CLOSE WINDOW

Q1024: dge ba dang mi dge ba'i las kyi rnam par smin pa bstan pa'i mdo
Wyliee-texts produced with BDRC’s OCR application

ཆེན་གྱི་ལོ་ཙྪ་བ་བན་དེ་ཆོས་གྲུབ་ཀྱིས་རྒྱ་གར་དང་རྒྱའི་དཔེ་ལས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པ།། །། དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་བསྟན་པའི་མདོ།། བམ་པོ་གཅིག་གོ།། འདི་སྐད ་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་འཛེ་ཏའི་ཚལ་སྐྱབས་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། བྱང་ཆུབ་སེམས་དཔའ་ཚད་མེད་པ་དང་། ལྷ་དང་མིའི་འཁོར་མང་པོས་བསོར་ནས་ཆོས ་སྟོན་ཅིང་བཞུགས་སོ། ། དེ་ནས་དགའ་བོས་འགྲོ་བ་མང་པོའི་དོན་གྱི་ཕྱིར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ད་ལྟར་འཇིག་རྟེན་གྱི་ཁམས་འདིར་རིགས་འཐུན་པའི་ནང་འདི ་སྐྱེས་པ་ལས་བཟང་པོ་ཡང་མཆིས་མི་སྡུག་པ་ཡང་མཆིས། དྲག་པོ་ཡང་མཆིས་ཞན་པ་ཡང་མཆིས་དབུལ་པོ་ཡང་མཆིས་ཕྱུག་པོ་ཡང་མཆིས་ཉོན་མོངས་པ་ཡང་མཆིས། བདེ་བ་ཡང་མཆིས་བཙན་པ་ཡང་མཆིས ་མ་རབས་ཀྱང་མཆིས། སྐད་ནི་མི་མཚུངས་ཚིག་ནི་མི་འཐུན། ལ་ལ་ནི་ལོ་བརྒྱ་ལོན་ནས་མཆི་བ་ཡང་མཆིས།། ལ་ལ་ནི་སུམ་བཅུ་འམ། བཅུ་ལོན་ནས་མཆི་བ་ཡང་མཆིས། ལ་ལ་ནི་བྱང་བཞིན་བཟང་ཡང་དབུལ་ལ། ལལ ་ནི་མི་སྡུག་པ་ལ་ཕྱུག་པ་ཡང་མཆིས། ཉམས་རྩལ་ཆེ་བ་ནི་མ་རབས་ཀྱི་ནང་ན་ཡང་མཆིས། ཉམས་བརྩལ་ཆུང་ལ་གྲལ་མཐོ་བ་ཡང་མཆིས། ལ་ལ་ནི་ཉོན་མོངས་ལ་ཚེ་རིང་བ་ཡང་མཆིས། ལ་ལ་ནི་སྐྱིད་ཅིང་ཚེ་ཐུང ་ལ་ལ་ནི་ལེགས་པར་སྤྱོད་པ་ལ་བྲུར་དང་ཕྲད་། ལ་ལ་ནི་མི་དགེ་བ་སྤྱོད་པ་ལ་ལགས་པའི་དོན་དུ་འགྱུར་བ་ཡང་མཆིས། དཀར་ཞིང་ཤ་བཟང་ལ་མི་གཡོ་བ་ཡང་མཆིས། ལ་ལ་ནི་སྔོ་ཞིང་གནག་ལ་མདངས་དང་ལྡན ་པ་ཡང་མཆིས་ལ་ལ་ནི་ལུས་ཆུང་ཞིང་ཐུང་ལ་སྙིང་བརྩལ་དང་ལྡན་པ་ཡང་མཆིས། ལ་ལ་ནི་ཆེ་ཞིང་རིང་ཡང་གཞན་གྱི་བྲན་གཡོག་བགྱིད་པ་ཡང་མཆིས། ལ་ལ་ནི་བུ་ཆ་མང་བ་ཡང་མཆིས། ལ་ལ་ནི་རྨང་བ་ཡང་། ་མཆིས། ལ་ལ་ནི་རྟག་པར་ཕྱི་རོལ་དུ་འཁྱམ་ལ་བཀྲེས་པ་ཡང་མཆིས། ལ་ལ་ནི་ཕོ་བྲང་གི་ནང་ན་འདུག་ཅིང་གོས་དང་ཟས་ཀྱིས་མི་བྲེལ་ཏེ་ལོངས་སྤྱོད་པ་ཡང་མཆིས།། གཞོན་ན་དབུལ་ཞིང་ནས་ན་ཕྱུག་ཅིང་བཙན ་པ་ཡང་མཆིས། དྲང་རྐན་ཆེ་ཞིང་འགལ་བར་མི་བྱེད་པཾ་ལས་གྱོད་ལ་ཐོག་པ་ཡང་མཆིས། ཕ་ནི་བྱམས་བུ་ནི་སྲི་ཞུ་ཆེ་སྟེ། གཙུག་ལག་གི་ཡིག་དང་གཞུང་སྨོས་ཤིང་བཤད་པ་ཡང་མཆིས། སྤུན་མི་འཐུན་ནས ་རྩོད་པ་ཡང་མཆིས། གནས་མཐོ་ཞིང་ཡོ་བྱད་རྣམ་པ་སྣ་ཚོགས་སུ་ལྡན་པ་ཡང་མཆིས། བདག་གི་ཁྱིམ་མེད་ལ་འདྲོན་ཐབས་སུ་གནས་པ་ཡང་མཆིས། བྱ་དང་། རི་དགས་དང་། གཅན་ཟན་དང་འདྲ་བར་གནས་པ་ཡང་མཆིས ་གོས་སུ་བལ་གོས་གོན་ཞིང་ཟས་སུ་ཤ་ཟ་ཞིང་ཡི་གེ་མེ་ཤེས་པ་ཡང་མཆིས། ། མི་གཡོ་བར་འདུག་ཀྱང་སྐྱེད་ཅིང་ཡོན་ཏན་ཐོབ་པ་ཡང་མཆིས། གླ་ཟ་ཞིང་གནས་པ་ཡང་མཆིས་ཡིད་གཞུངས་ཤིང་ཁོང་གྲོལ་བ་ཡང ་མཆིས་རྨོངས་ཤིན་བླུན་ལ་ངན་པ་ཡང་མཆིས། བརྩལ་ཏེ་མ་རྙེད་པ་ཡང་མཆིས། མ་བཙལ་ཏེ་རྙེད་པ་ཡང་མཆིས། ཕྱུག་ཅིང་བཅན་ལ་ནོར་དང་ལྡན་ལ་སེར་སྣ་ཆེ་བ་ཡང་མཆིས། དབུལ་ལ་སྦྱིན་པ་ལ་སྲེད་པ ་ཡང་མཆིས། ཚིག་སྨན་བདེན་ཞིང་མཉེན་པར་ཟེར་བ་ཡང་མཆིས། ཚིག་སྨྲན་གཟེར་བ་བཞིན་དུ་ཟུག་པ་ཡང་མཆིས། གཞན་གྱིས་བྱམས་ཤིང་བཀུར་བ་ཡང་མཆིས། ཀུན་གྱིས་སྤངས་ཤིང་བསྲིངས་པ་ཡང་མཆིས ་སྙིང་རྗེའི་སེམས་ཀྱིས་སེམས་ཅན་གསོ་བ་ཡང་མཆིས། བག་མེད་པར་སྲོག་གཅོད་པ་ཡང་མཆིས། ཁོང་ཡངས་ཤིང་ཀུན་དང་མཐུན་པ་ཡང་མཆིས། ཀུན་གྱིས་མི་འདོད་པ་ཡང་མཆིས། མནའ་མ་དང་སྒྱུག་མོར ་མི་མཐུན་པ་ཡང་མཆིས། ཚག་པ་མོ་དང་མཛའ་བ་ཡང་མཆིས། ལ་ལ་ནི་ཆོས་ཀྱི་གཏམ་ལ་དགའ་བ་ཡང་མཆིས། ལ་ལ་ནི་མདོ་སྡེ་ཐོས་ནས་གཉིད་བྲོ་བ་ཡང་མཆིས། ལ་ལ་ནི་བརྡལ་བག་ཅན་ལ་འཛངས་པ ་ཡང་མཆིས། ལ་ལ་ནི་གཙུག་ལག་ཁང་ལ་དགའ་ཞིང་བསྒོམ་པ་ལ་འགྲུས། ལ་ལ་ནི་བྱོལ་སོང་གི་གཟུགས་དང་མཚུངས། ལ་ལ་ནི་རི་དགས་རྣམ་པ་སྣ་ཚོགས་སུ་འགྱུར་བ་ཡང་མཆིས་ན། བཅོམ ་ལྡན་འདས་ཀྱིས་རྒྱུ་དང་འབྲས་བུ་རྒྱས་པར་བཤད་ན་འཁོར་མང་པོ་ཀུན་གྱིས་ཐོས་ནས་སེམས་རྩེ་གཅིག་ཏུ་དགེ་བའི་རྗེས་སུ་ཕྱོགས་པར་འགྱུར་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ་དགའ་བོ་ཁྱོད་ཀྱིས་ལྟར་ནམ་པར་སྨིན་པ་མ་འདྲ་བར་འདྲི་བ་དེ་བཞིན་དུ། དེ་དག་ཅན་ཀྱང་ས་རབས་སྔམ་ལ་སྤྱོད་པས་མཐུན་པས་དའི་ཕྱིར་ན་བྱད་པར་གསོགས་སུ་གྱུར་ཏོ།། དེ་ཡང ་ལྟར་བྱང་བཞིན་བཟང་པོ་ནི་བཟོད་པ་ལས་འོངས་སོ། ། མི་གདུག་པ་ནི་ནི་སྡང་དང་ཁོད་ཁྲོ་བ་ལས་འོངས་སོ།། དབུལ་འབོངས་པ་ནི་སེར་སྣ་ལས་འོངས་སོ།། བཅན་ཞིང་ཆེ་བ་ནི་སངས་རྒྱས་ལ་སྨྲས་པར ་ཕྱག་འཚལ་བ་ལས་འོངས་སོ། ། མི་མ་རབས་ཐམས་ཅད་ནི་རྒྱགས་ཤིང་དྲེགས་པ་ལས་འོངས་སོ།། ལུས་རིང་ཞིང་བཟང་བ་ནི་བསྐུར་སྟི་བྱས་པ་ལས་འོངས་སོ།། ལུས་ཟུང་བ་ནི་ཆོས་ལ་ལེ་ལོ་བྱས་པ་ལས ་འོངས་སོ། ། བླུན་པ་ནི་ལུག་ལས་འོངས་སོ།། སྐམ་ཞིང་གནག་པ་ནི་དེ་བཞིན་གཤེགས་པའི་སྐུ་བསྒྲིབས་པ་ལས་འོངས་སོ།། མཆུ་དམའ་བ་ནི་ཆོས་སྟོན་པའི་ཟས་ལ་མྱངས་པ་ལས་འོངས་སོ།། མིག ་ཆོས་པ་ནི་མེ་བསླངས་པ་མི་སྟེར་བ་ལས་འོངས་སོ། ། མུན་སྲོས་ནས་མིག་མི་མཐོང་བ་ནི་ཐའི་མག་ཟུས་པ་ལས་འོངས་སོ།། ལྐུགས་པ་ནི་དམ་པའི་ཆོས་ལ་སྐུར་བ་འདེབས་པ་ལས་འོངས་སོ།། འོན་པ་ནི ་ཆོས་ཐོས་སུ་མི་དགའ་བ་ལས་འོངས་སོ། ། སོ་སྟོ་བ་ནི་རྐང་དང་རུས་པ་ལ་སྲེད་པ་ལས་འོངས་སོ།། སྣ་གཉེར་བ་ནི་སྤོས་མི་ཞིམ་པ་བསྲེགས་ཏེ་སངས་རྒྱས་ལ་མཆོད་པ་ལས་འོངས་སོ།། ཤོ་རེ་ནི་ཉད ་རྒྱ་ཕྲག་པ་ལས་འོངས་སོ། ། ས་སར་པ་ན་པག་གིས་གཏོགས་པ་ལས་འོངས་སོ།། རབངས་བཞིན་པཟུག་པ་ལས་འངས་སོ།། པད་སྦྲུལ་བདུ་ནགས་མི་གཿད་བྱུ་གོན་ཏེ། སངས་རྒྱས ་སྙོགས་པ་ལས་བོངས་སོ། ། དམས་གནག་པ་ནི་སངས་རྒྱས་ཀྱི་སྐུ་གཟུགས་ཁྱིམ་མ་མཁྱམས་སུ་བཞག་པ་ལས་འོངས་སོ།། ཞར་བ་དང་གྱོལ་པོ་ནི་མཁན་པོ་དང་། བླ་མ་མཐོང་སྟེ། ་མི་ལྡང་བ་ལས་འོངས་སོ།། སྐུར་བ་ནི་གོས་མི་གཙང་བ་གྱོན་ཞིང་། སངས་རྒྱས་ཀྱི་སྐུ་ལ་རྒྱབ་ཀྱིས་ཕྱོགས་པ་ལས་འོངས་སོ།། དཔྲལ་བ་འབུར་བ་ནི་སངས་རྒྱས་མཐོང་ནས། ཕྱག་གུས ་བར་མི་འཚལ་ཞིང་ལག་པ་དཔྲལ་བར་གཏུགས་པ་ལས་འོངས་སོ། ། འཛིད་པ་ཐུང་བ་ནི་བཙུན་པ་དང་། བླ་མ་མཐོང་ནས། མགོ་སྨད་ཅིང་བྱོལ་བ་ལས་འོངས་སོ།། མཆིན་པ་ན་བ་ནི་སེམས ་ཅན་གྱི་ལུས་གཏུབས་ཤིང་བཙགས་པ་ལས་འོངས་སོ། ། མཛེ་ཅན་ནི་གཞན་གྱི་ནོར་མ་འོས་པར་བླངས་པ་ལས་འོངས་སོ།། ལུང་བ་མང་བ་ནི་དགུན་མི་གཞན་ལ་ཟས་ཟང་པོ ་བྱིན་པ་ལས་འོངས་སོ། ། བུ་ཚ་མེད་པ་ནི་བྱ་ཕྲུག་མང་པོ་བསང་བ་ལས་འོངས་སོ།། བུ་ཚ་མེད་པ་ནི་སེམས་ཅན་མང་པོ་གསོས་པ་ལས་འོངས་སོ།། ཚེ་རིང་བ་ནི་སྙིང་རྗེ་ཆེ་བ་ལས ་འོངས་སོ། ། ཚེ་ཐུང་བ་ནི་སྲོག་གཅོད་པ་ལས་འངས་སོ།། ཕྱུག་པ་ནི་སྦྱིན་པ་བྱས་པ་ལས་འོངས་སོ།། རྟ་དང་། ཤིང་རྟ་བ་དོག་པ་ནི། དཀོན་མཆོག་གསུམ་ལ་ཡོན་ཕུལ་བ་ལས ་འོངས་སོ། ། དབང་པོ་རྣོ་བ་ནི་སློབ་པ་ལ་འགྲུས་པ་དང་མདོ་སྡེ། ཁ་ཏོན་དུ་བྱས་པ་ལས་འོངས་སོ།། རླན་པོ་ནི་བྱོལ་སོང་ལས་འོངས་སོ།། བྲན་པོ་དང་། བྲན་མོ་བྱེད་པ་ནི་བུ་ལོ་ན་མ་གཞལ་བ་ལས ་འོངས་སོ། ། སྤྲོ་ཐུང་བ་ནི་སྤྲེའུ་ལས་འོངས་སོ།། ཡང་མངོནན་ནི་དཀོན་མཆོག་གི་རྟེན་བཤིག་པ་ལས་འོངས་སོ།། ཡན་ལག་མ་ཚང་བ་ནི་སེམས་ཅན་གྱི་རྐང་ལག་བཅད་པ་ལས་འོངས་སོ།། ་གདུག་པ་ནི་སྦལ་དང་། སྡིག་པ་ལས་འོངས་སོ།། དབང་པོ་དྲུག་ཚད་པ་ནི།། ཚུལ་ཁྲིམས་བསྲུངས་པ་ལས་འོངས་སོ།། དབང་པོ་དྲུག་མཚད་པནི། ཚུལ་ཁྲིམས་བཤིག་པ་ལས་འོངས་སོ།། ་གཙང་ས་ཆུད་པ་ནི་འཕགས་པ་ལ་མ་མཛད་པ་ལས་འངསས།། གླ་གང་དང་རོལ་མ་ལ་དགའ་བ་ནི། རལ་མོ་མཁན་དུ་སྐྱེའོ།། འདོད་ཆགས་ཆེ་བ་ནི་བྱ་ལས་འདས་སོ།། ལྭ་བ་ཅན་ན ་ལྡོག་པ་ལས་འོངས་སོ། ། ཁ་དམན་པ་ནི་ཚིག་རྩུབ་མོ་སྨྲ་བ་ལས་འོངས་སོ།། མཚན་དང་མི་ལྡན་པ་ནི་ཁྱི་དང་། ཕག་དང་། རྟའི་འབྲས་བུ་བཏོན་པ་ལས་འོངས་སོ།། ལྕེ་ཐུང་པ་ནི་བཙུན་པ་དང་བླ་མ་ལ་ཁ་བྱས་པ ་དང་རྟོག་ཏུ་འཕྱས་པ་ལས་འོངས་སོ། ། གཞན་གྱི་ཆད་མ་ལ་གཡེམ་པ་བྱས་པ་ནི་དང་མོ་དང་། ངུར་པར་སྐྱེའོ།། གཉེན་དགུ་ལ་གཡོག་བྱས་པ་ནི་བྱིའུ་མཆིལ་བར་སྐྱེའོ།། མདོ་སྡེ་དང་གཙུག་ལག་གི ་ཡི་གེ་སྤྱོད་ཅིང་སེར་སྣས་གཞན་ལ་མི་གཏོན་པ་ནི་ཚེའི་དུས་བྱས་ནས་ཐང་གི་སྲིན་བུར་སྐྱེའོ། ། མདའ་གཞུ་ཐོགས་པ་དང་། རྟ་ཞོན་པ་ལ་དགའ་བ་ནི། ཚེ་ཕྱི་མ་ལ་འཕར་བ་དང་། སྤྱང་གིར་སྐྱེའོ།། ་སྐྲ་ཐུད་པ་དང་། མགོ་རྒྱན་བཏགས་པ་ལ་དགའ་བ་ནི། ཚེ་ཕྱི་མ་ལ་སྲིན་བུ་མཆུ་རེངས་སུ་སྐྱེའོ།། ཉལ་ཞིང་ཟ་བ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་ཕག་ཏུ་སྐྱེའོ།། དར་མཚོན་གྱི་གོས་ལ་དགའ་བ་ནི་བྱིའུ ་ཁྲེའུར་སྐྱེའོ། ། མི་སྙན་ཟློས་ཤིང་། ཀུ་རེ་ལ་དགའ་བ་ནི་བྱ་ནེ་ཙོ་རུ་སྐྱེའོ།། ཕྲ་མ་བྱེད་པ་ལ་དགའ་བ་ནི། ཚེ་ཕྱི་མ་ལ་ལྟོ་འཕྱེ་མགོ་དྲུག་པར་སྐྱེའོ།། མ་འོས་པར་ཀུ་རེ་བྱེད་པ་ལ་དགའ་བ་ནི། ཚེ་བྱི ་མ་ལ་སྲིན་བུ་རྨོངས་པར་སྐྱེའོ། ། གཏམ་ངན་སྐྱེལ་བ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་སྲིན་བྱར་སྐྱེའོ།། མི་ལ་གནོད་པ་དང་ངན་ཏུ་དགའ་ཞིང་གཏམ་ལ་སྲེད་པ་ནི་ཚེ་ཕྱི་མ་ལ་ལར་སྐྱེའོ།། མི་སྤངས་པ་ལ་དགའ་བ་ནི ་ཚེ་ཕྱི་མ་ལ་སྲིན་བུ་དོ་ལོག་ཏུ་སྐྱེའོ། ། ཚེ་སྔ་མ་ལ་ཤིང་ལྷམ་གྱོན་ཞིང་། ལྷ་ཁང་དུ་འགྲོ་བ་ནི་ཚེ་ཕྱི་མ་རྟར་སྐྱེའོ།། ཚེ་སྔ་མ་ལ་འཕྱེན་བག་མེད་པར་བཏད་པས་ནི་ཚེ་འདི་ལ་སྲུར་བར་སྐྱེའོ།། ཚེ་སྔ་མ་ལ་དགེ ་འདུན་གྱི་རང་འཐག་དང་། གཏུན་ལ་སྤྱད་པ་ནི་ཚེ་འདི་ལ་སྲིན་བུ་མགོ་དེབས་སུ་སྐྱེའོ།། སེམས་ཅན་གྱི་ཟས་ལ་གེགས་བྱས་པ་ན་བྱ་ཤིང་རྟ་མར་སྐྱེའོ།། ཆ་སྔ་མ་ལ་དགེ་འདུན་གྱི་ཆུ་བ་ཆུས་པས ་ཉེ་དང་དུས་སྦལ་ལ་སྩོགས་པ་ཆུའི་ནང་ན་གནས་པའི་སེམས་ཅན་དུ་སྐྱེའོ། ། ཚེ་སྔ་མ་ལ་དགེ་འདུན་སྨེ་བར་བྱས་པས་ནི་གཙང་སྦྲའི་སྲིན་བུར་སྐྱེའོ།། དགེ་འདུན་གྱི་ཤིང་ཏོག་བརྐུས་པས་ནི་མཆིན་པ ་ཟ་བའི་སྲིན་བུར་སྐྱེའོ། ། དགེ་འདུན་གྱི་ནོར་བརྙས་པས་ནི། རང་འཐག་སྐོར་བའི་བུང་བུ་དང་གླིང་དུ་སྦྱར།། དགེ་འདུན་གྱི་ནང་ནན་གྱིས་བསྐྱེ་བ་བྱས་པས་ན་བྱ་ཕུག་རིན་དུ་སྐྱེར།། དགེ་འདུན ་ལ་སྤྱོ་བ་བྱས་པས་ནི་གླང་གི་གཉའ་བའི་སྲིན་བུར་སྐྱེའོ། ། དགེ་འདུན་གྱི་ལུམ་སྦྱར་ཟོས་པས་ནི་ལྡུམ་བུར་རྩ་བ་གང་གི་སྲིན་བུར་སྐྱེའོ།། དགེ་འདུན་གྱི་ཁྲི་བསྟན་པ་ལ་འདག་པས་ནི ་སྲིན་པ་མགོ་དམར་དུ་སྐྱེའོ། ། དགེ་འདུན་གྱི་ནོར་སྣ་ཚོགས་ལ་སྤྱད་པས་ནི། སྲིན་བུ་འཕྱེ་བོར་སྐྱེའོ།། མགོ་ལ་རུས་པའི་ཐུར་མ་གཏུར་ནས་ལྷ་ཁང་དུ་འགྲོ་ན། བྱ་མཆུ་རིངས་སུ་སྐྱེའོ།། ་དཀར་རྩི་དང་། དམར་རྩིས་བྱུགས་ཏེ། ལྷ་ཁང་དུ་འགྲོ་ན་བྱ་སྦྱར་ཀར་སྐྱེའོ།། དང་མཚོན་གྱི་གོས་གྱོན་ཏེ། ལྷ་ཁང་དུ་འགྲོ་ན་བྱའུ་སེ་རུར་སྐྱེའོ།། ཁྱོ་ཤུག་ཞག་ལོན་ཏེ། ལྷ་ཁང་དུ་ཉལ་ན་སྲིན་པོ ་མགོ་སྔོན་དུ་སྐྱེའོ། ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་འཇུག་སྟེགས་འཆའ་ཞིང་འདུག་པ་ནི་རྔ་མོར་སྐྱེའོ།། ལྷ་མ་དང་། འབོག་གྱོན་ཞིང་གཞལ་མེད་ཁང་དུ་འགྲོ་ན་སྦལ་བར་སྐྱེའོ།། ་ཆོས་ཉན་པའི་ཚ་ལོར་གཏམ་ཟེར་ན་བྱེའུ་ལྷན་ཀར་དུ་སྦྱར།། དགེ་སློང་ཁྲིམས་དག་པར་ལ་མི་གཙང་བར་བསྐྱེད་པ་ནི། ལྕགས་ཀྱི་སེམས་ཅན་དམྱལ་བར་སྐྱེའོ།། རལ་གྲི་འཁོར་མ ་ཁྲི་ཕྲག་བརྒྱ་སྙེད་དུ་ཆར་པ་ལུས་ཀྱི་སྟེང་དུ་འབེབས་ཤིང་དེའི་ལུས་གཏུབས་པར་འགྱུར་རོ། ། དེ་ནས་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་ཀྱིས་ཇི་ལྟར་གསུངས་པ་དེ་ལྟར་དགེ་འདུན་གྱི་ནོར་ལ་སྤྱོད་པ་སྡིག་ལྕི་བར་གསུངས་ཏེ། གལ་ཏེ་དེ་ལྟར་དགེ་བའི་ལས་ལ་ཕྱོགས་པ་དང་། སྦྱིན་བདག་ལ་སོགས་པ་ཇི་ལྟར་གཙུག ་ལག་ཁང་གི་ནང་དུ་བསྟི་སྟར་བགྱིད་པ་དང་། ཕྱག་འཚལ་བར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་ཁང་དུ་འགྲོ་བ་ལ་སེམས་རྣམ་པ་གཉིས་ཡོད་དེ། ་དགེ་བའི་སེམས་དང་། མི་དགེ་བའི་སེམས་སོ།། དེ་ལ་ཇི་ལྟར་ན་དགེ་བའི་སེམས་ཞེས་བྱ་ཞེ་ན། ལྷ་ཁང་དུ་ཕྱིན་པའི་ཚེ་སངས་རྒྱས་མཐོང་ན་ཕྱག་འཚལ་ཞིང་། དགེ་འདུན་ལ་བཀུར་སྟི་བྱེད་ཅིང་། མདོ་སྡེ་འདྲི ་འམ། འདོན་ནམ། ཁྲིམས་ནོད་དམ། སྡིག་པ་བཤགས་པ་འམ། དཀོན་མཆོག་གསུམ་གྱི་སྤྱི་ནོར་ལ་སོགས་པ་གཏོང་ངམ། སྲོག་ལ་ཡང་མི་ཆགས་པར་དམ་པའི་ཆོས་འཛིན་པ་ནི་གོམ་པ་གཅིག་པོར ་བས་ཀྱང་ལྷར་སྐྱེ་བར་འགྱུར་རོ། ། མ་འོངས་པའི་དུས་ན་ཁྱིམ་པ་དག་ཏུ་ཞུགས་ཏེ། དེ་དང་འདྲ་བའི་ལོངས་སྤྱོད་དང་ལྡན་པར་འགྱུར་རོ།། དེ་ནི་དགེ་བའི་མཆོག་དང་ལྡན་པ་ཡིན་ནོ།། དེ་ལ་གང་མི་དགེ ་བ་ནི་ལྷ་ཁང་དུ་འཇུག་པའི་ཚེ། དགེ་འདུན་ལ་སློངས་མོ་དང་། བསྐྱི་བརྙ་བྱེད་པ་དང་། དགེ་འདུན་ལ་སྐྱོན་ཚོལ་ཞིང་། གླན་ཀ་ཚོལ་བ་དང་།། དགེ་འདུན་གྱི་ཞལ་ཟས་ཟོས་ཀྱང་ཚིམ་པ་མེད་ཅིང་། བཟ ་ཤིང་དང་། ཤིང་ཏོག་དང་། ལྡུམ་སྦྱར་ལ་སོགས་པ། ཁྱིམ་དུ་ཁྱེར་བ་དེ་ལྟ་བུ་ནི་ཤིན་ཏུ་དམྱལ་བའི་འཁོར་ལོ་དང་། ཤིན་ཏུ་འབར་བ་དང་། རལ་གྲིའི་རི་དང་། རལ་གྲིའི་ཤིང་ལས ་སོགས་པའི་དམྱལ་བར་ཤིན་ཏུ་སྡུག་བསྔལ་ལན་པར་འགྱུར་རོ། ། དེ་ནི་མི་དགེ་བའི་མཆོག་ཅེས་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཁྱོད་མ་འོངས་པའི་ཚེ་ངའི་ཉེ་གནས་རྣམས་ལ་དོ།། ་མཆོག་གསུམ་གྱི་དཀོར་ལ་མ་སྤྱོད་པར་འདུག་ཅིག་ཅེས་གྲོས་ཐོབ་ཤིག། དེ་ལྟར་མ་གྱུར་ཅེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་བྱས་ན། སངས་རྒྱས་བྱམས་པ་འཇིག་རྟེན་དུ་འབྱུང་བའི་ཚེ་གདོན་མི་ཟ ་བར་གྲོལ་ལོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེ་འདི་ལ་གཞན་གྱི་ནོར་འཕྲོག་ན། ཚེ་ཕྱི་མ་ལ་ཤིན་ཏུ་གྲང་བའི་དམྱལ་བར་ལྷུང་ངོ་།། དར་གྱི་སྲིན་བུར་འགྱུར་ཏེ། བཙོ་ཞིང་བཞུ་བར་འགྱུར་རོ།། ་ཚེ་འདི་ལ་སངས་རྒྱས་ཀྱི་སྐུ་གཟུགས་དང་མདོ་སྡེ་ལ་མར་མེ་ཡིས་སྣང་བ་མེད་པར་བྱེད་ཅིང་མི་དགེ་བ་ནི་ཁོ་ར་ཁོར་ཡུག་གི་མུན་ནག་གི་སེམས་ཅན་དམྱལ་བར་འགྱུར་རོ།། ཚེ་འདི་ལ་ཤན་པ་བྱེད་ཅིང་སེམས ་ཅན་མང་པོའི་སྲོག་གཅོད་པ་ནི་རལ་གྲི་དང་། རལ་གྲི་ནགས་ཚལ་གྱི་སེམས་ཅན་དམྱལ་བར་ལྟུང་ངོ་།། ཚེ་འདི་ལ་ཁྲ་དང་ཁྱི་ལ་སོགས་པ་གཏོར་ཞིང་སྔོན་པ་བྱེད་པ་ལ་དགའ་བ་ནི་ལྕགས་ཀྱི་སོག་ལེའི་དམྱལ་བར་ལྷུང་ངོ་།། ་ཚེ་འདི་ལ་ལོག་པར་གཡེམ་པ་ལ་དད་པ་ཆེ་བ་ནི་ཟངས་ཀྱི་ཀ་བ་དང་། ལྕགས་ཀྱི་བྲག་གི་སེམས་ཅན་དམྱལ་བར་ལྷུར་རོ།། ཚེ་འདི་ལ་ཆུང་མ་མང་དུ་བླངས་པ་ནི་ལྕགས་ཀྱི་གཏུན་གྱི་དམྱལ་བར་ལྟུང་ངོ་།། ཚེ་འདི་ལ་བུད་མེད ་སྐྱེས་པ་དང་མང་དུ་ཉལ་བ་ནི་སྦྲུལ་གདུག་པའི་དམྱལ་བར་ལྟུང་སྟེ། ཚེ་འདི་ལ་བསྲེག་ཅིང་བཙོ་བའི་ཐལ་བ་འབེབས་པའི་དམྱལ་བར་ལྷུང་སྟེ། ཚེ་འདི་ལ་ཕག་དང་ཁྱིའི་སྤུ་གཏོགས་པས་ནི་ཤིན་ཏུ་བསྐོལ་བའི་དམྱལ ་བར་ལྟུང་ངོ་། ། ཚེ་འདི་ལ་ཕག་དང་ཁྱི་དང་རྟའི་འབྲས་བུ་བཏོན་པས་ནི་རྡོ་ཟུག་རྔུའི་དམྱལ་བར་ལྷུང་ངོ་།། ཚེ་འདི་ལ་ཚད་མར་དུ་འཐུངས་པ་མྱོས་པ་ཟངས་ཁུ་འཐུང་བའི་དམྱལ་བར་སྐྱེའོ།། ཚེ་འདི་ལ་སེམས་ཅན ་གཏུབས་ཤིང་དམྱལ་བས་ནི་ལྕགས་ཀྱི་འཁོར་ལོའི་དམྱལ་བར་ལྟུང་ངོ་། ། ཚེ་འདི་ལ་དགེ་འདུན་གྱི་ཤིང་ཏོག་བརྐུས་པ་ནི་ལྕགས་ཀྱི་ཐུ་ལུམ་གྱི་དམྱལ་བར་ལྷུང་ངོ་།། ཚེ་འདི་ལ་ཁྱི་དང་ཕག་གི་རྒྱུ་མ་ཟོས་པས་ནི ་མིགཙང་བའི་དམྱལ་བར་ལྟུང་བར་འགྱུར་རོ། ། ཚེ་འདི་ལ་ཉ་བཀོར་བས་ནི་རལ་གྲིའི་ནགས་ཚལ་གྱི་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལམ་ཡང་མོ་བྱས་ཏེ། སྔ་མའི་བུལ་ནེ་བ་བྱེད་པ་ནི་མའི་ཤིང་དུམ་གྱི་དམྱལ་བ ་ལུང་བར་འགྱུར་རོ། ། ཚེ་འདི་ལ་དབྱེན་བྱེད་པ་ནི་ལྕགས་ཀྱི་གཤོལ་གྱི་དམྱལ་བར་འགྱུར་རོ།། ཚེ་འདི་ལ་ཚིག་ངན་པས་མི་ལ་སྤྱོད་པས་ནི་ལྕེ་མེད་པའི་དམྱལ་བར་ལྟུང་ངོ་།། ཚེ་འདི་ལ་བརྫུན་ཟེར་བ་ནི་ལྗགས་ཀྱི་གཟེར་བུས ་གཟེར་བའི་དམྱལ་བར་ལྟུང་ངོ་། ། ཚེ་འདི་ལ་སྲོག་གཅོད་ཅིང་ལྷའི་སྲིན་ལ་རྗེད་པས་ནི་ལྕགས་ཀྱི་བསྲུང་བུའི་དམྱལ་བར་ལྷུང་ངོ་།། ཆ་འདི་ལ་བོན་མོ་བྱེད་ཅིང་འདྲེ་བོས་སོ།། ཞེས་བརྫུན་ཟང་ཞིང་ནོར་ལེན་པ་ནི་ཤལ་མ་རི ་དམྱལ་བར་ལྷུང་ངོ་། ། ཚེ་འདི་ལ་བོན་བྱེད་ཅིང་མིག་བཙུམས་ནས་ཁྱོད་ཀྱི་བླ་མ་མཆོད་འོས་སོ་ཞེས་ཟེར་ཞིང་སླུ་བ་ནི་རྐེད་པར་བཏུབས་པའི་དམྱལ་བར་ལྷུང་ངོ་།། ཚེ་འདི་ལ་བོན་བྱེད་ཅིང་སྲོག་གཅོད་དུ་བཅུག་སྟེ། ལྷ་སྲིན་རྗེད། ་དུ་བཅུག་པ་ནི་སྟ་རེས་གཏུབས་པའི་དམྱལ་བར་ལྟུང་སྟེ། བསྲུངས་མས་ལུས་གཏུབས་ཤིང་ལྕགས་ཀྱི་བྱན་ཆུ་ཅན་གྱིས་མིག་གཉིས་ཀྱི་འབྲས་བུ་བཙོགས་པར་འགྱུར་རོ།། ཚེ་འདི་ལ་བོན་བྱེད་ཅིང་གཤིན་རྡོག་དུ་འདྲར ་བ་དང་། ། ཁང་ཁྱིམ་བཟང་ངན་ལྟ་བ་དང་། རིགས་ལྔའི་ཁམས་པད་མི་བདེ་ལྟ་བ་དང་། གླེན་པ་བསླུས་ཏེ་ནོར་མང་དུ་ལེན་པ་ནི་ལུགས་ཀྱི་དྲ་བར་བཅུག་པའི་དམྱལ་བར་སྐྱེའོ།། བྱ་མ་དྲངས་པ་གྲངས་མེད་པས་ལུས་ཀྱི ་དུ་འདུག་ནས་སྟེང་གི་གཟད་ནས་རུས་པ་དང་རྒྱུས་པ་གཏོགས་ཏེ། སྡུག་བསྔལ་མུ་མེད་པ་བྱེད་པར་འགྱུར་རོ།། ཚེ་འདི་ལ་སྨན་བྱེད་ཅིང་ནད་པ་གསོ་མི་ནུས་པར་བརྫུན་གྱིས་ནོར་ལེན་པ་ནི་ལྕགས་ཀྱི་ཐུང་མས་བཙུགས ་པའི་མྱལ་བར་ལྟུང་སྟེ། ལུས་ལ་ཀུན་དུ་མེ་འབར་རོ།། ཚེ་འདི་ལ་ལྷ་ལང་དང་མཆོད་རྟེན་པ་ཤིག་ཅིང་དགེ་འདུན་དང་། ཕ་མ་དང་མཁན་པོ་ལ་བག་མེད་པར་སྲིན་རླུང་བ་ནི་མན་མེད་པའི་སེམས་ཅན་བྱལ་བ་ཆེན་པོ་བརྒྱང་། ་མཐར་གྱིས་འགྲོའོ།། དེ་ནས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱ་སུམ་བཅུ་རྩ་དྲུག་ག་ནང་དུ་འགྲོ་སྟེ། ལ་ལ་ནི་བསྐལ་བ་ཅིག། ལ་ལ་ནི་བསྐལ་པ་གཉིས། ལ་ལོན་བསྐལ་བ་ལྔའི་བར་དུ་འགྲོ་བ་དང་། གདོད་མཐར་བྱིན་ནས་ན། ་བའི་གཤེས་གཉེན་དང་ཕྲད་ན་ནི་བྱང་ཆུབ་དུ་སེམས་སྐྱེ་བར་འགྱུར་རོ།། གལ་ཏེ་མ་ཕྲད་ན་སླར་ཡང་སེམས་ཅན་དམྱལ་བར་ལྷུང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ལུས་པོང་ཆེ་ཞིང་གནག་ལ་སྤྲོ་བླང་བ ་འགྲོ་བ་ལ་དགའ་བ་ནི་རྔ་མོ་ལས་འོངས་སོ། ། འགྲོ་བ་ལ་སྲེད་པ་ཟ་བ་ལ་རྔམ་སྟེ་ཉང་བལ་འབྱོལ་པ་ནི་རྟ་ལས་འོངས་སོ།། ཆ་བ་དང་གྲང་བས་མི་འཇིགས་ཤིང་གཟུགས་ཆེ་བ་ནི་གླང་ལས་འོངས་སོ།། སྣ་ཚེ་ཞིང་འཛེམ་པག་མེད། ་ལ་གང་འདོད་པ་དམ་དུ་འཛིན་ཅིང་བཟང་ངན་བྱེ་བྲག་མི་ཕྱེད་པ་ནི་བོང་བུ་ལས་འོངས་སོ།། རྟག་ཏུ་ཤལ་སྲེད་ཅིང་རྔམ་སྟེ་འཇིགས་པ་མེད་པ་ནི་སེང་གེ་ལས་འོངས་སོ།། ལུས་རིང་ཞིང་མིག་ཟླུམ་ལ་རིའམ་དགོན་པར ་ཤིན་དུ་འགྲོ་ལ་ཆུང་མ་ལ་སྡང་པ་ནི་སྟག་ལས་འོངས་སོ། ། སྤུ་རིང་ཞིང་མིག་ཟླུམ་སྟེ་གནས་ཅིག་ཏུ་མི་དགའ་བ་ནི་བྱ་ལས་འོངས་སོ།། འགྱུར་ལྡོག་ཆེ་ཞིང་སྲིན་བུ་གསོང་བ་ལ་དགའ་བ་ནི་ཝ་ལས་འོངས་སོ།། ་དཔའ་བགོང་ཆེ་ཞིང་ཁྲལ་འཇིམ་ཆུང་ཞིང་ཆུང་མ་དང་བུལ་སྲེད་པ་ན་སྤྱད་ཀི་ལས་འོངས་སོ།། གཡོན་ཅན་གྱིས་ངོས་འཛིན་ལ་གཉིད་ཆུང་ལ་ཁྲོ་བ་ནི་ཁྱི་ལས་འོངས་སོ།། ཁྲོ་བ་ལ་དགའ་བའི་སྨྲ་བ་ང་ནི་འདོད་ལ་མི་ཀུན་གྱི ་བྱམས་པ་ནི་ནི་ཅོ་ལས་འོངས་སོ། ། མང་པོར་འདུས་ཤིང་སྤྲུབ་ལ་དགའ་ཞིང་མྱ་ངན་མང་པ་ནེ་བྱ་འུ་བྱུག་ལས་འོངས་སོ།། བོང་ཆུང་ཞི་ག་ཡེམ་པ་ལ་དང་ཆེ་སྟེ་སྟེད་མི་བདན་པ་ནི་དུ་མཆིལ་བ་ལས་འོངས་སོ།། མིག་ཆག་ལ་སྨོ ་ལ་ཁ་ནས་ལྦ་བ་འོད་ལ་ཉལ་བའི་ཆེན་ལུས་སྦྲིང་འདོད་པ་ནི་རྩངས་པ་ལས་འོངས་སོ། ། སྨན་ཁྲོ་ཞིང་ཕ་རོལ་གྱི་ཚིག་མི་གོ་ལ་ཁྲོ་ལ་མི་ལ་གདུག་པའི་ཚིག་འབྱུང་བ་ནི་སྡིག་པ་ལས་འོང་སོ།། གཅིག་པུ་འདུག་ཅིང་ཟབ་ལ ་ཀམ་སྟུ་ནུབ་མོ་གཉིད་ཆུད་པ་ནི་བྱི་བ་ལས་འདས་སོ། ། ཁྱིམ་ཕུགས་དང་རྐུབ་ལ་དང་ཆ་སྟེགཉེན་དུ་མི་ཤེས་པ་ནི་བྱིལ་ལས་འོངས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་ལ་ཞིག་གཙུག་ལག་ཁང་དང་མཆོད་རྟེན ་འཇིག་ཅིང་གང་གིས་དཀོན་མཆོག་གསུམ་གྱི་རྫས་བླངས་ཤིང་སྤྲད་ན་ཚེ་ཕྱི་མ་ལ་བསྟིར་མེད་པའི་སེམས་ཅན་དམྱལ་བར་སྐྱེ་སྟེ། ཅི་སྟེ་དེར་སྐྱེས་ནས་དམྱལ་བ་ལས་ཐར་ན་ཡང་འདི་ལྟ་སྟེ། ཕུག་རོན་དང་བཚིལ་བ་དང་དུང ་པདང་ནེ་ཙེ་དང་། བྱི་བུ་ཞེ་སྔོ་དང་། ཉ་དང་རུས་སྦལ་དང་སྤྲིའུ་དང་ཕག་པ་དང་ཤ་བར་སྐྱེའོ།། གལ་ཏེ་མིར་སྐྱེས་ན་ཡང་མ་ནིང་དང་བུད་མེད་དང་མཚན་གཉིས་པ་དང་མཚན་མ་མེད་པའི་སྤུན་པ་སོགས་པར་སྐྱེའོ།། མི་ཞེ་སྡང་ཆེ་བ ་ནི་སྦལ་གདུག་པ་དང་། སང་ག་དང་སྟག་དང་སྲུང་ཀི་དང་དོམ་དང་དྲེད་དང་བྱི་ལ་དང་། ཁྲ་ལ་སྩོགས་པ་ཐམས་ཅད་དུ་སྐྱེའོ།། ཅི་སྟེ་མིའི་ལུས་ཐོབ་ན་ཡང་བྱ་དང་། བག་དང་གསོད་པ་ལ་དད་ཅིང་རྔོན་པ་དང་། བརྩོན་མརྗེའ་འགྱུར་རོ།། གཏི ་མུག་ཆེ་ཞིང་དག་མི་དགེའི་བྱེ་བྲག་མི་བྱེད་པ་ནི་ཆ་ཕྱི་མ་ལ་བ་ལ་གླང་དང་། ཕག་དང་བ་གླང་དང་ལུག་དང་མ་ཧེ་དང་ཤིག་དང་ལྗི་བ་དང་སྦྲད་མ་དང་མཆུ་བསྐུད་དང་གྲོག་མ་ལ་སོགས་པར་སྐྱེའོ།། ཅི་སྟེ་མིའི་ལས་ཐོབ་ན་ཡང ་འོན་པ་དང་དམུས་ལོང་དང་ལྐུགས་པ་དང་ལྦ་བ་ཅན་དང་སྒུར་པོ་ལ་སོགས་པར་སྐྱེའོ། ། ཡན་ལག་མ་ཚང་པ་དང་། དབང་པོ་མཚང་བའི་ལུས་སུ་འགྱུར་ཏེ། ཆོས་ལ་ནན་ཏན་བྱེད་མི་ནུས་སོ།། རྒྱགས་ཤིང་དྲེགས་པ ་ཅིནི་ཚེ་ཕྱི་མ་ལ་མི་གཙང་བའི་ནང་གི་སྲིན་བུ་དང་རྔ་མོ་དང་བུང་བུ་དང་ཁྱི་དང་རྟ་ལ་སོགས་པར་སྐྱེའོ། ། ཅི་སྟེ་མི་ལུས་ཐོབ་ན་ཡང་བྲན་ཁོལ་དུ་སྐྱེའོ།། དབུལ་འཕོངས་ཏེ་སློངས་མོ་བྱེད་ལ་ཐམས་ཅད་ཀྱིས་བརྙས་ཤིང ་སྨད་པར་འོང་ངོ་། ། གང་དབང་པོ་ཡོད་པས་བྲན་དུ་གཟེར་ཞིང་གཞན་གྱི་ནོར་ལ་ལེན་པ་ནི་ཚེ་ཕྱི་མ་ལ་ཤལ་མ་རིའི་སེམས་ཅན་དམྱལ་བར་ལྟུང་སྟེ། སེམས་ཅན་ཁྲི་ཕྲག་བརྒྱད་སྟོང་སྦེད་སོས་ཤ་གཅོད་ཅིང་ཟ་བར་འགྱུར་རོ།། ཚེ་འདི་ལ་བ.རལ ་པོ་འགྲེང་དུ་མི་དགའ་བ་ནི་ཚེ་བྱི་མ་ལ་བ་ལང་གི་ལུས་སུ་སྐྱེ་སྟེ། ། རྐང་ལག་རེངས་ཤིང་ཉལ་མི་ཤེས་པས་གཉིད་ལོག་དུ་མེད་པར་འགྱུར་རོ།། ཚེ་འདི་ལ་མཆོད་སྟོན་ཟོས་པའི་ནུབ་མོ་ཟས་ཟོས་ན་ཚེ་ཕྱི་མ་ལ་འདྲེ་ལྐོག་སུ་འགྱུར་རོ།། ་ལོ་ཁྲི་བརྒྱ་སྟོང་གི་བར་དུ་བཟའ་བ་དང་བཏུང་བསྙེད་པར་མི་འགྱུར་རོ།། ཡ་ན་མན་དུ་འགྲོ་བའི་ཚེ་ཚིགས་ཐམས་ཅད་དུ་མེ་འབར་རོ།། ཚེ་འདི་ལ་སྒྲེན་མོར་འདུག་པར་དད་པ་ནི་བཉད་པའི་བྱ་རྟག་ཏུ་འབོད་པར་སྐྱེའོ།། ཚེ་འདི་ལ ་མཆོད་སྟོན་གྱི་ཟས་ཟོས་ཀྱི་ལྷག་མ་ཁྱིམ་དུ་ཁྱེར་བ་ནི་ཚེ་ཕྱི་མ་ལ་ལྕགས་འབར་བའི་སེམས་ཅན་དམྱལ་བར་ལྟུང་ངོ་། ། ཅི་སྟེ་མིར་སྐྱེས་ན་ཡང་ལྐོག་ནད་ཅན་དང་། ཚེ་ཐུང་པོར་འགྱུར་རོ།། ཚེ་འདི་ལ་སངས་རྒྱས་ལ་ཕྱག་འཚལ་བའི ་ཆེད་དཔྲལ་བས་ལ་མ་གཏུགས་ན་སྒྱེའུ་ཚུགས་ཀྱི་དམྱལ་བར་ལྟུང་ངོ་། ། ཅི་སྟེ་མིར་སྐྱེས་ན་ཡང་མི་བོ་ཅོག་གིས་བརྙས་ཤིང་སླུ་བར་སྐྱེའོ།། ཚེ་སྔ་མ་ལ་སངས་རྒྱས་ལ་ཕྱག་འཚལ་བའི་ཚེ་ཐལ་མོ་མི་སྦྱོར་བ་ནི་ཚེ་བྱིམ ་ལ་འཐའ་འཁོབ་དུ་སྐྱེ་སྟེ། ལས་མོང་དུ་བྱས་ཏེ་འབྲས་བུ་འགྲུབ་པ་ཆུང་ངོ་།། ཚེ་འདི་ལ་ཞལ་སྟོན་ཉལ་ནས་མི་ལངས་པ་ནི་ཚེ་ཕྱི་མ་ལ་ལྟོ་འཕྱིའི་རིས་སུ་སྐྱེའོ།། ལུས་རིང་ཞིང་ཆེ་བ་ནི་སྲིན་བུ་པོ་མོ་ཐམས་ཅད་ཀྱིས ་ཟའང་འོ་ང། ། ཆ་འདི་ལ་ལག་བསྔལ་ཏེ་སངས་རྒྱས་ལ་ཕྱག་འཚལ་བ་ནི་ཚེ་ཕྱི་མ་ལ་ཕྱེན་ཀ་ལོག་ཏུ་བཅིངས་པའི་སེམས་ཅན་དམྱལ་བར་ལྟུང་ངོ་།། མི་རུ་སྐྱེས་ན་ཡང་ཉེ་བར་གྱོད་ལ་ཐོགས་པར ་ཐོང་ངོ་། ། ཆ་འདི་ལ་ཐལ་མོ་སྦྱར་ཏེ་ཡན་ལག་སྨད་ལྔས་ལ་གཏུགས་ཏེ་རྩ་གཅིག་པའི་སེམས་ཀྱིས་སངས་རྒྱས་ལ་ཕྱག་འཚལ་བ་ནི་གང་ནས་གང་དུ་སྐྱེས་པར་རྟག་ཏུ་བཅན་ནིང་སྐྱིད་པར་འོང་།། ་ཚོད་དེ་ལ་མཁོད་ཞིང་སྤྲེ་ཐུང་བ་ནི་བྱོལ་སོང་ལས་འོངས་སོ།། ཚེ་འདི་ལ་མ་གཡོན་པོར་འདུག་པ་ནི་གཞན་གྱི་ཆུང་མ་ལ་མིག་ཟུར་གྱིས་བསྟེགས་པ་ལས་འོངས་སོ།། ཚེ་འདི་ལ་ཆུང་མའི་ནོན་བྱས་ཏེ་ཕ་མ་ལ་རྒོལ་བ་ནི་ལྕེ་གཏུབས ་པའི་སེམས་ཅན་དམྱལ་བར་ལྟུང་ངོ་། ། ཚེ་འདི་ལ་ཆང་གི་དབང་དུ་སྲེད་པ་ནི་ཚེ་ཕྱི་མ་ལ་ཆུའི་སྲིན་བུར་སྐྱེའོ།། ཅི་སྟེ་མིར་སྐྱེས་ན་ཡང་ལྷ་གོར་དང་། དབུགས་མི་བདེ་བའི་ནད་ཀྱིས་འཆི་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་དགའ་བོངས་ཇི་ལྟར་བཤད་པའི་སྡུག་བསྔལ་མང་པོ་རྣམ་པ་སྣ་ཚོགས་ཀུན་གྱིས་མི་དགེ་བ་རྣམས་ལས་མྱུར་ཏ་རབ་ནི་སེམས་ཅན་དམྱལ་བར་སྣང་ངོ་།། འབྲིང་ནི་བྱོལ་སོང་གི་དྷཱར་འགྱུར་རོ།། ཐ་མ་ནི་ཡི་དགས་ཀྱི་རྒྱུར་འགྱུར་རོ།། སྲོག ་གཅོད་པས་སེམས་ཅན་ངན་སོང་གསུམ་དུ་ལྟུང་ངོ་། ། ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། དབུལ་ཕོངས་པ་དང་། ནོར་ཐུན་མོང་དུ་སྤྱད་པའི་དབང་མེད་དོ།། མི་ཚངས་པར་སྤྱོད་པས་ཀྱང་སེམས་ཅན་ངན་སོང་གསུམ།། ་དུལྟུང་ངོ་།། ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། བདག་གི་ཆུང་མ་ལ་འཕྱོ་བ་དང་། ཆེན་ཚུན་གཉིས་རྩོད་པ་དང་། བདག་གི་བསམ་པ་བཞིན་མི་འགྲུབ་བོ།། བརྫུན་དུ་སྨྲ་བ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྷུང་བར ་འགྱུར་རོ། ། ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། གཞན་གྱིས་བསྐུར་བ་འདབས་པ་དང་། མ་འོངས་པ་ཀུན་གྱིས་སླུ་བར་འགྱུར་རོ།། ཕྲ་མ་བྱེད་པ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་བར་བྱེད་དོ།། ཅི་སྟེ་མར ་སྐྱེས་ན་ཡང་གཉེན་ཞིག་པ་དང་། གཉེན་ངན་པ་དང་། ཕྲག་དོག་ཅན་དུ་འགྱུར་རོ།། ངག་མི་བརྙན་པར་སྨྲ་ན་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་ངོ་།། ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། རྟག་ཏུ་སྒྲ་མི་སྙན་པ ་མང་པོ་ཐོས་པ་དང་། སྨྲས་སོ་ཅོག་སྐྱོན་ཅན་རྩོད་པར་འགྱུར་རོ།། ཚིག་ཀྱལ་པ་བྱེད་པ་ཡང་ངན་སོང་གསུམ་དུ་ལྟུང་བར་འགྱུར་ཏེ། ཅིས་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། བདེན་པའི་ཚིག་སྨྲས་པ་ཡང་ཀུན ་གྱིས་ཡིད་མི་ཆེས་པ་དང་། སྨྲས་པ་ཐམས་ཅད་མི་གསལ་བར་འོང་ངོ་།། འདོད་ཆགས་ཀྱི་ཁ་ན་མ་ཐོ་བ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྷུང་བར་བྱེད་དོ།། ཅིས་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། ནོར་ལ་ཆགས་ཤིང་ཆོག ་མི་ཤེས་པའི་རང་བཞིན་དང་། མང་དུ་ཚོལ་ཡང་བས་སྲ་པ་བཞིན་མི་འགྲུབ་པོ།། ཞེ་སྡང་གི་ཁ་ན་མ་ཐོ་བ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་བར་བྱེད་དོ།། ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། གཞན་གྱིས་རྟག་ཏུ ་གླགས་ཚོལ་བ་དང་། རྟག་ཏུ་གཞན་གྱིས་འཚེ་བར་འགྱུར་རོ།། ལོག་པར་ལྟ་བའི་ཁ་ན་མ་ཐོ་བ་ཡང་སེམས་ཅན་ངན་སོང་གསུམ་དུ་ལུང་ངོ་།། ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། རྟག་པར་ལོག་པར་བལྟ་བའི་ཁྱིམ ་དུ་སྐྱེ་བ་དང་། གཡོན་ཅན་དུ་སྐྱེ་བར་འགྱུར་རོ།། ཀྱེ་རྒྱལ་བའི་སྲས་དག་དེ་ལྟ་བུའི་མི་དགེ་བ་བཅུ་ནི་སྡུག་བསྔལ་མང་པོས་གདུངས་པའི་རྒྱུ་ཡིན་ནོ།། དེ་ནས་འཁོར་མང་པོའི་ནང་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་བྱེད་པ་དག་བཅོམ ་ལྡན་འདས་ཀྱིས་སེམས་ཅན་དམྱལ་བའི་སྡུག་བསྔལ་རྣམས་བཤད་པ་འདི་ཐོས་ནས་ཐམས་ཅད་ཀྱིས་ཆོ་དེས་བཏབ་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་རྣམས་ཀྱིས་དགེ་བ་ཇི་ལྟ་བུ་ཞིག་གིས་སྡུག ་བསྔལ་དེ་དག་ལས་ཇི་ལྟར་ཐར་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་རྣམས་སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་ལས་འཐུན་པར་གྱིས་ཤིག། ཇི་ལྟར་ན་བསོད་ནམས་བྱེད་ཅེ་ན། གང་ལ་ལ་ཞིག ་བདག་ཉིད་ཀྱི་སེམས་ཅན་གྱི་དོན་ཆེན་པོ་བྱེད་པ་གཙོ་བོར་བྱས་པ་ལ་མཆོད་རྟེན་དང་། གཙུག་ལག་ཁང་པ་རྩིགས་ན་མ་འོངས་པའི་དུས་ན། གདོན་མི་ཟ་བར་རྒྱལ་པོར་འགྱུར་ཏེ། འགྲོ་བ་མང་པོའི་དོན་བྱེད་ཅིང་འགྲོ་བ་ཅིག་གི ་ཀུན་ལ་མི་མཐུན་པ་མེད་དོ། ། ཚེ་འདི་ལ་ཆོས་ཀྱི་འགྲོ་བ་དང་། ཆོས་ལ་དད་པ་ནི་མིའི་མཆོག་ཏུ་འགྱུར་རོ།། མ་འོངས་པའི་དུས་ན་གདོན་མི་ཟ་བར་བློན་ཆེའམ། ཁམས་ཀྱི་དབང་བློན་དུ་འགྱུར་རོ།། གོས་དང་རྟ་དང་ལྡན་ཞིང་དགོས་སོ།། ་བ། ཅོག་ཚོགས་པར་འགྱུར་རོ།། ཚེ་འདི་ལ་མི་མང་པོ་ལ་བཏུད་ཅིང་བསོད་ནམས་བྱེད་པ་ནི་ལྷག་ཅིང་བཅན་པའི་ཁྱིམ་བདག་ཏུ་འགྱུར་ཏེ། མང་པོ་ཀུན་གྱིས་བཀུར་བ་དང་། ཕྱོགས་བཞི་དག་ཏུ་འགྲོ་ཡང་བགེགས་མེད་ཅིང་བྱའོ། ་ཅོག་འགྲུབ་བོ།། ཚེ་འདི་ལ་སངས་རྒྱས་ཀྱི་མངན་དུ་མེ་མར་འབུད་ཅིང་སྣང་གསལ་ལ་དད་པ་ནི་མ་འོངས་པའི་དུས་ནཉམ་དང་ཟླ་བའི་ལྷར་སྐྱེའོ།། འོད་ཀྱིས་བདག་ལ་གསལ་བར་འགྱུར་རོ།། ཚེ་འདི་ལ་སྙིང་རྗེའི་སེམས་ཀྱིས་སྦྱིན་པ་བྱིན་ནམ ་འོངས་པའི་དུས་ན་རབ་ཏུ་ཕྱུག་ཅིང་ཟས་དང་གོས་ཀྱང་ཡིད་བཞིན་དུ་འགྲུབ་པོ། ། འདི་ལ་ཟས་སྐོམ་མི་ལ་སྦྱིན་པ་ལ་དགའ་བ་ནི་གར་སྐྱེས་པ་ཐམས་ཅད་ཡིན་བཞིན་གྱི་ཟས་སུ་འགྱུར་ཞིང་ཟས་དང་། སྐོམ་ཡང་ལྡན་ལ་དབང་བ་རྣོ་ཞིང་སྔོ ་བ་ཆེ་སྟེ་ཚེ་རིང་བར་འགྱུར་རོ། ། གང་གིས་བྱོལ་སོད་ལ་ཟས་བྱིན་ན་ནི་ལན་བརྒྱ་འབྱུར་འཐོབ་པོ།། ལོག་སྲེད་ལ་སྦྱིན་པ་སྦྱིན་པས་ནི་ལན་སྟོད་འགྱུར་འཐོབ་པོ་དགེ་སློང་ངམ། དགེ་སློང་མའམ། ཁྲིམས་གཙར་མ་ལ་སྦྱིན་པ་བྱིན་པས་ནི་ལན་ཁྲིར་འགྱུར། ་རོ།། ཆོས་སྨྲ་བའི་དགེ་སློང་ཐེག་པ་ཆེན་པོ་སྤེལ་ཞིང་དེ་བཞིན་གཤེགས་པའི་གཏེར་བཤད་པ་མང་པོ་ཀུན་གྱི་མིག་ཕྱེད་ནུས་པ་ལ་བྱིན་ན་ལན་གྲངས་མེད་ཚད་མེད་པ་སྙེད་དོ།། གལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བྱིན་ན ་འབྲས་བུ་མཐར་གཏུགས་པར་འགྱུར་རོ། ། གཞན་ཡང་སྦྱིན་གནས་གསུམ་ལ་སྦྱིན་པ་བྱས་ན་རྣམ་པར་སྦྱིན་པའི་འབྲས་བུ་ཟེད་མི་ཤེས་སོ།། གསུམ་གང་ཞེ་ན། སངས་རྒྱས་དང་། ཕ་མ་དང་། ནད་པའོ།། དེ་དག་ལ་ཟས་ཅིག་སྦྱིན་པ་བྱས ་པས་ཀྱང་དེ་ལྟ་བུའི་འབྲས་བུ་མི་ཟད་པ་འཐོབ་པར་འགྱུར་ན། རྟག་ཏུ་སྦྱིན་པ་བྱིན་པ་ལྟ་ཅི་སྨོས།། ཚེ་འདི་ལ་དགེ་འདུན་མང་པོ་ལ་ཁྲུས་བྱས་ན་སྐྱེ་བ་ཐམས་ཅད་དུ་བྱང་བཞིན་བཟང་ཞིང་། ཡིད་བཞིན་གྱི་གོས་དང་ལྡན་ལམང་པོ་ཀུན་གྱིས། ་བཀུར་བར་འགྱུར་རོ།། ཚེ་འདི་ལ་དམ་པའི་ཆོས་ཀྱིས་མདོ་སྡེ་ཀློག་པ་དང་། འདོན་པ་ལ་བསྔགས་པས་ནི་སྐྱེ་བ་ཐམས་ཅད་དུ་སྒྲ་དབྱངས་སྙན་ཅིང་ཀུན་གྱིས་ཐོས་པར་དགའ་བར་འགྱུར་རོ།། ཚེ་འདི་ལ་ཚུལ་ཁྲིམས་སྡོམ་པས་ནི་སྐྱེ་བ ་ཐམས་ཅད་དུ་བྱད་བཞིན་བཟང་པ་དང་། མིའི་མཆོག་ཏུ་འགྱུར་རོ།། ཚེ་འདི་ལ་ཆུ་དཀོན་པའི་སར་ཁྲོན་པ་མང་པོ་བརྐོས་ལ་སྐོམ་སྦྱར་ལ། ལམ་སྲད་དུ་ཀུན་ཤོད་པར་བྱེད་དེ། བསྐྱེད་ཅིང་མིའི་ཅོག་སྒྲོལ་བ་ནི་སྐྱེ་བ་ཐམས་ཅད་དུ་མིའི་རྒྱལ་པོ ་བྱེད་ཅིང་ཟས་སྐོམ་རོ་བརྒྱ་དང་ལྡན་པ་ཡིད་བཞིན་དུ་འབྱུང་བར་འགྱུརརོ། ། ཚེ་འདི་ལ་མདོ་སྡེ་ལ་སོགས་པ་འདྲིའམ། གཞན་ལ་བྱིན་ཏོ་ཀློག་ཏུ་བཅུག་པ་ནི་སྐྱབ་ཐམས་ཅད་དུ་ཚིག་ལ་ཐོགས་པ་མེད་ཅིང་སློབ་པ་ཐམས་ཅད་ལན་ཅིག་ཐོ་སཔས ་མི་བརྗེད་པར་ཟིན་པར་འགྱུར་རོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་རྟག་ཏུ་དེ་ལ་དགོངས་པར་འགྱུར་རོ།། མིའི་ནང་ན་མཆོག་དང་ཕུལ་དུ་འགྱུར་རོ།། གཙོ་བོར་འགྱུར་རོ།། ཚེ་འདི་ལ་ཟམ་པ་དང་ཕྲུ་ལ་སོགས་པ་བྱེད་དེ། སྐྱེ་བོ་མང་པོ་སྒྲོལ་བར ་བྱེད་པ་ལ་དགའ་བ་ནི་སྐྱེ་བ་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་ཕལ་མང་པོས་བཀུར་ཏེ་བསྔགས་སོ། ། གྲོ་ཞིང་འོད་བལ་བསུ་བསྐྱལ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཇི་ལྟར་ངས་མདོ་སྡེ་ཐམས་ཅད ་ལས་རྒྱུ་དང་འབྲས་བུར་བཤད་དོ། ། སེམས་ཅན་རྣམས་འདོན་ནམ། ཀློག་གམ་རྗེས་སུ་སྤྱོད་ན། མི་ཁོམ་པ་དང་། སྡུག་བསྔལ་ལས་གྲོལ་བར་འགྱུར་རོ་ཞེས་གསུངས་སོ།། གང་ལ་ལ་ཞིག་གིས་མདོ་སྡེ་འདི་ལ་སྐུར་བ་འདེབས་པ་ནི་ཚེ་འདི ་ཉིད་ལ་ཡང་ལྕེ་རྩ་བ་ནས་འཆད་པར་འགྱུར་རོ། ། དེ་ནས་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མདོ་སྡེའི་མིང་ཅིང་གདགས། ཇི་ལྟར་བཟུང་བར་བརྩི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ ་མདོ་ལྔ་འདི་ནི་དགེ་བའང་མི་དགེ་བའི་རྒྱུ་དང་འབྲས་བུ་ཞེས་ཀྱང་བྱ། བྱང་ཆུབ་སེམས་དཔའི་ལམ་དང་། སྤྱོད་པ་ཞེས་ཀྱང་བྱ་སྟེ། ད་ལྟར་ཟུང་ཤིག་དེའི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་བཤད་དན་འཁོར་མང་པོའི་ནང་དུ་ལྷ་དང་མེ་བརྒྱད་ཁྲི ་སྙེད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། བུད་མེད་བརྒྱད་སྟོང་སྙེད་ནི་མོའི་ལུས་ལས་ཕོར་གྱུར་ཏེ། མི་དགེ་བའི་སེམས་ཅན་ཐམས་ཅད་ཀྱང་དགེ་བར་གྱུར་ཏོ།། དགེ་སྡིག་རྣམ་པར་དབྱེ་བའི་མདོ།། རྫོགས་སྷོ།། ་