CLOSE WINDOW

Q1020: 'phags pa rgyal bu don grub kyi mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་ཛིན་བུ་ཏྲ་ཨངྒ་སད་དྷི་སུ་ཏྲ། བོད་སྐད་དུ། འཕགས་པ་རྒྱལ་བ་དོན་གྲུབ་ཀྱི་མདོ།། བམ་པོ་དང་པ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་འཛེ་ཏའི་ཆལ་མགོན ་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་པ་དང་དགེ་སྙེན་མགྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་ནས་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག ་སྣ་ལྔ་དང་ལྡན་པ་བཀྱེ་བ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་གོས་ཆགས་བཅོས་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བདག་གིས་སངས་རྒྱས་ཀྱི་ཞ་འབྲིང་ལོ་ཉི་ཤུ་བགྱིས་ཀྱི་བར་དུ་དེ ་འདྲ་བར་གཞད་པ་མ་མཐོང་ན་བཅོམ་ལྡན་འདས་ཀྱིས་སངས་རྒྱས་སྔོན་འདས་པ་འམ་མ་བྱོན་པ་འམ་ད་ལྟར་བཞུགས་པའི་སངས་རྒྱས་ལ་དགོངས་སམ་དེ་མ་ལགས་པ་ཅི་ལ་དགོངས་པ་དོན་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན ་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་འདས་པ་འམ་མ་འོངས་པ་འམ་ད་ལྟར་བཞུགས་པ་ལ་དགོངས་པ་མ་ཡིན་གྱི། སྔོན་པར་དྲན་པར་སྔོན་བསྐལ་པ་གྲངས་མེད་པ་འདས་པའི་ཕ་རོལ་ན་སྦྱིན་པ་སྦྱིན་པའི་དངོས་པོ་ལ་དགོངས་ཏེ། ་དེའི་ཚེ་དེའི་དུས་ན་ཡུལ་ལ་བ་ཞེས་བྱ་བར་རྒྱལ་པོ་དགེ་བ་ཞེས་བྱ་བ་དྲང་པོའི་ཆོས་ཀྱི་ཡུལ་གྱི་སྲིད་འཛིན་ཏེ། འགྲོ་བ་མང་པོ་སྐྱོང་བ་ཞིག་བྱུང་ངོ་།། རྒྱལ་པོ་དེ་ལ་བློན་པོ་ན་བཞི་སྟོང་ཡོད་དེ། རྒྱལ་ཕྲན་དྲུག་བཅུ་ལ་དབང་བསྐུར་རོ།། གྲོང་ཁྱེར་ཆེན ་པོ་བརྒྱད་བརྒྱ་དང་བལ་གྱི་གླང་པོ་ཆེ་ལྔ་བརྒྱ་ཡོད་དེ། རྒྱལ་པོ་ལ་བཙུན་མོ་ཉི་ཁྲི་ཡོད་ཀྱང་སྲས་མི་མདའ་བས་རི་དང་རླུང་གི་ལྷ་མཉན་པོ་ལ་མཆོད་འབྲས་བྱས་ནས་བཙུན་མོ་དམ་པ་ལ་སྲས་མདའ་བར་གྱུར་ཏེ། བཙུན་མོའི་མལ་ཆ་དང་ཟས་དང ་སྐོམ་ལ་སོགས་པ་ཡོ་བྱད་པདམ་ཞིང་བཟང་པོར་སྦྱར་ནས་རྒྱལ་པོ་ཉིད་ཀྱིས་རིམ་གྲོ་བྱས་ཏེ། ཟླ་བ་བཅུར་ཚད་ནས་རྒྱལ་བུ་གཅིག་བཙས་སོ།། ཕོ་བྲང་གི་བཙུན་མོ་ཉི་ཁྲི་སྙེད་ཀྱང་རྒྱལ་བུ་ཞིག་བཙས་ཤེས་ཐོས་ནས་ཐམས་ཅད་དགའ ་མཐངས་ཏ། དྲན་ཡང་ང་བྱུང་བས་རྒྱལ་བུ་མཚན་ཡ་དན་བམས་བཏགས་སོ།། རྒྱལ་བུལ་ཆུན་ལྡན་མ་མ་མཅད་པ་ཅནན་གགས་ཏེ། གཅགན་ནནསུན་པའི་ལས་བྱེད། གཅག་ན་རྒྱལ་ཐབང་ང་ཀྱང་བ་བགས། གག་ན། ་རྒྱལ་བྲུ་བཅུ་པའི་ལས་བྱེད་པར་བནས། གཅིག་ནི་རྒྱལ་བ་ཅར་འགྲོ་བའི་ལས་སུ་བམས་པ།། དེ་ལྟར་བསྐོས་ནས་རྒྱལ་བ་ལོབ་དྲུག་ལན་པ་དང་མིགཅིས་དང་འབོད་རྒྱལ་དང་བཅི་བྱད་དང་རིམ་མོ་ལ་སོགས་པ་གང་ཡང་མགས ་པ་མེད་དེ་ཐམས་ཅད་ཀྱང་ལོབས་རྒྱལ་པོ་ཡབ་དང་ཡུམ་ལ་ཡང་ལྷ་བཙུན་འདྲ་བར་རིམ་གྲོ་བྱེད་དོ། ། རྒྱལ་པོས་ཀྱང་རྒྱལ་བུའི་ཕོ་བྲང་ལོགས་ཤིག་ཏུ་ཚིགས་སོ།། རྒྱལ་བུ་དེ་རླུང་ནས་སྦྱིན་པ་ལ་དགའ་ནས་མེ་ལ་སོགས་ཏེ། རི་དགས་དང ་འདབ་ཆགས་བྱའི་བ་དུ་སེམས་ཅན་ཐམས་ཅད་བདེ་སྐྱིད་པར་དགའ་སྟེ། ཚི་ས་པ་ང་མི་ཤེས་པ་གཏི་མུག་ཅན་ནི་སྦྱིན་པ་ལ་མི་དགའ་བས་བ་གགིས་གག་སྨྲས་ཏེ་ཕན་པའི་དོན་མེད་ཀྱི་མཁས་པ་ཤེས་རབ་ཅན་ནི་འཇིག་རྟེན་ན་གནས་ཀྱང ་སྦྱིན་པ་ལ་ཡོན་ཏན་ཆར་མཐོང་སྟེ། སྦྱིན་པ་བྱིན་པས་སྔ་མ་འདས་པ་དང་། མ་བྱོན་དང་། ད་ལྟར་བཞུགས་པའི་སངས་རྒྱས་དང་། རང་སངས་རྒྱས་དང་འཕགས་པ་དགྲ་བཅོམ་པ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པར་འགྱུར་རོ་ཞེས ་སྨྲས་སོ། ། རྒྱལ་བུ་བགས་ཀྱིས་ཆེར་སྐྱེས་ནས། རྒྱལ་བུ་ཞིག་གི་བུ་མོ་མན་ཏེ་ཞེས་བྱ་བ་མངའ་བྱད་བཟང་ལ་སྡུག་པ་དཔེ་ཟླ་མེད་པ་གསེར་དང་དངུལ་དང་། བཻ་དཱུརྱ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ་གཅིག་བཙུན་མོར ་བླངས་ནས་བུ་མིང་སྲིད་གཉིས་ཤིག་ཡོད་པར་གྱུར་ཏོ། ། དེ་ནས་རྒྱལ་བུ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་སེམས་པ་ལ་ཞུགས་ནས། ཡབ་རྒྱལ་པོ་ལ་བདག་ནི་རྩེ་ཞིང་ལྟད་མོ་ལྟར་མཆིའོ་ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་དེ ་བཞིན་དུ་གནང་ངོ་། ། དེ་ནས་རྒྱལ་པོ་པོ་བྲང་ནས་བྱུང་བ་དང་། བརྒྱ་བྱིན་ལྷའི་དབང་པོས་གྲོང་ཁྱེར་གྱི་སྒོ་ལམ་སྲད་དག་ན་དབུལ་འབོངས་པ་ལོང་བའོན་པ་ལྐུགས་པའི་སློངས་པ་དག་ཅིག་སྤྲུལ་ནས་སྡོད་དུ་བཅུག་གོ།། རྒྱལ་བུས་དེ་དག ་ང་དེ་། ན་ས་ལ་ན་ས་ལ་ཐམས། ། ཀྱི་མ ་པར་བྱུར་ཅེས་དྲིས་པ་དང་། རྒྱལ་དུས་ལ་བ་རྒྱལ་པོ་ལ་འདིནད་ཅེས་གསོལ་།། ། བདག་རྩོནང་ལྟད་མོ་ལྟར་མཆིས་པ་ལས་སྤོངས་མོ་པ་ལོང་བའོན་བ་སྔགས་པ་མང་པོ་དང་འཇལ་པས་མྱ་ངན་གྱིས་ནོན་པར་མྱུར་ཏེ། ད་མ་བརྒྱལ་པོ་ལ་གསོལ། ་པ་ནམ་ཅིག་གསོལ་ན། རྒྱལ་པོས་གནང་ངམ། ཡབ་རྒྱལ་པོས་རྒྱལ་བུ་ཁྱོད་ཅི་དང་ཅི་འདེད་པ་སྨོས་ཤིག་དང་གནང་བར་བྱའོ་ཞེས་བསྒོ་བ་དང་། རྒྱལ་བུས་ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་རོ།། བདག་ནི་ཡབ་རྒྱལ་པོ་ལ་མདའ་བའི་བ ་མཛོད་ན་རིན་པོ་ཆེ་མཆིས་པ་རྣམས་གྲོང་ཁྱེར་གྱི་སྒོ་བཞི་དང་། ཚོང་དུས་སུ་སྤུངས་ཏེ་སློངས་མོ་བ་ཐམས་ཅད་ལ་ཡིད་དང་མི་འགལ་བར་སྦྱིན་པ་བགྱིད་པར་འཚལ་ལོ་ཞེས་གསོལ་པ་དང་། རྒྱལ་པོས་སྲས་རྒྱལ་བུ་ལ་ཁྱོད་ཅི་དང་ཅི་དགའ་བ་ཡིད་དང ་མི་འགལ་བར་གནང་ངོ་ཞེས་བསྒོའོ། ། དེ་ནས་རྒྱལ་བུས་བློན་པོ་རྣམས་ལ་བསྒོ་ནས། ནོར་དབྱིག་རིན་པོ་ཆེ་རྣམས་ཤིང་རྟས་བསྐྱས་ཏེ། གྲོང་ཁྱེར་གྱི་སྒོ་བཞི་དང་། ཚོང་དུས་སུ་སྤུངས་ནས་ཕ་རོལ་པོ་འདོད་པ་བཞིན་སྦྱིན་པ་བྱིན་པ་དང་། ཡུལ་ཁམས ་ཕྱོགས་བརྒྱད་ཀུན་དུ་རྒྱལ་བུའི་ཡོན་ཏན་གྲགས་པར་གྱུར་པས་ཁ་ཅིག་ནི་དཔག་ཚད་བརྒྱ། ཁ་ཅིག་ནི་དཔག་ཚད་སྟོང་། ཁ་ཅིག་ནི་དཔག་ཚད་ཁྲིའི་ཕ་རོལ་ནས་ལྷགས་ཏེ། ཁ་ཟས་དང་སྐོམ་འདོད་པ་ལ་ནི་ཟས་དང་སྐོམ་བྱིན། གང་གོས་དང་བགོ ་པ་འདོད་པ་ལ་ནི་གོས་དང་བགོ་བ་བྱིན། གང་གསེར་དང་དངུལ་དང་རིན་པོ་ཆེ་འདོད་པ་ལ་ཡང་ཅི་འདོད་པ་བཞིན་ཡིད་དང་མི་འགལ་བར་གང་ཡང་མི་གཏང་བ་མེད་དོ།། དེའི་ཚེ་དེའི་དུས་ན་དགྲ་ཟླར་གྱུར་པའི་རྒྱལ་ཁམས་ཅིག་གཅིག་ཡོད་པ་དེས། ་རྒྱལ་བུས་སྦྱིན་པ་སྦྱིན་པ་ལ་དགའ་བས་ཕ་རོལ་པོ་ཅི་འདོད་པ་བཞིན་ཡིད་དབ་མི་གལ་པང་ཡོངས་སུ་གཏོར་ངོ་ཞེས་ཐོས་ནས་བློན་པོ་རྣམས་དང་མཁས་པ་བློ་དང་ལྡན་པ་ཀུན་ལ་སོགས་པ་བསྡུས་ཏེ་འདི་སྐད་ཅེས་བགྲོས་སོ།། ཡུལ་ཡ་པའི་རྒྱལ་པོ་ལ ་བལ་གྱི་གླང་པོ་ཆེ་པད་མོའི་སྟེང་ནས་འགྲོ་བ་སུང་ཡ་ཞེས་བྱ་བ་སྟོབས་དང་ལྡན་པ་ཞིག་ཡོད་དེ་དེ་དག་ནམ་དགྲ་ཟླའི་རྒྱལ་ཁམས་གཞན་དང་འཐབ་པའི་ཚེ། བལ་གྱི་གླང་པོ་ཆེ་དེས་རྟག་ཏུ་རྒྱལ་བར་གྱུར་བས་ན་བྱེད་ལས་སུ་ཞིག ་དེར་སོང་སྟེ་སློང་བར་ནུས་ཅེས་བགྲོས་ན། བློན་པོ་ལས་གང་ཡང་འགྲོ་ནུས་པ་མབྱུང་ངོ་།། དེའི་ནང་ན་བྲམ་ཟེ་མི་བརྒྱད་ཞིག་གིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་གིས་སློང་ཞིང་མཆི་བར་འཚལ་ན་བདག་ཅག་གི་ཚོགས་དང ་རྒྱགས་དང་སྦྱོར་ཅིག་ཅེས་གསོལ་པ་དང་། རྒྱལ་པོ་པ་དེའི་ཚོགས་དང་རྒྱགས་སྦྱར་ནས་བྲམ་ཟེ་དེ་དག་ལ་འདི་སྐད་ཅེས་བསྒོའོ།། གལ་ཏེ་ཁྱོད་ཀྱིས་བལ་གླང་དེ་ཁུགས་ཏེ་འོངས་ན་བྱ་དགའ་ཆེར་སྦྱིན་ནོ་ཞེས་གཙིགས་བྱས་སོ།། དེ་ནས་བྲམ་ཟེ་བརྒྱད ་བོ་ཁོར་བ་ཐོགས་ཏེ་ལ་ལུང་བགྲོད་ནས་ཡུལ་ཡ་བ་གང་ན་བ་དེར་སོང་ངོ་། ། ཡུལ་དེར་བྱིན་ནས། རྒྱལ་པོའི་སྒོར་ཁོར་བ་ལ་རྐོམ་ཚུགས་བཅས་ཏེ་རྐང་པ་ཡ་ཅིག་གིས་འགྲེང་ཞིང་སྡོད་དོ།། དེ་ནས་རྒྱལ་བུའི་སྒོ་སྲུངས་ཕོ་བྲང་ནང་དུ་སོང་ནས། ་ཕྱི་རོལ་ན་བྲམ་ཟེ་དག་ཅིག་ལྷགས་ཏེ། ཁར་བ་ལ་རྐོམ་ཚུགས་བཅས་ནས་རྐང་པ་ཡ་ཅིག་གིས་འགྲེང་ཞིང་སྡོད་དེ། བདག་ཅག་ནི་ལམ་རིང་པོ་ནས་ཆེད་དུ་འདིར་སློང་དུ་འོངས་སོ་ཞེས་མཆིའོ།། རྒྱལ་བུས་དེ་སྐད་ཅེས་སྨྲས་པ ་ཐོས་ནས་རབ་ཏུ་དགའ་སྟེ། མོད་ལ་ཕྱི་རོལ་དུ་བྱུང་ནས་བསུས་ཏེ་ཕྱག་བྱས་སོ།། དཔེར་ན་ལ་དང་བུ་ཕྲད་པ་ཙམ་དུ་ཅིག་ལ་གཅིག་གིས་སྤྲོ་བའི་ཚིག་གིས་ཁྱེད་གང་ཕྱོགས་ནས་འོངས་ལམ་ཉོན་མ་མོངས་སམ། ཅི་འདོད་ཅི་སློང་ན་རྐང ་པ་ཡ་ཅིག་འགྲོང་ཞེས་དྲིས་སོ། ། བྲམ་ཟེ་བརྒྱད་པོས་སྨྲས་མ། བདག་ཅག་ནི་རྒྱལ་བུ་ཁྱོད་སྦྱིན་པ་སྦྱིན་པ་ལ་རབ་ཏུ་དགའ་བས་ཕ་རོལ་པོ་ཅི་སློང་ཡང་ཡིད་དང་འགལ་བར་མི་མཛད་དོ་ཞེས་རྒྱལ་བུའི་ཡོན་ཏན་ཕྱོགས་མཚམས ་བརྒྱད་དང་། ཡང་ནི་སྟེང་གི་གནམ་ལ་ཐུག། མར་ནི་སའི་མཐིལ་ལ་ཐུག་པ་མན་ཅད་དུ་གྲགས་ནི། ཁྱོད་ཀྱི་སྦྱིན་པའི་ཡོན་ཏན་ནེ་བསམ་གྱིས་མི་ཁྱབ་སྟེ། ཉེ་རིང་ཐམས་ཅད་ཀྱིས་བསྟོད་ཅིང་བསྒྲགས་པས་གང་ཡང་མ་ཐོས་པ ་འམ་མི་ཤེས་པ་མེད་དེ། ཀུན་གྱིས་བརྗོད་པ་ཡང་བརྫུན་པ་མ་ཡིན་ལ། དེ་ལྷའི་སྲས་སུ་གྱུར་བས་ན་ལྷ་ནི་ཙིསྨཱ་ཡང་བརྫུན་པ་མ་ཡིན་ཏེ། དེ་རྒྱལ་བུས་སྦྱིན་པ་མི་མཛདན་བདག་ཅག་གི་ཡིད་དང་འགལ་བར་མཛད་དམ། བདག། ་ཅག་ནི་རྒྱལ་བུ་ལས་མེ་ཏོག་པད་མོའི་སྙིང་ནས་འགྲོ་བ་བལ་གྱི་གླང་པོ་ཆེ་སྤོང་དུ་འོངས་སོ་ཞེས་སྨྲས་པ་དང་། རྒྱལ་བུས་དེ་དག་བལ་གླང་གི་ལྷས་སུ་ཁྲིད་དེ་བ་ལ་གླང་གཞན་ཞིག་བྱིན་ནོ།། བྲམ་ཟེ་བརྒྱད་པོས་སྨྲས་པ། བདག་ཅག་ནི་པད་མོའི ་སྟེང་ནས་འགྲོ་བའི་བལ་གྱི་གླང་པོ་ཆེ་སུ་ད་ཡིན་འདོད་དོ། ། རྒྱལ་བུས་སྨྲས་པ། བལ་གྱི་གླང་པོ་འདི་ནི་བདག་གི་ཡབ་རྒྱལ་པོ་ལ་གཅེས་ཤིང་གནད་པ་ཡིན་ཏེ། བལ་གླང་འདི་དང་བདག་ཏུ་ཐ་མི་དད་པར་དགོངས་པས་ཁྱེད་ལ་སྦྱིན་ཏུ་མི་རུངངོ་།། ་གལ་ཏེ་བདག་གིས་ཁྱེད་ལ་བྱིན་ན་རྒྱལ་པོའི་དགོངས་པ་དང་འགལ་བས་གལ་ཏེ་བལ་གླང་འདིའི་རྐྱེན་གྱིས་བདག་ཡུལ་འདི་ནས་སྐྲོད་པར་འགྱུར་རོ་ཞེས་སྨྲས་ནས་རྒྱལ་བུ་ཡང་འདི་སྙམ་དུ་བསམས་སོ།། བདག་སྔོན་ཡི་དམ་བཅས་པ ་ནཕ་རོལ་པོ་ཅི་སྤོང་ཡང་ཡིད་དང་མི་འགལ་བར་བྱའོ་ཞེས་དམ་བཅས་ན། ད་བདག་གིས་སྔར་བསམས་པ་ལས་ཟློག་སྟེ། སྦྱིན་པ་འདི་མ་བྱིན་ན་ཇི་ལྟར་ཡང་བླ་ན་མེད་པ་མཉམ་སྙོམས་པའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་རྫོགས་པར་མ ་འགྱུར་གལ་ཏེ་སྦྱིན་པ་འདི་བྱིན་པ་ན། བླ་ན་མེད་པ་མཉམ་སྙོམས་པའི་སྦྱིན་སེམས་སུ་འགྱུར་རོ་སྙམ་བསམས་ནས་རྒྱལ་བུས་འདི་སྐད་ཅེས་སྨྲས་སོ།། ཤིན་དུ་བཀའ་སྟེ་དེ་བཞིན་དུ་སྦྱིན་པར་བྱའོ་ཞེས་སྨྲས་ནས་དུང་ན་འདུག་པའི ་གཡོག་ལ་བལ་གྱི་གླང་པོ་ཆེ་ལ་གསེར་དངུལ་གྱི་སྐྲ་བཏད་དེ། མྱུར་དུ་ཁྲིད་དེ་ཤོག་ཤིག་ཅེས་བསྒོ་བ་དང་། བལ་གླང་ཁྲིད་དེ་འོངས་ནས་རྒྱལ་བུས་ལག་པ་གཡོན་པས་ནི་ཆུ་སྣོད་ཐོགས་ཏེ། བྲམ་ཟེའི་ལག་པ་བཀྲུས་ལག་པ་གཡ ་པས་ནི་བལ་གླང་གི་སྣ་ཐག་ནས་བཟུང་སྟེ་བྲམ་ཟེ་བརྒྱད་པོ་ལ་བྱིན་པ་དང་། བྲམ་ཟེ་བརྒྱད་པོས་རྒྱལ་བུ་ལ་སྨོན་ལམ་བཏབ་པོ།། སྨོན་ལམ་བཏབ་མ་ཐག་ཏུ་བལ་གྱི་གླང་པོ་ཆེ་ལ་སྤྲུགས་ཏེ་དགའ་བཞིན་དོང་ངོ་།། དེ་ནས་རྒྱལ་བུས ་ཟས་པདེ་དག་པ་ར་ཟད་ཅེས་བནོད་བྱེད་མྱུར་དུ་མགྱོགས་པར་སང་ཤིག། གལ་ཏེ་ཡབ་རྒྱལ་པོས་གསནན་སྔགས་མ་བཏོང་ཏེ་འཕྲོག་ཏུ་འོང་ངོ་ཞེས་བསྒོ་བ་དང་། དེའི་ཚེ་བྲམ་ཟེ་དེ་དག་གིས་དེ་མ་ཐག་ཅུ་མ་ཕྱོགས་སུ ་དོང་ངོ་། ། བློན་པོ་རྣམས་ཀྱིས་རྒྱལ་བུས་བལ་གྱི་གླང་པོ་ཆེ་དགྲལ་བྱིན་ནོ་ཞེས་ཐོས་ནས་ཐམས་ཅད་སྐྲག་སྟེ་ཁྲི་ལས་དབབ་ཏུ་ལྷུང་ནས་མྱ་ངན་གྱིས་ནོན་ཏེ། འདི་སྙམ་དུ་ཡུལ་འདི་ནས་བལ་གླང་འདི་ལ་ལྟོས་ན། དང་གྲ་ཟླ་གཞན་ལ་བྱིན ་པར་གྱུར་ཏོ་སྙམ་དུ་བསམས་ནས་རྒྱལ་པོ་གལ་བ་དེར་སོང་སྟེ་འདི་སྐད་ཅེས་གསོལ་ཏོ། ། རྒྱལ་བུས་ནི་ཕྱིའི་དགྲ་ཐུབ་པའི་བལ་གླང་རིན་པོ་ཆེ་ཕ་རོལ་གྱི་དགྲ་ལ་བྱིན་ནོ་ཞེས་གསོལ་པ་དང་། རྒྱལ་པོ་ཡབ་ཡིད་ཡེད་པོར་གྱུར་པ་ལས་བློན ་པོས་ཡང་འདི་སྐད་ཅེས་གསོལ་ཏོ། ། ང་རྒྱལ་པོ་ལ་བལ་གྱི་གླང་པོ་ཆེ་འདི་མངའ་བས་ཆབ་སྲིང་ཆེ་བ་ལགས་ཏེ། བལ་གྱི་གླང་པོ་ཆེ་དེ་ནི་བལ་གླང་དྲུག་བཅུ་སྙེད་ཀྱི་མཐུ་སྟོབས་དང་ལྡན་པ་ལགས་ན། རྒྱལ་བུས་དགྲལ་སྩལ་ཏེ། དགྲ་ཟླས་འཚན ་བོས་ཆབ་སྲིད་ཀྱང་སྟོར་དུ་མཆིན་ཇི་ལྟར་མཛད་པར་རིགས། འདི་ལྟ་བུ་རང་ཉམས་སུ་སྦྱིན་པ་བྱིན་པས་བང་མཛོད་ཀྱང་སྟོངས་ཤིང་ཡུལ་གྱི་སྲིད་དང་བཙུན་མོ་དང་སྲས་ཀྱི་བར་དུ་སྦྱིན་པ་བགྱིད་པར་དགོངས་སོ་ཞེས་གསོལ་པ་དང་། རྒྱལ ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ལྷག་པར་མི་དགའ་བར་གྱུར་ཏེ། བློན་པོ་གཞན་ཞིག་པོས་ནས་བློན་པོ་དེ་ལ་རྒྱལ་བུས་པལ་གྱི་གླང་པོ་ཆེ་དགྲ་ཟླལ་བྱིན་པ་བདེན་ནམ། ཞེས་དྲིས་པ་དང་། བློན་པོ་དེས་ཀྱང་བྱིན་པ་བདེན་ནོ་ཞེས་གསོལ ་ཏེ། རྒྱལ་པོས་དེ་སྐད་སྨྲས་པ་ཐོས་མ་ཐག་ཏུ་ཆེར་སྔངས་ནས། གདན་ཁྲི་ལས་ལྷུང་སྟེ། མི་དྲན་པར་རྒྱལ་བར་གྱུར་པ་ལས་ཆུས་གཏོར་ནས་རིང་ཞིག་ལོན་པ་དང་། ཕྱིར་སངས་པར་གྱུར། བཙུན་མོ་ཉི་ཁྲི་རྙེད་ཀྱང་ཐམས་ཅད་མྱ་ངན ་གྱིས་ནོན་པར་གྱུར་ཏོ། ། དེ་ནས་རྒྱལ་པོ་དང་བློན་པོ་རྣམས་འདྲས་ནས། ང་རྒྱལ་གུ་འདི་ལ་ཇི་ལྟར་བྱ་ཞེས་བགྲོས་པ་དང་། དེའི་ནང་ན་བློན་པོ་གཅིག་གིས་ནི་བལ་གླང་གི་ལྟས་སུ་སོང་བ་ནི་རྐངཔགཅིག་པར་རིགས། བལ་གླང་བཟུང་བ་ནི ་ལག་པ་གཅག་པར་རིགས། མིག་གིས་པལ་གླང་ལ་བལྟས་ན་ཡང་མིག་དབྱུང་བར་རིགས་ཅེས་གསོལ། ཁ་ཅིག་གིས་ནི་མགོ་བཅད་པར་རིགས་ཞེས་བློན་པ་རྣམས་སོ་སོ་ནས་འགྲོས་ཏེ་གསོལ་བའི་ཚིག་རྒྱལ་པོས་ཐོས་ན། ་རབ་ཏུ་མི་དགའ་ཞིང་མྱ་ངན་གྱིས་ནོན་ཏེ། བློན་པོ་རྣམས་ལ་འདི་སྐད་ཅེས་བསྒོའོ།། ངའི་དུ་ནི་ལེགས་པའི་དོན་ལ་མོས་ཏེ། བྱིན་པ་པ་དགའ་བཡིན་མ་ཇི་ལྟ་བ་མཐོ་བཙམ་ཞིང་གཟུང་བར་བྱ། དེའི་ནང་ན་བློན་པོ་ཅིག་གིས་བློན་པོ་སྔ་མ་རྣམས ་ཀྱིས་འགྲོས་པ་མི་རུང་ངོ་ཞེས་དབྱས་ནས་འདི་སྐད་ཅེས་གསོལ་ཏོ། ། རྒྱལ་པོ་ལ་སྲས་གཅིག་བུ་ཞིག་མངའ་བ་ལ་རབ་ཏུ་སྡུག་ཅིང་གཅེས་པས་རྒྱལ་བུ་རྒྱལ་ཚབ་ལགས་ན། དེ་ལ་མཐོ་བཙམ་ཞིང་གཟུང་བཏགས་བྱ་བའི་སེམས་བསྐྱེད ་བར་མི་རིགས་ཏེ། བདག་ནི་རྒྱལ་པོ་ཆེན་པོའི་སྲས་ལ་བཟུང་བཏགས་བྱ་བར་མི་གསོལ་གྱི། རྒྱལ་བུ་འདི་ཡུལ་འདི་ནས་སྲུགས་ཏེ་ལོ་བཅུ་གཉིས་ཀྱི་བར་དུ་དགོན་པར་སྤངས་ན་སླབབ་ཅིང་ངོ་ཚ་བར་འགྱུར་རོ་ཞེས་གསོལ་བ་དང་། རྒྱལ་པོས་ཀྱང་། ་བློན་པོ་ཆེན་པོ་དེའི་ཚིག་མཉན་ཏོ།། དེ་ནས་རྒྱལ་པོས་རྒྱལ་བུ་རྒྱལ་ཚབ་བཀུག་སྟེ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱིས་ངའི་བལ་གྱི་གླང་པོ་ཆེ་དགྲ་ཟླལ་བྱིན་པ་བདེན་ནམ་ཞེས་དྲིས་པ་དང་། རྒྱལ་བུས་གསོལ་པ། བདག་གིས་སྩལ་བ་མད་དོ།། ་ཞེས་གསོལ་ཏོ།། རྒྱལ་བུས་སྨྲས་པ། རྒྱལ་བུ་ཁྱོད་ཅིའི་ཕྱིར་རང་ལམ་གུས་པར་ངའི་བལ་གྱི་གླང་པོ་མེད་གྲ་ཐ་ལ་བྱིན་ཞེས་དྲིས་པ་དང་། རྒྱལ་བུས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། སྔར་ཡབ་རྒྱལ་པོ་དང་དམ་བཅས་པ་ནི་སྦྱིན་པ་ཅི ་བྱིན་ན་ཡང་མི་འགལ་བར་མད་དོ་ཞེས་གསུངས་པས་དརྒྱལ་པོ་ལ་མཐུས་པ་ལགས་སོ། ། རྒྱལ་པོས་སྨྲས་པ། སྔར་དམ་བཅས་པ་ནི་ནོར་དབྱིག་དང་རིན་པོ་ཆེལ་དབང་བར་བྱས་ན། བལ་གྱི་གླང་པོ་ཆེ་མ་གཏོགས་རྒྱལ་བུས་གསོལ་པ། ་དེ་དག་ཐམས་ཅད་རྒྱལ་པོ་ལ་མངའ་བའི་དཀོར་ལགས་ན། ཅིའི་སླད་དུ་འདི་བཀོལ་ཏེ་མ་བཏོགས་ཞེས་གསུངས། རྒྱལ་པོས་རྒྱལ་བུ་རྒྱལ་ཚ་བ་ལ་སྨྲས་པ། ཁྱོད་ནི་རིད་ན་ཏིག་ཏུ་ལོ་བཅུ་གཉིས་སྤངས་ཀྱིས་ཡུལ་འདི་ནས་མྱུར་དུ་བྱུང་སྟེ། ་སཽ་ཤིག། རྒྱལ་བུས་རྒྱལ་པོ་ལ་གསོལ་བ། བདག་རྒྱལ་པོ་ཆེན་པོས་བཀའ་སྩལ་པའི་བཀའ་ནི་མི་གཅོག་ན། ད་དུང་ཡང་ཞག་བདུན་ཞིག་སྦྱིན་པ་བགྱིས་ཏེ། བདག་གི་བསམ་པ་རྫོགས་ནས་ཡུལ་ནས་བྱུང་སྟེ་མཆི་བར་འཚལ་ཞེས་གསོལ ་ལོ། ། རྒྱལ་པོས་སྨྲས་པ། ཁྱོད་ཀྱིས་སྦྱིན་པ་མ་འོས་པར་བྱས་པས་ཡུལ་གྱི་པད་མཛོད་ཀུན་སྟོངས་ཏེ། ངའི་བལ་གླང་རིན་པོ་ཆེ་ཡང་མེད་པར་བྱས་པས་ཁྱོད་སྤངས་པ་ཡིན་ཏེ། དེ་ཕྱིར་འདུག་ཅིང་ཞག་བདུན་སྦྱིན་པ་བྱར་མི་གནང་གིས་མྱུར་དུ་སོང ་ཤིག་ཅེས་བསྒྲེའོ། ། རྒྱལ་བུས་གསོལ་པ། རྒྱལ་པོ་ཆེན་པོའི་བཀའ་བདག་མི་གཅོག་སྟེ། རྒྱལ་པོའི་བཙུན་མོ་ཉི་གྲི་རྙེད་ཀྱང་རྒྱལ་པོ་གན་བ་དེར་ལྷགས་ནས། རྒྱལ་བུ་རྒྱལ་ཚབ་ཞག་བདྲན་ཞིག་སྦྱིན་བྱིན་ཏེ་ཡུལ་ནས་འཆི་བར་གསོལ་བས ་རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ངོ་། ། དེ་ནས་རྒྱལ་བུ་རྒྱལ་ཚབ་ཀྱིས་སོ་སོར་བྲན་གཡོག་མདགས་ཏེ། ཕྱོགས་བཞི་ནས་ནོར་རྫས་འདོད་པ་རྣམས་ཕོ་བྲང་སྒོར་འདུས་ཤིག། ནོར་ཟས་ཐམས་ཅད་ནི་རྟག་པ་དང་བརྟན་དུ་རུང་བ་མ་ཡིན་ཏེ། ་མཐར་འཇིག་ཅིང་མེད་པའི་ཆོས་ཅན་ནོ་ཞེས་བསྒོ་ནས། ཕྱོགས་བཞི་ནས་སློང་བ་མང་པོ་ལྷགས་པ་ལ་རྒྱལ་བུ་རྒྱལ་ཚབ་ཀྱིས་ཟས་དང་སྐོམ་དང་ནོར་དང་རིན་པོ་ཆེ་རྣམས་ཞག་བདུན་གྱི་བར་དུ་ཡིད་བཞིན་དུ་བྱིན་ནས། དབུལ་ཕོངས་པ་རྣམས ་ལོངས་སྤྱོད་ལྡན་ཞིང་ཐམས་ཅད་བདེ་སྐྱིད་པར་བྱས་སོ། ། དེ་ནས་རྒྱལ་བུ་རྒྱལ་ཚབ་ཀྱིས་ཆུང་མ་ལ་སྨྲས་པ། བཞིན་བཟངས་ལོངས་ལ་བདག་ཅི་ཟེར་བ་ཉོན་ཅིག། རྒྱལ་པོ་ཆེན་པོས་ནི་བདག་ལ་བཅུ་གཉིས་ཀྱི་བར་དུ་རི་དན་ཏིག་ཅེས་བྱ་བར་སྤངས ་ཆུང་མས་རྒྱལ་བུས་སྨྲས་པའི་ཚིག་ཐོས་ནས་ཡོད་ཅེས་སྤངས་ནས་ལངས་ནས་འདི་སྐད་ཅེས་སྨྲས་སོ། ། རྒྱལ་བུ་ལ་ཉེས་པ་ཅི་ཞིག་མཆིས་ན། རྒྱལ་པོས་དེ་ལྷ་དེ་ལྟར་མད་པར་གྱུར། རྒྱལ་བུས་སྨྲས་པ། བདག་གིས་སྦྱིན་པ་མ་འོམ ་པ་ཞིག་བྱས་ཏེ། རྒྱལ་པོའི་བང་མཛོད་ཀྱང་སྟོངས། བལ་གླང་རིན་པོ་ཆེ་ཡང་དགྲ་ཟླལ་བྱིན་ཞེས་རྒྱལ་པོ་དང་བློན་པོ་རྣམས་ཁྲོས་ནས་བདག་སྤངས་པ་ཡིན་ནོ།། བཙུན་མོ་མན་ཉེས་སྨྲས་པ། རྒྱལ་པོའི་ཡུལ་དུ་ལོ་ལེགས་པ་དང་། རྒྱལ་པོ་ཆེན་པོ ་དང་བློན་པོ་དང་འབངས་ཀྱི་བར་དུ་བདེ་སྐྱིད་པ་དང་། ལོངས་སྤྱོད་ཆེ་བར་སྨོན་ལ་མ་ལེགས་པ་བལ་བདག་ཅག་རི་ལ་སྒོམ་དུ་འདོད་དོ།། རྒྱལ་བུས་སྨྲས་པ། བཞིན་བཟངས་རི་ནི་འཇིགས་པའི་གནས་ཡིན་ཏེ། ཤིན་དུ་བྱ་དཀའ་བ་བསམ ་དགོས་ལ་སེང་གེ་དང་། སྟག་ལ་སོགས་པ་གཅན་ཟན་མ་རུངས་པ་ཡོད་པས་རབ་ཏུ་འཇིགས་ན་ཁྱོད་ནི་ལོངས་སྤྱོད་མྱོང་བ་ཡིན་པས་ཁྱོད་དེ་ལྟ་བུ་དག་བཟོད་དམ། ཁྱོད་པོ་བྲང་གི་ནང་ན་གོས་སུ་ནི་སྲབ་དང་འཇམ་པ་གྱོན། གནས་སུ་ནི་གུར་དང ་ཡལ་བས་བསྐོར་བ་ན་འདུག། ཟས་སུ་ནོཅོལ་དགའ་བ་བཞིན་ནིམ་པ་དང་མང་བ་ལ་ཟན། རི་ལ་ནི་སྟན་དུ་ནི་ཏུ་འདིངས། ཟས་སུ་ནི་འབྲས་བུ་ཅན་ཁྱོད་དེ་ལ་མོས་ཤིང་དགའ་བ་ཅི་ཞིག་ཡོད། དེ་མ་ཡིན་པ་གཞན་ཡང་རླུང་དང་ཆར་པ་དང་། ་འབྲུག་དང་སེར་པ་ཆ་ཞིང་བ་མོ་དང་ཟིལ་བས་མིའི་སྤུ་ཡང་ལངས་པ་ཙམ་དུ་གྲང་བའི་ཚེན་ནི་གྲང་རབ། ཚ་བའི་ཚེན་ནི་ཚང་བ་སྟེ། ཤིང་ཤི་གས་པ་ན་འདུག་པའི་གནས་སུ་ཡང་མེ་རུང་ན། ས་ལ་གཟེམ་དང་གསེག་མ་དང་། རྡོབ་ཡང ་མང་ཞིང་སྦྲུལ་གདུག་པ་ཡང་ཡོད་ན་ཁྱོད་དེ་ལྟ་བུ་དག་བཟོད་དམ། མན་ཏེས་སྨྲས་པ། བདག་ལ་མཉེན་ཞིང་འཇམ་པ་དང་གུང་དང་ཡོལ་བ་དང་། མངར་བ་དང་ཞིམ་པ་ཅི་ཞིག་བགྱི། རྒྱལ་བུ་དང་བྲལ་ཞིང་སོ་མོར་མཆི་བ་དག་མི་བཟོད་དེ། ་ནམ་དུ་ཡང་རྒྱལ་བུ་དང་མི་འབྲལ་ཞིང་ལྷན་ཅིག་འགྲོགས་པར་དགའོ།། རྒྱལ་པོའི་ཐོག་མར་འགྲོ་བ་ནི་རྒྱལ་མཚན། མེའི་ཐོག་མར་འགྲོ་བ་ནི་དྲད་བ་ཆུང་མི་ཐོག་མར་འགྲོ་བ་ནི་ཁྱི་མཐབ་ཡིན་པས་བདག་ནི་རྒྱལ་བུ་ལ་ཡིད་བསྟན་ཏེ་སྐབས ་སུ་མཆིའོ། ། རྒྱལ་བུ་ནི་བདག་གི་ལྷ་ལགས་ཏེ་རྒྱལ་བུས་ཕྱོགས་བཞི་ནས་འདུས་པ་ལ་སྦྱིན་པ་བྱིན་པའི་ཚེ། བདག་གིས་ཀྱང་རྒྱལ་བུའི་གྲོགས་བགྱིས་པས་དརྒྱལ་བུ་ལམ་དུ་འགྲོ་བ་ལས་གལ་ཏེ་ཕ་རོལ་པོ་སློང་བ་འོངས་ན་བདག་གིས་དེ་བཞིན ་དུ་གྲོགས་བརྩེ། རྒྱལ་བུས་སྦྱིན་པ་མང་ན་བདག་གི་སྲོག་ལ་བབཀྱང་བྱིར་མེ་ནུར་བས་ཐེ་ཚོམ་མི་མཛད་དུ་གསོལ།། རྒྱལ་བུས་སྨྲས་པ། བདག་ནི་སྦྱིན་པ་ལ་དགའ་བས་པ་རོལ་གྱི་སེམས་མི་རློན་སྟེ། ཕ་རོལ་པོས་བདག་ལགལ་ཏེ ་xxx། xxx ་རྣམ་བྱིན་པ་པ་འག་ཏན་དགས་འདི་འ་བམེད་པས་ཡིད་བཞིན་དུ་སྦྱིན་པ་མད་དྲུགས་ས་རྒྱ་བུ་ལྔ་ལ་རྒྱད་ཡུ་ག་སན་ས་ནས་རྒྱལ་བུ་ད་ཅན་པ་དང་མས་གཉིས་དང་བབས་པ་འཕགས། གང་ན་བ་དེར་སོང་ནས་དེ་བདག་ཅག་མཆིའོ་ཞེས་མ་ཆི་ཕྱག་བྱས་ནས་ཡུམ་ལ་འདི་སྐད་ཅེས་གསོལ་ཏོ། ་། ཡུམ་གྱིས་སྐབས་སྐབས་སུ་རྒྱལ་པོ་ཆེན་པོ་ལ་ཅི་ནས་དཀར་བའི་ཆོས་ཀྱིས་ཡུལ་གྱི་སྲིད་བདེ་ཞིང་འབངས་མང་བ་སེམས ་ལས་མི་བཅད་པར་ཐོས་གདབ་པར་གསོལལོ། ། མུས་ཀྱིས་རྒྱལ་བུ་འཚའོ་ཞེས་མནི་ཕྱག་བྱས་པ་མཐོང་ནས་ལྡག་པར་མྱ་ངན་གྱིས་གདུངས་ཏེ་དྲུང་ན་འདུག་པ་ལ་འདིག་ཅེས་སྨྲས་སོ།། ལ་མ་ལུས་འདིན་རྡོ་བཡིན་པ། ་གླིང་ནི་རྡོ་རྗེ་ཡིན་པ་ལྟ་སྟེ། བདག་གིས་རྒྱལ་པོ་ཆེན་པའི་རིམ་གྲོ་བྱ་བ་ལ་སྐྱོན་མཐུང་ན། ང་ཁ་མོའི་བུ་གཅིག་པུ་འདི་དང་བྱེ་བྲལ་ཏེ། འགྲོན་ཅིའི་ཕྱིར་ཁ་མའི་སྙིང་འདིགས་ཏེ་ཤི་བར་མཐུར། བུ་འདི་ལ་མའི་ཁང་པ་ན་འདུག་པ་ན ་སྐྱེད་ཤིང་གི་འདབ་མ་ལྟར་ཉིན་མཚན་ཆེར་གྱེས་ཏེ། ད་སྐྱེད་རྫོགས་ནས་ཁོ་མ་ཐོར་ཏསང་བས་ན་ཞུན་མོ་ཐམས་ཅད་ཀྱང་བདག་ལ་སྙིང་ཚིམ་མོ་ཞེས་བརྗོད་ལ་རྒྱལ་པོས་ཀྱང་བཀུར་བར་མི་འགྱུར་ན། གལ་ཏེ་ལྷ་རྣམས་ཀྱིས་བདག་གི་སྨོན ་ལ་ཞིད་པགས་པར་མཛད་ན་བདག་གི་བུ་ཕྱིར་ཡུལ་དུ་འཁོང་བར་ཤག་ཤིག་ཅེས་སྨོན་ལམ་བཏབ་བོ། ། དེ་ནས་རྒྱལ་བུ་བཙུན་མོ་དང་སྲས་གཉིས་དང་བཅས་ཏེ། ཡབ་དང་ཡུམ་ལ་མཆི་ཕྱག་བྱས་ཏེ་དང་།། དེའི་ཚེ་བཙུན་མ ་ཁྲིས་ནི་སོ་སོ་ནས་མུཏིགནི་ཆུན་པོ་རི་ར་བརྫངས་སོ། ། བློན་པོ་ཆེན་པོ་བཞི་སྟོང་གིས་ནི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མེ་ཏོག་པད་མོ་རེ་རེ་རྒྱལ་བུ་ལ་རྫངས་སོ།། དེ་ནས་རྒྱལ་བུ་ཕོ་བྲང་ནང་ནས་བྱུང་སྟེ་གྲོང་ཁྱེར་གྱི་བྱང་སྐོར་ཕྱིན་ནས། ་རིན་པོ་ཆེ་སྣ་བདུན་གྱི་མ་ཏོག་དང་དོགལ་ཡང་རིལ་གྱིས་ཕྱོགས་བཞི་ནས་འདུས་པ་ལ་མ་ལུས་པར་བྱིན་ནོ།། ཡུལ་དེན་གནས་པའི་མི་མང་པོ་ཁྲི་ཕྲག་དུམས་རྒྱལ་ཐབ་སྩལ་ཏེ། དེ་དག་འདི་སྐད་ཅེས་གཏན་དུ་ཛད།། རྒྱལ་བུ ་འདན་ཉིན་དན་བཅུས་ཀྱི་ལྷ་གཏན་ལྟ་བུ་ཡིན་ན་ཅིའི་ཕྱིར་ཡབ་ཡུམ་གྱིས་སྲས་རིན་པོ་ཆེ་འདི་ལམ་རིང་དུ་སྤངས་ཅེས་མཐོང་བ་ཐམས་ཅད་ཀྱིས་འཕངས་སོ་ཞེས་སྨྲས་སོ། ། དེའི་ཚེ་རྒྱལ་བུ་ཟོང་ཁྱེར་གྱི་ཕྱི་རོལ་དུ་སྐྱེད་ཤིང་གི་དྲུང་ན་འདུན ་སྐྱེལ་བ་རྣམས་ལ་འདི་ནས་བྱིར་དེངས་ཤིག་ཅེས་སྤྲོ་བའི་ཚིག་སྨྲས་པ་དང་། སྐྱེལ་སྐྱེལ་བ་ཆེ་ཆུང་ཐམས་ཅད་མཆེམ་བླགས་ཏེ་ངུས་ནས་བྱེར་དོང་ངོ་།། དེ་ནས་རྒྱལ་བུས་བཙུན་མོ་དང་སྲས་གཉིས་ཤིད་རྟའི་ནང་དུ་བཞག་ནས། རྒྱལ ་བུ་ཉིད་ཀྱིས་ཤིང་ཏ་ཁ་ལོ་བསྐུར་ཏེ་སོང་བ་ལས་རྒྱངས་ཆད་པར་བྱིན་ཏེ། སྐྱེང་ཤིང་གི་དྲུང་ན་དལ་སོ་ཞིང་འདུག་པ་ལས་བྲམ་ཟེ་དག་ཅིག་ལྷགས་ནས་རྒྱལ་བུ་ལས་ཤིང་རྟ་ཁྲིད་པའི་ཏ་བ་སྤངས་སོ།། རྒྱལ་བུས་སློང་པ་ལ་ཏ་བྱིན་ནས། སྲ ་བུ་གཉིས་ཤིང་རྟའི་སྟེང་དུ་བཞག་སྟེ། བཙུན་མོས་ནི་ཤིང་རྟའི་ཕྱི་ནས་ཕྲལ། རྒྱལ་བུས་ནི་མདུན་ནས་དྲངས་ཏེ་རྐང་པས་ཤིང་རྟའི་དྲེན་ཅིང་སོང་བ་ལས། རིང་པོ་མ་ལོང་པར་ཡང་བྲམ་ཟེ་ཞིག་དང་ཕྲད་ནས་ཤིང་རྟ་བསླངས་པ་དང་། རྒྱལ ་བུས་ཤིང་རྟ་ཡང་བྲམ་ཟེ་ལ་བྱིན། དེ་ནས་ཡང་སོང་བ་ལས་རིང་པོ་མ་ལོན་པར་ཡང་བྲམ་ཟེ་སློང་བ་དང་ཕྲད་ནས་རྒྱལ་བུས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་བདག་གིས་ཁྱོད་ལ་མ་བྱིན་ན་ནི་ཆགས་ཤིང་སེར་སྣ་བྱེད་པར་གྱུར་ན། ་ད་ནི་བདག་ལ་ནོར་ཟས་ཟད་དེ་ཅི་ཡང་མེད་དོ་ཞེས་སྨྲས་པ་དང་། བྲམ་ཟེ་ན་རེ་ནོར་རྫས་མེད་ན་ལུས་ལ་གྱོན་པའི་གོས་དེ་ལ་བྱིན་ཅིག་ཅེས་སྨྲས་པ་དང་། རྒྱལ་བྲས་ལུས་ལ་གྱོན་པའི་གོས་རིན་པོ་ཆེ་ཡང་སློང་བ་ལ་བྱིན་ཏེ། གོས་སྙིང ་བ་ཞིག་གྱོན་ཏེ་དོད་པ་ལས་རིང་པོ་མ་ལོན་པར་བྲམ་ཟེ་ཡང་སློང་བཞིག་དང་ཕྲད་ནས་རྒྱལ་བུས་བཙུན་མོའི་གོས་བྱིན་ནོ། ། དེ་ནས་ཡང་དོད་པ་ལས་རིང་པོ་མ་ལོན་པར་བྲམ་ཟེ་སློང་པ་དང་ཕྲད་ནས་རྒྱལ་བུས་སྲས་གཉིས་ཀྱི་གོས་ཀྱང ་བྱིན་ནོ། ། དེ་ལྟར་རྒྱལ་བུས་རྟ་དང་ཤིང་རྟ་དང་ནོར་རྫས་དང་བསྦ་བའི་གོས་ཀྱི་བར་དུ་མ་ལུས་པར་ཟད་པར་བྱིན་པ་ཡང་ཐོག་མ་ནས་འགྱོད་པའི་སེམས་སླའི་ཉག་མ་ཙམ་མམ་བ་སྤུ་ཙམ་ཡང་མེད་དོ།། རྒྱལ་ཟས་ནི་སྲས་བུ་ཁྲར ་དུ་ཐོགས། བཙུན་མོས་ནི་སྲས་མོ་སྤང་དུ་ཁྱེར་ནས་རྐང་པས་སོང་། ཡང་རྒྱལ་བུ་དང་བཙུན་མོ་དང་སྲས་གཉིས་ཀྱི་བར་དུ་དགའ་བའི་མདངས་དང་བཅས་ཏེ་རིག་ལ་བ་དེར་སོང་ངོ་།། རི་ངན་ཏིག་ཅེས་བྱ་བར་ཡུལ་ཡ་བ་ནས་ལམ ་སོ་རབ་ཏུ་རང་སྟེ། དཔག་ཚད་ཕྲག་སྟོང་ཞིག་ཡོད་དོ།། དེ་ལྟར་སོང་སོང་བ་ལས་འབྲོག་དགོན་པར་བྱིན་ནས། བཀྲེས་པ་དང་སྐམ་པའི་སྡུག་བསྔལ་གྱིས་ཉེན་པ་ལས་སུམ་བཅུ་རྩ་གསུམ་གནས་ཀྱིཀ་འདིར་པོས་འབྲོག་དཀོན་པ ་དེར་གྲོང་བྱེར་ཁྱིམ་བཟང་པོ་ཚོད་འདས་དང་ལམ་སྲང་ཡོད་པ་རོལ་མོ་དང་གོས་དང་བཟའ་བ་དང་བཏུང་བ་དང་ལྡན་པ། གྲོང་ཁྱིམ་དེ་ནས་མེ་དག་གིས་རྒྱལ་བུ་བསུ་བདག་སྤྲུལ་ཏོ།། མི་མང་པོས་རྒྱལ་བུ་གྲོང་ཁྱིམ་དུ་བསྲས ་ཟས་དང་སྐོམ་དང་བདེ་བའི་ཡོ་བྱད་ཀྱིས་བསྟབས་པ་དང་། བཙུན་མོས་རྒྱལ་བུ་ལ་སྨྲས་པ། ལམ་རིང་པོར་བགྲོད་པས་རབ་ཏུ་ངལ་དེ་ཐལ་བྱུང་འདུག་ཏུ་མི་རུང་ངམ། རྒྱལ་བུས་སྨྲས་པ། ཡབ་རྒྱལ་པོས་བདག་ཅག་ལ་རི ་དན་ཏིག་ཏུ་སོང་ཤིག་ཅེས་བཀའ་སྩལ་ཏེ། འདིར་འདུག་པར་གྱུར་ན་ཡབ་རྒྱལ་པོའི་བཀའ་དང་འགལ་བར་འགྱུར་ཏེ། བུ་སྲི་ཞུ་ཅན་མ་ཡིན་ནོ་ཞེས་གྲོང་ཁྱེར་དེ་ནས་བྱུང་སྟེ་མོད་ལ་སོང་ངོ་།། དེ་ལྟར་སོང་བ་ལས་རིང་པོ་མ་ལོན་པར། ་རི་དན་ཏིག་གི་རེའི་དྲུང་དུ་ཕྱིན་པ་དང་། རེ་དེའི་དྲུང་ན་ཆུ་ཆེན་པོ་ཤིན་དུ་ཟབ་བརྒལ་བར་མེ་ཐར་བ་ཞིག་དང་ཕྲད་དོ།། དེ་ནས་བཙུན་མོས་རྒྱལ་བུ་ལ་རེ་ཤིག་འདིར་བརྗོད་དོ།། ཆུ་ཆེན་པོ་བྲི་ནས་རྒལ་ཏེ་འདོད་དོ་ཞེས་སྨྲས་པ་དང་། རྒྱལ ་ཟས་སྨྲས་པ། ཡབརྟུལ་བས་བདག་ཅག་ལ་དན་ཏིག་ཏུ་སོ་ཤིག་ཅེས་བཀའ་སྩལ་པས་དེ་འདིར་འདུག་པར་གྱུར་ན་རྒྱལ་པོའི་བཀའ་དང་འགལ་ཏེ། བུ་སྲིའུ་ཅན་མ་ཡིན་ནོ་ཞེས་སྨྲས་ནས་རྒྱལ་བུ་དེ་མ་ཐག་ཏུ་བྱམས་པའི ་སེམས་ཀྱིས་ཏིང་ངེ་འདོན་ཏུ་ཞུགས་པ་དང་། མོད་ལ་ཆུའི་ནང་ནས་རི་ཆེན་པོ་ཞག་བྱུང་ནས་ཆུའི་རྒྱུན་བཅད་དོ།། དེ་ནས་རྒྱལ་བུ་དང་བཙུན་མོས་གོས་བརྫེས་ཏེ། ཆུརྒལ་ནས་པར་རྒལ་མ་ཐག་ཏུ་རྒྱལ་བུ་ཡང་འདི ་སྙམ་དུ་བསམས་སོ། ། ཐལ་བྱུང་སོང་བར་གྱུར་ན་ཆུ་འཁྱིལ་པ་འདིས་སེམས་ཅན་མང་དུ་འཆི་སྟེ། གྲོག་སུང་མང་པོ་ཆུས་ཁྱེར་བར་འགྱུར་རོ་སྙམ་བསམས་ནས། རྒྱལ་བུ་ཕྱིར་ཚུལ་བལྟས་ཏེ་འདི་སྐད་ཅེས་སྨྲས་སོ།། ཆུ་ཁྱོད་ས ་མཁོ་བཞིན་དུ་རྒྱུན་ཏུ་འབབ་ཅིང་གལ་ཏེ་བདག་འདོད་པ་ཞིག་འོངས་ན་ཡང་ཐར་པར་བྱོས་ཤིག་ཅེས་སྨྲས་མ་ཐག་ཏུ་ཆུ་ཡང་སྔ་མ་ཁོ་བཞིན་དུ་འབབ་པར་གྱུར་ཏོ། ། དེ་ནས་སོང་བ་ལས་རི་དན་ཏིག་ཏུ་ཕྱིན་ནས་རྒྱལ་བུས་རི་དེ་ལ་བལྟས ་ནས་རི་དེ་རང་རོང་དང་ཟད་ཟེད་དུ་འདུག་ལ་ཤིང་མང་པོ་རབ་ཏུ་རྒྱས་ཤིང་བྱ་སྣ་ཚོགས་ཀྱང་སྙན་པའི་སྒྲ་འབྱིན། འབབ་ཆུ་དང་། ཆུ་མིག་དང་། མཚེའུ་དང་། ལྟེང་ཀ་དང་། ལྡན་ཏེ་ཆུ་ནི་མངར་འབྲས་བུ་ནི་ཞིམ། ཆུ་བྱ་དང་། ངང་ངུར་དང་། ་འཇོལ་མོ་དང་། རི་སྐགས་ལ་སོགས་པ་བྱ་རྣམ་པ་སྣ་ཚོགས་ཀྱང་གནས་པ་མཐོང་ནས་རྒྱལ་བུས་བཙུན་མོ་ལ་ཡང་འདི་སྐད་ཅེས་སྨྲས་སོ།། རི་འདི་ལ་བལྟས་ན་ཤིང་དང་ཚལ་གནམ་ལ་རེག་པ་ཙམ་དུ་སྐྱེས་ན་ཡང་། བརྡས་པ་འམ་བཅད ་པ་མེད་པས་ཆུ་མིགཞིམ་པོ་ལ་འཐུང་ཞིང་འབྲས་བུ་མངར་བ་ཟ་སྟེ། རི་འདི་ལ་བསྒོམ་པ་དག་ཡོད་པས་འདིར་གནས་པར་བྱའོ།། རྒྱལ་བུ་རི་དེ་ལ་ཕྱིན་པ་ན་རི་དེ་ལ་གནས་པའི་འདབ་ཆགས་བྱ་དང་གཅན་ཟན་དང་རི་དགས་ཐམས་ཅད་རབ་ཏུ ་དགའ་ནས་རྒྱལ་བུ་བསུས་སོ། ། དེའི་ཚེ་རི་དེ་ལ་སྒོམ་པའི་དགེ་སློང་ཨ་ཆུ་ཏ་ཞེས་བྱ་བ་ལོ་ལྔ་བརྒྱ་ལོན་པ། ཡོན་ཏན་མཆོག་དང་ལྡན་པ་ཞིག་གནས་ཏེ། རྒྱལ་བུ་དེ་དེའི་དྲུང་དུ་སོང་ནས་ཕྱག་བྱས་ཏེ་ཕྱོགས་ཅིག་ཏུ་འདུག་ནས་འདི་སྐད་ཅེས ་སྨྲས་སོ། ། འདི་ལ་གང་ཕྱོགས་ན་འབྲས་བུ་དང་ཆུ་མིག་བཟང་པོར་ལྡན་པ་གནས་སུ་རུང་བ་ཅི་ཡོད་ཅེས་དྲིས་པ་དང་། ཨ་ནུ་ཏ་ས་སྨྲས་པ། རི་འདི་གནས་ཐམས་ཅད་དུ་བསོད་ནམས་དང་ལྡན་པའི་ས་གཞི་ཡིན་པས་གང་དུ་གནས་ཀྱང་རུང ་ངི་འདི་ནི་ཤིན་དུ་དབེན་པ་གནས་གཙང་མ་ཡིན་པས་ན་ཅི་རྒྱལ་བུ་ཁྱོད་ཆུད་པ་དང་བུ་སླད་དུ་བཅས་ཏེ་ཆས་སློབ་དུ་འོངསས་པ། དེ་ལ་རྒྱལ་བུས་སྨྲམ་ཁམ་པར་བཙུན་མོ་མན་ཉེས་སྨྲས་པ། དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ།། ་བཙུན་པ་རི་ལས་བསྒོམས་ནས་ཇི་སྲིད་ཅིག་ལོན། དགེ་སློང་གིས་སྨྲས་པ། རི་འདིར་ཕྱིན་ནས་ལོ་བཞི་བརྒྱ་འམ་ལྔ་བརྒྱ་ཙམ་ལོན་ནོ།། བཙུན་མོ་མན་ཏེས་སྨྲས་པ། ད་དུང་བདག་དང་བདག་གི་བར་དུ་འཛིན་ན་ནམ་ཞིག་ལ་མ་ཐོབ་པར་འགྱུར ་དེ་སྲིད་དུ་རི་ལ་གནས་ཀྱང་རྡོ་ཤིང་དང་ཐ་མི་དང་དེ་བདག་དང་བདག་གིར་མི་འཛིན་ན་གདོང་ལམ་ཐོབ་པར་འགྱུར་རམནེའོ། ། དགེ་སློང་གིས་སྨྲས་པ། བདག་གིས་ཡང་དག་པར་དོན་དེ་ལྟ་བུ་མི་ཤེས་སོ།། དེ་ནས་རྒྱལ་བུས་དགེ་སློང་ལ་སྨྲས་པ། བཙུན་པ ་ཡུལ་ཡ་བའི་རྒྱལ་བུ་རྒྱལ་ཚབ་དོན་གྲུབ་ཅེས་བྱ་བ་ཐོས་སམ། དགེ་སློང་གིས་སྨྲས་པ། བདག་གིས་རྒྱུན་དུ་ཐོས་ཀྱི་མཐོང་བ་ནི་མ་ཡིན་ནོ།། རྒྱལ་བུས་སྨྲས་པ། བདག་ནི་རྒྱལ་བུ་རྒྱལ་ཚབ་དོན་གྲུབ་ཅེས་བྱ་བ་ཡིན་ནོ།། དགེ་སློང་གིས་རྒྱལ་བུ་ཁྱོད་གར ་འགྲོ་ཅི་འདོད་ཅེས་དྲིས་པ་དང་། རྒྱལ་བུས་སྨྲས་པ། བདག་ནི་ཐེག་པ་ཆེན་པོའི་ལམ་འདོད་དོ་ཞེས་སྨྲས་སོ།། དགེ་སློང་གིས་སྨྲས་པ། རྒྱལ་བུའི་ཡོན་ཏན་དང་སྦྱར་ན་རིང་པོ་མི་ཐོགས་པར་ཐེག་པ་ཆེན་པོའི་ལམ་ཐོབ་པར་འགྱུར་ཏེ། རྒྱལ་བུ་བླ་ན ་མེད་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་ན། བདག་ནི་ཉེ་གནས་རྫུ་འཕྲུལ་གྱི་མཆོག་ཏུ་གྱུར་ཅིག་ཅེས་སྨྲས་ནས། རྒྱལ་བུ་ཁྲིད་དེ་འདུག་པའི་གནས་བསྟན་ཏོ།། དེ་ནས་དགེ་སློང་གིས་ཆོས་བཞིན་དུ་རྒྱལ་བུའི་སྒྲ་བླས་ནས་མདུད་པ་པོར་ན། ་ཟས་སུ་ནི་ཤིང་གི་འབྲས་བུ་ཤིང་ཏོག་ཟ། སྐོམ་དུ་ནི་ཆུ་མག་འདུའོ།། དེ་ནས་རྒྱལ་བུས་ཤིང་དང་རྩཝ་བསྡུས་ཏེ། བདག་འདུག་པའི་རྩའི་སྤྱིལ་པོ་ཆུ་དུ་མ་གཅིག་བྱས། བཙུན་མོ་མན་ཏེ་བུ་མིང་སྲིང་གཉིས་འདུག་པའི་སྐྱིལ་པོ་རེ་རེ་ཡང་བྱས་སོ།། དེའི་ཚེ་ན ་ཁྱེའུའི་མིང་ནི་ཡ་རི་ཞེས་བྱ་སྟེ། ལོ་བདུན་ལོན་ནས་གོས་རང་གྱོན་ནུས་ཏེ། ཕའི་ཕྱི་བཞིན་དུ་འགྲོའོ།། བུ་མོའི་མིང་ནི་གེ་ནོ་ཡན་ཞེས་བྱ་སྟེ་ལོ་དྲུག་ལོན་པས། རི་དགས་ཀྱི་ལྤགས་པ་གྱོན་ཅིང་མའི་ཕྱི་བཞིན་དུ་འགྲོའོ།། རི་དེ་ལ་གནས་པའི་གཅན ་ན་དང་། རདག་ག་དང་། འདབ་ཆགས་བྱལལགས་པ་ཐམས་ཅད་ཀྱངང་ཅད་། འདས་རྒྱམ་ཐམ་ཉན་ཅ་གནསས།། རྒྱམ་བུར་དབ་བྱན་ནས་ནག་ཅག་ལན་པ་དང་། ཏྲོན་ཞེས་པ་ཨོཾ་དང་། ཛ་ས་ས་དང་། ་བར་གྱུར། སྐྱེད་ཤིང་སྐམས་པ་རྣམས་ཀྱང་ཐམས་ཅད་མེ་ཏོག་དང་འདབ་མ་སྐྱེས་པར་གྱུར་ཏེ། སྲིན་བུ་འདུག་པ་རྣམས་ཀྱང་མེད་པར་གྱུར་ནས། གཅན་ཟན་ཅིག་ལ་གཅིག་ཟ་བ་ཡང་སོ་སོ་ནས་རྩལ་བ་བར་གྱུར། འབྲས་བུའི་ཤིང་རྣམས ་ཀྱང་རྒྱས་ཤིང་བཟང་བར་གྱུར། བྱ་སྣ་ཚགས་སྙིང་རྗེའི་གད་ཀྱི་སྒྲ་སྨད་སྙན་པ་འབྱིན་པར་གྱུར་ཏོ།། བཙུན་མོམན་ཉེས་ནི་ཤིང་གི་འབྲས་བུ་དང་ཤིང་རྟོག་པརྔས་ཤིང་རྒྱལ་བུ་ལ་ཕུལ་ཏེ། སྲས་མིང་སྲིང་གཉིས་ཀྱང་སྤྱོད་དོ།། སྲས་བུ་མིང་སྲིང ་གཉིས་ནསྐབས་སྐབས་སུ་པ་མ་གཉིས་དང་བྲལ་ཏ། ཧཅང་ཡང་མ་རིང་བའི་ཆུ་མིག་འབྲས་དག་ཏུག་ཅན་ཟན་ནམར་དགས་དག་དང་སྤྱན་ཅིག་རྗེ་སྟེ། བར་འགའ་ནག་ལན་པར་ཡང་རྩེའོ།། བྱིས་དུས་གཞན་ཞིགན་སུས་བྱེའུ་མ་ས ་གས་ནན་པ་ལས། སངགས་རྒལ་ནས་རྫཁ་ཅིག་བསྐྲུན་པས་སྲས་བུའི་གདང་དྲུང་བད་སྣང་དེ་ཁྲག་ཟུང་བ་ལས་སྤེན་ཞིག་གིས་ཤིང་གི་ལ་མ་བླངས་ཏ་གདོང་གི་ཁྲག་ཕྱིས་ནས་ཆུ་འགྲམ་དུ་ཁྲིད་དེ་ཁྲག་བཀྲུས་པ་ཡང་རྒྱལ་བུས་རྒྱང་མནས ་མཐོང་ངོ་། ། དེའི་ཚེ་ཡུལ་ཀེ་ལ་ཞེས་བྱ་བར་བྲམ་ཟེ་དབུལ་པོ་ཞིག་ལོ་བཞི་བཅུ་ལོན་ནས་ཆུང་མ་བླངས་སོ།། ཆུང་མ་ནི་རབ་ཏུ་བཟང་ཞིང་སྡུག་ལ། བྲམ་ཟེ་དེ་ནི་རབ་ཏུ་མི་སྡུག་པའི་མཚན་མ་བཅུ་གཉིས་རྫོགས་པར་ཡོད་དེ། དེའི་ལུས་མདོག་སོལ ་བཀར་གནག་ལ་གད་པ་འར་འབུར་བ་གསུམ་ཡོད་པ། སྣ་འབྱེར་ཞིང་མིག་གཉིས་ཤལ་གང་རྫབ། གདོང་གཉེར་མ་ཅན་ལམམ་ཐུའཆད་པ། སྨྲ་བའི་གད་མེགན་པ། གསུས་པ་ཆོ་ག། གྲུབ་འབུང་བ། རྐང་པགཉིས་བྱལ་བ། ་ག་ཐུབ་ཅན་ལ་སྒྲ་མེད་པ། འདྲེ་ལར་མི་སྡུག་པ་ཞིག་སྟེ། ཆུང་མས་ཀྱང་མཐོང་མི་འདོད་པ་ཅམ་དུ་ཤི་ཡང་སྲ་ཞེས་རྒྱུན་ཏུད་མེད་མ་བྱེད་པཞིག་ཡོདང།། དུས་གཞན་ཞིག་ན་ཆུང་མ་དེ་ཅུ་ཆུར་སོང་བ་ལས་ལམ་དུ་ཁྱོག་གཞོན་ནུམ་ཅིག ་དང་ཕྲད་ནས་ཁྱོག་རྣམས་ཀྱིས་ཁྱིམ་ཐབ་ཀྱི་གཟུག་འདི་འདྲའོ་ཞེས་ཙེ་དྲི་ཞིང་བགད་ནས། ཁྱོད་ནི་དཔེ་མེད་པར་བཟང་ཞིང་སྡུག་ན། ཙ་ལྷོར་འདི་འདྲ་བའི་ཆུང་མ་བྱེད་ཅེས་སྨྲས་པ་དང་། ཆུང་མས་ཁྱོག་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ་རྐང་བའི་མགོ་ནི་ཤིང་ལ་བ་མོ་ཆགས་པ་ལྟར་སྐྱེ་བ་དེ་ནང་ནུབ་ཏུ་ཤི་བར་དགའ་ན་ཤིར་མ~ཾ་བཀྲུབ་ཇི་ལྟར་བྱ། དེ་ནས་ཆུ་སྣོད་ཐོགས་ནས་ཕྱིར་ཁྱིམ་དུ་འོངས་ཏེ། ཁྱིམ་ཐབ་ལ་འདི་སད་ཅེས་སྨྲས་ས།། བདག་ཆུ་ཆུར་སང་སོང་བ་ལས། ལམ ་དུ་ཁྱོག་གཞོན་ནུ་དག་ཅིག་དང་ཕྲང་དེ་དེ་དག་བདག་ལ་ཅོ་འདྲི་ཞིང་བཀང་ནས། དེ་ཁྱོད་ཀྱིས་བཀོལ་བའི་བྲན་ཁོལ་ཡོད་ན་ཆུ་ཆུ་ཡང་མི་དགོས་ཏེ། གཞན་གྱི་དབྱས་པར་ཡང་མི་འགྱུར་རོ།། ཁྱིམ་ཐབ་ཀྱིས་སྨྲས་པ། བདག་ཅག་ནི་ཤིན་ཏུ ་ཡང་དབུལ་ཕོངས་པ་ཡིན་ན་བྲན་ཁོལ་ག་ལས་སྙེད་པར་འགྱུར། ཆུང་མས་སྨྲས་པ། གལ་ཏེ་བདག་གི་ཕྱིར་བྲན་ཁོལ་མ་བཙལ་ན་བདག་ཀྱང་འགྲོ་སྟེ། ཁྱོད་དང་ལྷན་ཅིག་མི་གནས་སོ་ཞེས་ཆུང་མས་ཀྱང་འདི་སྐད་ཅེས་སྨྲས་སོ།། ཁོ ་མོས་ཐོས་ན་རྒྱལ་བུ་དོན་གྲུབ་སྦྱིན་པ་མ་འོས་པར་བྱིན་པས་ཡབ་རྒྱལ་པོས་རི་དན་ཏིག་ཅེས་བྱ་བར་སྤངས་སོ། ། རྒྱལ་བུ་དེ་ལ་བུ་ཁྱེའུ་གཅིག་དང་བུ་མོ་གཅིག་ཡོད་ཅེས་གྲག་གིས། ཁྱོད་དེ་སློང་དུ་སོང་ཤིག། ཁྱིམ་ཐབ་ཀྱིས་སྨྲས་པ། རྀ ་དན་ཏིག་ཅེས་བྱ་བ་འདི་ནས་དཔག་ཚད་དྲུག་སྟོང་ལྷག་ཙམ་གཅིག་གི་ལམ་སོ་ཡོད་ལ། སྔོན་ལ་ལུང་བགྲོད་ཀྱང་མ་མྱོང་ནད་ཅི་ལྟར་བགྲོད་པར་བྱ། ཆུང་མས་སྨྲས་པ། བདག་གི་ཕྱིར་བྲན་ཁེལ་མ་བཙལ་ན་བདག་འགེགས་ཏེ་འཆའོ་ཞེས ་སྨྲས་པ་དང་། ཁྱིམ་ཐབ་ཀྱིས་སྨྲས་པ། གཉིས་ན་ཁོ་བོ་ནི་གཅིག་གིས་བསད་ཀྱང་བསླའོ།། ཁྱོད་ཤི་བར་མི་འདོད་དོ་ཞེས་སྨྲས་ནས་ཁྱོད་ཀྱིས་བདག་སློང་དུ་འགྲོ་བར་དད་ན་ཁོ་བའི་རྒྱགས་དང་དགོས་པ་སྦྱོར་ཅིག་ཅེས་བསྒོའོ།། ཆུང་མས ་སྨྲས་པ། ད་སོང་ཤིག་རྒྱགས་དང་དགོས་པ་ཡང་མེད་དོ་ཞེས་སྨྲས་ནས། བྲམ་ཟེས་རྒྱགས་རང་སྦྱར་ཏེ་རྐང་པས་ལམ་དུ་ཞུགས་ཏེ་སོང་ངོ་།། དེ་ནས་བྲམ་ཟེ་ཡུལ་ཡ་བ་ཞེས་བྱ་བ་ག་ལ་བ་དེར་སོང་སྟེ་དེར་ཕྱིན་པ་དང་། རྒྱལ་པོའི་ཕོ ་བྲང་གི་སྒོར་འོངས་ནས་སྒོ་བསྲུང་བ་ལ་རྒྱལ་བུ་དོན་གྲུབ་ད་ལྟར་ག་ལ་འདུག་ཅེས་དྲིས་པ་དང་། སྒོ་བསྲུང་དེ་ཕོ་བྲང་གི་ནང་དུ་སོང་ནས་རྒྱལ་པོ་ལ་ད་ལྟར་ཕྱི་རོལ་ན་བྲམ་ཟེ་ཞིག་རྒྱལ་བུ་དོན་གྲུབ་ག་རེ་ཞེས་འདྲིའོ།། རྒྱལ་པོས་རྒྱལ་བུ་ག། ་རེཤེས་སྨྲ་བའི་ཚིག་ཐོས་པ་ཙམ་གྱིས་སེམས་འཁྲུག་ཅིང་ཁྲོས་ནས་འདི་སྙམ་དུ་འདི་འདྲ་བ་ཤས་དག་གི་ཕྱིར་ངའི་སྲས་སྤངས་པར་གྱུར་ན། དེ་ཡང་སྤོང་དུ་འོངས་སྙམ་བསམས་ནས་དཔེ་འདི་སྐད་ཅེས་བརྗོད་པར་གྱུར་ཏོ།། དཔེར་ན་མེན ་རང་བཞིན་གྱིས་ཚ་ཞིང་འབར་བ་ཡིན་ན། དེའི་སྟེང་དུ་ཤིང་མནན་པ་དང་འདྲ་སྟེ། བདག་ཀྱང་ད་ལྟར་མྱ་ངན་གྱིས་གདུངས་ཏེ། མེ་དང་འདྲ་བ་ལས་ང་ཡང་རྒྱལ་བུ་ག་རེ་ཞེས་འདྲི་བ་ནི་མེ་ལ་ཤིང་མནན་པ་དང་འདྲའོ།། བྲམ་ཟས་གསོལ་པ། ་བདག་ནི་ལམ་རིང་པོ་ནས་འོངས་པ་ཡང་རྒྱལ་བུ་རྒྱལ་ཚབ་མིའི་ཡིད་དང་མི་འགལ་བར་སྦྱིན་པ་བགྱིད་དོ་ཞེས་མིང་དང་སྙན་པ་སྟེང་དུ་གནམ་ལ་ཐུག། འོག་ཏུ་ནི་ཆུ་མིག་གི་གཏིང་ལ་ཐུག་གི་བར་དུ་གྲགས་པ་བདག་ལམ་རིང་པོ་ནས་རེ་བ་ཡོད ་བས་འོངས་སོ། ། རྒྱལ་པོས་སྨྲས་པ། རྒྱལ་བུ་དོན་གྲུབ་ནི་ད་ལྟར་རི་ཤིན་ཏུ་དབེན་པ་ན་གནས་ཏེ། རབ་ཏུ་དབུལ་ཞིང་ཅི་ཡང་མེད་ན་ཁྱོད་ལ་ཅི་ཞིག་སྦྱིན་དུ་ཡོད། བྲམ་ཟེས་སྨྲས་པ། རྒྱལ་བུ་ལ་ཅི་ཡང་མེད་ཀྱང་བདག་ཕྲད་པར་དགའོ། ་ཞེས་སྨྲས་པ་དང་། རྒྱལ་པོས་ཀྱང་གཞན་ཞིག་ལ་ལམ་སྟོན་ཅིག་ཅེས་བསྒོའོ།། དེ་ནས་བྲམ་ཟེ་དེ་སོར་སོང་བ་ལས་དན་ཏིག་གི་རི་དྲུང་དུ་ཆུ་ཆེན་པོ་ཞིག་ཡོད་པར་བྱིན་ནས། རྒྱལ་བུ་འབའ་ཤིག་བསམ་ཤིང་ཡིད་ལ་བྱས་པས་ཆུའི ་ཕ་རོལ་དུ་ཕྱིན་པར་གྱུར་ཏོ། ། དེ་ནས་བྲམ་ཟེ་རི་དེ་ལ་ཕྱིན་ནས་ཐོག་མ་རྔོན་པ་ཞིག་དང་ཕྲད་དེ་རྔོན་པ་དེ་ལ་ཁྱོད་རི་ལ་རྒྱལ་བུ་དོན་གྲུབ་ཅེས་བྱ་བ་མཐོང་ངམ་ཞེས་དྲིས་པ་དང་། རྔོན་པ་དེས་ཀྱང་རྒྱལ་བུ་སྦྱིན་པ་ལ་དགའ་བས་བྲམ་ཟེ ་འདི་དག་གི་ཕྱིར་རི་ལ་སྤངས་པར་ཤེས་པས། རྔོན་པ་དེས་ཀྱང་བྲམ་ཟེ་བཟུང་ནས་ཤིང་ལ་བཅིངས་ཏེ་བརྡེག་པས་ལུས་ལ་རྨ་ཡང་བྱུང་ངོ་།། རྔོན་པས་ཡང་སྨྲས་པ། ཁྱོད་རྒྱལ་བུ་དྲིས་ཏེ་ཅི་ཞིག་བྱ་མདའ་འཕང་ངོ་ཞེས་བྱས་པ་དང་། བྲམ། ་ཟེ་དེ་འདི་སྙམ་དུ་ད་ནི་འདིས་བདག་བསོད་ཡང་དག་ན་བརྫུན་ཞིག་བྱའོ་སྙམ་བསམས་ནས་རྔོན་པ་ལ་ཁྱོད་བདག་ལ་དྲིན་ཅི་ཉེས་ཅེས་སྨྲས་སོ།། དེ་ནས་རྔོན་པས་འོ་ན་ཅི་ཞིག་སྨྲ་བར་སེམས་ཅེས་དྲིས་པ་དང་། བྲམ་ཟེས་བརྫུན་ཚིག་འདི།། ་སྐད་སྨྲས་སོ།། རྒྱལ་པོ་ཡབ་རྒྱལ་བུ་མཐོང་བར་དགའ་བས་བདག་འ་དེར་རྒྱལ་བུ་ཕྱིར་འགུགས་སུ་འོངས་སོ་ཞེས་སྨྲས་མ་ཐག་ཏུ་རྔོན་པས་ཀྱང་བཀྲོལ་ཏེ་བཏང་ནས་སྔར་མ་གཏོགས་ཏེ་རྒྱུས་མ་ཤེས་སོ་ཞེས་བཟོད་པ་གསོལ་ནས་རྒྱལ ་བུ་གང་ན་འདུག་པའི་གནས་བསྟན་ཏོ། ། དེ་ནས་བྲམ་ཟེ་དེ་རྒྱལ་བུའི་ཐད་དུ་ཕྱིན་པ་དང་། རྒྱལ་བུས་ཀྱང་རྒྱང་མ་ནས་བྲམ་ཟེ་འོངས་པ་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ་བསུས་ནས་གུས་པར་ཕྱག་བྱས་ཏེ། ཁྱོད་ག་ལས ་འོངས་ལམ་དུ་ཉོན་མོངས་ཤིང་དལ་བར་མ་གྱུར་ཏམ་ཅི་འདོད་ཅེས་སྤྲོ་བའི་གཏམ་བྱས་སོ། ། བྲམ་ཟེས་སྨྲས་པ། བདག་ལམ་རིང་པོ་ནས་འོངས་ཏེ་ལུས་ཐམས་ཅད་རྩེ་ཞིང་དལ་ཏེ་བཀྲེས་སྐོམ་མོ་ཞེས་སྨྲས་པ་དང་། རྒྱལ་བུས་ནང་དུ་ཁྲིད ་ནས་སྟན་ལ་འདུག་ཏུ་བཅུག་སྟེ། ཤིང་ཐོག་དང་ཤིང་གི་འབྲས་བུ་དང་བཏུང་བའི་སྒོམ་མདུན་དུ་ཕབ་ནས། བྲམ་ཟེས་ཀྱང་སྐོམ་འཐུངས་ཤིང་ཐོག་ཟོས་ཏེ། ཐལ་བྱུ་རྒྱལ་བུ་ལ་འདི་སྐད་ཅེས་སྨྲས་སོ།། བདག་ནི་ཡུལ་ཀཻ་ལི་ཞེས་བྱ་བའི་མི ་ཡིན་ཏེ། སྔ་ཞིག་ནས་རྒྱལ་བུ་སྦྱིན་པ་ལ་དགའོ་ཞེས་ཕྱོགས་བཅུར་གྲགས་ཤིང་ཐོས་པས། བདག་ནི་དབུལ་ཕོངས་ཏེ་རྒྱལ་བུ་ལ་སློང་དུ་འོངས་སོ།། རྒྱལ་བུས་སྨྲས་པ། བདག་ལ་ཡོད་པ་ལས་ཁྱོད་ལ་མ་བྱིན་ན་ནི་ཆགས་ཤིང་སེར་སྣ་བྱེད ་པར་གྱུར་ན། བདག་ལ་ཅི་བདོག་པ་སྔར་བཏང་བས་ད་ནི་ཅི་ཡང་སྦྱིན་དུ་མེད་དོ།། བྲམ་ཟེས་སྨྲས་པ། དེ་ལྟར་ནོར་རྫས་སྦྱིན་དུ་མེད་ན་ཁྱོད་ཀྱི་བུ་མིང་སྲིང་གཉིས་བདག་རྒང་པོའི་འཁོལ་བའམ་བྲན་དུ་བྱིན་ཅིག་ཅེ་དེ་བཞིན་དུ་ལན་གཉིས་ལན ་གསུམ་གྱི་བར་དུ་གནས་ནས། རྒྱལ་བུས་ཀྱང་ཁྱོད་ལམ་རིང་པོ་ནས་འོངས་ལ། བདག་གི་བུ་མིང་སྲིད་གཉིས་འདོད་པ་རབ་ཏུ་ལེགས་ཀྱིས་སྦྱིན་ནོ་ཞེས་སྨྲས་སོ།། དེའི་ཚེ་ན་བུ་མིང་སྲིང་གཉིས་རྩེར་སོང་སོང་བ་ལས་རྒྱལ་བུས་བོས་ནས་བུ་ལ ་འདི་སྐད་ཅེས་བསྐོའོ། ། བྲམ་ཟེ་འདི་ལམ་རིང་པོ་ནས་ཁྱེད་གཉིས་སློང་དེ་ནས་ཟེར་ནས་ཁོ་བོས་ཀྱང་སྦྱིན་པར་བྱས་ཀྱིས་བྱེད་གཉིས་འདའ་བྱི་བཞིན་སོང་གིག་ཅེས་བསྒོ་བ་དང་། བུ་གཉིས་རྒྱལ་བུའི་མཚན་དུ་བྲོས་ནས་དུ ་སྟེ་འདི་སྐད་ཅེས་སྨྲས་སོ། ། བདག་ཅག་གིས་བྲམ་ཟེ་དུ་མ་ཡང་མཐོང་ན་འདི་འདྲ་བ་དག་མ་མཐོང་སྟེ། འདི་ནི་བྲམ་ཟེ་མ་ལགས་ཀྱི་ཡང་དག་པར་ཡི་དགས་ལགས་པས། དེ་བདག་ཅག་གི་མ་ཤིང་ཐོག་ཚོལ་དུ་མཆིས་པ་ལས་སླར་མ ་འཁོར་བར་བདག་ཅག་གཉིས་ཡི་དགས་འདིའི་ཟས་སུ་སུལ་ན་གདོན་མི་འཚལ་བར་འགུམ་མོ། ། བདག་གི་མ་སླར་མཆིས་ཏེ་བུ་དང་མ་འཇལ་ན་ཇི་ལྟར་བ་དང་བེའུ་བྲལ་བ་ལྟར་ཏུ་ཞིང་ཆོངས་འདེབས་ཏེ་མི་དགའ་བའི་མྱ་ངན་གྱིས ་གདུངས་པར་འགྱུར་རོ། ། རྒྱལ་བུས་བུ་ལ་བསྒོ་བ། ཁོ་བོས་སྦྱིན་པར་གནང་བས་གདང་དུ་མི་རུང་སྟེ་འདི་བྲམ་ཟེ་ཡིན་གྱི་ཡི་དགས་མ་ཡིན་པས་མི་ཟོས་ཀྱིས་ཁྱེད་གཉིས་འདིའི་ཕྱི་བཞིན་སོང་ཤིག། བྲམ་ཟེས་སྨྲས་པ། བདག་ནི་དེ་ཆོས་ཏེ ་འགྲོའོ། ། གལ་ཏེ་བུའི་མ་འོངས་ན་འགྲོར་མེད་དེ་མ་བཏང་ན་རྒྱལ་བུས་བདག་ལ་བྱིན་པའི་དགེ་བའི་སེམས་བུའི་མས་ཟློག་ཅིང་ཉམས་པར་འགྱུར་དུ་དོགས་སོ།། རྒྱལ་བུས་སྨྲས་པ་བདག་གིས་སྦྱིན་པ་ཅི་བྱས་ཀྱང་ཐོག་མ་ནས་ཅི་ལ་ཡང ་འགྱོད་པའི་སེམས་བྱུང་མ་མྱོང་ངོ་། ། དེ་ནས་རྒྱལ་བུས་ཆུ་སྣོད་ཐོགས་ནས། བྲམ་ཟེའི་ལག་པར་ཆུ་བླུགས་ནས་བུ་གཉིས་ཀྱི་ལག་པ་ནས་བཟུང་སྟེ་བྲམ་ཟེ་ལ་ཕུལ་བ་ནས་ཡང་རབ་ཏུ་གཡོས་སོ།། བུ་གཉིས་བྲམ་ཟེའི་ཕྱི་བཞིན་མཆིང ་མ་བཏུབ་ནས། བྱིར་པ་རྒྱལ་བུའི་དྲུང་དུ་འོངས་ཏེ། པུས་མོས་ལ་བཙུགས་ནས་པ་རྒྱལ་བུ་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་གཉིས་ཀྱིས་ཚེ་རབས་སྔ་མ་ལ་མི་དགེ་བའི་སྡིག་པ་ཅི་བགྱིས་ན་འདི་ལྟ་བུའི་སྡུག་བསྔལ་མྱོང ་པར་གྱུར། བདག་ཅག་ནི་རྒྱལ་པོའི་རིགས་སུ་སྐྱེས་ན་ཅིའི་སླད་དུ་ཕ་རོལ་པོའི་བྲན་ཁོལ་ཏུ་གྱུར་ཅེས་ཕ་རྒྱལ་བུ་ལ་སྡིག་བཤགས་ན་འདིའི་རྒྱུ་འདིའི་རྐྱེན་གྱིས་སྡིག་པ་བྱང་ཞིང་བསོད་ནམས་སྐྱེས་ཏེ་གང་ནས་གང་དུ་སྐྱེས་ཀྱང་འདི ་ལྟ་བུའི་སྡུག་བསྔལ་དང་ཟད་པར་མགྱུར་ཅིག་ཅེས་སྨྲས་ས། ། རྒྱལ་བུས་བྲལ་སྨྲས་པ། འཇིག་རྟེན་ན་འཇའ་གང་སྡུག་གཅག་མས་ཀྱིསས་གྱུ་། ཐམས་ཅད་མ་རྟག་པས་ཡད་བཏན་དུ་མ་རུང་ས་བ་ནམ་བླན་མེད་པར ་མཉམ་སྙོམས་པའི་བྱང་ཆུབ་ཐོབ་པ་ན་ཁྱོད་ཐར་པའི་དོན་བྱའོ་ཞེས་བསྒོའོ། ། བུ་གཉིས་ཀྱིས་ཡང་ཡབ་རྒྱལ་བུ་ལ་སྨྲས་པ། པུས་ནི་མ་ལ་མཆི་ཕྱག་བྱ་བ་ལགས་ན་དེ་གཞར་ཡང་མི་ཟད་དེ། མའི་ངོ་མ་མཐོང་བ་ཡང་བདག་ཅག་གི ་སྔོན་གྱི་སྡིག་པའི་ལས་ཀྱིས་གདུངས་པར་ཟད་ན་བདག་ཅག་གི་མ་ཅིའི་ཕྱིར་མྱ་ངན་གྱིས་གདུངས་ཤིང་སྡུག་བསྔལ་བར་མི་འགྱུར་ཞེས་སྨྲེ་སྔགས་འདོན་ཏོ། ། བླ་ཟེས་སྨྲས་པ། བདག་ནས་ལ་ཉམས་ཆུང་བས་བུས་པ་འདི་གཉིས ་བདག་པོར་ཏེ་མའི་ཐད་དུ་བྲོས་པར་གྱུར་ན་བདག་གིས་བྱར་མེད་པར་འགྱུར་གྱིས། ཁྱོད་ཀྱིས་ཆིངས་ལ་དཀྲིས་ཤིག་ཅེས་སྨྲས་པ་དང་། རྒྱལ་བུས་ཀྱང་བུ་གཉིས་ཀའི་ལག་པ་པྱིད་ཀ་ལོག་ཏུ་བཟུང་སྟེ། བྲམ་ཟེ་ཉིད་འཆིང་དུ་བཅུག་ནས ་བྱེད་ཀ་ལོག་ཏུ་བཅིངས་པའི་ཐག་པ་བྲམ་ཟེའི་ལག་པར་བྱིན་ཏི་སྦྲེལ་ནས་ཁྲིད་དོ། ། བུ་གཉིས་ནི་དེ་ལྟར་ཁྲིད་ཀྱང་འགྲོར་མི་བཏུབ་སྟེ་ཟིན་པ་ལས་བྲམ་ཟེས་ལྕག་ཐོགས་ཏེ། དེང་ནས་གཞུས་པའི་ལམ་དུ་ཁྲག་ཟུང་བ་ཡངས་ལ་ཆལ ་བར་གད་དོ། ། རྒྱལ་བུས་དེ་ལྟར་མཐོང་ནས་མཆི་མབྱུང་སྟེ། མཆིམས་ལ་བོབས་ས་ཡང་འོལ་བར་གྱུར་ཏོ།། རྒྱལ་བུ་དང་རི་དགས་དང་གཅན་ཟན་མང་པོ་ཐམས་ཅད་ཀྱིས་བུ་གཉིས་བསྐྱལ་ཏེ་མི་སྣང་བར་གྱུར་བ་དང་། བཟོད་ཕྱིར་ལོག། ་གོ།། རི་དགས་དང་གཅན་ཟན་ལ་སོགས་པས་རྒྱལ་བུ་སྩལ་ཏེ། ཕྱིར་རྒྱལ་བུ་དང་རྩེ་བའི་གནས་སུ་བྱིན་ནས་སྙིང་རྗེ་བའི་སྐད་བྱུང་སྟེ་ལུས་ས་ལ་རྡེབས་ཤིང་འགྲེའོ།། བྲམ་ཟེ་དེས་ལམ་དུ་ཞུགས་ཏེ་སོང་སོང་བ་ལས་ལ་མ་ཀར་སྐྱེད ་ཤིང་ཞིག་ཡོད་པ་ལས་བུ་གཉིས་བཏགས་ཏེ་འདུག་གོ། དེ་ནས་ཆས་པ་དང་བུ་གཉིས་མ་དང་ཕྲད་དུ་རེ་ནས་ཤིང་གི་དཔག་འཁྲི་ཞིང་འགྲོར་མ་བཏུབ་ནས་བྲམ་ཟེས་ཡང་གཞུས་པ་ལས་བུ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བདག ་ཅག་ལམ་རྡེ་ག་ཅིག། བདག་ཅག་རང་འགྲོའོ་ཞེས་གནམ་ལ་ཡང་བལྟས་ཏེ། ཡང་འདི་སྐད་ཅེས་སྨྲས་སོ།། རི་གཉེན་གྱི་ལྷ་དང་ནགས་ཚལ་གྱི་གང་གི་ལྷ་རྣམས་བདག་ཅག་ས་ཅུང་ཟད་ཐུགས་རྩེ་བ་འམ་དགོངས་པ་མི་མངས ་འམ་བདག་ཅག་ནི་ལམ་རིང་པོར་གཞན་གྱི་བྲན་ཁོལ་བྱེད་དུ་འགྲོ་སྟེ། མ་དང་བྲལ་བར་གྱུར་ན་བདག་ཅག་གི་མ་རི་ལ་ཤིང་ཐོག་ཚོལ་ཞིང་མདར་བཏང་སྟེ། མྱུར་དུ་བདག་ཅག་དང་ཕྲད་པར་ཤོག་ཅིག་མི་སྦྲན་ནམ་ཞེས་དེ་སྐད་སྨྲས་པ་དང་། ་བུའི་མ་རི་ལ་འདུག་པའི་རྐང་པ་གཡོན་པའི་རྐང་མཐིལ་གཡའ་ཞིང་གཡོ་བ་དང་། མིག་གཡོན་པ་ཡང་འགུལ་ནུ་མ་གཉིས་ནས་ནུ་ཞེ་ཡང་རང་ཟག་པར་གྱུར་ནས་འདི་སྙམ་དུ་འདི་འདྲ་བའི་ལྷས་ངན་པ་གནའབྱུང་མ་མྱོ་ན་བདག་གི་བུ་གཉིས ་ལ་ཡེ་འབྲོག་མ་བྱུང་ངམ་སྙམ་བསམས་ནས། ཤིང་ཐོག་གིས་ཅི་ཞིག་བྱ་སྙམ་སྟེ། ཤིང་ཐོག་པནཔ་ཡང་བཏང་ནས་མྱུར་བ་ང་ཕྱིར་གནས་སུ་འགྲོ་བར་ཆས་སོ།། དེའི་ཚེ་སུམ་བཅུ་རྩ་གསུམ་པའི་གནམ་གྱི་ལྷའི་དབང་པོ་རྒྱལ་བུས་གཞན་ལ་བུ་བྱིན ་པར་ཤེས་ནས་བཙུན་མོས་དགེ་བར་བསམས་པའི་སེམས་ཀྱི་བར་ཆད་བྱེད་དུ་དོགས་པས། སེང་གེ་ཞིག་ཏུ་སྤྲུལ་ནས་ལམ་གྱི་སྲང་དུ་བསྡང་ངོ་།། བཙུན་མོས་སེང་གེ་ལ་སྦས་པ། ཁྱོད་ནི་གཅན་ཟན་གྱི་རྒྱལ་པོ། ཁེ་བོ་ནི་མིའི་རྒྱལ་མ་ཡིན ་རི་ལ་འཁོད་པར་འདྲན་ཅུང་ཟད་ལམ་ལས་བྱོལ་ཏེ་བདག་ཐོང་ཤིག། བདག་ལ་བུ་མུ་དྲམ་ཤེད་མ་བྱེ་བ་གཉིས་ཤག་ཡོད་དེ། དེ་ཙམ་གྱི་བར་དུ་ཅི་ཡང་མ་ཟོས་པས་བདག་འོད་དུ་རེ་སྟེ་སྡོད་དོ།། སེང་གེས་ཀྱང་བྲམ་ཟེ་དེ་རྒྱད་རིང་དུ་ཐལ་བར་ཤེས ་ནས་ལམ་ལས་བྱོལ་ཏེ་བཙུན་མོ་བཏང་ངོ་། ། བཙུན་མོ་ཕྱིར་གནས་སུ་འོངས་ནས་རྒྱལ་བུ་འབའ་ཤིག་སྣང་གི་བུ་གཉིས་མ་མཐོང་བས་བདག་ཉིད་འདུག་པའི་སྐྱིལ་བུར་བལྟས་ན་ཡང་བུ་མ་མཐོང་། བུ་གཉིས་འདུག་པའི་སྤྱིལ་པོར་བལྟས་ན ་ཡང་བུ་མ་མཐོང་སྟེ། དེ་ནས་བུ་རྩེ་བའི་གནས་ཆུ་འགྲམ་དུ་བཅལ་ན་ཡང་མ་མཐོང་ངོ་།། སྔོན་བུ་དང་བརྩེ་བའི་རི་དགས་ཤ་བ་དང་། གཅན་ཙང་སེང་གེ་དང་སྤྲེའུ་ལ་སོགས་ཉེ་མདུན་ནས་ལུས་ས་ལ་རྡེབས་ཤིང་སྒྲ་འབྱིན་ལ། སྔོན་བརྩེ་བའི་རྫིང་བུའོ།། ་ཆུ་ཡང་སྐམས་པར་མཐོང་ནས་ཕྱིར་རྒྱལ་བུ་གངན་བ་དེར་སོང་སྟེ་བྱིན་པ་དང་རྒྱལ་བུ་ལ་བདག་གི་བུ་གཉིས་གར་ཞེས་དྲིས་ན། རྒྱལ་བུ་ཅང་མི་སྨྲའོ།། བཙུ་ན་མས་ཡང་སྨྲས་པ། བདག་ནམ་ཤིང་ཐོག་ཐོགས་ཏེ་ཕྱིར་གནས་སུ་འཁོར་བ་ན་བདག ་གེ་རུ་གཉིས་རྒྱད་མ་ནས་ཆུག་ཅིང་མདུན་དུ་བསུས་ཏེ། རྡེག་འཆོས་ན་ཡང་ཕྱིར་ལངས་ཏེ་དགྲ་མཆོང་ཞིང་ཨ་མ་འོངས་ཨ་མ་འོངས་སོ་ཞོས་འབོད་དེ། བདག་འདུག་པ་ན་གཉི་ཀ་གཡས་གཡོན་ན་འདུག་ཅིང་ཕྲག་པ་འམ་ལུས་ལ་རྡུལ ་གོས་ན་ཡང་འཕྱེ་བཞིན་སྨྲ། ། ང་བདག་གི་བུ་ག་རེ་མ་མཐོང་ན་གཞན་ལམ་བྱིན་ནམ། འདི་ལྟར་མ་མཐོང་བས་བདག་གི་སྙིང་གས་པར་འགྱུར་གྱི། བདག་གི་བུ་ག་ལ་འདུག་མྱུར་དུ་སྨྲོས་ཤིག། བདག་མྱོས་པར་འགྱུར་རོ་ཞེས་དེ་ལྟར ་ལན་གཉིས་ལན་གསུམ་གྱི་བར་དུ་དྲིས་ཀྱང་ལན་མ་སྨྲས་སོ། ། བཙུན་མོས་ཡང་སྨྲས་པ། ལྷག་པར་སྡུག་བསྔལ་གྱིས་གདུངས་ཏེ། བུ་གཉིས་མ་མཐོང་བ་ལྟ་ཆོད་ཡོད་ན། རྒྱལ་བུས་ལན་མ་གཏེར་བས་ལྷག་པར་མྱོས་ཤིང་འཁྲུགས་པར ་གྱུར་ཏོ། ། རྒྱལ་བུས་སྨྲས་པ། ཡུལ་ཀོ་ལི་ཞེས་བྱ་བ་ནས་བྲམ་ཟེ་ཞིག་འོངས་ཏེ། བདག་ལ་བུ་གཉིས་བསླངས་པ་ལས་བདག་གིས་བྱིན་ནོ།། བཙུན་མོས་རྒྱལ་བུས་སྨྲས་པ་ཐོས་མ་ཐག་ཏུ་རི་རྡིབ་པ་ལྟར་ས་ལ་འགྱེལ་ཏེ་འགྲེ་ཞིང ་ཚེ་དེས་བཏབ་པོ། ། རྒྱལ་བུས་སྨྲས་པ་རེ་ཤིག་སྡོད་ཅིག། ཁྱོད་སྔོན་འདས་པའི་དུས་ན་སངས་རྒྱས་མར་མེ་མཛད་ཀྱི་ཚེ་དམ་ཇི་ལྟར་བཅས་པ་མི་དྲན་ནམ། དེའི་ཚེ་དེའི་དུན་བདག་ནི་ཐམ་ཟའི་བུ་གཞོན་ནུ་ཞེས་བྱ། ཁྱོད་ནི་བྲམ་ཟེའི་བུ་མོ ་སུན་ད་རི་ཀ་ཞེས་བྱ་སྟེ། ཁྱོད་ནི་དེའི་ཚེ་མེ་ཏོག་པད་མོ་བདུན་ཞིག་ཐོགས་བདག་ལ་དངུལ་གྱི་དོང་ཙེ་ལྔ་ཞིག་ཡོད་དེ། ཁྱོད་ལས་པད་མོ་ལྔ་ཞིག་ཉོས་ནས་སངས་རྒྱས་ལ་ཕུལ་བར་བྱས་པ་ལས་ཁྱོད་ཀྱིས་པད་མོ་ལྷག་མ་གཉིས་པོ་ཡང ་དེ་ལ་བྱིན་ཏེ། སངས་རྒྱས་ལ་འབུལ་གྱིས་སྨོན་ལམ་དུ་ཡང་བདག་སྐྱེ་བ་ཕ་རོལ་དུ་རྟག་པར་ཁྱོད་ཀྱི་ཆུད་མར་ཤོག་ཅིག་ཅེས་སྨོན་ལན་བཏབ་པ་ལས་བདག་དེའི་ཚེ་ཁྱོད་དང་འདི་སྐད་ཅེས་དམ་མ་བཅས་སམ། ཁྱོད་བདག་གི ་ཆུང་མར་དགའ་ན་བདག་གི་ཡིད་དང་འགལ་བར་མ་བྱེད་ཅིག། བདག་སྦྱིན་པ་ཞིག་བྱེད་ན་ཕ་མ་གཉིས་མ་གཏོགས་པར་གཞན་སྦྱིན་པ་ཡང་བདག་གི་ཡིད་བཞིན་དུ་སྦྱིན་པ་ལས་འགལ་བར་མ་བྱེད་ཅིག་ཅེས་དམ་བཅས་པ།། ་ལས་དེའི་ཚེ་ཁྱོད་ན་རེ་དེ་བཞིན་དུ་བྱའོ་ཞེས་མི་ཟེར་རམ། ང་ཁྱོད་ཀྱི་བུ་གཉིས་གཞན་ལ་བྱིན་པ་ལ་བདག་གི་དགེ་བའི་སེམས་དཀྲུག་ཏུ་ཡང་ཅི་ཡོད་ཅེས་རྒྱལ་བུས་སྨྲས་མ་ཐག་ཏུ་བཙུན་མོས་ཐོས་པ་ཙམ་གྱིས་སེམས་དང་ཡིད་ཀྱིས ་སྔོན་གྱི་གནས་དྲན་པའི་མངོན་པར་ཤེས་པ་ཚོར་བར་གྱུར་ཏེ། རྒྱལ་བུའི་བསམ་པ་མྱུར་དུ་རྫོགས་པར་འདོད་པས་ཡིད་བཞིན་དུ་སྦྱིན་པ་ལ་རྗེས་སུ་ཡེ་རང་བར་གྱུར་ཏོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་རྒྱལ་བུས་སྦྱིན་པ་བྱིན་པ་ཇི་ལྟར་སེམས ་པ་བསམས་པའི་ཕྱིར་བྲམ་ཟེ་ཞིག་ཏུ་སྤྲུལ་ཏོ། ། བྲམ་ཟེ་དེ་ཡང་མི་སྡུག་པ་རྣམ་པ་བཅུ་གཉིས་དང་ལྡན་ཏེ། རྒྱལ་བུ་ག་ལ་བ་དེར་སོང་ནས་འདི་སྐད་ཅེས་སྨྲས་སོ།། རྒྱལ་བུ་ཁྱོད་སྦྱིན་པ་ལ་དགའ་བས་ཕ་རོལ་པོའི་ཡིད་དང་འགལ་བར ་མི་བྱེད་ཅེས་གྲག་སྟེ། བདག་ཀྱང་ཆེད་དུ་འདིར་སློང་དུ་འོངས་ཀྱིས་ཁྱོད་ལ་བཙུན་མོ་ཡོད་པ་དེ་བདག་ལ་བྱིན་ཅིག། རྒྱལ་པོས་སྨྲས་པ། ཤིན་དུ་ལེགས་ཏེ་དེ་བཞིན་དུ་སྦྱིན་ནོ་ཞེས་སྨྲས་སོ།། བཙུན་མོས་སྨྲས་པ། བདག་ཀྱང་ཕ་རོལ་པ ་ལ་བྱིན་ན་རྒྱལ་བུའི་གཡོག་སུས་བྱ། རྒྱལ་བུས་སྨྲས་པ། ང་ཁྱོད་ཀྱང་སྦྱིན་པ་མ་བྱས་ན་ཇི་ལྟར་ཡང་བླ་ན་མེད་པའི་མཉམ་སྙོམས་པའི་བྱང་ཆུབ་ཐོབ་པར་འགྱུར། དེ་ནས་རྒྱལ་བུས་ཆུ་སྣོད་ཐོགས་ཏེ་བྲམ་ཟེའི་ལག་པ་བཀྲུ་བའི་ཕྱིར། ་ལག་པར་ཆུ་བླུགས་ནས་བཙུན་མོ་ཡང་བྲམ་ཟེ་ལ་ཕུལ་ལོ།། དེ་ལྟར་རྒྱལ་བུ་ལ་འགྱོད་པའི་སེམས་ཅུང་ཟད་ཀྱང་མེད་པར་བརྒྱ་བྱིན་གྱིས་རྟོགས་ནས་ལྷ་རྣམས་ཀྱིས་བསྟོད་ཅིང་བསྔགས་ཏེ་གནམས་ཡང་ཆེར་གཡོས་སོ།། ་དེ་ནས་བྲམ་ཟེས་བཙུན་མོ་ཁྲིད་དེ་གོམ་པ་བདུན་ཙམ་དུ་ཕྱིན་པ་དང་། ཕྱིར་ལོག་ནས་བཙུན་མོ་འདི་རྒྱལ་བུ་ལ་ཕྱིར་གཏམས་ཀྱིས་སུ་ལ་ཡང་མ་སྦྱིན་ཅིག་ཅེས་སྨྲས་སོ།། རྒྱལ་བུས་སླར་སྨྲས་པ། ཅིའི་ཕྱིར་མི་ཁྲིད་མི་འདོད་དམ་ཅི ་མིར་སྐྱེས་པའི་ཆུང་མའི་ནང་ན་ཆུང་མ་འདི་ནི་ཤིན་དུ་ཡང་བཟང་ཤིང་མཛེས་ཏེ་རྒྱལ་པོའི་བུ་མོ་ཡིན་ན། རྒྱལ་པོ་དེ་ལ་བུ་མོ་འདི་ཅིག་པུ་ལས་མེད་དེ། ཆུང་མ་འདི་ནི་བདག་ལ་ཆུ་གང་ཆེ་བས་ཁ་ཟས་བཙོ་བ་དང་སྲེག་པ་ཡང་ལག་དར་ཏེ་བྱེད། བཟའ ་བདང་བཏུང་བ་ན་ཀྱང་ངན་ཅེས་མི་འཁོད་སྟེ། རྟག་ཏུ་འགྲུབ་ཆེ་ལ་བྱང་བཞིན་ཡང་བཟང་ལ་མཛེས་པས་ཁྱོད་ཁྱེར་ན་བདག་དགའོ་ཞེས་སྨྲས་སོ།། བྲམ་ཟེས་རྒྱལ་བུ་ལ་སྨྲས་པ། བདག་ནི་བྲམ་ཟེ་མ་ཡིན་གྱི་བརྒྱ་བྱིན་ལྷའི་དབང་པོ་ཡིན་ཏེ་ཆེད་དུ ་ཁྱོད་བཀྲམ་པའི་ཕྱིར་འོངས་སོ་ཡིན་ན་ཞེས་ཕྱིར་བརྒྱ་བྱིན་གྱི་ལུས་བཟའ་བོང་བསྒྱུར་ནས། ཁྱེད་ཅི་དང་ཅིང་སྔོན་ཅེས་སྨྲས་སོ།། དེ་ནས་བཙུན་མོས་གུས་པར་ཕྱག་འཚལ་ཏེ་བློན་ལམ་རྣམ་པ་གསུམ་ཞིག་གསོལ་ཏོ།། གང་ཞན་གཅིགས ་བདག་གི་བུ་ཁྲིད་པའི་བྲམ་ཟེ་ཕྱིར་ཡང་བདག་གི་ཡུལ་དུ་སོང་བར་གྱུར་ཅིག། གཉིས་སུ་ན་བདག་གི་བུ་གཉིས་བཀྲེས་པ་དང་སྐོམ་པས་སྡུག་བསྔལ་བར་མ་གྱུར་ཅིག། གསུམ་དུ་ན་རྒྱལ་བུ་དང་བདག་ཅག་གཉིས་ཀྱང་ཕྱིར་བདག ་ཅག་གི་ཡུལ་དུ་མྱུར་དུ་འཁོར་བར་གྱུར་ཅིག་ཅེས་སྨྲས་པ་དང་། བརྒྱ་བྱིན་ལྷའི་དབང་པོས་ཀྱང་དེ་བཞིན་དུ་སྨོན་ལམ་གྲུབ་པར་གྱུར་ཅིག་ཅེས་སྨྲས་སོ།། རྒྱལ་བུས་སྨྲས་པ། བདག་ནི་སེམས་ཅན་ཐམས་ཅད་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི ་བའི་སྡུག་བསྔལ་ལས་སྒྲོལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། བརྒྱ་བྱིན་ལྷའི་དབང་པོས་སྨྲས་པ། སྨོན་ལམ་འདི་ཤིན་དུ་རྒྱ་ཆེ་སྟེ་བླ་ན་མེད་པ་ཡིན་ནོ།། གལ་ཏེ་མཐོ་རིས་སུ་སྐྱེ་ཞིང་ཉི་ཟླ་ལ་དབང་བའི་བདག་པོར་འདོད་དམ། ་འཇིག་རྟེན་གྱི་རྒྱལ་པོར་འདོད་དམ། ཚེ་རིང་ཞིང་ཡུན་ཏུ་གནས་པར་འདོད་ན། བདག་གིས་སྦྱིན་ནུས་ཀྱིས་ཁྱོད་ཀྱིས་སྨྲས་མའི་སྨོན་ལམ་ཁམས་གསུམ་ལས་མཆོག་ཏུ་འདས་པ་ཡིན་པས་བདག་གིས་ནུས་པ་མ་ཡིན་ནོ།། རྒྱལ་བུས ་སྨྲས་པ། ད་ལྟར་རེ་ཤིག་ཏུ་ཕྱུག་པོར་གྱུར་ཏེ། སྔོན་པས་ཀྱང་ལྷག་པར་རྟག་པར་སྦྱིན་པ་བྱིན་ཞིང་ཡབ་རྒྱལ་པོ་དང་བློན་པོ་རྣམས་དང་། བདག་ཅག་ཕྲད་པར་ཤོག་ཅིག་ཅེས་སྨྲས་པ་དང་། བརྒྱ་བྱིན་གྱིས་སྨོན་པ་བཞིན་དུ་ངེས་པར ་གྲུབ་པར་གྱུར་ཅིག་ཅེས་སྨྲས་མཐག་ཏུ་མི་སྤང་བར་གྱུར་ཏོ། ། ཡུ་ག་པའི་བྲམ་ཟེ་དེས་བྱིས་པ་གཉིམ་སྲིད་དེ་བྱེམ་དུའོངས་ན། ཆུངམས་འདི་གད་དུ་པྱོད་ངབ་འད་ས་བུས་འབོར་ཏེ་འོངས་བལྟང་མི་འག་བུས ་བའདི་གཉིས་ན་རྒྱལ་པོའི་གདདུ་ལ་གཏོགས་པ་ཡིན་ན་སྟོང་རྗེའི་སེམས་ཀྱང་མེད་དེ། འདི་ལྟར་བཙོགས་བརྡེགས་ཤིང་ལུས་ལ་རྦ་དང་སྟག་ཁྲག་གིས་བཙོག་བརྗོག་ལྟར་བྱས་པ་པཙད་དཔ་ཞེས་སྤྲོས་བརྒྱད་དས། བུས་པ་འ ་གཉིས་ཆོངས་ལ་བཀོལ་དུ་རུང་བ་ཁྲིད་དེ་ཤོག་ཅིག་ཅེས་བསྒོ་བ་དང་། ཁྱིམ་ཐབ་ཀྱང་ཆུང་མས་བསྒོ་བ་བཞིན་ཚོད་འདུས་སུ་སོང་བ་ལས་བརྒྱ་བྱིན་ལྷའི་དབང་པོ་སྤྲུལ་ཏེ་ཚོད་འདུས་སུ་འོངས་ནས་བྲམ་ཟེ་དེ་ལ་བུས་པ་འདི་ནི་ཤིན་དུ ་རིན་ཆེ་བས་སུ་ཡང་ཉོ་མི་ནུས་སོ་ཞེས་སྨྲས་སོ། ། བུས་པ་དེ་གཉིས་བཀྲེས་སྐོམ་པ་ལས་བརྒྱ་བྱིན་གྱིས་ལྷའི་རྫུ་འཕྲུལ་གྱིས་ལྷའི་དྲི་བསྲུང་སྤྲུལ་ཏེ། བུས་པ་གཉིས་ཀྱི་བ་སྤུའི་ཁུང་བུ་ནས་ལྟོ་འགྲངས་པར་བྱས་ཏེ། བརྒྱ་བྱིན་གྱིས ་བྲམ་ཟེའི་སེམས་ཀྱང་བསྒྱུར་ནས། ཡུལ་ཡ་བར་ཕྱིན་པར་བྱས་སོ།། ཡུལ་དེའི་བློན་པོ་དང་ཡུལ་མི་ཐམས་ཅད་ཀྱིས་རྒྱལ་བུའི་སྒྲས། རྒྱལ་པོ་ཆེན་པོའི་ཚ་བོ་ཡིན་པར་མི་ཤེས་པ་མེད་པས་སུ་མི་ཐམས་ཅད་མྱ་ངན་གྱིས་གདུངས་ཏེ། ་བློན་པོ་ལ་སོགས་པས་བུ་གཉིས་གལས་འོངས་ཤེས་དྲིས་པ་དང་། བྲམ་ཟེ་ན་རེ་བདག་གིས་བསླངས་ཏེ་འོངས་པ་ལ་ཁྱོད་ཀྱིས་དྲར་ཅི་ཡོད་ཅེས་སྨྲས་སོ།། བློན་པོ་རྣམས་ཀྱིས་སྨྲས་པ། བདག་ཅག་གི་ཡུལ་དུ་འོངས་པས་ན ་བདག་ཅག་གིས་དྲི་བར་རིགས་ཀྱི་མི་འདྲ་བ་མ་ཡིན་ན་ཞེས་བློན་པོ་དང་ཡུལ་མི་རྣམས་ཀྱིས་བགྲོས་ཏེ། བྲམ་ཟེ་ལས་བུ་གཉིས་དབྲོག་པར་བྱས་པ་ལས་དེའི་ནང་ན་ཁྱིམ་བདག་གཅིག་གིས་འདི་སྐད་ཅེས་བགྲོས་བཏབ་པོ།། འདི་ནི ་རྒྱལ་བུས་སྦྱིན་པར་བསམས་ཏེ། བྱིན་པ་འདི་ལ་རྒྱལ་བུས་བསམས་པའི་ཡིད་དང་འགལ་ཞིང་དབྲོག་པར་མི་རིགས་ཀྱི། ཉིས་ན་རྒྱལ་པོ་ཆེན་པོ་ལ་གསོལ་ན། རྒྱལ་པོ་ཆེན་པོ་ཉིད་ཀྱིས་རིན་གྱིས་ཐུང་འགྱུར་རོ་ཞེས་བྱས་པ་དང ་ཐོབ་སྔ་པ་གནང་ནས་བློན་པ་རྣམས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་པོ། ། རྒྱལ་བ་ཆེན་པོའི་དབེན་པ་གཉིས་ད་ལྟར་བྲམ་ཟེ་ཞིག་འཚར་ཞིང་མཆིས་ཅེས་གསོལ་བ་དང་། རྒྱལ་བས་ཆག་དེ་ཐོས་མ་ཐག་ཏུ་ཆར་སྔངས་ཏེ་བྲམ ་ཟ་ཨེ་དང་བུ་གཉིས་པོ་བྲང་ནང་དུ་ཁྲི་དེ་ཤོ་གཅིག་ཅེས་བསྒོ་ནས་བུ་གཉིས་པོ་བྲང་དུ་འོངས་པའི་ཚེ་རྒྱལ་པོ་དང་བཙུན་མོ་དང་ཕོ་བྲང་གི་བླས་དང་བློན་པོ་རྣམས་ཀྱིས་བུ་གཉིས་མཐོང་ནས་ཐམས་ཅད་དབུགས་ཀྱིས་རྣངས་པ་ཙམ་དུ ་མ་རུས་པ་མེད་དོ། ། དེ་ནས་རྒྱལ་པོས་བྲམ་ཟེ་དེ་ལ་ཁྱོད་ཀྱིས་བུ་འདི་གཉིས་ཇི་ལྟར་ཐོབ་ཅེས་དྲིས་ན། བྲམ་ཟེ་ན་རེ་བདག་གིས་རྒྱལ་བུ་ལས་བླངས་ཏེ་ཐོབ་བོ་ཞེས་ཟེར་རོ།། རྒྱལ་པོས་བུས་པ་འདི་གཉིས་བོས་ཏེ། བང་པར་བླང་སྙམ ་པ་ལས་བུ་གཉིས་འོད་དུ་མ་བཏུབ་པོ། ། དེ་ནས་རྒྱལ་པོས་བུ་འདི་གཉིས་ཀྱི་རིན་ཅི་ཙམ་ཡོད་ཅེས་དྲིས་ན། བྲམ་ཟེ་སྨྲ་མ་ཁོམ་པར་ཁྱེའུ་ཡིས་འདི་སྐད་ཅེས་གསོལ་ཏོ།། བདག་བུ་པོ་ནི་དབུབ་ཀྱི་དོད་ཅེ་སྟོད་དང་བ་ལང་བརྒྱ་ཞིག་རིའོ།། བུ་མོ་ན ་གསེར་གྱི་དོད་ཙ་སྟོང་དང་པ་བཞོན་ཉིས་བརྒྱ་རིའོ་ཞེས་གསོལ་པ་དང་། རྒྱལ་པོས་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ།། འཇིག་རྟེན་ཆོས་ཀྱིས་མིའི་ནང་ན་པོ་ནི་རིན་པོ་ཆེ་དབྱིག་ལྟར་རིན་ཆེ་བ་ཡིན་ན། ཅིའི་བྱིར་བུ་བོ་ནི་རིན་ཆུང་བུ་མ་ནི་རིན ་པར་འདེབས། བུ་ཁྱེའུ་ཡིས་གསོལ་པ། ཕོ་བྲང་གི་བླས་ལྟ་བུ་རྒྱལ་པོ་དང་ཉེ་བ་མ་ལགས་ན། མ་རབས་བྲན་ལས་བསླས་སུ་བཞེས་ཏེ། དེ་ལ་ཐུགས་དགྱེས་པས་བཀུར་ཞིང་བཙུན་པར་མཛད་དེ། རིན་པོ་ཆེའི་གོས་སྐོན་ཞིང་བཟའ ་པ་དང་། བཏུང་བ་རོ་བརྒྱ་དང་ལྡན་པ་བསྟབས་ན། སས་གཅིག་པུ་ཞིག་མངའ་བ་རིལ་སྤངས་ཏེ། ཡ་མཚན་ཕོ་བྲང་གི་སླས་དང་རོལ་ཅིང་རོལ་མོ་མཛད་ཀྱང་སྲས་ལ་ཅུང་ཟད་ཙམ་ཡང་དགོངས་པའི་ཐུགས་ཀྱང་མི་མངའ་བས་དེ་བས ་ན་བུ་ཕོ་ནི་རིན་ཆུང་ལ་བུམ་ནི་རིན་ཆེ་བར་མངོན་ནོ། ། རྒྱལ་པོས་དེ་སྐད་སྨྲས་པ་ཐོས་ནས་ལྷག་པར་མི་དགའ་བའི་མྱ་ངན་སྐྱེས་ཏེ། མཆི་མ་བླགས་ནས་འདི་སྐད་དུ་བདག་ནི་རབ་ཏུ་གནོད་ན་ཁྱེད་ཅིའི་ཕྱིར་ཁོ་བོའི་པིང་དུ་མི་འོང་། ་ཁྱོད་ང་ལ་མི་དགའ་འམ་འོན་ཏེ་བྲམ་ཟེ་ལས་འཇིགས་ཅེས་དྲིས་ན། བྱིས་པ་ན་རེ་བདག་ཅག་ནི་རྒྱལ་པོ་ཆེན་པོ་ལ་མི་དཀའ་བ་འམ་བྲམ་ཟེ་ལ་སྐྲག་པ་ཡང་མ་ལགས་ན་ཐོག་མ་རྒྱལ་པོ་ཆེན་པོའི་ཚ་བོ་ལས་ད། ་ལྷ་མིའི་བྲན་ཁོལ་དུ་གྱུར་པས་ག་ལ་ན་ཡང་མིའི་བྲན་ཁོལ་རྒྱལ་པོའི་བད་དུ་འདུག་པའི་ཆོས་མེད་པས་མི་སྤོབས་སོ།། རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ལྷག་པར་མྱ་ངན་གྱིས་གདུངས་པར་གྱུར་ཏེ་མི་དགའ་བར་གྱུར ་ནས་བུས་གསོལ་པ་བཞིན་དུ་བྲམ་ཟེ་ལ་རིན་བྱིན་ཅིག་ཅེས་བསྒོ། ནས་བུ་གཉིས་གདོད་རྒྱལ་པོའི་བར་དུ་བླངས་སོ།། བུ་གཉིས་རྒྱལ་པོས་བླངས་ནས་ཕྱག་གིས་བུ་གཉིས་ཀྱི་མགོ་ནས་བླུགས་ཏེ་འདི་སྐད་ཅེས་སྨྲས་སོ།། བྱེད་རིལ ་གནས་པ་ན་ཟས་སུ་ནི་ཙི་ཟ་གོས་སུ་ནི་ཙི་གྱོན་ཞེས་དྲིས་ན། བུ་གཉིས་ནར་ཟས་སུ་ནི་ཤིང་གི་འབྲས་བུ་ཤིང་ཐོག་ཟ། གོས་སུ་ནི་ལྤགས་པ་དང་སྣམ་བུ་གྱོན་ཏེ། བྱམ་པོ་དང་རྩེ་དགའ་བས་མྱ་ངན་གྱི་སེམས་མེད་དེ་ཞེས་གསོལ་ཏོ། ་དེ་ནས་རྒྱལ་པོས་བྲམ་ཟེ་དེ་ལ་ཕྱི་རོལ་ཏུ་སོང་ཤིག་ཅེས་བསྒོ་བ་དང་། བུ་གཉིས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བྲམ་ཟེ་འདི་རབ་ཏུ་བཀྲེས་སྐོམ་གྱིས་ཉེན་ན། དེ་ལ་ཁ་ཟས་ཀྱིས་ཚིམ་པར་མཛད་དུ་གསོལ། རྒྱལ་པོས་སྨྲས་པ། ་ཁྱོད་ལ་མི་དགའ་བ་འམ་མཁོན་དུ་འཛིན་པ་མེད་པར་ཕྱིར་ཁ་ཟས་སྦྱིན་པར་སེམས། བུས་སྨྲས་པ། བདག་གི་ཕ་བྱང་ཆུབ་ཀྱི་ལམ་ལ་དགའ་བས་ནོར་རྫས་ཀྱིས་སྦྱིན་དུ་མེད་དེ་བདག་གི་ལུས་ཀྱིས་སློང་བ་ལ་བྱིན་པ་ཡང་བདག་ཅག་ལ ་དབང་བའི་བདག་པོ་ལགས་ཏེ། འདིས་བདག་ཅག་ལ་བཀོལ་བའི་ལས་ཙམ་བྱེད་དུ་མ་བཅུག་པ་ཡང་ཐོག་མ་བས་བསནཱ་པ་ལྟར་མ་གྱུར་ཏེ། དེ་སྙིང་རྗེའི་སེམས་ཙམ་ཡང་མ་མཆིས་ཏེ་ལྟོགས་ཤིང་སྐོམ་པ་བཞིན་དུ་འདུག་པ་འདི ་མིག་གིས་ཀྱང་སུ་ཞིག་གིས་བཟོད། བདག་གི་ཕས་ནི་བུ་ཡང་མི་ཕངས་པར་ཕ་རོལ་པོ་ལ་སྦྱིན་པ་བྱེད་ན་རྒྱལ་པོ་ཆེན་པོས་ནི་མི་གཅིག་གི་ཁ་ཟས་ཙམ་ལ་སེར་སྣ་མཛད་དམ་ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་བམ་ཟེ་དེ་ལ་ཁ་ཟས ་ཀྱིས་ཚིམ་པར་བྱིན་ནས་བྲམ་ཟེ་ཡང་རབ་ཏུ་དགའ་སྟེ་ཕྱིར་བདག་གི་ཡུལ་དུ་སོང་ངོ་། ། དེ་ནས་རྒྱལ་པོས་རྒྱལ་བུ་འགུགས་པའི་ཕོ་ཉ་བཏད་ནས། ཕོ་ཉ་ཡང་དེ་མ་ཐག་ཏུ་ཆས་ཏེ་རྒྱལ་བུ་ག་ལ་བ་དེར་སོང་ངོ་།། དེར་བྱིན་པ་དང་ཆུ་ཞིག། ་ལ་མཐར་ནས་པོ་ཉིདས་རྒྱལ་བ་ཉིད་ཡིད་ལ་བྱས་ཏེ་བསམས་མ་ཐག་ཏུ་ཆུ་དེ་ལས་ཐར་ནས་རྒྱལ་བུ་གདན་པ་དེར་བྱིན་ཏེ། རྒྱལ་པོའི་བཀས་རྒྱལ་བུ་སླར་ཡུལ་དུ་གཤེགས་སུ་གསོལ་ཞེས་བསྐོའོ།། ལ་བུས་པོ་ཉལ་སྨྲས་པ། ་ཐོག་མ་རྒྱལ་པོས་ལོ་བཅུ་གཉིས་ཀྱི་བར་དུ་རིལ་སྒོམས་ཤིག་ཅེས་བསྒོ་སྟེ། དདུང་ལོ་ཅིག་མཚང་བས་ད་ལ་ཚོང་ནས་བདག་འགྲོའོ་ནས་སྒོའོ།། དེ་ནས་ཕོ་ཉ་ཡང་ཕྱིར་ལོག་ནས་རྒྱལ་པོ་ལ་དེ་བཞིན་དུ་ལན་གསོལ་བ་ལས། རྒྱལ་པོ་ཉིད་ཕྱག ་དང་ཏེ་ཡི་གེ་བྲིས་ནས་ཕྱིར་ཕོ་ཉལ་བསྐུར་ཏེ་འདི་སྐད་ཅེས་བསྐོའོ། ། ཁྱོད་ནི་མིའི་ནང་ན་མཁས་པ་ཤེས་རབ་ཅན་ཡིན་པས་འགྲོ་བ་ལ་ཡང་བཟོད་ཅིང་འོང་བ་ལ་ཡང་བཟོད་པ་ཡིན་ན། ཅིའི་ཕྱིར་ཁྱོད་ཁྲོས་ཏེ་འོད་ཏུ་མི་བཏུབ། ཁྱོད་དང་ལྷན་ཅིག ་བའ་བ་དང་བཏུང་བ་བཏང་དགོས་ཀྱིས་མྱུར་དུ་ཤོག་ཅིག་ཅེས་པོ་ཉ་འགུགས་སུ་བཏད་དོ། ། དེ་ནས་པོ་ཉས་ཡི་གེ་ཐོགས་ཏེ་རྒྱལ་བུག་ན་བ་དེར་སོང་ནས་བྱིན་པ་དང་རྒྱལ་བུ་ལ་ཡི་གེ་ཕུལ་ལོ།། རྒྱལ་བུས་ཡི་གེ་བླངས་ནས་མགོ་བོས ་གཏུགས་ཏེ་ཡི་གེ་ལ་ཕྱག་འཚལ་ནས་ལན་བདུན་བསྐོར་བ་བྱས་ཏེ། མོད་ལ་ཕྱིར་ཡུལ་དུ་འགྲོ་བར་ཆས་སོ།། དེའི་ཚེ་རི་དེ་ནས་ཆས་པ་དང་རི་དེ་ལ་གནས་པའི་རི་དགས་དང་གཅན་ཟན་ལ་སོགས་པ་རྒྱལ་བུ་འགྲོའོ་ཞེས་ཐོས་ནས་ཐམས་ཅད ་ལུས་ས་ལ་བརྡབས་ནས་ས་ལ་འགྲེ་ཞིང་དུ་བའི་སྐད་ཕྱུང་ངོ་། ། ཆུ་མིག་རྣམས་ཀྱང་སྐམས་ཏེ་གཅན་ཟན་དང་རི་དགས་ཀྱི་ཕྲུ་གུ་ཡང་མི་ནུས། འདབ་ཆགས་བྱ་མང་པོ་ཡང་སྙིང་རྗེའི་སྐད་ཀྱིས་སྒྲ་ཕྱུང་ངོ་།། དེ་ནས་རྒྱལ་བུ་གོས་གྱོན་ནས་བཙུན་མོ ་དང་འགྲོགས་ཏེ། ཕྱིར་ཡུལ་དུ་སོང་བ་ལས་དགྲ་ཟླའི་ཡུལ་གྱི་རྒྱལ་པོས་རྒྱལ་བུ་ཕྱིར་འོང་ངོ་ཞེས་ཐོས་ནས་བལ་གྱི་གླང་པོ་ཆེ་དཀར་པོ་ལ་གསེར་གྱི་རྒ་བསྟོད་དེ། གསེར་གྱི་སྣོད་དུ་དངུལ་གྱི་ཉེ་འུས་བཀར། དངུལ་གྱི་སྣོད་དུ་ནི་གསེར་གྱི་ཉེའུས་བཀང ་བ་བཤམས་ནས། རྒྱལ་བུ་གསུ་བའི་ཕྱིར་ནམ་མཁའ་ལ་བསྟོད་དེ། རྒྱལ་བུ་བཅུ་ནས་རྒྱལ་པོའི་ཕྲིན་དུ་འདི་སྐད་ཅེས་གསོལ་ཏོ།། བདག་ནི་མི་ཤེས་པའི་དབང་དུ་གྱུར་ཏེ། རྒྱལ་བུ་ལས་བལ་གྱི་གླང་པོ་ཆེ་བླངས་པས། ད ་རྐྱེན་གྱིས་རྒྱལ་བུ་སྤངས་པར་གྱུར་པས་ད་འགྱོད་པས་ན་འཐོལ་ཚངས་སུ་གསོལ་ལོ། ། ང་རྒྱལ་བུ་སླར་གཤེགས་ཅེས་ཐོས་ནས་རབ་ཏུ་དགའ་སྟེ། བལ་གྱི་གླང་པོ་ཆེ་དེ་ཉིད་ཀྱང་སླར་ཕུལ་ཞིང་གསེར་དངུལ་གྱི་ཉེའུ་རྣམས་ཀྱང་ཕུལ་ན། འདི ་དག་རྣམས་ཀྱང་བཞེས་ཤིག། ནོངས་པའི་སྐྱོན་རྣམས་ཀྱང་སྦྱང་བར་གསོར་ཏོ།། རྒྱལ་བུས་སྨྲས་པ། དཔེར་ན་མི་ཞིག་གིས་ཁ་ཟས་རོ་བརྒྱ་དང་ལྡན་པ་སྦྱར་ཏེ། ཕ་རོལ་པོ་གཅིག་ལ་བྱིན་པ་ལས། མི་དེས་ཁ་ཟས་ཟོས་ནས་ཕྱིར་ས་ལ ་སྐྱུགས་ནས། ཕྱིར་སྐྱུགས་པའི་ཁ་ཟས་དྲི་བསུང་དང་ལྡན་པ་དེ་བཟར་རུང་བར་འགྱུར་རམ། བདག་གིས་སྦྱིན་པ་བྱས་པ་ཡང་སྐྱུགས་པ་དང་འདྲ་བས་ཕྱིར་མི་འདོད་དོ།། ཕོ་ཉ་ཁྱོད་བལ་གྱི་གླང་པོ་འདི་ཞོན་ལ་བདག་གི་ཡུལ་དུ་སོང་ཤིག། ཁྱོད ་ཀྱི་རྒྱལ་པོ་འདི་ལྟར་བདག་བསུ་ཞིང་སྤྲོ་བའི་ཚིག་གིས་སྙན་པར་སྨྲས་པ་རབ་ཏུ་དགའོ་ཞེས་གསོལ་ཅིག་ཅེས་བསྒོ་བ་དང་། ཕོ་ཉིད་ཡང་བལ་གྱི་གླང་པོ་ཆེ་ལ་ཞོན་ཏེ་ཕྱིར་བདག་གི་ཡུལ་དུ་སོང་ནས་རྒྱལ་པོ་ལ་དེ་བཞིན་དུ་གསོལ་བ་ལས ་བལ་གྱི་གླང་པོ་ཆེ་དེའི་རྐྱེན་གྱིས་འཐབ་པའི་དགྲ་ཟླད་གཅིག་ལ་གཅིག་བྱམས་ཤིང་སྡུག་པའི་སེམས་སུ་གྱུར་ཏེ། རྒྱལ་པོ་དང་ཡུལ་མི་ཐམས་ཅད་བླ་ན་མེད་པའི་མཉམ་སྙོམས་པའི་སེམས་སྐྱེད་པར་གྱུར་ཏོ།། དེའི་ཚེ་རྒྱལ་པོ་ཡབ་ཀྱང ་བལ་གྱི་གླང་པོ་ཆེ་ལ་བཅིབས་ཏེ་རྒྱལ་བུ་བསུས་སོ། ། རྒྱལ་བུས་མགོ་དང་གདོང་གིས་ཕྱག་འཚལ་ནས་རྒྱལ་པོའི་ཕྱི་བཞིན་ཕྱིར་ཡུལ་དུ་སོང་སྟེ། ཡུལ་མི་ཐམས་ཅད་ཀྱང་རབ་ཏུ་དགའ་མགུ་རངས་ནས་མེ་ཏོག་དང་བདུག་སྤོས་དང་བ ་དན་དང་རྒྱལ་མཚན་དང་བླ་རེ་ལ་སོགས་པས་མཆོད་པ་བྱ་བའི་ཕྱིར་བསམས་ཏེ། ས་གཞི་ཡང་སྤོས་ཆུའི་ཆག་ཆག་བཏབ་ནས་བསྡད་དོ།། རྒྱལ་པོ་ཕོ་བྲང་གི་ནང་དུ་འོངས་ནས། ཡུམ་གྱི་དྲུང་དུ་ཕྱིན་པ་དང་མགོ་བོས་ཕྱག་འཚལ་ནས།། ་སྤྲོ་བའི་ཚིག་གིས་སྤུན་གསོལ་ཏོ།། དེ་ནས་རྒྱལ་པོས་རིན་པོ་ཆེའི་བང་མཛོད་ཐམས་ཅད་ཀྱང་རྒྱལ་བུལ་བཏད་དེ། ཡིད་བཞིན་དུ་སྦྱིན་པ་བྱེད་དུ་བཅུག་ནས་སྦྱིན་པ་སྔམ་པས་ཀྱང་ལྷག་པར་རྒྱུན་མ་ཆད་པར་སྦྱིན་པ་བྱེད་དུ་བཅུག་པ།། ་མངོན་པར་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ངས་སྔོན་གྱི་སྦྱིན་པ་བྱས་པ་མངོན་དུ་དྲན་པ་ནི་དེ་ལྟ་བུ་ཡིན་ནོ།། དེའི་ཚེ་དེའི་དུས་ན་རྒྱལ་བུ་དོན་གྲུབ་ཅེས་བྱ་བ་ནི་ད་ལྟར ་ཉིད་ཡིན་ནོ། ། དེའི་ཚེ་ལབ་རྒྱལ་པོར་སྦྱར་བ་ནི་དལྟར་ངའི་ཡབ་རྒྱལ་པོ་ཟས་གཙང་མ་ཡིན་ནོ།། དེའི་ཚེ་ཡུམ་དུ་གྱུར་བ་ནི་དལྟར་ཡུམ་ལྷ་མཛེས་ཡིན་ནོ།། དེའི་ཚེ་བཙུན་མོར་གྱུར་པ་ནི་ད་ལྟར་གྲགས་འཛིན་ཉིད་ཡིན་ནོ།། དེརྗེ ་ཆོ་དགེ་སློང་ཨ་ཆུ་ཏ་ཞེས་བྱ་བ་ནི་ད་ལྟར་མཽད་གལ་གྱི་བུ་ཆེན་པོ་ཡིན་ནོ། ། དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོར་གྱུར་པ་དེ་ནི་ད་ལྟར་ཤཱ་རིའི་བུ་ཡིན་ནོ།། དེའི་ཚེ་རྔོན་པར་གྱུར་པ་དེ་ནི་ད་ལྟར་ཀུན་དགའ་བོ་ཁྱོད་ཡིན་ནོ།། དེའི་ཚེ་ཁྱེའུ་ལ་རི་ཞེས་བྱ ་བ་ནི་ད་ལྟར་ངའི་སྲས་སྒྲ་གཅན་འཛིན་ཡིན་ནོ། ། དེའི་ཚེ་བུ་མོར་གྱུར་པ་དེ་ནི་ཡུམ་སྲུ་གོ་ཏ་མའི་ཞེས་བྱ་བ་ཡིན་ནོ།། དེའི་ཚེ་བྲམ་ཟེ་སློངས་མོ་བ་དེ་ནི་ད་ལྟར་ལྷ་སྦྱིན་ཉིད་ཡིན་ནོ།། དེའི་ཚེ་བྲམ་ཟེའི་ཆུང་མར་གྱུར་པ་དེ་ནི་ད་ལྟར་བྲམ་ཟེ་མོ ་ཙན་ཙམ་ན་ཡིན་ནོ། ། དེ་ལྟར་ནང་ཤིན་དུ་བྱེད་དཀའ་བ་ཡང་གྲངས་མེད་དཔག་ཏུ་མེད་དགེ་བའི་ལས་བྱས་པ་ཡང་གྲངས་མེད་དཔག་ཏུ་མེད་དེ། དེ་བས་མདོ་སྡེ་འདི་དགེ་སློང་དང་བྲམ་ཟེ་ལ་སོག་པ་ལ་རྒྱས་པར་སྟོན་ཅིག། བྱང་ཆུབ་སེམས།། ་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་བྱས་པའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་འདི་ལྟ་བུ་དག་ཡིན་ནོ།། འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ་ཞེས་བྱ་བ་བམ་པོ་གཅིག་རྫོགས་སྷོ།། ་