སློང་མ་ཅིག་གིས་གསོལ་བ་བྱ་སྟེ་ལས་བྱའོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི ་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སད་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱི་ཆོས་བསྟན་པ་ཤེས་སོ་མཆི་ལགས་ཀྱིས་གལ་ཏེ། འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྷ ་བར་སོད་པ་དེ་གཏོང་དུ་མི་བཏུབ་པ་ལ་གནས་ནས་བྱུང་བའི་ལས་མཛད་དེ། ཇི་སྲིད་དུ་དགེ་སློང་མ་འཆི་བལྟས་སྡིག་པ་ཅན་གྱི་ལྟེ་བར་སོང་བ་དེ་གཏོང་དུ་མི་བཏུབ་པ་དེ་སྲིད་དུ་དེ་ལ་དགེ་སློང་མ་རྣམས་ཀྱིས་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི། སོ་སོར་ཡང་དག ་པར་དགའ་བར་མི་བགྱི་ཞིང་དཔེར་ན་གདོལ་བའི་བུ་མོ་བཞིན་དུ་ཤིན་དུ་སྨད་པས་སྨད་པར་བགྱིའོ། ། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ།། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་པར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་སྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆིས་པ་དང་། དགེ་འདུན་གྱི་དགེ་སློང་མ་འཆི་ལས་སྡིག་པ་ཅན ་གྱི་ལྟ་བར་སོད་པ་གཏོད་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དེ། ཇི་སྲིད་དུ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོད་པ་འདི་ལྟ་བུ་འདི་གཏོང་དུ་མི་ཏུབ་པ་དེ་སྲིད་དུ། འདི་ལ་དགེ་སློང་མ་རྣམས་ཀྱིས་གཏམ་འདྲི་བར་མི་བགྱི། ཕེབས་པར་སྨྲ་བར ་མི་བགྱི། སོ་སོར་ཡང་དག་པར་དགའ་བར་མི་བགྱི་ཞིང་དཔེར་ན་གདོལ་པའི་བུ་མོ་བཞིན་དུ་སྨད་པས་སྨད་པར་བགྱི་ན། ཕུ་ནུ་མོ་གང་དག་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་འདོར་དུ་མི་ཏུབ་པ་ལ་གནས་ནས་དབྱུང་བའི་ལས་བགྱི་བར་བཟོད་པ་དེ་དག་ནི་ཅང་མ ་གསུང་ཤིག། གང་དག་མི་གཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། ལན་གཉིས་སུ་ཡང་དོན་འདི་ཉིད་བརྗོད་པར་བྱའོ།། འཕགས་མའི་དགེ་འདུན་བུ་རུ་མོ་དག་བདག་ལགས་ན་དུ་གསོལ།། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི ་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་དང་། དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས ་སྡིག་པ་ཅན་གྱི་ལྟ་བར་སོང་འད་གཏོད་དུ་མི་ཏུབ་པ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དེ། ཇི་སྲིད་དུ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་གཏོང་དུ་མི་ཏུབ་པ་དེ་སྲིད་དུ་འདི་ལ་དགེ་སློང་མ་རྣམས་ཀྱིས་གཏམ་འདྲེ་བར་མི་བགྱི། ཕེབས ་བར་སྨྲ་བར་མི་བགྱི། སོ་སོར་ཡང་དག་པར་དགའ་བར་མི་བགྱི་ཞིང་གདོལ་པའི་བུ་མོ་བཞིན་དུ་ཤིན་དུ་སྨད་པས་སྨད་པར་བགྱིན། ཕུ་ནུ་མོ་གང་དག་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་འདོར་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་ལས་བགྱི་བར་བཟོད ་བ་དེ་དག་ནི་ཅང་མ་གསུངས་ཤིག། གང་དག་མི་བཟེད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་རྗོད་པ་གཉིས་པ་སྟེ། ལན་གསུམ་དུ་ཡང་དོན་དེ་ཉིད་རྗོད་པར་བྱའོ།། འཕགས་སའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི ་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་སྙེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཤེས་སོ་ཞེས་མཆ་བ་དང་། དགེ་འདུན་གྱིས ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་གཏོད་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་འཕྲིན་མཛད་དེ། ཇི་སྲིད་དུ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་གཏོང་དུ་མི་ཏུབ་པ་དེ་སྲིད་དུ་འདི་ལ་དགེ་སློང་མ་རྣམས་ཀྱིས་གཏམ་འདྲེ་བར་མི་བགྱི་ཕེབས། ་བར་སྨྲ་བར་མི་བགྱི། སོ་སོར་ཡང་དག་པར་དགའ་བར་མི་བགྱི་ཞིང་གདོལ་བའི་བུ་མོ་བཞིན་དུ་ཤིན་དུ་སྨད་པས་སྨད་པར་བགྱིའོ།། འདི་ནི་ལས་རྗོད་པ་གསུམ་པ་སྟེ། འཕགས་མའི་དགེ་འདུན་གྱིས་གཟོད་ཅིང་གནང་ནས་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་བཛིན་ཏོ།། དེ་དེ་ལྟར ་གནས་ནས་དབྱུང་བའི་ལས་བྱས་ཀྱང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པའི་མི་འགྱུར་བ་དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས ་ཆོས་བསྟན་པ་ཤེས་སོ། ། ཞེས་ཟེར་ན་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་ཕུ་ནུ་མོ་ཁྱོད་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོས་བཅོམ་ལྡན་འདས ་ཀྱི་ཆོམ་བལྡན་ཤེས་ས་ཞེས་དྲོ་བར་མམྦྷ་ཤི་བཅོམ་ལྡན་དས་འཐུར་བས་འདེབས་ཤིག་བཅོམ་ལྡན་དས་ལ་སྐུར་བ་བཏབ་པ་ནི་ལེགས་པར་མི་འགྱུར་རོ། ། བཅོམ་ལྡན་འདས་ནི་དེ་སྐད་ཀྱང་མི་གསུང་ངོ་།། བར་དུ་གཅོད་པའི་ཆོས་ཡིན་པ་ལས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་རྭ་མར་བར་དུ་གཅོད་པའི ་ཆོས་སུ་གསུངས་ཏེ། དེ་དག་སོ་སོར་བསྟེན་ན་པར་དུ་གཅོད་པར་ཡང་འགྱུར་གྱིས། པུ་ནུ་མོ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བརྗོད་པར་བྱའོ།། གལ་ཏེ་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དགང་སྨྲས་པ་ན་གཞ་གཏོང་ན་དེ་ལྡན ་ལེགས། གལ་ཏེ་མི་གཏོ་ན་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོམ་པར་བྱ། ཡང་དག་པར་བསྟན་པར་བྱའོ།། གཞི་དེ་གཏོར་ཞེས་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལྟུང་བྱེད་པ། ་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་འཆི་ལྟས་སོ།། འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨྲ་ནའོ།། དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ།། དེ་ལྟར་བཅོམ་ལྡན་འདས ་ཀྱི་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པ་འདི་ལྟ་སྟེ། ཕས་ཕམ་པར་འགྱུར་བའི་ཆོས་བརྒྱད་དང་། དགེ་འདུན་ལྷག་མ་ཉི་ཤུ་དང་། སྤང་བའི་ལུང་བྱེད་སུམ་ཅུ་རྩ་གསུམ་དང་། ལྟུང་བྱེད་བརྒྱ་བརྒྱད་ཅུ་དང་། སོ་སོར ་བཤགས་པར་བྱ་བ་བཅུ་ཅིག་དང་། བསླབ་པ་མང་པོ་དང་། ཅོད་པ་ཞི་བར་བྱ་བའི་ཆོས་བདུན་ཏེ། ཆོས་མ་ཡིན་པ་འདིའི་ཆོས་ཀྱི་སྒྲར་གསུངས་སོ།། དེ་ལ་སོ་སོར་བསྟེན་ཀྱང་ཞེས་བྱ་བ་ནི་ལྷག་པར་སྤྱོད་ནའོ།། བར་མགསོར་བྱར་མི་འགྱུར་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་གྱི་བར་དུ་གསོང ་པར་མི་འགྱུར་བའོ། ། དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་འཆི་ལྟས་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་བདག་གིས་སོ།། འདི་སྐད་ཅེས་བརྗོད་པར་བྱའོ།། ཞེས་བྱ་བ་ནི་འདི་སྐད་ཅེས་རྨས་པར་བྱའོ།། ཕུ་ནུ་མོ་ཁྱོད་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད ་པའི་ཆོས་སུ་གདུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་བགྱུར་བ་དེ་ལྟར་ལོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་བརྗོད་པར་མ་སྐྲ་ཤིག་ཞེས་བྱ་བ་ན། གས་དེ་ན་སུ་བ་གོ་ན་། གདོན་ཉིས་པརག ་དྲཡང་དག་པར་བསྟན་པར་བྱ། ཡང་དག་པར་བསྒོ་བར་བྱའོ་ཞེས་བྱ་བ་ནས། གསོལ་བ་དང་བཞིའི་ལས་རྩེ་པར་བྱའོ་ཞེས་བྱ་བའི་བར་རོ་ཞེས་བྱ་བ་ནི་གཞོ་བསྡ་མ་དི་ལྟ་བ་བཞིན་པོའོ།། ཡང་དག་པར་བསྒོ་བ་ནི་དེ་ཡིན་ནོ།། ཡང་དག་པར་བསྟན་པ་ན་དེ་ཡིན་ན།། ལུང་བྱེད་དོ་ཞེས་བྱ་བ་རླི་ག ་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདི་སྐད་ཅེས་དེ་ལྟར་ཁམས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་སྤྱན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། བཞམས་ཏེ་བསྒོ་བ་ནག་ནི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོར ་ན་ཉེས་བྱས་སོ། ལས་དང་པོ་བརྗོད་པ་སྨྲས་པ་ན་གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་བྱས་སོ།། ལས་བརྗོད་པ་གཉིས་པ་སྨྲས་པ་མ་རྫོགས་པ་དགབ་ཏེ་གཏོད་ན་དེ་ལྟ་ན་ལེགས། གས་ཏེ་སྨྲས་པ་རྫོགས་ཀྱང་མི་གཏོང་ན་ཉེས་བྱས་སོ།། ལས་བརྗོད་པ་གསུམ་པ་སྨྲས་པ ་མརྫོགས་པར་མ་མཐུན་པ་དག་ཆོས་མ་ཡིན་པར་བྱེད་པ་དང་། མི་མཐུན་པ་དག་ཆོས་མ་ཡིན་པལྟར་བཅོས་པ་དང་། མཐུན་པ་དག་ཆོས་མ་ཡིན་པ་ལྟར་བཅོས་པ་དང་། ཆོས་ཇི་ལྟ་བ་བཞིན་མ་ཡིན་པ་དང་། འདུལ་བ་ཇི་ལྟ་བ་བཞིན་མ་ཡིན་པ་དང་། སྟོན་པའི་བསྟན་པ་ཇིས་བཞིན ་མ་ཡིན་པས་དེ་ལྟར་བྱེད་ན་ལྟུང་བ་མེད་དོ། ། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་སྟོན་པ་ཇི་ལྟ་བས་ལས་བརྗོད་པ་བཞི་པ་སྨྲས་པ་རྫོགས་ན་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་པནི་པའི་བཅུ་གཅིག་པ་རྫོགས་སྷོ།། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། དགེ་སློང་མའི་འདུལ་བ་རྣམ་པར ་འབྱེད་པ། བམ་པོ་ཉི་ཤུ་བ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁ་བ་ན་བཞུགས་སོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་འཆི་ལྟས་དེ་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་བྱེད། ཀུན་ཏུ་ལོངས་སྤྱོད་པར་བྱེད། གནས་ཅིག་ཏུ་ཉལ་བར་བྱེད་པ་དང་། དོན་ཉུང་བའི ་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དེ་སྐད་ཟེར་བའི་དགེ་སློང་མ་ཆོས་བཞིན་མ་བྱས་པ་སྡིག་པ་ཅན ་གྱི་ལྟ་བར་སོང་བ་དེ་མ་སྤངས་པ་དང་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་ཏུ་ལོངས་སྤྱོད་པར་བྱེད། ཀུན་དུ་གནས་པར་བྱེད། གནས་ཅིག་ཏུ་ལྷན་ཅིག་ཉལ་བར་བྱེད་ན་སུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཆོས་བཞིན་མ་བྱས་པ ་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་མ་ཕྱུང་བའོ། ། གཏམ་འདྲེ་བར་བྱེད་ཅེས་བྱ་བ་ནི་ལུང་དཔོག་པ་སྦྱིན་པར་བྱེད་པའོ།། ཕེབས་པར་སྨྲ་བར་བྱེད་ཅེས་བྱ་བ་ནི་བརྗེད་པ་དྲན་པ་སྦྱིན་པར་བྱེད་པའོ།། ཀུན་དུ་ལོངས་སྤྱོད་པར་བྱེད་ཅེས་བྱ་བ་ནི་བསྙེན་བཀུར་རང་གིར་བྱེད་པའོ།། ་ཀུན་དུ་གནས་པར་བྱེད། གནས་ཅིག་ཏུ་ཉལ་བར་བྱེད་ཅེས་བྱ་བ་ནི་གནས་བཞི་པོ་དག་ཏུས་རེར་འཆང་བར་བྱེད་པའོ།། ལྟུང་བྱེད་པ་ཞེས་བྱ་བ་ནི་གདམ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་ན་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ལྷན་ཅིག་གནས་ཅིག་ཏུ་ཉལ་བར་བྱེད་ན་ཐམས་ཅད ་དུ་ལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་ལྟ་བར་སོང་བ་དེ་དང་བྲལ་བར་འདོད་པར་གྱུར་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་བཅུ་གཉིས་པ་རྫོགས་སྷོ།། །། གླེང་ག་ནི་ནི་རྒྱལ་པོའི་ཁབ་ནའོ།། སྦོམ་དགའ་མོ་ལ་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་གཉིས་ཡོད་དེ། དེ་ཉིད་ལ་སྡིག་པ ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོམོས་ཅག་གིས་བཅོམ ་ལྡན་འདས་ཆོས་བསྟན་པ་ཤེས་སོ་ཞེས་སྨྲ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་གཉིས་ལ་བཞམས་ཏེ་བསྒོ་བ། བྱོས ་ཤི་ཀ། དེ་གཉིས་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་ཚུལ་མ་གཉིས་ལ་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་བ་བྱོས་ཤིག། བསྒོ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་ཞེས་བྱ་བ་ན་དགེ་སློང་མ་རྣམས་ལ་དྲིས་པའི་ལན་ཡང་དག་པར་བསྒོལ ་དགེ་ཚུལ་མ་ཐོས་པའི་ཉེན་ཀོར་ནས་བཀོར་ཏེ་མཐོང་བའི་ཉེན་ཀོར་དུ་འདུག་ཏུ་བཅུག་ནས་དགེ་སློང་མ་ཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། ། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ།། དགེ་ཚུལ་མ་འདི་གཉིས་ལ་སྡིག ་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ།། ཞེས་བྱ་བ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁ་མ་ནག་གིས་བཅོམ་ལྡན ་འདས་ཀྱིས་ཆོས་སྟོན་པཤེས་སོ་ཞེས་མཆི་བ་ན་དེ་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ནཱ་བསྒོ་སྟེ། དེ་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་གཏི ་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་འདི་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད ་དོ། འདི་ནི་གསོལ་པའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་པུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི ་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་སྟོན་པ་ཤེས་སོ་ཞེས་མཆི་བ་ན། དེ་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ནས་བསྒོ་བ་ན་གཞི་དེ་ཉིད ་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས། འཕགས་མའི་དགེ་འདུན་གྱིས་མཛེས་མ་དང་། རྒྱལ་མ་འདི་གཉིས་ལ་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་བ་མཛད་པར་པུ་ནུ། ་མ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་དང་པོ་སྟེ། དེ་བཞིན་དུ་གཉིས་པ་དང་། གསུམ་པ་ཡང་རྗོད་པར་བྱའོ།། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས་ཞེས་བྱ་བ ་ནས། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་རོ།། དེ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ནས་གཞིའི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་སུ་ཐ་སྙད་འདོགས ་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་ལ་བསྙིལ་བའི་ལས་བྱོས་ཤིག། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། གནས་མལ་བཤམ་པ་བྱས། ་ལ་ཞེས་བྱ་བ་ནས། དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་ཐོས་པའི་ཉེན་ཀོར་ནས་བཀོར་ཏེ་མཐོང་བའི་ཉེན་ཀོར་དུ་འདུག་དུ་བཅུག་ནས་དགེ་སློང་མ་ཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། ལས་ནི་འདི་ལྟར་བྱའོ།། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ ་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ།། ཞེས་གསུངས་པ་ཡིན་ན། དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི ་འགྱུར་བ་དེ་ལྟར་ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་བཤེས་སོ་ཞེས་མཆི་ནས། དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་དེ་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ནས་བསྒོ་སྟེ། དེ་གཉིས་ལ་བཞམས་ནས་བསྒོ་བ་ན་ཞེས་བྱ་བ་ནས་འདི་ཉིད ་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་རོ། ། དེ་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱི་ཁོསྒོ་སྟེ། དེ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་ཞེས་བྱ་བ་ནས། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུ་མཆིས ་ལགས་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་གྱིས་གནང་བ་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་ཚལ་མ་མཛེས་མ་དང་། རྒྱལ་མ་འདི་གཉིས་ལ་ཕུ་ནུ་མོ་དག་ཁྱེད་ཅག་དེང་ཕན་ཆད་ཅོམ ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཤིག། དགེ་ཚུལ་མ་གཞན་དག་དགེ་སློང་མ ་རྣམས་དང་ལྷན་ཅིག་ནུབ་གཉིས་ཚུན་ཆད་གཅིག་ཏུ་ཉལ་བར་གནང་བར་གང་ཡིན་པ་དེ་ཡང་དེར་ཕྱིན་ཆད་བྱེད་ལ་མེད་ཀྱིས། བུད་མེད་གཏི་མུག་ཅན་ཁྱེད་གཉིས་གཞན་དུ་དེང་ཤིག་ཅེས་སྙིལ་བའི་ལས་མཛད་དོ།། འདི་ནི་གསོལ་བའོ། དེའི་འོག་ཏུ་གཉིས་ལ་སྙིལ་བའི་གསོལ། ་བ་མཛད་ཟིན་གྱིས་སྡིག་པ་ཅན་གྱི་ལྟ་བ་དེ་ཐོང་ཤིག་ཅེས་བསྒོ་བར་བྱའོ།། གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་ཏོར་ཆེ་དེའི་འོག་ཏུ་ལས་བྱའོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་པུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་ཚུང་མ་མཛེས་མ་དང་། རྒྱལ་མ་འདི ་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟ་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་སྟེན་ཀྱང་བར་དུ་གརྐོ་པ་མི་སྲུང་བ་དེ་ལྟར་ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ ་ཤེས་སོ་ཞེས་མཆིནས། དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་འདི་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་སོ་སྟེ། དེ་གཉིས་ལ་བནམས་ནས་པོརྐོ་བ་ན་ཞེས་བྱ་བ་ནས་འདི་གཉིས་དེན་གྱི་གཞན་གཏི་མུག་གོ་ཞེས་བྱ་བའི་བར་རོ།། དེ་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི ་ལས་ཀྱི་སྒོ་སྟེ། དེ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་སྒོ་བ་ན། འདི་ཉིད་བདེན་གྱི་གཞན་གཏི་མུག་གོ་ཞེས་བྱ་བའི་བར་དུ་མཆི་ནས་འཕགས་མའི་དགེ་འདུན་གྱིས་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང་དུ་མི་ཐུབ་པ་དེ་གཉིས་ལ་བསྟིས ་བའི་ཕྲིན་ལས་མཛད་པར་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་རྗོད་དང་པོ་ཡིན་ནོ།། དེའི་འོག་ཏུ་དེ་གཉིས་ལ་བསྒོ་བར་བྱ་སྟེ། གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོད་ན་ལན་གཉིས་སུ་ཡང་དོན་དེ་ཉིད། ་རྗོད་པར་བྱའོ།། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ་ཞེས་བྱ་བ་ནས། ལས་གཉིས་པ་ཉིད་རྗོད་པ་བྱས་ནས་ཡང་བསྒོ་བར་བྱ་སྟེ། གལ་ཏེ་མིགཏོ་ན་ལན་གསུམ་དུ་ཡང་དོན་དེ་ཉིད་རྗོད་པར་བྱའོ།། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ་ཞེས ་བྱ་བ་ནས། འཕགས་མའི་དགེ་འདུན་གྱི་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོ་དུ་མ་ཏུབ་པ་ལ་སྙིལ་བའི་ཕྲིན་ལས་མཛད་པར་འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འདི་ལྟར་ཅད་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེ་ནས་དགེ་ཚུལ་མ་དེ ་འདི་ལྟར་བང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། ། དེ་ནས་དགེ་ཚུལ་མ་དེ་གཉིས་དུ་ཞིང་མཁན་མོ་འདྲུང་དུ་དོང་ཏེ་བྱིན་ནས་མཁན་མོལ་འདི་སྐད་ཅེས་སྨྲས་སོ།། མཁན་མོ་བདག་ཅག་ལ་དགེ་སློང་མའི་དགེ་འདུན་གྱིས་བསྙིལ་བའི་ཕྲིན་ལས་མཛད་ལགས ་སོ། ། དེ་ནས་སྦོམ་དགའ་མོས་དགེ་ཚུལ་མ་དེ་གཉིས་ལ་འདི་སྐད་ཅེས་སྦས་སོ།། བསྙིལ་བའི་ལས་བྱས་པ་རྣམས་ལ་ཅི་ཁམས་གསུམ་ཡང་མ་ལུས་སམ། གྲོང་དང་། ལྗོངས་དག་ཀྱང་མདདམ་ཅི་ཞེས་དེ་བསྙིལ་བའི་ལས་བྱས་པ་དེ་གཉིས་དང་ལྷན་ཅིག་གཏམ་འདྲེ་བར། ་ད། བབས་པར་སྨྲ་བར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད། གནས་གཅིག་ཏུ་ཉལ་བར་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར ་མད་དེ། དགེ་ཚུལ་མ་ལ་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོ་ཅག་གིས། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་ཟེར་བའི ་དགེ་ཚལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་དགེ་ཚུལ་མ་ཁྱོད་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ་ལྡན ་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མ་སྨྲ་ཤིག། བཅོམ་ལྡན་འདས་ལ་སྐུར་བ་མ་འདེབས་ཤིག། བཅོམ་ལྡན་འདས་ལ་སྐུར་བ་བཏབ་པས་ནི་ལེགས་པར་མི་འགྱུར་རོ།། བཅོམ་ལྡན་འདས་ནི་དེ་སྐད་ཀྱང་མི་གསུང་ངོ་།། དགེ་ཚུལ་མ་དག་འདོད་པ་རྣམས་ནི་བར་དུ་གཅོད ་པར་བྱེད་པ་འོན་ཡིན་པ་ལས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བར་དུ་གཅོད་པར་བྱེད་པར་གསུངས་ཏེ། དེ་དག་སོ་སོར་བསྟན་ན་བར་དུ་གཅོད་པར་ཡང་འགྱུར་བས་དགེ་ཚུལ་མ་དག་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་དེ་སྐ་དང་། དགེ ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། དགེ་ཚུལ་མ་ཁྱོད་དེང་ཕན་ཆད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་དེ་ལ་སྟོན་པ་ཞེས་ཀྱང་མ་ཟེར། ་ཅི།། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་གང་ཡང་རུང་བདག་གི་རྗེས་བཞིན་རྗེས་བཞིན་དུ་ཡང་མ་འགྲོ་ཤིག། དགེ་ཚུལ་མ་གཞན་དག་དགེ་སློང་མ་རྣམས་དང་། ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་བར་གནང་བ་གང་ཡིན་པ་དེ་ཡང་ཁྱོད་ལ་དེང་ཕན་ཆད་མེད ་ཀྱིས་དགེ་ཚུལ་མ་དག་པར་སོ་ཤོག་ཅེས་བརྗོད་པར་བྱའོ། ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དེ་ལྟར་བསྐྱིལ་བའི་དགེ་ཚུལ་མཉེ་བར་འཇིག་པར་བྱེད་དམ། ཉེ་བར་སྟོན་པར་བྱེད་དམ། ཀུན་དུ་ལོངས་སྤྱོད་པར་བྱེད་དམ། གནས་གཅིག་ཏུ་ཉལ་བར་བྱེད་ན་ལྟུང་བྱེད་དོ།། ་དགེ་ཚུལ་མ་ཞེས་བྱ་བ་ནི་མཛེས་མ་དང་། རྒྱལ་མའོ།། དགེ་སློང་མ་རྣམས་ཤེས་བྱ་བ་ནི་ཆོས་འདི་བདག་གོ། འདི་སྐད་ཟེར་ན་ཞེས་བྱ་བ་ནི་སྨནའོ།། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འོད་དཔ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན ་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ། ། ཞེས་བྱ་བ་ནི་ལྷག་པར་སྤྱད་ཀྱང་དགེ་སློང་གི་ཚུལ་གྱི་བར་ཆད་དུ་མི་འགྱུར་བའོ།། དེ་དག་ལ་ཞེས་བྱ་བ་ནི་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་ལའོ།། དགེ་སློང་མ ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་བ་དག་གིས་སོ། ། འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བས་སྔ་མ་ཇི་ལྟ་བ་བཞིན་དུ་བསྒོ་བས་སྔ་མ་ཇི་ལྟ་བཞིན་དུ་བསྒོ་བའོ།། ཡང་དག་པར་བསྟན་པ་ནི་དེ་ཡིན། ཡང་དག་པར་བསྒོ་བ་ནི་དེ་ཡིན་ནོ།། དེ་གཉིས་ལ་དེ་ལྟར་རྗེས་སུ ་བསྟན་པ་ནི་གཞི་དེ་གཏོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་བསྙིལ་བའི་ལས་བྱོས་ཤིག་ཅེས་བྱ་བ་ནི་གོང་མ་ཇི་ལྟ་བ་བཞིན་དུ་བྱ་བའོ།། ཡང་དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་དམ། གཞན་གྱིས་སྨྲས་པར་གྱུར་པའོ།། ། ་དེ་ལྟར་བསྙིལ་བ་ཞེས་བྱ་བ་ནི་བསྙིལ་བའི་ལས་བྱས་པའོ།། དགེ་ཚུལ་མ་ཞེས་བྱ་བ་ནི་མཛེས་མ་དང་། རྒྱལ་མའོ།། ཉེ་བར་འཇོག་པར་བྱེད་དམ་ཞེས་བྱ་བ་ནི་གནས་སྦྱིན་པར་བྱེད་པའོ།། ཉེ་བར་སྟེན་པར་བྱེད་དམ་ཞེས་བྱ་བ་ནི་འདྲི་བ་སྦྱིན་བྱེད་པའོ།། ཀུན་དུ་ལོངས་སྤྱོད་པར ་བྱེད་དམ། ། ཞེས་བྱ་བ་ནི་བཀུར་སྟི་རང་གིར་བྱེད་པའོ།། ཀུན་དུ་གནས་པར་བྱེད་གནས་གཅིག་ཏུ་ཉལ་བར་བྱེད་ཅེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་དུ་ཅུང་ཟད་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ ་མཉེ་བར་འདོག་པར་བྱེད་དམ། ཉེ་བ་སྟོད་པར་བྱེད་དམ་ཞེས་བྱ་བ་ནས། གནསགཅག་ཏུཉལ་བར་བྱེད་མ་ཞེས་བྱབ་བར་ཏེ། ཐམས་ཅད་དུང་བྱེད་དུ་འགྱུར་རོ།། ལུང་བྱེད་ག་པའི་ཚིགས་སུ་བས་དཔའི་སྡོམ་རྫོགས་སྷོ།། ། སྔམ་ལ། ཁ་དོག་ལན ་ཟླ་བྱེད་དང་། ། ཆེད་ང་བསམས་དང་འགྱོད་པ་དང་།། གག་ཚིལ་དང་རྡུར་རྩ་དང་།། སྐྱེས་པཉལ་དང་སྡངས་མི་བྱ།། གོས་སྦྱིན་གནི་མེད་ལ་མ་དྲན།། སྐྱེས་པར་འགྲོགས་ཏེ་འགྲོ་མ་བྱ།། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་འབབ་འོད་མ་ཚལ་བྱག་ལན་དག་གནས་པ་ན། ་བཞུགས་སོ།། གང་གི་ཆ་རྒྱལ་པོ་གཟུགས་ཅན་སྙིང་པོས་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་ལྡན་གཉིས་ཀྱི་དུས་མཆོད་བཙུགས་པ་དང་། དེ་ནས་དུས་གཞན་ཞིག་ན་ལྟོལ་མ་ནས་གང་མཁན་གྱི་སློབ་དཔོན་ཆེན་པོ་ཞིག་འོས་ཏེ། དེས་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་གར་ཐབས་པས། ་པ་དང་། རད་པ་ཅན་རྣམས་ལས་བྱ་དག་འཆར་ཐོབ་པོ་ཞེས་བྱ་བ་ནས། དྲུག་སྡེ་རྣམས་སུན་བྱུང་ཞེས་བྱ་བའི་བར་རོ།། དེ་ནས་དེའི་འོག་ཏུ་དྲུག་སྡེ་རྣམས་དང་། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་གར་གྱི་བརྡ་ཐབས་དག་སྦྱར་ནས་གར་བྱས་པ་དང་ཞེས་བྱ་བ་ནས། དོན་ཉུ ་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ཐམས་ཅད་ནི་དགེ་སློང་མ་གང་དག་ཁྱིམ་བགོན་པའི་གོས་དཀར་པོ་གྱོན་པ་ལས་གྱུར་ཏོ་སྙམ་ནས། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་ད་ཤེས་བྱ་བ་ནས། བསླབ་པ་བཅའ་བའི་བར་བ་མད་དེ། དགེ་སློང་མསགས་པར་བརྙེད་ན་འ་དོག་བསྒྱུར་བ་གསུམ་པ་སྔོན་པོའམ། འདམ་འའམ། དུ་སྨྲིག་གང་ཡང་དུ་བའི་ཁདོག་ཏུ་བསྒྱུར་བར་བྱའོ།། གལ་ཏེ་དག་སླང་མས་ལ ་དག་བ་སྔར་བ་གསུམ་པ་གང་ཡང་རུང་བའི་ཁ་དོག་མ་བསྒྱུར་བའི་གོས་སར་བགྱོན་ན་ལྟུང་བྱེད་དོ། ། གསར་བ་ཞེས་བྱ་བ་ལགས་རབ་ནི་གཉིས་ཏེ། གསར་བ་དང་། གསར་དུ་རྙེད་པ་སྟེ། དོན་འདི་ལ་ནི་གསར་དུ་རྙེད་པ་ལ་བྱ་བར་དགོངས་སོ།། གོས་ཞེས་བྱ་བ་ནི ་བོ་གང་ཡང་རུང་བའོ། ། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་བདག་གོ། ཁ་དོག་བསྒྱུར་བ་གསུམ་པ་གང་ཡང་རུང་བ་མ་བསྒྱུར་ན་ཞེས་བྱ་བ་ན་འ་དོག་མ་བསྒྱུར་ནའོ།། གོས་གསར་བ་ཀྱོན་ན་ཞེས་བྱ་བ་ནི་བགོས་ནའོ།། ལྟུང་བྱེད་དེ་ཞེས་བྱ་བ་ནི་གང་བཞིན་ནོ།། དེ་ལ ་སྨྱུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བ་དག་བསྒྱུར་པ་གསུམ་པ་གང་ཡང་རུང་བའི་ཁ་དོག་མ་བསྒྱུར་བའི་གོས་གསར་བ་རྩོན་ན་ཐམས་ཅད་དུ་ལུང་བྱེད་དུ་འགྱུར་རོ།། ཐན་ལུང་བཟེད་ཀྱི་སྣོད་ཙམ་མ་བསྒྱུར་ན་ཡང་ཉེས་བྱས་སོ།། ཀླུང་བྱེད་ལྔ་པའི་དང་། ་བརྫོགས་སྷོ།། སངས་རྒྱས་མ་མལྡན་འདས་རྒྱལ་བརྒྱལ་བྱེད་ཀྱི་ཚམ་མཤིན་མ་ས་བྱིན་གྱི་ནདགའ་རབན་འཟུགས་སོ།། ན་ཅི་བཅོམ་ལྡན་དས་ཀྱིས་ཡངས་པབནས་།། ནས་པ་ལ་བརྟེན་ནས་ཡིན་པའི་བསྲ་པ་ས་མ་ལ། ་མཉན་མེད་ང་ནི་ཀུན་དགའ་བོ་ལ་བརྟེན་ནས་རྗེས་སུ་གནང་ངོ་།། དེ་ནས་པཅུ་གཉིས་སྡེ་དེ་དག་གིས་ཀུན་དགའི་ར་བར་གཏོགས་པའམ། ཀུན་དགའི་རབར་མ་གཏོགས་པ་ན་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་དག་འདུག་པ་རང་གི་ལག་གིས་ལེན་པར་བྱེད། ལེན་དུ་འཇུག་པར་བྱེད་ཅིང་དག ་གི་ཡིན་པ་དེ་ལ་ཡང་སྦྱིན་པར་མི་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རིན་པོ་ཆེ་འམ། ་ནཔ་ཆེར་སྨོས་པ་དང་གི་ལགགས་ལེན་དམ། ལེན་དུ་འདུག་ན་ཀུན་དཀའི་དབར་གཏོགས་པ་ན་འདུག་པའམ། གནས་ཡང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ། ག་བྱེད་དོ།། དགེ་སློང་མག་ཤིག་གིས་ཀུན་གའི་བུ་གཏོགས་པ་འམ། གནས་འ་དུག། ་པན་རིན་པོ་ཆེ་འམ། རིན་པོ་ཆེར་གློས་པ་འདུག་ན་འདི་སྙམ་དུ། འདིའི་སུའི་ཡིན་པ་དེ་ཉིད་ལེན་པར་འགྱུར་གྲང་ཞེས་བསམས་ནས་བླང་བར་བྱ་སྟེ། གར་ལ་ཆོག་ནི་དེ་ཡིན་ནོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྔ་དག་གོ།། རིན་པོ་ཆེའམ། རིན་པོ་ཆེར ་ཟློས་པ་ནི་གཡུལ་ངོར་སྤྱད་པའི་ཡོ་བྱད་ཐམས་ཅད་དང་། བསྐྱེད་མོ་ཚལ་གྱི་ཡོ་བྱད་ཐམས་ཅད་དོ།། ལེན་ན་ཞེས་བྱ་བ་ནི་ར་རིགས་སོ།། ལེན་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ཀུན་དགའི་ར་བར་གཏོགས་པ་ན་འདུག་པ་ནི་སྐྱེད་མས་ཚལ་ན་འདུག་པའོ།། གནས་ཁང ་གཏོགས་པ་ན་འཇུག་མ་གཏོགས་ཏེ་ཞེས་བྱ་བ་ནི་གཙུག་ལག་ཁང་གི་ནང་ནོའོ། ། དེས་འདི་སྙམ་དུ་འདི་སུའི་ཡིན་པ་དེ་ཉིད་ལེན་པར་འགྱུར་གྲང་ཞེས་དེ་ཉིད་རྒྱན་དུབྱས་ནས་ཐད་པར་བྱའོ།། ཞེས་བྱ་བ་ནི་དེ་ཉིད་རྗེས་སུ་འཐུན་པར་བྱས་པའི་ཆོས་ཡིན་ནོ།། དུས་མ་གཏོགས་ཏེ་ཞེས ་བྱ་བ་ནི་བཞག་སྟེའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ནོར་བ་ལེན་པར་བྱེད་ན་མིག་ཕྲག་པ་ལེན་ན་སྲུང་བྱེད་དོ།། མིག་མ་ཐག་པ་ལེན་ན་ཉེས་བྱབ་སོ།། ནོར་བུ་ལ་རི་ལྟ་བ་དེ་བཞིན་དུ་མུ་ཏེག་དང་། ་རྡོ་རྗེ་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། རིན་པོ་ཆེ་དང་། དམར་པོ་དང་། དྲང་གཡས་སུ་འཁྱིལ་བ་ལུག་པ་ལེན་ན་ལྟུང་བྱེད་དོ།། མ་ཇུག་པ་ལེན་ན་ཉེས་བྱས་སོ།། ཐན་ནོར་བུ་མཆིང་བུ་ལེན་ཡང་ཉེས་བྱས་སོ།། མགུལ་གདུ་བ་ལེན་ན་བྱུང ་བྱེད་དོ། ། དེ་བཞིན་དུ་གདུ་བུ་རྒྱན་ཅན་དང་། དཔུང་རྒྱན་དང་། དོ་ཤལ་དང་། སེན་མོ་དོ་ལ་སོགས་པ་ལ་ཡང་ལྟུང་བྱེད་དོ།། ཐན་ནོར་བུ་དོ་ཟན་ལེན་ན་ཡང་ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་དབུལ་གི་ནོར་བུ་ལེན་ན་མངོན་མཚན་ཅན་ཡིན་ན་ལྟུང་བྱེད་དོ།། ་མངོན་མཚན་ཅན་མ་ཡིན་ན་ཉེས་བྱས་སོ།། ཐ་ན་ཀོ་ལྷམ་བཅོས་བུ་ལེན་ན་ཡང་ཉེས་བྱས་སོ།། དགེ་སློང་མས་བི་བང་ཆུད་དང་ཆས་པ་ལེན་ན་ལྟུང་བྱེད་དོ།། རྒྱུད་མེད་པ་ལེན་ན་ཉེས་བྱས་སོ།། དེ་བཞིན་དུ་བཱི་བ་བྷི་ས་ཀ་དང་། བི་བེ་ད་རྒྱུད་གཅིག་པ་དང་། ཁར་རྔ་དང་། ་རྔ་བོ་ཆེ་དང། རྫ་རྔ་དང་། རྔ་བ་ཏ་ཏ་ལ་སོགས་པ་རྒྱུད་དང་ཆས་པ་ལེན་ན་ལྟུང་བྱེད་དོ།། རྒྱུད་མེད་པ་ལེན་ན་ཉེས་བྱས་སོ།། ཐ་ན་རྩཝ་ལས་བྱས་པའི་བི་བར་རྒྱུད་དང་ཆས་པ་ལེན་ན་ལྟུང་བྱེད་དོ།། ཧུད་མེད་པ་ལེན་ན་ཉེས་བྱས་སོ།། དེ་བཞིན་དུ་རྡོ་རྗེ་རྩེ་གཅིག་པ་དང་། ་འཁོར་ལོ་དང་། མཚོན་རྩེ་གཅིག་པ་དང་། རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། མདུད་དང་། མདུང་ཕྱེད་ལྕགས་ལས་བྱས་པ་དང་། ལྕགས་མདའ་དང་། མདའ་ཕྱེད་ལྕགས་ལས་བྱས་པ་འཕང་དུ་རུང་བ་ལེན་ན་ལྟུང་བྱེད་དོ།། འཕང་དུ་མི་རུང་བ་ལེན་ན་ཉེས་བྱས ་སོ། ། དགེ་སློང་མས་མདའ་མདེའུ་དང་བཅས་པ་ལེན་ན་ལྟུང་བྱེད་དེ།། མདེའུ་མེད་པ་ལེན་ན་ཉེས་བྱས་སོ།། ཟན་རྩཝའི་གཞུ་ལེན་ན་ཡང་ཉེས་བྱས་སོ།། དགེ་སློང་མས་སངས་རྒྱས་ཀྱི་སྐུ་གཟུགས་བརྙན་རིང་བསྲེལ་དང་བཅས་པ་ལེན་ན་ལྟུང་བྱེད་དོ།། རིང་བསྲེལ ་མེད་པ་ཡིན་ན་ཉེས་བྱས་སོ། ། གལ་ཏེ་སྟོན་པ་ལ་མཆོད་པའི་འདུ་ཤེས་ཀྱིས་ལེན་པར་བྱེད་ཅིང་། དགེ་ཚུལ་མ་འམ་རུང་བར་བྱེད་པའི་ལག་ཏུ་བཞག་པ་ལ་ནི་ལྟུང་བ་མེད་དོ།། བར་སྡོམ་ནི། ནོར་བུ་མགུལ་གདུབ་པི་བང་དང་། དུ་ད་དང་ག་ཞུ་དང་མདའ་དག་དང་། ་རིང་བ་སྲེལ་བཅས་པའི་སྐུ་གཟུགས་ཏེ།། འདི་ན་ཡང་དག་པ་བསྡུས་པ་ཡིན།། ཝཱང་བྱེད་ལྔ་པའི་གཉིས་པ་རྫོགས་སྷོ།། ། ཐེང་གཞི་ནི་རྒྱལ་པོའི་ཁབནའོ།། དོའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་དཀ་འཐུབ་ཀྱི་ཆུ་བ་བ་ན་དྲོ་བར་ཚར་བ་དང་། ་དྲ་བན་བསིལ་བར་ཚོ་རབ་གསུམ་ཡོད་དེ། གཅིག་དྲན་རྒྱལ་པོ་རང་ཉིད་ཁྲུས་བྱེད་དེ།། གཉིས་པར་ནི་བཙུན་མོའོ།། གསུམ་པར་ནི་འཇིག་རྟེན་ཐམས་ཅད་ཀྱི་ཐུན་མོང་ངོ་།། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་བསམས་པ། བདག་གིས་བཅོམ་ལྡན་འདས ་དང་། ཉན་ཐོས་ཀྱི་དགེ་འདུན་ལ་ཐམས་ཅད་དུ་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྙ་མ་དུ་ན་བྱས་ན་དཀའ་ཐུབ་ཀྱི་ཆུའི་ཁྲུས་ཀྱིས་མ་བྱས་ཀྱིས། མལ་བདག་གིས་བཅོམ་ལྡན་འདས་དང་། དགེ་སློང་མ་རྣམས་ལ་དཀའ་ཐུབ་ཀྱི་ཆུ་གཉིས་ཅི་བདེར་དབུལ་ལོ།། ་ཀཱམ་དུ་བསམས་ནས། རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་གང་ན་བ་དེར་ས་སྟེ་ཕྱིན་པ་དང་།། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས ་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཚེས་དང་། ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད་ཅེས་བྱ་བ་ནས། སྟན་ལས་ལངས་ཏེ་བླ་གོས་ཟག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཅད་ཏེ། བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཉན་ཐོས་མའི་དགེ་འདུན་དང་ཐབས་གཅིག་ལ་བདག་དཀའ་ཐུབ་ཀྱི་ཆ་བ་ཉིད་འབུལ་ཏེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་སྦྱར་བ་ཁྲུས་བགྱིད་པ་གང་ལགས་པ་དེར་ནི། བཅོམ་ལྡན ་བདས་ཉན་ཐོས་ཀྱི་དག་མདུན་དང་བཅས་པ་ཁྲུས་མཛད་པར་གསལ། གང་དྲམ་ཆས་ཟང་འ་ཁར་དང་བཅས་པ་ཁྲུས་བགྱིད་པ་དེར་ནི་དེ་བཞིན་གཤེགས་པའི་ཉན་ཐོས་པའི་དགེ་འདུན་ཅིང་དེར་ཁྲས་བཀྱི་གང་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་ཅང་མིགསང ་བས་རྒྱལ་པོགགནས་ཅན་སྟོང་པོལཔ་འདིས་རྩེ། དག་བྱུ་བ་ཆུའི་ཐུས་བཤེས་པར་ནད་པ།། དེ་སང་ཙམན་རྒྱལ་བཞེས་བྱ་བ་ནས་སང་ཤེས་བྱབ་བ་ང།། དེ་ནས་ཅུག་ཏས་རྣམས་ཀྱིས་བཙམ་པན་པདས་རྒྱལ་བགས་ཅན་སྟེང་པོས་དཀའ ་ཆུའི་ཁྲུས་ལ་སྤྱན་དྲངས་པ་ལས། བཅོམ་ལྡན་འདས་ཀྱིས་ཀྱང་གནང་ངོ་ཞེས་ཐོས་སོ།། ཐོས་ནས་བཅུ་གཉིས་སྡེ་དེ་རྣམས་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོའི་ཁྲུས་བྱེད་པའི་དཀའ་ཐུབ་ཀྱི་ཆུ་གདན་བ་དེར་ཁྲུས་ཀྱི་ཕྱིར་དོང་ངོ་།། དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང ་པོའི་བཙུན་མོ་ཁྲུས་བྱེད་པར་འདོད་ནས་དེ་དཀའ་ཐུབ་ཀྱི་ཆུ་གངན་བ་དེར་སོང་བ་ན་ཞེས་བྱ་བ་ནས། བཅུ་གཉིས་སྡེ་རྣམས་ལ་སྐབས་མ་རྙེད་དོ་ཞེས་བྱ་བའི་བར་རོ།། དེ་ནས་དགེ་སློང་མ་རྣམས་ཀྱི་མདུན་དུ་ཐོད་བར་བྱེད་པ་ན་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཁྲུས་མི་བྱའོ།། དེ་ནས་ཁྲུས་མ་བྱས་པས་ལུས་ཤིན་ཏུ་དྲི་མི་ཞིམ་ཞིང་བསོད་སྙོམས་ལ་ཞུགས་པ་ན་ཁྱིམ་པ་མོ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། དྲི་ངན་པ་ཞིག་མན་པ་ལགས་སོ།། དགེ་སློང་མ་དྲང་པོ་དྲང ་བའི་རང་བཞིན་ཅན་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། ། དྲི་ངན་པ་དེ་ནི་ཁོ་མོ་ཅག་གི་ལུས་ཀྱི་ཡིན་ནོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག་གིས་ཁྲུས་མ་བགྱིས་སམ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་ཁྲུས་མི་བྱའོ་ཞེས་དགག ་པ་མཛད་དོ། ཞེས་བྱ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱོའོ།། དེ་ནས་ཚ་བས་གདུངས་ནས་ཞེས་བྱ་བ་ནས། ཟླ་བ་ཕྱེད་དང་གསུམ་ནི་ཚ་བའི་དུས་སོ ་ཞེས་བྱ་སྟེ། ཁྲུས་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཚ་བའི་དུས་སོ་ཞེས་བྱིན་གྱིས་བརླབས་ཏེ་ཁྲུས་བྱའོ།། དེ་བཞིན་དུ་ལས་དུས་སོ།། ལམ་དུས་སོ།། རླུང་དང་ཆར་བ་དུས་སོ་ཞེས་བྱིན་གྱིས་བརླབས་ཏེ་ཁྲུས་བྱའོ།། དེ་ནས་བཅུ་གཉིས་སྡེ་དེ་རྣམས་ཆང་འདུས་སོ།། ་ཞེས་བྱས་ནས་དུས་ཐམས་ཅད་དུ་ཁྲུས་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། བཅོམ་ལྡན་འདས་ཀྱིས ་ཟླ་བ་ཕྱེད་བྱེད་ཅིང་ཁྲུས་བྱའོ་ཞེས་གསུངས་པ་དེ། ལས་འདུམས་པར་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ།། དེ་ལ་དུས་ནའང་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་ཟླ་བ་དང་པོ་དང་། ཟླ་བ་ཕྱེད་དང་གསུམ་པོ་དང་བ་ནི་ཚ་བའི་དུས་སོ།། ་ལྷག་མ་ནི་ན་བ་དུས་སོ།། ལས་ངུས་སོ།། ལམ་དུས་སོ།། རླུང་ངུས་སོ།། ཆར་དུས་སོ།། རྫི་ཆར་ངུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ།། ཟླ་བ་ཕྱེད་ཅིང་ཞེས་བྱ་བ་ནི་ཟླ་བའི་དོ་ཕྱེད་ཅིང་ངོ་དོ།། ཁྲུས་ཤེས་བྱ་བ་ལ་ཁྲུས་ནི་རྣམ་པ་གཉིས་ཏེ། དབང་བསྐུར་བའི་ཁྲུས་དང་། འཇུག་པའི་ཁྲུས་སོ།། ་དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ།། དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་སོ་ག་རྣམས་ཀྱི་ལྷག་མཐབ་བྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོ་ཞེས་བྱ་བ་ནི་ཐོག་མའི་ཟླ་བ་སྟེ་བྱར་བླང་བ་དང་། ཟླབ་བྱེད་དང་གསུམ་པོ་འདི་དག་ནི་ཆེ་བའི་དུས་སོ།། ལྷག་མ་ནིན་འདུས་སོ།། ་ཞེས་བྱ་བ་ནི་ཁྲུས་མ་བྱས་ནན་པར་འགྱུར་བའོ།། ལས་དུས་སོ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི་ལས་དག་བྱས་པས་དེ་དག་དུབ་པར་མྱུར་བའོ།། ལམ་དུས་མོ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི་དཔག་ཚད་བྱེད་དམ་དཔག་ཚད་གཅིག་གི་ལམ་ནས་འོངས་པས་དེ་དག་དྲུབ་པར་གྱུར་བའོ།། ་རླུང་དུས་ས་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི་རླུང་གིས་དཀྲུགས་པར་གྱུར་བ་སྟེ། ཐན་ཆོས་ཀྱི་ཙམ་ཆུང་གིས་བསྐུལ་བར་གྱུར་བའོ།། ཆང་དུས་སོ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི་ཆར་གྱི་ཐིགས་པ་གཉིས་སམ་གསུམ་ལུས་ལ་བབ་པར་གྱུར་བ་ནི་ཆར་བྱི་དུས་ཡིན་ནོ།། ཇིཿ་གྱི ་དུས་སོ་ཞེས་བྱས་ཏེ། ཁྲུས་བྱའོ་ཞེས་བྱ་བ་ནི་དེ་རླུང་གིས་ཀྱང་བསྐུལ་ལ་ཆར་གྱི་ཐིགས་པ་གཉིས་སམ་གསུམ་ཡང་ལུས་ལ་བབ་པར་གྱུར་པའོ།། དུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་བྱེད ་ན། དཔེ་དུས་བྱིན་གྱིས་བརླབ་པར་བྱའོ།། བྱིན་གྱིས་མ་བརླབས་ན་ཇི་སྲིད་དུ་ཆུ་ལྟེ་བར་སོན་གྱི་བར་དུ་ནི་ཉེས་བྱས་སོ།། ཆུ་ལྟེ་བ་ལས་འདས་ན་ལྟུང་བྱེད་དོ།། དགེ་སློང་མས་འཇུག་པའི་ཁྲུས་ཀྱིས་བྲུས་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ།། བྱིན་གྱིས་མ་བརླབས་ན་ཇི་སྲིང་དུ་ཏྲ། ་ལྟེ་བར་སོན་བྱེ་བར་དུ་ཉེས་བྱས་སོ།། ཆུ་ལྟེ་བ་ལས་འདས་ན་ལྟུང་བྱེད་དོ།། དེ་བཞིན་དུ་དབང་བསྐུར་བའི་ཁྲུས་ཀྱིས་བྲུས་བྱས་ནས་འཇུག་པའི་ཁྲུས་འདོད་ན་དུས་གཞན་བྱིན་གྱིས་བརླབ་པར་བྱའོ།། བྱིན་གྱིས་མ་རླབས་ན་ཇི་སྲིད་དུ་ཆུ་ལྟེ་བར་སོན་གྱི་བར་དུ་ནི་ཉེས་བྱས་སོ།། འདས་ན ་ལྟུང་བྱེད་དོ། ། དེ་བཞིན་དུ་འཇུག་པའི་ཁྲུས་ཀྱིས་ཁྲུས་བྱས་ནས་དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་བྱེད་པར་འདོད་ན། དེ་ཡང་ཞེས་བྱ་བ་ནས་ཇི་སྲིད་དུ་ཆུས་ལྟེ་བར་སོན་གྱི་བར་དུ་ནི་ཉེས་བྱས་སོ།། འདས་ན་ལྟུང་བྱེད་དོ།། དེ་བཞིན་དུ་དྲོན་མོའི་ཁྲུས་བྱས་ནས་བསལ་བའི་ཁྲུས་འདོད་ན། ་དེ་ཡང་ཞེས་བྱ་བ་ནས་ཉེས་བྱས་སོ།། འདས་ན་ཏུང་བྱེད་དོ།། དེ་བཞིན་དུ་བསིལ་བའི་ཁྲུས་བྱས་ནས་དྲོན་མོའི་ཁྲུབ་འདོད་ན། དེ་ཡང་ཞེས་བྱ་བ་ནས་ཉེས་བྱས་སོ།། འདས་ན་ལྟུང་བྱེད་དོ།། དེ་བཞིན་དུ་གལ་ཏེ་ཁྲུས་དེ་ཉིད་ཀྱིས་ཡང་བྱེད་པར་འདོད་ན་དེ་སྲིད ་དདུདུས་གཞན་བྱིན་གྱིས་བརླབ་པར་བྱའོ། ། གལ་ཏེ་རྒྱལ་བ་ལ་ཆུས་གཏོར་བ་དང་། རྒལ་ཏེ་འགྲོ་བ་དང་། མཆོངས་པ་ན་ཚྭར་ལྟུང་བ་དང་། ཆུབ་རྒལ་བའམ། མཚོ་ཆེན་པོ་རྒལ་བ་ན་ཆུར་ནུབ་པ་ལ་ནི་ལྟུང་བ་མེད་དོ།། ལྷུང་བྱེད་ལྔ་པའི་གསུམ་པ་རྫོགས་སྷོ།། ་གླེང་བཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འཆར་ཀ་ལས་བརྟེན་ཏེ་ཆེད་དུ་བསམས་པའི་དུད་འགྲོའི་སྒྲ་གནས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་དེ་དག་གིས་ཆེད་དུ་བསམས་པ་དང་། ཆེད་དུ་མ་བསམས་པར་དུད་འགྲོའི་སྐྱེ་གནས་སུ ་གཏོགས་པའི་སྲོག་ཆགས་རྣམས་ཀྱི་སྲོག་གཅོད་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང ་མགང་ཆེད་དུ་བསམས་ཏེ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་ཀྱི་སྲོག་གཅོད་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ཆེད་དུ་བསམས་ནས་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་སོ།། དུད་འགྲོའི་སྐྱེ་གནས་སུ་གཏོགས ་ཞེས་བྱ་བ་ནི་ཐ་ན་གྲོག་གླུར་ཙམ་ཡང་ངོ་། ། སྲོག་གཅོད་ཞེས་བྱ་བ་ནི་དེའི་སྲོག་ལ་གནོད་པ་བྱེད་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཆེད་དུ་བསམས་ཏེ་དུད་འགྲོའི་སྐྱེ་གནས་སུ་གཏོགས ་འི་སྲོག་ཆགས་ཀྱི་སྲོག་བཅད་ན་ཐམས་ཅད་དུ་ལྷུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ལྔ་པའི་བཞི་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྔ་རྣམས་ཀྱིས་ཆེད་དུ་བསམས་བཞིན་དུ་དགེ་སློང་མ་རྣམས་ལ་ཡོད་པ་བསྒྲེང་བར་བྱེད་པ ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཆེད་དུ་བསམས་ཏེ་དགེ་སློང་མ་ལ ་ཅི་ནས་ཀྱང་འདི་ཡུད་ཙམ་ཞིག་ཀྱང་རེག་པར་མི་འགྱུར་བར་བྱའོ་ཞེས་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་མ་ལ་འགྱོད་པ་སྐྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ཆེད་དུ་བསམས་ཏེ་ཞེས་བྱ་བ་ནི་རྣམ་པར་བཏགས་ནས་སོ།། ་འགྱོད་པ་བསྐྱེད་ན་ཞེས་བྱ་བ་ནི་འགྱོད་པ་བསྐྱེད་པའི་བསམ་པ་ཅན་གྱི་དག་དང་། ཚིག་དང་། རྗོད་པ་དང་ཞེས་བྱ་བ་ནས། ངག་གི་རྣམ་པར་རིག་བྱེད་ཅེས་བྱ་བའི་བར་གང་ཡིན་པའོ།། ལྟུང་བྱེད་དོ་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས ་ཆེད་དུ་བསམས་ཏེ་འགྱོད་པ་བསྐྱེད་པའི་བསམ་པས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཕུ་ནུ་མོ་རྒྱལ་པོ་ཆེག་མོ་འམ། ཚོང་དཔོན་ཆེ་གེ་མོའམ། ས་གཡོས་པ་འམ། ཟླ་བ་གཟས་ཟིན་པ་འམ། ཉི་མ་གནས་ཟིན་པ་འམ། ཕྱོགས་ཚིག་པ་དྲན་ནམ་ཞེས་དྲིས་པ་ན ་བདེ་འདི་སྐད་ཅེས་མི་དྲན་ནོ་ཞེས་ཟེར་བ་དང་། དེ་འདི་སྐད་ཅེས་དུས་སྔར་བྱུང་བ་ཡིན་པས་ཕུ་ནུ་མོ་ཁྱོད་ནི་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་གྱུར་ཏེ། ཕུ་ནུ་མོ་ཁྱོད་བསྙེན་པར་རྫོགས་པ་མ་ཡིན་པས་སླར་ཡང་བསྙེན་པར་རྫོགས་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་འགྱོད ་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་འགྱོད་པ་སྐྱེས་པ་གང་ཡིན་པ་དེ་ལ་ལྟུང་བྱེད་དུ་འགྱུར་རོ། ། དེ་བཞིན་དུ་ཕུ་ནུ་མོ་ཁྱོད་ཀྱི་མཁན་མོ་སུ་ཡིན། དེ་འདི་སྐད་ཅེས་ཆེ་གེ་མོ་ཡིན་ནོ་ཞེས་ཟེར་བ་ན་དེ་འདི་སྐད་ཅེས་དགེ་སློང་མ་ཆེ་གེ་མོ་ཞེས་བྱ་བ་དེ་ནི་དགེ་འདུན་གྱིས་གནན་ནས་འབྱུང ་བའི་ཟིན་ལས་མཛད་པ་ཡིན་ནོ། ། ཞེས་སྨྲས་ན། དགེ་སློང་མ་དེ་འགྱོད་པ་སྐྱེས་ཀྱང་རུང་། མ་སྐྱེས་ཀྱང་རུང་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཚུལ་ཁྲིམས་འཆལ་བ་ཡིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཕྲ་ནུ་མོ ་གནས་གང་དུ་བསྙེན་པར་རྫོགས། དེ་འདི་སྐད་ཅེས་གནས་ནི་ཆེ་གེ་མོ་ཞིག་ཏུ་བསྙེན་པར་རྫོགས་སོ་ཞེས་ཟེར་བ་ན། དེ་འདི་སྐད་ཅེས་གནས་དེ་ནི་མཚམས་མ་བཅད་པ། དེ་ནི་དཀྱིལ་འཁོར་བར་མི་མངོན་པ། མི་མཐུན་པ། འཁྲུགས་པས་ཁྱོད་བསྙེན་པར་རྫོགས་ཀྱི ་འཐུན་པས་མ་ཡིན་པས་བུ་ནུ་མོ་ཁྱོད་ནི་བསྙེན་པར་མ་རྫོགས་པ་ཡིན་གྱིས་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་བུ་ནུ་མོ་མཁན་མོ་དང་། སློབ་དཔོན་གྱི་གོས་དག་ལེན་ནམ། དེ་འདི་སྐད་ཅེས་ལེན་ན་ཞེས་ཟེར་བ་ན་དེ་འདི་སྐད་ཅེས་ཁྱོད་ནི་ཕས ་བམ་པར་འགྱུར་བའི་ལྟུང་བ་བྱུང་བ་ཡིན་ནོ་ཞེས་སྨྲས་ན་ཞེས་བྱ་བའི་བར་རོ། ། དེ་བཞིན་དུ་ཕུ་ནུ་མོ་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ན་ཞི་བའོ་ཞེས་རབ་ཏུ་སྟོན་ཏམ་དེ་འདི་སྐད་ཅེས་རབ་ཏུ་སྟོན་ཏོ།། ་ཞེས་ཟེར་བ་ན། དེ་འདི་སྐད་ཅེས་ཁྱོད་ཀྱིས་མིའི་ཆོས་བླ་མ་སྨྲས་པས་ཁྱོད་པས་ཕམ་པར་འགྱུར་བའི་ལྟུང་བ་བྱུང་བ་ཡིན་ནོ་ཞེས་ཟེར་བ་ཡོད་དོ།། དེ་བཞིན་དུ་པུ་ནུ་མོ་ཕྱོགས་གེག་མོ་ཞིག་ཏུ་འགྲོའམ། དེ་འདི་སྐད་ཅེས་འགྲོའོ་ཞེས་ཟེར་བ་ན། དེ་འདི་སྐད་ཅེས་གཏུམ་པོ་ཀྱོ ་རྣམས་ཀྱིས་གནས་བཏབ་པའི་ཕྱོགས་ཡིན་པས། ཁྱོད་ཕས་ཕམ་པར་འགྱུར་བའི་ལྟུང་པ་བླང་བར་འགྱུར་དུ་འོང་ངོ་།། ཞེས་སྨྲས་ནས་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་པུ་རུ་མོ་ཤ་དང་། ཉ་དང་། ཤ་སྐམ་དང་། ཆུར་བ་དང་། འོ་མ་དང་། ཞོ་དང་། མར་སར ་ཟ་འམ། དེས་འདི་སྐད་ཅེས་ཟའོ་ཞེས་སྨྲས་པ་ན། དེ་འདི་སྐད་ཅེས་ཁྱོད་ཁ་ཟས་དེ་ལྟ་བུ་ཟན་མཛོ་དང་། འབྲུམ་བུ་བྲ་མོ་དང་། ཤ་བ་ཀྲ་དང་། ཤ་གཟིག་གུ་དང་། ཤུ་བ་དང་། གཡའ་བ་དང་། ཁྱི་རྡོ་དང་། སྐྱུག་བྲོ་བ་དང་། སྐྱ་རྦ་བ་དང་། སྐེམ་ནད་དང་། ལུང་བ་དང་། དབུགས་མི་བདེ ་བ་དང་། སྐེམ་པ་སྟེ། ནད་ཀྱི་རྣམ་པ་དེ་ལྟ་བུ་དག་ཁྱོད་ལ་འབྱུང་བར་འགྱུར་རོ་ཞེས་སྨྲས་ན་དགེ་སློང་མ་འགྱོད་པར་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ།། དོན་གཞན་དང་། འདུལ་བའི་ཡོ་བྱད་ཀྱིས་ནི་ལྟུང་བ་མེད་དོ།། དེ་ལ་དོན་གཞན་ཞེས་བྱ་བ་ནི་བུ་རུ་མོ ་རྒྱལ་པོ་ཆེ་གེ་མོ་དྲན་ནམ། དེ་འདི་སྐད་ཅེས་དྲན་ན་ཞེས་ཟེར་ན། དེ་འདི་སྐད་ཅེས་རྒྱལ་པོ་དེ་ནི་ཡུན་རིང་མོ་ཞིག་ལོན་པས་བུ་ནུ་མོ་ཁྱོད་ལེ་ཉི་ཤུ་ཚང་ཞིང་། ལེགས་པར་བསྙེན་པར་རྫོགས་པ་ཡིན་གྱིས་ཁྱེད་ལ་སུས་ཅི་སྨྲས་ཀྱང་འགྱོད་པར་པ་བྱེད་ཅིག་ཅེས་བྱ་བ་དང་། ་དེ་བཞིན་དུ་ཕྱོགས་ཚིག་པ་དང་ཞེས་བྱ་བ་ནས། དེ་བཞིན་དུ་ཁྱོད་ཀྱིས་མཁན་མོ་ནི་ཚུལ་ཁྲིམས་དང་ལྡན་པ་མེད་དུ་ཐོས་པ་ཡིན་ནོ་ཞེས་བྱ་བ་དང་། ཁྱོད་བསྙེན་པར་རྫོགས་པའི་གནས་ནི། མཚམས་བཅད་པ་དེ་ནི་དཀྱིལ་འཁོར་བར་མངོན་པ་ཡིན་ནོ་ཞེས་བྱ་བ་དང་། ཁྱོད་ཀྱིས ་ལྷག་པ་ཉའམ། ཤ་འམ་ཞེས་བྱ་བ་ནས། མང་སར་གྱི་བར་དག་མ་ཟས་གྲང་། ཁྱོད་ན་པར་འགྱུར་དུ་འདི་དེ་ཞེས་བྱ་བ་སྟེ། དེ་ལྟ་བུ་ནནི་དོན་གཞན་ཡིན་ནོ།། འདུལ་བའི་ཡོ་བྱད་ཇི་ལྟ་བུ་ཞེ་ན། ཕུ་ནུ་མོ་ཁྱོད་ཀྱིས་རྐུ་སེམས་ཀྱིས་མཁན་མོ་དང། སློབ་དཔོན་དག་གི་གོས་བླངས་པར་མ་གྱུར ་གྲང་ཞེས་བྱ་བ་དང་། ལྷུང་བ་དང་བཅས་པར་མ་གྱུར་གྲང་ཞེས་བྱ་བ་དང་། ཁྱོད་མིའི་ཆོས་བླ་མའི་གཏམ་སྨྲ་བསམ་པས་གཏམ་མ་སྤྲས་གྲང་ཞེས་བྱ་བ་དང་། ཁྱོད་གནས་དེར་མ་སོད་དམ། ཁྱོད་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་མི་མཐུན་པར་མ་གྱུར་ཟད་། མི་འགྱུར་གྲང་ཞེས ་བྱ་བ་སྟེ། དེ་ལྟ་བུ་ནི་འདུལ་བའི་ཡོ་བྱད་ཡིན་ནོ།། བར་སྡོམ་ནི། རིགས་དང་བསྙེན་པར་རྫོགས་པ་དང་།། མཁན་མོ་ཉིད་དང་དེ་འཕྲོག་དང་།། འགྲོ་བ་དང་ནི་སྨྲ་བ་དང་།། དོན་ཉིད་དང་ནི་འདུལ་བའོ།། ལྟུང་བྱེད་ལྔ་པའི་ལྔ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། ་དེའི་ཚེ་བཅུ་གཉིས་སྡེ་རྣམས་དགོད་པའི་བསམ་པས་སོར་མོས་དགེ་སློང་མ་རྣམས་ཀྱི་མཚན་ཁུང་དག་ཏུ་འཛུགས་ཤིང་ག་གཆིལ་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་དག། སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི ་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་དག་དུ་མཛད་དེ། སོར་མོས་ག་ག་ཚིལ་བྱེད་ན་ལྟུང་བྱེད་དོ།། སོར་མོ་ཞེས་བྱ་བ་ནི་ག་ག་ཆིལ་བྱ་བའི་བསམ་པ་ཅན་གྱི་གང་ཡིན་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་སོར་མོ ་གཅིག་གིས་ག་གཆིལ་བྱེད་ན་ལྟུང་བྱེད་དོ། ། དེ་བཞིན་དུ་གཉིས་དང་། ལྔའི་བར་གྱིས་བྱེད་ན་ལྷུང་བྱེད་ལྔའོ།། གལ་ཏེ་སྨེ་བ་འམ་ནག་ནོག་སྟོན་ན་ལྟུང་བ་མེད་དོ།། ལྟུང་བྱེད་ལྔ་པའི་དྲུག་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ། གང་གི་ཚེ་བཅོམ་ལྡན་འདས ་ཀྱིས་བཅུ་བདུན་སྡེ་རྣམས་ལས་བརྟེན་ཏེ། ཆུ་ལ་རྩེ་བའི་བསླབ་པའི་གཞི་བཅའ་བང་མཛད་པ་དང་། དེ་ནས་བཅུ་གཉིས་སྡེ་དེ་དག་ཆུར་ཞུགས་ནས་རྩེ་བར་བྱེད། རྩེར་འཇུག་པར་བྱེད་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་བཅོམ ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་དག་ལ་ཡིན་གྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་མཛད་དེ། ཆུ་ལ་རྩེ་ན་ལྟུང་བྱེད་དོ།། ཚུལ་ཞེས་བྱ་བ་ནི་དགེ་སློང་མས་རྩེ་བའི་བསམ་པ་ཅན་གྱི་དག་དང་། ཚིག་དང་ཞེས་བྱ་བ་ནས་དག་གི་རྣམ་པར་རིག་བྱེད་ཅེས་བྱ་བའི་བར་གང་ཡིན་པའོ།། ་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གཞི་དགུ་ལས་ཏེ། དགེ་སློང་མས་ཆུར་རྩེ་བའི་བསམ་པས་ཆུར་འཇུག་པར་འདོད་པ་དང་། རས་ཀྱིས་འཆིང་བ་དང་། ཆུར་འཇུག་པ་དང་། བྱིའུ་བྲལ་བྱེད་ན་ལྟུང་བྱེད་དོ།། ་དེ་བཞིན་དུ་སྟེང་དུ་འབྱུང་བར་བྱེད་པ་དང་། ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་འགྲོ་བ་དང་། རྒུན་ཕྱོགས་ནས་བཟློག་ཕྱོགས་སུ་རྩོལ་བར་བྱེད་ན་ཐམས་ཅ་ང་ལྟུང་བྱེད་དུ་འགྱུར་རོ།། ཆུ་ལ་རྔའི་སྒྲ་འབྱིན་ན་སྤང་བྱེད་དོ།། དེ་བཞིན་དུ་ཆུལ་རྫ་རྔའ་གཅིག་པའི་བར་གྱི་སྒྲ་བྱིན ་ནཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། དགེ་སློང་མས་ཆུ་བན་ཚུན་དུ་མཐོང་བར་བྱེད་ན་བྱུང་བྱེད་དོ།། དགེ་སློང་མས་ཆུལ་དགའ་བར་བྱེད་ན་ལྷུང་བྱེད་དོ།། དགའ་བར་བྱེད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཆེ་བ་དང་། རྩེར་འཇུག་པ་དང་། མགུ་བར་བྱེད་པ་དང་། མཐ་བར་བྱེད་དུ་གྱུ ་རྣཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། དེ་བཞིན་རྒོད་པ་དང་། འབྱར་གཡང་གིས་ལུས་ཀྱིས་སྙོམས་པར་བྱེད་ནཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ཐན་བུམ་པའི་ཆུལ་སོར་མོའི་བམ་ཏོལ་གྱིས་རྡེག་ན་ཡང་ཉེས་བྱས་སོ།། ཇེ་བཞིན་དུ་ཆུ་རྒོད་དང་། ཤ་ཝ་དང་། འབྲས་བུ་དང་། ་ཐུག་པ་ཡང་ངོ་།། ནད་པས་རྩེ་བའི་བསམ་པས་ཐུག་པ་འམ། ཤ་ཁུ་ལ་བ་མ་ཏོལ་གྱིས་རྡེག་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་ལྔ་པའི་བདུན་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ ་ལས་བརྟེན་ཏེ་བུད་མེད་དང་གནས་གཅིག་དུ་ཉལ་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་རྣམས་སྐྱེས་བདག་དང་གནས་གཅིག་ཏུ་ཉལ་བར་བྱེད་དོ། ། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་བཅུ་གཉིས་སྡེ་དག་ལ་འདི་སྐད་ཅེས་སྨྲས་སོ།། པུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས ་གནས་གཅིག་ཏུ་ལན་ཅིགཉལ་བའི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་ཡིན་གྱི། དགེ་སློང་མ་རྣམས་ལནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མེ་དག་སྨོད་པར་བྱེད་པའི་སྐབས་བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེདེས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྐྱེས་པ་དང་། གནས་གཅིག་ཏུཉལ་བ་བྱེད་ན་སྲུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དགོག། སྐྱེས་པ་དང་ལྷན་ཅིག་ཅེས་བྱ་བ་ནི་རྒྱས ་པའི་དབང་པོ་དང་ལྡན་པ་དང་ངོ་། ། གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་གནས་བཞི་པོ་དག་ཏུ་སྐྱ་རེང་འཆར་བར་བྱེད་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་སྙེད་ཁང་གི་གཞིན་ཉལ་བར་བྱེད་ལ། སྐྱེས་པ་ནི་ཤོད་ན་ཉལ ་ན་དགེ་སློང་མ་དེས་སྐས་བཏུལ་བར་བྱའོ། ། གལ་ཏེ་ཐེམསྐས་ཡིན་ན་དེར་ཡང་གཏན་པས་སྒོ་བཅད་ལ་དེའི་འོག་ཏུ་ཉལ་བར་བྱའོ།། གལ་ཏེ་སྐས་མ་བརྟུལ་ཏམ། གཏན་པས་སྒོམ་བཅད་པར་གློས་ཕབ་སྟེ་ཉལ་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ་བར་ཁང་ནི་སྐྱེས་པ ་ཉལ་ལ་ཤོད་ན་དགེ་སློང་མཉལ་བར་བྱེད་ན་ལྟུང་བྱེད་དེ་ཞེས་བྱ་བའི་བར་། ། དེ་བཞིན་དུ་སྐྱེང་ཁང་ན་སྐྱེས་བཉལ་ལ་ཤོད་དུ་དགེ་སློང་མཉལ་བར་བྱེད་ན་ནས་བརྟུལ་བར་བྱ་བའམ། གཏན་པས་སྒོ་གཅད་པར་བྱའོ།། མ་བྱས་པར་ཉལ་བར་བྱེད་ན་ལྟུང་བྱེད་དོ།། དེ་བཞིན་དུ་བར་འང ་དསྐྱེས་པ་ཉལ་ལ། ཤོད་ན་དགེ་སློང་མ་ཉལ་བར་བྱེད་ན་ཡང་ལྟུང་བྱེད་དོ།། དེ་བཞིན་དུ་ཕྱུགས་ར་ལ་སོགས་པ་དག་ཏུ་ཡང་ཞེས་བྱ་བ་ནས། དེར་ཡང་ཤིང་དང་། སབ་མ་དང་། རེ་ལྡེ་དག་གིས་འཁོར་བར་བསྐོར་བར་བྱའོ་ཞེས་བྱ་བ་ནས་མ་བྱས་ན་ལྟུང་བྱེད་དོ་ཞེས་བྱ་བའི་བ.རོར ་དགེ་སློང་མས་དེ་ཙམ་ཅུང་ཟད་སྐྱེས་པ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ལྔ་པའི་བརྒྱད་པ་རྫོགས་སྷོ།། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། ་བམ་པོ་ཉི་ཤུ་གཅིག་པ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་དགོད་པའི་བསམ་པས་མི་སྡུག་ཅིང་མི་སྡུག་པ་དག་གིས། དགེ་སློང་མ་གཞོན་ནུ་རྣམས་ལ་སྔངས་པར་བྱེད། སྔངས་སུ་འཇུག་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང ་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་ལ་སྔངས་པར་བྱེད་དམ། སྔངས་པར་བྱེད་དུ་འཇུག་ན ་ཐན་བཞད་གད་ཀྱི་བསམ་པས་ཀྱང་རུང་སྟེ་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྔངས་པར་བྱེད་དམ་ཞེས་བྱ་བ་ནི་རང་གིས་སོ།། སྔངས་པར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར ་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཞིག་དགེ་སློང་མ་རྣམས་ལ་སྔགས་པར་བྱ་བའི་བསམ་པས་མི་སྡུག་ཅིང་མི་སྡུག་པ་དག་ཉེ་བར་དོང་ཞིང་། གནག་ཅིང་གནག་པ་སོལ་བའི་ཁ་དོག་འདྲ་བ་ཡིད་དུ་མི་འོང་བ་འདི་ལྟ་སྟེ། སྡོང་དུམ་ཚིག་པ་འདྲ་བ་དག་ཉེ་བར་དོང ་ནས་འདི་སྐད་ཅེས་གཟུགས་འདི་འདྲ་བ་དག་གི་གནོད་སྦྱིན་དང་། ཡི་དགས་དང་། ཤ་ཟ་དང་། འབྱུང་པོ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་དང་། སྲུལ་པོ་རྣམས་ཁྱོད་ཀྱི་དྲུང་དུ་འོངས་ནས་དེ་དག་གིས་གསོད་པར་འགྱུར། སྲོག་དང་བྲལ་བར་འགྱུར་རོ་ཞེས་སྨྲས་ན། དགེ་སློང་མ ་སྡངས་པར་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ། ། དེ་བཞིན་དུ་སྒྲ་འབྱིན་པར་བྱེད་པ་འདི་ལྟ་སྟེ། སེང་གེ་དང་སྟག་དང་། སྤྱང་ཀི་རྣམས་ཀྱི་དང་། དེ་བཞིན་དུ་ཡི་དགས་དང་། ཤ་ཟ་རྣ་བས་ཀྱི་སྒྲ་སྣ་ཚོགས་དག་ཅེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ་དེ་བཞིན་དུ་དྲི་འབྱིན་པར་བྱེད་པ་འདི་ལྟ་སྟེ། ངན་སྐྱུགས་དང་། གཅིན་གྱི་དང་། རའི་དང་། རི་རལ་པ་ཅན་རྣམས་ཀྱི་དང་། དེ་བཞིན་དུ་ཡི་དགས་ལ་སོགས་པ་དྲི་སྣ་ཚོགས་དག་ཅེས་བྱ་བ་ནས། ལྟུང་བྱེད་དེ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རེག་པ་སྣ་ཚོགས་འབྱིན་པར ་བྱེད་པ་འདི་ལྟ་སྟེ། ཤིང་དང་། སབ་མ་དང་། རེ་ལྡེ་དང་། ཕྱར་བ་རྣམས་ཀྱི་དང་། དེ་བཞིན་དུ་ཡི་དགས་ལ་སོགས་པའི་རེག་པ་སྣ་ཚོགས་དག་ཅེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་དགེ་སློང་མ་ལ་སྔངས་པར་བྱ་བའི་བསམ་པས་ཡིད་དུ་འོང་བའི ་གཟུགས་དག་སྟོན་པར་བྱེད་པ་འདི་ལྟ་སྟེ། རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དང་། བྲམ་ཟེའི་ཤིང་ས་ལ་ཆེན་པོ་ལྟ་བུ་དང་། ཁྱིམ་བདག་ཤིང་ས་ལ་ཆེན་པོ་ལྟ་བུ་རྣམས་ཏེ། གཟུགས་འདི་འདྲ་བའི་ལྷ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཏེ། དགེ ་སློང་མ་སྔངས་པར་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ཉེས་བྱས་སུ་འགྱུར་རོ། ། དེ་བཞིན་དུ་སྒྲ་ཡིད་དུ་འོང་བ་འབྱིན་པར་བྱེད་པ་འདི་ལྟ་སྟེ། པི་བང་དང་། ལྕགས་ཀྱི་སིལ་ཀྲོལ་དང་། བར་རྔ་དང་། ཤིན་དུ་དབྱངས་སྙན་རྣམས་ཀྱི་སྟེ། སྒྲ་འདི་ལྟ་བུའི་ལྷ་ལ་སོགས་པ་ཞེས་བྱ ་བ་ནས་ཉེས་བྱས་སོ་ཞེས་བྱ་བའི་བར་རོ། ། དེ་བཞིན་དུ་དྲི་ཡིད་དུ་འོང་བ་འབྱིན་པར་བྱེད་པ་འདི་ལྟ་སྟེ། ཨ་ག་རུ་དང་། ཙན་དན་དང་། དུ་རུས་ཀ་དང་། ག་བུར་ལ་སོགས་པའི་སྟེ། དྲི་འདི་ལྟ་བུའི་ལྷ་ལ་སོགས་པ་ཞེས་བྱ་བ་ནས། ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། དེ་བཞིན ་དུ་རེག་པ་ཡིད་དུ་འོང་བ་འབྱིན་པར་བྱེད་པ་འདི་ལྟ་སྟེ། དར་དང་། རས་དང་། གོས་དང་། དར་ལ་དང་། དུ་གུ་ལའི་གོས་རྣམས་ཀྱི་སྟེ། རེག་པ་འདི་ལྟ་བུའི་ལྷ་ལ་སོགས་པ་ཞེས་བྱ་བ་ནས། ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། ལྟུང་བྱེད་ལྔ་པའི་དགུ་པ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་འཁོར་མང་དུ་ཡོད་པས་དེ་ཡང་མང་དུ་ཟཞིང་མང་དུ་འཐུང་བས་རྡུལ་གྱིས་དེའི་གོས་དག་མ་རུང་བར་གྱུར་པ་ན། དེས་གོས་དེ་དག་འཁྲུ་ཞིང་ཁ་སྒྱུར་མ་ནུས་ནས་དེས་ལྷན་ཅིག་གནས་པ་དང་། ཉེ་གནས་དེ་དག་ལ་གཏན ་བྱིན་ནོ། ། དེ་དག་གིས་ཆོས་གོས་དེ་དག་འགྲུས་ཤིང་ཁ་བསྒྱུར་ཏེ་གཏུར་དུ་དག་གི་ནང་དུ་བཅུག་ནས་དེ་ཉིད་ཀྱི་ལག་ཏུ་གཅོལ་ཏེ་ལྗོངས་རྒྱུ་ཞིང་དོད་དོ།། དེ་དག་ལྗོངས་རྒྱུ་ནིང་དོང་བ་དང་། དེས་ཕྱིར་བླང་ངོ་སྙམ་ནས་གོས་དག་སྤྱད་དོ།། དེས་དེ་དག་ཡང་སླར་དྲི་མས་གོས ་བར་བྱས་ནས་གཟུར་བུ་དེ་དག་ཉིད་ཀྱི་ནང་དུ་བཅུག་གོ། ། དེ་དག་ལྕགས་ན་གོས་དེ་དག་དྲི་མ་ཅན་དུ་བྱས་པ་མཐོང་ནས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་བ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་དས ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་ལ་གོས་དག་བྱིན་ནས་དེའི་འོག་ཏུ་ཕྱིར་མ་བླངས་པར་སྤྱོད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའི་བར་དག་གོ།། ཕྱིར་མ ་རླངས་པར་ཞེས་བྱ་བ་ནི་རྡེང་མ་བཅད་པར་རོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གོས་བྱིན་ནས་དེའི་འོག་ཏུ་ཕྱིར་མ་བླངས་པར་སྤྱོད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ ་འགྲོགས་བཤེས་ཡིན་པ་དང་། ཐོས་ན་དགའ་བར་འགྱུར་བ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་ལྔ་པའི་བཅུ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་དང་། དགེ་སློང་མ་རྣམས་སུ་འཐབ་ཅིང་འཚང ་འདྲུ་བར་བྱེད་དེ། ། བྲོས་ཤིང་ཞེ་སྡང་བའི་ཟིལ་གྱིས་ནོན་ནས་གཞི་མེད་པར་དགེ་སློང་མ་རྣམས་ལ་དགེ་སློང་ལྷག་མས་གླད་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྲོས་ཤིང་ཞེ་སྡང་ལ་མི་དགའ་བར་གྱུར་ནས་དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་ན་ལྟུང་བྱེད་དོ།། ཡང་དགེ་སློང་མས ་གང་ཞེས་བྱ་བ་དག་ནི་བཅུ་གཉིས་སྡེ་དག་གོ། ཁྲོས་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། དགེ་འདུན་ལྷག་མས་ཞེས་བྱ་བ་ནི་ཉི་ཤུ་བོ་གང་ཡང་རུང་བས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་ལ་དགེ་འདུན་ལྷག ་མའི་ལྟུང་བ་བྱུང་བ་མཐོང་ལ། དེས་དེ་ལ་ལྟུང་བ་མ་བྱུང་བའི་ལྟ་བ་ཐོབ་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་ཟོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ཁོ་མོས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེད།། དགེ་སློང ་མས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ལ། དེས་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ཁོ་མོས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་འབྱུང་བ་མཐོང་ངོ་ཞེས ་སྨྲས་ན་ལྟུང་བྱེད་དོ། ། དགེ་སློང་མས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ལ། དེ་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟ་བ་ཐོབ་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ནས་འདི་སྐད་ཅེས་འོ་མོས་དགེ་སློང ་མལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ངོ་ཞེས་སྨྲ་ན་ལྟུང་བྱེད་དོ། ། དགེ་སློང་མས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་འབྱུང་བ་མཐོང་ལ། དེ་དེ་ལ་ཉེས་བྱས་ཀྱི་ལྟ་བ་ཐོབ་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི ་སྐད་ཅེས་ཁོ་མོས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྷུང་བབྱུང་བ་མཐོང་ངོ་ཞེས་སྨན་ལྟུང་བྱེད་དོ། ། དེ་བཞིན་དུ་རིམ་པ་འདིས་དགེ་འདུན་གྱི་ལྷག་མའི་བག་ཙམ་གྱི་བསླབ་པའི་གཞི་ལ་དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ།། དེ་ལ་མོད་ཀྱི་དགེ་སློང་མས་ཇི་ཙམ་ཅུང་ཟད་ཐོས་ཤིང་ཞེ་སྡང་ལ་མི།། ་དགའ་བས་གཞི་མེད་པར་དགེ་འདུན་ལྷག་མས་སྐུར་པ་འདེབས་ན་ཐམས་ཅད་དུ་ལྷུང་བྱེད་དུ་འགྱུར་རོ།། ལུང་བྱེད་ལྔ་པའི་བཅུ་གཅིག་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཡུལ་ཙམ་པའི་ཐག་པའི་ཁྱེའུ་ཞིག་ཆུང་མ་བླངས་ནས་རིང་པོ་མ་ལོན་པར་དེ་རང་གི ་ཟུང་མ་ལ་ཁྲོས་ནས་སླར་ཡང་ཙམ་པར་རྨས་པ་ན་དེའི་ཚེ་སྦོམ་དགའ་མོ་ལ་མཁན་འདུག་པ་དེས་ཁྱེའུ་དེ་མཐོང་ནས་འདི་སྐ་ཅེས་སྨྲས་སོ། ། བཞིན་བཟངས་གར་འགོངས་འདི་སྐད་ཅེས་སྨྲས་སོ།། ཙམ་པར་མཆིའོ།། དེ་ནས་སྦོམ་དགའ་མོ་དེ་དང་ལྷན་ཅིགཆས་པ་དང་། ཐག་པའི ་ཆུང་མ་ཁང་ཐོག་ན་འགུ་བ་དེས་ཁྱིམ་ཐབ་དགེ་སློང་མ་ཞིག་དང་འགོགས་ཏེ་འགྲོན་ལམ་དུ་ཞུགས་ཏེ་སོང་བ་མཐོང་ངོ་། ། མཐོང་ནས་ཀྱང་སྐད་ཆེན་པོར་ཁོ་མོའི་ཁྱི་མཐབ་ཀྱིས་དགེ་སློང་མ་ཞིག་ཁྲིད་ནས་བྲོས་སོ་ཞེས་བསྒྲགས་པ་དང་། དེ་ནས་ཐག་པ་རབ་ཏུ་མང་པོས་སྦོམ་དགའ་མོ ་བརྡེགས་སོ། ། དེ་ནས་མིག་ཕུབས་སྤངས་ཤིང་དབྱར་ཁང་དུ་སོང་བ་དང་། དགེ་སློང་མ་རྣམས་ཀྱིས་དྲིས་པ་ལས་དེས་སྐབས་དེ་རྒྱས་པར་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྡོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏེ།། དེ་ནས་བཅོམ་ལྡན་འདས ་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བུད་མེད་མེད་པར་སྐྱེས་པ་དང་ལྷན་ཅིག་འདྲོན་ལམ་དུ་ཞུགས་ཏེ་འགྲོ་ན་ཐ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། བུད་མེད་མེད་པར་སྐྱེས ་བ་དང་ལྷན་ཅིག་ཅེས་བྱ་བ་ནི་གང་དུ་བུད་མེད་མེད་པར་རོ། ། འགྲོན་ལམ་དུ་ཞུགས་ཏེ་འགྲོ་ན་ཞེས་བྱ་བ་ནི་དགོན་པའི་ལམ་དུ་འགྲོ་ནའོ།། ཐ་ན་གྲོང་བར་དུ་ཡང་རུང་སྟེ་ཞེས་བྱ་བ་ནི་གྲོང་ནས་གྲོང་དུ་འགྲོ་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར ་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཆུང་ཟད་བུད་མེད་མེད་པར་སྐྱེས་པ་དང་ལྷན་ཅིག་གྲོང་ནས་གྲོང་བར་དུ་འགྲོ་ན་རྒྱད་གྲགས་ཕྱེད་ཕྱེད་བུ་སོང་ན་དེ་ལ་ཉེས་བྱས་སོ།། རྒྱང་གྲགས་རྒྱང་གྲགས་སུ་ནི་ལྟུང་བྱེད་དོ།། ལྟུང་བྱེད་ལྔ་པའི་བཅུ་གཉིས་པ་རྫོགས་སྷོ།། །། སྡོམ་ལ། ་རྒུན་མ་ལྡན་ཅིག་ཉི་ཤུ་མིན།། སི་བརྐོ་འགྲོན་པོས་བསླབ་པ་དང།། ཉན་ན་ལྔ་དང་མགུས་དང་། ཆང་འཐུང་དུས་མིན་རྒྱུ་བའོ།། གླེང་གནི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་རྒྱལ་པོའི་ཁབ་ནས་ཤོག་མ་འདྲལ་བའི་ཚོང་པ་རྣམས་དང་ལྷན་ཅིག་འཉན་ཡང་དུ་ཆས་ཏེ། ་དེ་ནས་ཤོག་མ་འདྲལ་བའི་ཚོད་པ་དང་། ལམ་གོལ་བ་ནས་དོད་པ་ན་ཤོ་གམ་ཐ་དག་གིས་སླེབས་ནས། དེར་སྦོམ་དགའ་མོ་ཡང་བརྡེགས་སོ།། དེ་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མ་བྱོན་པ་ལེགས་སོ།། ཤོ་གམ་པ་དག་གིས་མ་གཙེས ་གང་ཞེས་དྲིས་པ་དང་། དེས་སྐབས་དེ་རྒྱས་པར་སྤྲས་པ་ལས་དགེ་སློང་མ་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ཐམས་ཅད་ནི་དགེ་སློང་མ་གང་རྐུན་པོའི་དོན་འཐུན་དང་ལྷན་ཅིག་འདྲོན ་ལམ་དུ་འགྲོ་བ་ལས་གྱུར་ཏོ་སྙམ་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རྐུན་པོའི་དོན་འཐུན་དང་ལྷན་ཅིག་འདྲོན་ལམ་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཉེས་བྱ་བ་ནི་སྦོམ་དགའ་མོའོ།། རྐུན་པོའི ་དོན་འཐུན་དང་ཞེས་བྱ་བ་ནི་ཤོ་གམ་འདྲལ་བའི་ཆོད་པ་འམ་རྐུན་པོ་དང་། འདྲོན་ལམ་དུ་ཞེས་བྱ་བ་ནི་དགོན་པའི་ལམ་དུ་ཞུགས་ཏེ་འདོད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ནུང་ཟད་རྐུན་པོ་འདོན་འཐུན ་དང་འགྲོན་ལམ་དུ་འཇུག་ན་ལྟུང་བྱེད་དོ། ། རྒྱད་གྲགས་ཕྱེད་ཕྱེད་དུ་ནི་ཉེས་བྱས་སུ་འགྱུར་རོ།། རྒྱང་གྲགས་རྒྱང་གྲགས་སུ་ནི་ལྟུང་བྱེད་དོ།། ལྟུང་བྱེད་དྲུག་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་འཁོར་འདོད ་པས་དེས་ལེ་ཉི་ཤུ་མ་ལོན་པ་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་པ་ན་དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེས་འདི་སྐད་ཅེས་དགེ་སློང་རྣམས་ལ་མཛད་ཀྱི། དགེ་སློང་མ་རྣམས ་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དོ།། ཡང་དགེ་སློང་མ་གང་ལོ་ཉི་ཤུ་མལོན་པ་གསོལ་པ་དང ་བཞིའི་ལས་ཀྱིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་དགེ་སློང་མ་དེ་ནི་བསྙེན་པར་མ་རྫོགས་པ་ཡིན་ལ་དེ་དག་ཀྱང་ལྟུང་བ་དང་བཅས་པས་སྨད་པར་འགྱུར་རོ། ། དེ་ལ་དེ་ནི་ངེས་པ་ཡིན་ནོ།། དེ་ལ་དེ་ནི་རྗེས་སུ་འཐུན་པའི་ཆོས་ཡིན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གལ་ཏེ་ལོ་ཉི་ཤུ་མ་ལོན་པར་གྱུར་ཅིང་། ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་པ་དེ་ལ་དགེ་སློང་མ་རྣམས་ཀྱིས་ལོ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་དང་། དེ་འདི་སྐད་ཅེས་ཁོ་མོ་ཉི་ཤུ་མ་ལོ་ན་ནོ་ཞེས་སྨྲས་པ་ན་དེ་དགེ་སློང་མདག་གིས་དགེ་སློང་མའི ་དངོས་པོར་བསྟེན་པར་རྫོགས་པར་བྱེད་མ་དགེ་སློང་ས་དག་དགེ་སློང་མེད་ཡང་དང་བོ་ཉིད་ནས་བསྟེན་པར་མརྫོགས་པ་ཡིན་པ་འཐོགས་པ་དང་། ལངས་སྤྱད་པས་སྣང་བར་ཡང་འགྱུར། དགེ་སློང་མིའི་དགེ་འདུན་ཡང་དས་འཞལ་ཆབས་ཅན་དུ་འགྱུར་ར།། ག་ཏས་ཉི་ཤུས ་ལོན་པར་ཐར་ཅིང་། ལོ་ཉི་ཤུས་སོན་པར་འདུ་ཤེས་པ་དེ་ལ་དགེ་སློང་ས་རྣམས་ཀྱིས་མ་ཉི་ཤུ་ལན་ནས་ཞེས་དྲིས་པ་དང་། དེ་འདི་གད་ཅེས་ལ་མོས་དྲི་ལྟར་ཡང་ལ་ཉི་ཤུ་ལོན་པར་མི་ཤེས་ཤིང་མེ་ནཏེ། ལ་མོ་ནི་འད་གཉིས་ནའོ་ཞེས་སྨྲས་པ་ན། དེ་དག་སློངས་དག་གིས་ས ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་དགེ་སློང་མ་དག་དགེ་སློང་མ་དེ་ཡང་དང་པོ་ཉིད་ནས་བསྙེན་པར་མ་རྫོགས་པ་ཡིན་ལ་འགྲོགས་པ་དང་། ལོངས་སྤྱད་པས་ལྟུང་བར་ཡང་འགྱུར། དགེ་སློང་མའི་དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་འགྱུར་རོ།། གལ་ཏེ་ལོ་ཉ ་ཤུ་ས་ལོན་པར་གྱུར་ཅིང་ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་པ་ལ་དེ་ཡང་མི་ཤེས་པ་དང་། མི་དྲན་པ་དང་། ཡིད་གཉིས་ཟ་བར་གྱུར་ཀྱར་རུང་། དེ་ལ་དགེ་སློང་མས་ཅི་ཡང་མ་དྲིས་པ་འམ། ལ་ནམ་བྱིན་པར་དེ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྟེན་པར་རྫོགས་པར་བྱེད ་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་དེ་དེའི་ཡི་འོག་ཏུ་བསྙེན་པར་རྫོགས་པ་ནི་འཆགས་ཏེ། དགེ་འདུན་དང་འགྲོགས་པ་དང་ལོངས་སྐྱེད་པས་ལྟུང་བར་ཡང་འགྱུར་ལ། དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་འགྱུར་རོ།། གལ་ཏེ་ལོ་ཉི ་བུ་མ་ལོན་པར་གྱུར་ལ་ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་དེ་ལ་དགེ་སློང་མ་རྣམས་ཀྱིས་ལོ་ཉི་ཤུ་ལོ་ན་ནམ་ཞེས་དྲིས་པ་དང་དེས་འདི་སྐད་ཅེས་ལོ་ཉི་ཤུ་ལོན་ནོ་ཞེས་སྨྲས་པ་ན་དེ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་དགེ་སློང་མདག་དགེ་སློང་མེ་དེ་དེའི་འོག། ཏུ་བསྙེན་པར་རྫོགས་པ་འཆགས་ཏེ་དགེ་འདུན་དང་འགྲོགས་ཤིང་ལོངས་སྤྱོད་པས་ལྟུང་བར་ཡང་མི་འགྱུར་ལ། ་དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་མི་འགྱུར་རོ།། གལ་ཏེ་ལོ་ཉི་ཤུ་མ་ལོན་པར་གྱུར་ཅིང་ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་དེ་ལ་དགེ་སློང་མ་རྣམས་ཀྱིས་ལོ ་ན་ཡི་ཤུ་ལོན་ནམ་ཞེས་དྲིས་པ་ནས་དེ་འདི་སྐད་ཅེས་ཁོ་མོས་ཇི་ལྟར་ཡང་ལོ་ཉི་ཤུ་ལོན་པར་ཤེས་ཤིང་དྲན་ཏེ་ཁོ་མོ་ནི་ཡིད་གཉིས་མི་ཟའོ་ཞེས་སྨྲས་པ་ན་དེ་ལ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་དགེ་སློང་མ་ངག་དགེ་སློང་མ་དེའི་འོག་ཏུ ་བསྙེན་པར་རྫོགས་པ་འཆགས་ཤིང་འགྲོགས་པ་དང་ལོངས་སྤྱད་པས་ལྟུང་བར་ཡང་མི་འགྱུར་ལ། དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་མི་འགྱུར་རོ།། གལ་ཏེ་ལེ་ཉི་ཤུ་ལོན་པར་གྱུར་ཅིང་ལེ་ཉི་ཤུ་མ་ལོན་པར་འདུ་ཤེས་པ་དེ་ལ་དགེ་སློང་མ་རྣམས་ཀྱིས ་ལེ་ཉི་ཤུ་ལོན་ནམ་ཤེས་དྲིས་པ་ན། དེ་འདི་སྐད་ཅེས་ཁོ་མོས་ལོ་ཉི་ཤུ་མ་ལོན་ནོ་ཞེས་སྨྲས་པ་ན་དེ་ལ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་དགེ་སློང་མ་དག་དགེ་སློང་མ་དེ་དང་པོ་ཉིད་ནས་ལེགས་པར་བསྙེན་པར་རྫོགས་པ་ཡིན་ཞིང་འགྲོགས ་པ་དང་ལོངས་སྤྱད་པས་ལྟུང་བར་ཡང་མི་འགྱུར་ལ། དགེ་འདུན་ནི་དེས་འགལ་ཚབས་ཅན་དུ་འགྱུར་རོ།། གལ་ཏེ་ལེ་ཉི་ཤུ་ལོན་པར་གྱུར་ཅིང་ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་པ་དེ་ལ་དགེ་སློང་མ་རྣམས་ཀྱིས་ལེ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་ན་དེ་འདི་སྐད་ཅེས་ཁོ་མོས་ཇི་ལྟར་ཡང་ལོ་ཉི་ཤུམ ་ལེན་པར་ཤེས་ཤིང་དྲན་ཏེ་ཁོ་མོ་ཡིད་གཉིས་ཟའོ་ཞེས་སྨྲས་པ་ན། དེ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་དགེ་སློང་མ་དག་དགེ་སློང་དེ་དང་པོ་ཉིད་ནས་ལེགས་པར་བསྙེན་པར་རྫོགས་པར་ཡིན་ཞིང་འགྲོགས་པ་དང་ལོངས་སྤྱད་པས་ལྟུང་བར་ཡང་མི ་འགྱུར་ལ། དགེ་འདུན་ནི་དེས་འགལ་ཚབས་ཅན་དུ་འགྱུར་རོ།། གལ་ཏེ་ལེ་ཉི་ཤུ་ལོན་ལ་དེ་མ་ཤེས་ཤིང་མི་དྲན་ནམ་ཡིད་གཉིས་ཟ་བར་གྱུར་ཀྱང་རུང་དེ་ལ་དགེ་སློང་མས་མ་དྲིས་སམ་དྲིས་པའི་ལན་མ་བྱིན་པར་དེ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར ་བྱེད་ན་དགེ་སློང་མ་དག་དགེ་སློང་མ་དེ་དང་པོ་ཉིད་ནས་ལེགས་པར་བསྙེན་པར་རྫོགས་པ་ཡིན་ཞིང་འགྲོགས་པ་དང་། ལོངས་སྤྱད་པས་ལྟུང་བར་མི་འགྱུར་ལ་དགེ་འདུན་ནི་དེས་འགལ་ཚབས་ཅན་དུ་འགྱུར་རོ།། གལ་ཏེ་ལོ་ཉི་ཤུ་ཚང་བར་གྱུར་ཅིང་ལེ་ཉི་ཤུ་ཚང་བར་འདུ་ཤེས་པ་བདེ་བ་དགེ ་སློང་མ་རྣམས་ཀྱིས་ལོ་ཉི་ཤུ་ལེན་ནམ་ཞེས་དྲིས་པ་དང་དེས་འདི་སྐད་ཅེས་ལོ་ཉི་ཤུ་ལོན་ནོ་ཞེས་སྨྲས་པ་ན། དེ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དེ་དང་པོ་ཉིད་ནས་ལེགས་པར་བསྙེན ་པར་རྫོགས་པ་ཡི་ཤིང་འགྲོགས་པ་དང་ལོངས་སྤྱད་པས་ལྟུང་བར་ཡང་མི་འགྱུར་ཞིང་དགེ་འདུན་ཡང་ངས་འགལ་ཚབས་ཅན་དུ་མི་འགྱུར་རོ། ། གལ་ཏེ་ལེ་ཉི་ཤུ་ལོན་པར་གྱུར་ཅིང་ཉ་ཤུ་ལོན་པར་འདུ་ཤེས་པ་དང་ཤེས་ཤིང་དྲན་ཏེ་ཡིད་གཉིས་མི་ཟ་བ་དེ་ལ་དགེ་སློང་མ་རྣམས་ཀྱིས ་ལོ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་ནི་དེ་འདི་སྐད་ཅེས་ཇི་ལྟར་ཡང་ཁོ་མོས་ལེ་ཉི་ཤུ་ལོན་པར་ཤེས་ཤིང་དྲན་ཏེ་ཁོ་མོ་ཡིད་གཉིས་མི་ཟའོ་ཞེས་སྨྲས་པ་ན། དགེ་སློང་མ་དགགས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ ་སློང་མ་དེ་དང་པོ་ཉིད་ནས་ལེགས་པར་བསྙེན་པར་རྫོགས་པ་ཡིན་ཞིང་འགྲོགས་པ་དང་ལོངས་སྤྱད་པས་ལྟུང་བར་ཡང་མི་འགྱུར་ལ་དགེ་འདུན་ཡང་ངེས་འགལ་ཚབས་ཅན་དུ་མི་འགྱུར་རོ། ། དགེ་སློང་མ་དག་དེ་ལ་དགེ་སློང་མ་བཞི་པོ་གང་ཡིན་པ་དེ་དག་ནི་དང་པོ་འཁྲུགས་པ་ཡིན ་ཏེ་དེ་དག་དང་པོ་ཉིད་ནས་བརྙེད་པ་མ་རྫོགས་པས་བསྙིལ་པར་འོས་པ་ཡིན་ནོ། ། གེ་གྲོང་མེད་པ་དགེ་སློང་མ་མི་ཤེས་ཤིང་མིང་ལ་ཡིད་གཉིས་ཟ་བ་གང་ཡིན་པ་དེ་ལ་ནི་ཤེས་པར་བྱ་དྲན་པར་བྱ། སོམ་ཉི་དང་ཡིད་གཉིས་སྤང་བར་བྱ་སྟེ། གང་གི་ཚེ་ཤེས་པར་གྱུར་ཏམ། དྲན་པར་གྱུར་ཏམ། ་སོམ་ཉི་དང་། ཡིད་གཉིས་སྤངས་པར་གྱུར་ལ། གལ་ཏེ་རེ་ཤིག་ཚད་ན་ཇི་ལྟར་བསྙེན་པར་རྫོགས་པ་དེ་བཞིན་དུ་བསྙེན་པར་རྫོགས་པ་ཡིན་ནོ།། གལ་ཏེ་མ་ཚང་ནས་སྤོ་བར་བྱ་བ་འམ། སླར་ཡང་བསྙེན་པར་རྫོགས་པར་བྱའོ།། ས་སྤོ་བར་མི་བྱེད་དམ། སླར་ཡང་བསྙེན་པར ་རྫོགས་པར་མི་བྱེད་ལ། གལ་ཏེ་རང་བཞིན་དུ་གནས་པའི་དགེ་སློང་རྣམས་དང་ལྷན་ཅིག་ལ་ན་གཉིས་སམ་གསུམ་གསོ་སྦྱོང་གི་ལས་དག་ཉམས་སུ་མྱོང་བར་བྱེད་ན་དགེ་སློང་མ་དག་རྐུ་ཐབས་སུ་གནས་པ་ཡིན་ཏེ་དགེ་སློང་མ་དེ་བསྙིལ་བར་འོས་པ་ཡིན་ནོ།། དགེ་སློང་མ་དག་དེ་ལ ་དགེ་སློང་མ་ལེ་ཉི་ཤུ་མ་ལོན་པར་གྱུར་པ་ལེ་ཉི་ཤུ་ལོན་པའི་འདུ་ཤེས་ཀྱིས་བསྙེན་པར་རྫོགས་པ་དང་དེའི་གཉེན་དག་ལྷགས་ཏེ་འདི་སྐད་ཅེས་སྨྲས་སོ། ། མིང་འདི་ཞེས་བྱ་བ་ཡོད་དམ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། དེ་ནི་བསྙེན་པར་རྫོགས་སོ།། དེ་དག་གིས་འདི་སྐད་ཅེས་སྨྲས ་སོ། ། དེ་ནི་ལེ་ཉི་ཤུ་མ་ལོན་ནོ་ཞེས་དེ་སྐད་སྨྲས་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཤོལ་གྱི་ཟླ་བ་དང་། མངལ་གྱི་ཟླ་བ་ཡང་བརྩི་བར་བྱའོ།། གལ་ཏེ་ཚང་ན་དེ་ལྟ་ན་ལེགས། དེ་སྟེ་མཆད་ན་སོ་སྤྲོ་བར་བྱ་བ་འམ། སླར་ཡང་བསྙེན་པར་རྫོགས་པར་བྱའོ།། སསྷོ ་བར་མི་བྱེད་དམ། སླར་ཡང་བསྙེན་པར་རྫོགས་པར་མི་བྱེད་ན་ཞེས་བྱ་བ་ནས་བསྙིལ་བར་འོས་པ་ཡིན་ནོ་ཞེས་བྱ་བའི་བར་རོ།། དགེ་སློང་མ་དག་དེ་ལ་དགེ་སློང་མ་ལོ་བཅཝོ་བརྒྱད་ལེན་པ་གང་ཡིན་པ་དེ་ལེ་ཉི་ཤུའི་འདུ་ཤེས་ཀྱིས་བསྙེན་པར་རྫོགས་པར་གྱུར་ལ། གལ་ཏེ་ལོ་གཉིས ་ཀྱེ་དྲན་པ་རྙེད་ན་ཇི་ལྟར་བསྙེན་པར་རྫོགས་པ་དེ་བཞིན་དུ་བསྙེན་པར་རྫོགས་པ་ཡིན་ཏེ། དགེ་སློང་མ་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པ་རྙེད་པར་དཀའ་བའི་ཕྱིར་རོ།། གལ་ཏེ་ལོ ་གཅིག་གི་དྲན་པ་རྙེད་ན་མངལ་གྱི་ཟླ་བ་དང་ཤོལ་གྱི་ཟླ་བ་བརྩི་བར་བྱའོ། ། གལ་ཏེ་ཆང་ན་དེ་ལྟ་ན་ལེགས། དེ་སྟེ་མ་ཚད་ན་ཞེས་བྱ་བ་ནས་བསྙིལ་བར་འོས་པ་ཡིན་ནོ་ཞེས་བྱ་བའི་བར་རོ།། དགེ་སློང་མ་དག་དེ་ཡང་དགེ་སློང་མ་ལོ་བཅུ་དགུ་ལོན་པ་གང་ཡིན་པ་དེ་ལོ་ཉི་ཤུའི་འདུ ་ཤེས་ཀྱིས་བསྙེན་པར་རྫོགས་པར་གྱུར་ལ། གལ་ཏེ་ལོ་གཅིག་གི་དྲན་པ་རྙེད་ན་ཇི་ལྟར་བསྙེན་པར་རྫོགས་པ་དེ་བཞིན་དུ་བསྙེན་པར་རྫོགས་པ་ཡིན་ཏེ། དགེ་སློང་མ་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ ་རྙེད་པར་དཀའ་བའི་ཕྱིར་རོ། ། གལ་ཏེ་ལོ་མ་ཚང་བར་དྲན་པ་རྙེད་ན་མངལ་གྱི་ཟླ་བ་དང་ཤོལ་གྱི་ཟླ་བ་བརྩི་བར་བྱའོ།། གལ་ཏེ་ཆད་ན་དེ་ལྡན་ལེགས་གལ་ཏེ་མ་ཚང་ནས་སྤོ་བར་བྱ་བ་འམ། སླར་ཡང་བསྙེན་པར་རྫོགས་པར་བྱའོ་ཞེས་བྱ་བ་ནས་བསྙིལ་བར་འོས་པ་ཡིན་ནོ་ཞེས་བྱ ་བའི་བར་རོ། ། སྣང་བྱེད་དྲུག་པའི་གཉིས་པ་རྫོགས་སྷོ།། །། གླེང་གཞོན་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལས་བརྟེན་ཏེ། རང་གི་ལག་གིས་ས་རྐོ་བའི་བསླབ་པའི་གཞི་བཅང་བ་མཛད་པ་དང་། དེ་ནས་བཅུ་གཉིས་སྡེ་དག་རང ་གིལག་གིསས་དེ་བར་བྱེད། རྐེར་འཇུག་པར་བྱེད་པ་ན་དེ་ན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོམ་ཏེ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདིད་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ ་གངས་ཀོའམ་དེར་འཇུག་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ས་ཞེས་བྱ་བ་ལས་ནི་གཉིས་ཏེ། རང་བཞིན་ཅན་དང་། རང་བཞིན་ཅན་མ་ཡིན་པའོ།། དེ་ལ་རང་བཞིན་ཅན་ཞེས་བྱ་བ་ནི་ཆར་ཆུ་ཤོད་པའི་དུས་སུ་ཟླ་བ་གསུམ་གྱིས་ས་ལྟས ་བར་གྱུར་པ་སྟེ་འདི་ནི་རང་བཞིན་ཅན་གྱིས་ཞེས་བྱའོ། ། རང་བཞིན་ཅན་མ་ཡིན་པའི་ས་གང་ཞེ་ན། གང་གི་ཆ་ཆར་མ་བབ་པ་དེའི་ཚེས་མཉས་པར་གྱུར་བ་སྟེ་འདི་ནི་ས་རང་བཞིན་ཅན་མ་ཡིན་པ་ཞེས་བྱའོ།། དོན་ཞེས་བྱ་བ་ནི་རང་གིས་ས།། རྐོར་འཇུག་ན ་ཞེས་བྱ་བ་ནི་གཞན་ནོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་རང་བཞིན་ཅན་གྱིས་རྐོན་རྐོ་བ་ན་དེ་ལ་ལྟུང་བྱེད་དོ།། རང་བཞིན་ཅན་མ་ཡིན་པ་རྐོན་ཉེས་བྱས་སོ།། དགེ་སློང་མས་ས་ལ་ཕུར་པ་འདེབས་ན་ལྟུང ་བྱེད་དོ། ། འབྱིན་ན་ཉེས་བྱས་སོ།། དགེ་སློང་མས་ས་ཞག་འགོགས་པར་བྱེད་པ་ན་གལ་ཏེ་སའི་ཁམས་ནི་ཆེས་མང་ལ་ས་ཞག་ནི་ཆེས་སྲབ་པར་གྱུར་ན་ལྟུང་བྱེད་དོ།། ས་ཞག་གི་ཁམས་ནི་ཆེས་སྟུག་ལ་སའི་ཁམས་ནི་ཆེས་སྲབ་པར་གྱུར་ན་ཉེས་བྱས་སོ།། ་དེ་བཞིན་དུ་ལྕི་བ་ནི་ཆེས་མང་ལ་སའི་ཁམས་ནི་ཆེས་ཉུང་ན་ཉེས་བྱས་སོ།། དགེ་སློང་མས་ས་ལ་བྱེ་ཞག་འགོགས་པར་བྱེད་ན་སའི་ཁམས་ནི་ཆེས་སྟུག་ལ་བྱེ་མའི་ཁམས་ཆེས་སབ་ན་ལྟུང་བྱེད་དོ།། བྱེ་མའི་ཁམས་ཆེས་མང་ལ་སའི་ཁམས་ནི་ཆེས་སྲབ་ན་ཉེས་བྱས་སོ།། ་དགོས་མ་ཟུམ་པ་རྟིབ་པར་བྱེད་ན་ལྟུང་བྱེད་དོ།། གྲུམ་པ་ལ་ནི་ཉེས་བྱས་སོ།། རྩིག་པ་མ་ཟུམ་པ་འཇིག་པར་བྱེད་ན་ལྟུང་བྱེད་དོ།། གྲུམ་པ་ལ་ནི་ཉེས་བྱས་སོ།། ཅིག་པ་ལ་ཕུར་བས་འདེབས་ན་ལྟུང་བྱེད་དོ།། འབྱིན་ན་ཉེས་བྱས་སོ།། ཞལ་ཞལ་མགུམས་པ་འགོགས་ན་སྡུང ་བྱེད་དོ། ། གྲུགས་པ་ལ་ནི་ཉེས་བྱས་སོ།། ཐ་ན་རྣམས་འདྲལ་བར་བྱེད་ན་ཡང་ཉེས་བྱས་སོ།། འདམ་རྫབ་ལ་ཕུར་བས་སམ། ཕུར་བུས་འདེབས་ན་ཉེས་བྱས་སོ།། འཁྲུག་ན་ཉེས་བྱས་སོ།། ཕུར་བ་རྙིང་པའི་མཚན་དུ་ཕུར་པ་འདེབས་ན་ཉེས་བྱས་སོ།། ས་ལ་རི་མོ་འདྲི་ན་ཉེས ་བྱས་སོ། ། གལ་ཏེ་ལག་གི་གླ་ཞིག་རྩིས་བྱེད་ན་ལྟུང་བ་མེད་དོ།། ལྟུང་དབྱེད་དྲུག་པའི་གསུམ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལས་བརྟེན་ཏེ་ཟླ་བ་བཞིར་འགྲོན་དུ་བོས་པའི་བསླབ་པའི་གཞི་བཅའ་བ་མཛད་པ ་དེའི་ཚེ་བཅུ་གཉིས་སྡེ་དེ་དག་གིས་ཤཱ་བ་ལྔ་དང་། ཟླ་བ་དྲུག་ཏུ་འདྲོན་དུ་བོས་པ་ཡང་བདག་གིར་བྱེད་པ་དང་། དེ་ནས་དེ་དག་ལ་དགེ་སློང་མེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་ཟླ་བ་བཞིའི་བསླབ་པའི་གཞི་བཅའ་བ་མཛད་དམ། དེ་དག་གིས་འདི ་སྐད་ཅེས་དེ་ནི་དགེ་སློང་རྣམས་ལ་མཛད་ཀྱི་དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་ཟླ་བ་བཞིར ་འགྲོན་དུ་བོས་པ་བདག་གིར་བྱའོ། ། དེ་ལས་འདས་པར་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ།། དེ་ལ་འདི་ནི་དུས་ཡིན་ཏེ། སོ་སོར་འགྲོན་དུ་བོས་པ་དང་། ཡང་དང་ཡང་འགྲོན་དུ་བོས་པ་དང་། ལྷག་པར་འགྲོན་དུ་བོས་པ་དང་། རྟག་ཏུ་འགྲོན་དུ་བོས་པའོ།། ་ཟླ་བ་བཞི་ཞེས་བྱ་བ་ནི་ཟླ་བ་བཞིའོ།། དེ་ལས་ལྷག་པར་འགྲོན་དུ་བོས་པ་ཞེས་བྱ་བ་ནི་འགྲོན་དུ་གཉེར་བའོ།། དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ།། སོ་སོར་ཞེས་བྱ་བ་ནི་ཐ་དད་པར་རོ།། ཡང་དང་ཡང་ཞེས་བྱ་བ་ནི་ཕྱིར་ཞིང་ཕྱིར་ཞིང་ངོ་།། ལྷག་པར་ཞེས་བྱ་བ། ་ནི་ཆོག་པར་རོ།། རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུའོ།། དེ་ལ་འདི་ནི་དུས་ཡིན་ཏེ་ཞེས་བྱ་བ་ནི་དེ་ལ་འདི་ནི་རྗེས་སུ་འཐུན་པའི་ཆོས་ཡིན་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། དགེ་སློང་མ་ཁྱིམ་བདག་གི་ཁྱིམ་རྣམས་སུ་ཚོང་མ་ལ ་བགྲོན་དུ་བོས་ལ་ཁུ་བ་སློང་ན་ལྟུང་བྱེད་དོ། ། དེ་བཞིན་དུ་ཕལ་བ་ལ་འགྲོན་བུ་བོས་ལ་བསོད་པ་སློང་ན་ཞེས་བྱ་བ་ནས་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་བར་རོ།། བསོད་པ་ལ་ཞེས་བྱ་བ་ནས་ཕལ་བ་སློང་ན་ཉེས་བྱས་སོ།། གལ་ཏེ་ནད་པ་ཡིན་ནམ་བསོད་པ་རྙེད་ལ ་ཕལ་བ་སློང་ངམ། བསྟབས་པ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པའི་བཞི་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། བཅོམ་ལྡན་འདས་ཀྱིས་ཁ་ཅིག་ནི་དགེ་སློང་མ་ཐུན་མོང་བའི་བསླབ་པའི་གཞི་བཅའ་བ་མཛད་པ་ཡང་ཡོད། ཁ་ཅིག་ནི་དགེ་སློང་མ་དང ་ཐུན་མོང་པ་ཡང་ཡོད། ཁ་ཅིག་ནི་གཉི་གའི་ཐུན་མོད་པ་ཡང་ཡོད་པས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གཉི་གའི་ཐུན་མོང་གི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་དགེ་སློང་མའི་དབྱར་ཁང་དུ་དགེ་སློང་སྒོར་བཏང་ངོ་།། གང་གི་ཚེ་དགེ་སློང་གིས་དགེ་སློང་མ་རྣམས་ལ་སྒོ་བ་དེའི་ཚེ ་དགེ་སློང་མ་དག་གིས་དགེ་སློང་མ་གཞན་དང་གཞན་དག་ལ་ཡང་བསྒོའོ། ། དེ་ནས་ཡང་དགེ་སློང་མ་དེ་རྣམས་ཀྱིས་བཅུ་གཉིས་སྡེ་རྣམས་ལ་བསྒོ་བ་དང་། དེ་དག་གིས་འདི་སྐད་ཅེས་ཁོ་མོ་ཅག་བུས་པ། རྨོངས་པ། མི་གསལ་བ། མི་མཁས་པ། ཁྱེད་ཅག་ལ་བསླབ་པ་མི ་སློབ་ཀྱི་ཞེས་བྱ་བ་ནས་ཁོ་མོ་ཅག་ནི་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་གཞན་དག་ལ་འདྲིའོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང ་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན་དེ་དེ་དག་ལ་འདི་སྐད་ཅེས་ཁོ་མོས་བུས་པ། རྨོངས་པ། མི་གསལ་བ། མི་མཁས ་བཁྱེད་ཀྱི་ཚིག་གིས་བསླབ་པ་ལ་མི་སློབ་ཀྱི་ཞེས་བྱ་བ་ནས་དགེ་སློང་མ་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། གཞན་དག་ལ་འདྲིའོ་ཞེས་སྤྱན་སྲུང་བྱེད་དོ།། དགེ་སློང་མཐུན་ཤེས་པར་འདོད་པས་བསླབ་པ་དེ་ལ་བསླབ་པར་བྱ་ཞིང་དགེ་སློང་མ་མ ་སྡེ་འཛིན་པ། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་ལ་ཡང་དྲི་བར་བ་སྟེ། དེ་ནི་དེ་ལ་ཆོ་ག་ཡིན་ནོ།། ད་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དཀལའོ།། དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་ཞེས་བྱ་བ་ན་ཆོས་འདི་བདགགིས་སོ།། བསླབ་པ་དེ་ས་ཁྱོད་ཀྱིས་བསླབ་པར ་བྱའོ་ཞེས་བྱ་བ་ནི་ཕས་ཕམ་པར་འགྱུར་བ་བརྒྱད་ཅེས་བྱ་བ་ནས། རྩོད་པ་ཞེས་བྱ་བའི་ཆོས་བདུན་ཞེས་བྱ་བའི་བར་རོ།། བུས་པ་ཞེས་བྱ་བ་ནི་མདོ་སྡེ་མི་འཛིན་འདུལ་བ་མི་འཛིན་མ་མོ་མི་འཛིན་པ་ནི་བུས་པ་ཞེས་བྱའོ།། མི་མཁས་པ་ཞེས་བྱ་བ་ནི་མདོ་སྡེ་ལ་མི་མཁས། འདུལ། ་བལ་མི་མཁས། མ་མོ་ལ་མི་མཁས་པ་ནི་མི་མཁས་པ་ཞེས་བྱའོ།། མིགས་ལ་བ་ཞེས་བྱ་བ་ནི་མདོ་སྡེ་ལ་མི་གསལ། འདུལ་བ་ལ་མི་གསཔ། མ་མོ་ལ་མི་གསལ་བ་ནི་མི་གསལ་བ་ཞེས་བྱའོ།། འདི་ལྟར་དགེ་སློང་མ་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་གཞན ་ལ་འདྲིའོ་ཞེས་བྱ་བ་ནས་མེདོ་སྡེ་ལ་གསལ་བ། འདུལ་བ་ལ་གསལ་བམ་མོ་ལ་གསལ་བ་ཞེས་བྱ་བའི་བར་རོ།། དགེ་སློང་མ་ཀུན་ཤེས་པར་འདོད་པ་ཞེས་བྱ་བ་ནི་བསླབ་པར་འདོད་པས་སོ།། བསླབ་པ་དེ་ལ་ཡང་བསླབ་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་མ་དག་གང་ལ་སློབ་པ་ལའོ།། ་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་རྣམས་ཀྱིས་སྒོ་བ་ན་འདི་སྐད་ཅེས་བུས་པ་ཞེས་ཟེར་ན་ལྟུང་བྱེད་དོ།། རྨོངས་པ་ཞེས་ཟེར་ན་ལྟུང་བྱེད་དོ།། མི་གསལ་བ་ཞེས་ཟེར་ན་ལྟུང་བྱེད་དོ།། མི་མཁས ་མེ་དུ་བྱེད་དོ། ། སྲང་བྱུང་པའི་སྡེ་རྫོགས་སྷོ།། ཟེ་ཞི་ན་མེ་ནསོ།། ད་ཅུ་ཉི་ལྡན་མས་ཅ་དེ་སློང་མ་གས་མ་བྱུང་བ་ཉནན་པ་གོང་ལྡ་ན་འད་ཤེ་ཟུང་ཀྱི་རོ་ལ་ཐ་པས་དེ་པ ་བར་བྱེད་ཅིང་། ཕ་བི་དག་ལས་ཐོས་པ་དེ་ཚུ་བ་དག་ལ་སྦྲོན་པར་བྱེད་པས་དེས་ན་དགེ་འདུན་འཐབ་པ་དང་། འཚང་འདྲ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ཡོ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དགེ་སློང་མ་རྣམས་ཐབ་མོ་བྱུང་བར་གྱུར་ལ། འཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པ་བྱུང་ཞིང་འབོད་པ་ལ་སློང་མ་དེ་དག་ཅི་སྨྲས་པ་དེ་བདག་གིས་མཉན་ལ ་དེ་ལྟ་དེ་ལྟར་རྗེས་སུ་བསྙད་གདགས་པར་བྱའོགས་ཅང་མི་སྨྲབས་ཉན་ན་བྱེད་ཅིང་འདུག་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཉན་ན་བྱེད་ཅིང་འདུག་ན་ཞེས་བྱ་བ་ནི་ཐོས་པར་འདོད་པས་སྐོན་སྡོང་བའོ།། ལུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི ་ལྟར་འགྱུར་ཞེ་ན། དགེ་སློང་མ་ནང་ན་འདུག་པར་གྱུར་ལ་གཞན་གྱི་ལོགས་ནས་ནང་དུ་འཇུག་ན་དེས་སྐད་གསལ་བ་འམ། རྟིང་སྒྲ་འམ། སེ་གོལ་བྱའོ།། མི་བྱེད་དམ་གལ་ཏེ་སྒྲ་ཡང་མགོ། དོན་ཀྱང་མགོན་ཉེས་བྱས་སོ།། སྐྲ་ཡང་ཀོ་དོན་ཀྱང་གོ་བར་གྱུར་ན་ལྟུང་བྱེད་དོ།། དེ་བཞིན་དུག ་ན་འདུག་པ་ལ་ཡང་རུང་སྟེ་ལྟུང་བྱེད་དོ། ། གལ་ཏེ་ཐོས་ན་ཉེ་བར་ཞི་བར་བྱའོ་སྙམ་ན་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པའི་དྲུག་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་དག་དགེ་སློང་མའི་དགེ་འདུན་ཆོས་ཀྱི་གཏམ་རྣམ་པར་གཏན་ལ་འབེབས་པ་ན ་ཅང་མི་སྨྲ་བར་ལངས་ཏེ་དོང་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་པར་མི་བྱའོ།། དེ་དག་ན་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ལ་གོ་བར་བྱས་ཏེ་འདོད་པར་བྱའོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་དགེ་སློང་མ་རྣམས་བསླབ་པ་འདོད་པ་དང་ཞེས་བྱ་བ་ནས་ཡོ་བྱད་བསྙུངས་པ་ཞེས་བྱ་བའི་བར་རོ། ། ཡང་ཉན་ཐོས་མ་རྣམས་ཀྱིས་འདལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ན ་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་དགེ་སློང་མ་འབོད་པ་ལ་གོ་བར་མ་བྱས་པར་འགྲོན་རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཆོས་ཀྱི་གཏམ་རྣམ་པར་གཏན་ལ་འབེབས་པ་ཞེས་བྱ་བ་ནི་ཆོས་ཀྱི་གཏམ་རྣམ་པར་གཏན་ལ་འབབ ་འདི་ལྟ་སྟེ། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་དག་གོ།། ཅང་མི་སྨྲ་བར་ལངས་ཏེ་ཞེས་བྱ་བ་ནི་ཁ་རོག་སྟེའོ།། དགེ་སློང་མ་འཁོད་པ་ལ་གོ་བར་མ་བྱས་པར་ཞེས་བྱ་བ་ནི་འདུན་པ་མ་འབྱིན་པར་རོ།། རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ཞེས་བྱ་བ་ནི་རྐྱེན ་བཞག་སྟེའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཆོས་ཀྱི་གཏམ་རྣམ་པར་གཏན་ལ་འབེབས་པ་ན་ཅང་མི་སྨྲ་བས་ལངས་ཏེ་འགྲོན་ཞེས་བྱ་བ་ནས་དོན་མགོན་ཉེས་བྱས་སོ།། སྒྲ་མགོ་ལ་དོན་གོན་ལྟུང ་བྱེད་དོ། ། ལྟུང་བྱེད་དྲུག་པའི་བདུན་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་འཁོར་དང་བཅས་པ་སངས་རྒྱས་ལ་མགུས་ཆོས་དང་དགེ་འདུན་ལ་མ་གུས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན ་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། གུས་པར་མི་བྱེད་ན་ལྟུང་བྱེད་དོ།། གུས་པར་མི་བྱེད་ན་ཞེས་བྱ་བ་ལ། གུས་པར་མི་བྱེད་པ་ནི་གཉིས་ཏེ། དགེ་འདུན་དང་གང་ཟག་ལའོ།། ལྟུང་བྱེད་དོ། ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ལ་ཁང་སྐྱོང་གིས་གནས་མལ་ལོང་ཤིག་ཅེས་བསྒོ་བ་ན་མི་ལེན་ན་ལྟུང་བྱེད་དོ།། གལ་ཏེ་ཆོས་དང་ལྡན་པའི་འདུ་ཤེས་ཀྱིས་གསོལ་བ་འདེབས་ཤིང་དེ་མ་བླངས་པ་ལ་ལྟུང་བ་མེད་དོ།། དེ་བཞིན ་དུ་སོང་ཤིག་སྨྲོས་ཤིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཐམས་ཅད་ལ་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་དགེ་འདུན་ལ་ཡིན་ནོ།། གང་ཟག་གི་ནི་མཁན་པོ་དང་སློབ་དཔོན་གྱིས་གནས་མལ་ལོང་ཤིག་ཅེས་བསྒོ་བ་ན་མི་ལེན་ན་ཉེས་བྱས་སོ།། མ་སོང་ན་ཉེས་བྱས་སོ།། སྨྲས་ན་ཉེས་བྱས ་སོ། ། མསྨྲས་ན་ཉེས་བྱས་ཏེ། དེ་བཞིན་དུ་ཐམས་ཅད་ལ་ཉེས་བྱས་སོ།། གལ་ཏེ་ཆོས་དང་ལྡན་པའི་འདུ་ཤེས་ཀྱིས་གསོལ་བ་འདེབས་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པའི་བརྒྱད་པ་རྫོགས་སྷོ།། །། གླེང་གཞིན་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས ་ཚེ་དང་ལྡན་པ་ལེགས་འོངས་ལས་བརྟེན་ཏེ་བག་མེད་པའི་གནས་མྱོས་པར་འགྱུར་བ་འབྲུའི་ཆང་དང་བཅོས་པའི་ཆང་གི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་དགེ། སློང་མའི་དགེ་འདུན་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་བསླབ་པའི་གཞི་འདི་ཇི་ལྟར་གདོན་པར་བྱ་སྙམ་དུ ་བསམས་ནས་དགེ་སློང་མའི་དགེ་འདུན་བཅོམ་ལྡན་འདས་གན་བ་དེར་དང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་ཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནཔ་བཅོམ་ལྡན་འདས་ལ་དགེ་སློང་མ་རབ་ཏུ་མང་པོས་འདི ་གད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དགེ་སློང་མ་རྣམས་ཀྱིས་འབྲུའི་བྱམས་དང་། བཅོས་པའི་སྐྱེམས་ཀྱི་བསླབ་པའི་གཞིལ་ཇི་ལྟར་གཟུང་བར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ། ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་གསུངས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། འབྲུའི་ཆད་དང་། བཅོས་པའི་ཆད་འཐུང་ན་ལྟུང་བྱེད་དོ།། འབྲུའི་ཆར་ཞེས་བྱ་བ་ནི་ཕབས་དང་སྦྱར་བ་དང་། ཟས་དང་སྦྱར་བའོ།། བཅོས་པའི་ཆང་ཞེས་བྱ་བ་ནི་དགུན་ཆར་དང་། བུར་མཆར་དང་། ་རྫས་གཞན་དག་སྦྱར་བའིའོ།། འཐུང་ན་ཞེས་བྱ་བ་ནི་ལྐོག་མར་མིང་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཆང་གི་ཁ་དོག་དང་། ཆང་གི་དྲི་དང་། ཆང་གི་རོ་འཐུང་ངམ། འཐུང་དུ་འཇུག་ན་ལྟུང་བྱེད་དོ།། བཅོས་པའི་ཆང་ནི་སྟུ ་བྱེད་དོ། ། བསྲེས་པའི་ཆང་ནི་ལྟུང་བྱེད་དོ།། ཆང་གི་ཁ་དོག་ནི་ཉེས་བྱས་སོ།། ཆང་གི་དྲིན་ཉེས་བྱས་སོ།། ཆང་གི་དོ་ནི་ཉེས་བྱས་སོ།། གྲུམ་ཟ་ན་ཉེས་བྱས་སོ།། གལ་ཏེ་མཛེ་བླུང་ནས་ཡན་ལག་བསྐུད་པ་དང་། ཁ་ནད་ཀྱི་ཕྱིར་ཁར་ཐུགས་ཏེ་འཛིན་པ་དང་། བསྐོལ་བ་ལ་ནི་ལྟུང་བ་མེད་དོ།། ་ལྷུང་བྱེད་དྲུག་པའི་དགྲ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལས་བརྟེན་ནས་དུས་མ་ཡིན་པར་རྒྱུ་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་དག་གྲོང་དུ་དུས་སུ་ཡང་རྒྱུ་བར་བྱེད། དུས་མ ་ཡིན་པར་ཡང་རྒྱུ་བར་བྱེད་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པར་རྒྱུ་བའི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ ་ཡིན་ནོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་གོ་བར་བྱ་སྟེ་འགྲོ་བར་བྱའོ།། དེ་ནས་དགེ་སློང་མ་ཞིག་གིས་ཁྱིམ་བདག་གཅིག་གི་ཁྱིམ་དུ་ལྷུང་བཟེད་དང་། ཚེས ་གོས་བཞག་པ་ལས་ཁྱིམ་བདག་གི་ཁྱིམ་དེ་མེ་ཤོར་ཏོ་ཞེས་དགེ་སློང་མ་དེས་ཐོས་ནས་དེ་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་འཁོད་པ་ལ་གོ་བར་བྱ་སྟེ། འགྲོ་བར་བྱའོ་ཞེས་གསུངས་སོ་སྙམ་ནས་ཇི་སྲིད་དུ་དགེ་སློང་མ་ལ་གོ་བར་བྱེད་པ་དེ་སྲིད་དུ་ལྷུང་བཟེད་དང་། ཚེས་གོས ་ཚིག་པར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་ཞེས་བྱ་བ་ནས་བསླབ་པ་ལ་ཡོ་བྱད་བསྙུངས་ལ་ཞེས་བྱ་བ་འབར་ཏ། སྔ་མན་བཅས་པ་ཡིན་ལ་འདི་ནི་རྗེས་སུ ་གནང་བ་ཡིན་ཏེ། ཡང་ཉན་ཐོས་མ་རྣམས་ཀྱིས་འདུལ་བའི་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་དུས་མ་ཡིན་པར་དགེ་སློང་མ་འཁོད་པ་ལ་གོ་བར་མ་བྱས་པར་གྲོང་དུ་འགྲོ་ན་རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་ཆོས ་འདི་པའི་དགེ་སློང་མའོ། ། དུས་མ་ཡིན་པར་ཞེས་བྱ་བ་ལ་དུས་མ་ཡིན་པ་ནི་གང་། དུས་ནི་གང་ཤེ་ན། ཕྱེད་ཡོལ་ཕན་ཆད་ནས་སྐྱ་རང་མ་ཤར་བའི་བར་འདི་ནི་དུས་མ་ཡིན་པའོ།། ལྷག་མ་ནི་དུས་སོ།། གྲོང་དུ་འགྲོ་ན་ཞེས་བྱ་བ་ནི་ཁྱིམ་བདག་གི་ཁྱིམ་རྣམས་སུའོ།། ལྟུང་བྱེད་དོ། ་ཤེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཞིག་དུས་མ་ཡིན་པ་ལ་དུས་མ་ཡིན་པར་འདུ་ཤེས་པས་འགྲོ་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དུས་ལ་དུས་མ་ཡིན་པའི་འདུ་ཤེས་ཀྱིས་འགྲོ་ན་ཉེས་བྱས ་སོ། ། དེ་བཞིན་དུ་ཡིད་གཉིས་ཟན་ཉེས་བྱས་སོ།། ལྟུང་བྱེད་དྲུག་པའི་ཚོགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་གཉིས་པ།། སྡོམ་ལ། རྒྱུ་དང་རྒྱལ་པོའི་ཕོ་ཟང་དང་།། དེ་གདོང་རུས་པ་སོར་བརྒྱད ་དང་། ། ཐིཊ་བ་ལ་གདིང་དང་གཡན་པ་དང་།། བདེ་བར་གཤེགས་པའི་ཆོས་གོས་སོ།། གླེང་གཞིན་མཉན་མེད་ནོའོ།། དེ་ནས་དགེ་སློང་མ་དགའ་མོ་སྡོ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་བླངས་ཏེ་ཕྱི་བཞིན་འབྲང་བའི་དགེ་སྤྱོང་མ་ཞིག་དང་ལྷན་ཅིག་སྦྱིན ་བདག་གཅིག་གི་ཁྱིམ་དུ་སོང་ནས་དེས་རྗེས་སུ་འཐུན་པའི་ཆོས་བསྟན་པས་མངོན་པར་དད་བར་བྱས་ནས་དེས་དགེ་སློང་མའི་དགེ་འདུན་གྱི་ཆེད་དུ་ཟས་དག་སྦྱོར་དུ་བཅུག་གོ། ། དེ་ནས་ཕྱི་དེ་ཉིན་པར་དགེ་སློང་མའི་དགེ་འདུན་སྔ་རྔོ་ཤ་མ་ཐབས་བགོས་ལྷུང་བཟེད་དང ་རྫས་གས་གྲངས་ཏེ་ཁྱིམ་བདག་དའི་གང་པ་གང་དབང་སོང་ནས་ཞེས་བྱ་བ་ནས། སྟན་པ་ཤམས་པ་ཁ~ཾ་ན་ལ་འདུན་གཞེས་བྱབ་བ་།། དགེ་སློང་མ་དགའ་མན་ཐ་བ་མད་པས་གཎ་ཎ་འདུས་ལས་ཡོལ་བར་གྱུ་ཏེ།། དག་སུང་མར་རྣམས་ཀྱིས་རྐྱེ ་བདག་དེ་ལ་འདི་སྐད་ཅེས་སྤྲས་སོ། ། ཁྱིམ་བདག་ཁྱོད་དགེ་སློང་མའི་དགེ་འདུན་གྱི་དུས་ལ་བབ་ཀྱིས་རིམས་ཤིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག་བདག་ནི་མ་འཚལ་མོད་ཀྱི་ཟས་ལ་སྐོ་བར་བགྱིད་པ་དགའ་མོ་མཁྱེན་ཏོ་ཞེས་བྱ་བ་ནས། དོན་ཉུང་བའི་དགེ་སློང ་མངག་སྤོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མདག་ཟས་སྔ་མ་དང་ཟས་ཕྱི་མ་ལ་ཁྱིམ་དག་ཏུ་བརྒྱུ་བར་མི་བྱའོ།། དེ་ནས་ཞལ་ཏ་བྱེད་པ་དག་ག་མ་ཟས་བསྲུབ་པ་དེ་དག་གི་དགེ་འདུན་གྱི་བྱ་བ་དང་དགེ་འདུན ་བསྒྲུབ་པ་དེ་དག་ཉམས་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་སྔ་མ་ལ་ཁྱིམ་གཉིས་སུ། ཟས་ཕྱི་མལ་ཁྱིམ་གསུམ་དུའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་ཞེས་བྱ་བ་ནས། བསླབ་པ་ལ་ཡེ་བྱད་བཉུངས ་པའི་སྔགས་པ་གསུངས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཡང་དགེ་སློང་མ་གང་ཟས་དང་བཅས་པའི་ཁྱིམ་དུ་འགྲོན་དུ་བོས་ལ་ཟས་སྔ་མ་དང་ཟས་ཕྱི་མལ་ཁྱིམ་དག་ཏུ་ཁྱིམ་བདག་འཁོད་པ་ལ་གོ་བར་མ་བྱས་པར་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་དགའ་མོའོ།། ཟས ་ད་བཅས་པ་ཞེས་བྱ་བ་ནི་སྟོན་མོ་ཅན་གྱི་ཁྱིམ་དུའོ། ། ཁྱི་མ་དག་དུ་ཞེས་བྱ་བ་ན་ཁྱིམ་བདག་གི་ཕྱི་མདག་ཏུ་འགྲོན་དྲོ་བོས་པའོ།། ཟས་སྔ་མ་ཞེས་བྱ་བ་ནི་སྔ་དྲོའི་དྲིས་སོ།། ཕྱི་མ་ཞེས་བྱ་བ་ནི་ཕྱི་ཨུ0f7fའི་དུས་སོ།། སྲུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྤང་བར་དྲི་ལྟར་འགྱུར་ཞེན།། ་དགེ་སློང་མད་ཙམ་ཅུང་བང་དགེ་སློང་མ་ཟས་དང་བཅས་པའི་ཁྱིམདུ་འགྲོན་དུབོས་ནས་སྔ་མལ་གྱི་མ་གཉིས་སུ་སོད་ལ་ཆེད་དུ་བསམས་ཏེ་ཁྱིམ་གསུམ་པར་འགྲོན་ལུང་བྱེད་དོ།། ཟས་ཕྱི་མ་ལ་ཁྱིམ་གསུམ་དུ་སོང་ལ་ཆེད་དུ་བསམས་ཏེ་ཁྱིམ་བཞི་པར་འབོན་ལུང་བྱེད་དོ།། ཁྱིམ་པ ་གམི་ལག་པར་བྱས་ན་སུ་པ་མེད་དོ། ། ལུང་བྱེད་བདྲན་པའི་དང་པོ་རྫོགས་སྷོ།། ། ཕྲེང་གཞིནི་ཏན་མེད་ནག། ཤིང་ག་བཅོམ་ལྡན་དས་ཀྱིས་དྲ་སྡེ་རྣམས་ལ་བརྟེན་ལྐོགཏན་བྱེ་བསླབ་པ་གནས་འབ་མཛད་པ་དེའི་ཚ་བཅུག་ཉིས་སྡེ་དེ་དགགིས་དག་སློང་གི་ས ་པའི་གཞི་ཡིན་ནོ་ཞེས་བྱ་བ་ནས་བསླབ་པའི་གཞི་དེ་ལ་རྗེས་སུ་སྒྲུབ་པར་མི་བྱེད་པའི་སྐབས་དེ་དགེ་སློང་མ་ག་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་ཀང་ནམ་མ་ལངས་ཤིང་སྐྱེ་རེང ་མ་ཤར་བྱི་བར་དུའོ། ། གང་གི་ཚེ་རྒྱལ་པོ་འཆར་གས་དཔལ་ལྡན་མའི་ཕྱིར་ཁྱིམ་བདག་གདངས་ཅན་ལ་ཁྱོད་ཀྱི་བུ་མོ་དགེ་སློང་རྣམས་ལྟ་བར་འདོད་དོ།། ཞེས་རྒྱལ་པོས་བསྒྲེ་བ་དེའི་ཚེ་ཁྱིམ་བདག་གདངས་ཅན་གྱིས་དགེ་སློང་ཤཱ་རིའི་བུལ་དཔལ་ལྡན་མ་གདུལ་བའི་ཆད་དུ་གསོལ། ་བ་བཏབ་ནས་རྒྱལ་པོའི་ཕོ་བྲང་དུ་བཏད་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་གནང་ངོ་།། དེས་དུས་གཞན་ཞིག་ན་གདངས་ཅན་གྱི་བུ་མོ་ཡང་དགེ་སློང་མ་རྣམས་ལྟ་བར་འདོད་པ་དེའི་ཚེ་ཁྱིམ་བདག་གདངས་ཅན་གྱིས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གསོལ་བ་བཏབ་པ་དང་། ངས ་ཐལ་བའི་ཕོ་བྲང་དུ་འཇུག་པ་ན་ཉིས་དམིགས་བཅུ་ཡོད་དོ་ཞེས་བྱ་བ་ནས་མ་བརྩུབ་པ་དང་། དེའི་འོག་ཏུ་རྒྱལ་པོ་འཆར་གས་གསོལ་བ་བཏབ་བོ།། དེ་ནས་སྐྱེད་བུའི་བདག་མོ་ཆེན་མོས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའསྩལ ་པ། གཽ་ཏ་མ་དྲུག་པ་དག་གི་ཚིག་ན་གཅིག་ཏུ་མི་རུང་སྟེ། དྲུག་པོ་གང་གི་ཞེ་ན། སློབ་དཔོན་དང་། མཁན་པོ་དང་། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་སྐུར་བ་དང་། དགེ་འདུན་དང་། དགེ་འདུན་གྱི་གནས་བརྟན་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་ཀྱིའོ་ཞེས་བཅོམ་ལྡན་འདས་ཀྱིས་དེ་ལ་ཡང་བཀས་བསྒོ་ནས་རྒྱལ་པོའི་ཕོ་ཟང་དུ་ཞུགས་སོ། ། གང་གི་ཚེ་སྐྱེ་དགུའི་བདག་མཚན་མོ་རྒྱལ་པོའི་ཕོ་བྲང་དུ་ཞུགས་པ་དེའི་ཆ་བཅུ་གཉིས་སྡེ་རྣམས་གལ་ཏེ་བདག་ཅགདོད་པར་གྱུར་ནད་ང་ཉིད་དུ་དགེ་སྦྱོང་གི་ཚུལ་མ ་ཡིན་པ་དང་རུང་བ་མ་ཡིན་པའི་ཁུར་ཁྱེར་བར་འགྱུར་བ་ཞིག་ཅེས་ཁ་ཟེར་བར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ནམ་མནངས་སྐྱ་རིངས་མ་ཤར་བར་རིན་པོ་ཆེ་དག་གམ། རིན་པོ་ཆེར ་བློས་བདག་པ་བཏུལ་བར་རྒྱལ་པོ་རྒྱལ་རིགས་སྐྱེ་བོ་ནས་དབང་སུར་བའི་སྒོགཏན་ནས། ཞོ་གཏན་གྱི་ཉིན་གོར་ལས་འདིའི་ཞིང་འདུག་ནང་འདྲ་བའི་གྱེན་མ་ཏོགས་ཏེ་ལྟུང་བྱེད་དོ།། ཡང་ག་ཞེས་བྱ་བ་ན་གཙུགཉིས་སྡེ་དག་གོ།། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་གྱུར་བ་ཞེས ་བྱ་བ་ནི་བུད་མེད་དམ། སྐྱེས་པ་འམ། མ་ནིང་རྒྱལ་པོར་དབང་བསྐུར་ན་དེ་ནི་རྒྱལ་པོ་ཡང་ཡིན། རྒྱལ་རིགས་ཀྱང་ཡིན། དེ་ནི་སྤྱི་བོ་ནས་དབང་བསྐུར་བ་ཡིན་ནོ།། ནམ་མནངས་པ་ཞེས་བྱ་བ་ནི་ནམ་མ་ནངས་པར་མ་གྱུར་པའོ།། སྐྱ་རེང་མཤར་བར་ཞེས་བྱ་བ་ནི་སྔ་རེང་གསུམ་པོ ་ཞེས་བྱ་བ་སྔ་མ་བཞིན་ནོ། ། རིན་པོ་ཆེ་དག་གམ་རིན་པོ་ཆེར་སྤྲོས་པ་མ་བརྟུལ་བར་ཞེས་བྱ་བ་ནི་མ་བསྡུས་པར་རོ།། སྒོ་གཏན་ཞེས་བྱ་བ་ལ་སྒོ་གཏན་ནི་གསུམ་སྟེ། གསུམ་གང་ཞེ་ན། གྲོང་ཁྱེར་གྱི་སྒོ་གཏན་དང་། རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་དང་། བཙུན་མོའི་གཉེ་ནི་རིས་ཀྱི་སྒོ་གཏན་ནོ།། ་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་པར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཞིག་སྐྱེ་རང་མ་ཤར་བ་ལ་སྐྱ་རེད་མ་ཤར་བའི་འདུ་ཤེས་ཀྱིས་སྒོ་གཏན་ལས་འདས་པར་བྱེད་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞིག་སྐྱ་རེ་ཤར ་བལ་སྐྱ་རེངས་ཤར་བར་འདུ་ཤེས་ན་ཉེས་བྱས་སོ། ། དེ་བཞིན་དུ་ཡིད་གཉིས་ཟན་ཉེ་བྱས་སོ།། གལ་ཏེ་རྒྱལ་པོ་དང་། བཙུན་མོ་དང་། བློན་པོའི་བར་རང་དུ་འགྱུར་བ་ཞིག་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་བདུན་པའི་གཉིས་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནོའོ།། དེ་ནས་སོ་སོར ་ཐར་པའི་མདོ་གདོན་པ་འདེན་པའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་འདི་སྐད་ཅེས་ཀྱེ་འཕགས་མ་དག་ཁོ་མོ་ཅག་གིས་འདི་ལྟར་ཆོས་འདི་ཡང་མདོར་གཏོགས་ཤིང་མདོར་འདུས་པར་དག་དོང་ཤེས་སོ་ཞེས་ཟེར་བ་ན་དེ་ལ་དགེ་སློང་མ་རྣམས་ཀྱིས་སྔོན་དགེ་སློང་མ་དེ་གསོ་སྦྱོང་གི་ལས་གཉིས་སམ། གསུམ ་གྱི་ཚེ་འདུག་པར་ཤེས་ན་ལན་མང་དུ་ལྟ་ཅི་སྨོས་ན་དེ་ལ་དགེ་སློང་མ་རྣམས་ཀྱིས་ཕུ་ནུ་མོ་དེ་སྐད་མ་སྒྲ་ཞིག་ཅེས་བསྒོ་བ་དང་། དེ་དག་ལ་འདི་སྐད་ཅེས་ཁོ་མོ་ཅག་ཇི་སྨད་སྨྲ་བ་དེ་ནི་དེ་བཞིན་ནོ་ཞེས་སྨྲས་པ་ན་དེ་ན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐ། བས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན ་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཟླ་བ་བྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོགདོན་པ་འདོན་པ་ན་འདི་སྐད་ཅེས་ཀྱེ་འཕགས་མ་དག་ཁོ་མོ་ཅག་གིས་འདི་ལྟར་ཆོས་འདི་ཡང་མདོར ་གཏོགས་ཤིང་མདོར་འདུས་པར་དག་དོད་ཤེས་སོ་ཞེས་ཟེར་བ་ན། གལ་ཏེ་དགེ་སློང་མ་རྣམས་ཀྱིས་སྔོན་གསོ་སྦྱོང་གི་ལས་གཉིས་སམ་གསུམ་གྱི་ཚེ་འདུག་པར་ཤེས་ན་ལན་མང་དུ་ལྟ་ཅི་སྨོས་ན། དེ་ལ་འཕགས་མ་མི་ཤེས་པས་མི་འགྲོལ་བས་དེ་ལྟུང་བ་གང་བྱུང་བ་དེ་ཆོས་བཞིན་དུ་བྱེད་དུ་གཟུག ་པའི་སྟེང་དུ་འཕགས་མ་ཁྱོད་ཀྱིས་མ་རྙེད་དེ། རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་པ་ཡིན་ཏེ། ཁྱོད་ཀྱིས་གང་གི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། རྩེ་གཅིག་ཏུ་རྣ་བླགས་ཏེ་ཉན་པར ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་དོ་ཞེས་སྤྲོ་བར་བྱའོ།། དེའི་སྤྲོ་བའི་བྱ་བ་ནི་འདི་ཡིན་ཏེ་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་ངོ་།། སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི ་ཚེ་ཞེས་བྱ་བ་ནི་ཕས་ཕམ་པར་འགྱུར་བ་བརྒྱད་ཅེས་བྱ་བ་ནས། རྩོད་བཞི་པར་བྱ་བའི་ཆོས་བདུན་ཞེས་བྱ་བའི་བར་རོ།། སྔ་མ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་རི་མ་བཞིན་དུ་བརྗོད་པར་བྱའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ། འདི་སྐད་ཅེས་ཆོས་འདི་ཡང་མདོར་གཏོགས་པར་ཞེས་ཟེར་ན་ལྟུང་བྱེད་དོ།། མདོར་འདྲས་པར་ཞེས་ཟེར་ན་ལྟུང་བྱེད་དོ།། གཞི་ན་མ་འདུག་པ་དང་། ཚགས་ལས་གར་བ་ལ་ནི་སྟང་བ་མེད། ་དོ།། ལྟུང་བྱེད་བདུན་པའི་གསུམ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་འདི་མཉན་ཡོད་ན་གཅེར་བུ་བའི་ཉན་ཐོས་ཆོས་ཤེས་བྱ་བ་བསོ་མཁན་ཞིག་གནས་པ་དེ་བསོད་སྙོམས་པ་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པར་བྱས་ནས་དེ་གཉི་གའི ་དགེ་འདུན་ལ་ཁབ་རལ་དག་འ་བུལ་དུ་བཅུག་གོ། ། དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་བསོ་དང་། རུས་པ་དང་། རུ་ལས་བྱས་པའི་ཁ་བར་ལ་དབྱིབས་སྣ་ཚོགས་དག་བྱེད་དུ་བཅུག་གོ། དེར་དགི་ཟན་ཟོས་ཤིང་གཞན་གྱི་ལས་བྱས་པས་དེ་རིང་པོ་མལོན་པར་དབུལ་པོར་གྱུར་ཏོ།། དེ་ནས་མ ་སྙིགས་པ་རྣམས་ཀྱིས་ལག་བཟོ་ཆོས་མཐོང་ནས་འདི་སྐད་ཅེས། ལག་པཟ་ཆོས་གང་གི་ཚེ་ཁོ་བོ་ཅག་ལ་མངོན་པར་དད་པར་གྱུར་པ་དེའི་ཚེ་འབྱོར་པར་གྱུར་ལ། གང་གི་ཚེ་ཤཱཀྱའི་སས་ཀྱི་དགེ་སྦྱོང་མ་རྣམས་ལ་མངོན་པར་དད་པར་གྱུར་པ་དེའི་ཚེ་བ་ལེན་པར་གྱུར་ཏོ་ཞེས་སྨྲས་པ་དགེ ་སློང་མ་རྣམས་ཀྱིས་ཐོས་སོ། ། ཐོས་ནས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བ་སོ་འམ། རུས་པ་འམ། རྭའི་ཁབ་རལ་ལས་སར་པ་བྱེད་དུ་འདུག ་ན་བཅུག་ནས་ལུང་བྱེད་དེ། ། ཡང་ག་ཤེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། བསོའམ་ཞེས་བྱ་བ་ན་པ་སོ་ཉིད་དོ།། རུས་པའམ་ཞེས་བྱ་བ་ནིར་ཉིད་དོ།། ཁབར་པ་ཞེས་བྱ་བ་ལ་ཁབར་ལ་ནི་གཉིས་ཏེ། སྐུ་བུ་ཅན་དང་། ཆང་བལྟ་བུའོ།། བྱེད་དམ་ཞེས་བྱ་བ་ནི་བདག ་ཉིད་ཀྱིས་སོ། ། བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། སྲུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བསོའམ་ཞེས་བྱ་བ་ནས། རྭའི་བར་གྱི་ཁབ་ར་ལ་ས་རབ་བྱེད་དམ། བྱེད་དུ་འདུག་ན་ཐམས་ཅད་མྱུར་བྱེད་དུ ་འགྱུར་རོ། ། གང་གི་མདུན་དུ་དེ་འཆགས་པར་བྱེད་པ་དེས་ཅིག་བཅག་གམ་ཞེས་དྲི་བར་བྱའོ།། མ་དྲིས་པར་འཆགས་པར་བྱེད་ན་ལྟུང་བ་དེ་ཡང་མ་བཤམས་ཤིང་གང་གི་མདུན་དུ་འཆགས་པར་བྱེད་པ་དེ་ལ་ཡང་ཉེས་བྱས་སུ་འགྱུར་རོ།། ལྟུང་བྱེད་བདུན་པའི་བཞི་བ་རྫོགས ་སྷོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལ་བརྟེན་ཏེ་ཁྲི་དང་། ཁྲིའུའི་ཚད་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་བསླབ་པའི་གཞི་བཅའ་བ་མདད་པ་དེའི་ཚེ་བཅུ་གཉིས་སྡེ་དེ་དག་གིས་ཚད་ལས་འདས་པའི་ཁྲི་དང་། ཨིཊ ་དག་བྱེད་དུ་འཇུག་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་ན་དོན་ཉུང་བའི ་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་དགེ་འདུན་གྱི་ཁྲི་འམ། ཁྲིའུ་བྱེད་དུ་འཇུག་ན་རྩ་བདྲུག་གཞུག་པ་མ་གཏོགས ་པར་བདེ་བར་གཤེགས་པའི་སོར་བབྱེད་ཀྱི་ཚད་དུ་བྱེད་དུའཞུག་པར་བྱའོ། ། དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ།། དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ།། དགེ་སློང་མ་ཞེས་བྱ་བ་ན་བཅུ་གཉིས་སྡེ་དག་གོ།། ཁྲིའམ ་ཞེས་བྱ་བ་ནི་ཉལ་བའིའོ། ། ཁྲིའུའམ་ཞེས་བྱ་བ་ནི་ཁྲེའུ་ཉིད་དོ།། བདེ་བར་གཤེགས་པའི་ཞེས་བྱ་བ་ནི་སྟོན་པའིའོ།། བདེ་བར་གཤེགས་པའི་སོར་བརྒྱད་གང་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་ལག་པའི་ཁྲུ་གང་།། བུ་གར་གཞུག་པ་མ་གཏོགས་ཏེ་ཞེས་བྱ་བ་ནི་བཞག་སྟེའོ།། དེ་ལས་ལྷག ་པར་བྱེད་ན་ཞེས་བྱ་བ་ནི་དེ་ལས་འདས་པར་བྱེད་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུ་ཟད་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་ལས་ལྷག་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གང་གི་མངོན་དུ ་འཆགས་པར་བྱེད་ན་ཞེས་བྱ་བ་སྔ་མ་བཞིན་ནོ། ། ལྟུང་བྱེད་བདུན་པའི་ལྔ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་དང་། དགེ་སློང་མ་རྣམས་ཀྱིས་གནས་མལ་བཏོ།། བར་བྱའོ་ཞེས་བསྒོ་བ་མཛད་པ་ན། དེ་ནས་དུས་གནན། ་ཞིག་གི་ཚེ་དགེ་སློང་མ་རྣམས་གནས་མལ་བསྐོ་བར་བྱེད་པ་དང་། དེའི་འོག་ཏུ་བཅུ་གཉིས་སྡེ་རྣམས་ཀྱིས་དགེ་འདུན་གྱི་ཁྲི་དང་། ཁྲིའུ་ལ་ཤིང་བལ་དག་གཏིང་བ་ལ་དེའི་ཚེ་གཞན་གྱིས་བསྡུས་ནས་བླངས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་གྱི་ཁྲིའམ། ཁྲིའུ་ལ་ཤིང་བ་ལ་འདིར་དམ། འདིར་དུ་འཇུག་ན་བསྡུས་ནས་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ་དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ།། ཁྲི་ཞེས་བྱ་བ་ནི་ཉལ་བའིའོ།། ཁྲིའུ་ཞེས་བྱ་བ་ནི་ཁྲིའུ་ཉིད་དོ།། ཤིང་བལ་ཞེས་བྱ་བ་ལ་ཤིང་བལ་ནི་ལྔ་སྟེ། ལྔ་གང་ཞེ་ན། ཨ་ར་ཀའི་ཤིང་ངལ་དང་། ཤལ་མ་ལིའི་ཤིང་བལ་དང་། ཀ་སའི་ཤིང་བ་ལ་དང ་ལུག་གི་བལ་དང་། ལྔ་པ་ཉིད་ནི་ཤ་ནའི་ཤིང་བལ་ལོ།། འདིར་དམ། འདིར་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་ཁྲེའམ། ཁྲིའུ་ཞེས་བྱ་བ་ནས། འདིང་དུ་འཇུག་ན་ཐམས་ཅད་དུ་ལྷུང་བྱེད་དུ ་འགྱུར་རོ་རོ། ། དེ་ལྟ་མོད་ཀྱི་གང་གི་མདུན་དུ་འཆགས་པར་བྱེད་པ་དེས་བསྡུས་སམ། མ་བསྡུས་ཞེས་དྲི་བར་བྱ་སྟེ། གཞན་ནི་སྔ་མ་བཞིན་ནོ།། ལྟུང་བྱེད་བདུན་པའི་དྲུག་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་དགེ་སློང་མ་རྣམས་ལ་འདི་ལྟ་བུའི་གདིང་བ་མང ་པོ་བྱུང་སྟེ། གདིང་བ་འདི་ནི་ཧ་ཅང་དིར་ཆེས་སོ་ཞེས་དེ་བོར་ནས་གཞན་བྱེད་དུ་འཇུག། གདིང་བ་འདི་ནི་ཧ་ཅང་བུང་ཆེས་སོ་ཞེས་དེ་བོར་ཏེ་གཞན་བྱེད་དུ་འཇུག། དེ་བཞིན་དུ་ཧ་ཅང་རྒྱ་ཆེ་བ་དང་། ཧ་ཅང་ཆུང་བ་སྟེ། དེ་དག་དེ་ལྟ་བུ་བྱེད་པས་བྱ་བ་མང་ཞིང་། བྱེད་པ་མངས་པས་ལུད་མནོད་པ ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་། ནང་གི་སེམས་ཀྱི་ཞི་གནས་དག་གཏོང་བ་ན་དོན་ཉུང་བའི་དགེ་སློང་མདག། སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ། ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་གདིང་བ་བྱེད་ན་ཚད་བཞིན་བྱེད་དུ་གཙུག་གོ།། དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐེའི་མཐེ་དེའོ།། ཞེང་དུ་བྱེད་དང་ངོའོ།། སྲིད་དུ་མཐེ་གང་གིས་སྲིངས་ཤིག། དེ་ལས་ལྷག་པར་བྱེད་ན་བཅད ་ནས་སྲུང་བྱེད་དོ། ། གདིང་བ་ཞེས་བྱ་བ་ནི་འདིང་བའོ།། དགེ་སློང་མ་ཞེས་བྱ་བ་ནི་ཆེས་འདི་པའོ།། བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། སྲིང་དུ་ཤེས་བྱ་བ་ནི་དེའི་དྲུགང་ཡིན་པའོ།། བདེ་བར་བཤེགས་པའི་མཐོགང་གིས་ཤེས་བྱ་བ་ལ། ་བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ།། བདེ་བར་གཤེགས་པའི་མཐོ་གང་གང་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དེ་སྟེ། བདེ་བར་གཤེགས་པའི་མཐོ་གསུམ་གང་ཡིན་པ་དེ་ལ་ཚད་དང་ལྡན་པའི་ཁྲུའི་ཁྲུ་ཕྱེད་དང་ལྔའོ།། ཞིང་དུ་མཐོ་ཕྱེད་དང་དེའོ་ཞེས་བྱ་བ་ནི་ཚད་དང་ལྡན་པའི ་ཁྲུ་དོ་དང་སོར་དྲུག་གོ། ། དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་འདས་པར་རོ།། བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གདིང་བ་ལྔ་ཕྱེད ་དང་ལྔ་ལས་ལྷག་པར་བྱེད་དམ། བྱེད་དུ་འཇུག་ན་ཐམས་ཅད་དུབཅ་ང་མེད་དོ།། གང་གི་མདུན་དུ་ལྟུང་བ་འཆགས་པར་བྱེད་ན་ཞེས་བྱ་བ་ནས་ལྟུང་བའི་རིམ་པ་སྔ་མ་བཞིན་ནོ།། གལ་ཏེ་བྱས་ཟིན་པ་རྙེད་ན་བྱས་ཟིན་པ་ཉིད་ལོངས་སྤྱད་པར་བྱའོ།། ལྟུང་བྱེད་བདུན་པའི་བདུན་པ་རྫོགས་སྷོ། ་གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་དང་། དགེ་སློང་མ་རྣམས་ཀྱིས་གཡན་པ་དགའ་བའི་གོས་བཅང་བར་བྱའོ་ཞེས་བཀའ་ཕུལ་པ་དེའི་ཚེ་དེ་དགེ་སློང་མ་དེ་དག་གིས་ཅི་འདྲ་ཚད་ཅི་ཙམ་པ་བཅད་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་བ། སྲིད་དུ་བདེ་བར་གཤེགས་པའི་མཐོ་བཞིའོ།། ནང་དུ་མཐེ་དེའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚད་བཀའ་སྩལ་པ་དེའི་ཚེ་བཅུ་གཉིས་སྡེ་དེ་དག་ཚད་ལས་ལྷག་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མ་གཡན་པ་དགབ་པའི་གོས་བྱེད་པས་ཆང་བཞིན་དུ་བྱེད་དུ་གཞུག་གོ།། དེ་ལ་གཡན་པ་དགབ་པའི་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐེའི་མཐོ ་བཞིའོ། ། ཞེང་དུ་མཐོ་འོ།། དེ་ལས་ལྷག་པར་བྱེད་ན་བཅད་ནས་ལྟུང་བྱེད་དོ།། གཡན་པ་དགབ་པའི་གོས་ཞེས་བྱ་བ་ནི་ན་པའི་གོས་སོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་བའོ།། བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། ཁྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། བྲིས་དུ་བདེ་བར ་གཤེགས་པའི་མཐོའི་མཐོ་བཞི་ཞེས་བྱ་བ་ནི་དེའི་ཆུ་གང་ཡིན་པ་ཆད་དང་ལྡན་པའི་ཁྲུའི་ཁྲུ་དྲུག། བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ།། ཞེང་དུ་མཐེ་དེའོ་ཞེས་བྱ་བ་ནི་ཚད་དང་ལྡན་པའི་ཁྲུ་གསུམ་མོ།། དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་འདས་པར་རོ།། བྱེད་དམ་ཞེས་བྱས ་ནི་བདག་ཉིད་ཀྱིས་སོ། ། བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། བཅད་ནས་ཞེས་བྱ་བ་ནི་མཉམ་པོར་བྱས་ནས་སོ།། ལྟུང་བྱེད་དེ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འབྱུར་ཞེ་ན། དགེ་སློང་མས་ཇི་དཔྱད་ཙམ་ཅུང་ཟད་གཡན་པ་དགབ་པའི་གོས་ཁྲུ་དྲུག་ལས་ལྷག་པར ་བྱེད་དུ་འཇུག་ན་ཐམས་ཅད་དུ་བཅད་ནས་ལྟུང་བྱེད་དོ། ། གང་གི་མདུན་དུ་འཆགས་པར་བྱེད་ན་ཞེས་བྱ་བའི་བར་གོས་ནས་འབྱུང་བ་བཞིན་ནོ།། སྲུང་བྱེད་བདུན་པའི་བརྒྱད་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ཉེ་དག། བདེ་བར་གཤེགས་པའི་ཆོས་གོས ་ཀྱི་ཚད་ཀྱི་ཚད་བྱད་དུ་བཅུག་ལ། བཅོམ་ལྡན་འདས་ཀྱིས་ནི་བཀག་པ་དེའི་ཚེ་སྦོམ་དགའ་མོས་ཀྱང་ཉེ་དགའ་མཐོང་ནས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་བཅུག་ནས་བགོས་ཏེ་དགེ་སློང་མའི་དབྱར་ཁང་དུ་སོང་ནས་དེས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད ་ཁ་ཅིག་ནི་མཚན་ཁུང་དུ་བརྟུལ། ཁ་ཅིག་ནི་ཕྲག་པ་ལ་གཟར་། ཁ་ཅིག་ནི་ལུས་ལ་བགོས། ཁ་ཅིག་ནི་འདོལ་ཞིང་འཇུག་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་གང་དུ་འགྲོ། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ལྷུང་བཟེར ་དང་ཆོས་གོས་བླངས་ཏེ་གང་དུ་ཡང་མི་འགྲོའོ། ། དེ་ལྟ་མོད་ཀྱིས་ཁོ་མོས་བདེ་བར་གཤེགས་པའི་ཆོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་བཅུག་པ་ཡིན་ནོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། བུ་ནུ་མོ་བཅོམ་ལྡན་འདས་ཀྱིས་དགག་པ་མ་མཛད་དམ། དེས་འདི་སྐད་ཅེས་དགེ་སློང ་རྣམས་ལ་དགག་པ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་@# ་བའི་བར་མཛད་དེ། ཡང་དགེ་སློང་མ་གང་བདེ་བར་གཞེསས་པའི་ཆོས་གས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འདུག་གམ་བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པ་བྱེད་དུ་འདུག་ན་བཅད་ནས་སྲུང་བྱེད་དོ།། དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། མིང ་དེབར་གཤེགས་པའི་མཔའི་མཆོ་ཅཝའོ། ། ཞེ་དུ་ཡོ་ག་ཏེ། དེ་ལ་འདོན་དེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཡིནནོ།། ཡང་བ་ཤེས་བྱ་བའི་སྦོམ་དགའ་མའོ།། བདེ་བ་གཤེགས་པའི་ཆོས་གས་ཀྱི་ཚད་ཀྱི་ཆོས་གོ་ཁྱེད་དུ་འདག་གས་ཤེས་བྱ་ནི་མངས ་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་པའོ། ། དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་མས་འོངས་པར་རོ།། དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཡིན་ནོ་ཞེས་བྱ་བ་ནི་གྲངས་རྣམ་པར་བཤད་པ་ཡིན་ནོ།། སྲིད་དུ་ཞེས་བྱ་བ་ནི་དེའི་ཆུ་གང་ཡིན་པའོ།། མཐོ་བཅུ་ཞེས་བྱ་བ་ནི ་བདེ་བར་གཤེགས་པའི་མཐོ་བ་ཅུ་གང་ཡིན་པ་སྟེ། དེ་ནི་ཚད་དང་ལྡན་པའི་ཁྲུའི་ཁྲུ་བཅཝོ་ལྔ་པའོ།། ཞེང་དུ་མཐོ་དྲུག་གོ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཚད་དང་ལྡན་པའི་ཁྲུའི་ཁྲུང་གུའོ།། ལྷུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ངལ་སྐུར་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུར ་ཟད་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཆད་ཀྱི་ཆོས་གོས་བྱེད་དམ། བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་བདག་བྱེད་དུ་འཇུག་ན་ཐམས་ཅད་དུ་བཅད་ནས་སྲུང་བྱེད་དོ།། གང་གི་མདུན་དུ་འཆགས་པར་བྱེད་ན་ཞེས་བྱ་བའི་བར་གོང་ནས་འཐུང་བ་བཞིན་ནོ།། སྲུང་བྱེད་བདུན་པའི ་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ། ། །། བསྡུས་པའི་སྡོམ་ལ།། སྒོག་སུ་རྗེན་པ་སྐྱབས་ཡོད་དང་།། ན་ག་ཐུབ་རྒྱ་དབྱུང་ལྡན་པ་འདྲ།། དབྱར་ནད་ལ་ནི་བཅུ་གཉིས་དང་།། འདོད་ཆེན་སྡོམ་པ་གནོན་ནུམའོ།། སྡོམ་པ། ཞོག་དྷཱ་མངོས་ས་སུ་བདག་པ་དང་། ་སོར་མའི་ཚིགས་གཉིས་འདུག་པ་དང་།། ཐལ་མོས་བརྡེག་པར་མི་བྱའོ།། གླེང་གཞི་ན་མཉན་ཡོད་ནའོ།། དེའི་ཚེ་སྲེག་མི་བཟད་པ་དགོན་པ་སློངས་མོ་བས་ཟས་རྙེད་པར་དཀའ་བབྱུང་ནས་ཞེས་བྱ་བ་ནས། མི་ཞིགས་སྒོ་སྱའི་ལྡུམ་པ་ཞིག་ཡོད་དེ་ཞེས་བྱ་བའི་བར་ཏེ། དེན་ཚོད་སྟོན་དག་མ ་སུ་སྐྱེའོ། ། དེ་ནས་མི་དེ་ལ་དགེ་སློང་མ་རྣམས་ཀྱིས་ཚོད་སྔོན་བསླངས་པ་དང་། དེས་སྨྲས་པ། ཅི་བདེ་བ་ཁོ་ནར་མཛོད་ཅིག། དེ་ལྟ་མོད་ཀྱི་སྒོག་སྐྱ་དེ་དག་ནི་མ་གདོན་ཅིག་ཅེས་དེ་དག་ཉི་མ་རེ་རེ་ཞིང་ཚོད་སྔོན་དག་བླངས་ནས་དགེ་སློང་མའི་དབྱར་ལང་དུ་འདོད་དོ།། དེ་ནས་སྦོམ་དགའ་མོས་དགེ ་སློང་མ་དེ་རྣམས་ལ་དྲིས་པ་པུན་མོ་དག་བྱེད་ཀྱིས་ཚོད་ལྡན་གང་ནས་བླངས་ཞེས་བྱ་བ་ནས་སྡོམ་དགའ་མོ་ཡང་སྲོག་ཀླུའི་སྡུམ་ར་སོང་ནས། དེས་ཚོདང་སྔོན་དང་སྲོག་སྐྱ་ལྷན་ཅིག་བཏོན་ཏོ།། དེ་ནས་ལྐོག་སྐྱའི་བདག་པ་དེས་འཕྲིགས་ཏེ་འཕྲིགས་ནས་ཀྱང་ལྐོག་དྷའི་ལུམ་གཞན ་ཞིག་གི་ལག་ཏུ་བཙོངས་ཏེ་བཙོངས་ནས་དགེ་སློང་མ་རྣམས་ལ་སྨྲས་པ། ཀྱེ་འཕགས་མ་དག་བདག་གིས་གཞན་ཞིག་གི་སུག་པར་གཅོངས་ལགས་ཀྱིས་དེ་ལས་ཚོར་སྔོན་སློངས་ཤིག་ཅེས་བྱ་བ་ནས། དེས་ཀྱང་སྲུངས་མའི་ཁྱེའུ་ཞིག་གཞག་སྟེ། ཅི་བདེར་བྱེད་དུ་བཅུག་ནས་དགེ་སློང་མེད ་དག་ཚོད་སྔོན་རྔབ་ན། སྦོམ་དགའ་མོ་སྒེག་སྐྱ་འབའ་ཤིག་འབྱིན་པར་བྱེད་དོ།། དེ་ནས་ཁྱེའུ་ཡིས་སྦོམ་དགའ་མོ་ལ་སྒོག་སྐྱ་འབྱིན་པ་བཟློག་པ་དང་། དེ་ནས་སྦོམ་དགའ་མོས་ཁྱེའུ་དེ་བརྡེགས་སོ།། དེ་ནས་ཁྱེའུ་དེས་ཕ་ལ་སྨྲས་པ་དང་། དེའི་ཕྱིར་དེ་ཉིན་པར་སྒྲོག་སྐྱའི་ནང་ཞིག་ཏུ་གབ་ནས ་བསྡད་ངོ་། ། དེ་ནས་སྦོམ་དགའ་མོ་ཡང་འོངས་ནས་སྒོག་སྐྱ་འབྱིན་པ་ལས་ཁྱེའུ་དེས་བཟློགས་པ་དང་ཞེས་བྱ་བ་ནས་ཁྱིམ་བདག་དེས་སྐྱད་སྦོམ་དགའ་མོ་བརྡེགས་སོ་ཞེས་བྱ་བའི་བར་རོ།། དེ་ཡང་མིག་ཕུབས་སྐྲངས་ཤིང་དབྱར་ཁང་དུ་འོངས་པ་དང་། དགེ་སློང་མ་རྣམས་ཀྱིས་དྲིས་པ ་ལས་དེས་སྐབས་དེ་རྒྱས་པར་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྒོག་སྐྱ་ཟན་སྲུང་བྱེད། ་རོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྒོག་སྐུ་ཞེས་བྱ་བ་ནི་བྱི་སྐུའོ།། ཟ་ན་ཞེས་བྱ་བ་ནི་ལྡོག་མར་མིང་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྒོག་སྐྱ་ཟ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ་ཞེས་དེ་ལྟར་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དགེ་སློང་མ་ནད་པ་ཞིག་ཡོད་པ་དས་སྨོན་པ་ལ་དྲིས་པ་དང་། སྨན་པས་སྒོག་སྐྱ་བསྟན་ཏོ།། དེས་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་སྨན་པ་ཁོ་མོད་ནི་ཤི་ཟིན་ནོ།། སྨན་པས་སྨྲས་པ། ཅི་ཉེས། དེས་འདི་སྐད་ཅེས་སྨྲས ་སོ། ། བཅོམ་ལྡན་འདས་ཀྱིས་བཀག་གོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱི་སྟོན་པ་ཐུགས་རྗེ་ཅན་ཡིན་པས་རྗེས་སུ་གནང་བར་འགྱུར་རོ་ཞེས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀ ་སྩལ་པ། སྨན་པའི་ལུང་གིས་ནང་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱས་ནས་སྒོག་སྒྲ་དང་། ཀིའུ་ལ་སོགས་པ་ཀུན་ཏུ་སྤྱད་པར་བྱའོ།། དགེ་སློང་མ་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྦོམ་དགའ་མོ ་ལྷག་པར་ཆགས་པའི་ཟིལ་གྱིས་ནོན་པས་སྒོག་སྐྱའི་ཕྱིར་བརྡེགས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཤིག་མ་ཡིན་གྱི་འོན་ཀྱང་འདས་པའི་དུས་ན་ཡང་ལྷག་པར་ཆགས་པས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་པ ་དེ་ཉོན་ཅིག་ཅེས་བྱ་བ་ནས་གྲོང་ཁྱེར་བཱ་ར་ཎ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ཞིག་བྱུང་ངོ་ཞེས་བྱ་བའི་བར་རོ། ། ཇི་ཙམ་ན་རྐུན་པོ་ཞིག་རྒྱལ་པོའི་ཕོ་བྲང་ཐུག་པ་དང་ཞེས་བྱ་བ་ནས། བུ་ཀུའི་སྒོར་དངུལ་སྐྱོགས་ཤིག་བརྗེད་དེ་ལུས་པ་དང་། རྐུན་པོ་དེས་སྔར་ཡང་སོང་སྟེ་ཐང་ངོ་།། ་སྙམ་ནས་ཞེས་བྱ་བ་ནས་རྒྱལ་པོའི་བཀྲབས་པ་དག་གིས་བཟུང་ནས་ཚུལ་མ་ཡིན་པས་སྡུག་བསྔལ་བར་བྱས་སོ།། དེ་ནས་ལྷ་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ།། ལྷག་པར་ཆགས་པས་ཟིལ་ནོན་ན།། དོན་གྲུབ་པ་ཡང་ཉམས་གྱུར་ཏེ།། ཕྱིར་དོན་གཉེར ་བར་བྱེད་པ་ལ། རྐུན་པའི་སྩོགས་ན་དེ་བཞིན་ནོ།། དགེ་སློང་དག་གཞན་ཡང་ལྷག་པར་ཆགས་བ་ཁོ་ནས་རིན་པོཆེ་ལས་ཡོངས་སུ་ཉམས་པར་གྱུར་པ་དེ་ཉོན་ཅིག། དགེ་སློང་དག་སྔོན་ཟུང་བཟོད་ཁྱེར་ནང། སྤྲིན་ཁྱིམ་བདག་ཅིག་ཡོད་པ་དེ་ཞེས་བྱ་བ་ནས་དེལ ་བུ་མོ་ཞིག་བཅས་པ་དང་། ཤི་ནས་དང་བའི་རྒྱལ་པོ་རང་བཞིན་གྱིས་སྐྱེ་བ་དྲན་པ་ཞིག་ཏུ་སྐྱེས་སོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་དེབུ་མོའི་དོན་དུ་ཉི་མ་རེ་རེ་ཞིང་རིན་པོ་ཆེ་དག་སྐྱེལ་བར་བྱེད་དོ།། དེ་ནས་བུ་མོས་བསམས་པ། དང་པའི་རྒྱལ་པོ་ཡང་གརུང་ལ་རིན་པོ་ཆ་ཡ ་ད་དོ་སྙམ་པ་དང་། དེཟོས་ནས་ཕྱིན་ཆད་མི་འོང་བར་བྱ་ཧོ།། དེ་ཙམ་ན་སྟ་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། ལྷག་པར་ཆགས་པར་མི་བྱསྟེ།། ཆོས་མིན་ཆགས་པ་སྡིག་པ་ཅན།། དང་པའི་རྒྱལ་པོ་གཟུང་སྙམ་པས། རིན་ཆེན་རྣམས་ལས་ཡོངས་སུ་ཉམས ་དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྐུན་པོ་དང་། བུ་མོ་གང་ཡིན་པ་ནི་སྦོམ་དགའ་མོ་འདི་ཉིད་ཡིན་ཏེ། དེ་ནས་ཡང་ལྷག་པར་ཆགས་པ་ཁོ་ནར་གྱུར་ཏོ།། ད་ལྟར་ཡང་ལྷག་པར་ཆགས་པ་ཁོ་ནར་གྱུར་ཏོ།། དེ་ལྟ་བས་ན་ལྷག་པར་ཆགས་པར་མི་བྱེད། དགེ་སློང་དག་བྱེད་ཀྱིས་དེ་ལྟ ་བྲལ་བས་པར་བྱའོ། ། སླང་བྱེད་བརྟད་པ་དང་བ་རྫོགས་སྷོ།། གླེང་གཞིན་མཉན་མེད་ནའོ།། དཛི་མ་སྒོ་མ་དགའ་མོས་མདམས་ཀྱི་ཕྱོགས་ཀྱི་སྐུའི་ལས་བྱེད་ཅིང་དེ་འཁྲུས་བྱེད་པ་ན་ཐས་པ་དང་། ཁྱིམ་བདགག་ཆུང་མ་རྣམས་ལ་བརྟན་ཏེ། ལ་འབྲས་མཁོར ་བེན་ཙེ་ལྟང་འདུག་པ་འང་ལ་ལྟོས། ། དེ་དག་གིས་འདི་གད་ཅེས་སྨྲས་སོ།། འཕགས་མ་ཤིག་ལ་མོ་ཅག་ནི་སུམ་ཐབ་ཀྱི་སེམས་མཐ་པར་བགྱིད་པའི་ཕྱིར་བགྱིད་ན། ཁྱོད་ཀྱིས་འདི་ཅིང་འཚལ། ཁྱེད་ཀྱིསུ་ཞིག་མཐ་བར་བགྱི། འདི་ནི་བཏུ་བྱུང་བ་དང་འཚམ་པ་མ་ལགས་སོནས ་བྱ་བ་ནས་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མདོམས་ཀྱི་ཕྱོགས་ཀྱི་སྐུའི་ལས་བྱང་ན་ཐམས་ཅད་དུ་པུང་བྱེད ་དུ་འགྱུར་རོ། ། ཡང་གང་ཞེས་བྱ་བ་ནི་སྦོ་མ་དགའ་མོའོ།། མདོམས་ཀྱི་ཕྱོགས་ཤེས་བྱ་བ་ནི་གསང་བའི་གནས་སོ།། སྤུའི་ལས་བྱེད་དམ་ཞེས་བྱ་བ་ནི་སློངས་འདྲེག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ནི་ཙམ་ཅུང་ཟད་མདོམས་ཀྱི ་ཕྱོགས་ཀྱི་སྤུའི་ལས་བྱེད་ན་ཡང་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་མ་བྱུང་བའི་ཕྱིར་བྱེད་ན་ལྟུང་བ་མེད་དོ།། སྲུང་བྱེད་བརྒྱད་པའི་གཉིས་པ་རྫོགས་སྷོ།། །། གླེང་གནོན་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས་གསང་བའི་གནས་སུ་ལག་པ་བཅུག་ནས་ཇི་ཙམ་ཉོན་མོངས་པ ་ཞིབང་གྱུར་བྱ་བར་དུ་བཀྲུས་པས་དེའི་གསང་བའི་གནས་སྤངས་པར་གྱུར་ཏོ། ། དེས་བུ་ཤེལ་ཙེ་དང་། ཙན་དན་ལ་སོགས་པའི་བྱུག་པ་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ལ་བསླངས་པ་དང་། དེ་དག་གིས་འདི་སད་ཅེས་སྨྲས་སོ།། ཁྱོད་ཅི་བསྐུང་། དེས་སྐབས་དེ་རྒྱས་པར་སྨྲས་པ་དང ་ཞེས་བྱས་ནས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟབས་ན་དགེ་སློང་མས་ཁྲུས་མ་བྱས་པས་དྲི་ངན་པ་སྐྱེས་པར་གྱུར་ཏོ།། དེ་ནས་དུས་གཞན་ཞིག་ན་སྐྱེ་དགུའི་བདག་མེ་ཆེན་མོགཽ་ཏ་མི་ཁྱིམ་བདག་གི་ཟུང་མ་རབ་ཏུ་མང་པོ་ལ་ཆོས་བཅན ་པན། དེ་དག་ཟན་ཚུན་དུ་འདི་སྐད་ཅེས་དྲི་ངན་པ་མནམ་མོ་ཞེས་ཟེར་རོ།། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གོ་ཏ་མི་རང་བཞིན་གྱིས་དྲང་བ་ཡིན་པས་འདི་སྐད་ཅེས་སྨྲས་སོ།། བྲན་མོ་དག་དྲི་ངན་པ་དེ་ནི་ཁོ་མོའི་ཡིན་ནོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅི ་སླད་དུ་ཁྲུས་མི་མཛད། སྤྱད་པའི་བདག་མོ་ཆེན་མོས་འདི་སད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་བཀག་གོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ད་སྟ་བས་ན་སོར་མོའི་ཚོགས་གཉིས་ཀྱིས་ཁྲུས་བྱའོ།། ཇི་ཙམ་ན་ཉིངད་ཉེས་དམིགས་སུ་དྲར་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསྒྲུབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྲུས་བྱེད་པ་ན་སོར་མོའི་ཚིགས་གཉིས་ལས་འདས་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྡོམ་དགའ་མོའོ།། ཁྲུས་བྱེད་ན་ཞེས་བྱ་བ་ནི་ཆུ་བླངས་ནས་སོ ་སོར་མོའི་ཚིགས་གཉིས་ལས་འདས་པར་འཇུག་ན་ཞེས་བྱ་བ་ནི་དེ་ལས་ལྷག་པར་རོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྲུས་བྱེད་པ་ན་སོར་མོའི་ཚིགས་གཉིས་ལས་འདས་པར་བྱེད་ནི་ཐམས་ཅད་དུ་ལྟུང་བྱེད ་དུ་འགྱུར་རོ། ། ལྟུང་བྱེད་བརྒྱད་པའི་གསུམ་པ་རྫོགས་སྷོ།། །། གླིང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་ཉོན་མོངས་པས་ཉེན་ནས་ཇི་སྲིད་ཚིམ་གྱི་བར་དུ་གསང་བའི་ཕྱོགས་སུ་ཐལ་མོས་བརྒྱབ་པས་ཇི་ཙམ་ན་སྤངས་པར་གྱུར་ཏོ།། གང་གི་ཚེ་འདོད་ཆགས་ཞི་བར་གྱུར ་པ་དེའི་ཚེན་ཚངས་འདེབས་སོ། ། དེ་ནས་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཀྱིས་དྲིས་པ་ལས་དེས་སྐབས་དེ་རྒྱས་པར་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འིདི ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བུད་མེད་ཀྱི་ཡུལ་ལ་ཐལ་མོས་རྡེག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། བུད་མེད་ཀྱི་ཡུལ་ལཐལ་མོས་རྡེག་ན་ཞེས་བྱ་བ་ནི་མོ་མཚན་ལ་ཐལ་ལྕག་གིས་བརྡེགས་ནའོ།། ལྟུང་བྱེད ་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བུད་མེད་ཀྱི་ཡུལ་ལ་ཐལ་མོས་རྡེག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྷུང་བྱེད་བརྒྱད་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། སྡོམ་ནི། རྗེན་པ་བརྩེ་བར་མི་བྱ ་དད། ། ཆུས་ནི་གཏོར་བར་མི་བྱ་དང་།། སྔོན་པོར་བཤད་པར་མི་དོར་དང་།། རྩིག་པའི་རྒྱབ་ཏུ་མི་དོར་བའོ།། གླེང་གཞི་ནི་མཉན་ཡོད་ནའོ།། གྲོང་ཁྱེར་བ་དག་ལྡུ་མར་དང་། བསྐྱེད་མོས་ཚལ་ལ་དགའ་བས་དེ་དག་གི་ཀུན་ཏུ་སྤྱོད་པ་ནི་གང་གི་ཚེ་བསྐྱེད་མོས་ཚལ་དག་ཏུ་འདོད་པར་གཡོས ་མཁན་གྱིས་བཅའ་བ་འཚེད་པར་བྱེད་པ་ཡིན་པས་དེ་དག་གིས་ཡང་གཡོས་མཁན་ལས་ནད་པར་སྔར་ཤོག་ཤིག་ཅེས་བསྒོ་བ་ལས། དམ་འོངས་པར་སྦོམ་དགའ་མོ་སྡེ་དྲོ་ཤ་མ་ཐབས་བགོས། ཆོས་གོས་དང་། ལྷུང་བཟོད་བྱངས་ཏེ་བསོད་སྙོམས་ཀྱི་ཕྱིར་སྤྱོད་ཡུལ་དུ་ཞུགས ་ནས་ཁྱིམ་བདགཅིགགས་ཁྱིམ་དུ་ཞུགས་ཏེ་འདི་སྐད་ཅེས་སྨྲས་སོ། ། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གློབ་མི་དགའ་བ་ལགས་སོ།། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅི་སྟེ་མི་དགའ། དེས་སྐབས་དེ ་རྒྱས་པར་སྨྲས་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་ཁྱོད་རང་ཉིད་མི་འཚེད། དེས་འདི་སྐད་ཅེས་སྨྲས་སོ།། བདག་གིས་སྔོ་མི་ཐོག་ལགས་སོ།། དེ་ནས་སྦོམ་དགའ་མོས་ཁྱིམ་བདག་གི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱོད་ཀྱང་ཁབ་བཞིན་དུ་ལས ་སྐུ་གཅིག་པ་ཞིག་ཡིན་ནམ། ངས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དེ་ལ་མཁྱེན་པ་མངའ་འམ། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་བཟོའི་གནས་དང་། ལས་ཀྱི་གནས་གང་ལ་མཁས་པར་མ་བྱས་པ་དེ་གང་ཞིག་ཡོད། དེ་ནས་ཁྱིམ་བདག ་གི་རྦང་མ་དེས་དེ་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། ། འཕགས་མེདེ་ཁྱོད་ལ་བདག་གསོལ་བ་འདེབས་ཀྱིས་བཅའ་བ་སྒྲོལ་ལ་བདག་ལ་སྩོལ་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ལ་སུ་བསོད་སྙོམས་སྟེར་བར་འགྱུར། ཁྱིམ་བདག་གི་ཆུང་མས་འདི་སྐད་ཅེས་སླད ་ཀྱིས་བདག་གིས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་བདག་གིས་སློབ་དཔོན་ལ། བདག་གིས་མཁན་མོ་ལ། བདག་གིས་ཁང་སྐྱོང་མའི་བར་ལ་སླད་ཀྱིས་འབུལ་ལོ་ཞེས་སྨྲས་པ་དང་། དེས་ལྷུང་བཟེད་དང་། ཆོས་གོས་མཐའ་ཅིག་ཏུ་བཞག། གོས་གཞན་དག་བརྗེས་ཏེ་ཞེས་བྱ་བ་ནས ་དེས་དོག་ལེ་བཀྲུས་བཤལ་བ་བསྲེགས་ཏེ། མར་ཁུས་བཀད་ནས་ཇི་ཙམ་ན་རིམ་བཞིན་དུ་ཀུན་དུ་གཡོས་པ་དང་། ལེགས་པར་གཡོས་པ་དང་། འབྲས་བུ་ལས་གཡོས་པ་དང་། ལ་ཐུ་དང་། ཁོད་ཚངས་ཅན་དང་། ཅེ་ཀུན་དང་། རི་བརྒྱ་པ་དང་། སྲིན་བུའི་དབྱིབས་ལྟ་བུ་སྟེ། དེ་ལྟ་བུ་དག ་བཅོས་ཏེ་དེས་གྲོང་རྡལ་དེའི་ཕྱེད་དྲི་ལས་ཁྱབ་པར་བྱས་སོ། ། ཇི་ཙམ་ན་དེས་གྲོང་རྡལ་གྱི་ཕྱེད་ན་འདུག་པ་དག་འོངས་ནས་དྲིས་པ། ཅི་ཁྱོད་ཀྱི་ཁྱིམ་དུ་གཡོས་མཁན་འོངས་སམ། དེས་འདི་སྐད་ཅེས་སྨྲས་སོ།། མ་འོངས་ཏེ། དེ་ལྷ་མོད་ཀྱི་འཕགས་མ་སྦོམ་དགའ་མོའི་ཆེད་དོ།། ་དེ་དག་ཀྱང་འོངས་ནས་གསལ་བ་བཏབ་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ལ་སུ་བསོད་སྙོམས་སྟེར་བར་འགྱུར། དེ་དག་གིས་འདི་སྐད་ཅེས། བདག་ཅག་གིས་ཁང་སྐྱོང་གབར་ལ་དབུལ་ལོ་ཞེས་སྨྲས་པ་དང་། དེ་བཞིན་དུ་སྦོམ་དགའ་མོས་གྲོང་ཁྱེར་ཕྱེད་ཀྱི་བཅའ་བ་ཐམས་ཅད ་བཅོས་ཏེ། དེ་ནས་བཅོས་ནས་བསོད་སྙོམས་ཀྱིས་ཁུར་བསྲངས་ནས་དབྱར་ཁང་དུ་སོང་ངོ་།། དེའི་འོག་ཏུ་གཡོས་མཁན་འོངས་ཏེ་འོངས་ནས་སྒོ་སྒོར་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་མོ་དག་བཙུན་མོ་དག་བཅའ་བ་དག་བཅོས་སྣོམས་ཏེ་སྤྱོན་ཅིག། དེ་དག་གིས་འདི་སྐད་ཅེས་སྨྲས ་སོ། ། ལོ་མདག་གི་བཅོས་ཟིན་ནོ།། རྩཝ་ཆོས་མཁན་གྱིས་འདིསྐད་ཅེས་སྨྲས་སོ།། སུ་ཞིག་གས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། སྦོམ་དགའ་མོས་སོ་ཞེས་ཐོང་རྡལ་བྱེད་པོ་ཐམས་ཅད་ཀྱི་བར་གྱིས་གོ་བར་བྱས་པ་དང་། དེས་འདི་སྐད་ཅེས་ཤཱཀྱའི་སྲས་ཀྱིང་དགེ་སྦྱོང་རྣམས་ཀྱི ་ཚུལ་དང་། ཚངས་པའི་ཚུལ་ནི་ཚིག་པ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་འཚོ་བ་ཡང་བཅད་དེ་ནས་འབྱེ་བར་བྱེད་པ་ན། དོན་རུང་བའི་དགེ་སློང་མ་དག་སྨོད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར ་དུ་མཛད་དེ། ཡང་དགེ་སློང་མགང་རྗེན་པ་འཚོད་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རྗེན་པ་འཚེད་ན་ཞེས་བྱ་བ་ནི་བཅའ་བའ་ཚེད་ནའོ།། ལྡང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ཐུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད ་རྗེན་པ་འཚེད་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དོ། ། དེ་ནས་དགེ་འདུན་གྱི་ཁྲེལ་བབྱུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་རྒྱལ་བ། དགེ་འདུན་གྱི་བྱི་དབེན་པར་འདུག་ནས་བཙོ་བར་གྱི་ཏེ་ལུང་བ་མེད་དོ།། ཀླུང་བྱེད་དགུ་པའི་དང་པ་རྫོགས་སྷོ།། ། གླེ་གཞིནི་མནན་ཡོད་ནའོ།། ་དེའི་ཆ་ཁྱིམ་བདག་ཅིག་ཆུང་མ་དང་ལྷན་ཅིག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཞེས་བྱ་བ་ནས། དགེ་སློང་མ་རྣམས་ལ་ལྟ་བའི་ཕྱིར་དབྱར་ཁང་དུ་དོད་དོ།། ཇི་ཙམ་ན་དེ་དེ་ན་ནང་པར་ཐུག་པ་ཞིག་འཐུང་བ་དང་། དགེ་སློང་མ་དེ་ཡང་ཆུ་སྣོད་ཅིག་ཐོགས་ཏེ། མདུན་ན་སྡོད་ཅིང་འདུག་གོ།། ་དེ་ན་ས་དགེ་སློང་དེ་ནས་ནས་འདེ་སད་ཅེས། ཐོབ་ཁྱིམ་པར་བྱུར་བ་ན་ཁྱོད་དེ་ལྟར་མདུན་རྗོད་དོ་ཞེས་སྨྲས་པ་དང་། དེས་ཆུབ་སྣོད་དེ་ནས་མགོར་གཏོར་ནས་འདི་སྐད་ཅེས་སྨྲས་སོ།། ཥ་མཐོད་ཀྱི་ཡོན། ན་ཡ་དག་པར་སྤོགས་ན་ཁྱོད་ལ་སོའི་སྨོན་ནམས་ལ་འདུག་པར་བྱེད ་ངགཞེས་སྨྲས་ནས་ཐོས་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱིས་ཅིའི་ཕྱིར་འཚར་གྱིན་ཙོ་པའི་མདོལ་ཆུས་གཏོར་ཞེས་བྱ་བ་ནས་ངན་ཉུང་པའི་དགེ་སློང་མདག་སྨོད་པར་བྱེད་པའི་གབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འས ་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མགང་ཆུས་འཐོར་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་ཆོས་འདི་བའོ།། འཁོར་གྱི་གཙོ་བོ་ཞེས་བྱ་བ་ནི་འཁོར་གྱི་མཆོག་གོ།། ཆུས་འཐོར་ན་ཞེས་བྱ་བ་ནི་ཆུས་སོ།། ལྟུང་བྱེད་དོ་ནས ་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འཁོར་གྱི་གཙོ་བོ་ལ་ཆུས་གཏོར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་བརྒྱལ་བ་ལ་གདོང་དུ་ཆུ་ལྕག་གིས་འཐོར་བ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་དགུ་པའི་གཉིས་པ་རྫོགས ་སྷོ། ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དབྱར་ཁང་དང་མི་རིང་བཞིག་ན་ནེའུ་བསིང་སྔོན་པོ་ཞིག་ཡོད་པ་ད་ན་བྲ་མ་ཟེའི་ཁྱེའུ་ལྔ་བརྒྱལ་ཟམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་གོ།། དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་སྦོམ་དགའ་མོ་སྤྱོད་ཡུལ་དུ་འཇུག་པ་མཐོང་ནས ་བརྩམས་སོ། ། ཇི་ཙམ་ན་གྲོམ་དགའ་མོས་འཁྲུ་བར་འགྱུར་བའི་སྨན་ཟོས་པས་དེ་མང་དུ་འཁྲུས་ནས་འཁྲུས་པ་དེ་ཕྱོགས་ཏེ་ནེ་འུ་བསིད་བསྔོན་པོའི་སྟེང་དུ་སོང་ནས་དེས་འཁྲུ་བ་སེནེའུ་སི་དི་བརྩོན་པོ་ཐམས་ཅད་སྔགས་སོ།། དེ་ནས་ཡང་བྲམ་ཟེའི་ཁྱེའུ་རྣམས་ལྷགས་ནས་འདུག ་སྟེ། དེ་དག་གིས་འདི་སྐད་ཅེས་ཀུང་སའི་བུ་དག། བད་སའི་བུ་དག། བྷ་ར་དྭ་ཛའི་བུ་དག་ངན་སྐྱུགས་ཀྱི་དྲི་མནམ་མོ་ཞེས་སྨྲས་པ་ལས། ཇི་ཙམ་ན་དེ་དག་གི་ཡག་པ་དང་། རྐང་པ་དང་། གོས་རྣམས་ངན་སྔགས་ཀྱིས་བཀས་པར་གྱུར་ཏོ།། བྲམ་ཟེ་རྣམས་ནི་གཙང་སྦྲ་འདོད་པ་ཡིན ་བས་དེ་ནས་བྲམ་ཟེའི་བུ་དེ་རྣམས་ཡིད་མི་བདེ་ཞིང་འདུག་གོ། ། དེ་ནས་ཡང་སྦོམ་དགའ་མོ་བསོད་སྙོམས་ལས་སླར་ལོག་པ་ན་བྲམ་ཟེའི་ཁྱེའུ་དེ་རྣམས་ཡིད་མི་བདེ་ཞིང་འདུག་པ་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། ཀྱེ་བྲམ་ཟེའི་ཁྱེའུ་དག་ཅི་མང་དུ་གནོད་པ་བྱས་སམ། ཇི་ཙམ ་ན་དགོད་ནས་འདི་སྐད་ཅེས་ཁྱེད་དེ་ལྟར་བཅོས་སོ་ཞེས་བྱ་བ་ནས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང ་ནའུ་བསིད་སྔོན་པོ་ལ་བཤད་པ་འདོད་ན་ལུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ནེའུ་བསིང་སྔོན་པོ་ལ་ཞེས་བྱ་ནི་རྩ་སྔོན་པོ་ལའོ།། བཤད་པ་འདོར་ན་ཞེས་བྱ་བ་ནི་མི་གཙང་བའོ།། ལྷུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ ་སློང་མས་ཇི་ཙམ་ཅུང་ཟད་འདི་སྙམ་དུ་ནེའུ་བསིང་སྔོན་པོ་ལ་དོར་རོ་སྙམ་ནས་བཤད་པ་འདོར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྷུང་བྱེད་དགུ་པའི་གསུམ་པ་རྫོགས་སྷོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་གསུམ་པ། གླེང་གཞི་ནི་མཉན་ཡོད ་ནའོ། ། སྦོམ་དགའ་མོས་མང་དུ་ཟོས་ཤིང་མང་དུ་འཐུངས་པས་དེ་མཚན་མོ་གཅི་བས་ཐེབས་ནས་དེས་ཤོལ་ཟངས་བཞག་སྟེ། གཅིས་སོ།། དེ་ནས་ཡང་གླང་པོའི་སྣ་ཆེན་པོ་ལ་གཏོགས་པ་དཔལ་སྐྱེད་ཅེས་བྱ་བ་རྒྱལ་པོ་གསལ་རྒྱལ་གྱིས་ཆད་པ་བཅད་པ་ཞིག་ཡོད་པ་དེ་ནད་པར་གྱི་དུས་སུ་དབྱར ་ཁང་དང་ཉེ་བ་ཞིག་ནས་རྒྱལ་པོའི་ཕོ་བྲང་དུ་སོང་བ་ལས། སྦོམ་དགའ་མོ་དེས་ཤོལ་ཟངས་གཅིན་གྱིས་བཀང་བ་མ་བརྟགས་པར་གཏོར་བས་མགོ་ལ་ཕོག་པར་གྱུར་ཏོ་ཞེས་བྱ་བ་ནས་དེ་རིང་བདག་ལ་བཀྲ་ཤིས་པར་འགྱུར་རམ། འོན་ཏེ་བཀྲ་མི་ཤིས་པར་འགྱུར་སྙམ་པ་ལས་ཇི་ཙམ ་ནརི་དགས་འཛིན་གྱིས་རྒྱལ་པོ་དཔལ་སྐྱེད་ལ་བཟོད་པ་བྱེད་དུ་བཅུག་ནས། འདི་ལྟར་རྒྱལ་པོས་གླང་པོ་ཆེ་བད་མ་དཀར་པོ་ཞེས་བྱ་བ་ཅིག་དང་། དེའི་དབང་ཐང་ཉིད་ཀྱང་སླར་བྱིན་ནོ།། དེ་ནས་དཔལ་སྐྱེད་ཀྱིས་རས་ཡུག་པོ་ཆེ་ཞིག་ཁྱེར་ཏེ་དགེ་སློང་མའི་དབྱར་ཁང་དུ་ཕྱིན་པ་ཇི་ཙམ་ན ་སྦོམ་དགའ་མོས་ཐོས་ནས་སྐྲག་པར་གྱུར་པ་དང་ཞེས་བྱ་བ་ནས་དཔལ་སྐྱེད་ཀྱིས་འདི་སྐད་ཅེས་སྨྲས་སོ། ། གང་གིས་ན་བར་གྱི་དུས་སུ་འོ་བོ་ལགཅིན་གཏོར་བའི་དིའི་གཅིན་ནི་བཀྲ་ཤིས་པ་དགའ་བར་བྱེད་པ་ཡིན་པས། དེ་ལ་ལོ་བ་དེ་རིང་བསྐོན་པརས་ཡུག་པོ་ཆེ་འབྲུལ་ན་དགེ་སློང་མ ་དེགངད་ལགས། དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས། ཁོ་མོ་ཡིན་ནོ། ཞེས་སྨྲས་པ་དང་། དེས་དེ་ལ་རས་ཡུག་པོ་ཆེ་ཅིག་བསྐོན་ནོ།། ཇི་ཙམ་ན་སྦོམ་དགའ་མོ་དགེ་སློང་མ་རྣམས་དང་ལྷན་ཅིག་ཐབ་མོ་བྱུང་བ་དེའི་ཚེད་ན་རེ་ངན་སྲུགས་ཀྱང་ཁྱེད་དང་མི་མཚུངས་སོ་ཞེས་སྨྲ་བ་ནས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་བརྟགས་པར་དོར་བར་མི་བྱའོ།། འདོར་ན་ལྟུང་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མ་བརྟགས་པར་བཤད་པ་དང་། གཅི་བ་འདོར་བ ་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཡང་མ་བརྟགས་པར་ཞེས་བྱ་བ་ནི་བརྟགས་པར་མ་བྱས་པར་རོ།། བཤད་པའམ། གཅི་བ་འདོར་ན་ཞེས་བྱ་བ་ནི་འདོར་བར་བྱེད་ནའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་མ་བརྟགས་པར ་བཤད་པ་འམ། གཅི་བ་འདོར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ཁང་སྟོང་དམ་རྩིག་པ་རལ་པ་ཡིན་ན་ལྷུང་བ་མེད་དོ།། ལྟུང་བྱེད་དགུ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། སྡོམ་ནི། སྐྱབས་ཡོད་པར་ནི་སྐྱེས་པ་དང་།། དགེ་སློང་མ་དང་འདུག་མི་བྱ། ་བླ་ག་བ་མེད་པར་སྐྱེས་པ་དང་།། དགེ་སློང་གཉིས་ནི་མ་ཡིན་དང་། འབའ་ཤིག་གནས་པར་མི་བྱའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྐྱེས་པ་དང་ལྷན་ཅིག་སྐྱབས་ཡོད་པ་ན་གཏམ་བྱེད་པ་དང་བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་འདི་སྐད་ཅེས་དེ ་ལྟར་བརྡ་བྱས་ནས་མཚན་མོ་ཉེས་པར་སྤྱད་པ་སྤྱོད་པར་འགྱུར་རོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང ་དགེ་སློང་མ་གང་གཅིག་པུ་སྐྱེས་པ་ཅིག་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྐྱེས་པ་དང་ལྷན་ཅིག་ཅེས་བྱ་བ་ནི་ཕོ་དད་དོ།། གཅིག་པུ་ཞེས་བྱ་བ་ནི་གང་ན་གསུམ་པ་སྐྱེས་པ་འམ། བུད་མེད་དམ། མ་ནིང་མེད་པར ་རོ། ། དབེན་པ་སྐྱབས་ཡོད་པ་ཞེས་བྱ་བ་ལ། སྐྱབས་ཡོད་པ་ནི་གསུམ་སྟེ། རྩིག་པའི་སྐྱབས་ཡོད་པ་དང་། སབ་མའི་སྐྱབས་ཡོད་པ་དང་། ཡོལ་བའི་སྐྱབས་ཡོད་པའོ།། འདུག་ན་ཞེས་བྱ་བ་ནི་གཏམ་ཟེར་ཞིང་ངོ་།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར ་འགྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་སྐྱེས་པ་དང་། ལྷན་ཅིག་སྐྱབས་ཡོད་པ་ན་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་འཆར་ཀ་དང་། སྦེད་མ་རབ་ཏུ་བྱུང་བ་དེའི་ཚེ་འཆར་ཀ་དགེ་སློང ་མའི་དབྱར་ཁང་གང་ན་བ་དེར་སོང་སྟེ་ཕྱིན་ནས་སྦེད་མ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་པ་ན་དོན་ཉུང་བའི་དགེ་སློང་མའི་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པུ་དགེ་སློང་ཅིག་དང་། ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦེད་མའོ།། གཅིག་པུ་དགེ་སློང་ཅིག་དང་ལྷན་ཅིག་ཞེས་བྱ་བ་ནི་གང་ན་གསུམ་པ་སྐྱེས་པ་དང་། བུད་མེད་དང་། མ་ནིང་མེད ་པར་འཆར་ཀ་དང་ངོ་། ། དབེན་པར་སྐྱབས་ཡོད་པ་ན་ཞེས་བྱ་བའི་བར་གོང་མ་བཞིན་ནོ།། འདུག་ན་ཞེས་བྱ་བ་ནི་གཏམ་སྨྲ་ཞིང་ངོ་།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་དང་ལྷན་ཅིག་དབེན་པ ་སྐྱབས་ཡོད་པ་ན་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་གྲོགས་གཉིས་པ་ཡོད་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཅུ་པའི་གཉིས་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་སྐྱེས་པ་ཞིག་དང་ལྷན་ཅིག་ཐག་པ་མེད་པར ་འདུག་ནས་རྐུན་ལ་རྩེད་མོ་ཞེས་བརྡའི་ཚིག་སྨྲའོ་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པུ་སྐྱེས་པ་ཅིག་དང་ལྷན་ཅིག་བླ་གབ་མེད་པར་དབེན་པར་འདུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གཞན་ནི་སྔ་མ་བཞིན་ནོ ་བླ་གབ་མེད་པར་ཞེས་བྱ་བ་ནི་ཐང་ལའོ། ། དབེན་པར་འདུག་ན་ཞེས་བྱ་བ་ནི་གཏམ་ཟེར་ཞིང་སྟེ། ཁྱད་པར་ནི་འདི་ཡོད་དོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་སྐྱེས་པ་དང་ལྷན་ཅིག་ཟ་ག་བ་མེད་པ་ན་འདས ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། གྲོགས་ཡོད་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཅུ་པའི་གསུམ་པ་རྫོགས་སྷོ།། །། དེ་བཞིན་སྦེད་མ་དང་། འཆར་ཀ་དབེན་པ་བླ་གབ་མེད་པ་ན་འདུག་ནས་ཞེས་བྱ་བ་ནས་བསླབ་པ་བཙའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ། ་གང་ཅིག་པུ་དགེ་སློང་ཅིག་དང་། ལྷན་ཅིག་བླགབ་མེད་པ་དབེན་པར་འདུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བ་ནི་སྦེད་མའོ།། དགེ་སློང་ནི་འཆར་ཀའོ།། གཞན་ནི་གོང་ནས་འབྱུང་བ་བཞིན་ནོ།། སྣང་བྱེད་ཞི་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེན་། ་མོང་མས་ཇི་ཙམ་བུ་ཟད་ཅེས་བྱ་བ་སྔ་མ་བཞིན་ནོ།། ཚོགས་ཡོད་ན་ལྟུང་བ་མེད་དོ།། སྲད་བྱེད་བཅུ་པའི་བཞི་པ་རྫོགས་སྷོ།། །། གླེ་གཞིན་མཉན་ཡོད་ནའོ།། སྡོམ་དགའ་མོས་སྐྱེས་བཞིག་ལ་བ་རྡབྱས་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མགྱོད་ནི་བཏུ་བྱུང་། ་བ་ལགས་པ། བདག་ཀྱང་ཁྲིམ་པའི་ན་ན་དགེ་བསྙེན་ལགས་ཏེ། གལ་ཏེ་འག་ཞིག་གིས་ཤེས་པར་བྱར་ན་གཉིས་ག་སྣད་པར་འགྱུར་རོ།། དེས་འདི་ག་ཅེས་སྨྲས་སོ།། ཁྱོད་དེསམ་ས། དྲང་དང་། ཛ་བ་ཏ་ཏ་ཐང་ཅིང་འ་དགས་ས་མ། དེ་ལ་ད་ཀྱི་དབྱང་བང་གི་།། ་བང་དུ་ཤོག་ཤིག། ཅི་ཙམ་ན་སྐྱེས་པ་དེ་གནས་ཁང་དུ་འོངས་སོ།། དེ་ནས་སྦོམ་དགའ་མོས་སྐྱེས་པ་དེ་སྐྱབ་མ་ཡོད་པར་ཁྲི་སྟང་དུ་འདུག་ཏུ་བཅུག་ནས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་མཁན་མོའི་ཞབས་བཀྲུ་བའི་ཆེད་དུ་ལྟ་ཞེང་འགྲོའོ་ཞེས་སྨྲས་ནས་སོང་ངོ་།། དེས་ཀྱང་མཁན་མ་ལ ་ཞུས་ནས་ལུང་ཡང་མནོས། གཞོན་ནུ་མ་རྣམས་ལ་ཡང་ལུང་པོག་གཏམ་དག་གླེང་བ་ཡང་བྱས་ཏེ། དེ་ལྟར་བྱ་བ་མང་ཞིང་བསྒྲུབ་པ་མངས་པས་ཅི་ཙམ་ན་སྐྱེས་པ་ད་བརྗེད་དོ།། དེ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་བརྐུས་ནས། གནས་ཁང་གི་ནང་དུ་ཞུགས་ཏེ་ཁྲི་སྟེང་དུ་འདུག ་པ་དང་། སྐྱེས་པ་དེ་ཡང་འགུལ་བར་བརྩམས་སོ།། དེས་འགུལ་བས་ཁྲི་ལྡེགས་པ་དང་། དེས་རྐུན་པོ་བྱུང་ངོ་རྐུན་པོ་བྱུང་ངོ་ཞེས་ཁུས་བཏབ་པ་དང་། དེ་ནས་སྐྱེས་པ་དེ་ཡང་ཁ་ཟེར་ཞིང་བྲོས་སོ།། དགེ་སློང་མས་རྣམས་ཀྱིས་འཕྲིགས་ཏེ། འཕྲིགས་ནས་ཀྱང་སྨོད་པར་བྱེད ་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པུ་གཉིས་སུ་མེད་པར་དགེ་སློང་མ་མེད་པའི་གནས་ཁང་དུ་མཚན་མོ་གནས་པར་བྱེད་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གཅིག་པུ་གཉིས་སུ་མེད་པར་དགེ་སློང་མའི་གནས་ཁང་དུ་གནས་པར་བྱེད་ན་ཞེས་བྱ་བ་ནི་ཉལ་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་གཅིག་པུ་གཉིས་སུ་མེད ་པར་གནས་ཁང་དུ་ཉལ་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། སྡོམ་ལ། རྣ་བར་གཤུབ་པ་གཉིས་དང་ནི།། བདག་ཉིད་ལ་ནི་ཐོ་འཚམ་དང་། ཚངས་པར་སྤྱོད་ལ་མནའ་མིན་དང་།། ཉེས་པར་མཐོང ་ཤག། བམ་གྲང་བའོ།། གླང་གཞན་ས་ཉན་ཡོད་ནས། དེ་ནས་སྤ་བ་དགའ་མས་སྐྱེས་པ་ཞིག་གིན་པར་གཟུངས་པ་དང་། བྲམ་ཟ་དང་། ཁྱིམ་བདག་དགན་རེགང་གི་ཕྱིར་རབ་ཏུ་བྱུང་བ་ཡང་ཁྱིམ་ན་གནས་པའི་རྣབར་གཤུབ་ལ། ཁྱིམ་ན་གནས་པ་ཡང་གཐུབ་པར་བྱེད ་ན་འདི་གཉིས་ལ་ཁྱད་པར་ནི་ཅི་ཞིག་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད་ཅེས་འཕྱ་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྐྱེས་པའི་རྣ་བར་གཤུབ་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རྣ་བར་གཤུབ་པར་བྱེད་ན་ཞེས་བྱ་བ་ནི་རྣ་བར་གཏམ་སྨྲ་བར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ད་ལ་ལྟུང ་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྐྱེས་པའི་རྣ་བར་གཤུབ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་གཅིག་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་སྦེད་མ་འཆར་ཀའི་རྣ་བར་གཤུབ་པར་བྱེད་པ་ནས། དོན ་ཉུང་བའི་དགེ་སློང་མ་རྣམས་འཕྱ་བར་བྱེད་པའི་བར་གྱི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་དང་ལྷན་ཅིག་རྣ་བར་གཤུབ་པར་བྱེད་ན་ལྟུང་བྱེད་དོ།། ཡང ་གང་ཞེས་བྱ་བ་ནི་མེད་མའོ། ། དགེ་སློང་ཞེས་བྱ་བ་ནི་འཆར་ཀའོ།། ལྷན་ཅིག་རྣ་བར་གཤུབ་པར་བྱེད་ན་ཞེས་བྱ་བ་ནི་རྣ་བར་གཏམ་སྨྲ་བར་བྱེད་ནའོ།། ལྷུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་གི་རྣ་བར་གཤུབ་པ ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་གཅིག་པའི་གཉིས་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་དགེ་སློང་མ་རྣམས་དང་ལྷན་ཅིག་ཐབ་མོ་བྱུང་བ་ན་དེ་ལ་དགེ་སློང་མ་རྣམས་ཀྱིས་རྩོད་པ་འགའ་ཞིག་ལ་གླེང་བར་བྱེད་དེ། དེ་གླེངས་པ ་ན་རང་ལ་འཚེག་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་འཁྲུགས་ནས་རང་ལ་ཇེལ་ན་སྐུ ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་སོབ་དཔོན་ལན་ཐམས་ཅད་དུ་སུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུགཅིག་པའི་བནི་པ་རྫོགས་སྷོ།། །། གླེང་བཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་རྣམས་དགེ་སློང་མ་རྣམས་དང་ལྷན་ཅིག་ཟབ་མོ་བྱུང་སྟེ། དེ་དག་ཐབ་མོ་བླང་བན་དགེ་སློང་མ་རྣམས་ལ་གླེང ་བྱེད་དེ། གང་གི་ཚེ་ལྕོགས་པར་མི་ནུས་པ་དེའི་ཚེ་དེ་དག་དགེ་སློང་མ་རྣམས་ལ་ཉེས་པར་མཐོང་པས་གླེང་བར་བྱེད། ཉེས་པར་ཐོས་པ་དང་། ཉེས་པར་དོགས་པས་གླེང་བར་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོ་། ་དེ་ནས་བཅོམ་ལྡན་འདས་ཀྱིས་བླང་བ་དི་དང་ཞེས་བྱ་ནས་བསླབ་ས་བཅའ་བའི་བར་ང་མད་དེ། པང་དགེ་སློང་མགང་དགེ་སློང་མ་རྣམས་ལ་ཉེས་པར་མོང་དང་། ཉེས་པ་ཐོས་པ་དང་། ཉེས་པར་དགས་པས་མེད་ན་ཀྱང་བྱེད་དོ།། བད་ག་ཞེས་བྱ་ནིབ་ཏུཉིས ་སྡེ་དག་གོ། ། དགེ་སློང་མ་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ལའོ།། ཉེས་པར་མཐོང་བས་གླེར་ན་ལུང་བྱེད་དོ།། ཉེས་པར་ཐོས་པ་དང་། ཉེས་པར་དོགས་པས་མ་བརྟགས་པར་གླེང་བར་བྱེད་ན་ཞེས་བྱ་བ་ནི་གཤེ་ནའོ།། སྲུང་བྱེད་དོ་ཞེས་བྱ་བ་ནི་གོང ་མ་བཞིན་ནོ། ། དེ་ལ་སྲུང་བར་ཇི་ལྟར་འབྱུང་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཉེས་པར་མཐོང་བས་རྨད་ན་སྲུང་བྱེད་དོ།། ཉེས་པར་ཐོས་པས་ན་སྲུང་བྱེད་དོ།། ཉེས་པར་དོགས་པས་ན་གུར་བྱེད་དོ།། སྲུང་བྱེད་བཅུ་གཅིག་པའི་ཚིགས་སུ་བཅང་པའི་སྡོམ་རྫོགས་སོ།། ། ་སྡོམ་ལ། མུན་པར་རྒྱ་སྔགས་བཅངས་པ་དང་།། མ་གཏད་པར་ནི་འགྲོ་བ་དང་།། ཁྱིམ་པའི་སྟན་ནི་བཤམས་པ་དང་།། དེར་ནི་ཉལ་བར་མི་བྱའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་རྣམས་ལྗོངས་ཆུབ་རི་བོང་ཞིག་ཏུ་བྱིན་ནས་དེ་དག་གིས་དེ་དཀྱིམ ་བདག་གཅིག་ལ་གནས་ཞིག་བརྙེས་ཏེ། དེ་དག་ནུབ་མོ་དེན་རྟེན་ཅིང་འཁོད་པ་ལས་ཇི་ཙམ་ན་མཚན་མོནམ་སྲོས་པ་ན་ཆར་ཕབ་ནས་དེ་དག་ཕུགས་ལོགས་སུ་ནུར་ཏེ་ཞུགས་པ་དང་། དེན་ཡང་སྐྱེས་བཞིག་སྔར་ཞུགས་པ་ཞིག་ཡོད་པ་དེས་དགེ་སློང་མ་བཟུང་བ་དང་དེས་རྒྱས། ་བཏབ་བོ།། ཇི་ཙམ་ན་དགེ་སློང་མ་རྣམས་ཀྱིས་གསོལ་བ་བྱས་ཏེ་བཏང་བ་ནས་མཉན་ཡོད་དུ་ལྷགས་པ་དང་། སྐབས་དེ་དགེ་སློང་མ་རྣམས་ལ་རྒྱས་པར་སྨྲས་པའི་བར་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱི་དགོངས་པ་ཉེས ་དམིགས་གང་བྱུང་བ་དེ་ནི་དགེ་སློང་མ་དག་ཁྱིམ་དུ་མ་བརྟགས་པར་གནས་འཆའ་བ་ལས་གྱུར་ཏོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གནས་པ་བརྟགས་པར་གནས་སུ་གམ ་འཆའ་བར་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་ཆོས་འདི་དག་གིའོ།། གནས་མ་བཏགས་པར་ཞེས་བྱ་བ་ནི་བརྟག་པ་མ་བྱས་པར་རོ།། གནས་པར་བྱེད་ན་ཞེས་བྱ་བ་ནི་ཁྱིམ་པའི་ཁྱིམ་དུ་ཉལ་བར་བྱེད་ནའོ།། སྲུར་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་དོ།། དེ་ལ་སྲུང་བར་ད ་ཏུར་འགྱུར་ཞེན། དགེ་སློངམས་ཙམ་ཐ་ཅདང་ཀུན་ཟད་དུ་བྱིམ་པའི་བྱེམ་དུམ་རྟགས་པར་ཉལ་བར་བྱེད་ན་ཐམས་ཅད་དུ་དུང་བྱེད་དུ་གྱུར་རོ།། སྲུང་བཅུ་གཉིས་པའི་དང་པོ་རྫོགས་སྷོ།། །། གླེང་བཞི་ན་མཉན་མེད་ནིག།། དེ་ནས་སྡེས་དགའ་མ་བྱམ་པར་གྱིས་སུ་སོང་། ་བའི་ཆུང་མ་ཞིག་གི་དྲུང་དུ་སོང་ནས་དྲིས་པ། ཁྱོད་དེའི་བར་དུ་ཇི་ལྟ་བུ་ཞིག་གི་ན་མོངས་པ་སེལ་བར་བྱེད། ཁྱོད་ནི་རབ་ཏུ་བྱུང་བ་ལགས་ན་འདི་ཅེར་འཚལ་ཞེས་བྱ་བ་ནས། རྒྱ་སྐྱེགས་བཅངས་པས་ལགས་སོ་ཞེས་བྱ་བའི་བར་རོ།། དེ་ནས་སྦོམ་དགའ་མོས་ཇི་ཙམ་ན་བཙུན་མོ་ཕྲེང་ལྡན ་མའི་དྲུང་དུ་སོང་ནས་དྲིས་པ། བཙུན་པོ་གལ་ཏེ་གསུས་པོ་ཆེ་ཡུལ་གཞན་དུ་གཤེགས་ན་དེའི་བར་དུ་ལྟ་བུ་ཞིག་གིས་ཉོན་མངས་པ་སེལ་བར་མཛད་དེ། དེས་འདི་སྐད་ཅེས་ཁྱོད་ནི་རབ་ཏུ་བྱུང་བ་ཡིན་ན་འདྲི་ཅི་དགོས་ཞེས་བྱ་བ་ནས། རྒྱ་སྟེགས་བཅངས་པས་ཡིན་ནོ་ཞེས་བྱ་བའི་བར་རོ།། ་དེ་ནས་སྒོ་ས་དགའ་མོ་རྒྱ་སྟེགས་ཀྱི་ཚིགས་མ་མཁན་གྱི་དྲུང་དུ་སོང་སྟེ་ཞེས་བྱ་བ་ནས། རྒྱ་སྟེགས་བཅངས་བཞིག་ཉོས་ཏེ། ཇི་ཙམ་ན་དབྱར་ཁང་དུ་འོངས་ནས་མཚན་པོ་གང་བའི་ཏིང་པ་ལ་བཅིངས་ནས་ཉོན་མོངས་པསེལ་བར་བྱེད་པ་དང་། དེ་ཙམ་ན་དབྱང་ཡང་དུ་རེ་ཤོར་བང ་གྱུར་ཏོ། ། དེ་ནས་སྦོམ་དགའ་མོ་སྔངས་ཤིང་བརྟབས་པས་གཅེར་བུ་སྒྲེན་མོར་སྐས་ལས་བབས་པ་དང་། ཀྲོལ་ཀྲོལ་ཟེར་བའི་སྒྲ་བྱུང་བ་ན་སྐྱེ་བོའི་ཚོགས་ཆེན་པོས་བགད་དོ་ཞེས་བྱ་བ་ནས། དེས་འདི་སྐད་ཅེས་མ་ལ་དྲིས་ཤིག། སྲིང་མོ་ལ་དྲིས་ཤིག། བུ་མོ་ལ་དྲིས་ཤིག་ཅེས ་སྨྲས་སོ་ཞེས་བྱ་བའི་བར་རོ། ། ཇི་ཙམ་ན་དོར་ཉུང་བའི་དགེ་སློང་མ་དག་སློང་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གར་རྒྱ་སྐྱེགས ་བཅངས་པ་འཆང་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། བཅངས་པ་ཞེས་བྱ་བ་ནི་རྒྱ་སྐྱེགས་ལས་བཅོས་པའོ།། འཆད་ན་ཞེས་བྱ་བ་ནི་རང་གིས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས ་ཇི་ཙམ་ཅུང་ཟད་རྒྱ་སྟེགས་བཅངས་པ་འཆང་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། དགེ་སློང་རྣམས་ཐེ་ཙོམ་སྐྱེས་ནས་ཞེས་བྱ་བ་ནས། བཙུན་པ་སྦོམ་དགའ་མོས་སྐྱེ་བཞི་ཚོགས་ཆེན་པོ་གང་མོ་བཏོན་པ་ལ་གཟིགས་ཞེས་བྱ་བའི་བར་རོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདར་མ་ཟད་ཀྱིས་འདས་པའི་དུས་ན་ཡང་སྦོམ་དགའ་མོས་སྐྱེ་བོ་ཚོགས་ཆེན་པོ་གད་མོ་སྟོན་པ་དེ་ཉོན་ཅིག། དགེ་སློང་དག་སྔོན་བྱུང་བ་འདས་པ་ན་གྲོང་ཁྱེར་བཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་གོ། ཇི་ཙམ ་ནབྲམ་ཟེ་གཅིག་གིས་ལྗོངས་ཀྱི་བྲམ་ཟེ་ཞིག་གི་བུ་མོ་ཆུང་མར་བླངས་པ་དང་ཞེས་བྱ་བ་ནས། བྲམ་ཟེའི་བུ་མོ་དེ་བྲམ་ཟེ་དེ་ལ་འཇར་དུ་མ་བཏུབ་ནས་ཞེས་བྱ་བའི་བར་ཏེ། གྱོས་པོའི་ཁྱིམ་དུ་བསྐྱལ་བའི་ཕྱིར་བུ་མོ་དེ་བོང་བུ་ཞིག་ལ་ཞོན་ཏེ། བུ་མི་དེའི་ཕའི་ཁྱིམ་གང་ན ་བདེད་ཆས་པ་དང་། ཇི་ཙམ་ན་བ་མོ་དེས་ཀྱང་སྤྲས་སོ་ཞེས་བྱ་བ་ནས། བུ་མོ་དེས་དྲིས་པ་ན་ཐ་སྙད་ཇི་ལྟ་བ་བཞིན་དུ་བྲམ་ཟེ་དེས་ཉལ་བར་བཙམས་སོ་ཞེས་བྱ་བ་ནས། བྲམ་ཟེ་ནི་གཙང་སྦྲ་འདོད་པ་ཡིན་པས་ཆུ་ལེན་པར་བྱེད་པ་ན་ཇི་ཙམ་ན་བྱ་མ་བུམ་འཁྲིགས་པའི་སྒྲས ་བོང་བུ་འགྲོགས་ཏེ། དེ་འདྲོགས་པས་བ་མོ་དེ་ཆ་བྱད་དེ་ཉིད་ཀྱིས་གྲོང་ཁྱེར་བ་ནས་སྐྱེ་བོའི་ཚོགས་ཆེན་པོས་གང་མོས་བཏབ་པའི་བར་རོ།། དེ་ནས་བྲམ་ཟེ་དེས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། བྱ་མ་བུམ་ནི་འཁྲོགས་པ་ཡིས།། བོང་བུ་རབ་ཏུ་འདྲོགས་གྱུར་ཏེ། བུད ་མེད་འདི་ཡི་ལས་དག་གིས། ། བདག་ཀྱང་འདིར་ནི་ངོ་ཚའོ།། དགེ་སློང་དག་ཇི་སྙམ་དུ་སེམས། བྲམ་ཟེའི་བུ་མོ་གང་ཡིན་པ་དེ་ནི་སྦོམ་དགའ་མོ་འདི་ཉིད་ཡིན་ཏེ་ཞེས་བྱ་བ་ནས། སྔོན་དང་ད་ལྟར་ཡང་ཞེས་བྱ་བའི་བར་རོ།། ལྟུང་བྱེད་བཅུ་གཉིས་པའི་གཉིས་པ་རྫོགས་སྷོ། ་ཟེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོས་སྦོམ་དགའ་མོ་ལ་འཕགས་མ་ཆོས་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་། དེས་འདི་སྐད་ཅེས་སྟན་ཤོམས་ཤིག་ཅེས་སྨྲས་སོ།། དེ་དག་གིས་དེའི་ཚད་དུ་སྟན་བཤམས་པ་དང་། དེ ་སྟན་བཤམས་པ་ཉིད་ལ་འང་ག་ནས་ཁ་རྩིག་པ་ལ་བལྟས་ཏེ་མདོ་རིང་པོ་བཟུང་སྟེ་འཆད་པ་ལ་ཞུགས་སོ། ། དེ་ནས་བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་དེ་དག་འདི་སྙམ་དུ་སེམས་ཏེ། དགེ་སློང་མ་རྣམས་ཀྱི་ལས་ནི་ཀླག་པར་བྱ་བ་དང་། དྲན་པར་བྱ་བ་འདི་ལ་ནར་ཟད་ཀྱི། ་བདག་ཅག་ནི་ཁྱིམ་གྱི་བྱ་བདག་ཉམས་པར་འགྱུར་རོ་སྙམ་དུ་བསམས་ནས་དོང་ངོ་།། ཕྱི་བཞིན་འབྲང་བའི་དགེ་སློང་མ་དེས་སྨྲས་པ། འཕགས་མ་སུལ་ཆོས་འཆད། དེས་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་རྣམས་ལའོ།། དེ་དག་ནི་སྐྱོནས་དང ་ལེགས་ས་ཞེས་བྱ་བ་ནས། བགོམ་དགའ་མོས་ཀྱང་སྟན་པོར་ཏེ་སོང་ངོ་ཞེས་བྱ་བའི་བར་རོ།། སྟན་དེམ་བྱིན་པར་ལན་བདག་གིས་བརྐུས་སོ་ཞེས་བྱ་བ་ནས། བྲམ་ཟེ་དང་། ཁྱིམ་བདག་གི་ཟུང་མ་རྣམས་ཁཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེ་ས་མམ་ལྡན་འདས་ཀྱིས་བྱུང་བ་དི་དང་ཞེས་བྱ་བ་ནས། བསླབ་པ་བཅར་པའི་བར་ད་མཛད། ཡང་དག་ས་དམག་ཆོས་འཆང་བན་གྱིམ་པ་ལ་སྟན་མ་ག་བང་པོ་། འགྲོན་སྣང་བྱེད་དོ།། ཡང་ག་ཤེས་བྱ་ན་མ་དགའ་བའོ།། ། ན་པ་གཏང་བ་ན ་བནི་བདག་པོ་ལ་མ་གཏང་པའི་རོ། ། འགྲོན་ཞེས་བྱ་བ་ན་སོང་ནའོ།། ལུང་བྱེད་དེ་ཞེས་བྱ་ནི་གང་མ་བཞིན་ནོ།། དལ་ལྟུང་བར་ཇི་ལྟར་འགྱུ་ཞེ་ན། དགེ་སློང་རས་ཇི་ཙམ་ཅུང་ཟད་སྦྱི་བདག་པ་ལམ་གཏ་བར་འགྲན་ཐམས་ཅད་ང་གང་བྱང་དུ་གྱུང་། ་ལུང་བྱེད་བཅུག་ཅེས་པའི་གསུམ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཡུལ་དབུས་པའི་ཡུལ་ཆོས་ཀྱིས་བྲམ་ཟེ་དང་། ཀྱིས་བདག་རྣམས་ཀྱི་ཁྱིལ་ན་སྟན་པ་ཤམས་པ་དག་མི་རྟུལ་བ་ཡིན་པས་བྲམ་ཟེ་ཞིག་གིས་སྙན་པགམས ་ནས་དེར་སྤངས་མ་ཞིག་བཞག་གོ། ། སྦོམ་དགའ་མོ་ཡང་ཁྱིམ་དེར་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ་དེས་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེ་ནས་བུད་མེད་དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སྟན་སྤངས་ལགས་སོ།། ཁོ་མོས ་སྲུང་གིས་ཁྱོད་སོད་ལ་བསོད་སྙོམས་ཁྱེར་ཏེ་ཤོག་ཤིག། བུད་མེད་དེ་ཡང་བསོད་སྙོམས་ཀྱི་ཕྱིར་ནང་དུ་ཞུགས་པ་དང་། སྦོམ་དགའ་མོས་ཀྱང་བྲམ་ཟེའི་སྟན་ལ་འདུག་གོ། བྲམ་ཟེ་འོངས་ནས་སྦོམ་དགའ་མོ་སྟན་དོ།། སྟན་ན་འདུག་པ་མཐོང་ནས་སྨོད་པར་བྱེད་དོ་ཞེས་བྱ་བའི་སྐབས་དེ་བཅོམ་ལྡན ་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མ་གནང་བར་ཁྱིམ་གྱི་ནང་དུ་སྟན་ལ་འདུག་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། མ་གནང་བར་ཞེས་བྱ་བ་ནི་བྱིམ་གྱི ་བདག་པོ་ལམ་བཏགས་པར་རོ། ། ཁྱིམ་གྱི་ནང་དུ་ཁྱིམ་པའི་སྟན་ལ་འདུག་ན་ཞེས་བྱ་བ་ནི་བསྡད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་མ་གནང་བར་ཁྱིམ་པའི་སྟན་ལ་འདུག་ན་ཐམས་ཅད་དུ་ལུང་བྱེད་དུ་འགྱུར་རོ།། ་ལྟུང་བྱེད་པར་གཉིས་པའི་བཞི་པ་རྫོགས་སྷོ།། །། གླེང་གནི་ནི་མཉན་ཡོད་ནའོ།། དགེ་སློང་མ་རབ་ཏུ་མང་པོ་ལྗོངས་ཆུ་ཞིང་དོང་བ་དང་། ཐག་པ་ཞིག་གི་ཁྱིམ་དུ་ནུབ་མོ་བྲང་བཏབ་ཏེ་འདུག་གོ། དེའི་འོག་ཏུ་མུན་སོས་པ་དང་ཁྱིམ་བདག་འོངས་ནས་དེས་དགེ་སློང་མ་དེ་དག་མ་མཐོང་མ ་ཟོས་སོ། ། དེ་ནས་ཁྱིམ་བདག་དེ་ཆུང་མ་དང་ལྷན་ཅིག་ཀུན་དུ་སྤྱོད་པ་ལ་ཞུགས་པ་ན་དེས་གད་དན་ཤོར་བ་གཞོན་ནུ་རབ་ཏུ་བྱུང་བའི་དགེ་སློང་མ་ཞིག་ཡོད་པ་དེས་ཐོས་ནས་བཀང་ངོ་།། དེ་ནས་ཁྱིམ་བདག་གིས་ཁྱིམ་བདག་གི་ཆུང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། དེ་སུ ་ཞིག་དེས་སྨྲས་པ། དགེ་སློང་མའོ།། ཁྱིམ་བདག་དེས་ཐོས་ནས་ཁྲོས་ཏེ་འདིས་ཅེས་ཅིའི་ཕྱིར་ཁྱོད་ཀྱིས་འཇིག་རྟེན་ལ་ཅོ་འདྲ་བ་རྣམས་ཀྱི་གནས་སྦྱིན་ནས་སྨྲས་ནས། དེ་ཁྲོས་ཏེ་ནམ་བྱེད་ན་སྐོར་བཏོན་པ་དང་། དེ་དག་གིས་གསལ་བ་བཏབ་པ་དང་ཞེས་བྱ་ནས། སྐབས་དེ ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་གྱི་བདག་པོ་ལ་མ་བཏགས་པར་ཁྱིམ་གྱི་ནང་དུ་ནུབ་མོ་གནས་བཅས་ཏེ་འདུག་ན་ལྟུང་བྱེད་དེ།། ཡང་གང་ཞེས་བྱ ་བ་ནི་ཆོས་འདི་པའོ། ། ཐག་པའི་ཁྱིམ་གྱི་བདག་པོ་ལ་མ་བརྟགས་པར་ཁྱིམ་གྱི་ནང་དུ་ཞེས་བྱ་བ་ནི་ཐག་པའི་ཁྱིམ་དུའོ།། ནུབ་མོ་གནས་བཅས་ཏེ་འདུག་ན་ཞེས་བྱ་བ་ན་ཉལ་བར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང ་མས་ཇི་ཙམ་ཅུང་ཟད་ཁྱིམ་གྱི་བདག་པོ་ལ་མ་བརྟགས་པར་ཁྱིམ་གྱི་ནང་དུ་ནུབ་མོ་གནས་འཆའ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་གཉིས་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། སྡོམ་ལ། སྔ་ནས་འདུག་པར་ཤེས་པ་དང་།། ནང་པའི་རིམ ་བྱ་བ་དང་། ། དབྱར་ཁང་ནས་ནི་མི་བསྐྲད་དང་།། ཁྲི་དང་གདིང་བ་གཅིག་ལ་མིན།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་ལྗོངས་རྒྱུ་ཞིང་ཁྱིམ་བདག་ཅིག་གི་ཁྱིམ་དུ་ཞུགས་པ་དང་། དེ་ན་ཡང་དགེ་སློང་མ་སྔ་ནས་འཁོད་པ་དག་ཡོད་པ་དེ་དག་གི་ས་དེ་ལ་འཇིག་རྟེན་པའི ་ཚུལ་དག་མ་བྱས་པ་དང་། དེས་དེ་དག་ཐབས་ཀྱིས་ཁྱིམ་དེ་ནས་བསྐྲད་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང ་དགེ་སློང་མ་གང་དགེ་སློང་མ་དག་སྔ་ནས་འཇུག་པར་ཤེས་བཞིན་དུ་དེའི་འོག་ཏུ་འོངས་ནས་ཁྱིམ་ནས་སྐྲོད་པར་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ན་སྦོམ་དགའ་མོའོ།། སྔ་ནས་འདུག་པར་ཞེས་བྱ་བ་ནི་ཐོག་མ་ནས་གནས་པར་རོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རང ་ཉིད་ཀྱིས་སམ། གཞན་གྱིས་སྨྲས་པར་གྱུར་པའོ།། དགེ་སློང་རྣམས་ཤེས་བྱ་བ་ནི་ཆོས་འདི་བདག་གོ།། དེའི་འོག་ཏུ་འོངས་ནས་ཞེས་བྱ་བ་ནི་དུས་གཞན་ནའོ།། ཁྱིམ་ནས་སྐྲོད་ན་ཞེས་བྱ་བ་ནི་གནས་ནས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར ་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་སྔ་ནས་འཁོད་པ་དག་ཁྱིམ་ནས་སྨོད་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་གསུམ་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས་ལྷན་ཅིག་གནས་པ་དང་། ཉེ་གནས་དག ་ཉེ་བར་བཞག་ནས་ནབ་ན་རིམ་གྲོ་མི་བྱེད་དོ། ། དེ་དག་མགོན་མེད་པས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅས ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ཉེ་བར་བཞག་ནས་ན་བ་ན་རིམ་གྲོ་མི་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྷན་ཅིག་གནས་པ་དང་། ཉེ་གནས་དག་ཉེ་བར་བཞག་ནས་ཞེས་བྱ་བ་ནི་རབ་ཏུ་ཕྱུང་སྟེ་བཞག་ནས་སོ ་བན་ཞེས་བྱ་བ་ནི་ནད་ཀྱིས་ཐབས་ནོའོ། ། རིམ་གྲོ་མི་བྱེད་ན་ཞེས་བྱ་བ་ནི་རྩ་བའི་སྨན་ལ་སོགས་པས་སོ།། སྲུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དེ་ཙམ་ཅུང་ཟད་འཁོར་ཉེ་བར་བཞག་ནས་ནབ་ན་རིམ་གྲོ་མ་བྱེད་ན་ཐམས་ཅད་ཏུ ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་གཅུ་གསུམ་པའི་གཉིས་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བསམས་པ། བདག་གིས་དགེ་སློང་མ་གང་ཞིག་དབྱར་ཁང་འདི་ནས་བསྐྲད་པར་བྱ་སྙམ་པ་ལས་འདི་སྙམ་དུ་སྐྱེ་དགུའི་བདག་མོ་ཆེན ་མཽ་འདོན་སྤོང་བ་པ་འཁོར་རྒྱ་ཆེན་པོ་ཅན་ཡིན་ནོ། ། ཆོས་སྦྱིན་མ་འདི་ཡང་ལུང་འབོགས་པ་པ་འཁོར་རྒྱ་ཆེན་པོ་ཅན་ཡིན་ནོ།། གཽ་ཏ་མི་ཀེ་མ་མོ་འདི་ནི་དོན་ཉུང་བ། འཁོར་དོན་ཉུང་བ་ཅན་ཡིན་གྱིས། གཽ་ཏ་མི་ཆུང་ངུ་བསྐྲད་པར་བྱའོ་སྙམ་དུ་དེས་བསམས་སོ།། དེ་ནས ་སྦོམ་དགའ་མོ་སྔ་དྲོའི་ཚེ་ལྟོའི་གཏམ་དག་གླེངས་ནས་སྔ་དྲོའི་ཤམ་ཐབས་བགོས་ཏེ་མ་ལུས་པར་ཆས་ཏེ་དོང་ངོ་། ། རྡེ་གཙམ་ན་གཽ་ཏ་མི་སྐེམ་མེས་དགེ་སློང་མ་དེ་དག་དགེ་བའི་ཕྱོགས་ལ་སྦྱར་ནས། དེ་ནས་གཽ་ཏ་མི་སྐེམ་མེས་འདི་སྙམ་དུ་མ་ལ་བདག་གིས་སྦོམ ་དགའ་མོ་ལ་ཡང་ཆོས་བཤད་པར་བྱའོ་སྙམ་དུ་བསམས་སོ། ། དེ་ནས་གོ་ཏ་མི་སྐེམ་མོས་སྦོམ་དགའ་མོ་ལ་བུ་ནུ་མོ་ཅི་ཁྱོད་ལྟོ་ཁོ་ན་ལ་སེམས་ཤིང་འདུག་གི། དགེ་བའི་ཕྱོགས་ལ་མ་ཡིན་ནམ་ཞེས་ཆོས་བཤད་པར་བརྩམས་པ་དང་། དེ་ནས་སྦོམ་དགའ་མོ་འདི་སྙམ་དུ ་བདག་གིས་ཡུན་རིང་མོ་ནེག་ལོན་ནས་གླགས་རྙེད་དོ་སྙམ་དུ་བསམས་ཏེ། དེས་དེ་ལ་བུའི་ཤ་ཟན་མོ། སེམས་འཁྲུགས་མ། དུར་དུ་བཅུག་མ་ཞེས་བཅོས་ནས་དབྱར་གྱི་ནད་ལེགས་སུ་དབྱར་ཁད་ནས་བསྐྲད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན ་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྣམ་ཡིང་མ་རངས་པར་གྱུར་ནས། དགེ་སློང་མ་དབྱར་འང་ནས་སྣོད་ན་ལྟུང་བྱེད་དེ།། ཡང་གང་ཞེས་བྱ་བ་ནི་བླམ ་དགའ་མོའོ། ། ཁྲོས་ཁྲུགས་རྔམ་ཞེས་བྱ་བ་ནི་ཁྲོ་བའི་ཀུན་ནས་དཀྲིས་པ་ལ་གནས་ནས་སོ།། དགེ་སློང་མ་ཞེས་བྱ་བ་ནི་གོ་ཏ་མི་སྐེམ་མོའོ།། དབྱར་ཁང་ནས་ཞེས་བྱ་བ་ནི་གནས་སོ།། སྐྲོད་ན་ཞེས་བྱ་བ་ནི་འབྱིན་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང ་བར་ཇི་ལྟར་འགྱུར་ཞེ་ན། ལུས་སྐྱོད་པར་བྱེད་པའམ། ཚིག་ཏུ་སྨྲ་བར་བྱེད་པ་འམ་གཉི་ག་ལྡན་པས་ཏེ། སྤང་བའི་ལྟུང་བྱེད་ལས་ཇི་སྐད་འབྱུང་བ་བཞིན་ནོ།། ལྟུང་བྱེད་བཅུ་གསུམ་པའི་གསུམ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེའི་ཚེ་ལྷས་མ ་དང་། ཉེ་བའི་འཆི་ལྟས་མ་ཁྲི་གཅིག་ལ་ཉལ་བར་བྱེད་དོ།། དེ་གཉིས་ཁྲི་གཅིག་ལ་ཉལ་བ་ན་དཔེར་ན་སྐྱེས་པ་དང་། བུད་མེད་ལྷན་ཅིག་འཁོད་པ་བཞིན་དུ་རྒོད་པ་དང་། འཕྱར་གཡེང་བ་དང་། ལུས་ཀྱི་ཙབ་ཧྲལ་བྱེད་པ་ན་དེ་ན་ཉུང་བའི་དགེ་སློང་མ་རྣམས་འཕྱ་བར་བྱེད་པའི་སྐབས ་དེབཅོ་ལྡན་གྱི་ག་དོ་སོམ་ལྡན་ད་ཀྱི་ལུང་ཞི་ཤེ་ནག་ག་བས་མིང་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་དང་ལྷན་ཅིག་ཁྲི་ཅིག་ལ་ཉལ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་འཆི་ལྟས་མ་དང་། ཉེ་བའི་འཆིགས་མའོ།། ཁྲིག་ཅིག་ལ་ཞེས་བྱ་བ་ནི ་མལ་གཅིག་ཏུའོ། ། ལྟུང་བྱེད་དེ་ཞེས་བྱ་བ་ནི་གང་མ་བཞིན་ནོ།། དེ་ལ་ལྟུང་བར་དེ་ལྟར་འགྱུར་ཞེ་ན། དགེ་སློང་མས་ནི་ཙམ་ཅུང་ཟད་དགེ་སློང་མ་དང་ལྷན་ཅིག་ཁྲི་གཅིག་ལ་ཉལ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། དེ་ནས་ཡང་དགེ་སློང་མ་དག་ཆུ་ནིང་དོང་བ་ན་བྲི་ཆེན ་པོ་དག་རྙེད་ནས་དེ་དག་རེ་རེ་བཟུང་སྟེ་ཉལ་བ་ན་ལྷག་མ་དག་སྡུག་བསྔལ་བར་གྱུར་པ་དང་། ཁྱིམ་པ་མོ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག་ཁྱེད་ཅག་གི་ཁྲི་འདི་ཐམས་ཅད་ཞུགས་ཤིང་ལགས་ན། ཅིའི་སླད་དུ་ཁྱེད་ཅག་རེ་རེ་གཟིམས། དེ་དག་གིས་འདི་སྐད་ཅེས་བཅོམ ་ལྡན་འདས་ཀྱིས་བཀག་གོ་ཞེས་སྨྲས་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལྷག་པར་དེ་ཚ་བ་དང་། འཛེམ་པ་ཉེ་བར་བཞག་སྟེ། གཏུར་བུ་དང་ལྷུང་བཟེད་ཀྱི་གདུ་བུ་ལ་སོགས་པ་བར་དུ་བཞག་ནས་རང་རང་གི ་ལུས་གོས་ཀྱིས་དཀྲིས་ཤིང་ཉལ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ།། ལྟུང་བྱེད་བཅུ་གསུམ་པའི་བཞི་པ་རྫོགས་སྷོ།། །། དེ་བཞིན་དུ་གདིང་བ་ལ་ཡང་རྒྱས་པར་རྗོད་པར་བྱའོ།། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་དང་ལྷན་ཅིག་གདིང་། ་པ་གཅིག་ལ་བར་དུ་མ་བཅད་པར་ཉལ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་འཆི་ལྟས་མ་དང་། ཉེ་བའི་འཆི་ལྟས་མའི།། གདིང་བ་ཞེས་བྱ་བ་ནི་སྟེང་རིམ་དུ་གདིང་བའོ།། བར་དུ་མ་བཅད་པར་ཞེས་བྱ་བ་ནི་ལུས་ཀྱིས་ལུས་ཀྱི་རེག་པ་རང་གིར་བྱེད་པའོ།། ཉལ་ན་ཞེས་བྱ་བ་ནི ་མཚན་མོ་གནས་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་དང་ལྷན་ཅིག་གདིང་བལ་བར་དུ་མ་བཅད་པར་ཉལ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་ཏེ། གཞུང་བླ་མ་ལས་ཇི་གང་འབྱུང་བ ་བཞིན་ནོ། ། ལྟུང་བྱེད་བཅུ་བསུམ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། སྡོམ་ལ། དབྱར་གྱི་ནང་དུ་འགྲོ་མི་བྱ།། དབྱར་རྫོགས་ནས་ནི་འགྲོ་བ་དང་།། དོགས་དང་བཅས་པའི་ཡུལ་འཁོར་གཉིས།། ལྷ་གང་དག་ནི་ཕྱི་མ་ཡིན།། གླེང་གཞི་ནི་མཉན་ཡོད་ནའོ།། ་དེའི་ཚེ་སྦོམ་དགའ་མོ་འཁོར་དང་བཅས་པ་དབྱར་གྱི་ནད་ལོགས་སུ་རྒྱུ་ཞིང་འདོད་པ་ན་དགེ་སློང་མ་དེ་རྣམས་ལ་དགེ་སློང་མ་རྣམས་ཀྱིས་དྲིས་པ། ཕུ་ནུ་མོ་དག་ཁྱེད་ཅིའི་ཕྱིར་དབྱར་གྱི་ནང་ལོགས་སུ་རྒྱུ་ཞིང་འདོད། དེ་དག་གིས་འདི་སྐད་ཅེས་འཕགས་མ་སྦོམ་དགའ་མོ་ན་རེ་ཁོ་མོ་སྡེ ་སྣོད་གསུམ་གྱི་ཤེས་ཀྱིས་འདོད་དོ་ཞེས་ཟེར་རོ་ཞེས་སྨྲས་པ་ན། དེན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང ་མ་གང་དབྱར་ཀྱི་ནང་ལོགས་སུ་རྒྱུ་ཞིང་འདོད་ན་ལྷུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དབྱར་གྱི་ནང་ལོགས་སུ་ཞེས་བྱ་བ་ནི་དགག་དབྱེ་མ་བྱས་པར་རོ།། འདོད་ན་ཞེས་བྱ་བ་ནི་གྲོང་རྡལ་ལམ། ཟོང་ཁྱེར་རམ། ཡུལ་འཁོར་རམ ་རྒྱལ་པོའི་བོ་ཟང་དག་ཏུ་འདོད་ནནོའོ། ། སྲུང་བྱེད་དེ་ཞེས་བྱ་བ་ནི་གང་མ་བཞིན་ནོ།། དེ་ལ་ལུང་བར་ཇི་ལྟར་འབྲུར་ཞེ་ན། དགེ་སློང་མས་དེ་ཙམ་ཅུང་ཟད་དབྱར་བྱེན་ལོགས་སུནྡྷ་ཞིང་འདོད་ན་ལུང་བྱེད་དོ།། ལུང་བྱེད་བཅུ་བཞི་པའི་དང་པོ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་དག་གང་དབྱེ་བ་གྱིས་ལགས་ཀྱིས་ཆུ་ཞིང་བཞུད་དོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་རྗེ་སྣོད་གསུམ་པ་ཡིན་ཏེ། ད་དུང་རྒྱུ་བའི་དུས་ལ་མབབ་པོ།། དགེ་སློང་མེད ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་ཁྱེད་ཅག་དགག་དབྱི་ནི་བྱས་ཟིན་ན་ཅིའི་ཕྱིར་རྒྱུ་ཞིང་མི་འདོད་དོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སྦོམ་དགའ་མོ་ན་རེ་ཁོ་མོས་སྡེ་སྣོད་གསུམ་ཤེས་ཏེ་ད་དུང་རྒྱུ་བའི་དུས་ལ་མ་བབ་པོ་ཞེས་ཟེར་རོ་ཞེས ་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་གནས་ནས་རྒྱུ་ཞིང་མི་འདོད ་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དབྱར་གནས་ནས་རྒྱུ་ཞིང་མི་འདོད་ན་ཞེས་བྱ་བ་ནི་དགག་དབྱེ་བྱས་ནས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགག་དབྱེ་བྱས ་ནས་རྒྱུ་ཞིང་མི་འདོད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ཐ་ན་དབྱར་ཁང་ནས་གཅིག་ནས་གཅིག་ཤོས་སུ་ཡང་འདོད་པར་བྱའོ།། ལྟུང་བྱེད་པ་ཅུ་བཞི་པའི་གཉིས་པ་རྫོགས་སྷོ།། །། གླེང་བཞི་ནི་རྒྱལ་པོའི་ཁབ་ནའོ།། དེའི་ཚེ་མ་སྐྱེས་དགྲས་སུ ་ཡང་ཡངས་པ་ཅན་དུ་མ་འགྲོ་ཤིག་ཅེས་དྲིལ་བསྒྲགས་པ་བྱས་སོ། ། དེ་ནས་དགེ་སློང་མ་རྣམས་རྒྱལ་པོའི་ཁབ་ནས་ཡངས་པ་ཅན་གང་ན་བ་དེར་རྒྱུ་ཞིང་དོང་ངོ་།། དེ་དག་དོད་པ་ན་ལམ་ཁར་ཆོམ་རྐུན་པ་དག་གིས་སུན་ཕྱུང་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་དོགས་པ་དང་བཅས་པའི་ཡུལ་འཁོར་དུ་འདོད་པར་མ་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བསའ་ང། ་བ་དུ་མཛད་དེ། ཡང་དགེ་སློང་མ་གང་དགས་པ་དང་བཅས་པའི་ལམ་ནས་ནང་གི་ཡུལ་འཁོར་དུ་འགྲོན་སྲུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་ཆོས་འདེ་བའོ།། དོགོས་པ་དང་བཅས་པའི་ལམ་ཞེས་བྱ་བ་ནི་འཇིགས་པ་དང་བཅས་པར་གྲགས་པའོ།། ནང་གི་ཡུལ ་འཁོར་ཞེས་བྱ་བ་ནི་བན་ཚུན་མི་མཐུན་པའིའོ། ། འཐོན་ཞེས་བྱ་བ་ནི་རྒྱུན་འོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གང་མ་བཞིན་ནོ།། དེ་ལ་ལྟུང་བར་དྲི་ལྟར་འབྲུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་པན་ཚུན་མི་མཐུན་པའི་ཡུལ་འཁོར་གཉིས་ས་དྡྷ་ཞིང་འབྱིན་དུ ་ཁྱེད་དོ། ། ལྟུང་བྱེད་བཅུ་བཞི་པའི་གསུམ་པ་རྫོགས་སྷོ།། །། གླེང་གཞིནི་ཡངས་པ་ཅན་ནའོ།། ཡངས་པ་ཅན་པ་དག་གིས་སུ་ཡང་རྒྱལ་པོའི་ཁབ་ཏུ་མ་འགྲོ་ཤིག་ཅེས་དྲིལ་བསྒྲགས་པ་བྱས་སོ་ཞེས་བྱ་བ་ནས།། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དག ་སློང་མ་གང་དོགས་པ་དང་བཅས་པའི་ལམ་ནས་ཕྱི་རོལ་གྱི་ཡུལ་འཁོར་དུ་རྩཝ་ཞིང་བགྲོན་ལུང་བྱེད་དོ། ། གཞུང་གོང་མ་ཛི་ལྟ་བ་བཞིན་དུ་ལྟུང་བ་ནི་རྗེས་སུ་འཐུན་པར་བྱའོ།། ལྗང་བྱེད་བཅུ་བཞི་པའི་བཞི་པ་རྫོགས་སྷོ།། །། གླེང་གཞིན་རྒྱལ་པོའི་ཁབ་ནའོ།། ་དེ་ནས་སྦོམ་དགའ་མོ་ལྷ་ཁང་དུ་སོང་ནས་ལྷ་ཁང་བདག་དང་། གཞན་ཡང་རྩོད་པ་དག་དང་ལྷན་ཅིག་ཏུ་བརྩོད་པ་བྱེད་ཅིང་། དེའི་འོག་ཏུ་ཉི་མ་ཡོལ་ནས་དབྱར་ཁང་དུ་འོངས་ཏེ་རྒྱབ་དང་རྐེང་པ་ཆིར་ཅིག་ཅེས་ཟེར་བ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ་ཁྱོད་གང་དུ་སོན། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ལྷ་ཁང་དུ་རྩོད་པ་རྣམས་ཚར་བཅད་དོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱི་ཕྱི་བཞིན་འཟང་བའི་དགེ་སྦྱོང་མ་གང་གཞིག། དེས་འདི་སྐད་ཅེས་ཁོ་མོ་འབའ་ཤིག་སོང་ངོ་ཞེས་ཀླས་པ་ནས ་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ལྷ་ཁང་དུ་སོང་ནས་རྩོད་པར་བྱེད་ན་ལུང ་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་བའོ།། ལྷ་ཁང་དུ་ཞེས་བྱ་བ་ནི་གཞན་མ་སྟེགས་ཅན་གྱི་ལྟ་ཁང་ངོ་དོ།། སོད་ནས་ཞེས་བྱ་བ་ནི་ཞུགས་ནས་སོ།། ཅོད་པར་བྱེད་ན་ཞེས་བྱ་བ་ནི་འཐབ་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ཞེས ་མ་བཞིན་ནོ། ། དེ་ལ་སྣང་བར་དེ་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ལྷ་ཁང་དུ་སོང་ནམ་ཆུ་སྟེགས་ཅན་དག་དང་རྩོད་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྷུང་བྱེད་བཅུ་བཞི་པའི་ལྔ་པ་རྫོགས་སྷོ།། །། ཐེང་གཞི་མཉན་ཡོད་ནའོ།། ་གང་གི་ཚེ་ལྷ་ཁང་བལྟ་བ་དགག་པ་མཛད་པ་དེའི་ཚེ་རི་མོ་མཁན་གྱི་ཁང་པ་བལྟ་བའི་ཕྱིར་འགྲོ་བ་དང་། གང་མཁན་གྱི་ཁང་པ་བལྟ་བའི་ཕྱིར་འགྲོ་བ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རི་མོ་མཁན་གྱི་ཁང་པའམ། གར་མཁན་གྱི་ཁང་པ་བལྟ་བའི་ཕྱིར་འགྲོན་ལུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རིམ་མཁན་གྱི་ཁང་པ་འམ། གར་མཁན་གྱི ་ཁད་པ་ཞེས་བྱ་བ་ནི་དགེ་སློང་མ་རྣམས་འཇུག་པར་བྱ་བ་མ་ཡིན་པའི་ཁྱིམ་གང་དག་ཡིན་པའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རི་མོ་མཁན་གྱི་ཁང་པའམ། གར་མཁན་གྱི་ཁང་པ་བལྟ་བའི་ཕྱིར ་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་བཞི་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་བཞི་པ། སྡོམ་ལ། ལོ་ནི་བཅུ་གཉིས་མ་ལོན་དང་།། ཁོན་ཡང་བསྒོ་བ་མ ་བྱས་དང་། ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས།། དེ་ཡང་དགེ་འདུན་མ་བསྐོས་ནའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག་གིས་དགེ་སློང་མ་རྣམས་ལ་དྲིས་པ། ཁྱེད་ཅག་ལོ་དུ་ལོན་ན་བསྙེན་པར་རྫོགས་པར་བྱེད། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ་ལོ་བཅུ་ལོན་ནའོ།། དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་དགེ་སློང་རྣམས་ལ་འདི་སྐད་ཅེས་ཁོ་མོ་ཅག་ཀྱང་ལོ་བཅུ་ལོན་ན་བསྙེན་པར་རྫོགས་པར་བྱེད་ལ། ཁྱེད་ཀྱང་ལོ་བཅུ་ལོན་ན་བསྙེན་པར་རྫོགས་པར་བྱེད་ན། འདི་ལ་ཁྱེད་ཅག་དང་བེ་མོ་ཅག་ཏུ་ཁྱད་པར་ན་ཅེ་ཡོད། བསམ ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད་ཅེས་སྨྲས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་མ་ལོ་བཅུ་གཉིས་ལེན་ནས་བསྙེན་པར་རྫོགས་པར ་བྱའོ། ། དེ་ནས་སྦོམ་དགའ་མོ་ལེ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མེའོ།། ལོ་བཅུ་གཉིས་མ་ལོན་པར་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་བྱ་བ་ལོ་བཅུ་གཉིས ་མ་ལོན་པ་གང་ཡིན་པའོ། ། བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི་འཁོར་དུ་འཇོག་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་ལོ་བཅུ་གཉིས་མ་ལོན་པར་འཁོར་དུ ་འཇོག་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅོ་ལྔ་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལོ་བཅུ་གཉིས་མ་ལོན་པ་འཁོར་དུ་གཞག་པར་མི་བྱའོ་ཞེས་གསུངས་པ ་དེའི་ཚེ་དེ་དག་ཁྱད་པར་མེད་པ་ཁོ་ནར་འཁོར་དུ་འཇོག་ཅིང་རྨོངས་པ། མི་གསལ་བ་མི་མཁས་པ་གང་དག་ཡིན་པ་དེ་དག་ཀྱང་འཁོར་དུ་འཇོག་པས་དེ་རྣམས་ཀྱང་མ་དུལ་བ། མ་བྱང་བར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་འཇོག་པར་འདོད་པ་གང་ཡིན་པ་དེས་དགེ་འདུན་ལས་འཁོར་གཞག་པའི་སྡོམ་པ་གསོལ་བར་བྱའོ།། གསོལ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ལ་ཞེས་བྱ་བ་ནས། ་གརྟེ་བརྡུངས་ཏེ་དྲིས་པའི་ལན་གྱིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྐོལ། དགེ་སློང་མདེ་གན་པའི་མཐར་འདུག་ནས་དགེ་སློང་མའི་དགེ་འདུན་ལ་འདུད་པ་དང་བཅས་པས་ཐལ་མ་སྦྱར་བ་བྱས་ནས་ཚིག་འདེ་ནད་ཅེས། འཕགས་པའི་དགེ་འདུན ་ཕུ་ནུ་མོ་དག་བདག་ལགས་ན་དུ་གསོལ། ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་འཕགས་མའི་དགེ་འདུན་ལས་སྤྱན་མཆི་ནས་ཡོང་གནག་པའི་ཐོས་པ་གསོས་ཏེ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་འཕགས་མའི་དགེ་འདུན་གྱི་སྤྱན་སྔར་མཆིས ་ནས་འཁོར་གཞག་པའི་སྡོམ་པ་གསོལ་ལགས་ན། འཕགས་མའི་དགེ་འདུན་གྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ་འཁོར་གཞག་པའི་སྡོམ་པ་སྩལ་དུ་གསོལ་ཞེས་ད་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད ་བར་བྱའོ། ། དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། གསོལ་བ་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ།། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་འཕགས་མའི་དགེ་འདུན་གྱི་སྤྱན་སྔར་མཆིས་ནས ་འཁོར་གཞག་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ་འཁོར་འཇོག་པའི་སྡོམ་པ ་སྩོལ་བར་མཛད་དོ། ། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་མིང་འདྲི་ཞེས་བགྱི་བ་འདི་འཕགས་མའི་དགེ་འདུན་གྱི་སྤྱན་སྔར་མཆིས་ནས་འཁོར་གཞག་པའི་སྡོམ་པ་གསོལ་ནས། ་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ་འཁོར་གཞག་པའི་སྡོམ་པ་སྩོལ་བར་མཛད་ན། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ་འཁོར་གཞག་པའི་སྡོམ་པ་སྩོལ་བར་བཟོད་པ་གང་དག་ལགས་པ་དེ་དག་ན་ཅང་མ་གསུང ་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འཕགས་པ་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱིབ་ལ་འཁོར་གཞག་པའི་སྡོམ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འརྗོད ་དེ་ནས་སྦོ་མ་དགའ་མོ་དགེ་འདུན་གྱིས་མ་གནང་བཞིན་དུ་འཁོར་འཇོག་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་འདུན་ལས་དགེ་སློང་མའི་འཁོར་གཞག་པའི་སྡོམ་པ་མ་གསོལ་བར་འཁོར་འཇོག་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་འདུན་གྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ ་འདུན་གྱིས་སོ། ། འཁོར་འཇོག་པའི་སྡོམ་པ་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ།། མ་གསོལ་བར་ཞེས་བྱ་བ་ནི་མབླངས་པར་རོ།། འཁོར་འཇོག་པར་བྱེད་ན་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་འམ། བསྙེན་པར་རྫོགས་པའམ། གནས་སྦྱིན་པར་བྱེད་ནམ ་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འཁོར་གཞག་པའི་སྡོམ་པ་མ་གསོལ་བར་འཁོར་འཇོག་པར་བྱེད་ན་ཐམས་ཅད་དུ་ལྷུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅཝོ་ལྔ་པའི་གཉིས་པ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དག་འོངས་པ་དང་རབ་ཏུ་བྱུང་ནས་དེ་དག་ལོ་ཉི་ཤུའི་བར་དུ་བཞག་པ་ལས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། བདག་ཅག་ཅིའི་སླད་དུ་བསྙེན་པར་རྫོགས་པར་མི་བགྱི། དགེ ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། ། ད་དུང་ཁྱེད་ཀྱིས་མ་གོམས་སོ།། དེ་དག་གིས་འདི་སྐད་ཅེས་འཕགས་མ་དག་བདག་ཅག་སྡུམ་པ་ན་མཆིས་པ་ན་སྡུ་མ་ཐབ་ཀྱི་སེམས་གཟུང་བ་དང་། ཁྱིམ་གྱི་ནད་མིའི་སེམས་གཟུང་བ་དང་། དེ་བཞིན་དུ་ཁྱིམ ་གྱི་བགྱི་བ་མང་པོ་དག་བགྱིས་ནད་བདག་ཅག་གིས་དགེ་སློང་མའི་དགེ་འདུན་གྱི་ཐུགས་མཉེས་པར་མི་འགྱུར་རམ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ་རྗེས་སུ་གནང་སྟེ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལེན་པ་ཡིན་ནད་བསྙེན་པར་རྫོགས་པར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་ཡིན་ན་བསྙེན་པར་རྫོགས་པར་བྱའོ་ཞེས་བཀའ་སྩལ་པ་དེའི་ཚེ་སྦོམ་དགའ ་མོས་ལོ་བཅུ་གཉིས་མ་ལོན་པ་དག་བསྙེན་པར་རྫོགས་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང ་དགེ་སློང་མ་གང་ཤེས་བཞིན་དུ་ཁྱིམ་མོ་བཟུང་བ་ལོ་བཅུ་གཉིས་སུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོ་མ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སམ། གཞན་གྱིས་ཀླས་པར་གྱུར་པའོ།། ཁྱིར ་སོ་བཟུང་བ་ཞེས་བྱ་བ་ནི་ཁྱིམ་གྱི་ཆོས་ལ་ལོ་བཅུ་གཉིས་སུ་གནས་པའོ། ། ལོ་བཅུ་གཉིས་སུ་མ་ལོན་པ་ཞེས་བྱ་བ་ནི་ལོ་བཅུ་གཅིག་ལོན་པའོ།། བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི་དགེ་སློང་མའི་དངོས་པོར་རོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར ་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མས་ཇི་ཙམ་ཅུང་ཟད་ལོ་བཅུ་གཉིས་མལོན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ལྟུང་བྱེད་བཅཝ་ལྔ་པའི་གསུམ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་སྐྱེས་བུ་གཏི་མུག་ཅན་འཕགས་སྐྱེས་པོ་མི ་དགེ་བའི་བཤེས་བསྙེན་སྡུག་བསྔལ་གྱི་མ་མོ་ལ་བརྟེན་ནས་ཤཱཀྱ་རྣམས་ཁ་བཏག་པ་དེའི་ཚེ་ཤཱཀྱ་མོ་རབ་ཏུ་མང་པོ་དག་ཁྱིམ་ཐབ་དང་བུའི་མྱ་ངན་གྱིས་གདུངས་ནས་རབ་ཏུ་བྱུང་ངོ་། ། གང་གི་ཚེ་ཁྱིམ་ཐབ་དང་བུའི་མྱ་ངན་གྱིས་གདུངས་ནས་རབ་ཏུ་བྱུང་བ་དེའི་ཚེ། དེ་དག་ཉོན་མོངས ་བས་མ་གདུངས་སོ། ། གང་གི་ཚེ་དེ་དག་མྱ་ངན་སངས་ཐ་བ་དེའི་ཚེ་དེ་དག་ཉོན་མོངས་པས་གདུངས་པར་གྱུར་ཏོ།། དེ་ནས་ཤཱཀྱ་མོ་རྣམས་ཀྱིས་སྐབས་དེ་སྦོམ་དགའ་མོ་ལ་སྨྲས་པ་དང་། སྦོམ་དགའ་མོས་འདི་སྐད་ཅེས་ཁོ་མོ་ནི་རྒས་པའི་གནས་སྐབས་ལ་བཟ་པས་ཅི ་བྱར་ཡོད། ཁྱེད་ཅག་ནི་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཡིན་གྱིས་དེ་སོ་སོར་ཤེས་པར་གྱིས་ལ་ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་དག་དང་ལྷན་ཅིག་རྩེ་བར་གྱིས་ཤིག། དགའ་བར་གྱིས་ཤིག། དགའ་མགུར་སྤྱོད་པར་གྱིས་ཤིག་ཅེས ་སྐས་སོ། ། ཇི་ཙམ་ན་གཽ་ཏ་མི་སྐེམ་མོའི་དྲུང་དུ་སོང་ནས། དེ་དག་གིས་གོ་ཏ་མི་སྐེམ་མོ་ལ་སྦོམ་དགའ་མོས་བསྟན་བདག་རྒྱས་པར་སྨྲས་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། པུ་ནུ་མོ་དག་རེ་ཤིག་འཇིག་རྟེན་ཕ་རོལ་གྱི་སྡུག་བསྔལ་ལྟ་ཞོག་གི། ཁོ་མོས་འཇིག་རྟེན་འདིར ་སྡུག་བསྔལ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ཉོན་ཅིག་ཁྱིམ་ཐབ་ཤི་བ་དང་། བུ་དང་བྲལ་བ་དང་། ཕ་དང་མཐོག་གིས་བསད་པ་དང་། བུའི་ཤ་ཟོས་པ་དང་། དུར་དུ་བཅུག་པ་དང་། སེམས་འཁྲུགས་པ་དང་། སྒྲེན་མོར་འཕྱན་པ་སྟེ། འདི་དག་དང་གཞན་ཡང་འཇིག ་རྟེན་འདི་ཁོན་ལ་སྡུག་བསྔལ་ཁོན་ཉམས་སུ་མྱོང་ན་འཇིག་རྟེན་པ་རོལ་སྟ་སྨོས་ཀྱང་ཅི་དགོས། བུན་མོ་དག་དེ་ལྟ་བུ་མ་བྱེད་ཅིག་ཅེས་གོ་ཏ་མི་སྐེམ་མོས་ཤཱག་ཀྱའི་བུ་མོ་རབ་ཏུ་མང་པོ་དེ་དག་མི་དག་པ་ལས་སེམས་བཟློག་སྟེ་དགེ་བ་ལ་སེམས་བཀོད་པ་དང་། དེ་དག་གིས་འ ་སྐད་ཅེས་བདག་ཅག་སྦོམ་དགའ་མོས་ཕྱིར་མེ་གཙང་བའི་དོང་དུ་བཅུག་གོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་དག་ནང་སྟེ། ལོ་གཉིས་སུ་ཆོས་དྲུག་དང་། ་རྗེས་སུ་འཐུན་པའི་ཆོས་དྲུག་གིས་བསླབ་པའི་སྡོམ་པ་བྱིན་ཅིག། དེ་དག་ལོ་གཉིས་སུ་བསླབས་པ་དང་མངོན་པར་དགའ་བར་འགྱུར་རོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་སྡོམ་པ་བྱིན་ཅིག་ཅེས་གསུངས་པ་ན་དེ ་རག་གིས་ཇི་ལྟར་སྦྱིན་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམ་པ་བྱས་ལ་གཎ་ཌཱི་བརྡུངས་ཏེ་ཞེས་བྱ་བ་ནས། དྲིས་པའི་ལན་གྱིས་དགེ་སློང་མ་རྣམས་མ་ཡང་དག་པར་སྒྲོལ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དེས་རྒན ་བའི་མཐའ་འདུག་སྟེ་བདུད་པ་དང་བཅས་པས་ཐལ་མོ་སྦྱར་བ་བྱས་ཏེ། ཚིག་འདི་སྐད་ཅེས་འཐགས་མའི་དགེ་འདུན་ཐུ་ནུ་མོ་དག་བདག་ལ་གསན་དུ་གསོལ།། བདག་མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་འཚལ་ཏེ། བདག ་མིཡིང་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་འཕགས་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་གསོལ་ལགས་ན་འཕགས་མའི་དགེ་འདུན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་མེད་འདི ་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩལ་དུ་གསོལ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ།། དེའི་འོག་ཏུ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ། མཐོང ་པའི་ཉེན་ཀོར་དུ་འདུག་ཏུ་བཅུག་ནས། དགེ་སློང་མ་གཅིག་གིས་གསོལ་བྱས་ཏེ་ལས་བྱའོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ་འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་མིང་འདི་ཞེས་བགྱི་བ་འདི་མཁན་མོ ་མིང་འདི་ཞེས་བགྱི་བས་འཕགས་མའི་དགེ་འདུན་ལས་ལ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་གསོས་ན། གལ་ཏ་འཕགས་པའི་དགེ་འདུན་རྩི་དུས་ལ་བབཅིང་བཟང་ན་འཕགས་མའི་དག་འདུན་གྱིས་གདང ་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་བདག་མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི། བསླབ་པའི་སྡོམ་པ་སྩོལ་བར་མཛད་དོ།། འདི་ནི་གསེལ་བའོ།། ་ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ།། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་ལ་མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་འཕགས་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན ་པའི་ཆོས་དྲག་གི་བསླབ་པའི་སྡོམ་པ་གསོལ་ཏེ། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བའི་དེ་ལ་མཁན་མོ་མིང་འདི་ཞེས་བགྱི་བས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩོལ་བར་མཛད་ན། འཕགས་མའི་དགེ ་འདུན་ལས་གང་དག་མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩོལ་བར་བཟོད་པ་དེ་དག་ནི་ཅད་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ན་གསུངས་ཤིག། འཕགས ་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མད་འདི་ཞེས་བརྩིབས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། ་གང་གི་ཆེ་དེ་དག་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་མ་དེའི་ཚེ་དེ་དག་བསླབས་པས་མངོན་པར་དགའ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་འོག་ཏུ་ཚངས་པར་སྤྱད་པ་ཉེ་བར་གནས ་པའི་སྡོམ་པ་བྱིན་ཅིག། བཅོམ་ལྡན་འདས་ཀྱིས་ཚངས་པར་སྤྱད་པར་ཉེ་བར་གནས་པའི་སྡོམ་པ་བྱིན་ཅིག་ཆོས་གསུངས་ན། དེ་དག་གིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམ་པ་བྱེ་སྟེ་ཞེས་བྱ་བ་ནས། དྲིས་པའི་ལན་གྱིས་དགེ་སློང ་མ་རྣམས་ལ་ཡང་དག་པར་སྒོ་ལ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དེས་རྒན་པའི་མཐར་འདུག་སྟེ་འདུད་པ་དང་བཅས་པས་དགེ་སློང་མའི་དགེ་འདུན་ལ་ཐལ་མོ་སྦྱར་བ་བྱས་ཏེ། ཚིག་འདི་སྐད་ཅེས་འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ ་གསོལ། བདག་མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་འཕགས་མའི་དགེ་འདུན་ལས་ཚངས་པར་སྤྱོད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། འཕགས ་མའི་དགེ་འདུན་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཅན་ཉེ་བར་བཟུང་སྟེ། བདག་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མེ་འདི་ཞེས་བགྱི་བས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩལ་དུ་གསོལ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ།། ་དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱ་སྟེ་ལས་བྱའོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་པུ་ནུ་མོ་དག་བདག་ལ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི ་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་འཕགས་མའི་དགེ་འདུན་ལས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང ་འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩོལ་བར་མཛད་དོ། ། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན ་དུ་གསོལ། མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་འཕགས་མའི་དགེ་འདུན་ལས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ཏེ། འཕགས ་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་ལ་མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩལ་བར་མཛད་ན། འཕགས་མའི་དགེ་འདུན་ལས་གང་དག་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་པར་སྤྱོད ་པ་ཉེ་བར་གནས་པའི་སྡོམ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས ་བགྱི་བས་ཚངས་པར་སྤྱོད་པ་ཉེ་བར་གནས་པའི་སྡོམ་བསྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེ་ལྟར་དགེ་སློང་མའི་དགེ་འདུན་གྱིས་སུ་ཡང་རུང་བ་འགའ་ཞིག་ལ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་པོག་ན་དགེ་སློང་མ་དེས་ཅི་བདེར་བསྟན ་བར་རྫོགས་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ།། དེ་ནས་ཡང་སྦོམ་དགའ་མོས་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དག་མ་གསེལ་བར་ཚངས་པར་སྤྱད་པར་ཉེ་བར་གནས་པའི་སྡོམ་པ་དང་། བསྙེན་པར་རྫོགས་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར ་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདྲི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་མ་གསོལ་བར་ཚངས་པར་སྨད་པ་ཉེ་བར་གནས་པའི་སྡོམ་པ་དང་། ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་ཞེས་བྱ་བ་ནི་ལོ་བཅུ་གཉིས་སུ་ཁྱིམ་ན་གནས་པར་གྲུབ་པ་གང་ཡིན་པའོ།། ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་ཞེས་བྱ་བ་ནི་གསོལ་བ་དང་། ་གཉིས་ཀྱི་ལས་ཀྱིས་སོ།། མ་གསོལ་བར་ཞེས་བྱ་བ་ནི་མ་བླངས་པར་རོ།། བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང ་ཟད་ཁྱིམ་སོ་བཟུང་བ་ལོ་གཅུ་གཉིས་ལོན་པ་མ་གསོལ་བར་ཚངས་པར་སྤྱོད་པ་ཉེ་བར་གནས་པའི་སྡོམ་པ་དང་། བསྙེན་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལུང་བྱད་དུ་གྱུར་རོ།། ལུང་བྱེང་བ་ཅཝ་ལྔ་པའི་ཚོགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། སྡོམ་པ། ་འདོད་ཆེན་སྡོམ་པ་བྱིན་པ་དང་།། སྦྲུམ་པ་དང་ནི་བསླབ་པ་དང་།། བཞག་ནས་ཕན་མེ་འདོགས་པ་དང་།། བཀར་བར་བྱ་བ་ཟ་མ་ཡིན།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས་འདོད་ཆེན་གྱི་འཁོར་བཞག་ནས་མི་འཛིན། མི་སྟོན།། གདམས།། ་དག་མི་སྟེར་བས་དེ་དག་མ་དུལ་བ་དང་། མ་ཞི་བ་དང་། མ་སྦས་པ་དང་། མ་བསྲུངས་པར་གྱུར་པ་དང་། དོན་ཉུང་བའི་དགེ་སློང་མ་དགེ་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་པ་ནས ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ། རང་དགེ་སློང་མ་གང་འདོད་ཆེན་གྱི་འཁོར་བཞག་ནས་རྗེས་སུ་སྤྱོད་པར་མི་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། འདོད་ཆེན་ཞེས་བྱ་བ་ནི་ཆོག་མི་ཤེས་པའོ།། འཁོར་ཞེས་བྱ་བ་ནི་ལྷན་ཅིག་གནས ་བ་དང་། ཉེ་གནས་སོ།། བཞག་ནས་ཞེས་བྱ་བ་ནི་བཟུང་ནས་སོ།། རྗེས་སུ་སྤྱོད་པར་མི་བྱེད་ན་ཞེས་བྱ་བ་ནི་རྗེས་སུ་འཛིན་པར་མི་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོད་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདོད ་ཆེན་གྱི་འཁོར་བཇོག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་དྲུག་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། རང་བཞིན་དུ་གནས་པའི་དགེ་སློང་མ་གང་ཡིན་པ་དེ་དག་འདོད་ཆེན་གྱི་འཁོར་འཇོག་པར་སྤྲོ་བའི་སྐབས་དེ་དགེ ་སློང་མ་དེ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དེས་དགེ་སློང་མའི་དགེ་འདུན་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་གསོལ་བར་བྱའོ་ཞེས ་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམ་པ་བྱས་ཏེ་ཞེས་བྱ་བ་ནས། དྲིས་པའི་ལན་གྱིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྣོལ། དགེ་སློང་མ་དེས་རྒན་རིམས་ཀྱི་མཐར་འདུད་པར ་བཅས་པར་བྱས་ཏེ། དགེ་སློང་མའི་དགེ་འདུན་གད་ན་བ་དེ་ལོགས་སུ་ཐལ་མོ་སྦར་བ་བཏུད་ནས་ཚིག་འདི་སྐད་ཅེས་འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་འཕགས་མའི་དགེ་འདུན་ལས་འདོད་ཆེན་གྱི ་འཁོར་འཇོག་པའི་སྡོམ་པ་གསོལ་ན། འཕགས་མའི་དགེ་འདུན་ཐུགས་བཙོ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་མིང་འདི་ཞེས་བགྱི་བ་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་སྩལ་དུ་གསོལ། དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར ་བྱའོ། ། དེའི་འོག་ཏུ་དགེ་སློང་མ་ཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། བྱེ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་འཕགས་མའི་དགེ་འདུན་ལས་འདོད་ཆེན་གྱི་འཁོར ་འཇོག་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་པའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་སྩོལ་བར ་མཛད་དོ། ། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་འཕགས་མའི་དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་གསོལ་ཏེ། འཕགས་མའི་དགེ་འདུན ་གྱིས་མིང་འདི་ཞེས་བགྱི་བ་ལ་འོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་སྩོལ་བར་མཛད་ན། གང་དག་མིང་འདི་ཞེས་བགྱི་བ་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པསྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འཕགས ་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན་གྱིས་མིར་འདི་ཞེས་བགྱི་བ་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེ་ལྟར་དགེ་སློང་མ་གང་སུ་ཡང་རུང་བ་འདོད་ཆེན་གྱི་འཁོད། ་འཇོག་པའི་སྡོམ་པ་ཕོག་པར་གྱུར་པ་དེས་ཅི་བདེ་བ་ཁོ་ནར་འདོད་ཆེན་གྱི་འཁོར་བཞག་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ།། དེ་ནས་སྦོམ་དགའ་མོས་དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པས་གསོལ་བར་འདོད་ཆེན་གྱི་འཁོར་བཞག་པ་ན། དོན་ཉུད ་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ ་མ་གསོལ་དང་འདོད་ཆེན་གྱི་འཁོར་འཇོག་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། འདོད་ཆེན་གྱི་སྡོམ་པ་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ།། དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་པ་ས་གསོལ་བར་རབ་ཏུ་འབྱིན་པ ་འམ། བསྙེན་པར་རྫོགས་པ་འམ། གནས་སྦྱིན་པ་ཅི་འདོད་པར་བྱེད་ན་སྟེ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་ས་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདོད་ཆེན་གྱི་སྡོམ་པ་མ་གསོལ་བར་འདོད་ཆེན་གྱི་འཁོར་འཇོག་ན་ཐམས ་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་དྲུག་པའི་གཉིས་པ་རྫོགས་སྷོ།། །། གླེང་བཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བུད་མེད་སྦྲུམ་མ་ཞིག་རབ་ཏུ་ཕྱུང་བ་དེ་བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་མཐོང་ནས ་དགེ་སློང་མ་འདི་དག་ནི་འདྲེན་མ་འདྲེན་མར་ཚངས་པར་སྤྱད་པ་ལ་སྤྱོད་དོ་ཞེས་ཁ་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང ་ཤེས་བཞིན་དུ་བུད་མེད་སྦྲུམ་མ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྦྲུམ་ས་ཞེས་བྱ་བ་ནི་སེམས་ཅན་དང་ལྡན་པའོ།། བུད་མེད་ཅེས་བྱ་བ་ནི་བུད་མེད་དོ།། རབ་ཏུ་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ།། ལྟུང་བྱེད་དོ། ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བུད་མེད་སྦྲུམ་མ་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དྲུག་པའི་གསུམ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད ་ནའོ། ། དེ་ནས་སྦོམ་དགའ་མོས་རབ་ཏུ་ཕྱུང་ནས་སློབ་པར་མི་བྱེད་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱིས་འཁོར་དུ་བཞག་ནས་ཅིའི་ཕྱིར་མི་བསླབ། དེས་སྨྲས་པ། འདི་ཉིད་དུ་སློབ་གྲང་། གལ་ཏེ་མ་སློང་ན་འདི་ཉིད་དུ་སློབ་གྲང་ཞེས་ཟེར ་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ནས་མི་སློབ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མའོ ་རབ་ཏུ་ཕྱུང་ནས་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ། ། མི་སློབ་ན་ཞེས་བྱ་བ་ནི་དགེ་སློང་མའི་བསླབ་པ་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རབ་ཏུ་ཕྱུང་ནས་མི་སློབ་ན་ལྟུང་བྱེད ་དུ་འཐུར་ངོ་། ། ལུང་བྱེད་བཅུ་དྲུག་པའི་བཞི་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་རབ་ཏུ་ཕྱུང་ནས་གདམས་ངག་མི་འབོགས། མི་སྟོན། པན་མི་འདོགས་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར ་ཁྱད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ནས་ཕན་མི་འདོགས་ན་ལུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི ་སྦོམ་དགའ་མའོ། ། རབ་ཏུ་བྱུང་ནས་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ།། ཕན་མི་འདོགས་ན་ཞེས་བྱ་བ་ནི་ལྷུང་བཟེད་དང་། ཆོས་གོས་དང་། ལྷུང་བཟེད་ཀྱི་སྣོད་དང་། རྒྱ་ཆད་དང་། སྐ་རགས་དང་། ལུང་དཔོག་པ་དང་། ཀློག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ ་བྱེད་པས་སོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རབ་ཏུ་བྱུང་ནས་འཁོར་ལ་ཕན་མི་འདོགས་ན་ཐམས་ཅད་དུ་ལྷུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དྲུག་པའི་ལྔ་པ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་ཁྱིམ་ཐབ་བྱས་སུ་སོང་བའི་ཆུང་མ་ཞིག་རབ་ཏུ་ཕྱུང་བ་ལས་དུས་གཞན་ཞིག་ན། དེའི་ཁྱིམ་ཐབ་འོངས་པ་དང་བུད་མེད་དེས་ཀྱང་བདག་གི་ཁྱིམ་ཐབ་འོངས་སོ་ཞེས་ཐོས་སོ།། ཐོས་ནས་ཀྱང་བུད་མེད་དེ་སྦོམ་དགའ་མོ་གནས ་དེར་སོང་ཏེ་བྱིན་ནས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་བདག་གི་སྡུམ་ཐབ་མཆིས་ཀྱིས་རེ་ཤིག་བདག་ཕྱོགས་གཞན་ཞིག་ཏུ་བཀར་དུ་གསོལ།། དེས་མ་བཀར་བ་དང་། དེ་ནས་ཁྱིམཐབ་དེ་འོངས་ནས་བཟུང་སྟེ་འདི་སྐད་ཅེས་སྨྲས་སོ།། འདི་སུས་གནང་སྟེ་རབ ་ཏུ་པཱུ་། དེས་དེ་ཉིད་དུ་འཕགས་མ་ཁྱོད་ཀྱིས་བདག་བཀར་བར་གྱུར་ན་སྔ་མ་ཐབ་ཀྱིས་བདག་ཟིན་པར་མི་འགྱུར་བ་ཞིག་ཅེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རབ་ཏུ་བྱུང་ནས་མ་བཀར་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགང་མོའོ།། རབ་ཏུ་ཕྱུང་ནས་ཤེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ།། མ་བཀར་ན་ཞེས་བྱ་བ་ནི་གནས ་གཞན་དུའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འཁོར་དུ་བཞག་སྟེ། མ་བཀང་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དྲུག་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། ་སྡོམ་ལ།། ལོ་ནི་ཉི་ཤུར་མ་ལོན་དང་།། ལོན་ཡང་གསོལ་བ་མ་བྱས་དང་།། གཏུམ་མོ་མྱ་ངན་གྱིས་གདུངས་དང་།། ཆོས་དྲུག་དག་ལ་མ་བསླབས་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་རྣམས་ཀྱིས་གཞོན་ནུ་མ་ལོ་ཉི་ཤུ་མ་ལོན་པ་དག་བསྙེན་པར ་རྫོགས་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་མ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་མི་བྱའོ།། དེ་ནས་སྦོམ་དགའ་མོས་ལོ་ཉི་ཤུ་མ་ལོན་པ་དག་བསྙེན་པར་རྫོགས་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་གཞོན་ནུ་མ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ ་དགའ་མོའོ། ། ལེ་ཉི་ཤུ་མ་ལོན་པར་ཞེས་བྱ་བ་ནི་གང་གི་ལོ་ཉི་ཤུར་མ་ཚད་པའོ།། བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ ་ཅུང་ཟད་གཞོན་ནུ་མ་ལེ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྷུང་བྱེད་བཅུ་བདུན་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་དེ་དག་གིས་དགེ་སློང་དག་ལ་འདི་སྐད་ཅེས་བྱེད ་ཀྱང་ལོ་ཉི་ཤུ་ལོན་ནས་བསྙེན་པར་རྫོགས་པར་མཛད་ན། བདག་ཅད་ཀྱང་ལོ་ཉི་ཤུ་ལོན་ནས་བསྙེན་པར་རྫོགས་པར་བགྱིད་མ་ལགས་སམ། འདི་ལ་ཁྱེད་དང་བདག་ཅག་ཁྱད་པར་ནི་ཅི་མཆིས། བསམ་པ་ནི་ཅི་མཆིས། ཐ་དད་དུ་བགྱི་བ་ནི་ཅི་མཆིས་ཤེས་སྨྲ་བའི་སྐབས་དེ ་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་ལྟ་བས་ན་རྗེས་སུ་གནང་སྟེ། གཞོན་ནུ་མ་ལེ་ཉི་ཤུ་ལོན་ན་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲག་གི་བསླབ་པའི་སྡོམ་པ་བྱིན་ཅིག། གང་གི་ཚེ་བཅོམ་ལྡན་འདས་ཀྱིས ་གཞོན་ནུ་མ་ལེ་ཉི་ཤུ་ལོན་ན་ལོ་གཉིས་སུ་ཆོས་དྲུག་དང་། ། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག་ཅེས་གསུངས་པ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་མ་ཐོས་ནས་བཅོམ་ལྡན་འདས་ག་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི ་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་ཅིག་ཏུ་འདུག་གོ། ཕྱོགས་ཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད་ཅེས་བྱ་བ་ནས། ཅང་མི་གསུང་ངོ་ཞེས་བྱ་བའི ་བར་རོ། ། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བའི་རྗེས་ཆད་པར་རིག་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས་བཅོམ་ལྡན་འདས་གན་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ལ་དམ་པ་གནང་བའི་རིགས་སོ།། བདེ་བར་གཤེགས་པ་བདག་ལ་དམ་པ་གནང་བའི་རིགས་སོ།། གཽ་ཏ་མཱི་ཁྱོད་དམ་པའི་ཅི་གསོལ། དེས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས ་ལོན་ཀཱི་འདི་དག་དང་། གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་འདི་དག་གིས་རབ་ཏུ་བྱུང་བ་ནི་ལེགས་པར་རྙེད་ལགས་ན། ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་ན་སྩལ་ལགས་ན་ཧ་ཅང་ཐོགས་པར་གྱུར་ན། གལ་ཏེ་བཅོམ་ལྡན་འདས་ཀྱིས ་རྗེས་སུ་གནང་ན་ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་། གཞོན་ནུ་མ་ལོ་བོཅོ་བརྒྱད་ལོན་པ་ན་དེ་དག་ལ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩལ་བར་གསོལ། དེ་ལྟར་མཛད་ན་འདི་གཉི་གས་ཀྱང་ཚང་བར་འགྱུར་ལགས་སོ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་། གཞོན་ནུ་མ་ལོ་བཅཝོ་བརྒྱད་ལོན་པ་ལ་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག། དེ་ལྟ་མོད་ཀྱི་ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ ་དང་། གནོན་ནུ་མ་ལོ་བཅཝོ་བརྒྱད་ལོན་པས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྤྱད་ཟིན་པ་དང་། དེའི་འོག་ཏུ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གནོན་དུ་མ ་ལོ་ཉི་ཤུ་ལོན་པ་ལ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་བྱིན་ཅིག་ཅེས་བཀའ་སྩལ་པ་ན་དེ་དག་གིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམ་པ་བྱས་ཏེ་ཞེས་བྱ་བ་ནས། གཞོན་ནུ་མ་ལེ་ཉི་ཤུ་ལོན་པ་དེས་རྒན་བྱའི་མཐའ ་ནས་གདུད་པ་དང་བཅས་པར་བྱས་ཏེ། དགེ་སློང་མའི་དགེ་འདུན་ལ་ཐལ་མོ་སྦྱར་བ་བཏུད་ནས་ཚིག་འདི་སྐད་ཅེས་འཕགས་མའི་དགེ་འདུན་ཕུ་མུ་མོ་དག་བདག་ལ་གསན་དུ་གསོལ། བདག་ལ་གནོན་ནུ་མ་ལེ་ཉི་ཤུ་ལོན་པ་མིང་འདི་ཞེས་བགྱི་བ་མཁན་མོ་མིའི ་འདི་ཞེས་བགྱི་བས་དགེ་འདུན་ལས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། འཕགས་མའི་དགེ་འདུན་ཐུགས་པ་རྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་གཞོན་ནུ་མ་ལེ་ཉི་ཤུ་ལོན་པ་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་བས་ཚངས ་བར་སྤྱད་པ། ཉེ་བར་གནས་པའི་སྡོམ་པ་སྩལ་དུ་གསོལ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ།། དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་པ་བྱས་ཏེ་ལས་བྱའོ།། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། ་གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བ་དེས་འདིས་དགེ་འདུན་ལས་ཚངས་པར་སྤྱོད་པར་ཉེ་བར་གནས་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས ་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་གཞོན་ནུ་མ་ལོ་ཉི་ཤུ་ལེན་པ་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩོལ་བར་མཛད་དོ།། འདི་ནི་གསོལ་པའོ།། དེ་བཞིན་དུ་ལས་ཀྱང་རྒྱས ་པར་བརྗོད་པར་བྱའོ། ། དེ་ནས་སྦོམ་དགའ་མོས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་མ་གསོལ་བར་བསྙེན་པར་རྫོགས་པར་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་ཏེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཞོན་ནུ་མ་ལེ་ཉི་ཤུ་ལོན་པ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་མ་གསོལ་བར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྲོ་མ་དག ་མེའོ། ། གཞོན་ནུ་མ་ཞེས་བྱ་བ་ནི་གཞོན་ནུ་མ་རབ་ཏུ་བྱུང་བའོ།། ལོ་ཉི་ཤུ་ལོན་པ་ཞེས་བྱ་བ་ནི་གང་གི་ལོ་ཉི་ཤུར་ཚང་བར་གྱུར་པའོ།། ཚངས་པར་སྤྱད་པར་ཉེ་བར་གནས་པའི་སྡོམ་པ་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ།། མ་གསོལ ་བར་ཞེས་བྱ་བ་ནི་དགེ་འདུན་ལས་སོ། ། བསྙེན་པར་རྫོགས་པར་བྱེད་ནོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གཞོན་ནུ་མ་ལེ་ཉི་ཤུ་ལོན ་པ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་མ་གསོལ་བར་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་བདུན་པའི་གཉིས་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས ་སྦོམ་དགའ་མོ་སྔ་དྲོ་ཤ་མ་ཐབས་བགོས་ནས་སྤྱོད་ཡུལ་དུ་ཞུགས་པ་ན་སྦོམ་དགའ་མོས་ལམ་པོ་ཆེ་ཞིག་ན་བུད་མེད་གཅིག་བུད་མེད་དག་གཅིག་དང་ལྷན་ཅིག་ཐབ་མོ་བྱུང་བ་མཐོང་ཞིང་། སྦོམ་དགའ་མོས་བུད་མེད་དེ་ཁྲོས་པས་སྐྲ་འགྲེང་པར་གྱུར་པ་མཐོང་ངོ་།། ་དེ་ནས་སྦོམ་དགའ་མོས་འདི་སྙམ་དུ་བསམས་ཏེ། གང་གི་ཚེ་བདག་ཐབ་མོ་འགྱེད་པའི་གྲོགས་སུ་འགྱུར་བའི་གྲོགས་མོ་ཞིག་བདག་གིས་རྙེད་དོ་སྙམ་དུ་བསམས་ནས། སྦོམ་དགའ་མོས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་ཁྱོད་ཅིའི་ཕྱིར་རབ་ཏུ་མི ་འབྱུང་། ། དེས་འདི་སྐད་ཅེས་སྨྲས་སོ།། བདག་ནི་ཤིན་དུ་གཏུམ་མོ་ལགས་ན་སུ་ཞིག་གིས་བདག་རབ་ཏུ་འབྱིན་པར་འགྱུར། དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཁྱོད་རབ་ཏུ་དབྱུང་ངོ་ཞེས་དེས་དེ་རབ་ཏུ་བྱུང་བསྙེན་པར་རྫོགས་པར་བྱས་སོ།། ་དེ་ནས་སྦོམ་དགའ་མ་དུས་གཞན་ཞིག་ན་དགེ་སློང་མ་རྣམས་དང་ལྷན་ཅིག་ཐབ་མོ་བྱུང་བ་ན་དེའི་གྲོགས་མོ་དེ་ཡང་སེམས་ལས་བསྲུངས་ཏེ་ཅང་མི་སྨྲའོ།། དེ་ནས་སྦོམ་དགའ་མོས་དགེ་སློང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཁྱོད་དོན་འདིའི་ཕྱིར་རབ་ཏུ་ཕྱུང ་བསྙེན་པར་རྫོགས་པར་བྱས་ན། དེ་ལྟར་ཁྱོད་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་བཞིན་དུ་འདུག་གམ། ཁྱོད་ཁོ་མོ་ཐབ་མོ་བྱུང་བའི་གྲོགས་ཀྱིས་ཤིག། དེས་འདི་སྐད་ཅེས་སྨྲས་སོ།། བདག་གིས་ཁྱིམ་པ་མོ་དེ་དག་གི་ཁ་ན་མ་ཐོ་བ་ནི་ཤེས་ཀྱི། ་བདག་གིས་དགེ་སློང་མ་འདི་དག་གི་ཁ་ན་མ་ཐོ་བ་ནི་མི་ཤེས་སོ།། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཁྱོད་ལ་དེ་དག་གི་མཚད་བསྟན་གྱིས་རེ་ཤིག་སྐྱེ་དགུའི་བདག་མོ་ཆེན་མོ་འདི་ནི་རང་ཞུགས་ཡིན་ནོ།། ཨུཏྤ་ལའི་མདོག་འདི་ནི་གྲོང་ཁྱེར་ཆེན ་པོ་དྲུག་དག་ཏུ་སྨད་འཚོང་བྱས་པ་ཡིན་ནོ། ། ག་ཏམྨེ་མ་མོ་འདི་ནི་བུའི་གཟོས་པ་དང་། དྲར་དུ་བཅུག་པ་སེམས་འཁྲུགས་པ་ཡིན་ནོ།། དེ་ནས་དུས་གཞན་ཞིག་ན་དགེ་སློང་མ་རྣམས་དང་ཐབ་མ་བྱུང་བ་ན་དགེ་སློང་མ་ཤིན་ཏུ་ག་ཏུམ་མོ་དེས་དགེ་སློང་མ་རྣམས ་ལ་ཁ་ནམ་ཐོ་བ་རབ་ཏུ་བསྒྲགས་པས་སྤྲོ་བར་བརྩམས་སོ། ། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་དགེ་སློང་མ་ཤིན་ཏུ་གཏུམ་མོ་དེ་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། ཤིན་དུ་གཏུམ་མོ་འདི་སྲས་རབ་ཏུ་བྱུང་། དེ་དག་གིས་འདི་སྐད་ཅེས་སྦོམ་དགའ་མོ་ལགས ་སོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་གཏུམ་མོ་རབ་ཏུ་འབྱིན ་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རང་གིས་སམ། གཞན་གྱིས་སྨྲས་པར་གྱུར་པའོ།། ཟད་མེད་གཏུམ་མོ་ཞེས་བྱ་བ་ནི་ཁྲོ་བ་ཐབ་ཁྲོལ་ཅན་ནོ།། རབ་ཏུ་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ།། ལྟུང་བྱེད ་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བུད་མེད་གཏུམ་མོ་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྷུང་བྱང་དུ་འགྱུར་རོ།། ལྟུང་བྱེད་བཅུ་བདུན་པའི་གསུམ་པ་རྫོགས་སྷོ།། ་དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་ལྔ་པ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤ་མ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་སྤྱོད་ཡུལ་དུ་ཞུགས་པ་དང་ཞེས་བྱ་བ་ནས། སྦོམ་དགའ ་ལོས་བུད་མེད་མྱ་ངན་གྱིས་གདུངས་པ་ཞིག་རབ་ཏུ་བྱུང་ངེ་ཞེས་བྱ་བའི་བར་རོ། ། དེཐོ་རངས་སྔར་འངས་ཏེ་རུ་ཞིང་འདིསད་ཅེས་ཀྱི་བུ་དབུ། ཀྱི་བུད་བུམ། རེ་ཤིག་མི་ལ་མ་ཙམ་དུ་ཡང་སྟོན་ཅིག་ཅེས་སྒྲ་ཞིང་སྨེ་སྔགས་འདོན་པ་ཐང་དྲུང་ཞིང་ཚོང་མེ་འ་བས་སོ།། ་དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་སྒྲ་དེ་ཐོས་ནས་འདི་སྐད་ཅེས་སྨྲས་སོ།། མྱ་ངན་གྱིས་ནོན་པ་ཕ་བི་སུས་རབ་ཏུ་བྱུང་། དེ་དག་གིས་འདི་སྐད་ཅེས་སྦོམ་ད། ཡོས་སོ་ཞེས་སྨྲས་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མད་མྱ་ངན་གྱིས་གདུངས་པ་རབ་ཏུ་འབྱན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྐམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རང་ཉིད ་གྱིས་སམ། གཞན་གྱིས་སྨྲས་པར་གྱུར་པའོ།། མྱ་ངན་གྱིས་གདུངས་པ་ཞེས་བྱ་བ་ནི་སྡུག་པ་ཉེ་དུ་དང་རང་གི་སྐྱེ་བོ་དང་བྲལ་བའོ།། རབ་ཏུ་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་གྱུར ་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཤེས་བཞིན་དུ་བུད་མེད་མྱ་ངན་གྱིས་གདུངས་པ་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་བདུན་པའི་བཞི་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་དགེ་སློང་མ ་རྣམས་ཀྱིས་དེ་དག་དེ་བཞིན་དུ་རབ་ཏུ་ཕྱུང་བར་གྱུར་པ་དེའི་ཚེ། དེ་དག་བདག་ཅག་གིས་ལྷན་ཅིག་གནས་པ་དང་། ཉེགནས་དག་ཇི་ཙམ་ན་ཇི་ལྟར་བསྙེན་པར་རྫོགས་པར་བྱ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་སོ་བཟུང་བ་ལོ་བཅུ་ལོན། ་པ་དང་། གཞོན་ནུ་མ་ལོ་བཅཝ་བརྒྱད་ལན་པ་ལ་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག། དེ་དག་གིས་ཆོས་དྲུག་པོ་གང་དག་ཡིན་པ་དང་། རྗེས་སུ་འཐུན་པའི་ཆོས་དྲུག་པོ་གང་དག་ཡིན་པ་མ་ཤེས་ནས་བཅོས ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅིག་བུ་ལམ་དུ་འགྲ་མི་བྱ།། ཆུ་བའི་ཕ་རོལ་རྒལ་མི་བྱ། སྐྱེས་པ་ལ་ནི་རག་མ་བྱེ། སྐྱེས་པ་དང་ནི་འདུག་མི་བྱ། སྤྱན་དུ་འགྱུར་བ་མི་བྱ་ཞིང་།། ཁན་མ་ཐོབ་ཅབ་མི་བྱ།། འདི་དག་ནི་ཆོས་དྲུག་ཅེས་བྱའོ།། རྗེས ་འཐུན་མི་ཚེ་ཇུག་ག་ཤེན། གསང་ལ་གཟུང་བར་མ་བྱས།། སུ་མོ་ལས་ནམ་བྱའོ།། ས་ཡང་བན་པར་མི་བྱེསྟེ།། ན་སྔོན་དག་ཀྱང་གཅད་མི་བྱ།། བྱིན་ལ་ནམ་བྱས་མ་བཟའ་སྟེ།། བཞན་པ་པརྡའ་བར་མི་བྱའོ།། ཚས་དྲུན་པོ་འདག་ནི་རྫ་པ ་འཐུན་པའི་ཆོས་དྲུག་ཅེས་བྱ་སྟེ། ལོ་གཉིས་སུ་ཆོས་བསླབས་ནས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་བྱིན་ཏེ། དེའི་འོག་ཏུ་བསྟེན་པར་རྫོགས་པར་བྱའོ།། དེ་ནས་སྦོམ་དགའ་མོས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་མ་གསོལ་བར ་བསྙེན་པར་རྫོགས་པར་བྱེད་ནས་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤས་བཞི་དུ ་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་ལ་མ་བསླབས་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རང་གིས་སམ། གཞན་གྱིས་སྤྲས་པར་གྱུར་པའོ།། ཚེས་དྲུག་དང་རྗེས་སུ ་འཐུན་པའི་ཆོས་དྲུག་ཅེས་བྱ་བ་ནི་ཇི་སྐད་བསྟན་པ་ཡིན་ནོ། ། ལོ་གཉིས་སུ་མ་བསླབས་པར་ཞེས་བྱ་བ་ནི་དགེ་སློང་མར་འགྱུར་བའི་བསླབ་པ་འདི་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། དགེ་སློང་མས་ཇི་ཙམ་ནང་ཟད་ལོ ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་མ་གསོལ་བར་བསྙེན་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་བདུན་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། བསྡུས་པའི་སྡོམ་ལ། ་བསླབ་པ་དང་ནི་ལོ་རེ་དང་།། ཚོགས་དང་སྨེ་གབ་ཀྱི་ལྔ་དང་།། ཉེར་ཞི་ཁྱིམ་གྱི་གོ་རེ་ལོང་།། དཔུང་བ་དང་ནི་ཁྱིམ་པ་མོ།། སྐབས་མ་ཕྱེ་བར་འདྲི་བ་དང་།། བཤད་པར་གཅིག་པུ་འགྲོ་མི་བྱ།། སྡོམ་ལ།། ། ཆོམ་དྲུག་དང་ནི་བསླབས་པ་དང་།། ཁྱིམ་ཐབ་ཀྱིས་ནི་མགནང་དང ་གལ་ཏེ་བདག་ལ་གོས་བྱིན་ད་། ། ཕྱི་ནས་ཁྱོད་དགའ་མ་ཡིན་ནོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་ལ་བསླབས་ནས་དེས་དེ་དག་བསྙེན་པར་རྫོགས ་པར་མི་བྱེད་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མཁྱེད་ཀྱིས་བསླབས་ནས་ཅིའི་ཕྱིར་བསྙེན་པར་རྫོགས་པར་མི་བྱེད། དེས་འདི་སྐད་ཅེས་འདི་དག་ཁོ་མ་ལ་འདི་སྐད་ཅེས་བླ་མ་དགའ་མོ་ནི་མ་བསླབས་པར་བསྙེན་པར་རྫོགས་པར་བྱེད་དེ་ཞེས་ཟེང་པས་ལམ། ་འདི་སྙམ་དུ་རེ་ཤིག་ཤིན་དུ་སློབ་ལ་རག་གོ་སྙམ་དུ་སེམས་སོ་ཞེས་སྨྲས་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན། ་དུ་འཁོར་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་ལ་བསླབས་ནས་བསྙེན་པར་རྫོགས་པར་མི་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རང་གིས་སམ། གཞན་གྱིས་སྨྲས་པར་གྱུར་པའོ།། བསླབས ་ནས་ཤེས་བྱ་བ་ནི་དགེ་སློང་མར་འགྱུར་བའི་བསླབ་པ་ལའོ། ། བསྙེན་པར་རྫོགས་པར་མི་བྱེད་ན་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཤེས་བཞིན་དུ་ལོ ་གཉིས་ཀྱི་བར་དུ་བསླབས་ཏེ། དེ་ལས་ལྷག་པར་འཇོག་ཅིང་བསྙེན་པར་རྫོགས་པར་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅཝོ་བརྒྱད་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ཏེ་ཁྱིམ ་བདག་གཅིག་གི་ཁྱིམ་དུ་ཞུགས་པ་ལས། དེ་ན་བུད་མེད་ཅིག་ཁྱིམ་ཐབ་དང་ལྷན་ཅིག་རྩོད་ཅིང་འདུག་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། ཅི་ཞིག་ཡིད་མི་བདེ་ཞིང་འདུག། དེས་སྐབས་དེ་རྒྱས་པར་སྨྲས་པ་དང་། དེ་ནས་སྦོམ་དགའ་མོས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ།། ་ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དེས་འདི་སྐད་ཅེས་སྨྲས་སོ།། བདག་སུ་ཞིག་གིས་རབ་ཏུ་འབྱིན་པར་འགྱུར། དེས་འདི་སྐད་ཅེས་ཁོ་མོས་བྱའོ་ཞེས་སྨྲས་པ་ནས་ཇི་ཙམ་ན་དེས་རབ་ཏུ་ཕྱུང་ངོ་།། དེའི་འོག་ཏུ་ཁྱིམ་ཐབ་འོངས་ནས་དེས་ཁྱིམ་ཚེས་ལ་དྲིས་པ། ཁོ་བོའི་ཆུང་མ་གང ་དུ་སོང་། དེས་འདི་སྐད་ཅེས་སྨྲས་སོ།། སྦོམ་དགའ་མོས་རབ་ཏུ་ཕྱུང་ངོ་།། དེ་ནས་ཁྱིམ་བདག་དེ་སྦོམ་དགའ་མོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གི་མཆིས་ཟང་འདི་སུས་རབ་ཏུ་ཕྱུང་། སྦོམ་དགའ་མོས་འདི་སྐད ་ཅེས་སྨྲས་ཏེ། ཁོ་མོས་སོ།། དེ་ནས་ཁྱིམ་བདག་དེས་འདི་སྐད་ཅེས་འཕགས་མ་ཁྱོད་ཁྱིམ་ཐབ་ཀྱིས་མ་གནང་བ་རབ་ཏུ་འབྱིན་པར་མཛད་པ་རིགས་སམ་ཞེས་སྨྲས་ནས་ཞེས་བྱ་བ་ནས། ཁྱིམ་བདག་དེས་ཁ་བྱས་ཏེ་སོང་བ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར ་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཤེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཁྱིམ་ཐབ་ཀྱིས་མ་གནང་བ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ཡང་གང་། ་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སམ་གཞན་གྱིས་སྦས་པར་གྱུར་པའོ།། ཁྱིམཐབ་ཀྱིས་ཤེས་བྱ་བ་ནི་ཁྱོས་སོ།། མ་གནང་བ་ཞེས་བྱ་བ་ནི་མ་བཏང་བའོ།། རབ་ཏུ་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ།། ལྟུང་བྱེད ་དེནས་བྱ་བ་ནི་གངས་བཞིན་དོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུ་ན་ན། དགེ་སློང་མས་དེ་ན་མ་ཅུང་ཟད་བྱམ་པབཀྱིས་མགནང་བ་བཎྜཱ་ཛིནན་སྣང་བྱེད་།། སྣང་བྱང་བཆུབ་རྒྱད་པའི་ཉིས་པ་རྫོགས་སྷོ།། གླེང་བཞན་མཉན་ཡོད་མག། དས ་དགའ་མལ་དགེ་སློང་མས་སྨྲས་པ། འཕགས་མ་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དེས་འདི་སྐད་ཅེས་གལ་ཏེ་ཁོ་མོ་ལ་གོས་བྱིན་ན་དེའི་འོག་ཏུ་ཁྱོད་བསྙེན་པར་རྫོགས་པར་བྱའོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་ས ་དེ་ཅོམ་ལྡན་འདས་ལ་གསལ་ཏེ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྷ་བ་ནས། བསླབ་པ་བཅའ་པའི་བར་དུ་མཛད་དེ། ཡ་སློང་མགང་དགེ་སྨྲང་མས་དེ་སྐད་ཅེས་སྨྲས་པནཱ~ཾ། གལ་ཏ་མ་ལགས་བྱིན་ན་དེ་ངག་ཏུ་བརྟེན་པར་རྫོག ་བར་བའི་ཞེས་ཟེར་ན་བྱུང་བྱེད་། ། ཡང་གང་ཤས་བྱ་བ་ནི་སྦོམ་དགའ་མའོ།། དགེ་སློང་མས་དེགད་ཅེས་སྨྲས་པ་ན་ཞེས་བྱ་བནི་ཟེར་ནའོ།། གས་ཏེ་འོ་མོ་ལ་གོས་ཤེས་བྱ་བ་ནི་བདུན་པོ་གང་ཡང་རུང་བ།། བྱིན་ན་ཞེས་བྱ་བ་ནི་ཕུས་ནའོ།། དེའི་འོག་ཏུ་ཞེས་བྱ་བ་ནི་དྲས་གཞན ་བསྙེན་པར་རྫོགས་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་མའི་དངོས་པོར་རོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྷུར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ནུང་ཟད་དགེ་སློང་མས་དེ་སྐད་ཅེས་སྨྲས་པ་ན། གལ་ཏེ་ཁོ་མོ་ལ་གོས་བྱིན་ན་དེའི་འོག་ཏུ་ཁྱོད་བསྙེན་པར ་xxx། xxx ་སོ། ། འཕགས་མ་གལ་ཏེ་ཁྱོད་ཀྱིས་བདག་རབ་ཏུ་དབྱུང་ན་བདག་རབ་ཏུ་འབྱུང་བར་འཚལ་ལོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱིས་ཁྱིམ་གྱི་བྱ་བ་མངོན་པར་སྤངས་དང་དེའི་འོག་ཏུ་དཀའ་བར་མི་འགྱུར་རོ།། དེ་ནས་ཁྱིམ་བདག་གི་ཆུང་མ་དེས ་ཁྱིམ་གྱི་བྱ་བ་མངོན་པར་སྤངས་ཏེ་འོངས་པ་ན་གཽ་ཏ་མཱི་སྐེམ་མོ་དེས་ཀྱང་རབ་ཏུ་མ་ཕྱུང་ངོ་། ། དེ་བདག་ནི་ཁྱིམ་ན་གནས་པ་ཡང་མ་ཡིན་ལ། རབ་ཏུ་བྱུང་བ་ཡང་མ་ཡིན་ནོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་པ་མོས་དེ་སྐད་སྨྲས་པ་ན། ཁྱོད་ཀྱིས་ཁྱིམ་གྱི་བྱ་བ་མངོན་པར་སྤངས་དང་དེའི་འོག་ཏུ་དཀའ་བར་མི་འགྱུར་རོ་ཞེས་སྨྲས་ལ། འོངས་ནས་རབ་ཏུ་མི ་འབྱིན་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་གཽ་ཏ་མཱི་སྐེམ་མོའོ།། ཁྱིམ་པ་མོ་ཞེས་བྱ་བ་ནི་ཁྱིམ་བདག་གི་ཆུང་མའོ།། ཁྱོད་ཀྱིས་ཁྱིམ་གྱི་བྱ་བ་མངོན་པར་སྤངས་དང་དེའི་འོག་ཏུ་ཁྱོད་ལ་དཀའ་བར་མི་འགྱུར་རོ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བར་འགྱུར་བ་ལའོ།། དེའི་འོག ་ཏུ་མི་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདི་སྐད་ཅེས་ཁྱིམ་གྱི་བྱ་བ་མངོན་པར་སྤངས་དང་དེའི་འོག་ཏུ་དཀའ་བར་མི་འགྱུར་རོ་ཞེས་སྨྲས་ལ། འོངས ་ནས་རབ་ཏུ་མི་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅཝ་བརྒྱད་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། སྡོམ་ལ། ལོ་རེ་རེ་ནི་བཀག་པ་དང་།། ཞག་ལེན་བདུན་པ་མ་ཡིན་དང་།། ཟླ་བ་ཕྱེད་བྱེད་གདམས་པ་དང་།། དགེ་སློང་མེད་པའི ་གསོ་སྦྱོང་དང་། ། དགེ་སློང་མེད་པར་དབྱར་གནས་མིན།། དབྱར་གནས་པས་ནི་དགག་དབྱེ་བྱའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་ལོ་རེ་རེ་ཞིང་རབ་ཏུ་ཕྱུང་ནས་ཕྱིས་གང་གི་ཚེ་དེ་དག་ལ་འབོད་པ་དེའི་ཚེ་འདི་སྐད་ཅེས་ལོ་གཅིག་པ། ལོ་གཉིས་པ་ཞེས ་བྱ་བ་ནས་ལོ་ལྔ་པ་ཞེས་བྱ་བའི་བར་དག་ཏུ་འབོད་པ་དང་། དེ་ནས་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཅི་ཁྱོད་ཀྱིས་འདི་རྣམས་ཀྱི་མིང་མི་ཤེས་པས། དེས་འདི་སྐད་ཅེས་འདི་སྙེད་ཀྱི་མིང་སུས་ཤེས་པར་འགྱུར་ཞེས་སྨྲས་པ་ན། དོན་ཉུང་ཅི ་དགེ་སློང་མ་དགེ་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ལོ་རེ་རེ་ཞིང་འཁོར་འཇོག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི ་སྦོམ་དགའ་མོའོ། ། ལོ་རེ་རེ་ཞིང་ཞེས་བྱ་ནི་ལོ་རེ་རེའོ།། འཁོར་འཇོག་ན་ཞེས་བྱ་བ་ནི་རབ་ཏུ་འབྱིན་ནའོ།། ལུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ལོ་རེ་ཞིང་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ ་འགྱུར་རོ། ། ལྟུང་བྱེད་བཅུ་དགུ་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བཅཝ་ལྔ་པ་སྔ་མའི་འདུན་པ་བླངས་པས་བཅཝ་ལྔ་པ་ཕྱི་མའི་གསོ་སྦྱོང་ཡང་ཉམས་སུ་མྱོང་བར་བྱེད་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས ་སྨྲས་པ། འཕགས་མ་ཁྱོད་ཅིའི་ཕྱིར་དེ་ལྟར་བྱེད། དེས་འདི་སྐད་ཅེས་ཁོ་མོ་སྡེ་སྣོད་གསུམ་པ་ཡིན་པས་ཇི་ལྟར་འགྱུར་བ་ཤེས་སོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསལ་ཏོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་འདུན་བཞག་ལོན་པས་གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཞག་ལོན་པས་ཞེས་བྱ་བ་ནི་སྨད་ཟིན་པའོ།། འདུན་པ ་ཞེས་བྱ་བ་ནི་བློ་གྲོས་སོ། ། གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ། ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདུན་པ་ཞག་ལོན་པས་སོ་སོར་ཐར་པ་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ལྷུང ་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་དགུ་པའི་གཉིས་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བཅཝ་ལྔའི་འདུན་པ་ལེན་པའི་དགེ་སློང་མས་དགེ་སློང་མ་རྣམས་ཀྱི་དྲུང་དུ་འགྲོ་བར་བྱ་ཞིང་དགེ་སློང་རྣམས་ལས་ཚེས་ཤིང ་གདམས་ངག་དང་རྗེས་སུ་བསྟན་པའི་ཉམས་སུ་མྱོང་བར་བྱའོ་ཞེས་གསུངས་པ་དང་། འོན་ཀྱང་བཅུ་གཉིས་སྡེ་དེ་དག་ག་དམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་ད་ང་ཞེས་བྱ་བ་ནས། བསླབ་པ་བཅའབའ་བར་དུ་བད་། ཡང་དག་སློང་མ་གང་ཟླབ་རྒྱད་བྱེད་ཅིང་གང་མསང་ག་དང་རྗེས་སུ་བསྟར་པ་ཉམས་སུ་མྱོང་བར་མི་བྱེད་ན་སྤང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་གཤི་བད་། ་ཟླ་བ་བྱེད་བྱེད་ཅིང་ཞེས་བྱ་བ་ནི་ཐབ་སྐྱེད་ཅིང་ངོ་།། གདམས་དག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་ན་དགེ་སློང་པ་རྣམས་དང་ལྷན་ཅིག་རྗེས་བུ་སྲུབ་པར་མི་བྱེད་ནའོ།། སྲུང་བྱེད་དོ་ཞེས་བྱུང་ནི་གངས་བཞིན་ནོ།། དེམ་སྲུང་བར་རྗེ་སྐར་འགྱུར་དེ། དགེ་སློང ་སས་ཛི་ཙམྲ་ཅུང་ཟད་ཟླབ་ཕྱེད་བྱེད་ཅིང་གདམས་ངག་དང་རྗེས་སུ་བསུན་པཉམས་སུ་མྱོང་བར་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་དགུ་པའི་གསུམ་པ་རྫོགས་སྷོ།། ། གླེང་གནི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་རྣམས་ལྗོངས་ཆུ་ཞིང ་དོང་བ་ན་དགེ་སློང་མ་ཞིག་གི་དབྱར་ཁང་དུ་ཕྱིན་ནས་དེར་དེ་དག་གིས་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་བྱས་ཏེ། དེ་དག་རིམ་གྱིས་རྒྱུ་ཞིང་མཉན་ཡོད་དུ་བྱིན་ནས་དེ་དག་གང་གི་ཚེ་དབྱེར་ཁང་དུ་འོངས་པ་དེའི་ཚེ་དགེ་སློང་མ་རྣམས་ཀྱིས་སྨྲས་པ་སངས་རྒྱས་ལྡན། ཆོས་ལྡན། དགེ་འདུན ་ལྡན་འོངས་པ་ལེགས་སོ། ། ཁྱེད་ཅག་གིས་གང་དུ་གསོ་སྦྱོང་བྱས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། གནས་དག་མོ་ཞིག་ཏུའོ།། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་དགེ་སྲེང་མ་དེ་དག་ལ་འདྲེ་སྐད་ཅེས་བྱེད་ཅག་གིས་ཅིའི་ཕྱིར་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་བྱས་ཤེས ་སྨྲས་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅུའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མེད་པའི་གནས་སུ་གསོ་སྦྱང་ཉམས་སུ་བྱོང་བར་བྱེད་ན་སྲུང་བྱེད་དོ།། ཡང་གང་ཞེས་བྱ་བའི ་ཆོས་འདི་བདག་གིའོ། ། དགེ་སློང་མེད་པའི་གནས་སུ་ཞེས་བྱ་བ་ནི་གདན་དགེ་སློང་མེད་པར་གྱུར་པའོ།། གསོ་སྦྱོང་ཞེས་བྱ་བ་ནི་སོ་སོ་ཐར་བ་ཉམས་སུ་མྱོང་བར་བྱེད་ནའོ།། སུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྦྱང་བར་ཇི་ལྟར་འགྱུར་ཞེན། དགེ་སློང་མས་ཇི་ཙམ་ཅུང་ཟད ་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་ནཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་བཅུ་དཀུ་བའི་བཞི་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོན་ནོའོ།། ག་གི་ཚེ་སོམ་ལྡན་དས་ཀྱིས་དེ་སྟོང་མས་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར ་ལ་ཁྲང་བར་མི་བྱའོ་ཞེས་གསུངས་པ་དང་། དེ་ནས་ཡང་དགེ་སློང་མ་རྣམས་ལྗོངས་ཤིག་ནས་ལྷགས་ནས་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་གྲངས་ཏེ། དེ་ནས་དེ་དག་གིས་དབྱར་གནས་ནས་མཉན་ཡོད་དུ་ཕྱིན་པ་དང་། ཇི་ཙམ་ན་དགེ་སློང་མ་རྣམས ་ཀྱིས་ཕྲས་པ། ཁྱེད་ཅག་གང་དུ་བྱར་གནས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། གནས་གག་ཡོ་ཞིག་ཏུའོ།། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དྲིས་པ། ཙི་རེ་ཤིག་དགེ་སློང་དང་བཅས་པ་ཡིན་ནམ་འོན་ཏེ་དགེ་སློང་མེད་པ་ཡིན། དེ་དག་གིས་འདི་སྐད་ཅེས་ད།། ་གྲོང་མེད་པ་ཡིན་ན་ཞེས་སྨྲས་པ་ན་དན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅད་པའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མེད་པའི ་གནས་སུ་དབྱར་གནས་པར་ཁས་ལེན་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་ཆོས་འདི་བདག་གིའོ།། དགེ་སློང་མེད་པའི་ཞེས་བྱ་བ་ནི་གངན་དགེ་སློང་མེད་པར་གྱུར་པའོ།། གནས་ཤེས་བྱ་བ་ནི་གང་ན་ལས་ཐམས་ཅད་མངོན་པའོ།། དབྱར་གནས་པར་ཁས་ལེན་ན་ཞེས ་བྱ་བ་ནི་ཟླ་བ་གསུམ་དམ་འཆའ་བར་བྱེད་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ་སྐུང་བྱེད་བཅུ་དགུ་པའི་ལྔ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དབྱར་གནས་པའི་དགེ་སློང་མ་རྣམས་ཀྱིས་གཉི་གའི་དགེ་འདུན་ལ་དགག་དབྱེ་བྱའོ་ཞེས་གསུངས་པ་དང་། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས ་བློས་དགའ་མོ་ལ་འདི་སྐད་ཅེས་ཞུས་སོ། ། འཕགས་མ་ནིནི་གའི་དགེ་འདུན་ལ་དགགར་དབྱེ་བྱས་ཚུར་སྤྱོན། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་དེར་མི་འགྲོའོ།། ཅིའི་ཕྱིར། རེ་ཤིག་ཁོ་བོ་ནི་སྡེ་སྣོད་གསུམ་པ་ཡིན་པས་ཁོ་མོས་དགག་དབྱེ་ཇི་ལྟར་བྱ་བ་ཤེས་ཏེ། དགེ་སློང ་གི་དགེ་འདུན་ལ་ལུག་ཟོང་དང་། ཤུར་བུ་དང་། ཤུར་བྲེ་བྲེའུ་པལ་མོ་ཆེད་དབུལ་དགོས་པས་ཁྱེད་ཅག་དེང་ཤིག། ཁོ་མ་ནི་དེར་མི་འགྲོའོ་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། ད་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅན ་པའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་གནས་ནས་གཉི་གའི་དགེ་འདུན་ལ་དགག་བྱེ་མི་བྱེད་ན་སྲུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དབྱ་གནས་ནས་ཞེས་བྱ་བ་ན་ཐབ་གསུམ་གྱི་མཐང་ཕྱིན་ནས་སོ།། གཉག་དགེ་འདུན ་ལ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་དའི་འདུན་ལའོ། ། དགག་ཀྱིམ་བྱེད་ན་ཞེས་ཐ་བན་མཽང་པ་དང་། ཐོས་པ་དང་གས་པ།། ན་རྒྱད་ནས་བྱ་ན་ག་བཞི། ལསྲུང་བ་ག་འབྱུང་ནན། དག་སུང་ས་རྦ་མཅུང་ཟད་བྱང་གནས ་གཉིག་དགེ་འདུན་ལ་དག་ག་བྱེ་མི་བྱེད་ནཐམས་ཅད་དུ་སྲུང་བྱེད་དུ་འགྱུར་རོ། ། སྲུང་བྱེད་བ་ཅུང་ཟླ་བའི་ཆགས་སུ་བཅད་པའི་སྡོམ་རྫོགས་སྷོ།། ། སྡོམས། ཚོགས་ལ་སྐྱོབ་པོ་བྱེདདང་།། མི་སྟན་པ་དང་ས་སྡེ།། སྲངས་ནམ་པཟའ་བར་མབྱ་དང་། ་བས་བཟང་བར་བྱའོ།། གླེང་གཞནི་མཉན་ཡོད་ནའོ།། དེ་ནས་སྒོམ་དགའ་ཆིས་ཚོགས་ལ་མྱོས་པ་དང་། དེ་ལ་ལྡན་ཅིགགནས་པ་དང་། ཉགནས་རྣམས་ཀྱིས་རྣས་པ། ཕགས་མ་ད་སློང་མའི་ཚིགས་ལ་མྱོ་བར་མ་གས་སོ།། དེས་དིན་ཅེས་གས ་མི་རིགས་ཀྱང་རུང་ཁོ་མོས་ནི་སྤྱོས་སོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང ་རོགས་ལ་སྤྱོས་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཚོགས་ལ་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་ལའོ།། སྤྱོས་ན་ཞེས་བྱ་བ་ནི་ཚད་བཅད་ནའོ།། སྲུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇིཙམ ་ཅུང་ཟད་ཚོགས་ལ་སྤྱོས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཐོ་མ་དགའ་མོས་དགེ་སློང་མའི་ཚེགས་ལ་མི་སྙན་པ་ཁྱིམ་ཞེས་བྱ་བ་དང་། ནལ་ཞེས་བྱ་བ་དང་། བོང་བུ་དག་དང་ལྡན ་པའི་གཤེ་བ་དག་གིས་གཤེ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཚོགས་ལ་གཤེན་ལྟུང་བྱེད་དོ།། ཡང་གང ་ཞེས་བྱ་བ་ནི་སློབ་དགའ་མོའོ། ། ཚོགས་ལ་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་ལའོ།། གཤེན་ཞེས་བྱ་བ་ནི་ཁྱིམ་པ་མོའི་ཚིག་དང་ལྡན་པའི་གཤེབས་སོ།། སྲུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད ་ཚོགས་ལ་གཤིན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་པའི་གཉིས་པ་རྫོགས་སྷོ།། །། གླེང་གཞིན་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་དགེ་སློང་མཐོ་བྲར་བ་རྣམས་ཀྱིས་དབྱར་ཁང་ཏུ་གནས་བྱིན་ནས་དེ་དག་ལ་རྙེད་པ་དང་། ་བཀུར་སྟརབ་ཏུ་མང་པོ་དང་ལྡན་པ་དང་། དེས་སེར་སྔས་དེ་དག་བསྐྲད་པ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མཔྱོད་ཅེས་བུས་གནོད་པར་མ་གྱུར་ཟང་། དེས་འདི་སྐད་ཅེས་ཁམ་ཕྲེང་བའི་ཚེན་གྲང་བས་ཉེན། ཆབ་འཆན་ཚབས་ཉེར་པ་ན ་དུ་སྡུག་བསྔལ་ཆེན་པོས་བསྒྲུབས་པའི་དབྱར་ཁང་ཁོ་མོས་ཁ་འཇམ་ཅན་འདི་རྣམས་ལ་སྐབས་དབྱེ་འམ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས ་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གནས་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གནས་ལ་ཞེས་བྱ་བ་ནི་དབྱར་ཁང་ལའོ།། སེར་སྣ་ཞེས་བྱ་བ་ནི་དེ་དང་ལྷན་ཅིག་ཏུ་མངོན་པར་མི་དགའ་བའོ།། ་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གནས་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། སྐུང་བྱེད་ཉི་ཤུ་པའི་གསུམ་པ་རྫོགས་སྷོ།། །། གླེང་བཞི་ནི་མཉན་ཡོད་ནའོ།། ་དེ་ནས་དགེ་སློང་མ་རྣམས་ཀྱིས་བྲམ་ཟེ་དང་། ཁྱིམ་བདག་གི་ཁྱིམ་དག་ཏུ་སྐྱེ་དགུའི་བདག་མོ་ཆེན་མོའི་བསྔགས་པ་དག་བརྗོད་པར་བྱེད་དེ། སྐྱེད་གུའི་བདག་མོ་ཆེན་མོ་ནི་བསོད་ནམས་དང་ལྡན་པ་སངས་རྒྱས་ཀྱི་ཡུམ། བཅོམ་ལྡན་འདས་ཀྱིས་ཀྱང་གནས་བརྟན་མ ་རྒྱལ་མོ་རྣམས་ཀྱི་ནང་ན་མཆོག་ཏུ་བསྟན་པ་ཡིན་ནོ། ། ཨུཏྤ་ལའི་མདོག་ཀྱང་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ནོ།། གོཏ་མྦིསྐེམ་མོ་ཡང་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ནོ།། ཆོས་སྦྱིན་ཡང་མདོ་སྡེ་རྣམ་པར་འབྱེད་པ ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ནོ། ། དེ་ནས་སྦོམ་དགའ་མོས་ཚིག་དེ་ཐོས་ནས་ཀྱེ་བུ་ཟན་མོའི་བུ་མོ་དག་རེ་ཤིག་སྐྱེ་དགུའི་བདག་མོ་ཆེན་མོ་འདི་ནི་རང་ཞུགས་ཡིན་ཏེ། འདི་ལ་མཁན་མོ་དང་། སློབ་དཔོན་ཡང་མེད་དོ།། ཨུཏྤ་ལའི་མདོག་འདི་ནི ་སླད་མཆོད་མ་ཡིན་ནོ། ། གཽ་ཏ་མཱི་སྐེམ་མོ་འདི་ནི་བུའི་ཤ་ཟོས་པ་ཡིན་ན། ཁྱེད་ཅག་དེ་དག་གི་བསྔགས་པ་རྗོད་པ་ལྟ་ཞེས་སྨོད་པར་བྱེད་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བསྔགས་པའི་སེར་སྣས་གནོད་པར་མ་གྱུར་གྲང་། དེས་འདི་སྐད ་ཅེས་ཁོ་མོ་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་པ་ཡིན་ན་བསྔགས་པར་མི་འོས་པ་དེ་དག་གི་བསྔགས་པ་བརྗོད་ཀྱིས་ཁོ་མོའི་མི་བརྗོད་ན་ཅིའི་ཕྱིར་ཁོ་མོ་ལ་གནོད་པར་མི་འགྱུར་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བསྔགས་པ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། བསྔགས ་པ་ཞེས་བྱ་བ་ནི་ལུང་དང་རྟོགས་པ་དག་བརྗོད་པ་ན་སེར་སྣ་དང་ཕྲག་དོག་བྱེད་པའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཡང་དག་པའི་བསྔགས་པ་ཇི་ལྟ་བ་བཞིན་སྨྲས་པ་ན་བསྔགས ་པ་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་པའི་བཞི་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་པུ་ནུ་མོ་དག་ཁྱི་མག་གེ ་མོར་ནི་མ་དེང་ཤིག། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཁྱིམ་དེ་ངལ་བ་ཆེན་པོས་ཆོས་བཤད་ནས་དད་པར་བྱས་པ་ཡིན་ནོ།། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཁྱིམ་གྱི་སེར་སྣས ་གནོད་པར་མ་གྱུར་གྲང་། དེས་འདི་སྐད་ཅེས་གྱུར་ཏོ་ཞེས་སྨྲས་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པའི་བཅའ་བའི་བར་དུ་མཛ ་དེ། ཡང་དགེ་སློང་མ་གང་ཁྱིམ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་ལ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་ལའོ།། སེར་སྣ་བྱེད་ན་ཞེས་བྱ་བ་ནི་ཕྲག་དོག་སྐྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ། ་དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙོམ་ཅུང་ཟད་བྱིམ་ལི་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་པིའི་ལྔ་པ་རྫོགས་སྷོ།། ། གླེང་གཞིན་མཉན་ཡོད་ནའོ།། དེ་ནས་སྲོམ་དགའ་མོས་དགེ་སློང་མ་རྣམས་ལ ་གདམས་དག་འབོགས་པ་ན་པུནུ་མོ་དག་བྲམ་ཟེ་ཡ་མཚན་དུ་འཛིན་པ་རྣམས་ཀྱིས་ཁུ་ཚུར་དང་། ཐལ་ལྕག་གིས་བརྒྱབ་ནས་གྲང་པགས་པར་གྱུར་ན་མི་རུང་གིས་ཧ་ཅང་སྔར་བསོད་སྙོམས་ལ་མ་འདོང་ཤིག་ཅེས་དེས་གཞན་དག་བཟློག་ནས་རང་ཉིད་ནང་པར་ཆེས་སྔ་བཞིག ་ཀུ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོ། བླངས་ཏེ་སྤྱོད་ཡུལ་དུ་ཞུགས་པ་དང་བྲམ་ཟེ་ཡ་མཚན་དུ་འཛིན་པ་ཞིག་གིས་མཐོང་ནས། དེས་དེ་བཟུང་སྟེ་ཁུ་ཚུར་དང་། ཐལ་ལྕག་གིས་ཏེ་བོར་བརྡེགས་པས་དེ་མིག་ཕུབས་སྣད་ཅིང་དབྱར་ཁང་དུ་སོང་བ་དང་དེ་ལ་དགེ་སློང ་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་སུ་བརྡེགས། དེསསྐ། བས་དེ་རྒྱས་པར་སྨྲས་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་རྙེད་པའི་སེར་སྣས་གནོད་པར་མ་གྱུར་གྲང་། དེས་འདི་སྐད་ཅེས་གྱུར་ཏོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས ་གྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱི་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛདདེ། ཡང་དགེ་སློང་མ་གང་རྙེད་པ་ལ་སེར་ས་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཤེས་བྱ་བ་ནི་སྡོམ་དགའ་མོའོ།། རྙེད་པ་ལ་སེངས ་བྱེད་ན་ཞེས་བྱ་བ་ལ་རྙེད་པ་ནི་གཉིས་ཏེ། ཟས་ཀྱི་རྙེད་པ་དང་། ཆོས་ཀྱི་རྙེད་པ་ཡིན་ཏེ། དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོངས་སོ།། སེར་སྣ་སྙེད་ན་ཞེས་བྱ་བ་ནི་ཕྲག་དོག་སྐྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་རྙེད་པའི་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། དེ་ནས་སྔོན་གྱི་སྦྱོར་བ་ནི་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྦོམ་དགའ་མོ་གཞན་དག་ལ་རྗེས་སུ་སྟོར ་ཅིང་རང་མི་སྒྲུབ་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་འདས་པའི་དུས་ན་ཡང་སྦོམ་དགའ་མོ་གཞན་ལ་རྗེས་སུ་སྟོན་ཅིང་རང་མི་སྒྲུབ་པས་ཚུལ་མ་ཡིན་པས་སྡུག་བསྔལ་དུ་གྱུར་པ་ཡིན་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས། ་ན་ལམ་པོ་ཆེ་ཞིག་ནས་རི་སྐེགས་མོ་རབ་ཏུ་མང་པོ་བརྒྱུས་པ་དང་། དེ་ན་རི་སྐེགས་མོ་རྣམས་ལ་ཕུ་ནུ་མོ་དག་ཁྱེད་མཁྲིས་པའི་ནད་ཀྱིས་སྨོས་པར་གྱུར་དང་མི་རུང་གིས་ཁྱེད་ཅགཏིལ་ལ་མཟ་ཤིག་ཅེས་རྗེས་སུ་བསྟན་ནས། དེ་རང་ཉིད་ཤིང་རྟ་འོང་བའི་ལམ་ཁན་ཏིལ་ཟ་བ ་བ.ལས་ཤིང་རྟའི་འཁོར་ལོས་མགོ་བཅད་པར་གྱུར་ཏོ། ། དེ་ནས་ལྟ་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། གཞན་ལ་རྗེས་སུ་སྟོན་བྱེད་ཅིང་།། རང་ཉིད་སྒྲུབ་པར་མི་བྱེད་པ། ཁ་རྐམ་ཆགས་པ་ཡི་རང་བཞིན་ཅན།། རི་སེགས་མོ་འདི་འཁོར་ལོས་བཅོམ། ་དགེ་སློང་དག་ཇི་སྙམ་དུ་སེམས། རི་སྐེགས་མོ་གང་ཡིན་པ་དེ་ནི་སྦོམ་དགའ་མོ་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་གཞན་དག་ལ་རྗེས་སུ་སྟོན་ཅིང་བདག་ཉིད་མི་སྒྲུབ་པས་ཚུལ་བཞིན་མ་ཡིན་པས་སྡུག་བསྔལ་བར་གྱུར་ཐལ། ད་ལྟར་ཡང་གཞན་དག་ལ་རྗེས་སུ་སྟོན ་ཅིང་བདག་ཉིད་མི་སྒྲུབ་པས་ཚུལ་བཞིན་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། ། དེ་ལྟ་བས་ན་དགེ་སློང་དག་འདི་ལྟར་བསླབ་པར་བྱ་སྟེ། འཐུན་པའི་གང་ལ་བདག་ཉིད་སྒྲུབ་པ་ལ་གཞན་དག་ཀྱང་རྗེས་སུ་བསྟན་པར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ ་པར་བྱའོ། ། ལྟུང་བྱེད་ཉི་ཤུ་བའི་དྲུག་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་ལ་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་ལུང་བསླངས་པ་དང་། དེས་འདི་སྐད་ཅེས་དེང་ལ་རེ་ཤིག་ཁོ་མོའི་སྣོད་དུ་ཆོས་ཤིག། ་བུར་མེ་དང་། སཽ་འབྲུ་དག་ཉིས་ཤིག་ཅེས་སྨྲས་ནས་དེ་ཕན་ཚུན་བསྦྱངས་ཏེ། དེ་དག་ལ་ལུང་མ་བྱིན་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད་ཆོས་ལ་སེར་སྣ་མི་བྱེད་གྲང་། དེས་འདི་སྐད་ཅེས་ཀྱེ་བུ་ཟན་མོའི་བུ་མོ་དག་ཁོ་མོ་དྲུག་སྔ་རྣམས་ལ ་ལུང་གི་ཆེད་དུ་སེ་བུ་འབྲུའི་མཉེས་པས་ནི་ལག་པ་ལ་སེར་ཀ་བྱུང་། བཟོད་པ་གསོལ་པས་ནི་མགོ་བོ་བྱི། པུས་མོ་བཙུགས་ནས་ལུང་གསོལ་བས་ན་ལུགས་ན་ཁོ་མ་ཅིའི་ཕྱིར་སེར་སྣ་མི་བྱེད་ཅེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོང་པར་བྱེད་པའི ་སྐབས་དེ་བཅོམ་ལྡན་འདས་པ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཆོས་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཆོས་ལ ་སེར་སྣ་བྱེད་ན་ཞེས་བྱ་བ་ལ་ཆོས་ཤེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པ་འམ། ཉན་ཐོས་ཀྱིས་སྨྲས་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཆོས་ལ་སེར་སྣ་བྱེད་ན་ཐམས་ཅད ་དུ་ལྗང་བྱེང་དུ་འགྱུར་རོ། ། སེར་སྣ་ལྔའི་བར་སྡོམ་ནི་གནས་དང་བསྔགས་དང་ཁྱིམ་དང་ནི།། རྙེད་པ་ཉིད་དང་ཆོས་ལའོ།། ལྗང་བྱེད་ཉི་ཤུ་པའི་བདུན་པ་རྫོགས་སྷོ།། ། གླེང་བཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་རྣམས་རྙེང ་པ་གནས་གཅིག་ཏུ་ཟོས་ནས་གཅིག་ཤོས་སུ་ཡང་ཟ་བར་བྱེད་དེ། དེ་ལྟར་སྤངས་པ་དང་། མ་སྤངས་པ་ཟ་བ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཟོས་ཏེ་སྤངས་ཟིན་ནས་བཅའ་བ་དང་། བཟའ་བ་འཆོས་སམ་ཟོས་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཟོས་ཟིན་ནས་ཤེས་བྱ་བ་ནི་གནས་གཅིག་ཏུ་སྤངས ་ནས་སྐྱོང་ལམ་བཤིག་པའོ། ། བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་། བཟའ་བ་ལྔའོ།། འཆོས་སམ་ཟོས་ན་ཞེས་བྱ་བ་ནི་ལྐོག་མར་ཁམ་གྱིས་མིང་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ ་བློང་མས་སྤངས་པ་ལ་སྤངས་པའི་འདུ་ཤེས་ཀྱིས་འཆོས་སམ་ཟོས་ན་ལྟུང་བྱེད་དོ། ། དེ་བཞིན་དུ་ཡིད་གཉིས་ཟན་ལྟུང་བྱེད་དོ།། དགེ་སློང་མས་མ་སྤངས་པ་ལ་སྤངས་པའི་འདུ་ཤེས་ཀྱིས་འཆོས་སམ་ཟོས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟན ་ཉེས་བྱས་སོ། ། ལྟུང་བྱེད་ཉི་ཤུ་པའི་བརྒྱད་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས་ནས་བསོད་སྙོམས་ཀྱི་ཕྱིར་བྱུང་སྟེ། ཁྱིམ་བདག་གཅིག་གི ་ཁྱིམ་དུ་ཞུགས་པ་དང་། ཁྱིམ་བདག་དེའི་ཆུང་མ་བུ་ཐོན་བུ་བཙས་པས་རང་གིས་ཁྱེའུ་བཀྲུ་བ་མ་ཤེས་སོ།། དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། ་འཕགས་མ་བདག་ཐོབ་མ་དགའ་ལགས་སོ།། སྤོ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར། བདག་གི་ཁྱེའུ་སུས་ཀྱང་མ་བཀྲུས་སོ།། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་ཁྱོད་མི་འཁྲུམ་འཚལ་ཏོ།། སྦོམ་དཀའ་མོས་འདི་སྐད ་ཅེས་སྨྲས་སོ། ། ཅི་ཁྱོད་ཀྱང་ཁབ་བཞིན་དུ་ལས་སྣ་གཅིག་པ་ཡིན་ནམ། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་འདི་ལ་བྱེད་པ་ཅུང་ཟད་མདའ་འམ། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་བཟོའི་གནས་དང་། ལས་ཀྱི་གནས་གང་ལམ་བྱང་བ ་ཅུང་ཟད་ཡོད་དམ། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གི་ཁྱེའུ་ཁྲུས་ཀྱིས་ལ་སྩོལ་ཅིག། དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ལ་བསུམ་བསོད་སྙོམས་སྦྱིན་པར་འགྱུར། དེས་འདི་སྐད་ཅེས་སྨྲས་སོ།། བདག་གིས་ཁྱི་བཞིན་འབྲང ་པའི་དགེ་སྦྱོང་མ་དང་། བདག་གིས་མཁན་མོ་དང་། ཁང་སྐྱོང་མ་ལ་དབུལ་ལོ།། དེ་ནས་སྦོམ་དགའ་མོས་ལྷུང་བཟེད་བཞག། གོས་དག་བརྫེས་ནས་ཁྱེའུ་བླངས་ཏེ། ཡུད་ཙམ་ཞིག་བསྐྱེད་ནས་དེའི་འོག་ཏུ་འདག་རྫས་དག་གིས་བཀྲུས་དྲིལ་ཏེ། དེ་ནས་ཆུ་དྲོན་གྱིས་བཀྲུས ་མིག་ཏུ་མིག་སྨན་གྲུགས། ས་ཞག་གིས་ཐིག་ལེ་བྲིས་སྒྲའི་བྱི་དོར་བྱས། སྦྲང་རྩི་དང་། མར་སར་གྱིས་བསྟོད་ནས་ཁུལ་ནོར་བཅུག་སྟེ་བསྙལ་ནས་འདི་སྐད་ཅེས་ཁྱོད་ཀྱིས་འདི་བཞིན་དུ་ཉི་མ་རེ་རེ་ཞིང་ཁྲུས་བྱོས་ཤིག་ཅེས་བསྒོ་ནས། དེས་བསོད་སྙོམས་ཀྱིས་ཁུར་བསླང་སྟེད་བྱ ་ཁང་དུ་སོང་ངོ་། ། དེ་ནས་ཁྱིམ་བདག་དེ་འོངས་ནས་ཆུང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་ཁྱོད་ཀྱིས་དེ་རིང་ཁྱེའུ་ཁྲུས་བྱས་པ་ལེགས་སོ།། འོར་ཆེའོ་ཞེས་བྱ་བ་ནས། སྦོམ་དགའ་མོས་བཀྲུས་སོ་ཞེས་བྱ་བ་དང་། བསོད་སྙོམས་རབ་ཏུ་མང་དུ་ཕུལ་ལོ་ཞེས་བྱ་བའི་ཐར ་རོ། ། དེ་ནས་དུས་གནན་ནིག་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་སྔ་དྲོ་ཤ་མཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་ཁྱིམ་བདག་གི་ཁྱིམ་དེར་བསོད་སྙོམས་ཀྱི་ཕྱིར་ཞུགས་ནས་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག་། དེས་འདི་སྐད་ཅེས ་སྨྲས་སོ། ། འཕགས་མ་བདག་གི་ཁྱེའུ་ཁྲུས་གྱིས་ལ་སྩོལ་ཅིག། དེ་ནས་སྐྱེ་དབུའི་བདག་མ་ཚན་མོས་འདི་སྐད་ཅེས་སྨྲས་སོ།། ཕུན་མོ་ཁོ་མོས་བྱང་ཆུབ་སེམས་དཔའ་བ་ཀྲུས་ཏེ། ཞིདི་ལས་ཁྱེའུ་གནན་ནི་མ་བཀྲུས་སོ།། ཕུ་རུ་པོ་ཁྱོད་དགེ་སློང་མ་ཚུལ་ཁྲིང ་དང་ལྡན་པ་མཆིས་བྱོ་བ་ཕྱིར་ཡང་ཐུན་མོར་འགྱུར་བའི་ལས་སོགས་སམ། དེ་ལྟ་མོད་ཀྱི་ཕུནུ་མོ་ཁྱོད་ཀྱིས་འདི་ལྟར་དགེ་སློང་མ་ཁྱེའུ་འཁྲུབ་གལས་མཐོང་ང་མཐོས། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སྦོམ་དགའ་མས་བཀྲུས་སོ།། ་དབུའི་བདག་མོ་ཆེན་མོས་འདི་སྐད་ཅེས་དེ་ཁོ་ནས་ཁོ་མོ་ཅག་ལ་ཡང་གནས་སྐབས་འདི་ཟུང་ངོ་།། ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བུ་ལེན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། བུ་ཞེས་བྱ་བ་ནི་བུ་ཆུང་ངུའོ།། ལེན་ན་ཞེས་བྱ་བ་ནི་རྩེ་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོར་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར ་ཞེན། དགེ་སློང་མས་ཅི་ཡང་རུང་བུ་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། ། སྡོམ་ནི། ཁྲུས་ངས་དག་ནི་བྱ་བ་དང་།། གོས་དག་བཀྲུ་བར་བྱ་བ་དང་།། སྣུམ་སྣར་དག་ནི ་རྗེ་བ་དང་། ། དགེ་ཚུལ་ཆོས་གོས་སྦྱིན་པའོ།། གླེང་ག་ནི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དང་ལྷན་ཅིག་སྒྲེན་མོར་བྱུང་ནས་ཁྲུས་བྱེད་པ་དང་། དེ་ནས་སྦོམ་དགའ་མོས་ཁོ་མོའི་རྨོངས་ཀྱི་ཚོགས་ཤིན་དུ ་གནག་ལ་ལེགས་པར་འཁྱིལ་བ་དཔེར་ན་སྲན་མ་ཤའི་འབྲས་བུ་ལྟར་འདུག་པ་ལ་ལྟོས་ཤེས་སྟོན་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། ་དགེ་སློང་མས་ཁྲུས་རས་བཅད་པར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ཀྱིས་ཁྲུས་རས་བཅད་པར་བྱའོ།། ཞེས་བཀའ་སྩལ་པ་དེའི་ཚེ་སྦོམ་དགའ་མོ་མི་ཐོགས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས ་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྲུས་རས་མེད་པར་ཁྲུས་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི། ་སྲོམ་དགའ་མོའོ།། ཁྲུས་རས་ཞེས་བྱ་བ་ནི་ཁྲུས་ཀྱི་རས་ཏེ་དེ་མེད་པར་རོ།། ཁྲུས་བྱེད་ན་ཞེས་བྱ་བ་ལ་ཁྲུས་ནི་གཉིས་ཏེ། འཁྲུག་པའི་ཁྲུས་དང་། དབང་སྐུར་བའི་ཁྲུས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྲུས་གཉིས་བྱེད་ན་ཁྲུས་ཀྱི་ཁྲུས་རས་མི་འཆང་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གཅི་གང་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་ཀྱི ་གཙང་བས་གོས་པའི་གོས་དག་བཙོ་བླག་མཁན་ལ་འཁྲུར་བཅུག་པ་དང་། བྲམ་ཟེ་དང་། ཁྱིམ་བདག་དག་བདག་ཅག་གི་གིས་ཀྱང་འདིས་ནི་མི་གཙང་བར་འགྱུར་རོ།། ཞེས་ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས ་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བཙོ་བླག་མཁན་ལ་གོས་འཁྲུར་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། བཅོ་ཐག་མཁན་ཞེས ་བྱ་བ་ནི་ཁྱིམ་པ་མོའོ། ། གོས་ཤེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། འཁྲུར་འཇུག་ན་ཞེས་བྱ་བ་ནི་བཀྲུ་བཤལ་བྱེད་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙ་བ་ཅུང་ཟད་རྩ ་གཙང་བས་གོས་པའི་གོས་འཁྲུར་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ཀླུང་བྱེད་ཉི་ཤུ་གཅིག་པའི་གཉིས་པ་རྫོགས་སྷོ།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་དྲུག་པ། གླེང་གཞི་ནི་བཉན ་ཡོད་ནའོ། ། བུད་མེད་ནི་བརྗེདངས་པ་ཡིན་པས་དགེ་སློང་མ་རྣམས་ཀྱིས་ཚེ་ས་གས་བྱིན་གྱིས་བརླབས་པ་བརྗེད་ནས་དེ་དག་གིས་བདག་ཅག་གི་གང་དག་ན་བྱེད་ཀྱིས་བརླབས། གང་དག་ནི་བྱིན་གྱིས་པ་བརླབས་པ་ས་ཤེས་པའི་སྐབས་དེ་གེ་སློང ་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དེང་ཕྱིན་ཆད་དགེ་སློང་མ་རྣམས་ཀྱིས་ཚེས་བཅཝ་ལྔ་བཅཝ་ལྔ་ཞིང་ཆོས་གོས་བྱིན་གྱིས་བརླབ་པ་ཉམས་སུ་མྱོང་བར་བྱའོ།། དེ་ནས་སྤོབ ་དགའ་མོས་ཚེས་བཅཝ་ལྔ་བཅཝ་ལྔ་ཞིང་ཆོས་གོས་བྱིན་གྱིས་བརླབ་པ་ཉམས་སུ་མྱོང་བར་མི་བྱེད་ནས་དེ་ལ་དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱེད་ཅིའི་ཕྱིར་ཚེས་བཅཝ་ལྔ་ཞིང་ཆོས་གོས་བྱིན་གྱིས་བརླབས་པ་ཉམས་སུ་བྱུང་བར་ཐེ ་བྱེད། དེས་འདི་སྐད་ཅེས་ཁོ་མོས་སྡེ་སྣོད་གསུམ་དྲན་ན་ཅིའི་ཕྱིར་ཁོ་མོས་ཆོས་གོས་བྱིན་གྱིས་བརླབས་པ་མི་དྲན་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྡོད་པར་བྱེད་པའི་བསྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདབ ་གྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཅིང་ཆོས་གོས་བྱིན་གྱིས་བརླབ་པ་ཉམས་སུ་མྱོང་བར་མི་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཟླ་བ་ཕྱེད་ཅིང་ཅེས་བྱ་བ་ནི་ཟླས ་བྱེད་ཅིང་ངོ་། ། ཆོས་གོས་ཤེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་བ་དྲན་པར་བྱའོ།། ཉམས་སུ་མྱོང་བར་མི་བྱེད་ན་ཞེས་བྱ་བ་ནི་སྟོན་པའི་བསླབ་པ་ཉམས་སུ་མྱོང་བར་མི་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ ་བ་ནི་གོང་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་བད་ཚེས་བཅཝ་ལྔ་བཅཝ་ལྔ་ཞིང་ཚེས་གོས་བྱིན་གྱིས་བརླབ་པ་ཉམས་སུ་མྱོང་བར་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གཅིག་པའི་གསུམ་པ་རྫོགས་སྷོ།། ། ་གླེང་གནི་ནི་རྒྱལ་པོའི་ཁབ་ནའོ།། གང་གི་ཚེ་སྦོམ་དགའ་མོས་གར་མཁན་མོ་ལས་ཀླར་བཅའ་བབླངས་ཏེ་ཆོས་གོས་བྱིན་པ་དང་། དེས་བགོས་ནས་གར་བྱས་ཏེ་དེ་ཉིད་དུ་དྲུག་སྡེ་དག་སུན་ཕྱུང་ངོ་།། དེ་ནས་དྲུག་སྡེ་རྣམས་ཀྱིས་ཐོས་ནས་སྦོམ་དགའ་མོའི་དྲུང་དུ་སོང་སྟེ། ་སྤོབ་དགའ་མོ་དང་གཏུགས་ནས་སྡང་བར་བརྡེགས་སོ།། དེ་ཡང་མིག་ཕུབས་སྤངས་ཤིང་དབྱར་ཁང་དུ་སོང་བ་དང་དེ་ལ་དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱོད་སུས་བརྡེགས། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་མིང་པོ་དག་གིས་བརྡེགས་ཀྱིས་མི ་དགར་མ་བྱེད་ཅིག། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར། དེས་སྐབས་དེ་རྒྱས་པར་སྨྲས་པར་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ། ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་པ་མོ་ལ་དགེ་སྦྱོང་གི་ཆོས་གོས་བྱིན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་པ་མོ་ཞེས་བྱ་བ་ནི་ཁྱིམ་ན་གནས་པའོ།། དགེ་སྦྱོང་གི་ཆོས་གོས་ཤེས་བྱ ་བ་ནི་ངུར་སྨྲིག་གོ། སྦྱིན་ན་ཞེས་བྱ་བ་ནི་གཏོང་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སྦྱོང་གི་ཆོས་གོས་ཁྱིམ་པ་མོ་ལ་བྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ་ལུང་བྱེད་ཉི་ཤུ་གཅིག་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། ། སྡོམ་ནི། སྨེ་གབ་ཚོགས་ཀྱི་སྒེ་གབ་དང་།། བཀྲེན་པ་ཡིད་དང་འཇུག་པ་དང་།། སྲ་བརྐྱད་དབྱུང་བར་བྱ་བ་དང་།། གོས་དག་བགོ་བར་བྱ་བའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས ་བུད་མེད་ནི་སྔོན་གྱི་ལས་ཀྱིས་འཕུངས་པའི་ཤུགས་ཡོད་པས་དགེ་སློང་མ་རྣམས་ཟླ་བ་དེ་རེ་ཞིང་ཟླ་མཚན་འཛག་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་གབ་བཅད་པར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྨེ་གབ་བཅང་བར་བྱའོ།། ཞེས ་གསུངས་པ་དེའི་ཚེ་དེ་དག་ཐོགས་ཤིང་རྒྱུ་བ་ན་ལྟུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲད་བུས་གདགས་པར་བྱའོ།། ཡང་སྦོམ་དགའ་མོ་མི་ཐོགས་པས་དེ་བྱིན་པ་ལ་ཁྲག་འཛག་ཅིང་བསོད་སྙོམས་ལ་སོང་བ་བྲམ་ཟེ་དང་། ཁྱིམ་བདག ་རྣམས་ཀྱིས་མཐོང་ནས་དྲིས་པ། འཕགས་མ་བྱིན་པ་ལ་ཁྲག་འཛག་པ་ནི་ཅི་ལགས། དེས་འདི་སྐད་ཅེས་མ་ལ་དྲིས་ཤིག། སྲིང་མོ་ལ་དྲིས་ཤིག། བུ་མོ་ལ་དྲིས་ཤིག་ཅེས་སྨྲས་པ་ན། དེ་དག་བདག་ཅག་གི་ཁྱིམ་ཐམས་ཅད་ཀྱང་བཙོག་པར་འགྱུར་རོ་ཞེ་ས་མར་ཀ་གཏོང ་བར་བྱེད། ཁ་ཟེར་བར་བྱེད། སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གླེ་གབ་མི་འཆང་ན་ལྟུང ་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྨེ་གབ་ཅེས་བྱ་བ་ནི་བུད་མེད་ཀྱི་མི་བདེ་བ་དགབ་པའོ།། མི་འཆང་ན་ཞེས་བྱ་བ་ནི་རང་གར་མི་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ ་ཆུང་བང་སྒེག་པ་མི་ངས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་གཉིས་པའི་དང་པོས་རྫོགས་སྷོ།། ། གླེང་གནི་ནི་མཉན་ཡོད་ནའོ།། དེ་ནས་འགྲེང་ལྡན་མས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་སྒེག་པ་རྗེས་སུགན་ངོ ་ཞེས་ཐོས་ནས་དེ་འདི་སྙམ་དུ་ཀྱེ་མའོ་བདག་གིས་དགེ་སློང་མའི་དགེ་འདུན་ཐམས་ཅད་ལ་སྐྱུ་གབ་དབུལ་ལོ་སྙམ་དུ་བསམས་སོ། ། དེ་ནས་སྦོམ་དགའ་མོ་བཙུན་མོ་འབྲེང་ལྡན་མ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཙུན་མོ་ཕྲེང་ལྡན་མ་ལ་འདི་སྐད་ཅེས་སྨྲས་སོ།། ་བཙུན་མོ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་སྨྱེ་གབ་རྗེས་སུ་གནད་དོ།། དེ་ནས་བཙུན་མོ་ཕྲེང་ལྡན་མས་ནང་མི་ལ་བསྒོ་བ་དང་། དེ་དག་གིས་གོས་སྣ་ཚོགས་ཀྱི་སྒོ་མ་དག་མདུན་དུ་བཞག་གོ། དེ་ནས་བཙུན་མོ་ཕྲེང་ལྡན་མས་སྦོམ་དགའ་མོ་ལ་འདི་སྐད ་ཅེས་སྦས་སོ། ། འཕགས་མ་གོས་འདི་དགེ་སློང་མའི་ཚོགས་ཐམས་ཅད་ལ་སྐྱེ་གབ་ཏུ་རིམས་ཤིག། དེ་ནས་སྦོམ་དགའ་མོས་གོས་དེ་དག་ཐམས་ཅད་རང་གིར་བྱས་པ་དང་། དགེ་སློང་མ་གཞན་ཞིག་བཙུན་མོ་ཕྲེང་ལྡན་མ་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཙུན་མོ ་ཕྲེང་ལྡན་མ་ལ་འདི་སྐད་ཅེས་སྨྲས་སོ། ། བཙུན་མོ་བདག་ལ་ཡང་སྨེ་གབ་སྩོལ་ཅིག། དེ་ནས་བཙུན་མོ་ཕྲེང་ལྡན་མས་དགེ་སློང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གིས་དགེ་སློང་མའི་ཚོགས་ཐམས་ཅད་ཀྱི་སྨེ་གབ་སྦོམ་དགའ་མོའི་ལག་ཏུ་གཏང ་ལགས་སོ། ། ཇི་ཙམ་ན་སྦོམ་དགའ་མོ་ལ་བསླངས་པ་ལས་མ་བྱིན་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ ་མཛད་དེ། ཡང་དགེ་སློང་མ་གང་སྨེ་གབ་ཅན་གྱི་ཚོགས་ཀྱི་སྐྱེ་གབ་གང་ཟག་རང་གིར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞིག་ཅེས་བྱ་བ་ནི་སྦོམ་དགའ་མོའོ།། སྐྱེ་གབ་ཅན་ཞེས་བྱ་བ་ནི་བུད་མེད་ན་བའོ།། ཚོགས་ཀྱི་སྐྱེ་གབ་ཅེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་དང་ཐུན་མོང་བའོ།། ། ་གང་ཟག་ཅེས་བྱ་བ་ནི་གཅིག་བྱའོ།། རང་གིར་བྱེད་ན་ཞེས་བྱ་བ་ནི་བདག་གིར་རྔོན་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྒེག་པ་ཅན་གྱི་ཚོགས་ཀྱི་སྐྱེག་པ་གང་ཅས ་རང་གིར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་གཉིས་པའི་གཉིས་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཁྱིམ་བདག་ནད་པ་སྦྱོར་མི་བཟོད་པཞིག་ཡོད་དོ།། དེ་ནས་སྦོམ་དགའ་མོ་ཁྱིམ་བདག་དེ ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཁྱིམ་བདག་ལ་འདི་སྐད་ཅེས་སྨྲས་སོ། ། བཞིན་བཟངས་སྲ་བརྒྱད་གི་དུས་ལ་བབ་ཀྱིས་སྲ་བརྒྱད་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་ནི་བྲོ་ཚབ་བཞིག་སྟེ་ཅི་ཡང་མ་མཆིས་སོ།། དེ་ནས་སྦོམ་དགའ ་མོས་འདི་སྐད་ཅེས་སྨྲས་སོ། ། ཁོ་མོས་ཁྱོད་ལ་བསྟན་གྱིས་བཞིན་བཟངས་ཚོད་ཁང་ནས་སྐྱིན་པོ་ལོང་ལ་ཕྱིས་སྦྱིན་པ་བྱིན་ཅིག། དེ་ནས་སྦོམ་དགའ་མོས་ཉམ་ཆུང་ངུ་སྲ་བརྒྱད་ལ་རྗེས་སུ་ཡི་རང་བ་བྱེད་དུ་བཅུག་ནས་བླངས་ཏེ་དབྱར་ཁང་དུ་སོང་ངོ་།། དེ་ནས ་ཁྱིམ་བདག་དེ་དུས་གཞན་ཞིག་ན་ཆོད་པ་དེས་བཟུང་ནས་ཀར་ཤཱ་པ་ཎ་དག་མ་བྱིན་གྱི་བར་དུ་གར་ཡང་མ་འགྲོ་ཤིག་ཅེས་བཟུང་ངོ་། ། དེ་ནས་ནེའུ་ཟླ་དག་གིས་ཁྱིམ་བདག་དེ་ལ་སྨྲས་པ། གནས་འདི་ན་ཅི་བྱེད། དེས་འདི་སྐད་ཅེས་བུ་ལོན་བདག་གིས་བཟུང་ངོ ་ཞེས་སྨྲས་སོ། ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅིའི་ཕྱིར་བུ་ལོན་པ་དག་གིས་བཟུང་། དེས་སྐབས་དེ་རྒྱས་པར་སྨྲས་པ་དང་། དེ་དག་འདི་སྐད་ཅེས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་དང་ཚངས་པའི་ཚུལ་ན་ཚིག་པ་ཡིན་ཏེ། ་གང་གི་ཕྱིར་ནང་པ་ལ་ཡང་རྗེས་སུ་ཡི་རང་བར་བྱེད་དུ་འཇུག་གོ་ཞེས་ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱས་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ ་གང་ཉམ་ཆུང་ངུ་ལ་ས་བརྐྱང་འབུལ་དུ་འཇུག་གམ། རྗེས་སུ་ཡི་ར་ད་བར་བྱེད་དུ་འཇུག་ན་མྱུར་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཉམ་ཆུང་ངུ་ཞེས་བྱ་བ་ནི་ནད་པའོ།། ས་བརྐྱང་འབུལ་དུ་འཇུག་གམ་ཞེས་བྱ་བ་ནི་དགེ་འདུན་གྱི་ཆོས ་གོས་སོ། ། རྗེས་སུ་ཡི་རང་བར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་སྦྱིན་པོ་ལེན་དུ་འཇུག་ནའོ།། སྦྱར་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཉམ་ཆུང་ངུ་ལས་བརྐྱང་རྗེས་སུ་ཡི་རང་བར་བྱེད་དུ། ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་།། སྐུར་བྱེད་ཉི་ཤྲཱི་གཉིས་པའི་གསུམ་པ་རྫོགས་སྷོ།། ། མེ་གཞིནི་མཉན་ཡོད་ནིའོ།། དེ་ནས་གནས་སྲས་བབྱུང་བཏི་པ་ལས་དགེ་སློང་མཚོམ་ཀུན་པས་བཏོགས་པ་རབ་ཏུ་མང་པོ ་ལྤགས་ཏེ། དེ་དག་འདི་སྐད་ཅེས་གལ་ཏེ་བཅོམ་ལྡན་འདས་ཀྱིས་རྫས་སུ་གནང་ནས་བརྒྱད་དབྱུང་བར་བྱའོ་ཞེས་རྨས་པའི་གཞབས་ཏེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩམ་པ། རྗེས་སུགནད་སྟེས་བརྒྱད་དབྱུང་བར་བྱར། ་མམ་ལྡན་འདུས་ཀྱིས་གསུངས་པ་མ་ཤེས་ནས། སོམ་ལྡན་འདས་ཀྱིས་བཀའ་བུལ་པ། གནས་མམ་ཐགས་པབྱས་ཏེ་ཞེས་བྱ་བ་ནས། དྲིས་པའི་ལན་གྱིས་དགེ་སློང་ས་རྣམས་ལ་ཡང་དག་པར་བསྐོབ་ལ་དིའི་འོག་ཏུ་དག་སློང་མགཅིག་གིས་ས ་བྱས་ཏེ་ལས་བྱའོ། ། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལགས་ན་དུ་གསོལ། གནས་འདིར་དགེ་སློང་མཆོམ་རྐུན་པས་བཏོགས་པརབཏུ་མང་པོ་དག་མཆིས་ལགས་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་རུས་ལ་བབཅིང་པོད ་ན། འཕགས་མ་དགེ་འདུན་གྱིས་གན་བར་མཛོད་གཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་གནང་བར་དགེ་སློང་མཅོམ་ལྡན་པས་བཏོགས་པ་རབ་རྣམང་པོའི་སླད་དུས་བརྒྱད་དབྱུང་བར་མད་དོ།། འདི་ནི་གསོལ་པའོ།། དེ་བཞིན་དུ་ལས་ཀྱང་རྒྱས ་བརྗོད་པར་བྱའོ། ། དེ་ནས་སྦོམ་དགའ་མོ་སྲ་བརྐྱང་འབྱིན་པ་ཉམས་སུ་མྱོང་བར་མི་བྱེད་པ་ནས་དགེ་སློང་མ་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གངས་བརྐྱང་འབྱིན་པ་ཉམས་སུ་མྱོང་བར་མི་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ས་བརྒྱད་འབྱིན་པ་ཞེས་བྱ་བ་ནི་དགེ་འདུན་ཅི་ཆོས་གོས་སོ།། འབྱིན་པ་ཉམས་སུ་མྱོང་བར་མི་བྱེད་ན་ཞེས་བྱ་བ་ནི་ཀུན་པ་མི་སྦྱིན་ནནོ།། ་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་དང་ལྷན་ཅིགས་བརྐྱང་འབྱིན་པ་ཉམས་སུ་མྱོང་བར་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གཉིས་པའི ་བཞི་པ་རྫོགས་སྷོ། ། ། གླེང་གནི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྲ་བརྐྱང་བྱུང་ནས་དེར་གོས་ཀྱི་རྙེད་པ་གང་ཡིན་པ་དེ་བགོལ་བ་བྱའོ་ཞེས་གསུངས་པ་དང་། དེ་ནས་སྦོམ་དགའ་མོས་གོས་ཀྱི་རྙེད་པ་འགང་པ་ཉམས་སུ་མྱོང་བར་མི ་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྲ་བརྐྱང་གི་རྙེད་པ་འགྱེད་པ་ཉམས་སུ་མྱོང་བར་མི་བྱེད་ན་སྲུང་བྱེད་དོ། ་ཡང་གང་ཞེས་བྱ་བ་ནི་ཐོམ་དགའ་མོའོ།། སྲ་བརྐྱང་གི་རྙེད་པ་བགེད་པ་ཞེས་བྱ་བ་ནི་གོས་འགེང་བའོ།། ཉམས་སུ་མྱོང་བར་མ་བྱེད་ན་ཞེས་བྱ་བ་ནི་མི་འདུ་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད ་གོས་ཀྱི་རྙེད་པ་འགེད་པ་ཉམས་སུ་མྱོང་བར་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། གལ་ཏེ་ལེན་འདོད་ན་པ་ཉིད་མ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་ཉི་ཤུ་གཉིས་པའི་ཚོགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། སྡོམ་ནི། ཚུར་ཤོག་ཉེ་བར་ནི་བྱ་དང་། ་བཅོལ་ནས་འགྲོ་བར་བྱ་བ་དང་།། རིག་པ་མི་ཟང་མིག་དང་།། ཁབས་བཙོང་བར་ས་བྱའོ།། གླེང་གཞིན་མཚན་ཡོདནའོ།། དེ་ནས་དག་སུང་མ་རྣམས་ཀྱི་ལྷན་ཅིགགནས་པ་དང་། གནས་དག་པན་ཚུན་ལབ་པན་སྔོ་ས་དའ་མོས་དེ་མ་རྐྱེན་དགའ་པར་བཟླནས ་དེས་ན་འཐབ་མོ་ཆེ་ཐང་དུ་ཟུང་ནས་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མཚུར་སྤྱོན་ཐབ་མོ་ཉེ་བར་ཞི་བར་བགྱིའོ་ཞེས་སྨྲས་པ་དང་། སྦོམ་དགའ་མོས་འདི་སྐད་ཅེས་མགོས་མགོ་ཅིའི་ཕྱིར་མ་བཙལ། རེ་ཤིག་ཁོ་མོ་ནི་ཐབ་མོ་བྱེད་ཀྱི་ཞབར་ནི་བར་མི་བྱེད་དེ ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཐབ་མོ་ཉེ་བར་ཞི་བར་བྱ་བའི ་མཐུ་ཡོད་པར་གྱུར་ལ་ཉེ་བར་ཞི་བར་མི་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། མཐུ་ཡོད་པར་གྱུར་ལ་ཞེས་བྱ་བ་ནི་མཐུ་དང་ལྡན་པའོ།། ཐབ་མོ་ཞེས་བྱ་བ་ནི་འཚང་འདྲུ་བའོ།། ཉེ་བར་ཞི་བ་ཞེས་བྱ་བ་ནི་རབ་ཏུ་ཞི་བའོ།། ཉེ་བར་ཞི་བར་མི ་བྱེད་ན་ཞེས་བྱ་བ་ནི་མི་ཟློག་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འབུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཐབ་མོ་དང་འཚང་འདྲ་བ་ཉེ་བར་ཞི་བར་བྱ་བར་ནུས་ཤིང་མཐུ་ཡོད་པར་གྱུར་ལ་ཉེ་བར་ནི་བར་མི་བྱེད་ན་ཐམས་ཅད་དུ་ལྟུ ་བྱེང་དུ་འགྱུར་རོ། ། སྲུང་བྱེད་ཉི་ཤུ་གསུམ་པའི་དང་པོ་རྫོགས་སྷོ།། ། གླེང་གཞོན་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་དབྱར་ཁང་དུ་སྒོ་བཅད་ནས་ལྡེ་མིག་ཁྱེར་ཏེ་ལྗོངས་ཆུ་ཞིང་སོང་བ་ལས་དབྱར་ཁང་དང་མེ་ཤོར་ཏེ། དགེ་སློང་མ་རྣམས ་གྱིས་གསང་བར་འདོད་ན་སྐོ་དབྱེར་ལྡེ་མིག་མ་རྙེད་ནས་མེས་ཚིག་པར་གྱུར་པ་དེའི་ཚེ་དོན་ཉུང་བའི་དགེ་སློང་མ་དག་སྡོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི ་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་ཁང་མ་བཅོལ་བར་ལྗོངས་རྒྱུ་ཞིང་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྡོམ་དགའ་མོའོ།། དབྱར་ཁང་ཞེས་བྱ་བ་ནི་གཙུག་ལག་ཁང་དོ།། མ་བཅོལ་བར་ཞེས་བྱ་བ་ནི་དགེ་སློང་མ་རྣམས་ལ་ལྡེ་མིག་མི་གཏད་། ་བར་རོ།། ལྗོངས་རྒྱུ་ཞིང་འགྲོ་ན་ཞེས་བྱ་བ་ནི་མཚམས་ཀྱི་ཕྱི་རོལ་དུ་འགྲོ་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་པས་དགེ་སློང་མ་རྣམས་ལ་ལྡེམའི། ་མ་གཏང་བར་མཚམས་ཀྱི་ཕྱི་རོལ་དུ་བྱུང་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ནང་དུ་འདུ་ཤེས་པས་དགེ་སློང་མ་རྣམས་ལ་ལྔ་མིག་མ་གཏང་བར་མཚམས་ཀྱི་གྱི ་རོལ་དུ་བྱུང་ན་ཉེས་བྱས་སོ། ། དེ་བཞིན་དུ་མིད་གཉིས་ཅན་ཉེས་བྱས་སོ།། ལྟུང་བྱེད་ཉི་ཤུ་གསུམ་པའི་གཉིས་པ་རྫོགས་སྷོ།། ། སྲེད་གཞི་ནི་མཉན་ཡོད་ནའོ།། དེ་ནས་རྩོམ་དགའ་མོ་ཆགས་པས་སྐྱེས་པ་འདོད་ནས་དེ་སྤོས་འཐོང་ན ་ཁྱེའུ་ཞིག་གི་དྲུང་དུ་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། ། བཞིན་བཟངས་རིག་པ་ཅུང་ཟད་ཀློག་གམ། དེ་ནས་འདི་སྐད་ཅེས་སྨྲས་ཏེ་ཀློག་གོ། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་ཏེ། ཐོན་ཅིག་དང་ཀློག་གོ།། དེས་འདི་སྐད་ཅེས་སི་རི་ཕུ། བིས ་རི་ཕུ། སི་རི་བི་སྭཱ་ཧཱ་ཞེས་སྨྲས་སོ།། སྦོམ་དགའ་མོས་འདི་སྐད་ཅེས་ཡང་དང་ཡང་དུ་རྗོད་ཅིག་ཅེས་སྨྲས་པ་དང་། ཇི་ཙམ་ན་ཁྲོས་ནས་མགོ་རེག་མོ་ངན་པ་ཞེས་སྨོས་སོ།། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་འདི་སྐད་ཅེས་སྨྲས་སོ།། འདི་ལྟར་ཁྱེད་ཀྱིས་ཚིག ་གཉིས་ཀྱང་ཡི་ཟིན་ན་ཇི་ལྟར་ཁྱོད་ཀྱིས་སྡེ་སྣོད་གསུམ་བཟུང་། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་པ་རྗེད་པ་དང་པོ་ལ་བཟུང་ཟིན་མོད་ཀྱི་ཚིག་ཙམ་རང་གིར་བྱེད་དོ།། བྱི་བཞིན་འབྲང་བའི་དགེ་སྦྱོང་མས་འདི་སྐད་ཅེས་འཕགས་མ་ཁྱོད་འདོད་ཆགས་ཀྱིས་རབ་ཏུ ་མ་འབར་བ་ངོ་མཚར་ཏོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་པ་ལས་རིག ་པ་ཀློག་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་པ་ལས་ཤེས་བྱ་བ་ནི་ཁྱིམ་ན་གནས་པ་ལས་སོ།། རིག་པ་ཞེས་བྱ་བ་ནི་སེལ་བར་བྱེད་པའོ།། ཀློག་ན་ཞེས་བྱ་བ་ནི་ཀུན་ཆུབ་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང ་ཡ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་པ་ལས་རིག་པ་ཀློག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གསུམ་པའི་གསུམ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ ་དགའ་མོས་སྐྱེས་པ་ཞིག་རིག་པ་ཀློག་ཏུ་བཅུག་ནས་ཀྱེ་ནད་རྗེ་སི་རི་ཕུ། བི་སི་རི་ཕུ། སི་རི་བི་སི་རི་ཕུ་སྭཱ་ཧཱ།། ཟུང་ཤིག་ཅེས་དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བཏོན་པ་དང་། དེ་ནས་མི་དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གིས་ཀུན་ཆུབ ་པར་བཟུང་ལགས་སོ། ། སྦོམ་དགའ་མོས་ཡང་དང་ཡང་དུ་ཟུང་ཤིག་ཅེས་སྨྲས་པ་དང་། དེ་ནས་མི་དེས་ཁྲོས་ནས་འདི་སྐད་ཅེས་མགོ་རེག་མོ་ངན་པ་ཁྱོད་ཀྱང་མ་མཐོང་ཡང་བླ། རིག་པ་ཡང་མེད་དུ་ཟད་དོ་ཞེས་སྨྲས་པ་དང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་འདི ་སྐད་ཅེས་སྨྲས་སོ། ། འཕགས་མ་ཁྱོད་ཅིའི་ཕྱིར་དེ་ལྟར་བྱེད། ཐོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཚིག་ཙམ་རང་གིར་བྱེད་དོ།། བྱི་བཞིན་འབྲང་བའི་དགེ་སྦྱོང་མས་འདི་སྐད་ཅེས་འཕགས་མ་ཁྱོད་ཉོན་མོངས་པས་མ་གོས་པ་ངོ་མཚར་ཆེའོ་ཞེས་སྤྲས་པའི ་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྐྱེས་པ་ལ་རིག་པ་ཀློག་ཏུ་འཇུག་ན་ལུང་བྱེད་དོ།། ཡང་ག་ནས་བྱ་དི ་ས་དགའ་མབ། ། སྐྱེས་པ་ལ་ཞེས་བྱ་བ་ནི་མི་ལའོ།། རིག་ནས་བྱ་བ་ནི་རིག་པ་མ་ཡིན་པ་ལ་ཡིན་པའི་སྒྲང་གསུངས་པའོ།། ཐོག་འག་ན་གས་ཐ་བ་ནི་འདོན་དུ་འདུག་འོ།། སུ་བྱེད་དེ་ཞེས་བྱ་བ་ནི་གང་བ་བདན་དོ།། དེ་འབྱུང་བར་དྲིས་པ་ཐུང་ནན། ་xxx། xxx ་xxx། xxx ་རྫས་སྨྲས་སོ། ། འཕགས་མཇིག་བྱེ་གས་མ། སྟེ་བུའི་བདགམ་ཆེན་ནོས་། འདིག་ཅེས་སྨྲས་སོ།། བསྦྱིན་པརས་ཀྱི་ཙམ་མྱོ་མོར་བང་གིས་བཀོ་གས། དེས་རྙི་འདིགད་ཅེས་སྨྲས་སོ།། འགས་པ་དགེ་སློང་པ་དག་ཀྱེ་གས་པ།། ་འདི་གར་ཅེས་སྨྲས་སོ།། བཞིན་པ་ངས་བྱེ་འཐོད་པའི་དགེ་སློངས་དག་ཡིན། དེ་ན་པ་མི་དེས་འདི་གད་ཅེས་སྨྲས་སོ།། ཐོས་དགའ་བོ་ལགས་སོ།། བྱེད་བུའི་བདག་མོ་ཆེན་མོ་གཽཏ་མཱིས་འདི་ག་དཔེས་དེ་འོནས་ཁོམ་ག་ལ་ཡང་གནས་གཔས་འདི་བྱུང་ཞེས་སྨྲས ་xxx། xxx ་དགའ་མོའོ། ། ཁ་ཟས་ཤེས་བྱ་བ་ནི་ཕྱེ་ལས་གོས་པའོ།། འཚོང་ན་ཞེས་བྱ་བ་ནི་རིན་ལེན་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁ་ཟས་འཚོང་ན་ཇི་སྲིད་དུ་རིན་རང་གིར་མ་བྱས་པ་དེ་སྲིད ་དུ་ཉེས་བྱས་སོ། ། རང་གིར་བྱས་ན་ལྟུང་བྱེད་དོ།། ལྟུང་བྱེད་ཉི་ཤུ་གསུམ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། ། སྡོམ་ནི། ཁྱིམ་གྱི་གོ་རེ་ལོང་མི་བྱ།། སྟན་ནི་སྐྱེད་དུ་མི་གཞུག་ཅིང་།། སྲུད་པའང་བཀལ་བར་མི་བྱ་སྟེ།། གདུགས་དང་མཆིས ་ལྷམ་མི་བཅད་པའོ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤ་མཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས་དེ་ཁྱིམ་བདག་གཅིག་གི་ཁྱིམ་དུ་བསོད་སྙོམས་ལ་ཞུགས་ནས། དེ་ནས་ཀྱིམ་བདག་གི་ཆུང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས ་མ་བསོད་སྙོམས་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གྲོ་བ་མི་དགའ་ལགས་སོ།། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཅི་དེ་རིང་ཁྱོད་ཀྱི་བེའུ་ཐམས་ཅད་འོ་མ་འཐུངས་སམ། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱིམ་གྱི ་གོ་རེ་ལོང་བགྱིད་རྔོ་མི་ཐོགས་ལགས་མོད་། སྦོམ་དགའ་མོས་ཡང་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱེད་ཀྱང་ཁབ་ཇི་ལྟ་བར་ལས་སྣ་གཅིག་པ་ཡིན་ནམ། ཁྱིམ་བདག་གི་ཆུང་མས་ཀྱང་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད་འདི་ལ་བྱང་བ་ཅུང་ཟད་མངའ་འམ། སྦོམ ་དགའ་མོས་ཀྱང་འདི་སྐད་ཅེས་སྨྲས་སོ། ། ཁོ་མོས་བཟོའི་གནས་དང་། ལས་ཀྱི་གནས་གང་ལ་མ་ཀྱང་བ་གང་ཞིག་ཡོད། དེ་ནས་ཁྱིམ་བདག་གི་ཆུང་མ་དེས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གི་གོར་ལོང་མཛོད་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། ་ཁོ་མོ་ལ་སུས་བསོད་སྙོམས་སྦྱིན་པར་འགྱུར། ཁྱིམ་བདག་གི་ཆུང་མས་འདི་སྐད་ཅེས་སྨྲས་ཏེ་ཞེས་བྱ་བ་ནས། ཁང་སྐྱོང་ལ་ཡང་དབུལ་ལོ་ཞེས་བྱ་བའི་བར་རོ།། དེ་ནས་སྦོམ་དགའ་མོས་ལྷུང་བཟེད་མཐའ་གཅིག་ཏུ་བཞག་ནས་གོས་དག་བརྫེས་ཏེ་ཁྱིམ་དེ་ཐམས་ཅད ་ཆག་ཆག་ལེགས་པར་བཏབ། ཕྱག་དར་ལེགས་པར་བྱས་ནས་མལ་བཅས། ལུགས་ཀྱི་སྣོད་དང་། དངུལ་གྱི་སྣོད་དང་། གསེར་གྱི་སྣོད་དག་བྱི་དོར་བྱས་ནས་བཞག་སྟེ་ཁྱིམ་དེ་ཐམས་ཅད་ཤིན་དུ་མཛེས་པར་བྱས་སོ།། ད་ཡང་བསོད་སྙོམས་ཀྱིས་ཁུར་བསྲང་ནས་དབྱར ་ཁང་དུ་སོད་དོ། ། དེ་ནས་ཁྱིམ་བདག་དེས་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། བཟང་མོ་ཁྱོད་ཀྱིས་དེ་རིང་ཁྱིམ་གྱི་ཕྱི་དོར་གཙང་གཙང་ལྟར་བྱས་སོ།། དེ་ས་འདི་སྐད་ཅེས་སྨྲས་ཏེ་ཞེས་བྱ་བ་ནས། འཕགས་མ་སྦོམ་དགའ་མོས་བགྱིས་ཀྱི་བདག་གིས་མ་བགྱིས་སོ།། ་དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱིས་དེ་ལ་ཉི་མ་རེ་རེ་ཞིང་བསོད་སྙོམས་བྱིན་ཅིག་དང་། ཁྱོད་ཀྱི་ཁྱིམ་གྱི་གོ་རེ་ལོང་བྱེད་པར་འགྱུར་རོ།། དེ་ནས་དུས་གཞན་ཞིག་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ཁྱིམ་དེར་བསོད་སྙོམས་ལ་ཞུགས་པ་དང་། དེ་ནས་ཁྱིམ་བདག ་གི་ཆུང་མ་དེས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་བདག་གི་ཁྱིམ་གྱི་གོ་རེ་ལོང་མཛོད་དེ་སྩོལ། དེས་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་ཁོ་མོ་བགསམ་ཙང་གི་ཁྱིམ་གྱི་གོ་རེ་ལོང་ཡང་མ་བྱས་ནང་རབ་ཏུ་བྱུང་ནས་བྱ་བ་འམ། དེལྟ། ་མོད་ཀྱི་བུ་ནུ་མོ་ཁྱོད་ཚུལ་ཁྲིམས་དང་ལྡན་པ་ལ་མཆིད་སྩོལ་བ་ནི་བསོད་ནམས་མ་ཡིན་པ་མང་དུ་བསགས་ནས་བྲན་མོར་འགྱུར་བའི་ས་བོན་སྐྱེད་དམ། གཞན་ཡང་ཁྱོད་ཀྱིས་རབ་ཏུ་བྱུང་བ་ཁྱིམ་གྱི་ཀོ་རེ་ལོང་བྱེད་པ་མཐོང་བ་མའམ་ཐོས་པ་སུ་ཡོད། དེས་འདི ་སྐད་ཅེས་སྨྲས་སོ། ། སྦོམ་དགའ་མོ་ལེགས་སོ།། སྐྱེ་དགུའི་བདག་མོ་ཆེན་མོས་ཀྱང་འདི་སྐད་ཅེས་དེ་ཁོ་ནས་བདག་ཅག་ལ་ཡང་གནས་སྐབས་འདི་བྱུང་ངོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིས་ཀྱི་གོ་རེ་ལོང་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིས་ཀྱི་གོ་རེ་ལོང་ཞེས་བྱ་བ་ནི་ང ་གིས་ཁྱིས་ཀྱི་བྱ་བ་བྱེད་པའོ། ། སྲུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་གྱི་གོ་རེ་ལོང་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བཞི་པའི་དང་པོ་རྫོགས་སྷོ།། ་ཕྲེང་གཞིན་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མེ་དགེ་སློང་མ་རྣམས་ལ་ལུང་སྲོག་ཏུ་འཇུག་པ་ན་དེའི་ཕྱི་བཞིན་དགེ་སློང་མ་ནམས་སྟན་བྱེད་དུ་བཅུག་ཅིང་འདི་གད་ཅེས་བྱེར་བགནས་གགེ་མོ་ཞིག་ཏུ་ཕྲེང་ཤིག་ཅེས་སྒོ་བར་བྱེད་པ་དང་། དགེ་སློང་མ་རྣམས་ཀྱིས ་ཁྱེད་དགེ་སློང་མ་རྣམས་སྟན་སྐྱེད་དུ་བཅུག་ཅིང་ཉམས་སུ་མྱོང་བར་བྱེད་པ་ན་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་དོ། ། ཞེས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་ལས་སྟན་སྐྱེད་པ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློང་མ་རྣམས་ཤེས ་བྱ་བ་ནི་ཆོས་འདི་པའོ། ། ལས་ཤེས་བྱ་བ་ནི་ལས་སོ།། སྟན་ཤེས་བྱ་བ་ནི་ཁྲིའུ་དག་གོ། སྟན་སྐྱེད་དུ་བཅུག་ཅིང་ཞེས་བྱ་བ་ནི་ཕྱི་བཞིན་དུ་ཁྱེར་དུ་བཅུག་ཅིང་ངོ་།། ཉམས་སུ་མྱོང་བར་བྱེད་ཅེས་བྱ་བ་ནི་རང་གིར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང ་མ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་རྣམས་ལས་སྟན་སྐྱེད་པ་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་རྒས་པ་སྦྱོར་མི་བཟོད་པ་འམ། ནད་པ་ཞིག་ཆོས་འཆད་པ ་ཡིན་ན་ལྟུང་བ་མེད་དོ། ། ལྟུང་བྱེད་ཉི་ཤུ་བཞི་པའི་གཉིས་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་གཙུག་དགའ་མོས་སྔ་དྲོ་ཤ་མ་ཐབས་པ་གོས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་ཁྱིམ་བདག་གཅིག་གི་ཁྱིམ་དུ་བསོད་སྙོམས ་ལ་ཞུགས་ནས་ཁྱིམ་བདག་གི་ཆུང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ། ། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་སྐུད་པ་འཁལ་བས་གློ་བབྲེལ་ལོ།། བཙུག་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁྱོད་སོང ་ལ་བསོད་སྙོམས་ཁྱེར་ཏེ་ཤོག་ཤིག་དང་ཁོ་མོས་བཀལ་ལོ་ཞེས་བྱསོད་སྙོམས་ཀྱི་ཕྱིར་བཀལ་ཏོ། ། དེ་ནས་དུས་གཞན་ཞིག་ན་སྐྱེ་དགུའི་བདག་མོ་ཁྱིམ་དེར་བསོད་སྙོམས་ལ་ཞུགས་ཏེ་འདི་སྐད་ཅེས་སྨྲས་སོ།། བུ་ནུ་མོ་བསོད་སྙོམས་བྱིན་ཅིག། ཁྱིམ་བདག་གི་ཆུང ་མས་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་སྐད་ཅིག་གཅིག་ཁོལ་མཛོད་ཅིག་དང་དེའི་བར་དུ་བསོད་སྙོམས་འཚལ་ཏེ་མཆིའོ།། སྐྱེ་དགུའི་བདག་མོ་ཆེན་མོས་འདི་སྐད་ཅེས་སྨྲས་སོ།། བུ་ནུ་མོ་ཁོ་མོས་ཁྱིམ་པར་གྱུར་པ་ན་ཡང་འཁལ་མ་མྱོང་ནང་རབ་ཏུ་བྱུང་ནས ་འཁལ་ལམ་དེ་ལྟ་མོད་ཀྱི་ཞེས་བྱ་བ་དང་། བྱུང་བ་འདི་དང་ཞེས་བྱ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བ.ུད་པའཁལ་ན་ལུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ།། སྐུད་པ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། ་འཁལ་ན་ཞེས་བྱ་བ་ནི་ཕུང་བུར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུ་དཟང་སྲུད་པ་འཁལ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་སོ་སོའི་གནས་དབེན་པར་ཤོར་བུ་དང་། ལྷག ་པོ་དང་། རྒྱ་ཅང་གི་ཕྱིར་ནི་ལྟུང་བ་མེད་དོ།། སྲུང་བྱེད་ཉི་ཤུ་བཞི་པའི་གསུམ་པ་རྫོགས་སྷོ།། ། ཐེང་གནི་ནི་མཉན་ཡོད་ནའོ།། དེ་ནས་གཙུག་དགའ་མོ་མཆིལ་ལྷམ་ཐགོས། གདུགས་ཐོགས་ཏེ་བསོད་སྙོམས་ལ་ཆུབ་ན་དེ་སྐྱེ་བོ་མང་བ་དགོད་ཅིང་ཐམ། ་དང་། ཁྱིམ་བདག་རྣམས་འབྱ་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འང་དང་ཞེས་བྱ་བ་ནས། བསླབ་པ་བཟའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གདུགས་དང་། མཆིལ་ལྒར་ཐོགས་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་གཙུག་དགའ་མའོ།། གདུགས་ཤེས་བྱ་བ་ནི་ཚ་བའི་སྐྱབས་མོ།། མཆིལ་ལྷམ་ཞེས་བྱ་བ་ནི་སྙམ་མོ།། ཁོགས་ན་ཞེས་བྱ་བ་ནི་བདག་ཉིད་དོ།། སྲུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་དི་ལྟར་འགྱུར་ཞེ་ན། དགེ་སློང་མས ་རིགམ་ཐང་བདགདྲགས་དང་མཆིལ་སྙམ་ཐགས་རྣཐམས་ཅད་དུ་བླང་བྱེད་དུ་འཐར་རོ། ། བྱུང་འང་དུ་ནས་མལ་འབྲང་བའི་ཕྱིང་མཆིམསམ་འམ་པ་ལནི་སྣང་བ་མེད་དོ།། ལུང་བྱེད་ཉི་ཤུ་ཞིབའི་ཚིགས་སྒྲུབ་བ་པའི་སྒོམཛགས་སྷོ།། མ ་དཔུང་བར་པོལ་མིག་བྱུང་བ་དང་། ། སྨད་འཚོང་མ་ཡི་དགེ་སློང་མ།། དགེ་སློང་མ་དང་དགེ་སློང་མ།། དགེ་ཚུལ་མ་ཡིས་མཉེ་མིཿ།། ཐེང་བཞི་ནི་མཉན་ཡོད་ནའོ།། དེ་ནས་གཙུག་དགའ་མོའི་དཔུང་བར་པོལ་མིག་བྱུང་ནས་དེ་ཐན་པས་བཅིངས་ཏེ། དེ་ལྟར ་བཅིངས་ཟིན་པ་དང་། དེའི་འོག་ཏུ་འདི་སྐད་ཅེས་བཞིན་བཟངས་བཅིང་བཧ་ཅང་དམ་ཆེས་སོ་ཞེས་སྨྲས་སོ།། ལྷོད་པར་བྱས་པ་དང་། ཧ་ཅང་ལྷོད་ཆེས་སོ་ཞེས་དེ་ལྟར་འཆིང་དུ་འཇུག་ཅིང་འགྲོལ་དུ་འཇུག་པ་དང་། དེ་ནས་སྨན་པ་དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད ་འོན་ཀྱང་མ་མཐོང་ཡང་བླ། པོལ་མིག་ཀྱང་མ་སོས་སུ་ཟད་མོད་ཅེས་སྨྲས་ནས་སོང་ངོ་དོ།། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཅིའི་ཕྱིར་ཁྱོད་དེ་ལྟར་བྱེད། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་དམ་པ་དང་ལྷོད་པ་ཤེས ་མོད་ཀྱི་རེག་པ་ཙམ་རང་གིར་བྱའོ། ། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་གང་གི་ཕྱིར་གནས་སྐབས་དེར་ཡང་ཁྱོད་འདོད་ཆགས་ཀྱི་བློ་སྐྱེས་ན་ཁྱོད་ཤིང་སྐམ་ཇི་ལྟ་བ་བཞིན་དུ་འདོད་ཆགས་ཀྱིས་རབ་ཏུ་མེ་འབར་བ་ངོ་མཚར་ཆེའོ་ཞེས་སྨྲས་པའི ་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གད་དཔུད་པར་པོ་ལ་མིག་བྱུང་བ་སྐྱེས་པ་ཡད་དང་ཡང ་དུ་འཆིལ་ཞིང་འགྲོལ་དུ་འཇུག་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ།། དཔུང་བར་པོ་ལ་མིག་བྱུང་བ་ཞེས་བྱ་བ་ནི་མ་ཞིག་གོ།། ཡང་དང་ཡང་དུ་ཞེས་བྱ་བ་ནི་ལན་དུ་མར་རོ།། སྐྱེས་པས་འཆིང་ཞིང་འགྲོལ་དུ་འཇུག་ན་ཞེས་པ་ནི་ཁྱིམ་པས་སོ།། ་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རྨ་བྱུང་བ་སྐྱེས་པ་འཆིང་དུ་འཇུག་གམ། འགྲོལ་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་རྨ་ཉིད་ཡིན་ཏེ་བུའམ། མིང་པོ་འམ། ཕའི ་དྲན་པ་བཞག་སྟེ་འཆིང་ན་ལྟུང་བ་མེད་དོ། ། ལྟུང་བྱེད་ཉི་ཤུ་ལྔ་པའི་དང་པོ་རྫོགས་སྷོ།། །། གླེང་གཞིན་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བུད་མེད་སླད་འཚེང་མ་ཞིག་རབ་ཏུ་བྱུང་ངོ་།། དེ་ནས་གཡོན་ཅན་དང་། ནལ་ཕྲུག་དང་། རྒྱན་པོ ་དག་སྨད་འཚོང་མ་དེ་ཚོལ་བ་ན། དེ་དག་གིས་སྦོམ་དགའ་མོ་རབ་ཏུ་ཕྱུང་ངོ་ཞེས་ཐོས་ནས་དེ་དགས་གི་བློ་སྐྱེས་པ། ད་ནི་ལེགས་པ་ཞིག་བྱས་ཀྱིས་བདག་ཅག་གིས་དེའི་ཟན་དང་གོས་སྦྱིན་མི་དགོས་ཏེ། དེ་ལྟ་མོད་ཀྱི་དགའ་མགུར་ནི་སྤྱད་པར་བྱའོ་སྙམ་ནས་དེ་དག་གནས ་དེ་འདོང་ཞིང་ཆ་མ་ཡིན་པའི་ཚིགས་དག་འབྱིན་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད ་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་སྨད་འཚེང་མ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན་དུ་ཤེས་བྱ་བ་ནི་རང་གིས་སམ། གཞན་གྱིས་སྨྲས་པར་གྱུར་པའོ།། བུད་མེད་སྨད་འཚོང་མ་ཞེས་བྱ་བ ་ནི་ཀུན་གྱིས་སྤྱད་པར་བྱ་བའོ། ། རབ་ཏུ་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བུད་མེད་སླང་བཙོང་ས་ཞེས་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད ་དུའགྱུར་རོ། ། གལ་ཏེ་ཡུལ་གཞན་དུ་བཀར་ནས་རབ་ཏུ་འབྱིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་ཉི་ཤུ་ལྔ་པའི་གཉིས་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་རང་ལ་དགེ་སློང་མ་དག་མཉིད་དུ་བཅུག་པ་དང ་དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། དུར་ཁྲོད་སྟེན་པ་འདི་མཉེས་ཏེ་ཅི་ཞིག་བྱ། དེས་འདི་སྐད་ཅེས་ལྤགས་པའི་མདོག་འདི་འཚེར་ཞིང་གསལ་བར་བྱས་པ་དང་། རྒྱན་པ་པོ་དང་། ནལ་ཕྲུག་རྣམས་ཀྱི་སྙིང་འགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྨྲས་པའི ་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རང་ལ་དགེ་སློང་མ་དག་མཉེད་དུ་འཇུག་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ།། རང་ལ་མཉེད་དུ་འཇུག་ན་ཞེས་བྱ་བ་ནི་ལུས་མཉེད་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི ་ཙམ་ཅུང་ཟད་རང་ལ་མད་དུ་ཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྡང་བྱེད་ཉི་ཤུ་ལྔ་པའི་གསུམ་པ་རྫོགས་སྷོ།། ། གླིང་གཞིན་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བསམས་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་དག ་གིས་མཉེ་བར་མི་བྱའོ་ཞེས་གསུངས་བསམ་ལ་བདག་གིས་དགེ་སློབ་མ་མ་ཉིད་དུ་གཞུག་གོ་སྙམ་ནས་དེས་རང་ལ་དགེ་སློབ་མ་མཉེད་དུ་བཅུག་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང། མ་གང་དགེ་སློབ་མ་མཉེད་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློབ་མ་ཞེས་བྱ་བ་ནི་ཆོས ་འདུལ་བ་འདི་ལ་དགེ་སློང་མར་འགྱུར་བའི་བསླབ་པ་ལ་སློབ་པར་འགྱུར་བའོ། ། རང་ལ་མཉེད་དུ་འཇུག་ན་ཞེས་བྱ་བ་ནི་ལུས་མཉེད་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ ་ཅུང་ཟད་རང་ལ་དགེ་སློབ་མ་མཉེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་ལྔ་པའི་བཞི་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་གཞོན་ནུ་མ་ལ་ཡང་རྒྱས་པར་བརྗོད་པར་བྱ་སྟེ་ཞེས་བྱ་ནས ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ། ཡང་དགེ་སློང་མ་གང་རང་ལ་གཞོན་ནུ་མ་མཉེད་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གཞོན་ནུ་མ་ཞེས་བྱ་བ་ནི་དགེ་ཚུལ་མའོ།། རང་ལ་མཉེད་དུ་འཇུག་ན་ཞེས་བྱ་བ་ནི་ལུས་མཉེད་དུ ་འཇུག་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རང་ལ་དགེ་ཚུལ་མ་མཉེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་ལྔ་པའི་ཚིགས་སུ་བཅད་པའི་སྡོམ ་རྫོགས་སྷོ། ། །། སྡོམ་ནི། ཁྱིམ་པ་མོ་ཡང་མཉེད་མི་འཇུག། ཀུན་ཏུ་རྒྱུ་མོའང་དེ་བཞིན་ནོ།། དྲི་དང་ཏིལ་གྱི་ཚིགས་མ་དང་། གནག་པའི་རྫས་ཀྱིས་ཕྱི་བའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བསམས་པ། བཅོམ ་ལྡན་འདས་ཀྱིས་གཞོན་ནུ་མའི་བར་གྱིས་མཉེད་དུ་གཞུག་པ་བཀག་གིས། མ་ལ་བདག་གིས་ཁྱིམ་པ་མོ་མཉེད་དུ་གཞུག་གོ་སྙམ་ནས་དེས་ཁྱིམ་པ་མོ་མཉེད་དུ་བཅུག་པ་དང་ཞེས་བྱ་བ་ནས། སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་པ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་པ་མོ་མཉེད་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་པ་མོ་ཞེས་བྱ་བ་ནི་ཁྱིམན ་གནས་པའོ། ། མཉན་དུ་འཇུག་ན་ཞེས་བྱ་བ་ནི་བསུ་མཉེ་བྱེད་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་པ་མོ་མཉེད་དུ་འཇུག་ར་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར ་རོ། ། གལ་ཏེ་ནང་བ་སྦྱང་མ་བཟོད་པའམ། མ་འམ་བྲ་འམ། བུ་མོ་འམ། མིང་པོས་མཉེད་ན་ལྟུང་བ་མེད་དོ།། ལྟུང་བྱེད་ཉི་ཤུ་དྲུག་པའི་དང་པོ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་ཀུན་དུ་རྒྱུ་མི་ལ་ཡང་རྒྱས ་པར་བརྗོད་པར་བྱ་སྟེ་ཞོས་བྱབ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རང་ལ་ཀུན་ཏུ་ཆུ་མོ་མཉེར་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཀུན་དུ་རྒྱུ་མོ་ཞེས་བྱ་བ་ནི་གྲངས་ཅན་གྱི་རབ་ཏུ་བྱུང་བའོ།། ་རང་ལ་མ་ཉིད་དུ་འཇུག་ན་ཞེས་བྱ་བ་ནི་ལུས་མཉེད་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྷུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རང་ལ་ཀུན་དུ་རྒྱུ་མོ་མཉེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར ་རོ། ། ལྟུང་བྱེད་ཉི་ཤུ་དྲུག་པའི་གཉིས་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་དེའོ།། དེ་ནས་སྦོམ་དགའ་མོ་དྲིས་སྐུད་པར་བྱེད་པ་དང་། དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་འདི་ཅི་བྱ། དེས་འདི་སྐད་ཅེས་སྨྲས་སོ།། ལུས ་དྲི་རིམ་པར་བྱའོ། ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། རང་བཞིན་གྱིས་དྲི་མ་ཞིམ་པའི་ལུས་འདི་ཁྱོད་སུའི་ཆེད་དུ་དྲི་ཞིམ་པར་བྱེད་ཅེས་བྱ་བ་ནས། འདོད་ཆགས་ཅན་གྱིས་མཐོང་ན་འདོད་ཆགས་ཀྱི་སགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྨྲས ་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དྲིས་སུ་དན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྲོམ ་དགའ་མའོ། ། དྲིས་སྐུད་ན་ཞེས་བྱ་བ་ནི་ཙན་དན་དང་། དུ་རུ་ཀ་ལ་སོགས་ཏེ་དྲིཞི་མ་བོས་སོ།། སུད་ན་ཞེས་བྱ་བ་ནི་རངང་མ་གཞན་སྲུང་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུ ་ཟང་གི་སྐུད་དམ། སྐུད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྷུང་བྱེད་ཉི་ཤུ་དྲུག་པའི་གསུམ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲིས་སྐུད་པ་བཀག་པ་དང་ཞེས་བྱ་བ ་ནས། དེ་བཞིན་དུ་ཏིལ་གྱི་ཚིགས་མས་འཕྱི་བ་ལ་ཡང་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛདདེ། ཡང་དགེ་སློང་མ་གང་ཏིལ་གྱི་ཚོགས་མས་འཕྱིར་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཏིལ་གྱི ་ཚིགས་མས་འཕྱི་བར་བྱེད་ན་ཐམས་ཅད་དུ་ཞེས་བྱ་བ་ནི་ཏིལ་མར་ཕྱུང་བའི་ཚིགས་མས་ལུས་འཕྱིར་འཇུག་ནའོ། ། ལྡང་བྱེད་དེ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུད་ཟད་ཏིལ་གྱི་ཚིགས་མས་འཕྱིར ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་དྲུག་པའི་བཞི་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག་གནག་པའི་རྫས་ཀྱིས་ལུས་ཀྱི་དྲི་མ་འཕྱི་བ་ན་དེ་ཉིད་ཉེས་དམིགས་སུ་གྱུར་ནས ་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གནག་པའི་རྫས ་ཀྱིས་འཕྱིར་འཇུག་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། གནག་པའི་རྫས་ཤེས་བྱ་བ་ནི་ལུས་ཀྱི་དྲི་མ་འཕྱི་ཞིང་གནིག་པར་བྱེད་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང ་མས་ཇི་ཙམ་ཅུང་ཟད་ག་ནག་པའི་རྫས་ཀྱིས་འཕྱིར་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་དྲུག་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་བདུན་པ། སྡོམ་ནི། ་སྐབས་མ་ཕྱེ་བར་འདྲི་བ་དང་།། ཁྱིམ་པའི་རྒྱན་ནི་ཐོགས་པ་དང་།། སྦྲེལ་ཅིང་ཁྲུས་ནི་བྱེད་པ་དང་།། གར་དང་གྲུ་དང་རོལ་མོ་མིན།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་གཙུག་ལག་ཁང་དུ་སོང་ནས་དགེ་སློང་ལ་སྐབས་མ་བྱེ་བར་དྲི་བ་དྲིས། ་བ་དང་། དགེ་སློང་དེས་དྲི་བ་དེས་དགྲོལ་པར་མ་ནུས་ནས་ཞུམ་ཞུམ་པོར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་དགེ་སློང་ལ་སྐབས་མ་བྱེ་བར་དཔེ་འདྲེན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློང་ལ་ཞེས་བྱ་བ་ནི་འཁོར་གྱི་གཙོ་བོ་ལའོ།། སྐབས་མ་བྱེ་བར་ཞེས་བྱ་བ་ནི་གསོལ་བ་མ་བྱས་པར་རོ།། དྲི་བ་འཛིན་ཞེས ་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པ་འམ། ཉན་ཐོས་ཀྱིས་སྨྲས་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་ལ་སྐབས་མ་ཕྱེ་བར་དྲི་བ་འདྲིན་ཐམས་ཅད་དུ་ལྟུང་བྱེད་དུ ་འབྲུར་ངོ་རོ། ། ལྟུང་བྱེད་ཉི་ཤུ་བདུན་པའི་དང་པོ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་ཕྱུག་པོ་ཞིག་གི་ཁྱིམ་དུ་བསོད་སྙོམས་ལ་ཞུགས ་པ་དང་། དེ་དག་ལུས་ཀྱིས་བརྒྱན་གྱི་སྣོད་སྤྲོག་མ་དག་ཏུ་རྒྱན་རྣམས་བཞག་ནས་སྐྲའི་བྱི་དོར་བྱེད་པ་ཡིན་པས་དེ་ནས་སྦོམ་དགའ་མོས་མགུལ་གདུབ་དང་། གདུ་བུ་རྒྱན་ཅན་དང་། དཔུང་རྒྱན་ལ་སོགས་མཐོང་ནས་བླངས་ཏེ་ཐོགས་པ་དང་། བུད་མེད་དེ་དག ་གིས་སྨྲས་པ། འཕགས་མ་འདི་ཅི་མཛད། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོའི་ལུས་རྒྱན་གྱིས་མཛེས་སམ་ཅི་ལྟ་མོད། དེ་དག་གིས་སྨྲས་པ། མགོ་རེག་ཚུལ་གཞན་དུ་ཁས་བླངས་པ་ཁྱོད་ལ་མཛེས་སུ་ཅི་ཡོད་ཅེས་བུད་མེད་དེ་དག་དེ་ལྟར་ཁ་ཟེར་བར ་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་པའི་རྒྱན་ཐོགས་ན་ལྟུང་བྱེད་དོ།། ། ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་པའི་རྒྱན་ཅེས་བྱ་བ་ནི་མགུལ་གདུབ་དང་། གདུ་ཟེ་རྒྱན་ཅན་དང་། དཔུང་རྒྱན་ལ་སོགས་པའོ།། ཐོགས་ན་ཞེས་བྱ་བ་ནི་བརྒྱན་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྕང ་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་པའི་རྒྱན་ཐོགས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བདུན་པའི་གཉིས་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས ་བཅུ་གཉིས་སྡེ་དག་མཉན་ཡོད་ཀྱི་བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དང་ལག་པ་སྦྲེལ་ནས་འབབ་ཆུ་ཨ་ཛེ་ར་བ་ཏིར་ལུས་ཁྲུས་བྱེད་པ་ན་དེ་དག་གཅིག་ལ་གཅིག་འཛུབ་མས་འཇུགས་ཤིང་དེ་དག་དགའ་བར་བྱེད་དགའ་བར་བྱེད་དུ་འདུག། ་བར་བྱེད། ཅེར་འདུག་པར་བྱེད་ཅིང་དགོད་པ་དང་། འཕྱར་གཡེང་དང་། ལུས་ཀྱི་ཙབ་བྲལ་བྱེད་པ་ཉེ་བར་སྟོན་པར་བྱེད་པ་ན་དོར་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བོར་དུ་མཛད་དེ། ཡང་དགེ་སློང་མ་གང་ལག་པ་སྦྲེལ་ནས་ཁྲུས་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ལག་པ་སྦྲེལ་ནས་ཞེས་བྱ་བ་ན་ལག་སྦྲེལ་ཏེའོ།། ཁྲུས་བྱེད་ན་ཞེས ་བྱ་བ་ལ་ཁྲུས་ནི་གཉིས་ཏེ། དབང་བསྐུར་བའི་ཁྲུས་དང་། འཇུག་པའི་ཁྲུས་ལས་དོན་འདི་ལ་ནི་འཇུག་པའི་ཁྲུས་ལ་བྱ་བར་དགོངས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད ་འཇུག་པའི་ཁྲུས་ལ་ལག་པ་སྟེལ་ནས་ལུས་ཁྲུས་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་བདུན་པའི་གསུམ་པ་རྫོགས་སྷོ།། གླེང་གའི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན་ཡོད་ན་དགའ་སྡེའི་ཚོགས་གཉིས་པོ་གཅིས ་ན་རྒྱལ་རིགས་ཀྱི་དགའ་སྡེའོ། ། གཅིག་ཤོས་ནི་བྲམ་ཟེའི་དགའ་སྡེའོ།། དེ་ལ་རྒྱལ་རིགས་ཀྱི་དགའ་སྡེ་ནི་གཡུལ་ལ་བྱང་བ་ཡིན་ནོ།། བྲམ་ཟེའི་དགའ་སྡེ་ནིགར་ལ་བྱང་བ་ཡིན་ནོ།། གང་གི་ཚེ་དགའ་སྡེའི་ཚོགས་གཉིས་ལས་གཡུལ་འགྱེད་པས་འགྲ ་པ་དེའི་ཆེ་རྒྱལ་རིགས་ཀྱི་དགའ་སྡེ་རྒྱལ་བར་འགྱུར་ལ་གང་གི་ཚི་གར་གྱི་ཆེཚེ་ནི་བྲམ་ཟེའི་དགའ་སྡེ་རྒྱལ་བར་འགྱུར་རོ། ། དེ་ནས་རྒྱལ་རིགས་ཀྱི་དགའ་སྡེ་མས་འདི་སྙམ་དུ་སེམས་ཏེ། བདག་ཅགགས་སུ་ཞིག་ས་གར་བསླབསྙམ་པ་ལས་དེ་དག་འདི་སྙམ ་སེམས་ཏེ། འཕགས་མ་སྦོམ་དགའ་མོ་འདི་ནི་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་བཟོའི་གནས་ཐམས་ཅད་དང་། ལས་ཀྱི་གནས་ཐམས་ཅད་ལ་བྱང་བ་ཡིན་ནོ་སྙམ་དུ་བསམ་ནས་སྦོམ་དགའ་མོ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། སྦོམ་དགའ་མོ་ལ་འདི་སྐད་ཅེས ་སྦས་སོ། ། འཕགས་མ་ཁྱོད་གར་ལ་བྱང་བ་ཅུང་ཟད་མདའ་འམ། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་བཟོའི་གནས་དང་། ལས་ཀྱི་གནས་གང་ལམ་བྱང་བ་དེ་གང་ཞིག་ཡོད།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། རེ་ཤིག་བདག་ཅག་གིས་གྲཝར་བཅའ ་བསྦྱིན་གྱིས་བདག་ཅག་ལ་གར་སླབས་ཤིག། དེས་སྨྲས་པ། འདི་ལྟར་ལག་པ་བསྒྱུར་ཅིག། འདི་ལྟར་སྦེད་པ་སྦྱར་ཅིག། འདི་ལྟར་རྐང་བཞག་ཤིག་ཅེས་བྱ་བ་ནས། རྒྱལ་རིགས་ཀྱི་དགའ་སྡེ་རྣམས་གར་སློབ་དུ་བཅུག་གོ་ཞེས་བྱ་བའི་བར་རོ།། དེ་ནས ་རྒྱལ་རིགས་ཀྱི་དགའ་སྡེར་དེ་དག་གིས་བྲམ་ཟེའི་དགའ་སྡེརྣམས་གར་གྱིས་ཕས་པར་བྱིས་སྷོ། ། དེ་ནས་བྲམ་ཟེ་དགའི་སྡེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བྱེད་ཅག་ལ་སུས་བསླབས། དེ་དག་གིས་འདི་སྐད་ཅེས་སྦོམ་དགའ་མོས་སོ་ཞེས་སྨྲས་པ ་ན། དེ་དག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་དང་། ཚངས་པའི་ཚུལ་ནི་ཚིག་པ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་གར་ཡང་སླ་བ་ཏུ་འཇུག་གོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟིར་བར་བྱེད་པའི་སྐྱབས་དེ་དགེ་སློང་མ་རྣམས ་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གར་སློབ་ཏུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གར ་ཞེས་བྱ་བ་ན་ལག་པ་དང་། རྐང་པ་སྒྱུར་བའོ།། སློབ་ཏུ་འཇུག་ན་ཞེས་བྱི་བ་ནི་སྟོན་པར་བྱེད་ནའོ།། ལྟུང་བྱེད་དེ་ཞེས་བྱ་བ་ནི་གོང་པ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གར་སློབ་དུ་འདུག་ན་ཐམས་ཅད་དུ་སྦྱར ་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་བདུན་པའི་བཞི་པ་རྫོགས་སྷོ།། །། གླེང་གཞིན་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གར་སློབ་དུ་གཞུག་པར་མི་བྱའོ།། ཞེས་དགག་པ་མཛད་པ་དང་། དེའི་འོག་ཏུ་སྦོམ་དགའ་མ ་དགའ་སྡེའི་དྲུང་དུ་སོང་ནས་གར་སྟོན་པར་བྱེད་དོ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གར་སྟོན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དེ་བཞིན་དུ་གར་སྟོན་ན་ཞེས་བྱ་བ་ནི་ཉེ ་བར་སྟོན་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གར་སྟོན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བདུན་པའི་ལྔ་པ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་གར་ལ་ལྟར་འགྲོ་བའི་བར་དུ་བྱ་སྟེ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ག་རལ་ལྟར་འགྲོན་སྲུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གར་ལ ་ལྟར་འགྲོ་ན་ཞེས་བྱ་བ་ནི་ལྟད་མོ་འདོད་དེ་འགྲོ་ནའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གར་ལ་ལྟར་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། སྲུང་བྱེད་ཉི་ཤུ་བདུན་པའི ་དྲུག་པ་རྫོགས་སོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་དགའ་སྡེ་གཉིས་ལས་གླེངས་ནས་དེ་ནས་བྲམ་ཟེའི་དགའ་སྡེ་རྣམས་གླུའི་ཆེད་དུ་སྦོམ་དགའ་མོ་གང་ན་བ་དེར་དོང་སྟེ་ཞེས་བྱ་བ་ནས། འཕགས་མ་བདག་ཅག་ལ་ཡང་གྲུ་སྤོབས ་ཤིག་ཅེས་བྱ་བའི་བར་རོ། ། དེ་ཡང་དྲུག་ལྡན་དང་ཞེས་བྱ་བ་ནས། ཤེས་གསལ་ཞེས་བྱ་བ་དང་། ཀཻའི་ཤི་ཀ་ཞེས་བྱ་བ་དང་། ས་འཛིན་པ་དག་གི་བར་དེ་ལྟ་བུ་རོལ་མོའི་དབྱངས་བདུན་རྒྱས་པར་བསླངས་པ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མརྡ ་དེ། ཡང་དགེ་སློང་མ་གང་ཀླུ་སློབ་ཏུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཀླུ་ཞེས་བྱ་བ་ནི་ཁར་འབྱིན་པའོ།། སློབ་ཏུ་འཇུག་ན་ཞེས་བྱ་བ་ནི་སྟོན་པར་བྱེད་ནའོ།། སྣང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྣང་བར་ཇི་ལྟར་འགྱུང ་ནེན། དགེ་སློང་མས་དྲི་ཙམ་ཅུང་ཟད་གུ་སློབ་ཏུ་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བདུན་པའི་བདུན་པ་རྫོགས་སྷོ།། །། གླེང་གཞིན་མཉན་ཡོད་ནའོ།། དེ་བཞིན་དུ་གྲུ་སྟོན་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་གླུ་སྟོན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྟུང་བའི་རིམ་པ་ནི་གོང་མ་ཇི་ལྟ་བ་དེ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། ལྟུང་བྱེད་ཉི་ཤུ་འདུན་པའི་བརྒྱད་པའོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་གྲུ ་ལལྟར་འགྲོ་བ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གྲུལ་ལྟར་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྟུང་བའི་རིམ་པ་ནི་གོང་མ་ཇི་ལྟ་བ་དེ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། ལྟུང་བྱེད་ཉི་ཤུ་བདུན ་པའི་དགུ་པའོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། ཞེས་བྱ་བ་ནས་རྒྱལ་རིགས་ཀྱི་དགའ། དག་རོལ་མོའི་ཆེད་དུ་སྦོས་དགའ་མོ་གངན་བ་དེར་སོང་སྟེ་བྱིན་ནས་འདི་སྐད་ཅེས་སྨྲས་སོ།། འཕགས་ས་བདག་ཅག་ལ་རོམ་མོ་དག་སློབས་ཤིག་དེས་པི་བང་དང་རྗེ ་བུ་དང་། རྫ་རྔ་དང་། བི་བང་ཆུད་གཅིག་པ་དང་། འབབ་བྷི་ས་ཀེ་དང་། ལྕགས་ཀྱི་སིལ་གྲོལ་དང་། ཤིན་དུ་དབྱངས་སྟན་ལ་སོགས་པ་དབྱངས་བདུན་པོ་དག་བསླབས་ནས་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རོལ་མོ་སློབ་ཏུ་འཇུག་ན ་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སློབ་དུ་འཇུག་ན་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་དང་ལྡན་པའི་སྒྲལ་འོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རོལ་མོ་སློབ་ཏུ་འཇུག་ན་ཐམས ་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་བདུན་པའི་བཅུ་པའོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་རོལ་མོ་སྟོན་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རོལ་མོ་སྟོན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ན ་སྦོས་དགའ་མོའོ། ། སྲུང་བའི་རིམ་པ་ནི་བོང་མདི་སྟེ་དེ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། ལུང་བྱེད་ཉི་ཤུ་བདུན་པའི་བཅུ་གཅིག་པའོ།། ། ཐེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་རོམ་མོ་ལྟར་འགྲོ་བ་ཞེས་བྱ་ནས། བསྔབ ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རོལ་མོ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྟུང་བའི་རིམ་པ་ནི་གོང་མ་ཇི་ལྟ་བ་དེ་བཞིན་དུ་རྫས་སུ་འཐུན་པར་བྱའོ།། ལྟུང་བྱེད་ཉི་ཤུ་བདུན་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། ་སྡོམ་ནི། དགེ་སློང་བཅས་པའི་གནས་དག་ནས།། འབའ་ཤིག་བཤང་བར་འགྲོ་མི་བྱ།། པྲ་ཤེལ་ཅི་དང་སོ་མངས་དང་།། སྲ་ཐུམ་སླ་བརྙན་བཅད་མི་བྱ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་གཙུག་དགའ་མོས་སྐྱེས་པ་ཞིག་ལ་འདི་སྐད་ཅེས་ཚུར་ཤོག། ་འདི་དང་འདི་དག་བྱའོ་ཞེས་སྨྲས་ཏེ། ཇི་ཙམ་ན་དབྱར་ཁང་དུ་ཤོག་ཤིག་པའི་རྔ་བྱས་སོ།། དེ་ནས་སྨྲས་པ་དེ་ནུབ་མོ་དབྱར་ཁང་དུ་འོངས་པ་དང་། དེས་དེ་ཆབ་གྲངས་བནས་ནས་བྱ་བ་མང་པོ་དང་།། སྒྲུབ་པ་མང་པོ་གང་ཡིན་པ་དེ་དག་བྱས་ནས་ཆ་བཀུ་སར་སོང་སྟེ་སོན ་ནས་སྐྱེས་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། ། གནས་འདི་ནི་མི་གཙང་གིས་གནས་གཞན་དུ་དོང་ངོ་།། དེས་འདི་སྐད་ཅེས་སྨྲས་སོ།། གང་དུ་གཙུག་དགའ་མོས་འདི་སྐད་ཅེས་སྨྲས་ཏེ། ཁྱོད་ཀྱི་ཁྱིམ་དུའོ།། དེ་ནས་སྐྱེས་པ་དེས་འདི་སྐད་ཅེས་སྨྲས་སོ།། ཇི་ལྟར་འདོད། གཙུག ་མོས་འདི་སྐད་ཅེས་སྨྲས་ཏེ། ཀྱེ་རེ་ཤིག་ཁོ་མོའི་ཕྲག་པ་ལ་ཞོན་ཅིག་ཅེས་དེས་སྐྱེས་པ་དེ་ཕྲག་པ་ལ་ཞོན་པ་དང་།། དེ་ནས་གཙུག་དག་མོས་འདི་སྙམ་དུ་སེམས་ཏེ། བདག་དགེ་སློང་མ་རྣམས་ཀྱི་སྣ་ལ་འགྲོ་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་ཚུལ་ཁྲིམས་ཙམ་གྱི་ཡིན་ན།། ་གལ་ཏེ་བདག་དགེ་སློང་མའི་དངོས་པོ་ཞིག་པར་གྱུར་ན་བདག་གིས་ཚིག་ཙམ་ཡང་སྨྲ་བར་ག་ལས་ནུས་ཏེ། ཇི་སྐད་དུ།། གཙང་མས་འཇིག་རྟེན་ཟིལ་གནོན་ཏེ།། བཅོག་པས་འཇིག་རྟེན་ཟིལ་མི་གནོན་ཅེས་ཟེར་བ་ལྟ་བུའོ་སྙམ་དུ་བསམ་ནས། གཙུག་དགའ་མོས ་ཁྲོས་ཏེ་འཕགས་མཆོམ་རྐུན་པས་ཁྲིད་དེ་ཞེས་སྨྲས་པ་དང་། སྐྱེས་པ་དེས་ཕྲག་པ་ལས་ས་ལ་མཆོངས་ཏེ། འདི་སྐད་ཅེས་མགོ་རེག་མོ་ངན་པ་རང་གིས་བརྡ་བྱས་ལ་འདི་སྐད་ཅེས་ཆོམ་རྐུན་པས་ཁྲིད་དོ་ཞེས་སྨྲ་འམ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད ་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པུ་ཆབ་ཀུད་སར་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་གཙུག་དགའ ་མོའོ། ། གཅིག་པུ་ཞེས་བྱ་བ་ནི་གཉིས་པ་ཤོས་མེད་པར་རོ།། ཆབ་ཀུད་སར་འགྲོ་ན་ཞེས་བྱ་བ་ནི་བཤད་པའི་སར་རོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གཅིག་པུ་ཆབ་ཁུང་སར་འགྲོ་ན་ཐམས ་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། ། ལྟུང་བྱེད་ཉི་ཤུ་བསྟུད་པའི་དང་པོའོ།། །། གླེ་གཞིནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག་བྲགབ་ཅིས་སྒྲ་འཆོས་ཤིང་མཉམ་པར་འཇུད་པ་ན་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བྲན་མོ་དག་འདིནི་བྱུང། ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། སྒྲ་མ་འཛིངས་པར་བསྐྱེད་མོད། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་ཁྱད་ཅག་དེ་ལྟར་བྱེད་པ་ན་སྒྲ་མ་ཡིན་གྱི་ཉོན་མོངས་པ་བསྐྱེད་དོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མས་གང་བུ་ཤེལ་ཅིས་སྒྲ་བྱི་དོར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། པུ་ཤེལ་ཅིས་ཞེས་བྱ་བ་ནི་བི་ར་ཎའི་རྩ་བས་སོ། ་སྒྲའི་བྱི་དོར་བྱེད་ན་ཞེས་བྱ་བ་ནི་མགོའི་སྒྲ་འཆོས་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་པུ་ཤེལ་ཙིས་སྐྲའི་བྱི་དོར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བཅད་པའི་གཉིས ་པའོ། ། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་པུ་ཤེལ་ཅིས་སྒྲའི་བྱི་དོར་མི་བྱའོ་ཞེས་དགུག། ཛདཔ་དེའི་ཚེ་སོ་མངས་ཀྱིས་བྱི་དོར་བྱེད་པ་དང་། ཞེས་བྱ་བ་ནི་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སོ་མྱངས་ཀྱིས ་སྐྲའི་བྱི་དོར་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། སོ་མངས་ཀྱིས་ཞེས་བྱ་བ་ནི་སོ་མངས་ཀྱིས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཞེས་བྱ་བའི་བར་གོང་ནས་འབྱུང་བ་བཞིན་ནོ།། ལྟུང ་བྱེད་ཉི་ཤུ་བརྒྱད་པའི་གསུམ་པའོ། ། །། གླེང་གཞི་ནི་མཉན་ཡོད་ནའོ།། ཡང་རྩཝའི་ཐུམ་པོས་སྐྲའི་བྱི་དོར་བྱེད་པ་དང་། ཞེས་བྱ་བའི་བར་གྱི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རྩཝའི་ཐུམ་པོས་སྐྲའི་བྱི་དོར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། རྩཝའི་ཐུམ་པོས་ཞེས་བྱ་བ་ནི་སྡོང་བུ་གཤབས་པས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཞེས ་བྱ་བའི་བར་གོང་ནས་འབྱུང་བ་བཞིན་ནོ། ། ལྟུང་བྱེད་ཉི་ཤུ་བརྒྱད་པའི་བཞི་པའོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། ཡང་སོ་མངས་དང་། རྩཝའི་ཐུམ་པོས་སྐྲའི་བྱི་དོར་བྱེད་པའི་བར་དུ་བྱ་སྟེ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དག ་སྦོད་མ་གང་སོ་མངས་དང་རྦའི་ཟླུམ་པོས་སྒྲའི་བྱི་དོར་བྱེད་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། སོ་མངས་དང་རྩའི་ཐུམ་པོས་ཞེས་བྱ་བ་ནི་གཉི་གས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཞེས་བྱ་བའི ་བ.རུ་གོང་ནས་འབྱུང་བ་བཞིན་ནོ། ། ལྟུང་བྱེད་ཉི་ཤུ་བརྒྱད་པའི་ལྔ་པའོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བསམས་པ། བདག་གིས་བྱས་ས་ཙོག་ཐམས་ཅད་ནི་ཕུལ་ཕྱིན་པར་བྱས་ཀྱིས་མལ་རེ་ཤིག་པ་དག་གིས་སྦ་བ་རྙད་ཡང་ཐོགས ་པར་བྱའོ་སྙམ་དུ་བས་མ་ནས། རོལ་མོ་མཁན་གྱི་རྒྱན་དང་། རོལ་མོ་མཁན་གྱི་གོས་དང་། རོལ་མོ་མཁན་གྱི་ལྷ་མཟུང་ཅིག་བརྙས། གར་མཁན་ཞིག་ལས་སྒྲ་བརྙན་བརྙེས་ཏེ། དེ་ནས་སྦོམ་དགའ་མོས་རྒྱན་ཐམས་ཅད་བགོས་ནས་སྨད་འཚོང་མ་ཡོད་པའི་རྟགས ་བཙུགས་ཏེ་གནས་གཅིག་ཏུ་བསྡད་པ་དང་། དེ་ནས་སྐྱེ་མ་པ་ཞིག་འོངས་ནས་དེས་དྲིས་པ་དང་། ཉི་མ་གཅིག་ལ་གླ་ཇི་ཙམ། དེས་འདི་སྐད་ཅེས་སྨྲས་ཏེ། ཀར་ཤ་པ་ན་ལྔ་བརྒྱའོ།། སྐྱེས་པ་དེས་འདི་སྐད་ཅེས་སྨྲས་སོ།། ཧ་ཅང་མང་ཆེས་སོ།། དེས་འདི་སྐད་ཅེས་རེ་ཤིག ་གཟུགས་བཟང་བ་ལ་ལྟོས་ཤིག། གང་གི་ཚེ་བྱེད་ཚུལ་དག་མཐོང་ནས་མགུ་བར་གྱུར་ན་ལྷག་པར་གཞལ་དགོས་པའི་གནས་འདི་ཡོད་ཅེས་སྨྲས་པ་དང་། དེ་ནས་སྐྱེས་པ་དེས་ཀར་ཤ་པ་ཎི་ལྔ་བརྒྱ་བྱིན་ནོ།། དེས་སྨྲས་པ། ནང་དུ་ཞུགས་ཤིག། དེ་ནས་སྦོམ་དགའ་མོས ་བསམས་པ། བདག་དགེ་སློང་མའི་སྣ་ལ་འགྲོ་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་ཐམས་ཅད་ཚུལ་ཁྲིམས་དང་བརྟུལ་ཞུག་ཙམ་གྱིམི་ཡིན་ན། གལ་ཏེ་བདག་དགེ་སློང་མའི་དངོས་པོ་ཞིག་ན་ཚུལ་ཁྲིམས་རལ་པ་ཡིན་ནོ་ཞེས་བྱས་ནས་སྣོད་ཆག་པ་ཇི་ལྟ་བ་བཞིན་དུ ་བདག་ལ་སུ་ཞིག་འདྲི་བར་འགྱུར་སྙམ་དུ་བསམ་ནས། སྦོམ་དགའ་མོས་རོལ་མོ་མཁན་གྱི་རྒྱན་ཕུད་ནས་ཟོས་སོ།། སྐྱེས་པ་དེས་ཀྱང་འཕྲིགས་ནས་སྦོམ་དགའ་མོ་གང་ན་བ་དེར་བརྒྱུག། ཏེ་དེས་སྐྲ་བརྙེད་ནས་བཟུང་བ་དང་། སྒྲ་བརྙན་དྲང ་ནས་སླ་བ་དཱན་དེ་ཡང་སྐྱེས་པའི་ལག་ཏུ་འོངས་ནས་འདི་སྐད་ཅེས་མགོ་ག་མོངོན་པ་མོ་ནིས་སྨྲས་སོ། ། དེ་ནས་གྲོམ་དགའ་མོས་སྐྱེས་པ་དེ་ལ་འདི་སད་ཅེས་སྨྲས་སོ།། བུ་ཟན་མོའི་བུ་རྒྱལ་པོ་གསལ་རྒྱལ་གྱིས་དགེ་སློང་མ་རྣམས་བཙུན་མོའིཐབས་སུ ་གནང་བར་ཁྱོད་ཀྱིས་མི་ཤེས་སམ། གལ་ཏེ་ཁོ་མོ་ལ་ལག་པས་རེག་པར་གྱུར་ན་ལག་པ་འཁྲིག་མའི་དྲུང་དྲ་གཅོད་དུ་གཞུག་གོ།། དེས་འདི་སྐད་མགོ་ག་མོངན་པ་མོ་ཁྱོད་འདྲ་བ་ནི་གནང་བ་མ་ཡིན་ཏེ། གན་བ་ནི་སྐྱེ་དགུའི་བདག་མཚན་མོ་དང། གོ་ཏ་མཱི་སྐེམ་མོ ་དང་། ཨུཏྤ་ལའི་མདོག་དང་། ཆོས་སྦྱིན་དང་། བཟང་ལྡན་མ་དང་། སེར་སྐྱ་མོ་དག་ཡིན་གྱིས་མགོ་རེག་མ་ཁྱེད་འདྲ་བ་ན་མ་ཡིན་ན་ཞེས་སྨྲས་པན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ན་སྣ་བཅོམ་ལྡན་འདས ་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྒྲ་བརྙན་ཐོགས་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མིའོ།། སྒྲ་བརྙན་ཐོགས་ན་ཞེས་བྱ་བ་ནི་གར་མཁན་གྱི་སྒྲ་བརྙན་ནོ།། ལྟུང་དབྱེད་དོ་ཞེས་བྱ་བ་ནི་གོང་མ ་བཞིན་ནོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྒྲ་བརྙན་ཐོགས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བརྒྱད་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས་ལྟུང ་བྱེད་རྣམས་རྫོགས་སྷོ། ། །། ད་ནི་སོ་སོར་བཤགས་པར་བྱ་བ་རྣམས་སྨྲ་བར་བྱ་སྟེ། དེ་ལ་སོ་སོར་བཤགས་པར་བྱ་བ་རྣམས་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ་ནི་འདི་ཡིན་ཏེ། སྡོམ་པ། འོ་མ་ཞོ་དང་མར་དང་ནི།། ཐུན་མར་འབྲུ་མར་ཏུགས་དག་དང་།། སྦྲད་ཙི ་གཤ་དག་དང་། ། ཤསྐ་མ་སློབ་པ་བནས་པའོ།། སྲེད་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་དག་བུད་མེད་ཀྱི་ལ་རྐ་མ་ཆགས་ཀྱིས་གཞན་གྱི་ཁྱི་མ་དག་ནས་འོ་མ་བསླངས་ནས་ལོངས་སྤྱོད་པར་བྱེད་དོ།། དེ་དག་འོ་མཚོལ་བའི་རྒྱུས་ལུང་ནོད་པ་དང་། གློག་པད། ན་བྱེས ་ད་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་། ནང་གི་སེམས་ཀྱི་ཞིགནས་ཤོར་བ་དང་ཞེས་བྱ་བ་ནས། དེ་ན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླང་བར་མི་བྱའོ།། ཕྱིས་ཉོ་བར ་བྱེད་པ་ན་ཉེས་པ་དེ་ཉིད་དུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཉོ་བར་མི་བྱའོ།། ཉེ་དུ་དག་ལས་སློང་བ་ན་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླང་བར་མ་བྱའོ།། དི་ཙམ་ན་དགེ་སློང་མནད་པ་ནི། ་ཡོད་པ་དེ་ལ་སྨན་པས་འོ་མ་སྟེན་ཅིག་ཅེས་བསྟན་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་ཁོ་མོ་ཤི་ཟི་ན་ནོ།། སྨན་པས་སྨྲས་པ། ཅིའི་ཕྱིར། དེས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་བཀག་གོ།། སྨན་པས་སྨྲས་པ། ཁྱོད་ཀྱི་སྟོན་པ་ནི ་ཐུགས་རྗེ་ཅན་ཡིན་པས་རྗེས་སུ་གནང་བར་འགྱུར་རོ་ཞེས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་པས་བག་ནནད་ཀྱི་སྨན་དུ་ལོངས་སྤྱད་པར་བྱའོ།། དེ་ནས་སྦོམ་དགའ་མོ་ན་ཡང་རུང ་མིན་ཡང་རུང་གཞན་གྱི་ཁྱིམ་དག་ནས་འོ་མ་བསླངས་ནས་ལོངས་སྤྱོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མིན་པར་རང ་གི་དོན་དུ་ཁྱིམ་བདག་ཏུ་འོ་མ་བསླངས་ནས་འཆའ་འམ་ཟན་དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོར་སོར་བཤགས་པར་བྱ་སྟེ། ཆོས་འདི་ནི་སོ་སོར་བཤགས་པར་བྱ་བའོ། ་། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རང་གི་དོན་དུ་ཞེས་བྱ་བ་ནི་རང་གི་ལུས་ཀྱིའོ།། མིན་བར་ཞེས་བྱ་བ་ནི་ནད་ཀྱིས་མཐེབས་པར་རོ།། ཁྱིམ་དག་ཏུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་ངག་ཏུའོ།། འོ་མ ་ཞེས་བྱ་བ་ལ་འོ་མ་ནི་ལྔ་སྟེ། བའི་འོ་མ་དང་། མ་ཧེའི་ལོ་མ་དང་། རྔ་མོའི་འོ་མ་དང་། རའི་འོ་མ་དང་། ལྔ་པ་ནི་ལུག་གི་འོ་མའོ།། བསངས་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་ནས་སོ།། འཆའ་འམ་ཟ་ན་ཞེས་བྱ་བ་ནི་ལྐོག་མར་ཁམ་གྱེས་མེད་པའོ།། དགེ་སློང་མི་དེས ་ཞེས་བྱ་བ་ནི་གང་ཡིན་པའི་དགེ་སློང་མ་དེས་སོ། ། དབྱར་ཁང་དུ་སོང་ནས་ཞེས་བྱ་བ་ནི་གཙུག་ལག་ཁང་དུའོ།། དགེ་སློང་མ་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་པ་དག་ལའོ།། སོ་སོར་བཤགས་པར་བྱའོ་ཞེས་བྱ་བ་ནི་འཐོལ་བར་བྱ་བའོ།། འཕགས་མ་སྨད་པའི་གནས་ཞེས་བྱ ་བ་རི་དགི་སེང་མས་དེ་བྱ་བ་མ་ཡིན་པའོ། ། མི་རིགས་པ་ཞེས་བྱ་བ་ནི་ཆགས་པར་འགྱུར་བའོ།། སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་བྱ་བ་ནི་ངེས་པར་འབོལ་བའོ།། ཆོས་འདི་ནི་སོ་སོར་བཤགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་གདོན་མི ་ཟ་བར་འཐོལ་བར་བྱ་བའོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འོ་མ་སློང་ན་ཐམས་ཅ་དུ་ཉེས་བྱས་སུ་འགྱུར་རོ།། ཐོབ་ན་ཉེས་བྱས་སོ།། ལོངས་སྤྱད་ན་སོ་སོར་བཤགས་པར་འགྱུར་རོ།། ལས་དང་པོ་པ་དང་། སྐྱེས་པ་དང་། སེམས ་འཁྲུགས་པ་དང་། ཚོར་བས་ཉེན་པ་ལ་ལྟུང་བ་མེད་དོ།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས། སོ་སོར་བཤགས་པར་བྱ་བ་དང་པོའོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་འོ་མ་དགག་པ ་མཛད་པ་དང་། དེ་ནས་ཞོ་སློང་བ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མིན་པར་རང་གི་དོན་དུ་ཁྱིམ་དག་ཏུ་ཞོ་བསླངས་ནས་འཆའ་འམ་ཟ་ན་དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ་འཕགས་མ་སྨད་པའི ་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེསོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྟུང་བའི་རིམ་པ་གཞན་ནི་གོང་མ་ཇི་ལྟ་བ་བཞིན ་དུ་རྗེས་སུ་འཐུན་པར་བྱ་སྟེ། དེ་འམ་ལཱ་ཞེས་འབྱུང་བ་ནི་འདིར་ཞོ་ལྔ་ཞེས་རྒྱས་པར་བརྗོད་པར་བྱའོ།། སོ་སོར་བཤགས་པར་བྱ་བ་གཉིས་པའོ།། །། གླེང་གཞི་ན་མཉན་ཡོད་ནའོ།། དེ་བཞིན་དུ་མཱར་སར་ཀློང་པ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི ་བར་དུ་མཛད་དེ། ཡང་དགེ་སློང་མ་ག་མིན་པར་རིང་གི་དོན་དུ་ཁྱིམ་དག་ཏུ་མར་སར་བསླངས་ནས་འཆའ་འམ་ཟ་ན་དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས། དགེ་སློང་མ་རྣམས་ལ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས ་ཆོས་རི་མོ་སར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནིས་སོང་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མའོ།། ཞེས་བྱ་བ་ནས་མང་སར་ནི་ལྔའོ།། ཞེས་བྱ་བའི་བར་རོ།། ལྟུང་བའི་རིམ་པ་ལྷག་མ་ནི་གོང་མཇི ་ལྟ་བ་བཞིན་དུ་རྗེས་སུ་འཐུན་པར་བྱའོ། ། སོ་སོར་བཤགས་པར་བྱ་བ་གསུམ་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཞུན་མར་སྦྱོང་བ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མི་ན་བར་རང་གིས ་ད་ཨོན་དུ་བྱ་མི་དག་ཏུ་ཞུན་མར་བསླངས་ནས་འཆའ་འམ་ཟ་ན་དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དྲི་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར ་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ་ཞེས་བྱ་བ་ནས། ཞུན་མར་ཞེས་བྱ་བ་ནི་མར་ལྔའོ་ཞེས་བྱ་བའི་བར་རོ།། ལྟུང་བའི་རིམ་པ་ལྷག་མ་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། སོ་སོར ་བཤགས་པར་བྱ་བ་བཞི་པའོ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཏིལ་མར་སློང་བ་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མིན་པར་རང་གི་དོན་དུ་ཁྱིམ་དག་ཏུ་ཏིལ་མར་བསླངས་ནས་འཆའ་འམ་ཟ་ན་དགེ་སློང་མ་དེས ་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ་འབགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས ་བྱ་བ་ནི་སྦོམ་དགའ་མོའོ་ཞེས་བྱ་བ་ནས་ཏིལ་མར་ཞེས་བྱ་བ་ནི་ཏིལ་འབྲུའི་སྙིང་ཁུའོ་ཞེས་བྱ་བའི་བར་རོ། ། ལྟུང་བའི་རིམ་པ་ལྷག་མ་གཞན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། སོ་སོར་བཤགས་པར་བྱ་བ་ལྔ་པའོ།། གླེང་གཞི་ནི་མཉན ་ཡོད་ནའོ། ། དེ་ནས་བུ་རམ་གྱི་དབུ་བ་སློང་བ་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་མིན་པར་རང་གི་དོན་ཏུ་ཁྱིམ་དག་ཏུ་བུ་རམ་གྱི་དབུ་བ་བསླངས་ནས་འཆའ་འམ་ཟ་ན། དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས ་ལ་འཕགས་མ་ཕྲད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ་ཞེས་བྱ་བ་ནས་བུ་རམ་གྱི་དབུབ་ཞེས་བྱ་བ་ནི ་བུ་རམ་གྱིའོ། ། ཞེས་བྱ་བའི་བར་རོ།། སྣང་བའི་རིམ་པ་གཞན་ནི་གོང་མ་ནིག་པ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། སོ་སོང་བཤགས་པར་བྱ་བ་དྲུག་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྤྱད་རྩི་སློང་བ་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། མང ་ད་གེ་སློང་མ་གང་མིན་པར་རང་གི་དོན་དུ་ཁྱི་མ་དག་ཏུ་སྦྲང་རྩི་བསླངས་ནས་འཆའ་འམ་ཟ་ན་དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ ་སོར་བཤགས་པར་བྱ་སྟེ། འདི་ན་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཞེས་བྱ་བ་ནས་སྦྲང་རྩི་ཞེས་བྱ་བ་ནི་སྦྲང་བུའིའོ་ཞེས་བྱ་བའི་བར་རོ།། ལྟུང་བའི་རིམ་པ་གཞན་ནི་གོང་མ་དེ་ལྟེ་བ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། སོ་སོར ་བཤགས་པར་བྱ་བ་བདུན་པའོ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཉ་ཤ་དག་སློང་བ་དང་ཞེས་བྱ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མི་ན་པར་རང་གི་དོན་དུ་ཁྱིམ་དག་ཏུ་ཉ་ཤ་བསླངས་ནས་འཆའ་འ་མ་ཟ་ན་དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ ་གྲོང་མ་རྣམས་ལ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་བཆགས་སོ་ཞེས་སོ་སོར་བཤགས་པར་བྱ་བ་སྟེ། འདི་ནི་ས་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡ་གང་ཞེས་བྱ་བ་ནི་སྦོམ་དགའ་མོ་འོ་ཞེས་བྱ་བ་ནས། ་ཉ་ཤ་ཞེས་བྱ་བ་ནི་རྐུན་རྐུབ་ལ་སོགས་པའི་འོ་ཞེས་བྱ་བའི་བར་རོ།། ལྟུང་བའི་རིམ་པ་གཞན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། སོ་སོར་བཤགས་པར་བྱ་བ་བརྒྱད་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཤ་སློང་བ་དང་ཞེས་བྱ་བ་ནས་བསླབ་པ་བཅའ ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མི་ན་བར་རང་གི་དོན་དུ་ཁྱིམ་དག་ཏུ་ཤ་བསླངས་ནས་འཆབ་འམ་ཟ་ན་དགེ་སློང་མ་དས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས ་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ་ཞེས་བྱ་བ་ནས་ཤ་ཞེས་བྱ་བ་ནི་ཕྱུགས་ལ་སོགས་པའིའོ་ཞེས་བྱ་བའི་བར་རོ།། ལྟུང་བའི་རིམ་པ་གཞན་ནི་གོད་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཐུན་པར ་བྱའོ། ། སོ་སོར་བཤགས་པར་བྱ་བ་དགུ་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཤ་སྐམ་སློང་བ་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མིན་པར་རང་གི་དོན་དུ་ཁྱིམ་དག་ཏུ་ཤ་སྐམ་བསླངས་ནས་འཆའ་འམ་ཟན ་དགེ་སླང་མ་དེས་དབྱར་ཁང་དུ་སོར་ནས་དགེ་སློང་མ་རྣམས་ལ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་ཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་བཞིན་ནོ།། ཡང་གང་ཞེས་བྱ ་བ་ནི་སྦོམ་དགའ་མོའོ་ཞེས་བྱ་བ་ནས་ཤ་སྐམ་ཞེས་བྱ་བ་ནི་ཤ་སྐམ་པོའོ་ཞེས་བྱ་བའི་བར་རོ། ། ལྟུང་བའི་རིམ་པ་གཞན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། སོ་སོར་བཤགས་པར་བྱ་བ་བཅུ་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་སྡེ་དཔོན་སེ་གེས། ་བདེན་པ་རྣམས་མཐོང་བ་དང་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས་དགེ་འདུན་གྱིས་བསླབ་པའི་སྡོམ་པ་བྱིན་པ་དང་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་དེར་ཞུགས་ནས་བསོད་སྙོམས་བླངས་པ་དང་། དེ་ནས་དེ་དག་ལ་དགེ་སློང་མ ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་ཁྱིམ་དེར་བསླབ་པའི་སྡོམ་པ་མ་བྱིན་ནམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་བྱིན་གྱི་དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་ན་དོན་ཉུང་བའི་དགེ་སློང་མ་དགེ་སྨོད་པར་བྱེད་པའི་སྐབས་དེ་བཅོམ ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་མ་ཏུ་མཛད་དེ། དགེ་སློང་མ་དག་དག་འདུན་གྱི་བསླབ་པ་བཅས་པའི་ཁྱིམ་གང་དག་ཡིན་པ་ནི་བསླབ་པའི་སྡོམ་པ་བཅས་པ་ཡིན་ཏེ། ཡང་དགེ་སློང་མ་གང་ཐོབ་པར ་ག་རགས་པའི་ཁྱིམ་བསླབ་པའི་སྡོམ་པ་བཅས་པ་དེ་ལྟ་བུ་དག་ཏུ་སྔར་མ་པོས་བཞིན་དུ་སོང་ནས་རང་གི་ལག་གིས་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་འམ་ཟན་དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོ ་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན ་གྱིའོ། ། སློབ་པར་གྲགས་པའི་ཁྱིམ་གང་དག་ཡིན་པ་ཞེས་བྱ་བ་ནི་བདེན་པ་མཐོང་བ་དག་གིའོ།། བསླབ་པའི་སྡོམ་པ་བཅས་པ་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ།། སྔར་མ་པོས་བཞིན་དུ་ཞེས་བྱ་བ་ནི་འགྲོན་དུ་མ་གཉེར་བར་རོ།། སོང་སྟེ་ཞེས་བྱ་བ་ནི་སོང་ནས ་སོ། ། རང་གི་ལག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའོ།། བླངས་ཏེ་འཆའ་འམ་ཟ་ན་ཞེས་བྱ་བ་ནི་ལྐོག་མར་ཁམ་གྱིས་མེད་པའོ།། དགེ་སློང་མ་དེས་ཞེས་བྱ་བ་ནི་གང་ཡིན་པའི་དགེ་སློང་མ་དེས་སོ།། ་དབྱར་ཁང་དུ་ཞེས་བྱ་བ་ནི་གཙུག་ལག་ཁང་དུའོ།། དགེ་སློང་མ་རྣམས་ལ་ཞེས་བྱ་བ་ནི་ཚེས་འདི་བདག་ལའོ།། སོ་སོར་བཤགས་པར་བྱའོ་ཞེས་བྱ་བ་ནི་འཐོལ་བར་བྱའོ།། འཕགས་མ་སྨད་པའི་གནས་ཞེས་བྱ་བ་ནི་དགེ་སློང་མས་དེ་བྱ་བ་མ་ཡིན་པའོ།། མི་རིགས་པ་ཞེས ་བྱ་བ་ནི་ཆགས་པར་འགྱུར་བའོ། ། སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་བྱ་བ་ནི་ངེས་པར་འཐོལ་བ་པའོ།། ཆོས་འདི་ནི་སོ་སོར་བཤགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་གདོན་མི་ཟ་བར་འཐོལ་བར་བྱ་བའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ ་སློང་མས་ཇི་ཙམ་ཅུང་ཟད་སློབ་པར་གྲགས་པའི་ཁྱིམ་བསླབ་པའི་སྡོམ་པ་བཅས་པ་དག་ཏུ་སྔར་མ་བོས་བཞིན་དུ་ཞེས་བྱ་བ་ནས། འཆོས་སམ་ཟོས་ན་ཐམས་ཅད་དུ་སོ་སོར་བཤགས་པར་བྱ་བར་འགྱུར་རོ་ཞེས་བྱ་བའི་བར་རོ།། གལ་ཏེ་ཐོག་མ་ཉིད་ནས་བོས་པའམ། བསླབ་པའི ་སྡོམ་པ་བག་ཡོངས་སུ་གནང་བ་བྱིན་པ་ལ་ནི་ལྟུང་བ་མེད་དོ། ། སོ་སོར་བཤགས་པར་བྱ་བ་བཅུ་གཅིག་པ་རྫོགས་སྷོ།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས་སོ་སོར་བཤགས་པར་བྱ་བ་རྣམས་རྫོགས་སྷོ།། །། ད་ནི་བསླབ་པ་རྣམས་སྨྲ་བར་བྱ་སྟེ། དེ་ལ ་བསླབ་པ་རྣམས་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ་འདི་ཡིན་ཏེ། སྡོམ་ལ། ཆོས་གོས་ལེགས་བགོ་མགོ་མི་གཡོག། མཆོད་དང་ལུས་ནི་སྒྱུར་བ་དང་། འདུག་པ་དང་ནི་རྐང་པ་དག། ཚོགས་སུ་ཡང་དག་བསྡུས་པ་ཡིན།། སངས་རྒྱས་བཅོམ་ལྡན་འདས་སྒྲ་ཅན་གྱི་དྲང ་སྲིང་ཀུན་འཛིན་ཀའི་འདུག་གནས་ན་བཞུགས་སོ། ། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གོ་ཏ་མིའི་ཤཱཀྱ་མོ་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་བགོས་པ་ལྔ་བརྒྱ་ཙམ་དང་ལྷན་ཅིག་སྒྲ་ཅན་གང་ན་བ་དེར་རྒྱུ་ཞིང་དོང་སྟེ། རིམ་གྱིས་རྒྱུ་ཞིང་དོང་བ་ན་སྒྲ་ཅན་གྱི་དྲང་སྲོང་ཀུན་འཛིན ་ཀའི་འདུག་གནས་སུ་ལྷགས་སོ། ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྐྱེད་དབུའི་བདག་པོ་ཆེན་མེ་གཽ་ཏ་མཱི་ལ་བརྟེན་ནཔ་ཆོས་འདུལ་བ་འདི་ལ་དགེ་སློང་མ་རྣམས་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པར་རྗེམ་སུ་གནང་བར་མཛད་པ་དེའི་ཚེ་དེ་དག ་བདག་ཅག་གིས་དེ་སྦྱར་གིས་དག་བགོ་པར་བྱ་ཞེས་མ་ཤེས་པའི་སྐབས་དེ་དགེ་སློང་ས་རྣམས་ཀྱིས་དགེ་སྦྱོང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་ཏཿདེ་རྗེངས་པམ་ཛེ།། ་པ་དང་། ཧ་ཅད་འཇོལ་བ་མ་ཡིན་པཟླུམ་པོར་བགོ་བར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་གོས་དེ་ལྟར་བགོ་བར་བྱའོ་ཞེས་གསུངས་པ་དེའི་ཚེ་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་ཏེ་རང་བཞིན་དུ་གནས་པའི་དགེ་སློངས་དེ་རྣམས་ཀྱིས་ཆོས་གོས་དང་ཤས ་ཐབས་བགོས་སོ། ། དེ་ནས་དུས་གཞན་ཞིག་ན་དགེ་སློང་མ་བཅུ་གཉིས་སྡེ་དག་ཤམ་ཐབས་ཧ་ཅང་རྩེངས་པར་གྱོན་པ་དང་།། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་ཅིའི་ཕྱིར་ཤམ་ཐབས་ཧ་ཅད་རྩེངས་པར་གྱོན། དེ་དག་གིས་འདི་སྐད་ཅེས་ཁོ་མོ་ཅག ་ཁྱིམ་པ་ན་འདི་ལྟར་གོམས་སོ་ཞེས་སྨྲས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཆོས་གོས་དང་ཤམ་ཐབས་ཧ་ཅང་རྩེངས་པར་བགོ་བར་མི་བྱའོ། ། དེ་བཞིན་དུ་ཤམ་ཐབས་ཧ་ཅང་འཇོལ་བར་བགོ་བར་མི་བྱའོ་ཞེས་དེ་ལྟར་བསླབ་པའི་གཞི་བཅའ་བར་མཛད་པ་དང་། ་དེ་དག་ཤམ་ཐབས་གྱོན་པ་ན་གློ་དག་ཏུ་ལྟེབས་པར་བྱེད་ནས་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་ཅིའི་ཕྱིར་ཤམ་ཐབས་གྱོན་པ་ན་གློ་དག་ཏུ་ལྟེབས་པར་བྱེད། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱིམ་པ་མོ་དག་འདི་ལྟར་གྱོན་ནོ།། དེ་དག་ལ་དཔེ ་སློང་མ་རྣམས་ཀྱིས་ཅི་ཁྱེད་ཅག་ཁྱིམ་པ་མོ་ཡིན་ནས་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། ཤས ་ཐབས་དང་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག་ཆོས་གོས་གླང་པོ་ཆེའི་སྣ་ལྟར་གྱོན་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཐུན་མོ་དག་ཁྱེད་ཅིའི་ཕྱིར་ཆོས་གོས་གླང་པོ་ཆེའི་སྣ་ལྟར ་གྱོན། དེ་དག་གིས་འདི་སྐད་ཅེས་ནོར་ཅན་དང་། ཚོང་དཔོན་དང་དེད་དཔོན་དག་འདི་ལྟར་མོན་ནོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་དང་ཤམྲ་ཐབས་གླང་པོ་ཆེའི་བྷཱུ་ལྟར་མ་ཡིན་པ་དང་། སྦྲུ་ལའི་ལོ་མ་ལྟར་བྱགབ་པར་ཡིན་པ། ་དང་། འབྲིའི་བུར་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པ་དང་། སྦྲུལ་མགོ་གདོངས་ཀ་དགུ་པོ་ལྟར་མ་ཡིན་པར་བགོ་བར་བྱའོ།། གླེང་གཞིནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག་ཕྲག་པ་ཕྱུང་ནས་ཁྱིམ་དག་ཏུ་འདོང་བན་དེ་དག་ལ་དག ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་ཁྱེད་ཅག་ཅིའི་ཕྱིར་ཕྲག་པ་བྱང་ཞིང་འདོད། དེ་དག་གིས་འདི་སྐད་ཅེས་རེ་ཤིག་གཡོན་ཅན་དག་གིས་མཐོང་ན་དེ་དག་གི་སྙིང་འགས་པར་འགྱུར་བར་བྱའོ་ཞེས་སྨྲས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་གཤིན ་དུ་བསྡམས་པ་དང་། ལེགས་པར་བགོས་པས་ཁྱིམ་གྱི་ནང་དུ་འཇུག་པར་བྷིའོ།། ཁྱིམ་དག་ཏུ་འཇུག་པ་ན་སྒྲ་མཐོན་པོ་དང་། སྒྲ་ཆེན་པོས་འདོད་པ་དང་། བཅོམ་ལྡན་འདས་ཀྱིས་བཀར་སྩལ་པ། གཅོམ་སྣང་ཞིང་འཇུག་པར་བྱའོ།། དེ་ནས་ཕན་ཚུན་དུ་ལྟ་ཞིང་འདོད་པ ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་མི་གཡེང་བར་ཁྱིམ་གྱི་ནང་དུ་འཇུག་པར་བྱའོ།། དེ་དག་མདུན་དུ་མི་ལྟ་བར་འདོད་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་བསྡམས་པ་དང་། ལེགས་པར་བགོས་པ་དང་། བཅོམ་བསྲུངས་པ་དང་། མིག ་མི་གཡེང་ཞིང་གཉ་ཤིང་གང་ཙམ་དུ་ལྟ་བས་ཁྱིམ་གྱི་ནང་དུ་འཇུག་པ་དང་། འཇུག་པར་བསླབ་པར་བྱའོ།། དེ་ནས་གཅུ་གཉིས་སྡེ་དག་མགོ་གཡོགས་ནས་འདོད་བ་ན་དེ་དག་ལ་ཁྱེད་ཅག་ཅིའི་ཕྱིར་དེ་ལྟར་བྱེད་ཅིང་འདོད་ཞེས་དྲིས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ་ཁོ་མོ་ཅག་སྔོན་དྲ་མ་དག་གི་མནའ་མར་གྱུར་པ་ན་ཁྱིམ་དག་ན་འདི་ལྟར་བྱེད་དོ།། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱེད་ད་དུང་ཡང་དྲ་མ་དག་གི་མནའ་མ་ཡིན་ནམ། དེ་དག་འདི་སྐད་ཅེས་མི་ཤེས་པ་གང་ཡིན་པ་དེ་སྤངས་པར་འགྱུར་ཞིང་། ཁྱེད་ཅག་ཀྱང་བསླབ ་བཔ་ཟླབ་པར་འགྱུར་རོ་ཞེས་སྨྲས་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མགོ་གཡོགས་ཏེ་ཁྱིམ་གྱི་ནང་དུ་འདོང་བར་མི་བྱའོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་བརྒྱད་པ་སྟེ་ཐ་མའོ།། དེ་ནས་བཅུ་གཉིས་སྡེ་དག ་ལག་པ་གཉིས་ཀྱིས་ཤིང་ང་དཔུང་ཆད་བརྗེས་ནས་འདོད་པ་ན། དེ་རྣམས་ཀྱིས་ཁྱེད་ཅག་ཅིའི་ཕྱིར་དེ་ལྟར་བྱེད་ཅིང་འདོང་ཞེས་དྲིས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། རྔ་མའི་མནའ་མ་དག་འདོད་ན་དེ་ལྟར་བྱེད་དོ།། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཅི་བྱེད ་ཅག་དྲ་མའི་མནའ་མ་ཡིན་ནམ། བཅུ་གཉིས་སྡེ་དག་གིས་འདི་སྐད་ཅེས་མི་ཤེས་པ་གང་ཡིན་པ་དེ་སྤངས་པར་གྱུར་ཞིང་། ཁྱོད་ཅག་ཀྱང་བསླབ་པ་ལ་བསླབས་པར་འགྱུར་རོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་བརྫེ་བར་ཁྱིམ་དེར་འཇུག་པར་བྱའོ།། དེ ་ནས་བཅུ་གཉིས་སྡེ་དག་ཇི་ལྟར་ཕྱུགས་རྫི་དག་འདོད་པ་བཞིན་དུ་ཆོས་གོས་དག་ཕྲག་པ་ལ་གཟར་ཏེ་འདོད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་གཟར་བར་ཁྱིམ་གྱི་ནང་དུ་འཇུག་པར་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱེའུ་དག་བྱིས་པའི་གླ་གང་དུག་འདི་ལྟར་འདོན ་ཏོ་ཞེས་གཉའ་གོང་དུ་བསྣོལ་ཏེ་ཁྱིམ་གྱི་ནང་དུ་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉའ་གོང་དུ་མི་བསྣོལ་བར་ཁྱིམ་གྱི་ནང་དུ་འཇུག་པར་བྱའོ་ཞེས་བྱ་བའི་བར།། དེ་ནས་གཅུ་གཉིས་སྡེ་དག་ཕྲག་པ་གཉིས་ལ་གཟར་ནས་ཁྱིམ་གྱི་ནང་དུ་འདོང་བ་ནས་ཞེས་བྱ་བ ་ནས། འདི་སྐད་ཅེས་གཡོག་དག་འགྲོ་བ་ལྟར་འདོང་ངོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མགོ་མི་གཡོག་པ་དང་། མི་བརྫེ་བ་དང་། མི་གཟར་བ་དང་། གཉའ་གོང་དུ་མི་བསྣོལ་བ་དང་། ཕྲག་པ་གཉི་ག་ལ་མི་གཟར་བར་ཁྱིམ་གྱི་ནང་དུ་འཇུག་པ་དང་། ་འདུག་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་གཡོན་ཅན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་གདརྒྱངས་དག་བྱེད་ཅིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ ་གཉིས་སྡེ་དག་བཅོས་མ་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་འགྲུམ་ཞིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་རྐང་པའི་བྲང་བ་དྲས་བ་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་དང་པ ་ཐ་བས་འཛུགས་ཤིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་འབིགས་པ་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་འཕྱེ་ཞིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ནོར་ཅན་དང་། ཚོངས་དཔོན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་དཀུར་བརྟེན་ཅིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་བགང་བ་དང་། ་མི་མཆོང་བ་དང་། བྲང་བས་མི་གཟུག་པ་དང་། མི་འཕྱེ་བ་དང་། དཀུར་མི་བརྟེན་པར་ཁྱིམ་གྱི་ནང་དུ་འཇུག་པ་དང་། འདུག་པར་བསླབ་པར་བྱའོ་ཞེས་བྱ་བའི་བས།། དེ་ནས་བཅུ་གཉིས་སྡེ་དག་གླང་པོ་ཆེ་དགེ་འདི་ལྟར་འགྲོའོ་ཞེས་ལུས་སྒུར་ཤིང་འགྲོ་ཞེས ་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་སྒྱུར་ཞིང་ཁྱིམ་གྱི་ནང་དུ་འཇུག་པར་མི་བྱའོ་ཞེས་བྱ་བའི་བར།། དེ་ནས་བཅུ་གཉིས་སྡེ་དག་ནོར་ཅན་དང་ཆོས་དཔོན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་ལག་པ་དཀྱོགས་ཀ་བྱེད་ཅིང་འགྲོ་ཞེས་བྱ་བ ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱིའོ་ཞེས་བྱ་བའི་བར་རོ།། དེ་ནས་གཉིས་སྡེ་དག་སྲོག་ཆགས་རྩངས་པ་དག་འདི་ལྟར་འགྲོའོ་ཞེས་ཁྱིམ་གྱི་ནང་དུ་མགོ་སྦྱར་ཞིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར ་འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ། ། དེ་ནས་བཅུ་གཉིས་སྡེ་དག་གཡོན་ཅན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་ལག་པ་སྦྲེལ་ཏེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག ་ཤིང་འཐུན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་ཕྲག་པ་སྤྲད་ཅིང་འགྲོ་ན་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་མི་སྦྱར་བ་དང་། ལག་པ་མི་བཀྱོག་པ་དང་། མགོ་མི་བསྒྱུར་བ་དང་། ལག་པ་མི་སྦྲེལ་བ་དང་། ཕྲག་པ་མི་སྤྲད་པར ་ཁྱིམ་གྱི་ནང་དུ་འཇུག་པ་དང་། འདུག་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་བྲམ་ཟེ་དང་། ཁྱིམ་བདག་དག་གི་ཁྱིམ་དུ་མ་བསྒོ་བར་སྟན་དག་ལ་འདུག་པ་དང་། དེ་དག་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་འདུག་པར་མི་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འཆར་ཀ་ལས་བརྟེན་ཏེ་སྟན་ལ་སོ་སོར་བརྟགས་ཏེ་འདུག་པར་བྱའོ་ཞེས་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་ཡང་བཅུ་གཉིས་སྡེ་དག་ཁྱིམ་གྱི་ནང་དུ་རྟ་ལམ་བརྟགས་པར་འདུག་པ་ནས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། དེ་སྦྱར་འདུག་པར་མི་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སེར་སྐྱའི་གཞིར་འཆར་ཀ་ལས་བརྟེན་ཏེ་ལུས་ཐམས་ཅད་ཀྱིས་ལྗིད་ཀྱིས་ལནན་ཏེ་འདུག་པར་མི་བྱའོ་ཞེས་བྱ་བསླབ་པའི་གཞིབཅའ་བ་མཛད་པ་དང་། དེ་ནས ་གཉིས་སྡེ་དག་བྱིས་ཀྱི་ནང་དུ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་གནན་ཏེ་འདུག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་འདུག་པར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་གཡོན་ཅན་དག་འདི་ལྟར་འདུག་གཞེས་ཁང་པའི་ནང་དུ་གང་པ་བསྔོལ་ནས་འདུགས ་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ནོར་ཅན་དང་། ཚོངས་དཔོན་དག་འདི་ལྟར་འདུག་གོ་ཞེས་ཁྱིམ་གྱི་ནང་དུ་བརླ་བསྣོལ་ཏེ་འདུག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། ཁྱིམ་གྱི་ནང་དུ་མ་བསྒོ་བར་བསྟན་ལ་འདུག་པར་མི་བྱ་བ་དང་། སོ་སོར་མ་བརྟགས་པ་མ་ཡིན་པ་དང་། ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་མནན་པ་དང་། རྐང་པ་མི་བསྣོལ་བ་དང་། བརླ་མི་བསྣོལ་བར་ཁྱིམ་གྱིས་ནང་དུ་འདུག་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས ་བཅུ་གཉིས་སྡེ་དག་གར་ལ་ལྟ་བ་དག་འདི་ལྟར་འཁོད་དོ་ཞེས་སྟན་ཅིག་ལ་དཀུ་དང་དཀུར་སྤང་ནས་འདུག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་སེམས་ཁོངས་སུ་ཆུད་པ་དག་འདི་ལྟར ་འཁོད་དོ་ཞེས་ལོང་བུའི་སྟེང་དུ་ལོང་བུ་གཞག་སྟེ་འདུག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་རྐང་པ་བཀུག་སྟེ་འདུག་པ་དང་། དེ་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཆུད་མ་དག་འོངས ་ནས་རྐང་པ་ལ་ཕྱག་བྱེད་པ་ན་དེ་དག་གིས་རྐང་པ་ཕྱེ་བ་དང་། དེ་དག་གི་མགོ་བོས་ལ་ཐུག་ནས་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་བཀུག་སྟེ་འདུག་པར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་གྱི་ནང་དུ་རྐང་པ་དངས་ནས་འདུག་པ་དང་། བྲམ ་རང་ཁྱིམ་བདག་གི་ཆུང་མ་དེ་དག་འོངས་ནས་རྐང་པ་ལ་ཕྱག་བྱས་པ་དང་། དེ་ནས་བཅུ་གཉིས་སྡེ་དག་གིས་དེ་དག་ལ་ནད་མེད་པར་གྱུར་ཅིག་ཅེས་བྱ་བའི་ཚིག་བྱེད་སྨྲས་པ་ན། འདི་སྐད་ཅེས་ཅིའི་ཕྱིར་ན་དེ་མེད་པར་གྱུར་ཅིག་ཅེས་རྫོགས་པར་མི་གསུང་ཞེས་སྨྲས་པ་དང་། བཅུ་གཉིས་སྡེ། ་ངག་གིས་འདི་སྐད་ཅེས་འདི་ལྟར་ཁྱེད་ཀྱིས་རྐང་པ་ཡ་གཅིག་ལ་ཕྱག་བྱས་ཀྱིས་རྐང་པ་ཡ་གཅིག་ལ་ཡང་ཕྱག་བྱོས་ཤིག་དང་བྱའོ་ཞེས་སྤྲས་པ་ན་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་གདངས་ཏེ་འདུག་པར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག ་ཁྱིམ་གྱི་ནང་དུ་རྐང་པ་ཧ་ཅང་བཀུག་ཏེ་སྟེ་འདུག་པ་དང་། ཇི་ཙམ་ན་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དག་ཕྱུག་བྱེད་པ་ནི་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། དཀུ་དང་ཀུར་མི་སྨད་པ་དང་། ལོང་བུའི་སྟེང་དུ་ལོང་བུ་མི་བཞག་པ་དང་། རྐང་པ་མི་དགུག་པ་དང་། རྐང་པ་མི་གདང་། ་བར་ཁྱིམ་གྱི་ནང་དུ་འདུག་པར་བསླབ་པར་བྱའོ།། སྡོམ་ལ། ལེགས་པར་ཐང་དང་མ་འོངས་དང་། གཙུག་ཙུག་འབྲུ་ནི་འབྱེད་པ་དང་།། ལག་པ་དང་ནི་ཁ་ཟིར་དང་།། མ་བཏིང་བ་དང་། འགྲེད་སྟེ་མིན།། སངས་རྒྱས་བཅོམ་ལྡན་འདས་ཡུལ་བྷ་གའི་ཆུ་སི་དབྱིས་པ་གསོད་ཀྱི་རི་འཇིགས་རུང་གི་ཚལ་རི ་དགས་ཀྱི་ནགས་ན་བཞུགས་སོ། ། དེའི་ཚེ་རྒྱལ་བུ་རྟོགས་ལྡན་གྱིས་ཆུ་སྲིན་བྱིས་པ་གསོད་ཀྱི་རིལ་ཁང་བཟངས་པད་མ་དཀར་པོ་ས་ར་བ་ཅན་ཞེས་བྱ་བ་ཞིག་ཅིག་ཏུ་བཅུག་ནས་དེར་སངས་རྒྱས་བཅོམ་ལྡན་འདས་དགེ་སློང་དང་དགེ་སློང་མ་རྣམས་དང་ཐབས་ཅིག་སྤྱན་དྲངས་སོ།། དེ་ནས་རྒྱལ་བུ ་གཞོན་ནུ་རྟོགས་ལྡན་གྱི་འཁོར་ནི་མ་དད་པ་ཡིན་པས་དེ་དག་གིས་ཁ་ཟས་ཀྱི་གོང་བུ་དྲག་ཏུ་བོར་བས་དགེ་སློང་མ་རྣམས་ཀྱི་ལག་པ་དང་ལྷུང་བཟེད་གཅོག་པར་བྱེད་དོ། ། དེ་ནས་ཡང་ཕྱོགས་གཅིག་ན་བཅུ་གཉིས་སྡེ་དག་འཁོད་པས་དེ་དག་གིས་གཅིག་ལག་ཅེག་འདི་སྐད་ཅེས་གཙུག་དགའ་མོ།། ་ཉེ་དགའ་མོ།། སྤོས་དགའ་མོ། བདག་ཅག་གིས་བུ་བསོད་མེའི་བུ་འདི་དག་བསླབ་པར་བྱའོ་ཞེས་སྨྲས་ནས་གང་གི་ཚེ་ཁ་ཟས་འོང་བ་དེའི་ཚེ་ལྷུང་བཟེད་བཟེད་ནས་ཕྱིར་བཀྱེད་པ་དང་འབྲས་ཆན་དེ་དག་ས་ལ་བོ་བ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་བ། ལགས་པར་ཁཟས་བླང་བར་བྱའོ།། དེ་བཞིན་དུ་ཁྱིམ་ཞིག་ཏུ་སྤྱན་དྲངས་པ་དང་ཞེས་བྱ་བའི་བར་དུ་སྟེ། འབྲས་ཆན་དང་ཚད་མཇི་སྙེད་ཀྱིས་སྲུང་བཟེད་ནས་ས་ལ་འབོབ་དེ་སྙེད་བླངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མུ་དང་ཁང་ཆེད་མ་ཡིན་པར་བ ་ས་ཐད་པར་བྱའོ། ། མཉན་ཡོད་དུ་བྱས་བདག་གཅིག་གིས་ཞེས་བྱ་བ་ནས་ཁྱིམ་དུ་སྤྱན་དྲངས་ས་ཞེས་བྱ་བའི་བར་ཏེ། བཅུ་གཉིས་སྡེ་དེ་དག་ལ་འབྲས་ཆན་དང་ཚོད་མ་མཉམ་པར་བྲིམས་པ་ན་ལྷག་པར་སྤོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཟན་འབྲས་ཅན་དང་མཉམ་པར་བཟའ་བར་བྱའོ།། དེ་བཞིན་དུ་ཡང་ཁྱིམ་བདག་ཅིག་གི་ཁྱིམ་དུ་སྤྱན་དྲངས་པ་དང་ཞེས་བྱ་བའི་བར་ཏེ། དེ་ཡང་འབྲས་ཆན་ནི་མངལ་ཚད་མ་ནི་ཆེས་ཉུང་བ་དང་། དེ་དག་འབྲས་ཆན་གྱིས་ཚོད་མ་བཀབ་ནས་ཡང་སློང་བར་བྱེད་པ་ནས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲས་ཆན་གྱིས་ཚོད་མ་དགབ་པར་མི་བྱའོ།། དེ་བཞིན་དུ་གཞན་དུ་ཡང་ཞེས་བྱ་བའི་བར་ཏེ་ཚོད་མ་ནི་མེང་པ་འབྲས་ཆན་ན་ཉུང་བ་དང་། དེ་དག་མང་དུ་འདོད་པའི་ཕྱིར་ཚེད་མས་འབྲས་ཆན་གས་པ་ནས། བཅོམ་ལྡན་འདས་ཀྱིས་བཀས ་སྩལ་པ། ལེགས་པར་ཁ་ཟས་བླངས་ཏེ་བཟའ་བ་དང་། ཁང་ཆད་དུ་མ་ཡིན་པ་དང་ཚོད་མ་དང་མཉམ་པ་དང་། མང་དུ་འདོད་པའི་བྱར་འབྲས་ཆན་གྱིས་ཚོད་མ་མི་དགབ་པ་དང་ཚོད་མས་འབྲས་ཆན་མི་དགབ་པར་བསླབ་པར་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་བཅའ་བ་རྣམས་མ་འོངས ་པར་ལྷུང་བཟེད་བཟེད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟེང་བར་མི་བྱའོ།། དེ་ནས་སྦོམ་དགའ་མོའི་མདུན་ན་གྲལ་གྱི་སྣ་ལ་དགེ་སློང་མ་རབ་ཏུ་བྱུང་བ་རྒན་མོ་ཞིག་ཁ་གདངས་ཏེ་འདུག་པ་དང་། དེ་ནས་སྦོམ་དགའ་མོས་དེའི་ཁར་ལ་ཐུ་ཞིག་བཙངས་པ་ནས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁམ་མ་གཟས་པར་ཁ་གདང་བར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག། ཁ་ཟས་ཟ་བ་ན་སྒྲ་འབྱིན་པར་བྱེད་པ་དང་། དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཀྱེ་ཕུ་ནུ་མོ་དག་དེ་ལྟར་བྱེད་པ་ཅི་ཐ་ཚིག། དེ་དག་གིས་འདི་སྐད་ཅེས་མིང་བརྗེད་ན་མི ་རུང་ངོ་། ། ཞེས་སྨྲས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཁམ་གྱིས་བཀང་བ་དང་བཅས་པས་སྨྲ་བར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་འབྲས་ཆན་འབྲུ་གཉིས་སམ་གསུམ་ཞིག་ཁར་འཇུག་པ་དང་ཞེས་བྱ་བ་ནས་འདི་སྐད་ཅེས་ཡི་གར་མི་འོང་བ་ལ་བྱིན་པ ་དག་འདི་ལྟར་ཟའོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་མ་ཧ་ཅང་ཆུང་བར་མ་ཡིན་པར་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་ཁམ་ཧ་ཅང་ཆེ་བར་ཁར་འཇུག་པར་བྱེད་པ་དང་ཞེས་བྱ་བ་ནས་འདི་སྐད་ཅེས་ལྟོག་པ་དག་འདི་ལྟར་ཟའོ་ཞེས་སྨྲས ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅའ་བ་དང་བཟའ་བ་མ་འོངས་པར་སྲུང་བཟེད་བཟེད་པར་མི་བྱ་བ་དང་། ཁམ་མ་བཟས་པར་ཁ་གདང་བར་མི་བྱ་བ་དང་། ཁ་ཁམ་གྱིས་བཀང་བ་དང་ཅས་པས་སྨྲ་བར་མི་བྱ་བ་དང་། ཁམ་ཧ་ཅང་ཆུང་བ་མ་ཡིན་པ་དང་། ་ཧཅང་ཆེ་བ་མ་ཡིན་པར་ཁམ་རན་པར་བྱ་བ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཁ་ཟས་ཅུ་གཙུག་བྱེད་ཅི་ཟ་བ་ན་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ་དེ་ལྟར་བྱད་པ་ཐ་ཚིག། དེ་དག་གིས་འདི་སྐད་ཅེས་བྱིས་པ་དག་པ་འདི་ལྟར་བྱེད་དོ ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཙུག་ཙུག་མི་བྱ་བར་ཁ་ཟས་བཟའ་བར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཧུ་ཧུ་བྱེད་ཅིང་ཁ་ཟས་ཟ་བ་ན་ཞེས་བྱ་བ་ནས་འདི་སྐད་ཅེས་ནད་པ་ཡི་གར་མི་འོང་བ་དག་འདི་ལྟར་ཟའོ་ཞེས་སྨྲས་པ་ནས་བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། བཟའ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་ཁྱིམ་བདག་གཅིག་གི་ཁྱིམ་དུ་དགེ་སློང་མའི་དགེ་འདུན་འགྲོན་དུ་བོས་པ་ན་དེས་འབྲས་ཆན་ནི་མང་ལ་ཚོང་མ་ཉུང་ངུ་བྲིམས་པ་དང་། དེ་དག་དགོད་པའི་བསམ་པས་སུག་བལྕག་བྱེད་ཅིང་ཟ་བ་དང་། དེ་ནས་ཁྱིམ་བདག ་དེ་ཞུམ་ཞུམ་པོར་གྱུར་ནས་འདི་སྐད་ཅེས་འཕགས་མ་དག་འབྲས་ཆན་སྐམ་པར་བདག་གིས་འཆལ་མོད་ཀྱི། ཚོད་མའི་རྗེ་བུ་ཆག་ལགས་སོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕག་ལྕག་མི་བྱ་བར་ཁ་ཟས་བཟའ་བར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཁྱིམ་བདག ་ཅིག་གིས་འགྲོན་དུ་བོས་པ་ན་ཁྱིམ་བདག་དེ་ཡང་དབུལ་པོ་ཞིག་ཡིན་པས་དེས་དགུན་ཀའི་དུས་ན་ཁ་ཟས་ཟང་མོ་དག་བྲིམས་པ་དང་། དེ་དག་དགོད་པའི་བསམ་པས་པུ་ཕུ་ཞེས་བྱས་ཏེ་ཟ་བར་བྱེད་དོ།། དེ་ནས་ཁྱིམ་བདག་དེ་ཞུམ་ཞུམ་པོར་གྱུར་ནས་འདི་སྐད་ཅེས་འཕགས་མ་དག་གིས ་འཆལ་མོད་ཀྱི། བདག་གཞི་ངན་པས་ཅི་བགྱིར་ཡང་མ་མཆིས་སོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུ་བུ་མི་བྱ་བར་ཁ་ཟས་བཟའ་བར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ལྗོངས་རྒྱུ་ཞིང་དོང་བ་ན་ཞིང་པའི་ཁྱིམ་ཞིག་ཏུ་ཕྱིན་པ ་དང་དེ་དག་གིས་གནས་དེར་ཆོས་གོས་དག་སྤྲུགས། རྐང་པ་དང་ལག་པ་དག་བཀྲུས་ནས་ཟས་ཀྱི་བྱ་བ་ལ་ཞུགས་པ་དང་། དེ་ནས་ཁྱིམ་ཅིག་ཤོས་སུ་ཡང་གཅེར་བུ་བདག་ལྷགས་ནས་ཇི་ཙམ་ན་དེ་དག་ཀྱང་ཟས་ཀྱི་བྱ་བ་ལ་ཞུགས་སོ།། དེ་ནས་བཅུ་གཉིས་སྡེ་དགོད ་པའི་བསམ་པ་ཅན་དག་གིས་ཁ་ཟས་ལ་རྫོགས་བྱེད་ཅེས་བྱ་བའི་མཆོད་རྟེན་བྱས་ནས་ལ་ཕུག་གི་སྲོག་ཤིང་བཙུགས་ཏེ་གཅེར་བུ་པ་དེ་དག་ལ་འདི་སྐད་ཅེས་འདི་ནི་བྱེད་ཀྱི་སྟོན་པའི་མཆོད་རྟེན་ཡིན་ནོ་ཞེས་སྨྲས་ནས། དེ་ནས་མཆོད་རྟེན་དེ་ལས་ཁམས་ཀྱིས་ཅད་དེ་ས ་ཞིང་སྒྲ་གཅིག་ཏུ་འདི་སྐད་ཅེས་རྫོགས་བྱེད་ཀྱི་མཆོད་རྟེན་ཞིག་གོ་ཞེས་སྨྲས་པ་དང་། དེ་ནས་གཅེར་བུ་པ་དེ་དག་སྡུག་བསྔལ་ཞིང་ཡིད་མི་བདེ་བ་སྐྱེས་ནས་ངུ་ཞིང་འདི་སྐད་ཅེས་དེ་རིང་བདག་ཅག་གི་སྟོན་པ་དུས་ལས་འདས་པ་ལྟ་ཞེས་ཟེར་རོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྤྲུལ་པ། ཙུག་ཙུག་མི་བྱ་བ་དང་། ཧུ་ཧུ་མི་བྱ་བ་དང་། བལྷག་བལྕག་མི་བྱ་བ་དང་། ཕུ་བུ་མི་བྱ་བ་དང་། མཆོད་རྟེན་འདྲ་བར་སྨྲས་ཏེ་ཟས་བཟའ་བར་མི་བྱ་བར་བསླབ་པར་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་སྤང་ལེབ་ཀྱི་སྟེང་དུ་ཁ་ཟས་འཀྲམ་ནས་འབྲེར་ནས་བླངས་ཏེ་ཁར་འཇུག་པར ་བྱེད་པ་ནས། ། དེ་དག་ལ་དགེ་སློང་མ་མ་རྣམས་ཀྱིས་སྨྲས་པ། དེ་ལྟར་བྱེད་པ་ཅི་ཐ་ཚིག། དེ་དག་གིས་འདི་སྐད་ཅེས་བྱགག་དག་གཏོར་མཐུན་འདི་ལྟར་བྱེད་དོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་ལ་འབྲེར་ནས་གསལ་བར་མི་བྱའོ།། ཞེས་བྱ་བའི་བར་རོ།། ་དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་ཞིག་ཏུ་འགྲོན་དུ་བོས་ནས་དེས་དེ་དག་ལ་ཁ་ཟས་ཕལ་བདག་བྲིམས་པ་དང་། དེ་དག་གིས་ཁ་ཟས་དེ་ལ་བསྔགས་པ་དག་བརྗོད་དོ།། གཞན་གྱིས་ཡང་ཁ་ཟས་བསོད་པ་དག་བྲིམས་པ་ན་དེ་དག་ལ་སྐྱོན་དག་བརྗོད་པ་ནས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ཟས་ལ་བསྔགས་པ་དང་སྐྱོན་གདགས་པར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་ཟས་ཀྱི་ཁམ་མཁུར་བ་ནས་མཁུར་བར་སྦེད་ཅིང་ཟ་བ་ན་ཞེས་བྱ་བ་ནས། འདི་སྐད་ཅེས་ནད་པདག་འདི་ལྟར་ཟོའོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས ་མཐར་པ་སྤོ་བར་མི་བྱའོ། ། ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཁམ་བྱེད་པཅད་ཅིང་ལྕེའི་བར་བཞག་སྟེ། ཕན་ཚུན་དུ་སྟོན་ཅིང་སླར་ཡང་མིད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཟས་ལ་སྡེ་ཕྱིར་དབྱུང་བར་མི་བྱའོཞེསཿབའི་བར་རོ།། ་དེ་ནས་བཅུ་གཉིས་སྡེ་གཟས་ཀྱི་ཁམ་སོས་བཅད་ནས་དེ་དག་ལས་ཁམ་གཅིག་ནི་ཁར། གཉིས་པ་ནི་ལག་པར། གསུམ་པ་ནི་ལྷུང་བཟེད་དུ་འཇོག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྤྲུལ་པ། འབྲུ་རེ་ནས་བསལ་བར་མི་བྱ་བ་དང་། བསྔགས་པ་དང་སྐྱོན་མི ་གདགས་པ་དང་། མཐུར་བར་མི་སྤོ་བ་དང་། ལྕེ་མི་དབྱུང་བ་དང་། ཁམ་འགྲོ་མི་བཅད་པར་ཟས་བཟའ་བར་བསླབ་པར་བྱའོ།། ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཁ་ཟས་ཡོད་བཞིན་དུ་ལག་པ་ལ་ལྡག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ལག་པ་ལ་ལྡག་པར་མི་བྱའོ།། ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལྷུང་བཟེད་འཇོག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་བྱོག་པར་མི་བྱའོ།། ཞེས་བྱ་བའི་བར་རོ།། དེ་ནས་སྦོམ་དགའ་མོ་ཁ་ཟས་ཁར་བཅུག་ནས ་ལག་པ་སྤྲུག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་སྤྲུག་པར་མི་བྱའོ།། ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་ཞིག་ཏུ་འགྲོན་དུ་བོས་པ་ན། དེ་ནས་སྦོམ་དགའ་མོས་ཕྱེ་དག་རྙེད་པ་དང་། ་ལྷུང་བཟེད་བསྐྱམས་ནས་འདི་སྐད་ཅེས་ས་ཁོ་མོའི་ལྷུང་བཟེད་འདི་བླངས་པ་ཡིན་གྱིས་ལུགས་ཤིག། ལུགས་ཤིག་ཅེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་བསྐྱམས་པར་མི་བྱའོ།། ཞེས་བྱ་བའི་བར་རོ།། ་དེ་ནས་ཡང་ཁྱིམ་བདག་ཅིག་གིས་ཁྱིམ་དུ་དགེ་སློང་མའི་དགེ་འདུན་འགྲོན་དུ་བོས་ནས་དེས་བཅའ་བ་དང་། བཟའ་བ་བསོད་པ་རབ་ཏུ་མང་པོ་དག་ལྟ་གོན་བྱས་སོ།། ཡང་བཅུ་གཉིས་སྡེ་དག་གི་ནང་ན་དགེ་སློང་མ་རབ་ཏུ་བྱུང་བ་རྒན་མོ་ཞིག་འདུག་གོ། ་ཁྱིམ་བདག་དེས་ཀྱང་ཐོག་མར་དགེ་སློང་མའི་དགེ་འདུན་ལ་ཞུན་མར་དང་བྱེ་དག་བྲིམས་པ་ལས་དེ་ནས་བཅུ་གཉིས་སྡེ་དག་གིས་ཕྱེ་རབ་ཏུ་མང་དུ་བསླངས་སོ།། ཁྱིམ་བདག་དེས་ཡང་གཡོས་ཀྱི་རྣམ་གྲངས་ཉི་ཤུ་རྩ་བརྒྱད་རྒན་པའི་མཐའ་ནས ་བྲིམས་པ་དང་། དེ་ནས་རབ་ཏུ་བྱུང་བ་རྒན་མོ་དེ་རྒན་རིམས་གང་ན་བ་དེ་ལོགས་སུ་ལྟ་བར་བྱེད་པ་ན། བཅུ་གཉིས་སྡེ་དེ་དག་གིས་ཡང་རྒན་མོ་རབ་ཏུ་བྱུང་བ་དེའི་མདུན་དུ་ཁ་ཟས་ཀྱི་གོང་བུ་དག་གཏོར་ནས། འདི་སྐད་ཅེས་རྒྱལ་པོ་ང་ལས ་ནུལ་རིན་པོ་ཆེའི་ཆང་དག་འབབ་པོ་ཞེས་དེ་སྐད་གྲག་ན་ཁྱོད་ཀྱང་བསོད་ནམས་དང་ལྡན་ན་ཁ་ཟས་ཀྱི་ཆར་བབ་ཅེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་མི་ལྡག་པ་དང་། ལྷུང་བཟེད་མི་བྱོག་པ་དང་། ་ལག་པ་མི་སྤྲུག་པ་དང་། ལྷུང་བཟེད་མི་བསྐྱམ་པ་དང་། ལྷུང་བཟེད་ཀྱི་འདུ་ཤེས་ཀྱིས་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་གྲལ་ཟླའི་དགེ་སློང་མ་རྣམས་ཀྱི་ལྷུང་བཟེད་ལ་ལྟས་ན་འདིར་ནི་མང་དུ་བྲིམས་ལ་ཁོམ ་ཉུང་དུ་བྲིམས་སོ་ཞེས་ཁ་ཟེར་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཟེར་བར་འདོད་པས་དགེ་སློང་མ་གྲལ་ཟླ་རྣམས་ཀྱི་ལྷུང་བཟེད་བལྟ་བར་མི་བྱའོ།། ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ལག་པ་ཁ་ཟས་ཀྱིས ་བབགས་པས་བྱམ་བུ་མ་ལེན་པན་དེ་ལཟས་ཀྱིས་འཕགས་པས་སྦུང་བུ་དག་གིས་ཟིཟི་སྟོན་པ་དང་། ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་ཟས་ཀྱིས་འབགས་པས་ཆུ་སྣོད་ལ་གཟུང ་བར་མི་བྱའོ་ཞེས་བྱ་བའི་བར་རོ། ། དེ་ནས་ཡང་ཁྱིམ་བདག་གཅིག་གིས་དགེ་སློང་མིའི་དགེ་འདུན་འགྲོན་དུ་བོས་པ་དང་། དེ་ནས་འདུན་མ་དང་། ཉེ་དགའ་མོའི་བར་ན་དགེ་སློང་མ་སྣམ་སུར་དམར་སེར་གྱོན་པཞིག་འདུག་པ་དང་། དེས་དེ་ལ་ལྷུང་བཟེད་བཤལ ་བའི་ཆུས་གཏོར་ནས་དེ་དག་འདི་སྐད་ཅེས་བཀྲེན་མ་ངན་པ་མོ་ཁྱོད་འབའ་ཤིག་ལ་སྣམ་སྦྱར་ཡོད་དམ་ཞེས་ཁ་ཟེར་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་ཀྱིས་འབགས་པའི་ཆུས་གཏོར་བར་མི་བྱའོ་ཞེས་བྱ་བའི་བར་རོ།། གང་གི་ཚེ་ཆུ་སྲིན ་བྱིས་པ་གསོད་ཀྱི་རི་ལ་ཁང་བཟངས་པད་མ་དཀར་པོ་ཅན་ལ་བསྟེན་ནས་ཁྱིམ་གྱི་ནང་དུ་ཟས་ཀྱིས་འབགས་པའི་ཆུང་པ་བར་མི་བྱའོ་ཞེས་དགག་པ་མཛད་པ་ཁྱིམ་བདག་གཞན་ཞིག་ལ་བརྟེན་ནས་རྗེས་སུ་གནང་སྟེ། ཁྱིམ་བདག་ཡོད་པ་ལ་དྲིས་ནས་དབོ་བར་བྱའོ། ་དེ་ནས་ཡང་བཅུ་གཉིས་སྡེ་དག་གིས་མ་དྲིས་པར་ཁྱིམ་གྱི་ནང་དུ་འབོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཡོད་པ་ལ་མ་དྲིས་པར་ཟས་དང་འབགས་པའི་ཆ་ཁྱིམ་གྱི་ནང་དུ་དབོ་བར་མི་བྱའོ།། ཞེས་བྱ་བའི་བང་ངོ་།། ་མཉན་ཡོད་ན་བྲམ་ཟེ་ཞིག་གི་བུ་སེམས་འཁྲུགས་ནས། དེ་མཉན་ཡོད་དུ་སོང་བ་ལས་དགེ་སློང་ཞིག་གི་ལྷུང་བཟེད་ཀྱི་ཆུས་རེག་པར་བྱས་པ་དང་རང་གི་སེམས་སླར་རྙེད་པར་གྱུར་ཏོ།། དེ་ནས་ཡང་བྲམ་ཟེ་ཞིག་གི་བུ་སེམས་འཁྲུགས་པ་དང་། དེ་ནས ་བྲམ་ཟེ་དེས་བྲམ་ཟེ་དེ་ལས་ཐོས་ནས་དགེ་སློང་མའི་དབྱར་ཁང་དུ་སོང་སྟེ། ཇི་ཙམ་ན་སྦོམ་དགའ་མོ་ལས་ལྷུང་བཟེད་ཀྱི་ཆུ་བསླངས་པ་དང་ཞེས་བྱ་བ་ནས། དེས་དགེ་འདུན་གྱི་ཟས་ཀྱི་ལྷག་མས་ལྷུང་བཟེད་བཀང་ནས་བྱིན་པ་དང་། བྲམ། ཟེ་དེས་བདག་གི ་བུ་ཤི་བ་ནི་བླ་མནོས་པར་ནི་མི་བྱའོ། ། ཞེས་བྱས་ཏེ་མ་བླངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲལ་ཟླའི་དགེ་སློང་མ་རྣམས་ལ་ཁ་ཟེར་བར་འདོད་པས་བལྟ་བར་མི་བྱ་བ་དང་། ལག་པ་ཟས་ཀྱིས་འབགས་པས་ཆུ་སྣོད་མི ་གཟུང་བ་དང་། ཟས་ཀྱིས་འབགས་པའི་ཆུས་དགེ་སློང་མ་གྲལ་ཟླ་ལ་མི་གཏོར་བ་དང་། ཁྱིམ་བདག་ཡོད་པ་མི་དྲིས་པར་ཟས་འབགས་པའི་ཆུ་ཁང་པའི་ནང་དུ་མི་དབོ་པ་དང་། ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོང་བར ་བསླབ་པར་བྱའོ། ། ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་འོག་གཞི་མེད་པའི་སར་ལྷུང་བཟེད་འཇོག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞག་པར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་གི་གཡང་སར་ལྷུང་བཟེད ་བཞག་པ་དང་། དེ་ནས་ལྷུང་བཟེད་ལྷུང་ནས་དུམ་བུར་ཆག་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་གཡང་སར་གཞག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་དག་འབབ་ཆུའི་བགྲམ་དུ་འཇོག་པར་བྱེད་པ་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། འབབ་ཆུའི་འགྲམ་དུ་གཞག་པར་མི་བྱའོ།། ཞེས་བྱ་བའི་བར་རོ།། དེ་དག་ལམ་ཀར་འཇོག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་ཀར་གཞག་པར་མི་བྱའོ།། ཞེས་བྱ་བའི་བར་རོ།། དེ་དག་ལྷུང ་བཟེད་བྱེ་མ་དང་བཅས་པའི་ལྕི་བས་རུང་བར་བྱེད་པ་ན་དེ་དག་རིང་པོ་མ་ལོན་པར་སྐྱ་སྐྱ་བོར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོག་གཞིམ་བཏེ་བའི་ས་ལ་ལྷུང་བཟེད་གཞག་པར་མི་བྱ་བ་དང་། གཡང་སར་མི་གཞག་པ་དང་། འབབ་ཆུའི ་བགྲམ་དུ་མི་གཞག་པ་དང་། ལམ་ཀར་མི་གཞག་པ་དང་། བྱེ་མ་དང་བཅས་པའི་ལྕི་བས་ལྷུང་བཟེད་མི་ཕྱི་བར་བསླབ་པར་བྱའོ།། ཞེས་བྱ་བའི་བར་རོ།། ཇི་ཙམ་ན་གཞོན་ནུ་མ་ཞིག་འགྲེང་སྟེ་ལྷུང་བཟེད་འཁྲུ་བ་དང་། དེ་ལ་དགེ་སློང་མ་རྣམས ་ཀྱིས་སྨྲས་པ། ཕུ་ནུ་མོ་འགྲེང་སྟེ་ལྷུང་བཟེད་མ་འཁྲུ་ཤིག། དེས་འདི་སྐད་ཅེས་ཅིར་འགྱུར་ཞེས་སྨྲ་བ་ན་དེའི་ལྷུང་བཟེད་དེ་ལག་ནས་ལྷུང་ནས་ཆག་པ་དང་། དེ་ལ་འདི་སྐད་ཅེས་འདིར་འགྱུར་རོ་ཞེས་སྨྲས་པ་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་ལྷུང་བཟེད་བཀྲུ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་སྐེམས་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་བསྐམ་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ་དེ་བཞིན་དུ་འཕྱི་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་ཕྱི་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལྷུང་བཟེད་ཀྱི་སྣོད་དུ་འཇུག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་འཀའ་སྩལ་པ ་འགྲེང་སྟེ་ལྷུང་བཟེད་ཀྱི་སྣོད་དུ་གཞུག་པར་མི་བྱའོ། ། ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལྷུང་བཟེད་ཀྱི་སྣོད་ནས་འབྱིན་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་ལྷུང་བཟེད་བཀྲུ་བ་དང་། ་བསྐམ་པ་དང་། བྷཱ་བ་དང་། ལྷུང་བཟེད་ཀྱི་སྣོད་དུ་གཞུག་པ་དང་། དབྱུང་བ་མི་བྱ་བར་བསླབ་པར་མི་བྱལ་ཞེས་བྱ་བའི་བར་རོ།། སྔམ་ལ། འགྲེང་སྟེ་མ་ཡིན་མགོ་གཡོགས་མིན། གླང་ཆེན་དོ་ཀེར་ལག་ན་མིན།། རྩཝ་དང་ཚུལ ་བཤད་མི་བྱ། ཤིང་ལ་མི་གང་ཙམ་མ་ཡིན། དེ་ནས་བཅུ་གཉིས་སྡེ་དག་འགྲེང་ནས་འདུག་པ་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ་ཛཾ་ཙམ་ན་ནད་པ་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པལ་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་འལུ་པ་དང་ཉལ་བ་ལ་ཡང་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། མིན་པལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་སྟན་དམའ་བལ་འདུག་ནས་སྤྱན་མཐོན་པོ་ལ་འདུག་པ་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་མིན་པ་ལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་དག་གིས་མདུན་དུ་འགྲོ་བ་ལ་དའི་ཕྱི་བཞིན་འབྲང་ཞིང་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིན་བལ་ཆོས་བཤད་པར་མི་བྱའོ། ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་ནས་མིན་པར་འདུག་པ་ལ་ཆོས་བཤད་པར་མི་བྱ་སྟེ། ་འདུག་པ་ལ་མ་ཡིན་པ་དང་། ཉལ་བ་ལ་མ་ཡིན་པ་དང་། སྟན་དམའ་ལ་འདུག་སྟེ་སྟན་མཐོན་པོ་ལ་འདུག་པ་མ་ཡིན་པ་དང་། མདུན་དུ་འགྲོ་བ་ལ་དེའི་ཕྱི་བཞིན་འབྲང་ཞིང་མ་ཡིན་པ་དང་། མི་ན་བར་ལམ་དུ་འགྲོ་བ་ལ་ལམ་གྱི ་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ། ། དེ་ནས་བཅུ་གཉིས་སྡེ་དག་མགོ་གཡོགས་པ་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས ་བྱ་བའི་བར་རོ། ། ཇི་ཙམ་ན་མགི་ནད་ཅན་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་ནད་ཅན་ལ་ཆོས་བཤད་པར་བྱའོ།། དེ་བཞིན་དུ་བརྗེས་པ་ལ་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་ལས ་མི་དག་འོངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་གཟར་བའི་བར་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིན་བལ་ཆོས་བཤད་པར ་མི་བྱའོ་ཞེས་བྱ་བའི་བར་རོ། ། རྟ་གང་བྱེད་པའི་བར་དག་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། གཉའ་གོང་དུ་བསྣོལ་བར་དག་ལ་ཆོས་འཆད་པར་བྱེད་པ་ནས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བ.རོ།། ཇི་ཙམ་ན་གཉའ་གོང་དུ་བསྣོལ་བའི་བར་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིན་བར་མགོ་གཡོགས་པ་ལ་ཆོས་བཤད་པར་མི་བྱ་སྟེ། བརྗེས་པ་ལ་མ་ཡིན ་བ་དང་། གཟར་བ་ལ་མ་ཡིན་པ་དང་། ཕྲག་པ་གཉིས་ཀ་ལ་གཟར་བ་ལ་མ་ཡིན་པ་དང་། མིན་པར་གཉའ་གོང་དུ་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་གླང་པོ་ཆེ་ཞོན་པ་ལ ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་གླང་པོ་ཆེ་ཞོན་པ་དག་གཡུལ་དུ་ཆས་ནས་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཆོས་བཤད་དུ་གསོལ། ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཕོབས་ཤིག་དང་ཆོས་བཤད་དོ།། དེ་དག་གིས་འདི་སྐད་ཅེས་བདག་ཅག་འགུམས་པར་བགྱིད་པ་ཕས་ཀྱིས་རྒོལ་བ་དག་རྟིང་ལ་ཐུག་ལགས་སོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ནད་པ་ཡིན་ནོ་ཞེས་བྱ་སྟེ་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རྟ་ཞོན་པ་དང་། ཤིང་རྟར་ཞུགས་པ་ལ་ཡང་བརྗོད་པར་བྱའོ།། དེ་ནས་མི་ཕྲག་པ་དང་། མགོ་ལ་ཞོན་ཞིང་འགྲོ་བ་ནས་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ། ་ཇི་ཙམ་ན་ནད་པར་གྱུར་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། ལྷམ་མཐོན་པོ་གྱོན་པའི་བར་དག་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་པར་གླང་པོ་ཆེ ་ཞོན་པ་ལ་ཆོས་བཤད་པར་མི་བྱ་སྟེ། རྟ་ཞོན་པ་ལ་མ་ཡིན་པ་དང་། ཤིང་རྟར་ཞུགས་པ་ལ་མ་ཡིན་པ་དང་། མི་ལ་ཞོན་པ་ལ་མ་ཡིན་པ་དང་། མི་ན་བར་ལྷམ་མཐོན་པོ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ ་ནས་བཅུ་གཉིས་སྡེ་དག་སྤ་དོ་ཀེར་ཅན་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། རྒྱལ་པོ་འོངས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱར ་ཞེས་བྱ་བའི་བར་རོ། ། དེ་བཞིན་དུ་མགོ་དཀྲིས་པ་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་བློན་པོ་ཆེན་པོ་འམ་ནང་བ་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་མགོ་ཕྲེང་བས་བཅིངས་པ་དག་འོངས་པ་ནས་བཤད་པར་མི་བྱའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན ་དུམགོ་ཅོད་པན་གྱིས་བཅིངས་པ་དག་འོངས་པ་ནས་བཤད་པར་མི་བྱའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེང་དཔོན་ནམ་ནད་པ་ལ་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་ཡང་ཞྭ་གྱོན་པ་དག་འོངས་པ་ནས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ནད་པ་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིན་པར་སྒྲ་དཀེར་ཅན་ལ་ཆོས་བཤད་པར་མི་བྱ་སྟེ། མགོ་བཀྲིས་པ་ལ་མ་ཡིན ་པ་དང་། མགོ་ཕྲེང་བས་བཅིངས་པ་ལ་མ་ཡིན་པ་དང་། མགོ་ཅོད་པན་གྱིས་བཅིངས་པ་ལ་མ་ཡིན་པ་དང་། མི་ན་བར་ཞྭ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ལག་པ་ན་མཚོན་ཐོགས ་པ་ལ་ཆོས་འཆང་བར་བྱེད་པ་ནས། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་གཡུལ་དུ་ཆས་པ་འམ། ནད་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིནདུ ་གདུག་ས་ཐོགས་པའི་བར་དག་འོངས་ནས་བཤད་པར་མི་བྱའོ་ཞེས་བྱ་བ་ནམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལ་གན་ཁར་བ་ཐོགས་པ་འོངས་ནས། བཤད་པར་མི་བྱའོ། ་ཞེས་བྱ་བ་ནས། ཡང་ནད་པ་འམ། རྒས་པ་ཁར་བ་མེད་པར་འཚེ་བར་མི་ནུས་པ་ཞིག་ཡིན་ན་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ལ་ཆོས་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ ་བཞན་རམ་གྲི་ཐོགས་པ་འོངས་པ་དང་ཞེས་བྱ་བ་ནས། ། བཤད་པར་མི་བྱའོ་ཞེས་བྱ་བའི་བ་ག་མ་དེ་ལྟ་བ་ཞིན་གྱི།། དེ་བཞིན་དུ་གོ་ཆ་སཱ་ལས་གྱོན་པ་དག་འོངས་པ་ནས། སམ་ལྡན་འདས་ཀྱིས་བཀའ་སྩལ་པཙ། ་xxx། xxx ་xxx། xxx ་བྱིས་པ་འ་རྣམ་པ། རང་པ་ཡིན་ནུ་རྗེམ་སུ་གནང་།། དེ་ནས་ཀྱམ་དགའ་མ་མེ་སུའི་གཞིར་འདུས་པ་ན་ང་གི་སུན་དུགའ་བ་སྲུང་བུ་ཐོང་ནས། སྦྱང་ས་སྨྲས་སོ།། གང་གིས་ས་བཏུ་བྱུང་བར་མགྱུར་ད་པས་ད་ཅིར ་འགྱུར། ། དེས་འདིགད་ཅེས་སྨྲས་སོ།། དྲིམར་འགྱུར་རོ།། མ་དགའ་མས་བ་ཟད་ཅེས་སྨྲས་སོ།། དེ་ལྗོད་ཅིའི་ཕྱིར་ཁོས་ལ་ཅིང་སྟོན་དང་མེ་ཏོག་གིས་ཁྱབས་ས་བྷཱ་ཧཱ། ཀུན་དགའ་བསྲུང་བས་ཀྱང་འདི་ཉིད་ནས་སྨྲས་སོ།། ་དེའི་ཚེ་ཁྱོད་ཀྱིས་བདག་ལ་ཟས་དང་གོས་ཀྱི་མཐོ་བསྒྱུར་བ་ན་ནི་ཁོ་བོས་ཀྱང་ཁྱོད་ལ་བསྙེན་བཀུར་བྱེས་སོ།། ད་ནི་བྱེད་རབ་ཏུ་བྱུང་ལ། ཁོ་བོ་ནི་ཁྱིམ་པ་ཡིན་ན་ཁྱོད་ལ་ཁོ་བོས་ཇི་ལྟར་བསྙེན་བཀུར་བྱ། དེ་ནས་སུམ་དགའ་མས་བཻ་ཀྲུ་སྲན་ཐོས་དས ་དེས་གྱོ་མོ་ཞིག་བཞག་ནས་བཤང་བ་དང་གཅི་བ་ཕལ་མོ་ཆེ་བླུགས་ནས། ཇི་ཙམ་ནང་ན་སྔགས་ཀྱིས་བཀང་བའི་གྱོ་མོ་དང་ཕྱགས་མཁྱེར་ཏེ་ཀུན་དགའ་ར་བར་སོང་ནས་ཚོང་སྔོན་དེ་ཐམས་ཅད་དང་། མེ་ཏོག་གི་ཤིང་རྣམས་མི་གཙང་བས་གཏོར ་གཙང་བའི་དྲི་དེས་དེ། ཝ་དང་ཁྱི་དག་གིས་བཅགས་སོ།། བྱི་དེ་ཉིན་པར་ཀུན་དགའ་ར་བ་སྲུང་བས་ཚོད་སྔོན་དེ་མཐོང་ནས་ཡིད་མི་བདེ་བར་གྱུར་པ་དང་། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཀུན་དགའ་ར་བ་སྲུང་བ ་དེ་ལྟར་ཁྱོད་ཀྱི་ཀུན་དགའ་ར་བ་དྲི་ཞིམ་པ་དང་། ཚོད་སྔོན་མང་ངམ། དེས་འདི་སྐད་ཅེས་འཕགས་མ་འདི་ནི་ཁྱོད་ཀྱིས་བྱས་མོད་ཅེས་སྨྲས་པ་དང་། དེས་བགང་ནས་འདི་སྐད་ཅེས་ཁྱོད་དེ་ལྟར་བཅོས་སོ་ཞེས་སྨྲས་པ་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩཝ་སྔོན་པོ་ལ་བཤང་པ་དང་གཙེ་བ་དོར་བར་མི་བྱའོ་ཞེས་བྱ་བ་ནས། ནང་བ་ཡིན་ན་རྗེས་སུ་གནང་ངོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་མཆིལ་མ་འདོར་བར་བྱེད་པ་དང་། དོར་བར་མ་བྱའོ་ཞེས ་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནང་པ་ཡིན་ན་རྗེས་སུ་གནང་ངོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་སྣབས་ལ་ཡང་བརྗོད་པར་བྱའོ།། ཇི་ཙམ་ན་སྐྱུགས་པ་དང་། རླུགས་པ་དག་འདོར་བར་བྱེད་པ་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ་མིན་པར་འགྲེང་སྟེ་བཤད་པ་དང་གཅི་བ་མི་བྱ་བ་དང་། མི་ན་བར་རྩཝ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་བ་དང་གཅི་བ་དང་། མཆིལ་མ་དང་། སྣརུབས་དང་། སྤྲུགས་པ་དང་། རླུགས་པ་མི་དོང་བར ་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ། ། དེ་བཞིན་དུ་གོང་དུ་སེར་སྐྱའི་གཞིར་ཀུན་དགའ་ར་བའི་སྲུངས་མ་དང་། སྦོམ་དགའ་མོ་ཇི་ལྟ་བ་དེ་བཞིན་དུ་བཙོ་བླག་མཁན་ལ་ཡང་བརྗོད་པར་བྱ་སྟེ། ཇི་ཙམ་ན་བཀྲུ་སྨན་ཟོས་ནས་ཞེས་བྱ ་བ་ནས། མ་གཙང་བས་བཀང་བའི་སྣོད་དང་། བརྡབ་པའི་གཞི་དང་། གོས་བཤལ་བའི་ཆུ་སྣོད་མ་རུང་བར་བྱས་སོ།། དེ་ནས་བཙོ་བླག་མཁན་དེ་གོས་འཁྲུ་བ་ན་གོས་དེ་ཚོན་ཁྲ་བོ་སྣ་ཚོགས་ཀྱི་ཚེན་གྱིས་བཀྲ་བ་དང་། མནམ་པ་མཐོང་ངོ། ་ཞེས་བྱ་བའི་བར་རོ།། དེ་ནས་སྦོམ་དགའ་མོ་འོངས་ནས་འདི་སྐད་ཅེས་སྨྲས་སོ།། ཀྱེ་ནང་རྗེ་གོས་དག་ཅི་སྟེ་སྐྱེ་བོར་གྱུར། དེས་འདི་སྐད་ཅེས་འཕགས་མ་ཁྱོད་ཀྱིས་མ་བྱས་གྲང་ཞེས་སྨྲས་པ་དང་། སྦོམ་དགའ་མོས་འདི་སྐད་ཅེས་ཁྱོད་དེ་ལྟར་བཅོས ་སོ་ཞེས་སྨྲས་པ་ན་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུའི་ནང་དུ་བཤང་གཅི་དོར་བར་མི་བྱའོ་ཞེས་བྱ་བའི་བར་རོ།། ན་བ་དག་དེ་ཉིད་དུ་འདོར་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རྗེས་སུ་གནང་ངོ་།། ་དེ་བཞིན་དུ་མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་ཞེས་བྱ་བ་ནས། ནད་པ་ཡིན་ན་རྗེས་སུ་གནང་ངོ་ཞེས་བྱ་བའི་བར་རོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་དགེ་བསྐོས་ལ་བརྟེན་ནས་ཤིང་ལ་འཛེག་པའི་བསླབ་པའི ་གཞི་བཅའ་བ་མཛད་པ་དེའི་ཚེ་ཟོམ་དགའ་མོ་བྱ་བ་འགའ་ཞིག་གི་ཕྱིར་ཤིང་ཁར་འཛེག་པ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད ་དམ། ངེས་འདི་སྐད་ཅེས་དགེ་སློང་རྣམས་ལ་མཛད་ཀྱིས། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ།། ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བར་ཆུའི་ནང་དུ་བཤད་པ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་དང ་སྐྱུགས་པ་དང་། རླུགས་པ་དོར་བར་མི་བྱ་བ་དང་། གནོད་པ་གྱུར་བ་མ་བཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་མཛེག་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། བསླབ་པ་མང་པོ་རྫོགས་སྷོ། དགེ་སློང་མའི་འདུལ ་བ་རྣམ་པར་འབྱེད་པ་ལས་བསླབ་པ་མང་པོ་རྫོགས་སྷོ། ། །། ད་ནི་རྩོད་པ་ཞི་བར་བྱེད་པ་རྣམས་སྨྲ་བར་བྱ་སྟེ། སྡོམ་ལ། མངོན་སུམ་དང་ནི་དྲན་པ་དང་།། མ་མྱོས་འདུལ་དང་དེའི་ངོ་བོ།། ཚུལ་ཤིང་མང་པོ་བྲིམ ་བ་དང་། ཁས་ཟད་པ་དང་རྩཝ་བཀྲམ་པའོ།། མངོན་སུམ་གྱིས་འདུལ་བར་འོས་པ་ལན་མངོན་སུམ་གྱིས་འདུལ་བ་སྦྱིན་ནོ།། དྲན་པས་འདུལ་བར་འོས་པ་ལ་ནི་དྲན་པས་འདུལ་བ་སྦྱིན་ནོ།། མ་མྱོས་པས་འདུལ་བར་འོས་པ་ལ་ནི་མ ་མྱོས་པས་འདུལ་བ་སྦྱིན་ནོ། ། དེའི་ངོ་བོ་ཉིད་ཚེལ་དུ་གཞུག་པར་འོས་པ་ལ་ནི་དེའི་ངོ་བོ་ཉིད་ཚེལ་དུ་གཞུག་པ་སྦྱིན་ནོ།། གང་ཚུལ་ཤིང་མང་པོ་བྲིམ་པར་འོས་པ་ལ་ནི་གང་ཚུལ་ཤིང་མང་པོ་བྲིམ་པ་སྦྱིན་ནོ།། ལས་བླངས་པར ་འོས་པ་ལ་ནི་ལས་ཐང་བསྟན་ནོ། ། རྫ་བབས་པ་ལྟ་བུར་འོས་པ་ལ་ནི་རྣ་བསམ་པ་སྐུ་བུ་སྦྱིན་ཏེ། རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་པོ་འདི་དག་གིས་ཅོད་པ་རྡུང་བར་གྱུར་པ་ནམམ་ཆེས་དང་འདུལ་བ་དང་རྟེན་པའི་བསྟན་པ་ཤིན ་ཏུ་དུལ་བར་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱ་བར་བསླབ་པར་བྱའོ།། རྩོད་པ་ཞི་པར་བྱེད་པའི་ཆོས་བདུན་རྫོགས་སྷོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས་རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་རྫོགས་སྷོ།། ་བཟའ་བརྐྱང་དགེ་འདུན་ལྷག་མ་ཉི་ཤུ་དང་། དེ་བཞིན་སྤང་བ་སུམ་བཅུ་རྩ་གསུམ་དང་། གཞན་ཡང་ལྟུང་བྱེད་བརྒྱན་བརྒྱད་བཅུ་དང་།། སོ་སོར་བཤགས་པར་བྱ་བ་བཅུ་གཅིག་ནི།། བསླབ་པ་ཡི་ནི་ཕྲེང་བ་ལྷག་པ་སྟེ། ཞི་བར་བྱེད་པ་དེ། ་སྲེད་པ་དང་མཐུན། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ཡི།། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་།། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་།། གཞན་ལ་མཚེ་བ་དགེ་སྦྱོང་མ་ཡིན་ནོ།། མིག་ལྡན་ཕ་རོལ་གནོན་ཡོད་ན། ཉམ་ང་བ ་དག་ཇི་བཞིན་དུ། ། མཁས་པས་འཚོ་བའི་འཇིག་རྟེན་འདིར། སྡིག་པ་དག་ནི་ཡོངས་སུ་སྤོང་།། སྐུར་བ་མི་གདབ་གནོད་མི་བྱ།། སོ་སོར་ཐར་པ་འང་བསྡམ་པར་བྱ།། ཟས་ཀྱི་ཚོད་ཀྱང་རིག་པར་བྱ།། རབ་མཐའི་གནས་སུ་གནས་པར་བྱ།། ལྷག་པའི་སེམས ་ལ་ཡང་དག་སྦྱོར། ། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཇི་ལྟར་བུད་པ་མེ་ཏོག་ལས།། ཁ་དོག་དྲི་ལ་མི་གནོད་པར།། ཁུ་བ་བཞིབས་ནས་འཕུར་བ་ལྟར།། དེ་བཞིན་ཐུབ་པ་གྲོང་དུ་རྒྱུ།། བདག་གི་རིགས་དང་མི་རིགས་ལ།། བརྟག་པར་བྱ་སྟེ་གཞན་རྣམ ་པི་མཐུན་པ་དང་གཞན་རྣམས་ཀྱི། ། ། བྱས་དང་མ་བྱས་རྣམས་ལ་མིན།། ལྷག་པའི་སེམས་ལ་བག་བྱ་སྟེ།། ཐུབ་པའི་ཐུབ་བཞི་རྣམས་ལ་བསླབ།། ཉེར་ཞི་རྟག་ཏུ་དྲན་ལྡན་པ།། སྐྱོབ་པ་མྱ་ངན་མེད་པ་ཡིན།། སྦྱིན་པས་བསོད་ནམས་རབ་ཏུ ་འཕེལ། ལེགས་པ་སྡམས་དགྲ་སོགས་མི་འགྱུར་རོ།། དགེ་དང་ལྡན་པས་སྡིག་པ་སྤོང།། ཉོན་མོངས་ཟད་པས་མྱ་ངནས་འདའ།། སྡིག་པ་ཐམས་ཅད་མི་བྱ་སྟེ།། དགེ་བ་ཕུན་སུམ་ཚོགས་པར་བྱ།། རང་གི་སེམས་ནི་ཡོངས་སུ་གདུལ ་འདི་ནི་སངས་རྒྱས་བསྟན་པ་ཡིན། ། ལུས་ཀྱི་སྡོམ་པ་ལེགས་པ་ལ་ཤ་སྟེ།། ངག་གི་སྡུམ་པ་ལེགས་པ་ཡིན།། ཡིད་ཀྱི་སྡུམ་པའང་ལེགས་པ་སྟེ།། ཐམས་ཅད་དུ་ནི་སྡོམ་པ་ལགས།། ཅན་ཏུ་བསྡམས་པའི་དགེ ་སློང་ནི། ། དྲུག་བསྔལ་ཀུན་ལས་རབ་ཏུ་གྲོལ།། དག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་སྟེ།། ལུས་ཀྱིས་མི་དག་བདག་མི་བྱེད་ཅིང་།། ལས་ལམ་གསུམ་པོ ་xxx། xxx ་9། མི་འདུལ་ལ་ལ་བྷར་བ་བླན་མེད།། འཇིག་ཅན་མགོན་པསྒྲུབ་པ་མཆོག། སངས་རྒྱས་དཔའ་བ་བདུན་པོ་དག། ཐུགས་ལྡན་རྣམས་སེམ་ས་ཤཱ་།། དེ་བཅཝ་རྒྱས་པར་དགན། རྣཾ ་རྣམས་དང་གང་། ། སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས།། འདི་ལ་གུས་པར་བཅས་གྱུར་པས།། འདུས་མ་བྱས་པ་ཐོབ་པར་གྱིས།། བརྣལ་པར་བྱས་ཞིང་འབྲང་བར་བྱ།། སངས་རྒྱས་བསྟན་ལ་འཇུག་པར་བྱ།། འདས ་བུའི་ཁྱིམ་ལ་གླང་ཆེན་བཞིན། ། འཆི་བདག་སྡེ་ནི་གཞོམ་པར་བྱ།། གང་ཞིག་རབ་ཏུ་བག་ཡོད་པར།། ཆོས་འདུལ་འདི་ལ་སྤྱོད་འགྱུར་བ།། སྐྱེ་བའི་འཁོར་བ་རབ་སྤངས་ནས།། སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། དགེ་སློང ་མའི་འདུལ་བ་རྣམ་པར་འབྱེད་པ་སོ་སོར་ཐར་པ་དང་བཅས་པ་རྫོགས་སྷོ། ། ། ཁ་ཆེའི་མཁན་པོ་སརྦ་ཛྙཱ་ད་བ་དང་། དྷརྨཱ་ཀར་དང་། རྒྱ་གར་གྱི་མཁན་པོ་བི་དྷ་ཀཱ་ར་པྲ་བྷ་དང་། ལོ་ཙཱ་བ་བན ་དེ་དཔལ་གྱི་ལྷུན་པོས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྡྷ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ།། ། བཀྲ་ཤིས་པར་གྱུར་ཅིག། ་