CLOSE WINDOW

Q102: rgyud kyi rgyal po chen po sgyu 'phrul dra ba zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མཱ་ཡཱ་ཛྭ་ལ་མ་ཧཱ་ཏན་ཏྲ་རཱ་ཛཱ་ནཱ་མ།། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ་བཅོམ་ལྡན་འདས་གནས་གཙང་མའི་སྟེང་ན། ཁང་པ་བརྩེགས་པའི་རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་བཀོད་པ། རྡོ་རྗེའི་གབས་བརྒྱན་པ།། ཤིན་མཛེས་པའི་རིན་པོ་ཆེ་བཀོད་པས་རྣམ་པར་བཀྲབ། རྡོ་རྗེའི་དྲིལ་པ ་འཁྲོལ་བ། ཡིད་ལས་བྱུང་བའི་མཆོད་པའི་ཁྱད་པར་ཆེན་པོས་བརྒྱན་པ།། རྡོ་རྗེའི་འཁོར་ལོས་སྤྲས་པ། དེ་བཞིན་གཤེགས་པའི་སྤྲུལ་པའི་ཆ་བྱད་སྣ་ཚོགས་འཆང་བ་རྣམས་ཀྱིས་དོན་གྱི་བྱ་བ་བྱས་པ། རྣམ་པར་སྣང་མཛད ་ཀྱི་སྙིང་པོ་ལས་ཡང་དག་པར་འབྱུང་བའི་སྤྱོད་པ་བསྐྱོད་ནས། ། ཞལ་བཞིའི་སྒོའི་གོ་སྐབས་ནས་བྱུང་བ་སྣ་ཚོགས་དང་རྡོ་རྗེ་དང་། རིན་པོ་ཆེ་ཆེན་པོ་དང་འོད་དཔག་མེད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས ་དང་། རིག་སྔགས་ཀྱི་ལྷ་མོ་རྣམས་ཀྱིས་བརྒྱན་པ།། ཁྲ་བོའི་རྒྱལ་པོ་དང་། བྲན་དང་བྲན་མོ་དང་། པོ་ཉ་དང་པོ་ཉ་མོ་དང་ཕྱག་བརྙན་དང་། ཕྱག་བརྙན་མོ་དུ་མའི་འཁོར་གྱིས་བསྐོར་ཅིང་མདུན་གྱིས་བལྟས་པ། ཏིང་ངེ་འཛིན ་ཀྱི་ཡེ་ཤེས་ཀྱི་བདེ་བ་དེའི་བདག་ཉིད་དང་། དམིགས་པ་དང་མ་བྲལ་བ།། ཐུགས་རྗེ་ཆེན་པོས་མཉེས་གཤིན་པ། སེམས་ཅན་ཐམས་ཅད་བསྒྲལ་བ་ལ་བརྩོན་པར་མཛད་པ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་ལྷ་མ་ཡིན་དང ་ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་མི་དང་། མི་མ་ཡིན་པ་ལ་སོགས་པ་མང་པོས་བརྒྱན་པ་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེ་དེ་བཞིན་གཤེགས་པ་བཞུགས་སོ།། དེ ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་འཁོར་གྱི་ཁྱམས་ཀྱི་དབུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་འདུག་པ་ལ་གཟིགས་ནས་འཛུམ་པ་མཛད་དོ། ། འཛུམ་པ་མཛད་མ་ཐག་ཏུ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་འགྱེ་དཔག་ཅན་དུ་བལྟས་ནས་རྡོ་རྗེ་གསོར་ཏེ། ། པུས་མོ་གཡས་པའི་ལྷངས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས ་ལ་ཕྱག་འཚལ་ནས་གསོལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགོངས་པ་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་ཀྱིས་དགོངས་པ་གང་གི་སླད་དུ་གཟིགས་པ་དང་འཛུམ་པ་མཛད། ་དེས་ན་བདག་དང་འཁོར་རྣམས་ངོ་མཚར་དུ་གྱུར་པ་ལགས་ན། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་སེང་གེ་ཆེན་པོའི་སྒྲ་དབྱངས་ཀྱིས་བཀའ་སྩལ་དུ་གསོལ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན ་རྡོ་རྗེས་དེ་སྐད་དུ་གསོལ་བ་བཏབ་མ་ཐག་ཏུ། བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ཡེ་ཤེས་རྣམ་པར་བསྒྱིངས་པ་རྒྱུད་ཐམས་ཅད་ཀྱི་ཕྱི་མ་ཡང་ཕྱི་མའི་ཐབས་བདེ་བ་རྡོ་རྗེའི་ཡེ་ཤེས་བསྒྲུབ་པ་རོལ ་པ་ཨས་མཉེས་པར་བྱ་བའི་ཐབས་དེ་ཁོ་ན་ཉིད་ཐམས་ཅད་ཀྱིས་འབྱུང་གནས་སྟང་སྟབས་ཀྱིས་རྣམ་པར་རྒྱལ་བའི་ཐབས་དང་ཤེས་རབ་བདེ་བ་ཆེན་པོའི་རྡོ་རྗེས་སྒྲོལ་བ་རོལ་པས་བཞད་ཅིང་བསྒྱིངས་པ་རྡོ་རྗེ་ཞེས་བྱ་བ ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་དམ་ཚིག་དང་། དཀྱིལ་འཁོར་དང་རི་མོའི་གཟུགས་དང་། བསྒོམ་པ་དང་། བཟླས་བརྗོད་དང་། སྟང་སྟབས་དང་། སྦྱོར་བ་དགོད ་པ་དང་། ཏིང་ངེ་འཛིན་དང་། དབབ་པ་དང་། བསྐྲད་པ་དང་། དབྲོག་པ་དང་། དགུག་པ་དང་བཅིང་བ་དང་། བརྡེག་པ་དང་བསྡིགས་པ་དང་། ཉམ་ཐག་པར་བྱ་བ་དང་གཅད་པ་དང་བསྲེག་པ་དང་། བསྐང་བ་དང་སྤུནཔ ་ད་དབང་བསྐུར་པ་དང་སྦྱིན་པ་དང་། སློབ་དཔོན་དང་། སློབ་མ་གཟུང་བ་དང་། གསང་སྔགས་མང་པོའི་འཇོག་ཚུལ་རྣམས་ངས་བཤད་པར་བྱའོ།། དེའི་ཕྱིར་ཁྱོད་ཀྱིས་ཀྱང་ཏིང་ངེ་འཛིན་མཆོག་ལ་སྙོམས་པར་ཞུགས་ལ་ཉོན་ཅིག། ་དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། གཞན་ཡང་གང་དག་འཁོར་དུ་འདུས་པ་དེ་དག་ཐམས་ཅད་ཀྱིས་ཆོས་ཀྱི་འཕེལ་བའི་གཏམ་མཉན་པ་བརྩམས་སོ།། ་དེལ་རེ་ཤིག་དང་པོ་དངོས་གྲུབ་ནི་སློབ་དཔོན་ཆོས་ཀྱིས་རྗེས་སུ་འབྲང་བ་ཡིན་པས།། སློབ་དཔོན་མེད་པར་གྱུར་ན་ནི།། དངོས་གྲུབ་ཐོབ་པར་མི་འགྱུར་བས།། སློབ་དཔོན་མཚན་ཉིད་བཤད་པར་བྱ།། ཡེ་ཤེས་སྙིང ་པོ་ཁྱོད་ཉོན་ཅིག། བརྟན་ཞིང་དུལ་ལ་བློ་གྲོས་ལྡན།། བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད།། གསང་སྔགས་རྒྱུད་ཀྱི་སྦྱོར་ཤེས་པས།། དཀྱིལ་འཁོར་བྲི་བའི་ལས་བྱའོ།། དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་།། སེམས ་ཅན་ཀུན་ལ་མི་འཇིགས་སྦྱིན། ཐེག་པ་ཆེ་ལ་རྟག་དགའ་བ།། དེ་ནི་སློབ་དཔོན་ཡིན་པར་གསུངས།། ཕྱི་རོལ་བསྟན་བཅོས་ཡོངས་ཤེས་ཤིང་།། ཉན་ཐོས་རྣམས་ཀྱི་ལམ་འགྲོ་དང་། གསང་བ་དེ་ཉིད་བསྡུས་པ་དང ་ཐེག་པ་ཆེན་པོ་མི་ཤེས་པ། སྙིང་རྗེ་ཡོད་པ་མ་ཡིན་དང་། དད་མེད་བརྩོན་འགྲུས་མི་ལྡན་ལ། རྟག་ཏུ་ངན་པའི་ཚུལ་སྤྱོད་དང་། བསྟན་བཅོས་རྣམས་ལ་སྨོད་པ་མིན།། གོང་དུ་བསྟན་པའི་མཚན་ཉིད་དང་།། ལྡན་ན ་སློབ་དཔོན་ཡིན་པར་ག་། ། དེ་ཡི་དཀྱིལ་འཁོར་བྲི་བངས།། དེ་ཉིད་ཀྱིས་ནི་རྒྱུད་རྣམས་བསྟན།། དེ་ཡིས་བསྟན་པའི་གསང་སྔགས་དང་།། འགྲུབ་འབྲུར་འདི་ལ་ཐེ་ཚོམ་མེད།། དགེ་དང་སྡོམ་ལ་དགའ་བ་དང་།། རྟག་ཏུ་བླ་མ་ལ་གུས ་དང་། ། རྒྱུན་ཏུ་ལྷ་རྣམས་མཆོད་བྱེད་པའི།། ཡོན་ཏན་ལྡན་ན་སློབ་མ་ཡིན།། སློབ་དཔོན་ཅི་འདྲ་བ་ལྟ་ཞེན།། བླ་མ་སངས་རྒྱས་ཀུན་དང་མཉམ།། དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་།། དེ་བཞིན་གཤེགས་པ་རིན་ཆེན་ཏོག། དེ་ནི་མེ ་ཤེས་རྒྱ་མཚོ་ཆེ། ། ཡིད་བཞིན་ནོར་བུ་རིན་ཆེན་བཞིན།། སློབ་དཔོན་གྱི་ནི་ཡོན་ཏན་གཟུང་།། སྐྱོན་རྣམས་ནམས་ཀྱང་མ་ཡིན་ནོ།། ཡོན་ཏན་བཟུང་བས་དངོས་གྲུབ་ཅིང་།། སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས།། དེ་ཡི ་གྲིབ་མ་མི་འགོམ་སྟེ། ། མཆོད་རྟེན་བཤིག་དང་འདྲ་བར་གསུངས།། རྒྱུ་དང་མི་རྒྱུ་གསང་བ་ཡི།། དམ་པ་གང་ཡིན་སྤངས་པར་འགྱུར།། སློབ་དཔོན་སྨོད་པར་བྱེད་པ་དང་།། རྨི་ལམ་དུ་ཡང་མཐོང་མི་བྱ།། སློབ་དཔོན་སློང ་པ་གང་ཡིན་ཏེ། ། བགེགས་དང་ལོག་འདྲེན་རྣམས་ཀྱིས་གཟུང་།། ངན་པ་གཏུམ་པོ་ལས་བྱེད་པ།། མཁས་པས་རྟག་ཏུ་སྤང་བར་བྱ།། མནར་མེད་ཤིན་ཏུ་སྤྱི་གཡའ་བའི།། དམྱལ་བ་བསྟན་པ་གང་ཡིན་པ།། དེར་ནི་སློབ ་དཔོན་སློང་བྱེད་པ། གནས་པར་འགྱུར་ཞེས་རབ་ཏུ་གསུངས།། དེ་ཕྱིར་ཀུན་གྱིས་རབ་བསྒྲིམས་ཏེ།། བསམ་ཡས་འབྲས་བུ་སྨིན་བྱེད་པའི།། སངས་རྒྱས་འབྲས་བུ་སྨིན་བྱེད་པའི།། སངས་རྒྱས་འབྲས་བུ་འདོད་བྱེད་ཅིའི ་སེམས་ཅན་དད་པ་ལྡན་པས་མཆོད། ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས།། འདི་ནི་འཇུག་པ་རིམ་པར་ཕྱེ་བའི་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི ་ད་ཨེ་བཞིན་གཤེགས་པས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་སྒྱུ་འཕྲུལ་དྲ་བ་ཆེན་པོ་ཡེ་ཤེས་བསྒྱིངས་པ་གསང་བའི་བྱིན་རླབས་ཀྱི་མཆོག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་སོ། ། སྙོམས་པར་ཞུགས་ནས་ཀྱང་རྡོ་རྗེ་འཆང་ལ་བཀའ་སྩལ་པ།། ཕྱག་ན་རྡོ་རྗེ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱིརའི་ཡང ་པ་ཧཡི་མ་ཡེ་ཤེས་ཆེན་པོའི་སྙིང་པོ་འབར་བ་རྡོ་རྗེ་བསྙེན་བཀུར་བྱེད་པ་ཞེས་བྱ་བའི་དཀྱིལ་འཁོར་འདིར་དབང་བསྐུར་ན་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་བས་ཕྱག་ན་རྡོ་རྗེ་སེམས་ཅན་གང་ལ་ལས་ཆེན་གྱི ་མཐོང་བ་དེ་དག་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་པ་དང་། མཆོད་པར་བྱས་པར་འགྱུར་བ་ལ་ཡང་དག་པར་ཞུགས་པ་དེ་དག་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་ཉིད་ཀྱང་གྲངས ་སུ་འགྲོ་བར་འགྱུར་བ་དེ་ཉོན་ཅིག། དང་པོ་ཁོ་ནས་ཡོངས་སུ་གཟུང་བ་བྱས་སྟེ།། སློབ་དཔོན་གྱིས་ལྷ་ཉིད་ཀྱི་སྟང་སྟབསུ་འདུག་ལ། ལག་པ་གཡས་བསྒྲིམས་ཏེ་རྡོ་རྗེ་གསོར་ཞིང་།། ལག་པ་གཡོན་པས་དྲིལ་བུ་བསིལ ་ནས་རྡོ་རྗེ་འགྲོས་ཀྱིས་ཡོངས་སུ་བསྐོར་བར་བྱའོ། ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཁྲོ་བོའི་ང་རྒྱལ་གྱིས་ཧཱུ~ཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱིས་གཞི་བརྗིད་པག་གིས་བསྐོར་ནས་ཀྱང་ཁྲོ་བོའི་སྐུར་བསྒོམས་ནས ་སྡང་བའི་ལྷ་དང་། ལྷ་མ་ཡིན་དང་གསང་བ་པ་རྣམས་ལ་ཚིག་འདི་རབ་ཏུ་བརྗོད་པར་བྱའོ།། སློབ་དཔོན་མིང་འདི་ཞེས་བྱ་བས་སློབ་མ་ཆེ་གེ་མོ་ཞིག་རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད ་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། ། ས་ཕྱོགས་འདིར་དཀྱིལ་འཁོར་གྱི་རྒྱལ་པོ་མིང་འདི་ཞེས་བྱ་བ་བྲི་ཡིས།། ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་དང་སྲིན་པོ་དང་ཡིད་དགས་དང་། ཤ་ཟ་དང་། བརྗེད ་བྱེད་དང་འབྱུང་པོ་དང་། མཁའ་འགྲོ་མ་དང་གནོན་པོ་དང་། ནམ་མཁའ་ལྡིང་དང་མི་འམ་ཅི་དང་། རིག་སྔགས་གྲུབ་དང་། རྒན་པོ་འམ། རྒན་མོ་གཡོག་དང་འཁོར་དུ་བཅས་པ་གང་དག་འཁོད་པ་རྣམས ་དེངེངས་ཤིག། འདི་ལྟར་རྡོ་རྗེ་འཆང་གི་བཀའ་ཐོས་ནས་མྱུར་བ་ཉིད་ཏུ་དེངས་ཤིག། གང་དག་མི་འགྲེབ་དེ་དག་ནི་ཕྱག་རྡོ་རྡོ་རྗེ་ཧཱུཾ་ཞེས་བྱ་བ་རབ་ཏུ་ཁྲོས་པའི་བཞིན་འབར་བ་ཅན་གྱིས་ཡེ་ཤེས་ཀྱི་རྡོ་རྗེ་འབར་བཀུན་ཏུ་འབར་བས ་མགོ་ཚལ་བརྒྱར་འགས་པར་འགྱུར་རོ་ཞེས་ལན་གསུམ་བརྗོད་ནས། སྟང་སྟབས་ལ་གནས་བཞིན་དུ་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ།། གཡས་བརྐྱང་བ་དང་། གཡོན་བརྐྱང་བ་དང་། ས་ག ་འདུག་སྟངས་དང་ཟླུམ་པོའི་འདུག་སྟངས་དང་། འཐུན་པའི་རྐང་སྟབས་དང་རུས་སྦལ་གྱི་རྐང་སྟབས་དང་། རྡོ་རྗེ་བརྡེག་པ་དང་། རྡོ་རྗེ་འཇོ་ཚུལ་དང་རྐང་པ་ཡ་གཅིག་གི་སྟངས་དང་། སེང་གེའི་སྟབས་དང་སེང་གེ་གླལ་བ་དང ་བུང་བའི་ཕྲང་བའི་རྐང་སྟབས་དང་རྡོ་རྗེ་སྒེག་དང་། རྡོ་རྗེ་གསོར་བ་དང་རྡོ་རྗེའི། བས་དང་། རྡོ་རྗེ་དགུག་པ་དང་རྡོ་རྗེ་གར་དང་། རྡོ་རྗེ་འཇིགས་སུ་རུང་བ་དང་། རྡོ་རྗེ་རོ་ལངས་མ་དང་རྡོ་རྗེ་ཐོ་བ་དང་།། རྡོ་རྗེའི་བྱིན་བརླབས་དང་། ་རྡོ་རྗེའི་གདུ་བུ་དང་བུད་མེད་ཀྱི་སྒྱུ་འཕྲུལ་སྟང་སྟབས་དང་། རྡོ་རྗེའི་དྲ་བ་དང་། སྟོབས་པོ་ཆེའི་འདེགས་པ་དང་། རྡོ་རྗེ་མཆེ་བ་དང་། རྡོ་རྗེ་གང་མོ་དང་། རྡོ་རྗེ་སྒྲ་དང་། རལ་གྲིའི་ཐབས་དང་། རྡོ་རྗེའི་ཐབས་དང་། འགར ་པའི་ཐིབས་དང་། གཏུན་ཤིང་གི་ཐབས་དང་།། བ་དན་གྱི་ཐབས་དང་ཞགས་པའི་ཐབས་དང་། པད་མའི་ཚུལ་དང་བེ་ཅོན་གྱི་ཐབས་དང་། མི་འཇིགས་པའི་ཚུལ་དང་ལྕགས་ཀྱུའི་ཐབས་དང་། འབྲས་བུའི་ཚུལ་དང་མདུང་ཐུང་ག ་ཐབས་དང་། གཞུའི་ཐབས་དང་མདའ་གཟུང་བའི་ཐབས་དང་མདའ་འཕང་བའི་ཐབས་དང་། ཐག་མདུང་བསྐོར་བའི་ཐབས་དང་།། མཆོག་སྦྱིན་པའི་ཚུལ་དང་མདུང་གི་ཐབས་དང་། མཚོན་རྩེ་གཅིག་པའི་ཐབས་དང་ཕྱག ་འཚལ་བའི་ཚུལ་དང་། ། རྡོ་རྗེའི་འདུག་སྟངས་དང་། ཏིང་ངེ་འཛིན་གྱི་འདུག་སྟངས་དང་། རྡོ་རྗེ་དཀྱིལ་མོ་དཀྲུང་དང་། པད་མའི་འདུག་སྟངས་དང་། སེམས་དཔའི་དཀྱིལ་མོ་དཀྲུང་དང་དཔའ་བོའི་འདུག་སྟངས་དང་། ་བཟང་པོའི་འདུག་སྟངས་དང་ཅོག་བུའི་འདུག་སྟངས་དང་། རྩེ་བའི་འདུག་སྟངས་དང་། མདུན་དུ་དགུ་པ་དང་། ཕྱིར་དགྱེ་བ་དང་མཐའ་ཡས་དང་། རྣམ་པར་བརྒྱལ་བ་དང་སྤྲིན་སྒྲ་དང་། གསུས་པོ་ཆེ་དང་། ་རྒྱལ་བའི་ཕུར་བུས་གནས་པའི་བཅིང་བ་དང་། ཕུར་བུ་གདུང་བ་དང་། དྲ་བ་དང་རབས་མཚམས་གཅད་པ་དང་། ཕྱོགས་བཅིང་བདེ་ལྟ་བུས་ས་གཞི་རྡོ་རྗེའི་རང་བཞིན་འོད་འབར་བས་འཁྲིགས་པར་བསྒོམས་ཏེ། གཏན་ལ ་དབབ་པར་བྱའོ། ། རང་གི་མིང་ནས་སྨོས་ཏེ། ཧཱུཾ་ཞེས་བྱ་བའི་གསང་སྔགས་ཀྱི་སྒྲ་བརྗོད་ན་འཁོར་ལོ་ཐམས་ཅད་ཀྱི་བླ་ན་མེད་པར་འགྱུར་རོ།། དེ་ནས་སའི་ལྷ་མོ་སྟ་གོན་དུ་གནས་པར་བྱ་བ་ནི། སྐྱོབ་པ་སངས་རྒྱས་ཐམས ་ཅད་ཀྱི། ། སྤྱོད་པའི་ཚུལ་དང་ཁྱད་པར་དང་། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། དངོས་གྲུབ་ཐམས་ཅད་ཐོབ་བྱའི་ཕྱིར།། བདག་གི་དཀྱིལ་འཁོར་བྲི་བར་བྱ་ཞེས་ལན་གསུམ་བརྗོད་དོ།། དེ་ནས་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སགོན་དུ་གནས་པར་བྱ་སྟེ། ཐུགས་བརྩེར་གནས་པའི་དགོངས་པ་ཅན། སངས་རྒྱས་བདག་ལ་དགོངས་སུ་གསོལ།། སྲས་དང་ལྷན་ཅིག་གཤེགས་ནས་ཀྱང་། སག་ནི་ཡོངས ་སུ་གཟུང་བར་མཛོད། ། དེ་ནས་འཁོར་ལོའི་དབུས་སུ་ཆོས་ཀྱི་དཀྱིལ་འཁོར་བྱས་ལ། མཐའ་ཀུན་ཏུ་ཡང་མཚན་ནས་སྨོས་ཏེ་ཐིག་ལེར་བྱའོ།། དེ་ལྟར་སྤྱན་དྲངས་ཏེ་མཆོད་པས་མཉེས་པར་བྱས་ནས་ཕྱིར་བྱུང་སྟེ་ཕྱོགས་ཀྱི ་གཏོར་མ་སྦྱིན་ནོ། ། དེ་ནས་སེམས་ཅན་སྟ་གོན་དུ་གནས་པར་བྱ་སྟེ་སྤོས་ཆུས་སྤྱི་བོར་གསང་གཏོར་བྱས་ན། ལག་པ་སྙིང་ཁང་བཀྲམ་ནས་སུ།། རྩེ་མོ་ལྔ་བརྒྱ་གྲམ་བྱ། གཡས་པས་བསྲུང་བསྐུད་བཅིངས་ནས་སུ།། གཡས ་ལག་སོ་ཤིང་ཀུ་ཤ་སྦྱིན། དེ་ནས་འདུག་སྟེ་གསུམ་ལ་སྐྱབས་སུ་བཏང་བ་དང་། སྡིག་པ་ཀུན་ཏུ་བཤགས་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། བདག་ཉིད་དབུལ་བ་དང་བྱང་ཆུབ་སེམས་སུ་བསྐྱེད་པར་བྱའོ།། ་དེ་ལ་འདི་ནི་སྐྱབས་སུ་འགྲོ་བ་ཡིན་ཏེ།། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི།། སྡིག་པ་ཐམས་ཅད་བཤགས་པར་བགྱི།། འགྲོ་བའི་དགེ་ལ་ཡི་རང་སྟེ།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་ཞེས་ལན་གསུམ། ་བརྗོད་དོ།། དེ་ནས་ཅི་ནུས་ཀྱིས་ཅི་འདོད་པའི་ཆོས་བཤད་པར་བྱའོ།། དེ་ནས་སྔར་བཤད་པ་བཞིན་དུ་མཉེས་པར་འགྱུར་བའི་མཆོད་པའི་ཚིག་བཟང་ཟོ་བྱ།། སླར་ཡང་གཤེགས་སུ་གསོལ་བར་བྱའོ།། དེ་ནས་ནང་དུ་ཞུགས ་ལ་དཀྱིལ་འཁོར་གྱི་ས་གཞིར་གློ་གཡས་པས་ཉལ་ཏེ། རྨི་ལམ་བཟང་ངན་བལྟས་ནས་ཕྱི་དེ་ཉིན་དཀྱིལ་འཁོར་བྲི་བར་བྱའོ་ཚེན་དང་ཐིག་ལས་སངས་རྒྱས་ལྔའི། ངོ་བོ་དག་ཀྱང་སྤྲུལ་པར་བྱ།། འདི་ནི་ཆོས་དབྱིངས་དག་པ ་སྟེ། ། སེམས་ཅན་རྣམས་ནི་རྣམ་གྲོལ་མཛད།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། རྣམ་པར་སྣང་མཛད་རྒྱལ་བདག་སྟེ། ཉེས་པ་ཐམས་ཅད་རྣམ་སྤངས་པའི།། ཚོན་རྩི་བགྱི་བ་བརྩམ་པར་བྱ།། དང་པོར ་སློབ་དཔོན་ཉིད་ཀྱིས་བཀྱེ། ། དེ་ནས་ཀུན་ཏུ་སློབ་མས་བྱ།། དང་པོས་གཞི་ཡོངས་གཟུང་བ།། གཉིས་པ་སྟ་གོན་གནས་པ་སྟེ།། ནུབ་གསུམ་པ་ནི་འཇུག་པ་ཡིན།། ཚོན་སྣ་ལྔ་པའི་སྲད་བུ་ཡིས།། ཁྲུ་སྟོང་པ ་འམ་ལྔ་བརྒྱ་པར། ། ། དཀྱིལ་འཁོར་དམ་པ་ཐིག་གདབ་པོ།། ཡང་ན་ཁྲུ་ལྔ་ཁྲུ་དོ་པའམ། ཁྲུ་གང་བའི་བར་དུ་བྱའོ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་ཐབས་བཞིས་ནི་བརྒྱན་པ་ཡི།། དབུས་སུ་འཁོར་ལོ་ལེགས་པར ་བྲི། ། དཀྱིལ་དུ་རྣམ་པར་དང་མཛད་གཞག། ཤར་ཕྱོགས་སུ་ནི་མི་འཁྲུགས་པ།། ལྷོ་ཕྱོགས་སུ་ནི་རིནི་ཆེན་འདྲུང་།། ནུབ་ཕྱོགས་སུནིན་འདོ་དཔག་མེད།། བྱང་དཕྱོགས་སུནི་དོན་གྲུབ་རྣམས།། འཁོར་ལོ་གྲང་ནི ་མོ་བཞི། ། དངོས་གྲུབ་སྦྱིན་པར་མཛད་པར་བྲི།། དབང་བདག་གི་ཕྱོགས་སུ་ནི་སྦྱིན་ནོ།། མའི་ཕྱོགས་སུ་ནི་མཱ་མ་ཀཱིའོ།། བདེན་བྲལ་ཕྱོགས་སུ་ནི་གོ་དཀར་ཅན་ནོ།། རླུང་གི་ཕྱོགས་སུ་ནི་ལྷ་མོ་སྒྲོལ་མའོ།། རྡོ་རྗེ ་ཤུགས་ཀྱིས་ཕྱིར་བྱུང་ནས་རིམ་པ་གཉིས་པ་ལ་ཤར་ཕྱོགས་སུ་ནི་རྡོ་རྗེ་སེམས་མ། ལྷོར་རྡོ་རྗེ་རིན་ཆེན་མ། ནུབ་ཏུ་རྡོ་རྗེ་ཆོས་མ། བྱང་དུ་རྡོ་རྗེ་ལས་མ་རྣམས་བྲིའོ།། གྲཝ་རྣམས་སུ་སྐུལ་བྱེད་མ་དང་། རིན ་ཆེན་སྒྲོལ་མ་དང་། ཁྲོ་གཉེར་ཅན་དང་། རྡོ་རྗེ་ལུ་གུ་རྒྱུད་རྣམས་སོ།། དེ་ནས་ཡང་འགྱིང་བག་དུ་ལངས་ཏེ། རྡོ་རྗེ་ཤུགས་ཀྱིས་ཕྱིར་བྱུང་ནས་རིམ་པ་གསུམ་པ་ལ། ཤར་ཕྱོགས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་དང་། ་འཇམ་དཔལ་དང་སྤོས་ཀྱི་གླང་པོ་དང་། ཡེ་ཤེས་ཏོག་རྣམས་བྲིའོ།། ལྷོ་ཕྱོགས་སུ་བཟང་སྐྱོང་དང་། བློ་གྲོས་རྒྱ་མཚོ་དང་བློ་གྲོས་མི་ཟད་པ་དང་། སྤོབས་པ་བརྩེགས་པ་རྣམས་བྲིའོ།། ནུབ་ཕྱོགས་སུ་ནི་མཐུ་ཆེན་ཐོབ ་དང་། ། ངན་སོང་ཐམས་ཅད་སྤོང་བ་དང་། མྱ་ངན་གྱི་མུན་པ་ཐམ་དངས་པར་འཇོམས་པའི་བློ་གྲོས་དང་། དྲ་བ་ཅན་གྱི་འོད་རྣམས་བྲིའོ།། བྱང་ཕྱོགས་སུ་ཟླ་འོད་དང་།། འོད་དཔག་མེད་དང་། ནམ་མཁའ་མཛོད་དང་། སྦྲི ་པ་ཐམས་ཅད་རྣམ་པར་སེལ་བ་རྣམས་བྲིའོ། ། ཤར་སྒོན་གཤིན་རྗེ་མཐར་བྱེད་དོ།། ལྷོར་སྒོར་ནི་ཤེས་རབ་མཐར་བྱེད་དོ།། ནུབ་སྒོར་ནི་པད་མ་མཐར་བྱེད་དོ།། བྱང་སྒོར་ནི་བགེགས་ཀྱི་གཤེད་མཐར་བྱེད་དོ།། གྲཝ་རྣམས་སུ་ནི་མི ་གཡོ་བ་དང་། ། འདོད་པའི་རྒྱལ་པོ་དང་། བེ་ཅོན་སྔོན་པོ་དང་། སྟོབས་པོ་ཆེའོ།། ཟུར་རྣམས་སུ་ནི་རྡོ་རྗེ་བྲིའོ།། སྒོའི་ནད་ལོགས་སུ་ཡང་རྡོ་རྗེ་བྲིའོ།། འཁོར་ལོ་ནི་ཚོན་ཅི་དཀར་པོས་བྲིའོ།། གཉིས་པ་ནི་ཚོན་རྩི་དཀར་པོ་དང་། ་སེར་པོ་དང་སྔོན་པོ་གསུམ་གྱིས་བྲིའོ།། གསུམ་པ་ནི་སྣ་ལྔས་བྲི་བར་བྱ་སྟེ།། དེ་ལྟ་བུ་ནི་དཀྱིལ་འཁོར་ཆེན་པོ་ཡིན་ནོ།། དེ་ནས་དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་གྲུ་བཞི་པ།། སྒོ་བཞི་དང་ལྡན་པ་རིམ་པ་གཉིས་པར་བྱའོ།། ་དབུས་སུ་ནི་པད་མ་འ་དབ་བརྒྱད་པ་སྙིང་པོ་དང་བཅས་པ་བྲིའོ།། སྣམ་བུ་གཉིས་པ་ལ་ཤར་ཕྱོགས་སུ་ནི་རྡོ་རྗེའོ།། ལྷོ་ཕྱོགས་སུ་ནི་རིན་པོ་ཆེ། ནུབ་ཕྱོགས་སུ་ནི་པདམ། བྱང་ཕྱོགས་སུ་ནི་རལ་གྲི་ཏེ། དེ་ལྟ་བུར་དཀྱིལ་འཁོར ་བྲི་བར་བྱའོ། ། དེ་ནཔ་སློབ་དཔོན་གྱིས་ལུས་ལེགས་པར་བཀྲུས་ཏེ། སྤོས་ཀྱིས་བསྐུས་ནས་ལེགས་པར་བརྐུས་པའི་མེ་ཏོག་གི་ཕྲེང་བ་མགོལ་བཅིངས་ནས་མགུལ་བ་དང་བྱིས་བཅིངས་པ་ལ།། ལྡུམ་བུ་ཡིས་ནི་ཁ་བཀབ་པ། ་རིན་ཆེན་སྨན་འབྱུང་སཱ་ལྔ་དང་། སྤོས་ཆུ་ཡིས་ནི་བཀང་བ་དང་། བུམ་པ་མངོན་པར་བསྔགས་པར་བྱ། རྣམ་རྒྱལ་བུམ་པ་དཀྱིལ་འཁོར་གྱི། བདག་པོ་ལྷ་མོ་རྣམས་ཀྱི་བཞི། ལྷ་རྣམས་ཅ་ལྲི་ཞོ་ཕྱོགས་ས་ས་ཤེས ་བཟླས་བརྗོད་དེ། ། སེམས་ཅན་ཀུན་གྱི་གསང་གཏོར་བྱ།། ཡང་ན་ཀུ་ཤའི་ཆུཚུན་པོས་བྱ།། དེ་ནས་བུམ་པ་མངོན་པར་བསྔགས་ཏེ་ལྷ་བཤོས་དང་གཏོར་མ་ཕུལ་ནས་མེ་ཏོག་དང་བདུག་པ་དང་། དྲི་དང་ཕྲེང་བ་དང་། མཆོད་ཡོན་དང ་ཞབས་བཀྲུ་བ་ལ་སོགས་པ་འབུལ་ལོ། ། དེ་རྣམས་ཕུལ་ནས་བུམ་པ་རྣམས་གྲཝར་གཞག་པར་བྱའོ།། རྣམ་པར་རྒྱལ་བའི་བུས་པ་ནི་དབུས་སུ་སྤྱན་དྲང་བར་བྱའོ།། དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ ་རྣམས་སྤྱན་དྲངས་ནས་གསལ་བར་བྱ་སྟེ། ། བཞུག་པ་དང་བསྡམ་པ་དང་། དབང་དུ་བྱ་སྟེ། ཕུར་བུ་དང་རབ་དང་། དྲབས་ཕྱོགས་བཅིང་བ་དང་། མཚམས་གཅད་པ་བྱས་ལ། མཆོད་ཡོན་དང་ནལ་བསིལ་དང་། གདན་དང་མེ་ཏོག་དང་། ་བདུག་པ་ལ་སོགས་པ་ཡང་བསྔོས་ཏེ་བུལ་ནས་ཕྱག་རྒྱའི་ཚོགས་རང་རང་ལ་བསྟན་པར་བྱའོ།། བསྟོད་པ་དང་རྡོ་རྗེའི་གླུ་དང་། དྲིལ་བུ་བསིལ་བའི་སྒྲ་དང་། སིལ་སྙན་དང་། གླིང་བུ་དང་། རྒྱུད་ཀྱི་སྒྲའི་ཁྱད་པར་ཡང་དབུལ་ལོ།། ་རོལ་མེའི་ཁྱད་པར་གཞན་རྣམས་ཀྱིས་ཀྱང་བསྟོད་པར་བྱའོ།། བསྟོད་ནས་བཟོད་པར་གསོལ་ཏེ། དངོས་གྲུབ་ཐམས་ཅད་ཀྱི་ཕྱིར་གསོལ་བག་དབ་པོ།། དེ་ནས་སློབ་དཔོན་བདག་ཉིད་ཞུགས་ཏེ། དེའི་འོག་ཏུ་སློབ་མ་གཞུག་གོ།། དེ ་ནམ་སེམས་ཅན་ཐམས་ཅད་སྙིང་པོ་འདི་དངདཕྱག་རྒྱས་གནས་ལྔང་བསྲུང་ཞི་གནས་ལྔ་ཆོས་བྱའོ། ། མཛན་ཛ།། ཨོཾ་མ་རོལག། ཛཱ་བཛྲ་དྷྲྀག། སཱ་དན་དྷིཿ། ཏ་པྲདྲཱ་དྷྲྀག། དེ་ནས་ཚིགས་སུ་བཅད་པ་འདས་གཟུག་པར་བྱས། ་རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཕོ་བྲང་དཀྱིལ་འཁོར་སྙིང་པོ་འདིར།། བདག་གིས་སློབ་མ་གཞུག་པར་བྱ།། རྡོ་རྗེ་སེམས་མས་མེ་ཏོག་གཏོར་བར་བགྱི་སྟེ། པྲ་ཏི ་བཛྲ་ཧོ། ། ཚིགས་སུ་བཅད་པ་འདིས་གདོང་གཡོགས་དགྲོལ་ལོ།། དི་རིང་དད་པའི་ཤུགས་ཀྱིས་ནི། དཀྱིལ་འཁོར་དེང་འདིར་བལྟ་བར་གྱིས།། སངས་རྒྱས་གདུང་གི་རིགས་སུ་འཁྲུངས།། སྔགས་དང་ཕྱག་རྒྱས་བྱིན་གྱིས ་བརླབས། ། དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས།། དམ་ཚིག་མཆོག་ཏུ་གྲུབ་པར་བྱེད།། རྡོ་རྗེ་པད་མ་རོལ་བའི་མཆོག། སྔགས་ཀྱི་བདག་ཉིད་ཤེས་པར་བྱ།། དེ་ཡི་སྙིང་པོ་འདི་ཡིན་ཏེ། པ་ཤྱ་བཛྲ། གང་ལ་མེ་ཏོག ་བབ་པ་དེ་དེའི་ལྷ་ཡིན་ནོ། ། དེ་ནས་དབང་བསྐུར་སྦྱིན་བྱ་སྟེ།། དྲི་དང་མེ་ཏོག་ཕྲེང་བས་བརྒྱན།། གོས་དང་རྒྱན་གྱིས་ལེགས་པར་བརྒྱན།། སྟེང་དུ་བླ་རེ་བྲེ་བར་བྱ།། གདུགས་དང་རྒྱལ་མཚན་དང་བ་དན་དང་།། ལྷ་དང་ཚངས ་པའི་སྐུད་པ་དང་། ། གདུ་བྲ་དག་དང་སྐ་རགས་དང་། བཀྲ་ཤིས་ཡོ་བྱད་རྣམས་ཀྱིས་ཀླུབས།། སློབ་མ་སྡིག་དང་བྲལ་བ་ལ།། སླེབ་དཔོན་གྱིས་ནི་དབང་བསྐུང་ངོ་།། དང་པོར་རྣམ་རྒྱལ་བུམ་པ་ཡིས།། དེ་ནས་ལྷ་མོ་བཞི་རྣམས ་དང་། ། ལྷ་རྣམས་ཀུན་གྱི་བཞི་པོ་ཡིས།། བཀྲ་ཤིས་ཚིགས་བཅད་གླུ་སྒྲ་དང་།། རྡོ་རྗེ་དྲིལ་བུ་བསིལ་བ་ཡིས།། སྐྱོབ་པ་ཀུན་གྱིས་མངོན་སུམ་དུ།། ཏིལ་གྱི་གང་བུ་བཞིན་གང་བའི།། རྒྱལ་བ་བུམ་པ་བཟུང་ནས་ནི།། དེ་ཉིད་ལ ་ནི་དབང་བསྐུར་བྱ། ། དཀྱིལ་འཁོར་དེ་ཉིད་རིག་པར་བསམ།། དེ་ལྟ་བུར་ནི་བསམས་ནས་ཀྱང་།། ཆོས་ཀྱི་མཚན་ཉིད་བསྟན་པར་བྱ།། ཐུར་མ་མེ་ལོང་འཁོར་ལོ་དང་།། དུང་དང་རྡོ་རྗེ་གླེགས་བམ་དང་།། གསེང་དག་དང་ནིང་དངུལ ་རྣམས་ཀྱིས། ། མི་ཤེས་རིབས་ལ་སོགས་པ།། ཅི་ནུས་པར་ནི་གསལ་བར་བྱ།། ཐུར་མ་ལ་སོགས་མེད་ན་ཡང་།། ཕྱག་རྒྱའི་གཟུགས་རྣམས་བསྟན་པར་བྱ།། དེ་ནས་དམ་ཚིག་བསྟན་པར་བྱ།། དི་རིང་ཕྱིན་ཆད་བུ་ཁྱོད ་ཀྱིས། ། སྲོག་དང་ལུས་ལབ་བགྱུར་ཀྱང་།། དམ་པའི་ཆོས་དང་བྱང་ཆུབ་སེམས། སློབ་དཔོན་ལ་ནི་བརྙས་མི་བྱ།། རྡོ་རྗེ་སྤུན་རྣམས་བཀུར་སྟི་ནིང་།། རྫང་ལ་བྱམས་ཤིང་ཆགས་བྲལ་བ།། ནམས་ཀྱང་བྱ་བ་མ་ཡིན་ནོ།། དེ་ལྟར ་བྱས་ན་སངས་རྒྱས་ཀྱིས། ། ཁྱོད་ནི་དམྱལ་བའི་ནང་དུ་འདོར།། དེ་ནས་བླ་མས་ཡོན་བླངས་ཏེ།། ས་དང་ཡིད་འོང་ཆུང་མ་དང་།། རིན་ཆེན་གསེར་དང་ནོར་བུ་འབར།། མུ་ཏིག་བྱི་རུ་ལ་སོགས་དང་།། ལུས་ཀྱང་དབུལ་དུ་གཞུག་པར་བྱ། ་བླ་མ་ལ་ནི་གུས་པ་ཡི།། སློབ་མས་དེ་བཞིན་ཁོ་ནར་བྱ།། བླ་མ་དེ་ནི་མགུ་བར་བྱ།། བླ་མ་མགུ་བ་དངོས་གྲུབ་ཀྱི།། གཞན་དུ་མིན་ཞེས་ཐུབ་པ་གསུང་།། དེ་ནས་སློབ་མ་བསླང་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་མཆོད་པ་བྱ ་སྟེ། ། སྦྱིན་བསྲེག་གི་ལས་བྱའོ།། དེ་ནས་ཆོ་ག་མཐོང་བས་ལས་བྱས་ནས།། སྦྱིན་བསྲེག་བཟླས་བརྗོད་མཆོད་པ་དང་།། དེ་བཞིན་བསྒོམ་པའི་རིམ་པའི་ཚུལ།། ཞི་དང་རྒྱས་པའི་རིམ་པ་ཡིས།། ལས་རྣམས་ཐམས་ཅད་ཚིམ ་པར་བྱ། ། དེ་ནས་དུས་གསུམ་གཤེགས་པ་ཡི།། རྒྱལ་བ་ཐམས་ཅད་གཤེགས་སུ་གསོལ།། བསྒྲིམས་ཏེ་ཚོན་རྩི་རྣམྲ་བསྡུས་ནས།། ཆུ་ཀླུང་ཆེན་པོར་བསྐུར་ནས་ཀྱང་།། བ་ཡི་ལྕིབས་བྱུག་པར་བྱ།། དཀྱིལ་འཁོར ་གྱི་ནི་ཡོ་བྱད་ཀུན། ། སློབ་དཔོན་ཉིད་ཀྱིས་བཀུར་བར་བྱ།། སློབ་མས་ཅུང་ཟད་མི་སྤྱད་ཏོ།། དེ་ནི་དམ་ཚིག་ཉམས་པར་འགྱུར།། སློབ་དཔོན་གྱིས་ཀྱང་ཅི་རིགས་པར།། བདག་ཉིད་འདོད་པ་སྤྱད་པར་བྱ།། རྒྱུད་ཀྱི་རྒྱལ་པོ་ཆེན ་བོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་དཀྱིལ་འཁོར་རིམ་པར་ཕྱེ་བའི་ལེའུ་སྟེ་གཉིས་པའོ། ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་དེ་བཞིན་གཤེགས་པས་ཡང་གསང་སྔགས་ཀྱི་འཁོར་ལོ་ལ ་འཇུག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། སྙོམས་པར་ཞུགས་ནས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་གསང་སྔགས་ཀྱི་སྙིང་པོའི་ཡི་གེ་རྣམས་ཉོན་ཅིག། ཕྱག་ན་རྡོ་རྗེས་གསོལ་པ། སེམས ་ཅན་ཐམས་ཅད་ལ་སྨན་པའི་སྐད་དུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། ། བདེ་བར་གཤེགས་པ་བཤད་དུ་གསོལ།། ཨོཾ་ལས་རྣམ་པར་སྔང་མཛད་དོ།། ཨོཾ་ཧྲཱི་མི་འཁྲུགས་པའོ།། མོ་ཏཱ་རིན་ཆེན་འཐུང ་གནས་སོ། ། ཨོཾ་ཧྲཱི་འོད་དཔག་མེད་དོ།། ཨོཾ་ཁཾ་དོན་ཡོད་གྲུབ་པའིའོ།། ཨོཾ་ག་ག་ན་ལོ་ཙ་ནེ་ཧཱུཾ་སྤྱན་གྱིའོ།། ཨོཾ་ཀི་རི་ཀི་རི། མཱ་མ་ཀཱི་ཧཱུཾ། མཱ་མཀཱིའོ།། ཨོཾ་ཀ་ཊེ་བེ་ཀ་ཊེ་ཀ་ཊཾ་ཀ་ཊེ་ཀ་རོ་ཊ་བིརྱ་སྭཱ་ཧཱ། གོས་དཀར་མོ།། ཨོཾ་ཏཱ་རེ་ཏུད ་ཏྲཻརཱ་དྷ་རེ་སྭཱ་ཧཱ། ། སྒྲོལ་མའོ།། ཨོཾས་ཏྲ་བཛྲན། རྡོ་རྗེ་སེམས་དཔའི་འོ།། ཨ་ཏན་བཛྲ་ཧཱུ~ཾ། རྡོ་རྗེ་རིན་ཆེན་མའོ།། མཻ་དྷམ་བཛྲ་ནྡེ། རྡོ་རྗེ་ཆོས་མའོ།། ཨོཾ་ཀརྨ་བཛྲ་ཉཱ། རྡོ་རྗེ་ལས་མའོ།། མ་ཙ་ལ་ཅུ་ལ་ཙུན་དེ་སཱ་ཧཱ། ་བྱེད་པའིའོ།། ཨོཾ་རཏན་ལོ་ཀ་དན་ཛཱ་ལི་ནཱི་སྭཱ་ཧཱ། རིན་ཆེན་སྒྲོལ་མའོ།། ཨོཾ་བྷིཀྲྀ་ཊ~ཾ་དྷཱི། ཁྲོ་གཉེར་མའོ།། མྀ་ག་ཁཱ་མ་ཡ~ཾ་ཧཱུ~ཾ་ཕཊ་སྭཱ་ཧཱ།། རྡོ་རྗེ་ལུགུ་རྦྷ་དཀྱོག། མ་མི། བྱམས་པའིའོ།། མོས། འདས་དཔ ་རྒྱཔ་དེའི་ག། མི་ན། སེཾ་ལ་ཀྱང་། ས་ན ་ལ་ཚོའོ། ། ཨོཾ་ཨཉྫ་ཡེ་ཧཱུཾ་ནཱཾ་ཨཀྵ་ཡག་ས་གམས་པརཎབ་རི་ན་དྷིན་སྭཱ་ཧཱ།། བློ་གྲོས་མི་ཟད་པའོ།། མ་པྲ་ཏི་བི་ནེ་པྲ་ཏི་བ་ན་ཀཱནྡེ་ཧཱུཾ། སྤོབས་པ་བརྩེགས་པའོ།། ཨོཾ་སྶ་མདྷམྦྷ་སབྷ་ཏི་སྭཱ་ཧཱ།། མཐུ་ཆེན་ཐོ ་ཨོཾ་སརྦ་ཨ་པ་ཡེ་ཛ་ཏེ་སརྦ་བཱ་པྲ་ཤོ་དྷ་ཧཱུ~ཾ། ། ངན་སོང་ཐམས་ཅད་སྤོང་བའོ།། ཨོཾ་སརྦ་ཤོ་ཀ་ཏ་མོ་ར་ན་ཏ་མ་ཏི་ཧཱུཾ། མྱ་ངན་ཐམས་ཅད་ཀྱི་མུན་པ་ངེས་པར་འདོམས་པའི་བློ་གྲོས་སོ།། ཨོཾ་ཛྭ་ལི་ནི་མ་ཧཱ་ཛྭ་ལི་ཧཱུ~ཾ། དྲ་བ་ཅན ་གྱི་འོད་དོ། ། ཨོཾ་སུ་ཏན་ཤཱི་ཡེ་ཧཱུཾ།། ནོར་བཟངས་སོ།། ཨོཾ་ཙན་དྲེ་ཅན་དྲེ་ཙན་དྲ་པྲཱ་བ་ལོ་ཀི་ཏ་སྭཱ་ཧཱ། ཟླ་འོདོད།། ཨོཾ་ཨ་མི་ཏེ་པྲ་བྷེ་ཨ་མི་ཏེ་ཧཱུཾ། འོད་དཔག་མེད་དོ།། ཨོཾ་ག་ག་ནེ་ག་གན་བར་ལོ་ཙན་ཧཱུ~ཾ། ནམ་མཁའ ་མཛོད་དོ། ། ཨོཾ་སརྦ་ནི་བ་ར་ཎ་བི་ཤྲཱི་བྷི་ནི་ཧཱུཾ། སྒྲིབ་པ་རྣམ་པར་སེལ་བའོ།། ཨོཾ་ཡ་མཱན་ཏ་ཀྲིད། གཤིན་རྗེ་གཤེད་དོ།། ཨོཾ་པྲཛྙཱ་ན་ཏ་ཀྲིད། གཞན་གྱིས་མི་ཐུབ་པའོ།། ཨོཾ་པད་མཱན་ཏ་ཀྲིད། རྟ་མགྲིན་ནོ།། ཨོཾ་ཨ་མཱི་ཏ ་ཀུཎ་ཌ་ལི་བགྷྣཱན་ཏ་ཀྲིད། བདུད་རྩི་ཐབ་སྦྱོར་རོ།། ཨོཾ་ཨ་ཙ་ལ་ཧཱུཾ་ཧཾ། མི་གཡོ་བའོ།། ཨོཾ་ཊཀྐི་ཧཱུཾ། འདོད་པའི་རྒྱལ་པོའོ།། ཨོཾ་ནཱི་ལ་ད་ཎ་ཌ་མ་ཧཱ་དཎ་ཌ་ཧཱུཾ། བེ་ཅོན་སྔོན་པོའོ།། ཨོཾ་ཀྲོ་དྷ་ཧཱུཾ་ཛ། སྟོབས་པོ་ཆེའོ།། ་དཀྱིལ་འཁོར་དུ་དགོད་པའི་གསང་སྔགས་ཀྱི་ཡི་གེ། འདི་དག་གོ།། འདི་དག་ལ་རྟེན་ནས་ཏིང་ངེ་འཛིན་གྱི་ཁྱད་པར་ལས་ངེས་པར་འབྱུང་བའི་གསང་སྔགས་བྱེ་བ་ཕྲག་དུ་མ་གསུངས་སོ།། དེ་བཞིན་གཤེགས ་པ་ལ་སོགས་པ་ཐམས་ཅད་ནི་ལྕགས་ཀྱུས་སྤྱན་དྲང་བ། ། བྱང་ཆུབ་སེམས་དཔའ་རྣམས་ནི་རྡོ་རྗེའི་ཕྱག་རྒྱས་སོ།། རིག་པའི་ལྷ་མོ་རྣམས་ཀྱི་ནི་རིགས་ཀྱི་ཡུམ་རྣམས་ཀྱིས་སོ།། ཁྲོ་བོ་རྣམས་ཀྱི་ནི་ཞལ་གྱི་ཕྱག་རྒྱས ་སོ། ། བྲན་རྣམས་ནི་ཞགས་པའི་ཕྱག་རྒྱས་སོ།། ཕོ་ཉ་རྣམས་ནི་ལྕགས་ཀྱུའི་ཕྱག་རྒྱས་སོ།། དེ་དག་ལ་སོགས་པ་ནི་སྤྱན་དྲང་བའི་སྦྱོར་བའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་གསང་སྔགས ་རིམ་པར་ཕྱེ་བའི་ལེའུ་སྟེ་གསུམ་པའོ། ། །། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་རྡོ་རྗེའི་དེ་བཞིན་གཤེགས་པ་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་རྣམ་པར་འཕྲུལ་པའི་རྡོ་རྗེ་ཞེས་བྱ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཕྱག་ན་རྡོ་རྗེ་རས་སམ་རྩིག་པ་ལ་སོགས་པ་ལ་གཟུགས་བརྙན་བསྒྲུབ་པ་ལ་དམིགས་པ་གང་གིས་གསང་སྔགས་འཆང་རྣམས་ཀྱིས་ཡེ ་ཤེས་རྫོགས་པར་འགྱུར་ཞིང་། ཡེ་ཤེས་རྫོགས་པས་སངས་རྒྱས་ཉིད་བདེ་བླག་ཏུ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས་པའི་གསང་སྔགས་ཀྱི་ཚོགས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གསང་ཆེན་བླ་ན་མེད་པ ་བཤད་པར་བྱ་ཡིས་ཉོན་ཅིག། ཨོཾ་གྱི་ཡེ་ཤེས་ཀྱིས་བཀླུབས་པ།། རྒྱལ་ཆེན་རྣམ་པར་སྣང་མཛད་ནི།། ཤེས་རབ་ཡེ་ཤེས་རབ་རྒྱས་པ། སངས་རྒྱས་ཀུན་གྱི་མཆོག་གིས་མཆོད།། ཞི་བཟོར་ཚུགས ་ཅོད་པན་འཆང་། ། ཞལ་གསུམ་གྱིས་ནི་རྣམ་པར་བརྒྱན།། གསེར་གྱི་མདོག་ཅན་ཕྱག་དྲུག་པ། དང་པོ་བསམ་གཏན་ཕྱག་རྒྱ་ཅན།། བགྲང་ཕྲེང་ལྡན་ཞིང་མདའ་ཡིས་བརྒྱན།། གཡོན་གྱི་ལྷ་མོའི་ནུམ་འཛིན།། འཁོར་ལོ་དང་ནི་གཞུ ་ཐོགས་ཤིང་། ། ལྷ་རྣམས་བྲེད་ཅིང་ཁམས་རྣམས་འཛག། འབར་བའི་འོད་དཀྱིལ་བརྒྱན་པ་ལ།། སངས་རྒྱས་ཀུན་གྱི་སྤྲིན་འཕྲོ་བ།། རབ་ཏུ་འབྱུང་ཞིང་ལེགས་ཁྱུད་པ།། དེ་ཉིད་སྤྱོད་ཡུལ་ཅན་བསྒོམས་ཏེ།། གསང་སྔགས ་ནང་གིས་བཟླས་བརྗོད་བྱ། ། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོབས་རྫོགས་པར་བྱེད་པའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་ཞེས་བྱ་བའི་ཚིག་གི་ལམ།། འཇིག་རྟེན་དབང་ཕྱུག་འོད་ཆེན་བསས།། ཐོར་ཚུགས་ཅོད་པན ་འཆང་བའི་ལྷ། ། དབུ་རྒྱན་ཐམས་ཅད་མཁྱེན་པས་བརྒྱན།། རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ།། གཙོ་བོ་ཟླ་བའི་གཟུགས་དང་འདྲ།། ཞལ་གསུམ་སྤྱན་གསུམ་འབར་བ་ལ།། ཕྱག་དྲུག་འདུག་སྟངས་བཞི་པ་ཅན།། ཕྱག ་གཉིས་པད་མའི་འཇོད་ཚུལ་ཅན། ། གཡས་ན་བགྲང་ཕྲེང་རྡོ་རྗེ་འཆང་། གཡོན་པས་ནུ་མ་འཛིན་པ་ལ།། རི་འབབ་སྤྱི་བླུགས་གསུམ་པ་ན།། གཟུགས་རྣམས་ཐམས་ཅད་འཕྲོ་མཛད་ཅིང་།། ཀུན་ནས་འོད་ཟེར་ཕྲེང་བ་ཅན།། ལ་ག་ནས ་མཚོན་ཤོར་འཇིགས་འཁྲུགས་པའི། ། བགེགས་འགྱེལ་བ་ལ་ལྟ་བྱེད་པའི།། དེ་འདྲའི་ཚིག་གིས་ལམ་བསྒོམས་ན།། རིང་པོ་མི་ཐོགས་སངས་རྒྱས་ཐོབ།། རྣམ་པ་ཐམས་ཅད་ཀྱི་མཆོག་ཡངས་པ་ཐམས་ཅད་ཀྱི་འབྱུང ་གནས་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། ། ཟླ་བ་གཟུགས་ལ་ཧཱུཾ་ཞེས་པ།། སེམས་ཀྱི་རྡོ་རྗེ་བསྒོམ་པར་བྱ།། མཐིང་ཤིང་བཟང་པོ་ལྟ་བུའི་མདོག། རྒྱན་རྣམས་ཀུན་གྱིས་རབ་ཀླུབས་པ།། ཅོད་པན་ལིན་མི་འཁྲུགས ་བཞུགས། ། རིན་ཆེན་རྣམས་ཀྱིས་ཡོངས་སུ་བརྒྱན།། ཞལ་རས་གསུམ་ལྡན་སྤྱན་གསུམ་པ།། ཅུང་ཟད་བཞད་ཅིང་འོང་སྐྲག་ཅན།། ཕྱག་བརྒྱད་ཀྱིས་ནི་བརྒྱན་པ་ལ།། རྡོ་རྗེ་དང་པོར་གསོ་བ་དང་།། གཉིས་པ་ན་ནི་རལ་གྲི ་གདངས། ། ལྕགས་ཀྱུ་བཟང་པོ་གསུམ་པ་ན།། བཞི་པ་ཡིས་ནི་མདའ་ཡང་གས་།། དེ་བཞིན་གཡོན་ན་དྲིལ་བུ་བསྡམས།། དེ་བཞིན་གཉིས་པས་ནུམ་མཐུང་།། གསུམ་པ་ན་ནི་ཞགས་པ་སྟེ།། བཞི་པ་ལྔ་རྫས་གཞུ་ཡང་འཛིན ་རོལ་པའི་སྟབས་སུ་ལེགས་པར་བཞུགས། ། དེ་བཞིན་སངས་རྒྱས་སྤྲིན་གྱིས་འབར།། འདི་འདྲ་གང་ཞིག་རྟག་བསྒོམ་པ།། དེ་ཡི་རྡོ་རྗེ་སེམས་བསྟན་ཞིང་།། རིང་པོར་མི་ཐོགས་བྱང་ཆུབ་ཐོབ།། རྒ་ཤི་རྣམས་ཀྱི་ཕ་རོལ་འགྲོ།། ་སེམས་ཅན་གྱི་སྟོབས་མཐའ་ཡས་པ་རྫོགས་པར་བྱེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་རྡོ་རྗེ་ཤུགས་ཤེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཏཱཾ་གི་ཡེ་ཤེས་ལས་བསྒྲུབས་པ།། རིན་ཆེན་འབྱུང་བའི་བདག་ཉིད་དེ། ཞལ་རས་གསུམ ་ལྡན་སྤྱན་གསུམ་པ། ། ཐོར་ཚུགས་ཅོད་པན་རྣམས་ཀྱིས་བརྒྱན།། བདེ་བ་ཆེན་པོ་ཁ་དོག་དམར།། ཏིང་འཛིན་ཕྱག་རྒྱ་རྣམ་པར་བཞུགས།། སེམས་དཔའི་དཀྱིལ་དཀྲུངས་བཅས་པ་སྟེ།། ཕྱག་གཡས་ན་ནི་རྡོ་རྗེ་དང་།། ་གཡོན་པ་རིན་ཆེན་ཡོངས་སུ་འཛིན།། འོད་ཟེར་སེར་པོ་འཕྲོ་བ་ལས།། རིན་ཆེན་འབྱུང་བའི་སྤྲིན་ཆེན་ནམ།། བྱང་གྲུབ་སེམས་དཔའ་གཞན་རྣམས་ཀྱིས།། རིན་ཆེན་ཆར་གྱིས་རྒྱས་པར་བྱས།། རིན་ཆེན་མངོན་པར་ཐོབ་པ ་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ཁཾ་གི་ཡེ་ཤེས་ལས་བསྒྲུབས་པ།། དོན་ཡོད་རྡོ་རྗེ་བསམ་པར་བྱ།། ཏིང་འཛིན་ཕྱག་རྒྱ་ལེགས་བཞུགས་པ།། མརྒད་ཏའི་འོད་ལྟར་འབར།། གཡས་པའི་བྱ་གན་རལ་གྲི་དང་།། ་གཡོན་པ་ཡི་ནི་ལྕགས་ཀྱུ་ཉིད།། སངས་རྒྱས་ཀྱི་ནི་སྤྲིན་འཕྲོ་ཞིང་།། ལེགས་པར་བསྒྲུབ་ཕྱིར་སླར་ཡང་སྡུད་།། འོད་ཟེར་ཆེན་པོས་རབ་གསལ་ཞིང་།། ཡེ་ཤེས་རྒྱ་མཚོའི་འོད་དང་མཚུངས།། འདི་འདྲ་རྟག་ཏུ་སེམས་བྱེད་པ། ་ནམ་མཁའི་སྙིང་པོ་ཐུབ་པ་ཆེ།། འདུ་བྱེད་ཐམས་ཅད་སྤངས་པ་ཡི།། མཁའ་དང་མཉམ་པ་དེར་འགྱུར་རོ།། ནམ་མཁའི་སྣང་བར་བྱེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ལ་ཡི་ཡེ་ཤེས་ལས ་བསྒྲུབས་པ། ། རྒྱལ་བ་ཐམས་ཅད་ཀྱིས་ཀྱང་བརྒྱན།། ལྷ་མོ་སྤྱན་གསུམ་ཕྱག་བརྒྱད་པ།། ཞལ་གསུམ་གསེར་གྱི་མདོག་དང་མཚུངས།། སྒེག་པའི་ཆ་ལུགས་ལེགས་འཆང་བ།། ཅུང་ཟད་བཞད་པས་འདོད་ཆགས་མ། ་དང་པོའི་ཕྱག་ནི་མཆོག་སྦྱིན་མཛད།། དེ་བཞིན་གཉིས་པ་མི་འཇིགས་སྦྱིན།། ཕྱག་གསུམ་པན་རྡོ་རྗེ་སྟེ།། བཞི་པ་ན་ནི་མདའ་ཡང་གསོར།། གཡོན་པ་སྡིག་མཛུབ་ཞགས་པ་ཅན།། རིན་ཆེན་སྙམ་གཉིས་པན། ་གསུམ་པ་ན་ནི་བགྲང་ཕྲེང་སྟེ།། བཞི་པ་གཞུ་ཡིས་ལེགས་པར་བརྒྱན།། འོད་དམར་འོད་ཟེར་བྲེང་བ་ཅན།། ལྷ་རྣམས་འཇིགས་པས་སེམས་མྱོས་ཏེ།། ལག་པ་ཐལ་མོ་སྦྱར་བར་བྱེད།། སངས་རྒྱས་རྣམས་ཀྱི་སྤྲིན་འཕྲོ་བར། ་ཡེ་ཤེས་རྡོ་རྗེ་སྤྱན་མ་བསམ།། བྱང་ཆུབ་ཡན་ལག་འབྲས་བརྒྱན་པའི།། ལྷ་མོ་འདི་འདྲ་བསྒོམ་པར་བྱ།། ཡེ་ཤེས་སྤྱན་གྱིས་སྣང་བར་བྱེད་པའི་རྡོ་རྗེ་འོཇོ་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། མ་ཡི་ཡེ་ཤེས་ལས་བསྒྲུབས་པ།། རྡོརྗེ ་རིགས་ཅན་མཱ་མ་ཀཱི། ། ལྷ་མོ་ཞལ་གསུམ་ཕྱག་དྲུག་མ།། དགོད་ཅིང་ཞལ་རས་ཁྲོ་དང་བཅས།། ཨུཏ་པལ་སྔོན་པོའི་མདོག་འདྲ་བ།། འོད་དམར་ཤིན་ཏུ་འབར་བ་ཅན།། དང་པོ་མི་འཇིགས་སྦྱིན་པའི་ཕྱག། གཉིས་པ་ལེགས་པར ་རྡོ་རྗེ་བསྡམས། ། གསུམ་པ་ཡིས་ནི་བདའ་ཡང་གསོར།། གཡོན་པའི་སྡིགས་པའི་འཛུབ་མོ་སྟེ།། གཉིས་པ་ཞགས་པ་ལེགས་པར་བསྣམས།། གསུམ་པ་ཡིས་ནི་གཞུ་ཡང་འཛིན།། རྡོ་རྗེ་ཅན་མ་སྐུ་གསུམ་འཆང་།། དངོས་མེད ་ངོ་བོ་མཚན་ཉིད་ཅན། ། སངས་རྒྱས་ཀྱི་ནི་སྤྲིན་འཕྲོ་བ།། འདི་འདྲ་སྒོམ་པས་བསྒོམ་པར་བྱའོ།། སྒྱུ་འཕྲུལ་འབྱུང་བའི་སྟོབས་ཀྱི་ཡེ་ཤེས་ཟབ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། པ་ཡི་ཡེ་ཤེས་ལས་བསྒྲུབས་པ། ཟླ་བའི་མདོག་དང་ལྡན ་པའི་ཡུམ། ། མིང་ནི་གོས་དཀར་ཅན་ཞེས་བྱ།། སྤྱན་གསུམ་དག་གིས་རྣམ་པར་བརྒྱན།། ཞལ་རས་གསུམ་པ་དགའ་མཛད་མ།། ཕྱག་དྲུག་མི་འཇིགས་སྦྱིན་མཛད་མ།། གཉིས་པ་ན་ནི་རྡོ་རྗེ་སྟེ།། གསུམ་པ་མདའ་ཡིས་རྣམ་པར ་བརྒྱན། ། གཡོན་པ་པད་མ་བསྣམས་པར་བྱ།། གཉིས་པ་ན་ནི་བགྲང་ནོར་ཕྲེང་།། གསུམ་པ་ན་ནི་གཞུ་བསྡམས་ཤིང་།། རོལ་བའི་སྟབས་སུ་ལེགས་པར་བཞུགས།། སངས་རྒྱས་གཟུགས་ནི་འཕྲོ་བར་མཛད།། པད་མའི་སྤྲིན་གྱིས ་རྒྱས་པར་བསྒོམ། ། གལ་ཏེ་བྱང་ཆུབ་མཆོག་འདོད་ན།། རིན་ཆེན་སྐུར་ནི་བསྒོམ་པར་བྱ།། པད་མའི་གཟུགས་ཀྱི་འཇོ་ཚུལ་སངས་རྒྱས་ཀྱི་རྒྱལ་བ་འདྲེན་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཏཱ་ཡི་ཡེ་ཤེས་ལས་བསྒྲུབ ་པ། ། ལྷ་མོ་སྒྲོལ་མ་རྫུ་འཕྲུལ་ཅན།། འཇོ་སྒེག་ཆ་ལུགས་ལ་གནས་པ།། ཞལ་རས་གསུམ་པ་སྤྱན་གསུམ་པ།། ཕྱག་དྲུག་སེམས་དཔའི་དཀྱིལ་མོ་དཀྱུང་།། བཞད་པ་མ་རྒད་འོད་དང་ལྡན།། དང་པོ་མི་འཇིགས་སྦྱིན་པའི་ཕྱག། ་གཉིས་པ་ན་ནི་རྡོ་རྗེ་བསྣམས།། གསུམ་པ་ན་ནི་མངའ་ཡང་གསོར།། གཡོན་པ་སྡིག་པའི་མཛུབ་མོ་སྟེ།། གཉིས་པ་ན་ནི་ཨུཏ་པལ་ཉིད།། གསུཾཔ་ན་ནི་གཞུ་ཡང་འཛིན།། འོད་ཟེར་དམར་པོ་འབར་བ་ཅན།། སངས་རྒྱས་འཕྲོ་བས ་རྒྱས་མཛད་པ། ། དགའ་མཛད་སེམས་ཅན་ཀུན་གྱི་མ།། རྟག་པར་རྒྱུན་དུ་བསྒོམ་པར་བྱ།། སེམས་ཅན་ཐམས་ཅད་དབང་དུ་འགྲོ་ཞིང་དགའ་བར་བྱེད་པའི།། ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། སྐྱེ་མཆོག་རྒྱལ་བས་གསུངས ་པ་ཡི། ། སེམས་མ་བཞི་ནི་བརྗོད་པའི་མིང་།། སེམས་མ་དང་ནི་རིག་ཆེན་མ།། ཆོས་མ་རྡོ་རྗེ་ལས་མ་སྟེ།། རོལ་པས་རྗེས་སུ་མཉེས་མཛད་མ།། དེ་དག་ཇི་ལྟར་རིགས་པར་བསྒོམ།། དངག་ཀྱང་ནི་བསྒོམས་པ་ཡིས།། རིང ་པོར་མི་ཐོགས་བྱང་ཆུབ་ཐོབ། ། སེམས་ཅན་རབ་ཏུ་དགའ་བྱེད་པའི་འཕགས་མ་བཞི་ཡི་ཏིང་ངེ་འཛིན་ཏོ།། ཙུ་གི་ཡི་གེ་ལས་བསྒྲུབས་པ།། མིང་ནི་སྐུལ་བྱེད་ཅེས་མའི་གཟུགས།། སྐུ་གསུམ་རྒྱལ་བ་བྱེ་བ་ཕྲག། མདུན་གྱིས ་གསང་སྔགས་གླུ་ཡིས་བསྟོད། ། ཡིགེ་དགུ་པ་ཐབས་དགུ་ཅན།། ལྷ་དགུ་རྣམས་ཀྱི་གནས་ཀྱང་ཡིན།། ཞལ་གསུམ་སྟོན་ཀའི་འདམ་བུའི་མདོག། རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ།། ན་ཆུང་སྐད་ལྡན ་དངལ་བབ། ། རིགས་སྔགས་ཐམས་ཅད་སྒྲོལ་མཛད་མ།། དང་པོའི་ཞལ་ནི་ཅུང་ཟད་ཙམ།། བཞད་ཅིང་སྤྱན་གསུམ་ལྡན་པ་སྟེ།། གཡས་ཀྱི་ཞལ་ནི་རྣམ་གདངས་པ།། ཨུཏ་པལ་སྔོན་པོ་མདབ་མའི་འོད།། མཆེ་བཟླབ་ཆོས ་བ་བཞིན། ། ལྕེ་ནི་ཀློག་བཞིན་ལྡིབ་པར་མཛད།། གཡོན་པ་ཁ་དོག་དམར་པོ་སྟེ།། ཚེམས་ཀྱིས་སྒྲོས་ནི་རྣམ་པར་མནམ།། རོལ་པའི་སྟབས་སུ་ལེགས་པར་བཞུགས།། གདུ་བུ་རྣམ་པ་སྣ་ཚོགས་ཀྱིས།། བརྒྱན་པའི ་ཕྱག་ཉི་ཤུ་རྩ་དྲུག་ལ་ཕྱག་གཉིས་རྩ་བའི་ཕྱག་རྒྱས་སྙིང་ཁའི་གནས་རྣམ་པར་བརྒྱན་པའོ། ། གཡས་པ་གཉིས་པ་ནི་མི་འཇིགས་སྦྱིན་པའོ།། གསུམ་པ་ན་རལ་གྲིའོ།། བཞི་པ་ནི་རིན་པོ་ཆེ་སྦྱིན་པའོ།། ལྔ་པ་ནི་ཤིང ་ཏོག་བི་ཛ་པཱ་རའོ། ། དྲུག་པ་ནི་མདའ་གསོར་བའོ།། བདུན་པ་ན་དགྲ་སྟའོ།། བརྒྱད་པན་དབྱུག་ཏེའོ།། དགུ་པ་ན་ཐོ་བའོ།། བཅུ་པ་ན་ལྕགས་ཀྱུའོ།། བཅུ་གཅིག་པ་ན་རྡོ་རྗེའོ།། བཅུ་གཉིས་པ་ན་སེ་གོལ་གཏོགས་པའོ།། ་བཅུ་གསུམ་པན་བགྲང་ཕྲེང་ངོ་།། གཡོན་པ་གཉིས་པ་ན་ཡིད་བཞིན་ནོར་བུའི་རྒྱལ་མཚན་ནོ།། གསུམ་པ་ན་པད་མའོ།། བཞི་པ་ན་རིལ་པ་སྤྱི་བླུགས་སོ།། ལྔ་པ་ན་ཞགས་པའོ།། དྲུག་པ་ན་གཞུའོ།། བདུན་པ་ན་མདུ་ཐུང ་བརྒྱད་པ་ན་འཁོར་ལོའོ། ། དགུ་པ་ན་དུང་ངོ་།། བཅུ་པ་ན་སྡིགས་པའི་མཛུབ་མའོ།། བཅུ་གཅིག་པ་ན་བུམ་པ་བཟང་པོའོ།། བཅུ་གཉིས་པ་ན་ཐག་མདུང་ངོ་།། བཅུ་གསུམ་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན།། པད་མ་ལ་བཞུགས་བསྒོམ་པར་བྱ།། ལ་ཡི་ཞིང་ཅུང་བགོས་པ་ཡི།། སྟེང་དུ་བླ་གོས་གྱོན་པ་སྟེ། སྣ་ཚོགས་ཚིག་གུན་བཟར་གསོལ།། ཆོ་འཕྲུལ་རྣམ་པ་སྣ་ཚོགས་དང་། ས་ཏྲ ་རྒྱ་ངས་ཀྱི་སྐུ་གཟུགས་འཕྲོ། ། སུམ་བཅུའི་ལྷ་རྣམས་ལྟུང་བ་དང་། ཐེག་པ་རྣམས་ཤིན་ཏུ་འཇིགས་སྐྲག་ནས།། ཐལ་མོ་སྦྱོར་བར་བྱེད་པ་སྟེ།། འདི་འདྲ་གང་ཞིག་རྟག་བསྒོམ་ཞིང་།། བསྒྲིམས་ནས་གསང་སྔགས་བརྗོད་པ ་དེས། ། སངས་རྒྱས་མྱུར་དུ་ཐོབ་འགྱུར་ན།། དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས།། ཏིང་ངེ་འཛིན་ངོ་བོ་ཐོབ་འགྱུར་ཞིང་།། སྡིག་པ་ཀུན་ལས་རྣམ་པར་གྲོལ།། རྒྱལ་བ་མཐའ་ཡས་པའི་ཡེ་ཤེས་སྐུལ་བར་བྱེད་པའི ་སྟོབས་ཀྱི་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ར་ཡི་ཡེ་ཤེས་ལས་བསྒྲུབས་པ།། རིན་ཆེན་སྒྲོན་མ་ཞེས་བྱའི་གཟུངས།། ཞལ་རས་གསུམ་པ་སྤྱན་གསུམ་པ།། ཕྱག་དྲུག་གསེར་གྱི་མདོག་དང་ལྡན།། ་ན་ཆུང་དར་ལ་བབ་པའི་ཚད།། ཞལ་ནི་ཅུང་ཟད་བཞད་པ་སྟེ།། ཕྱག་ནི་རིན་ཆེན་གདུ་བུས་གཏམས།། ཕྱག་གཉིས་རིན་ཆེན་ཐལ་མོ་སྟེ།། འོད་ཀྱིས་དཀྱིལ་འཁོར་ཕྲེང་བ་འཁྲུག། གཡས་པའི་ཕྱག་ནི་མི་འཇིགས་སྦྱིན།། ་གསུམ་པ་མདའ་ནི་རྣམ་པར་གསོར།། གཡོན་འཛུབ་མ་རུངས་རྣམས་ལ་བསྡིགས།། གསུམ་པ་ཡིས་ནི་གཞུ་ཡང་འཛིན།། འོད་ཟེར་དམར་པོ་ལེགས་པར་འབར།། རོལ་སྟབས་ཐབས་ཀྱིས་ཞབས་ཀྱིས་གནོན།། སངས ་རྒྱས་སྤྲིན་ནི་འཕྲོ་ཞིང་སྡུད། ། ཆོས་འཛིན་ཡིད་དུ་འོང་བ་ཡི།། ལྷ་མོ་འདི་འདྲ་བསྒོམ་པར་བྱ།། སངས་རྒྱས་རིན་ཆེན་སྤྲིན་གྱི་ཡེ་ཤེས་ཀྱིས་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། བྷཱི་ཡི་ཡེ་ཤེས་ལས་བསྒྲུབས ་པ། ། འཇིགས་ལས་སྒྲོལ་བ་ཁྲོ་གཉེར་ཅན།། ཞལ་རས་གསུམ་པ་སྤྱན་གསུམ་པ།། སྟོན་ཀའི་ཟླ་བའི་འོད་དང་མཚུངས།། ཕྱག་དྲུག་པད་མ་ལ་ཞུགས་པ།། རོལ་པའི་སྟངས་ལ་བརྩོན་པ་སྟེ།། ཞལ་ནི་ཁྲོ་དང་བཅས་པར ་བཞད། ། ལེགས་པར་འབར་བའི་རྩེར་ལྔ་ཅན།། གཡས་པའི་ཕྱག་ན་རྡོ་རྗེ་སྟེ།། གཉིས་པ་བེཅོན་འཛིན་པར་བཤད།། གསུམ་པ་ཡིས་ནི་མདའ་ཡང་གསོར།། གཡོན་པ་སྡིགས་པའི་མཛུབ་མོ་ཅན།། གཉིས་པ་རིལ་བ་སྤྱི ་ཐུགས་བསྣམས། ། གསུམ་པ་ན་ནི་མཚན་ཆགཞུ།། སངས་རྒྱས་རྣམས་ཀྱི་སྦྱིན་འགྲོ་ཞིང་།། དེ་བཞིན་གཞན་དག་ལགས་སྡུད་པའོ།། ཉལ་དང་འགྲེང་དང་འདུག་པ་ན།། ལྷ་མོ་འདི་འདྲ་རྟག་ཏུ་བསྐམ།། ་འཇིགས་པ་ཐམས་ཅད་དམིགས་པ་མེད་པར་བྱེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཧཱུཾ་གི་ཡེ་ཤེས་ལས་བསྒྲུབས་པ།། མིང་ནི་རྡོ་རྗེ་ལུ་གུ་རྒྱུད།། ཐམས་ཅད་འཆང་བ་བསྐྱེད་པ་སྟེ།། སེམས་ཅན་མ་རུངས་ཕུང ་བར་བྱེད། ། ཞལ་རས་གསུམ་པ་སྤྱན་གསུམ་པ།། ཕྱག་དྲུག་སྔོ་བསང་གཟུགས་བཟང་མ།། ཞལ་ནི་ཆུང་ཟད་བཞད་པར་མཛད།། ལག་པ་གཡས་ན་རྡོ་རྗེ་སྟེ།། གཉིས་པ་རྡོ་རྗེ་ལུ་གུ་རྒྱུད།། གསུམ་པ་ན་ནི་མདའ་ཡང་བསྡམས།། ་གཡོན་པ་སྡིགས་པའི་འཛུབ་མོ་སྟེ།། གཉིས་པ་ན་ནི་ཞགས་པར་གསུངས།། གསུམ་པ་གཞུ་ཡང་ཐོགས་པར་བརྩོན།། སངས་རྒྱས་རྣམས་ནི་སྤྲིན་འཐོབ།། རྡོ་རྗེ་ལུ་གུ་རྒྱུད་བསྒོམས་ན།། བྱང་ཆུབ་སྐད་ཅིག་གིས ་འཐབ་ན། ། དངས་གྲུབ་གཞན་ས་ཅི་ཞིག་སྨོས།། རྡོ་རྗེ་སྒེག་གི་ཡེ་ཤེས་ཀྱི་རྡོ་རྗེ་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། མེ་མི་ཡེ་ཤེས་ལས་བསྒྲུབས་པ།། ཐུབ་པའི་སྐྱེ་མཆོག་བྱམས་པ་ནྡེ།། ཞལ་རས་གསུམ་བསྟན ་གསུམ་པ། ། དེ་ཡི་འོག་ན་པད་མ་སྟེ།། སེམས་དཔའི་དཀྱིལ་མོ་བཀྲུང་དུ་བཞུགས།། ཕྱག་བཞི་དག་གིས་རྣམ་པར་བརྒྱན།། ཕྱག་གཉིས་ཆོས་འཆང་ཕྱག་རྒྱས་བརྒྱན།། གཡས་པ་ཡི་ནི་ཕྱག་གཉིས་པ།། སེམས་ཅན ་སྐྱོབ་པ་མཆོག་འཛིན་མཛད། ། གཡོན་བལྟ་རྫས་ཀླུ་ཤིང་གི། མེ་ཏོག་ཟེ་འབྲུའི་མགོ་སོགས་བསྡམས།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི།། སྤྲིན་ཆེན་དེ་བཞིན་འཕྲོ་བར་མཛད།། བྱམས་པའི་སྟོབས་ཀྱིས་ཡེ་ཤེས་ཀྱི་རྡོ་རྗེ ་རྣམ་པར་བརྒྱན་པའི་ཏིང་ངེ་འཛིན་ཏེ། ། མུ་ཡི་ཡེ་ཤེས་ལས་བསྒྲུབས་པ།། གཞོན་ནུའདམ་པ་ཚིག་གི་ལམ།། ཤེས་རབ་ཡེ་ཤེས་མཆོག་ཐོབ་པ།། ཟབ་མོ་ཚུལ་ནི་སྟོན་པ་པོ།། ཞལ་གསུམ་སྤྱན་གསུམ་ཟུར་ཕུང ་གསུམ། ། གཞོན་ནུ་རྒྱན་གྱིས་བརྒྱན་པ་སྟེ།། ཅོད་པན་བཟང་པོ་མི་འཁྲུག་ཅན།། མེ་ཏོགས་ཚོགས་རྣམས་ཀྱིས་ཀླུབས།། འོགམ་པད་མཚན་པོ་ལ།། སེམས་དཔའ་དམྱལ་མོ་དཀྲུང་དུ་བཞུགས།། འཇོ་སྒེག་ཐབས་ཀྱིས ་རོལ་པ་སྟེ། ། ཞལ་ནི་ཅུང་ཟད་བཞད་པ་ལ།། དཔའ་བོ་ཆེན་པོ་ཕྱག་དྲུག་པ།། དང་པོ་མི་འཇིགས་སྦྱིན་པར་བྱ།། གཉིས་པ་ན་ནི་རལ་གྲི་ཉིད།། གསུམ་པ་ན་ནི་མདའ་ཡང་གསོར།། དེ་བཞིན་གཡོན་པ་ཤེས་རབ་འཆང་། ་གཉིས་པ་ན་ནི་ཨུཏ་པ་ལ་ཐོགས།། གསུམ་པ་ན་ནི་གཞུ་ཉིད་དོ།། ཤེས་རབ་ཡེ་ཤེས་མཆོག་གི་ཀླུབས།། སངས་རྒྱས་རང་བཞིན་སྤྲིན་གྱི་བསྡམས།། འཕྲོ་བར་སངས་རྒྱས་འདོད་པས་བསྒོམ།། འཇམ་པ་མཆོག་གི ་ཤེས་རབ་དང་། ། ཡེ་ཤེས་ཀྱི་རྡོ་རྗེ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། སྤོས་ཀྱི་གླང་པོ་ཡེ་ཤེས་ཏོག། དེ་བཞིན་དུ་ནི་བཟང་སྐྱོང་དང་།། བློ་གྲོ་རྒྱ་མཚོ་ཐེ་གྲོས་ནི།། མེ་བཟད་པ་དང་སྐྱབས་བརྩེགས་ཉིད་།། ངན་སོང་ཀུན ་སྤོང་མཐུ་ཆེན་ཐོབ། ། མྱ་ངན་ཀུན་མུན་འཇོམས་པའི་བློ།། ནོར་བཟངས་དང་ནི་འདྲ་བའི་འོད།། དེ་བཞིན་ཟླ་འོད་འོད་དཔག་མེད།། ནམ་མཁའི་མཛོད་དང་སྒྲིབ་ཀུན་སེལ།། དེ་ལྟར་དེ་སོགས་གྲངས་མེད་པའི།། བྱང་ཆུབ་སེམས ་དཔའ་སྐྱོབ་བཀུན། ། མཐོན་ཡིག་འབྲུ་རྣམས་ལས་འཁྲུངས།། ཡི་གེ་ཕྱག་རྒྱའི་སྦྱོར་བ་ཅན།། ཞལ་རས་གསུམ་པ་སྤྱན་གསུམ་པ།། སྣ་ཚོགས་ཐབས་ཀྱིས་རོལ་པར་མཛད།། བྱང་ཆུབ་སེམས་དཔའ་འདི་ཡེ་ནྟ། ་གསང་སྔགས་བཟླམ་པར་བསྒོམ་པར་བྱ།། མདོག་ལྡན་འདྲ་ཞིང་འགྲོ་མཛད་པ།། རྣལ་འབྱོར་ཅན་གྱིས་རྟག་ཏུ་བསམ།། ཧཱུཾ་གི་ཡེ་ཤེས་ལས་བསྒྲུབས་པ།། གཟི་བརྗིད་ལྡན་པ་འཇམ་དབྱངས་ཀྱེ།། གཤིན་རྗེའི་དགྲ་ཞེས ་ནམ་གྲགས་པ། ། བསྐལ་པའི་མེ་ལྟར་འཐར་བ་སྟེ།། ཆར་སྤྲིན་གྱི་ནི་འོད་དང་འདྲ།། ཞལ་དྲུག་པ་ལ་ཕྱག་དྲུག་པ།། དེ་བཞིན་ཞབས་དྲུག་མེའུ་ཐུང་འདྲ།། གསུས་ཁྱིམ་ཤིན་ཏུ་ཆེ་བ་སྟེ།། དེ་ནི་དྲག་པོ་ཆེན་པོ་ཡིནི།། ལྗགས ་འདྲིལ་རྡོ་རྗེ་མཆེ་བ་ཅན། ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་སྟེ།། སྟག་ལྤགས་ཀྱི་ནི་ཤམ་ཐབས་བགོས།། རོལ་པའི་སྟབས་ཅན་མ་ཏེ་བཅིབས།། དེ་ཡི་འོག་ཏུ་པད་མ་བྱས། མི་ཐོད་ཕྲེང་ཅན་སྐྲ་འཁྱིལ་བ།། ་ཨག་ཚོམ་སེར་ལ་སྒྲ་ཆེན་འབྱིན།། མགོ་ཡི་སྟེང་ན་མི་འཁྲུགས་པ།། སྐུ་གསུམ་ལ་ནི་རྣམ་པར་བཞུགས།། འཇམ་པའི་དཔལ་གྱིས་རྣམ་པར་བརྒྱན།། དང་པོ་ཞལ་ནི་རྣམ་པར་བཞད།། གཡས་པ་ལྗགས་ནི་འདྲིལ་བ ་སྟེ། ། གཡོན་པའི་ཚེམས་ཀྱི་སྤྲོས་མནན་ཁྲོ།། གཡས་པའི་ཕྱག་ན་རལ་གྲི་སྟེ།། གཉིས་པན་ནི་རྡོ་རྗེ་ཉིད།། གསུམ་པ་ཡིས་ནི་མདའ་ཡང་གསོར།། གཡོན་པ་སྡིགས་མཛུབ་ཞགས་པ་ཅན།། གཉིས་པ་ཡིས་ནི་ནུ་མ་འཛིན།། ་གསུམ་པ་གཞུ་ནི་བརྡུངས་པ་ཡིས།། ཤིན་ཏུ་ལེགས་པར་རྣམ་པར་བརྒྱན།། ལྷ་མོ་ཡིས་ནི་གཡས་ན་འཁྱུད།། གཉིས་པན་ནི་ཨུཏ་པལ་ཐོགས།། གཡོན་པ་ཟླ་བ་ལྟར་སྣང་བ།། པད་མ་དཀར་པོ་ཐོགས་པར་བྱ། ་འོག་ཏུ་ལྷ་དང་བགེགས་ཀྱི་རྣམས།། སྡང་བ་བྲེད་ནས་ཕྱག་ཀྱང་འཚལ།། འོད་ཟེར་དམར་པོ་འབར་དང་བཅས།། སངས་རྒྱས་སྤྲིན་རྣམས་འགྲོ་ནང་སྡུད་།། རྣལ་འབྱོར་དག་གིས་བསྒོམས་ནས་སུ།། བསྒྲིམས་ནས ་གསང་སྔགས་བཟླས་པ་དེ། ། འདུག་དང་ཉལ་དང་འཆག་པ་ན།། ལེགས་པར་བསམས་ཏེ་ཀུན་ཟོས་ཤིག། འདོད་པ་ལྔ་ལ་ལོངས་སྤྱད་ཀྱང་།། ནམ་མཁའ་ལྟ་བུར་གོས་མི་འགྱུར།། གཤེད་བྱེད་ཐམས་ཅད་རྨོངས་པར ་བྱེད་པའི་ཡེ་ཤེས་རྡོ་རྗེ་གཤིན་རྗེ་གསོད་པའི་འདུལ་བ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། པྲ་ཡི་ཡེ་ཤེས་ལས་བསྒྲུབས་པ།། ཁྲོ་བོ་གཞན་གྱིས་མི་ཐུབ་པ།། ཞལ་རས་གསུམ་པ་སྤྱན་གསུམ་པ།། ཕྱག་དྲུག་གིས ་ནི་རྣམ་པར་བརྒྱན། ། མདོག་སེར་མི་ཐུང་གཟུགས་ཅན་ལ།། འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན།། པད་མ་ལ་བཞུགས་རོལ་པའི་སྟབས།། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་ལ།། དང་པོའི་ཞལ་ནི་རྣམ་པར་བཞད།། དེ་བཞིན ་གཡས་པ་རྣམ་པར་བསྒྱུར། ། གཡོན་པ་ཚེམས་ཀྱི་སྨོས་ཀྱང་མནན།། སྣ་ཚོགས་ཚུལ་གྱིས་འབར་བ་སྟེ།། ལག་པ་གཡས་པ་རྡོ་རྗེ་ཐོགས།། གཉིས་པ་ན་ནི་དབྱུག་པ་སྟེ།། གསུམ་པ་ན་ནི་མདའ་ཡང་ཐོགས།། གཡོན་པ ་སྡིགས་མཛུ་བ་ཞགས་པ་ཅན། ། གཉིས་པ་ཡིས་ནི་ནུམ་འཛིན།། གསུམ་པ་གཞུཅན་ཡིན་པར་གསུངས།། སྤྱི་བོའི་སྟེང་ན་མི་འཁྲུགས་པ།། རམ་བཞིན་འགྲོ་ཞིང་སྡུད་པ་སྟེ།། འདི་འདྲ་གོམས་པས་བསྒོམ་པར་བྱ།། ཟླས ་པས་སངས་རྒྱས་ཉིད་ཀྱང་འཐོབ། ། གཞན་གྱིས་མི་ཐུབ་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཧ་ཡི་ཡེ་ཤེས་ལས་བསྒྲུབས་པ།། ཁྲོ་བོ་པད་མ་མཐར་བྱེད་པ།། ཞལ་རས་གསུམ་པ་སྤྱད་གསུམ་པ།། ཁ་དོག ་དམར་པོ་ཕྱག་བརྒྱད་ཅན། ། སྐུ་ནི་སྦྲུལ་གྱིས་དཀྲིས་པ་སྟེ།། པད་མ་ལ་བཞུགས་རོལ་པའི་སྟབས།། ཁྲོ་བོ་ལྟ་བས་གཟིགས་མཛད་པ།། དང་པོ་ཞལ་ནི་རྣམ་པར་བཞད།། གཡས་པ་ལྗགས་ནི་འདྲིལ་བ་སྟེ།། གཡོན་པ་ཚེམ ་ཀྱི་སྤྲོས་མནན་པ། སྟག་ལྤགས་གསོལ་ཞིང་ཁྲོ་བ་ལ།། གཡས་པའི་ཕྱག་ན་རྡོ་རྗེ་སྟེ།། གཉིས་པན་ནི་དབྱུག་ཐོ་གསུངས།། གསུམ་པན་ནི་ལྕགས་ཀྱུ་སྟེ།། བཞི་པ་ན་ནི་མདའ་ཡང་གསོར།། གཡོན་པ་སྡིགས་པའི་འཛུ ་མོ་སྟེ། ། གཉིས་པ་ཡི་ནི་ནུ་མ་འཛིན།། གསུམ་པ་ན་ནི་པད་མ་སྟེ།། བཞི་པ་ན་ནི་གཞུ་ཉིད་དོ།། དེ་ཡི་ཅོད་པན་མི་འཁྲུགས་པ།། སངས་རྒྱས་གཟུགས་ནི་མང་པོ་དག། འཕྲོ་ཞིང་འདུ་བར་བསྒོམ་བྱས་ན།། འགྲུབ་པར ་འགྱུར་ཏེ་གཞན་དུ་མིན། ། རྟ་མཆོག་གི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཧཱུཾ་གིས་ཡེ་ཤེས་ལས་བསྒྲུབས་པ།། མིང་ནི་ཁྲོ་བོ་བགེགས་ཀྱི་གཤེད།། མེ་ཡི་དཀྱིལ་བཞུགས་སྒྲུབ་པ་སྦྱིན།། ལག་ན་རྡོ་རྗེའི ་རྗེས་འབྲངས་པ། ། ཞལ་རས་གསུམ་པ་སྤྱན་གསུམ་པ།། བགེགས་རྣམས་འཇོམས་མཛད་ཕྱག་དྲུག་ཅན།། དང་པོའི་ཞལ་ནི་བཞད་པ་སྟེ།། དེ་བཞིན་གཡས་པའི་ཞལ་གདངས་པ།། གཡོན་པ་ཚེམས་ཀྱི་སོས ་མནན་ཁྲོ། ། ཨུཏ་དཔལ་སྔོན་པོའི་འདབ་འདྲའི་མདོག། ཞབས་ཀྱིས་བགེགས་ནི་མནན་པ་སྟེ།། གཉིས་པ་པད་མི་སྟེང་ན་བཞུགས།། གཡས་ཀྱི་ཕྱག་ན་རལ་གྲེ་སྟེ།། གཉིས་པ་ན་ནི་དགྲ་ལྟར་གསུངས།། ་གསུམ་པ་ཡིས་ནི་མདའ་ཡང་གསོར།། གཡོན་པ་སྡིགས་འཛུབ་ཞགས་པ་ཅན།། དེ་བཞིན་གཉིས་པ་ནུ་མ་འཛིན།། གསུམ་པ་ན་ནི་གཞུ་ཡང་གསུངས།། སངས་རྒྱས་རང་བཞིན་སྤྲིན་འཕྲོ་བར།། ཡེ་ཤེས་མཁས་པས་བསྒོམ ་པར་བྱ། ། བགགས་རྣམས་ཐམས་ཅད་འདྲལ་བའི་ཡེ་ཤེས་ཀྱི་རྡོ་རྗེས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཧཱུཾ་གིས་ཡེ་ཤེས་ལས་བསྒྲུབས་པ།། མིག་གཡོན་བུས་པའི་གཟུགས་དང་ལྡན།། ཞལ་རས་གསུམ་པ ་སྤྱན་གསུམ་པ། ། གཞོན་ནུའི་རྒྱན་གྱིས་བརྒྱན་པ་ལ།། དང་པོའི་ཞལ་ནི་བཞད་པ་སྟེ།། དེ་ཡི་གཡས་པའི་ཞལ་གདངས་པས།། ཁྲག་གིས་བརླན་པའི་ལྗགས་ཀྱང་འདྲིལ།། གཡོན་པ་ཚེམས་ཀྱིས་སྤྲོས་མནན་ཁྲོ།། ཧཱུཾ་གིས་སྙིང ་ཀའི་ཕྱོགས་ཀྱང་བཀང་། ། མཐིང་ཤུན་གྱི་ནི་མདོག་ཅན་ཏེ།། རིན་ཆེན་རི་སྟེངས་པད་མ་ལ།། རོལ་པའི་ཞབས་ཀྱིས་སྟབས་སུ་བཞུགས།། ཐུབ་པ་བགེགས་ཀྱི་ཆུ་འཛིན་འཇོམས།། ཕྱག་དྲུག་འབར་བ་འཕྲོ་བ་ཡི།། འོད་བཟངས ་དམར་པོའི་དཀྱིལ་འཁོར་ན། ། གཡས་པའི་ཕྱག་ན་རལ་གྲི་སྟེ།། གཉིས་པ་ན་ནི་རྡོ་རྗེར་གསུངས།། གསུམ་པ་མདའ་ནི་རྣམ་པར་གསོར།། གཡོན་པས་སྡིགས་འཛུབ་ཞགས་པ་ཅན།། གཉིས་པ་ཡིས་ནི་རུམ་འཛིན།། གསུམ་པ ་གཞུ་ནི་བརྡུངས་པ་ལ། ། ཚངས་པས་བཟུང་སྟེ་ལྟ་བ་དང་།། སྣ་ཚོགས་མེ་ཏོག་གིས་བཅིངས་པའི།། ཅོད་པན་དང་ནི་དབུ་རྒྱན་ཐོགས།། ཟུར་བུད་གཡོན་པ་བུང་བའི་མདོག། མི་འཁྲུགས་པ་ཡིས་རྣམ་པར་བརྒྱན།། སངས་རྒྱས ་རང་བཞིན་སྤྲིན་དག་གིས། ། ཆོ་འཕྲུལ་ཆེན་པོ་དུམ་འཕྲོ།། དེ་ལྟར་རྟག་ཏུ་རྣལ་འབྱོར་གང་།། བསྒོམས་པས་སྐོམ་པར་བྱེད་པདེ།། བླ་ན་མེད་པའི་བྱང་ཆུབ་ཀྱི།། ཐམ་སྐས་ལ་ནི་འཛེགས་པར་འགྱུར།། དེ་བཞིན་གཤེགས་པ ་ཐམས་ཅད་སངས་རྒྱས་ཀྱི་བཀའ་བཞིན་བྱེད་པ་མི་གཡོ་བའི་ཡེ་ཤེས་རྡོ་རྗེ་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ཧཱུ~ཾ་གི་ཡེ་ཤེས་ལས་བསྒྲུབས་པ།། སིང་ནི་འདོད་པའི་རྒྱལ་པོ་སྟེ།། གལར་ས་གསུམ་བསྤྱན་གསུམ་པ།། བྱས ་དྲུག་པཞེས་བྱ་བར་བསྒྲགས། ། དབུ་རྒྱན་སངས་རྒྱས་ཀྱིས་བརྒྱན་པའི།། ཐོར་ཚུགས་ཅོད་པན་བཟང་པོཅས། དང་པོའི་གལ་ནི་པའདཔལ།། གམས་པ་ཡིས་ནི་རྣམ་པར་བསྒྱུར།། གཡོན་པ་ཚམས་ཀྱིས་སྨྲས་མནན་ཁྲོ། ་དཔྲལ་བ་ཁྲ་ག་ཉེར་རིམ་པ་ཅན།། འབར་བ་ཆར་སྤྲིན་ལྟ་བུའི་མདོག། དཀྱིལ་འཁོར་དམར་པོ་འབར་བ་ཅན།། ཕྱག་གཉིས་འདོད་པའི་ཕྱག་རྒྱར་ལྡན།། གཡས་པ་ན་ནི་རྡོ་རྗེར་གསུངས།། གསུམ་པ་མདའ་ཡིས་རྣམ་པར་རོལ། ་གཡོན་པ་ཡིས་ནི་ནུ་མ་འཛིན།། གསུམ་པའི་ཕྱག་ན་གཞུ་ཡང་བསྣམས།། པད་མ་ལ་བཞུགས་རོལ་པའི་སྟབས།། འོག་ཏུ་བགེགས་ཀྱང་རྣམ་པར་མནན།། སངས་རྒྱས་ལང་ལོང་འཕྲོ་མཛད་པ།། ཏིང་ངེ་འཛིན་གྱིས་བསྒོམ་བྱས ་ན། ། བླ་ན་མེད་པའི་ཡེ་ཤེས་འཐོབ།། སྙིང་ཐམས་ཅད་འགུགས་པའི་ཡེ་ཤེས་ཀྱི་རྡོ་རྗེ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཧཱུཾ་ག་ཡེ་ཤེས་ལས་བསྒྲུབས་པ།། ཁྲོ་བོ་བེ་ཅོན་སྔོན་པོ་ཅན།། ཞལ་རས་གསུམ་པ་སྤྱན ་གསུམ་པ། ། ཕྱག་དྲུག་གིས་ནི་རྣམ་པར་བརྒྱན།། དང་པོའི་ཞལ་ནི་འཇོ་སྒེག་བཞད།། དེ་བཞིན་གཡས་པ་རྣམ་པར་གདངས།། གཡོན་པ་ཚེམས་ཀྱི་སྤྲོས་ཀྱང་མནན།། ཀུ་ནི་ཁ་ཆུ་འདྲ་བ་སྟེ།། ལུས་ནི་སྦྲུལ་གྱིས་རྣམ་པར་བརྟན ་སྒྲ་ཚོགས་ལྕང་ལོ་འཁྱིལ་བ་སྟེ། ། དབུ་རྒྱན་ལ་ནི་སངས་རྒྱས་བཞུགས།། པད་མ་ལ་བཞུགས་རོལ་སྟབས་ཅན།། གཡས་པའི་ཕྱག་ན་རྡོ་རྗེས་སྟེ།། གཉིས་པ་ན་ནི་བེ་ཅོན་ཉིད།། གསུམ་པ་མཚོན་ཆ་མདའ་དང་ལྡན།། གཡོན་པ ་སྡིགས་འཛུབ་ཞགས་པ་སྟེ། ། གཉིས་པ་ཡིས་ནི་ནུམ་འཛིན།། གསུམ་པན་ནི་གཞུ་ཉིད་བསྣམས།། དཀྱིལ་འཁོར་དམར་པོ་འབར་བ་ཅན།། སྦྱོར་བའི་ཡེ་ཤེས་གྱིས་བསྐྲུན་པའི།། སངས་རྒྱས་སྤྲིན་ནི་རྟག་ཏུ་འཕྲོ།། བགས་ཀྱི ་རྟོགས་པའི་ཡེ་ཤེས་རྡོ་རྗེ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ཧཱུཾ་ཞེས་གསུང་བའི་ཁྲོ་བོ་ནི།། ཡེ་ཤེས་དམ་པ་སྟོབས་པོ་ཆེ།། ཞལ་ངས་གསུམ་པ་སྤྱན་གསུམ་པ།། ཕྱག་བརྒྱད་ཀྱིས་ནི ་རྣམ་པར་བརྒྱན། ། སྤྲིན་གྱི་ཁ་དོག་འདྲ་བ་སྟེ།། སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན།། མིག་དམར་སྒྲ་འབར་གྱེན་དུ་བརྫེས།། མགོ་བོ་ལ་ནི་མི་འཁྲུགས་བཞུགས།། དང་པོའི་ཞལ་ནི་རྣམ་པར་བཞད།། དེ་བཞིན་གཡས་པ་རྣམ ་པར་གདངས། ། གཡོན་བྱ་ཆོམས་ཀྱི་སྒྲོས་མནན་པ།། པད་མ་ལ་བཞུགས་བགྱི་བག་ཅན།། དྲག་པོའི་ཚམ་རྔམ་སྟང་སྟབས་ཅན།། ཕྱོགས་བཅུའི་ལྷ་རྣམས་ཕུང་བར་མཛད།། འབར་བ་རྣམས་ཀྱིས་ཡོངས་བསྐོར་བའི།། ཉི་མའི ་དཀྱིལ་འཁོར་ནང་ན་བཞུགས། ། གཡས་པའི་ཕྱག་ན་རྡོ་རྗེ་སྟེ།། གཉིས་པ་བེ་ཅོན་ཐོགས་པར་མཚོན།། གསུམ་པ་ཡིས་ནི་རལ་གྲི་གདེངས།། བཞི་པ་མདའ་ཡིས་རྣམ་པར་བརྒྱན།། གཡོན་པ་སྡིགས་འཛུབ་ཞགས་པ་ཅན།། གཉིས ་པཡིས་ནི་ནུམ་འཛིན། ། གསུམ་པ་ན་ནི་ཐོབ་ཉིད།། ཕྱག་བཞི་པ་ནི་གཞུ་ཅན་ལ།། སངས་རྒྱས་རང་བཞིན་སྤྲིན་འཕྲོ་བ།། སྒོམ་པ་མཆོག་གིས་བསྒོམ་པར་བྱ།། མནོལ་པ་མེད་པའི་ཡེ་ཤེས་རྡོ་རྗེའི་སྟོབས་ཀྱིས་རྣམ་པར་རྒྱལ་བ ་ཞེས་བྱ་བའི་ཏིང་ངེ་འཛིན་དོ། ། བྷྲཱུཾ་གི་ཡེ་ཤེས་ལས་བསྒྲུབས་པ།། གཙུག་ཏོར་འཁོར་ལོས་བསྒྱུར་བ་སྟེ།། སྐུ་གསུམ་ལྡན་པ་ཞལ་རས་གསུམ།། གསེར་གྱི་མདོག་ཅན་འོད་བཟང་བ།། འདོམ་གང་འོད་ཀྱིས་རྣམ་པར་བརྒྱན།། ་ཏིང་འཛིན་ཕྱག་རྒྱར་རྣམ་པར་གནས།། རིན་ཆེན་རི་སྟེངས་པད་མ་ལ།། རྡོ་རྗེ་དཀྱིལ་མོ་དཀྲུང་དུ་བཞུགས།། རིགས་ཀྱིས་ཡུམ་ནི་བཞི་པོ་རྣམས།། གཟུག་དང་ཡན་ལག་ཀུན་མདངས་ཅན།། ཞལ་རས་འཇོ་སྒེག་ཚུལ་གྱིས ་བརྒྱན། ། གོས་དང་རྒྱན་གྱིས་ཀླུབས་པ་སྟེ།། ཆགས་ཕྱིར་སྤྲོ་བའི་རྩོལ་བ་ཅན།། ཕྱག་རྒྱ་རིན་ཆེན་སྟེ་མ་དང་།། རྡོ་རྗེ་པད་མ་ཨུད་པལ་ལྡན།། ལྷ་མོ་ས་སོའི་ཕྱོགས་ན་བཞུགས།། བཙུག་ཏོར་འོད་ཟེར་ལྔ་བ་ཅན།། ཀུན་ཏུ་འཁོང། ་ལེའི་ཕྲེང་བ་དང་།། འཁོར་ལོའི་བར་ན་རྡོ་རྗེ་གནས།། འོད་ཟེར་ཕྲེང་བས་རྣམ་པར་བརྒྱན།། སངས་རྒྱས་རང་བཞིན་སྤྲིན་འགྲོབས།། ནམ་མཁའ་ཐམས་ཅད་འགེངས་པར་མཛད།། བྱང་ཆུབ་སྙིང་པོ་དོན་གཉེར་བས།། འདི་འདྲ ་འཁོར་ལོ་ཅན་སྒོམ་ཞིང་། ། བསྒྲིམས་ནས་རྣལ་འབྱོར་བསྒོམས་པ་ཡིས།། རིང་པོ་མི་ཐོགས་འདོད་པ་འཐོབ།། བྱང་ཆུབ་སྙིང་པོ་ཐམས་ཅད་ཀྱི་རྒྱན་གྱི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཛཾ་གྱི་ཡེ་ཤེས་ལས་བསྒྲུབས་པ།། ་གནོད་སྦྱིན་གནོད་གནས་སྐུ་གསུམ་ཅན།། ཞལ་རས་གསུམ་པ་ཕྱག་གཉིས་ན།། བི་ཛ་བུ་རི་ནེའུ་ལེ་ཅན།། པད་མའི་གདན་ལ་བཞུགས་པའམ།། ཡང་ན་བཟང་པོའི་འདུག་སྟང་བ་གནས།། ངོས་ན་རྒྱན་རྣམས་ཐམས་ཅད་ཀྱིས།། ་བརྒྱན་པའི་གདོད་སྦྱིན་མོ་བཞིདག། རིན་ཆེན་ཆ་པའབབས་པར་བྱེད།། མག་པོའི་སྟེང་ན་སངས་རྒྱས་ལྔ།། དེ་ཡི་ཅོད་པན་བཟང་པོ་ཡི།། གཡོན་ཕྱོགས་རྩེ་བྲན་རྒྱན་ཡང་ཆགས།། སངས་རྒྱས་རྣམས་ཀྱིས་སྤྲིན་འཕྲོ་ནཔ། ་རིན་ཆེན་ཆར་པ་འབེབས་པར་མཛད།། གང་ཞིག་ནོར་རྫས་འདོད་པ་ཡིས།། གནོད་གནས་འདི་འདྲ་བསྒོམ་བྱས་ན།། དེ་ཡིས་ཆེན་ནོར་རྫས་ཀྱིས།། རིང་བོར་མི་ཐོགས་གང་བར་འགྱུར།། ལག་ན་རྡོ་རྗེས་བདུད་རྩི་ཡི།། ཆུ་ཡང་རྟག་ཏུ ་དབུལ་བར་བྱ། ། རིན་པོ་ཆེ་སྤྲིན་སྦྱིན་པའི་ཆར་པ་འབེབས་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། མ་ཡི་ཡེ་ཤེས་ལས་བསྒྲུབས་པའི།། ཉི་མའི་འོད་ལྔ་འོད་ཟེར་ཅན།། རྟ་བདུན་ལྡན་པའི་ཤིང་ལྟར་བཞུགས། ་འབར་བའི་དཀྱིལ་འཁོར་སྣང་མཛད་པ།། ཞལ་རས་གསུམ་པ་སྤྱན་གསུམ་ལྡན།། ཕྱག་དྲུག་ཁ་དོག་སེར་པོར་སྣང་།། ཕྱོགས་བཅུ་བསྲུང་བར་བརྩོན་པ་སྟེ།། འཇོ་སྒེག་ཚུལ་དུ་ཞལ་ཡང་བཞད།། ན་ཆུད་རྒྱན་ནི་གཡོ་བ ་ཅན། ། ཅོད་པན་རྫོགས་པའི་སངས་རྒྱས་ལྔ།། ཐོར་ཚུགས་མེ་ཏོག་རྣམས་ཀྱིས་བརྒྱན།། གཡས་པའི་ཕྱག་ན་རྡོ་རྗེ་སྟེ།། གཉིས་པ་ན་ནི་ཁབསྐུད་བསྡམས།། གསུམ་པ་ན་ནི་མདའ་ཡང་གསོར།། གཡོན་པ་སྡིགས་འཛུབ ་ཞགས་པ་ཅན། ། གཉིས་པ་ཨ་ཤོའི་ཡལ་ག་སྟེ།། གསུམ་པན་ནི་གཞུ་ཉིད་དོ།། གཟུགས་བརྙན་མང་པོའི་འཕྲོ་བ་ཡིས།། སྡང་བའི་སེམས་ཅན་བཅིང་བ་དང་།། མིག་དང་ཁ་ནི་འབྲུ་བར་བྱེད།། གསང་སྔགས་བཟླས་བརྗོད་འབད་པ ་དག། གལ་ཏེ་བྱང་ཆུབ་མཆོག་འདོད་ན།། ལྷ་མོ་ཧཱུཾ་མཛད་བསྒོམ་པར་བྱ།། འདི་ནི་བསྒོམ་པར་བྱེད་པ་ཡིས།། དབང་དུ་སེམས་ཅན་རབ་ཏུ་འགྲོ།། སྡང་བ་རྣམས་ཀྱིས་མི་ཚུགས་པར་བྱེད་པའི་རྡོ་རྗེ་མཆོག་རབ་ཅེས་བྱ་བའི་ཏིང་ངེ་འཛིན ་ཏོ། ། པ་ཡི་ཡེ་ཤེས་ལས་བསྒྲུབས་པའི།། རིག་པའི་རི་ཁོད་ཤིང་ལོ་ཅན།། ཞལ་རས་གསུམ་པ་སྤྱར་གསུམ་པ།། ཞལ་རས་བཞད་ཅིང་ཁྲོ་དང་བཅས།། རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ།། ན་ཆུང་གཞོན་ནུ་ཕྱག་དྲུག་མ།། གཡས ་པའི་ཕྱག་ན་རྡོ་རྗེ་སྟེ། ། གཉིས་པ་ན་ནི་དགྲ་སྟ་ཉིད།། གསུམ་པ་མདའ་ཡང་རྣམ་པར་གསོར།། གཡོན་པ་སྡིགས་འཛུབ་ཞགས་པ་ཅན།། གཉིས་པ་ཤིང་ལོའི་བམ་པོ་སྟེ།། ཕྱག་གསུམ་པ་ན་གཞུ་ཉིད་དོ།། ཐོར་ཚུགས་མེ་ཏོག་ཕྲེང ་བས་བརྒྱན། ། དེ་སྟེ་ཁ་དོག་ལྔ་པོ་དག། རབ་ཏུ་འདྲིས་པའི་སངས་རྒྱས་བཞུགས།། མདོག་སེར་པད་མའི་གདན་ལ་བཞུགས།། དཀྱིལ་འཁོར་དམར་པོ་ཆེར་འབར་བ།། ཁྲོ་བོའི་སྤྲིན་འཕྲོ་སྡུད་མཛད་ཅིང་།། གདོན་གང་སྐྱེས་དགུའི ་ནད་གནས་པ། ། དེ་དག་ཁྲོ་བོའི་མེས་ཀྱང་སྲེག། ཕྱིར་ཡང་སྲེགས་ནས་སངས་རྒྱས་ཀྱི།། ཁ་དོག་བདུད་རྩི་ཆར་ཁེབས་མཛད།། དེ་འདྲན་ལ་འབྱོར་གྱིས་བསྒོམས་ན།། མིང་ས་ཐམས་ཅད་ནི་བ་མཛད།། ནད་ཐམས་ཅད་ཞིབར། ་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཛ་ཡི་ཡེ་ཤེས་ལས་བསྒྲུབས་པ།། རིག་སྔགས་མཚན་ནི་དུག་སེལ་མ།། སྦྲུལ་མགོ་བདུན་གྱི་གདངས་གཅན།། ནོར་བུའི་བ.རབས་བརྒྱན་པ་སྟེ།། ཞལ་རས་གསུམ ་པབསྤྱན་གསུམ་པ། ། གཞོན་ནུ་མཚན་ནི་འབར་བ་ཅན།། བཞད་ཅིང་ཁྲོ་དང་བཅས་པ་སྟེ།། སྦྲུལ་གྱི་སྐ་རགས་དག་གིས་བརྒྱན།། ཕྱག་དྲུག་རོལ་པའི་སྟང་སྟབས་ཅན།། མགོ་ཡི་སྟེང་ན་མི་འཁྲགས་བཞུགས།། གཡས ་བའི་བྲག་དང་རྗེག། ། གཉིས་པ་པམ་གྲ་ཐོགས་པར་བཅོན།། བྲག་གསུམ་བ་དག་བབས་པས།། གང་བས་སུལ་གྱིས་མང་ལ་མ་གསར།། ཡོན་པརྫོགས་འདུ་བྱནགས་པ་ཅན།། གཉིས་བདུན་ནམ་ཏན་ཅན། ་ཕྱག་གསུམ་པ་དགའུ་ཉིད་དོ།། དབུ་བརྒྱན་མེ་ཏོག་རྣམས་ཀྱིས་བརྒྱད།། གསེར་མདོག་པད་མའི་གདན་ལ་བཞུགས།། འོད་ནི་དམར་པོའི་དཀྱིལ་འཁོར་ཅན།། ཛ་རྣམས་འཕྲོ་བས་བསྐོར་བ་སྟེ། ཀུན་ནས་འབར་བ་རྣམས ་ཀྱིས་ཁེབས། ། སངས་རྒྱས་གཟུགས་བརྙན་འགྲོ་བ་ཅན།། ཕྱག་བཟང་བུམ་པ་ཟླ་འདྲ་བའི།། ཁ་ནི་ཛ་ཡིས་རྣམ་བརྒྱན་པས།། དུག་གིས་ཕོག་པ་རྣམས་ལ་ལྡུགས།། རྟག་ཏུ་སྐུ་གསུམ་དུག་སེལ་མ།། དུག་གིས་བོག་པ་རྣམ། ་ལ་བསྒོམ།། དེ་ལྟར་བསྒོམ་པར་བྱས་པ་ཡིས།། རིང་པོར་མི་ཐོགས་བྱང་ཆུབ་འཐོབ།། ཉོན་མོངས་རྣམས་ཀྱི་དུག་སེལ་བ།། གདེངས་ཀའི་དབང་པོ་རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཏི་ཡི་ཡེ་ཤེས་ལས ་བསྒྲུབས་པ། ། སུ་ཆེན་ཧལ་ཧ་ལ་སྟེ།། ཞལ་རས་གསུམ་པ་སྤྱན་གསུམ་པ།། ཐོར་ཚུགས་ཅོད་པན་རྣམས་ཀྱིས་བཅན།། ཟླ་བ་ཚེས་པ་བསྡམས་པའི་ལྷ།། དབུ་རྒྱན་ཐོང་བདག་གིས་བརྒྱན།། ཐོར་ཚུགས་རྒྱལ་པོའི་སྐུག་རྫས ་བཞུགས། ། རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ།། པད་མ་དཀར་པོ་ལྟ་བུར་སྣང་།། སེམས་སྟོབས་ལྡན་པའི་འཇོ་ཚུལ་ཅན།། ཕྱག་བརྒྱད་ཞལ་ཡང་བཞད་པ་སྟེ།། སླད་གཡོགས་སྟག་གི་ལྤགས་པ་མནབས།། གཡས་པའི ་ཕྱག་ན་རྡོ་རྗེ་སྟི། ། གཉིས་པ་བཟང་ནོར་ཕྲེང་བ་ཅན།། གསུམ་པ་ཡིས་ནི་མདའ་ཡང་གསོར།། གཡོན་པ་པདམས་རྣམ་པར་བརྒྱན།། གཉིས་པ་ཡིས་ནི་ནུམ་འཛིན།། གསུམ་པ་ན་ནི་གཞུ་ཉིད་དོ།། གཡས་པ་མདུང་རྩེ་གསུམ ་པ་ལ། ། སྦྲུལ་གྱིས་ཡོངས་སུ་དཀྲིས་པ་སྟེ།། གཡོན་ན་ཐོད་པ་དྲི་ཞིམ་པའི།། མེ་ཏོག་སྣ་ཚོགས་ཀྱིས་བཀར་བ།། པད་མ་དམར་པོ་ལ་བཞུགས་པ།། རོལ་པའི་སྟེང་ཐབས་ཚུལ་དུ་གནས།། རིན་ཆེན་རི་བུག་ནང་བཞུགས་པར ་རྣལ་འབྱང་སམས་ངས་བརྣམ་པར་བྱ། ། སངས་ནས་དང་བཞན་གནགས་དང།། ཚེ་འབྲལ་ཅན་པ་མཆགས་འབྱུང་།། རྣམ་པར་མག་རྣམས།། འགསམམས་ཅ་ན་བྱེ ་སྔགས་པས་སགས་བརྗོད་ཅིང་། ། རིམ་བཞིན་རྣལ་འབྱར་གྱིས་བསྐམས་ན།། བྱང་ཆུབ་བླང་དུ་ཐོབ་འགྱུར་ཞིང་།། བླན་མེད་པ་བདེ་བ་འཛིདན།། འདོད་པ་ཐམས་ཅ་དང་བ་བསྒྲུབ་པ།། ཧ་ལ་ཏ་ལ་ཡོངས་སུ་མཉེས་པར་བྱེད་པའི་མ ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། སའི་ཡེ་ཤེས་ལས་བསྒྲུབས་པ།། སྟོང་ཆེན་རབ་ཏུ་འཇོམས་མཛད་པ།། ལྷ་མོ་ནད་ཀུན་འཕྲོག་མ་སྟེ། སྡང་བའི་སེམས་ཅན་འཇོམས་མཛད་མ།། ཕྱག་སྟོང་ལྡན་ཞིང་དབུ་སྟོང་ལ།། སྤྱན ་གསུམ་དག་གིས་རྣམ་པར་བརྒྱན། ། བཙོན་ཆེན་ཕྱག་བརྒྱད་ཁྲོ་བ་དང་།། སྟེག་པའི་ཐབས་ཀྱིས་དགོངས་པ་ཅན།། ཕྱག་ཡས་མཆོད་སྦྱིན་ལྷ་རྫས་ཀྱེ།། རལ་གྲི་ལྕགས་ཀྱུ་མདའ་དང་ལྡན།། ཕྱག་གཡོན་པད་མོ་རྡོ་རྗེ་ནོར། ་ཞགས་པ་གཞུ་དང་སྟ་རེ་ཅན།། མདོག་དམར་ཞལ་རས་བཞི་པ་སྟེ།། བགེགས་སྟོང་འཇོམས་པར་མཛད་པ་ཡིན།། རང་གི་རྣལ་འབྱོར་ལ་བརྩོན་པས།། ནམ་མཁའི་མཐའ་གཏུགས་འཇུག་ཅིང་སྤྲོ།། གླང་པོ་རྟ་དང་སྨྲས ་པདག། ཟ་བར་མཛད་མ་ཕྲེང་བ་ཅན།། དེ་ཡི་ལས་ཀྱིས་བསྐུལ་བ་ཡིས།། གསང་སྔགས་དཔའ་བོས་གནོན་པར་བྱ།། རྣལ་འབྱོར་དབང་ཕྱུག་ལས་འདོད་པས།། འདི་བྱས་པས་ནི་སྲུང་བར་འགྱུར།། དཔུང་ཆེན་པོ་ལ་རྣམ ་པར་ལྟ་བ་ཐམས་ཅད་སྲུང་བ་སྟོབས་ཀྱི་མཆོག་སྟོང་ཆེན་པོ་རྣམ་པར་འཇོམས་པའི་ཡེ་ཤེས་ཀྱིས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ཛཱཾ་ཞེས་བྱ་བས་བསྐྱེད་པ་ཡི།། སྡིགས་པའི་འཛུབ་མོའི་ཕྱག་རྒྱ་ཅན།། ་དྲག་མོ་ཆེན་མོ་ཞལ་བཞི་པ།། སྤྱན་གསུམ་ཕྱག་བརྒྱད་ཀྱིས་རྣམས་བརྒྱན།། ། རལ་གྲི།། ། གཏུན་ཤིང་།། འཁོར་ལོ། མདའ་། མདུང་རྩི་གསུམ་པ། རྡོ་རྗེ། གཞུ།། ཆོམ་རྐུན ་འཛུབ་མས་སྔགས་པས། ། རྡོ་རྗེ་ལངས་འབྱུང་བ་དག། མཐང་བས་དཔུང་རྣམས་བཅལ་གཏང་བས།། ལྷ་མ་རྟག་ཏུ་བསྐམས་ནན།། རང་བ་མ་ཐགས་བྱང་ཆུབ་བབ།། འཇིག་ཏན་གསུམ་རྣམ་པར་འཇམས ་པ་ལ་མཁས་པ་མཆོག་གི་རྩེ་མོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། པྲ་ཡི་ཡེ་ཤེས་ལས་བསྒྲུབས་པ།། སྟོབས་ཆེན་ཕ་རོལ་གནོན་མཛདཔ། སྤྱན་གསུམ་ཕྱག་བརྒྱད་གན། ་རལ་གྲྀ།། ། འཁོར་ལོ།། མདུང་རྩེ་གསུམ་ཡི་ས་ཅན་ཕྱག་གཡོན་ན། ཨུ0f7fཞགས་པ་དགྲས།། གང།། སྣམས་པ་སྡང་བའི་བགེགས་ལྟུང་མཛོད།། བུ་མ་འཚེ་དང་མ ་གཤམ་དག། གསང་བའི་དཀྱིལ་འཁོར་བཅུགནས་སུ།། ལྷ་རྣམས་ཀུན་གྱི་བུམ་པ་འཛིན།། སློབ་དཔོན་གྱིས་ནི་དབང་བསྐུར་ཞིང་།། དེ་ཡི་མངལ་དུ་བྱིས་པ་ནི།། འཇམ་པའི་གཟུགས་ཅན་འཇུག་པར་བསམ།། ཞགས ་པའི་ཕྱག་རྒྱས་མཚན་ངན་ནས། ། སྐྱེས་པ་གཟུགས་ཅན་འབྱུང་བ་དང་།། དྲན་པ་ཡིས་ནི་བྲལ་ནས་ཀྱང་།། མངལ་ནི་བསོད་ནམས་དག་གིས་སྤེལ།། མངལ་ཐམས་ཅད་རྣམ་པར་ལྟ་བ་སོ་སོར་འབྲང་མའི་ཡེ་ཤེས་ཀྱིས་རྣམ ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། བ་ཡེ་ཡ་ཤེས་རོལ་པས་བསྒྱུད།། ལྷ་མོ་ནར་གྱི་པོ་གྲོས་པ།། གཟི་མན་གསེར་ཀྱི་མདོག་ཅན་ལ།། ཕྱག་དྲུག་ལང་ཅོ་དང་ལ་བག།། རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། ་འཛེ་སྒེག་ཐབས་བཅས་འབར་བ་སྟེ།། དེའི་ཕྱག་གཡས་མཆོག་སྦྱིན་མཛད།། གཉིས་པས་འབྲུ་ཡི་སྙེ་མ་ཅན།། གསུམ་པ་ཡིས་ནི་མདའ་ཡང་གསོར།། ཕྱག་གཡོན་ཡིད་བཞིན་ནོར་བུ་དང་།། རིན་ཆེན་ཆར་འབེབྲས ་གཞུ་ཡང་འཛིན། ། གྲོགས་མེའི་སྐྱབོས་ཡོངས་བསྐོར་ཅིང་།། མངག་གཞག་གདོད་སྦྱིན་མོ་ཡི་གཟུགས།། རིན་ཆེན་ཆ་རབ་འབེབས་པ་དང་།། ནོར་ཀུན་གྱི་ནི་ཆར་པ་དང་།། འབེབས་པར་བྱེད་པ་བསམ་པར་བྱ། ་ནོར་གྱི་བློ་གྲོས་ཆེན་མོ་འདི།། དེ་ལྟར་སྔགས་པས་སྒོམས་ན་དེས།། དཔག་ཚད་བདུན་ནི་རྒྱས་པར་ཡང་།། ནོར་གྱི་ཆར་གྱིས་ཁྱབ་པར་མཛད།། བྱང་ཆུབ་སྦྱིན་མཆོག་དམ་པ་མ།། དེ་ལྟར་རྣལ་འབྱོར་བདག་ཉིད ་བསྒོམ། ། ནོར་གྱི་རྒྱུན་གྱི་ཆར་རབ་ཏུ་འབེབས་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། པ་ཡི་ཡེ་ཤེས་ལས་བསྒྲུབས་པ།། སྲིན་མོ་འབར་བའི་གློག་ཕྲེང་ཅན།། མིང་ནི་དངུལ་དཀར་ལས་སྐྱེས་མོ།། སྟོབས་མོ་ཆེ་ལས་པ ་རོལ་གནོན། ། གསུས་འཕྱང་མོ་ལ་མཆེ་བརྩིགས་མ།། སྐེ་སར་ཁམ་པ་གྱེན་དུ་བརྫེས།། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ།། སྤྱི་བོ་ནི་མི་འཁྲུགས་བཞུགས། བདུན་ཉིད་དང་བརྒྱ་།། སུནན ་གསུམ་གསུམ་ཐོད་ཕྲེང་ལྡན། ། དྲག་མོ་ལ་གན་ག་ཡི།། བཀང་བའི་ཐོད་པ་ཐོགས་པཏེ། སླད་གཡོགས་སེང་གེའི་ལྤགས་པས་གཡོགས།། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན།། རལ་གྲི་ལྕགས་ཀྱུ ་འཁོར་ལོ་ག། ཏན་ཤིང་ང་རྩེ་གསུམ་པ་དང་། དྲིལ་བུ་དང་། བ་དན་བྷ། མདུང་མཆོག་སྦྱིན།། གཞུ་མདའ་མདུང་ཐུང་བཙོན་དང་། ཞགས་པ་དགྲསྟ། ཐོབ་ཐོགས། ་རྒྱན་རྣམས་ཀྱིས་ནི་ལུས་པ་བརྒྱན་པ།། མདོག་གནག་པ།། པད་མའི་གདན་ལ་རོལ་པའི་སྟབས་ཀྱི་ནི་དང་མི་ག་ན་ཐུགས་སྡང་བ་དག་ཡུང་ལ་ཞེ་བརྗོད་འདི་ལྟ་བུའི།། རྟག་ཏུ་ཧཱུ~ཾ་གིས་ཧཱུ~ཾ་མཛད་པ།། བཟླས་བརྗོད་ཡང་དག་ལྡན ་པར་བསྒོམ། ། སེམས་ཅན་ཀུན་དོན་ཚོགས་པ་ཡི།། བྱང་ཆུབ་རིང་པོར་མ་ཐོགས་འཐོབ།། སེམས་ཅན་ཐམས་ཅད་འཆིང་བར་བྱེད་པའི་མཆོག་བྱང་ཆུབ་ཀྱི་སྙིང་པོར་རྣམ་པར་རྒྱལ་བའི་སྟོབས་ཞེས་བྱ་བའི་ཏིང་འཛིན་ཏེ། ་ཤེས་བྱ་འི་བ་རྣམ་པ་ཟུགས།། སྤྱན་རྣམས་ཀུན་གྱིས་བརྒྱན་པ་ཏེ།། ན་ཆུང་བཞིན་དུ་འདྲོ་ཚུལ་ཅན།། ས་སུ་རྨུགས་བྱེད་དུ་བཟུང་།། དེ་བཞི་ན་གང་གསགས་ཀྱ་།། ལ་། ངས་པ་གས་པ་ས། ་དོག་ལྔ་པ་ཡི།། མེ་ཏོག་འཕྲུལ་བ་རྣམས་ཀྱིས་བརྒྱན།། གསེར་གྱིས་མདོག་ཅན་བཞིན་འཛུམ་པ།། བྱེད་ཟུར་པས་ནི་རྣམ་པར་རོལ།། དཔག་བསམ་ཤིང་གིས་བརྒྱན་པ་ཡི།། རིན་ཆེན་རིལ་ལེགས་པར་བཞུགས།། འཇམ ་པའི་ཁྲོ་བོ་རྡོ་རྗེ་ཡིས། ། དེ་ཡི་མགོ་བོ་མནན་ནས་བཞུགས།། ཐ་མ་ཐོག་ཐག་གནོད་སྦྱིན་མོས།། ནམ་མཁའ་གང་བར་བསྒོམ་པར་བྱ།། གནོད་སྦྱིན་མོ་ཐམས་ཅད་སྒྲུབ་པའི་མཆོག་རབ་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། སྔགས ་ལ་ཨོཾ་ཨཱཿཧཱུཾ། ཡི་གེ་གསུམ་པ་མིག་གསུམ་གཟུགས།། ཁྱབ་འཇུག་ལྷ་ཆེན་མེས་པོ་སྟེ།། གདོང་གསུམ་རང་གི་མཚོན་ཐོགས་ལ།། རྡོ་རྗེ་ཧཱུཾ་མཛད་ཀྱིས་བསྐུལ་ཅིང་།། རྡོ་རྗེ་ཏིང་ངེ་འཛིན་བསྒོམས་ནས།། མོད་ལ་དངོས་གྲུབ ་ཐོབ་པར་འགྱུར། ། འཇིག་རྟེན་ཐམས་ཅད་གྲུབ་པ་མིག་གསུམ་རྣམ་པར་རོལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིད་ཏོ།། གཞན་ཡང་གསང་སྔགས་ཡི་གེ་ཡི།། ས་བོན་གང་གིས་སྦྱར་བྱས་ཏེ།། རྡོ་རྗེ་ཡིག་འབྲུ་རྣམས་བསྒོམས་ནས། ་དེ་དག་མ་བསྒྲིམས་བཞིན་དུ་འགྲུབ།། འཕྲོག་མ་འཕྲོག་བྱེད་ལས་སྐྱེས་པའི།། བུ་ནི་ལྔ་བརྒྱ་པོ་རྣམས་དང་།། ལྔ་རྩེན་དང་ནི་དཔལ་ཅན་མ།། མྱུར་བ་ཉིད་དུ་འགྲུབ་པར་འགྱུར།། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་ཏིང་ངེ ་འཛིན་རིམ་པར་བྱེ་བའི་ལེའུ་སྟེ་བཞི་པའོ། ། །། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞི་བར་ལྟ་བ་རྡུལ་དང་བྲལ་བའི ་མཆོག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ལས་སྣ་ཚོགས་ཀྱི་ཡེ་ཤེས་སྐྱེད་པར་མཛད་པ་འདི་དམ་ཚིག་གསུམ་གྱི་རྡོ་རྗེ་ལས་ཕྱུང་ངོ་། ། ཨོཾ་བྷ་ག་བ་ཏཱི་རུ་རུ་སཱུ་རུ ་ཛྭ་ལ་ཏིཥྛ་སིད་དྷ་ལོ་ཙ་ནི་སརྦ་ཨ་དྷ་སཱ་དྷ་ནི་སྭཱ་ཧཱ། ། དེ་ནས་ལས་ཐམས་ཅད་རབ་ཏུ་རྫོགས་པར་བྱེད་པ་འདི་གསུངས་པ་ཙམ་གྱིས།། སངས་རྒྱས་རྣམས་ནི་ཐམས་ཅད་དང་།། བྱང་ཆུབ་སེམས་དཔའ་མཁས་རྣམས་དགྱེས།། ་བདུད་ཀྱི་དཔུང་རྣམས་འདས་འགྱུར་ཏེ།། སངས་རྒྱས་རྡོ་རྗེ་རྗེས་པར་བྱེད།། ཞི་བ་སངས་རྒྱས་རྣམས་ཀྱི་ཡུམ།། རྡོ་རྗེ་དམ་ཚིག་གིས་བསྐུལ་ན།། ཤི་བ་རྣམས་ལ་སྲོག་སྦྱིན་མཛད།། མ་གྲུབ་པ་རྣམས་གྲུབ ་པར་རྩོལ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེ་དེ་བཞིན་གཤེགས་པ་སྐུ་གསུམ་རྡོ་རྗེ་འབར་བའི་མཆོག་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་འཆང་མཆོག་ཐམས་ཅད ་སྐྱེད་པའི་ཡུམ་རྡོ་རྗེ་དཀྱིལ་འཁོར་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་རབ་ཏུ་གྲུབ་པར་བྱེད་པ་འདི་ཕྱུང་ངོ་། ། ཨོཾ་ཤཾ་ཀ་རེ། ཤཱན་ཏི་ཀ་རི། གྷུ་ཏ་གྷུ་ཏ་གྷཱ་ཏི་གྷཱ་ཏི་ཡ་གྷཱ་ཏི་ནི་སྭཱ་ཧཱ།། དེ་ནས་འདི་ནི་གསུངས་ཙམ་གྱིས།། རྡོ་རྗེ་གསུམ ་ལས་སྐྱེས་གྱུར་པ། ། ཐམས་ཅད་ཀྱི་ནི་མིག་ཕྱེན་པ།། རྡོ་རྗེ་ཤུགས་ནི་རྗེས་དྲན་གྱུར།། སྒྲུབ་པ་ཐམས་ཅད་བསྲུང་མཛད་མ།། དེ་བཞིན་ལས་རྣམས་སྒྲུབ་པ་ཡིས།། སྡིག་པ་ཐམས་ཅད་འཇོམས་མ་སྟེ།། ཞི་དང་རྒྱས་དང་འབྲེལ ་མཛད་མའོ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འདོད་ཆགས་ཆེན་པོས་ཞོན་པ་པད་མ་གར་གྱི་སྟང་སྟབས་ཐུགས་ཀྱི་རྡོ་རྗེ་གསུམ་གྱིས་རྣམ་པར་འཐོབ་པའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ནས་ཆོས་ཐམས་ཅད་འཛིན་པ་མཆོག་གི་ཡུམ་འདི་རྡོ་རྗེ་གསུམ་རྣམས་ལས་ཕྱུང་ངོ་། ། ཨོཾ་ཀ་ཊེ་བི་ཀ་ཊེ་ཀ་ཊ~ཾ་ཀ་ཊེ་སྭཱ་ཧཱ།། དེ་ནས་ཆོས་ཀྱི་རྒྱལ་མཚན་མཆོག། དམ་པ་འདི་ནི་གསུངས་ཙམ་གྱིས།། ཏིང་ངེ་འཛིན ་གྱིས་མིག་ཕྱེ་ནས། ། རྡོ་རྗེ་པད་མ་རྗེས་དྲན་བྱེད།། རྒྱས་པ་ཆེན་པོ་ཡུམ་ཡིན་ཏེ།། ཆོས་མཛོད་རྣམས་པར་འཕེལ་མཛད་མ།། བསྒོམས་ཤིང་བསྟན་ཏེ་བཟླས་བརྗོད་ན།། རྒྱ་ཆེར་སྲུང་བར་མཛད་པ་ཡིན།། དེ་ནས་བཅོམ ་ལྡན་འདས་ཀྱིས་ཐམས་ཅད་དབང་དུ་བྱ་བ་ཁོང་དུ་ཆུད་པས། ། རྡོ་རྗེ་གསུམ་མཉམ་པ་ཉིད་ཀྱིས་དགའ་བར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཡེ་ཤེས་ལ་འཇུག་པར་བྱེད་པར་ས་ཚོགས་ཐམ ་ཅད་འཆང་བའི་ཡུམ་གྱི་སྒྲོལ་མ་འདི་གསུངས་སོ། ། ཨོཾ་ཏཱིར་ཏུ་ཏྟཱ་ར་ཏུ་རེ་སྭཱ་ཧཱ།། དེ་ནས་འདི་ནི་གསུངས་ཙམ་གྱིས།། སངས་རྒྱས་ཀུན་དང་སྲས་ཀྱི་རྣམས།། སྤྱན་ཕྱེ་རྣམ་པར་གདངས་ནས་སུ།། ཡེ་ཤེས་རྡོ་རྗེ་ལྡན་པ་དྲན།། ་ལྷ་མོ་བཟླས་བརྗོད་བྱས་ཙམ་གྱིས།། སྐྱེ་དགུ་རྣམས་ནི་མངག་གཞུག་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་ཡེ་ཤེས་ལ་འཇུག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས།། ་པར་ཞུགས་ནས་འདི་རྡོ་རྗེ་གསུམ་ལས་ཕྱུང་ངོ་།། ན་མཿས་མན་ཏ་བུད་དྷཱ་ཎཱཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་དུཥྚ་སཱ་ཏཱ་དམ་ཀ། ཨ་སི་མུ་ལ་པཱ་ར་ཤུ་པཱ་ཤ་ཧསྟ།། ཙ་དྷ་ར་མུ་ཥེ། ཙ་ཏུར་བྷུ་ཛ། ཤ་ཊ་ཙ་ར་ཎ། ཨཱ་གཙྪ། ཨཱ་གཙྪ། ་སརྦ་དུཥྚ་པྲཱ་ཎ་ཨ་བ་ཏ་རི་ཎེ། མ་ཧཱ་བི་གྷཱ་གྷཱ་ཏ་ཀ། བི་ཀྲི་ཏེ་ཨཱ་ནན། སརྦ་བྷཱུ་ཏ་བྷ་ཡཽ་ཀ་ར། ཨཊྚཱ་ཊྚ་ཧ་ས་ནཱ་དི་ན། བྱཱ་གྷྲ་ཙ་ར་མ་ནི་བ་ས་ན། ཀུ་རུ་ཀུ་རུ། སརྦ་ཀ་མཱ་ནི། ཚིན་དྷ་ཚིན་དྷ་སརྦ་མཱན་ཏཱན། བྷིན་དྷ་བྷིན་དྷ་བ་ར་མ་དྲཱ་ན། ་ཨཱ་ཀར་ཥེ་ཡ།། ཨཱ་ཀར་ཥ་ཡ།། སརྦ་བྷཱུ་ཏ་ན།། མ་ཐ་མ་ཐ། ནར་མ་ཐ་ནི་ར་མ་ཐ། སརྦ་དུཥྚཱ་ན། པྲེ་བི་ཤ་ཡ། མཎ་ཌ་ལ་མ་དྷྱེ་བཻ་བ་ཤྭ་ཏ། ཛཱི་བི་ཏཱན་ཏ་ཀ་ར། ཀུ་རུ་ཀུ་རུ། མ་མཱ་ཀཨཱརྱ། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་བི་ལམ་བི་མཱ ་བི་ལ་མ་པ། ས་མ་ཡ་མ་ནུ་སྨ་ར། ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ། བི་སྥོ་ཊ་ཡ་བི་སྥོ་ཏཱ་ཡ།། སརྦཱ་ན་ནཱ་ཤ་ཡ་རི་པཱུ་ན། ཀ་ར་ཀ་ར། བིགྷྣཱ་ན~ཾ་སརྦ་ཨ་ཤཱ་པ་རི་པཱུ་ར་ཀ། ཧེ་ཧེ་བྷ་ག་བཱན། ཀིན་ཙི་ར་ཡ་སི། མ་མ་སརྦ་ཨརྠཱ་སཱ་དྷ་ཡ་སྭཱ་ཧཱ།། དེ ་ནས་ཁྲོ་བོ་འདི་གསུངས་པས། ། སངས་རྒྱས་བྱང་ཆུབ་སེམས་མཁས་ཀུན།། འདར་ཞིང་འཇིགས་པ་སྐྱེས་གྱུར་ནས།། གཙོ་བོ་རྡོ་རྗེ་རྣམ་སྣང་མཛད།། རྡོ་རྗེ་རབ་དྲ་བ་ཡིན།། ཡེ་ཤེས་སྣ་ཚོགས་ཅན་ལ་ལྟ།། སྲུབས ་གཅིག་པའམ་སྲུབས་གཉིས་པའི་ཐོད་པ་བཟང་པོ་རྙེད་པ་དང་། ། རྐང་པ་རྗེས་པའི་ཆོ་ག་ལ།། ལྷ་མོ་བཞིའི་སྦྱོར་བ་དང་།། སངས་རྒྱས་ལྔ་ཡིས་བྱིན་བརླབས་ཏེ།། སྐུ་ག་སུམ་དབྱེར་མེད་བསྒོམས་ནས་སུ།། མྱུར་བར ་ཁུགས་ཀྱི་བར་དུ་ནི། ། རྐང་པས་མནན་ཏེ་བཟླས་བརྗོད་བྱ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོས་བཀའ་སྩལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་རྡོ་རྗེ་གདོན་མི་ཟ་བའི ་མཆོག་སྤྲིན་ཆེན་པོ་ནམ་མཁའི་རྡོ་རྗེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་གསུམ་རྣམས་ལས་སྙིང་པོ་འདི་གསུངས་སོ། ། ན་མཿས་མན་ཏ་བུད་དྷ་ཎཱཾ། ན་མོ་བཛྲ་ཀྲོ་དྷ་ཡ། མ་ཧཱ་དཥྚོ་ཏ་ཀ་ཊ་བྷཻ་ར་བཱ་ཡ། ཨ་སི་མུ ་ཥ་ལ། བ་ར་ཤུ་བཱ་ཤ་ཧ་ཏ་ཡ། ཨོཾ་ཨ་མྲི་ཏ་ཀུཎ་ཌ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫྫ་གརྫྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བགྣི་བི་ནཱ་ཡ་ཀཱན། མ་ཧཱ་ག་ཎ་བ་ཏི། ཛཱི་བི་ཏཱ་ན་ཏ ་ཀར་ཡ་སྭཱ་ཧཱ། ཁྲོ་བོ་ཆེན་པོ་གསུངས་པ་ཡིས།། གྲགས་ཆེན་སངས་རྒྱས་ཐམས་ཅད་ནི། ཡིད་ཕྱུང་ནས་ནི་སྐྲག་པར་འགྱུར།། ལོག་འདྲེན་རྣམས་དང་བགེགས་རྣམས་འདར།། སྐུ་གསུམ་ཡེ་ཤེས་མཆོག་མངའ་བའི།། ་རྡོ་རྗེ་རྣམ་སྣང་མཛད་པ་པོ།། དེའི་རྐང་རྗེས་ས་དང་ནི།། རླུང་གིས་བཙུགས་པའི་ཤིང་ལོ་ལ།། ཁྲོ་བོའི་འཁོར་ལོར་གཟིར་ནས་སུ།། ཚོགས་བདག་རྐང་པའི་དྲུག་ཏུ་བཞག། ཧཱུཾ་དང་ཕཊ་ཀྱིས་བསྐུལ་ནས་སུ།། བསྐྲད་པའི ་སྦྱོར་བ་བྱས་ནས་ནི། ། སངས་རྒྱས་རྡོ་རྗེ་ཅན་ཡང་སྐྲོད།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་གྱིས་རིན་ཆེན་འཕྲོ་བའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ ་ཞེས་བྱ་བའི་ཁྲོ་བོ་ཆེན་པོ་སྐུ་གསུམ་རྣམས་ལས་ཕྱུང་ངོ་། ། ན་མཿས་མན་ཏ་ཀཱ་ཡ་བཱ་ག་ཙི་ཏ་ཏ་བཛྲཱ་ཎཱཾ། ཨོཾ་ཧཱུཾ་ཛི་ན་ར་ནི་ཏིནྣ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།། དེ་ནས་ཁྲོ་བོ་འདི་བརྗོད་པས།། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས ་འཇིག་པར་འགྱུར་ཅིང་སྐྲག་གྱུར་ནས། ། གཙོ་བོ་རྣམ་སྣང་མཛད་པ་དྲན།། སྲིན་པོ་འབྱུང་པོ་དང་མཁའ་འགྲོ།། སྐེམ་བྱེད་གདོན་ནམས་གཟིར་བ་ལ།། རྡོ་རྗེ་གཟིར་བའི་སྦྱོར་བ་ཡིས།། ཧཱུཾ་ཙམ་གྱིས་ཀྱང་ལས་བྱེད་དོ།། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་མཐའ་ཡས་ཀྱིས་ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པ་ཀྲ། སྡུད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་པད་མའི་ཁྲོ་བོ་ཆེན་པོ་འདི་སྐུ ་གསུམ་རྣམས་ལས་ཕྱུང་ངོ་། ། ན་མཿས་མན་ཏ་བུད་དྷ་ཎཱཾ། ཨོཾ་ཧཱུཾ་ཧཱུཾ་ཧཱུ~ཾ་ཏུ་རུ་ལ། བི་རུ་ལ། སརྦ་བིཥ་གྷཱ་ཏ་ཀ། ཛྭ་ལ་ཏི། བེ་སྤུ་ལ་གེ། ཨནྡྲཊྚ་ཧཱ་ས། ནཱ་དི་ནི། ཀེ་ཤ་རེསརྦཱ་ཊོ་པ་ཊ~ཾ་ཀཱ་ར། བཛྲ་ཁུ་ར། ནིར་གྷཱ་ཏན། ་ལི་ཏ་བ་སུ་དྷཱ་ཧ་ལ་ནི་ཐཱ་ས་མཱ་རུ་ཏོཏ་ཀྵི་བ་ཏད་ར་ཎཱི་དྷཱ་ར། བྷི་ཥ་ཎ་ཨ་ཊྚཱ་ཏ་ཊ་ཊ་ཊ་ཧཱ་ས། ཨ་པཱ་རི་མཻ་ཏ། པ་ལ་པ་རཱ་ཀྲ་མ། ཨརྱ་གཎ་བྷཱུ་ཏེ་བྷཱུ་ཏ་ག་ཎ། ཨདྷ་ཥི་ཏ། བུད་དྷཱ་བུད་དྷྱ། ཧ་ཡ་གྲཱི་བ། ཁཱད་ཁཱ་ད། པཱ་ར ་མད་ཏྲཱན། ཚི་ནེདྷ་ཚན་ཏྟེ། བྷིན་དྷ་བྷིནཿ། སི་དྷིམ་མཾ་ཨཻ་དྭཻ།། ཨ་བེ་ཥ་ཡེ་ཨཱ་ག་ཥ་ཡ། སརྦ་ཛྭ་ར་བི་ཤཱ་ནཱ་དི་ན། སརྦ་གྲ་ཧེཿ། ཨ་པྲ་ཏི་ཧ་ཏཾ་བྷཧཱ། བཛྲ་དཾཥྚ་ཀིན་ཙ་ར་སི་ཡ་སི། ཨི་དན་དུཥྚ་གྲ་ཧ་ན། དུཥྚ་སརྦ ་བཱ། ། སུན་དྷུ་ན། མ་ཐ་མ་ཐ། མར་དམར་ད། བཱ་ཊ་ཡ་པཱ་ཊ་ཡ། མ་ཊ་མ་ཊ་མ། བན་དྷ་བནདྷ། བུད་དྷ་དྷརྨ་སཀྵྨ་ཨ་རུ་ཛཱ་ཏཱཾ་ཀརྨ་ཀུ་རུ་ཤཱི་གྷྣཱན་ཧ་ཡ་གྲཱི་བཱ་ཡ་ཕཊ། བཛྲ་ཡ་ཕཊ། བཛྲ་གཱ་ཏཱ་ཡ་ཕཊ། བཛྲ་ན་ཏཱ་ཡ ་ཕཊ། བཛྲ་ད~ཾཥྚ་ཡ་ཕཊ། བཛྲ་ཁུ་རཱ་ཡ་ཕཊ། བཛྲ་ལ་ནི་རགྷཱ་ཏ་ནཱ་ཡ་ཕཊ། པ་ར་མན་དྷ་ནཱ་ཤཱ་ནཱ་ཡ་ཕཊ། སརྦ་ཏྲཻ་ལོག་ཀྱ་བྷ་ཡཾ་ཀ་རཱ་མ་ཕཊ། སརྦ་ཀརྨ་སུ་པྲ་ཏི་ཏ་ཏཱ་ཡ་ཕཊ། བཛྲ་ཀུ་ལ་སན་ཏཱ་ས་ནཱ་ཡ་ཕཊ། ཧཱཾ་ཧཱཾ། ་ཧཱུཾ་ཕཊ་པཊ་པཊ་སྭཱ་ཧཱ། དེ་ནས་ཁྲོ་ཆེན་བྱུང་བ་ཡིས།། རྡོ་རྗེ་པདདྨ་མཆོག་ལས་བྱུང་རྣམས།། ཡིད་ནི་འཇིགས་ཤིང་སྐྲག་པར་འགྱུར།། འཁོར་བཅས་འཇིགས་པས་རྣམ་འཁྲུགས་ནས།། བྱང་ཆུབ་ཚོགས ་ནི་དྲེན་བྱེད་ཅིང་། ། ཡེ་ཤེས་རྡོ་རྗེ་དྲན་འགྱུར་བ།། ལག་པ་ལ་ནི་པད་མ་དང་།། ཧཾ་ཞེས་བྱ་བ་མཆོག་འབར་བསམ།། ཁྲོ་རྒྱལ་ཏིང་འཛིན་ལ་གནས་ན།། རྡོ་རྗེ་གསུམ་ཡིག་འཛིན་པ་ཡིས།། ཁམས་གསུམ་དག་ཀྱང ་ཁྱབ་བྱེད་པའོ། ། པི་བཟང་དྲུག་ནི་དྲང་བར་བྱ།། དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་ཀྱིས་དོན་ཡང་དག་པར་འབྱུང་བའི་རྒྱལ་མཚན་གྱི་མཆོག་ནོར་བུའི་རྡོ་རྗེ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྟོབས་པར་ཞུགས་ནས་ཁྲོ་བོའི་རྒྱལ་པོ་ཆེན་པོ་བེ་ཅོན་རྗོ་པོ་ཅན་འདི་རྡོ་རྗེ་གསུམ་ལས་བྱུང་ངོ་། ། ན་མཿས་མན་ཏ་བུད་དྷ་ཎཱཾ། ཨེ་ཧི་ཨེ་ཧི། བྷ་ག་ཌཱན། ནཱི་ལ་བཛྲ་ད་ཎ་ཌ། ཏུ་རུ་ཏུ་རུ། དུ་ལུ་ཧུ་ལུ་སྭཱ་ཧཱ ་གུ་ལུ་གུ་ལུ། གུལྦབ་ལག་ལྔ་པ་པ། ཀྲ་རྦ་ལ། བྷ་ག་བཱན་བཱ་ཡུ་བེ་གེ་ན། བྷཱུ་ཏཱན་ཤཱིགྷྣཱན། ད་ཧ་ད་ཧ། དར་དར། བ་ཧཱ་བ་ཏ། པ་ཙ་བ་ཙ། མ་ཐ་མ་ཐ་མ་པཱ་ཏ་ཡ་བཱ་ཏ་ཡ། མ་ཊ་མཊ། མོ་ནུ་པ་ཡ་མོ་ཊཱ་བ་ཡ་མོ་ཟླབ་པ། ས་རྦགརྞྞ ་དྷ་རི་ནདྷ། བྷཀྵ་ཡ་བྷཀྵ་ཡ། ཨ་སྠི་མེ་ད་མ་ཨ་སེ། རུ་དྷི་ར་མད་ཛ་མེ་དམ། པྲ་ཤྲ་མད་ཛ། རུ་དྷི་ར། པྲི་ཡ་ཨེ། ཧྱེ་ཧི་བྷ་ག་བཱན། སརྦ་བིཌྷཱ་ནི། སཿ་བེདྭེན། སརྦ་མན་ཏཱ་ནི། སརྦ་མཱུ་ལ་ཀརྨཎི། ཀྲི་ཏྲི་མ་ཌི། བི་ཤཱ་ངྒན ་སརྦ་གྲ་ཧཱ་ད། ཧ་ན་ཧ་ན། བྷན་ཛ་བྷན་ཛ། མར་ད་མ་ར་ད། ཨི་ད་མ་མེ། ཀཨཱརྱ་མ་སཱ་དྷ་ཡ། ཧཱུ~ཾ་ནཱི་ལ་ཡ་ནི་ལ་ཡ། ནཱི་ལ་བཛྲ་ད་ཎ་ཌཱ་ཡ། ཏུ་རུ་ཏུ་རུ། བིགྷན་བ་ནཱི་ཡ་ཀ། ནཱ་ཤ་ཡ་ནཱ་ཤ་ཡ། ཧུ་རུ་ཧུ་རུ། དཱི་པ་ཏ ་ཌ་ཌཱ་ཡ། སརྦ་ཤ་ཏཾཏཱཾ་རཱྀ་ཧྲིད་ཡཱ་ནི་པཱི་ཊ་ཡ། ཚིན་དྷ་ཚིན་དྷ། པ་ར་བཱི་དྱ་ནཱ་མ། ཙཱ་ད་ཀ་ཧཱུ་བི་དྱཱ་ནཱ་མ་ཤཥྚི་ཀ། ས་མ་ཡ་མ་ནུ་སྨ་ར། བཛྲ་དྷ་ར་པ་ཙ་ན་ཙ། མར་པཱ་ཎི་ནི་ཀྲིན་ཏ། ཧཱུཾ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀུ ་རུ་ཀུ་རུ། ཏུ་རུ་ཏུ་རུ། ཧུ་རུ་ཧུ་རུ། ཕཊ་ཕཊ་ཧཱུཾ་ཧཱུཾ་ཀྲི་ཏ་ན་ཏཱ་ཡ། དེ་བ་རི་ཥི་བདྷཱ་བ་ཀཱ་ཡ། ཧ་ན་བཛྲེ་ཊ། ཊེན་སྭཱ་ཧཱ། ཁྲོ་བོ་ཆེན་པོ་མཆོག་གསུངས་མ་ཐག་ཏུ་བདུད་ཀྱི་རིས་ཐམས་ཅད་དང་། སངས་རྒྱས་ཀྱི་ཞིང་རྣམས་རབ་ཏུ ་གཡོས་ཏེ་སྐུ་གསུམ་གྱི་མཆོག་གཙོ་བོ་རྣམ་པར་སྣང་མཛད་དྲན་པར་གྱུར་ཏོ། ། སངས་རྒྱས་ཐམས་ཅད་ཀྱི་སྦྱོར་བའི་ཆོ་གས་བསྐུལ་ན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པ་ཙམ་གྱིས་མོད་ལ་ཁྲོ་བོ་ཆེན་པོས་གསོད་པར ་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པ་མི་འཁྲུགས་པས་བཀོད་པ་ཀུན་ཏུ་རྣམ་པར་འགྲོ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྟོབས་པོ་ཆེ་རྡོ་རྗེ་འདི་སྐུ་གསུམ་ལས ་ཕྱུང་ངོ་། ། ནམས་མན་ཏ་བུད་དྷ་ཎཱཾ། ཨོཾ་ཧཱུཾ་ཧཱུ~ཾ་ཧཱུཾ་ཕཊ་ཕཊ་ཕཊ། ཨུ་གྲ་ཤཱུ་བ་ལ་བཱ་ཎི་ཧཱུཾ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་ཕཊ། ཨོཾ་ཛྱོ་ཏིར་ནི་ནཱ་ད་ཧཱུཾ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་ཕཊ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ།། དེ་ནས་ཁྲོ་བོ་འདི་གསུངས་པ་ཙམ་གྱིས།། ་གདེངས་ཀ་ཡིས་ནི་བསྐོར་བ་ཀུན།། ཡིད་ནི་ཤིན་ཏུ་འཇིགས་སྐྲག་སྟེ།། རྡོ་རྗེ་རྣམ་པར་སྣང་མཛད་དྲན།། གསང་སྔགས་རྒྱལ་པོ་བཟླས་པ་ཡིས། ལས་ཀུན་རབ་ཏུ་གྲུབ་པར་བྱེད། ཆར་པ་ཆེན་པོ་གཅོད་འགྱུར་ལ།། ཆར ་བཆུང་ན་རབ་ཏུ་འབེབས། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་འབར་བའི་སྙིང་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཁྲོ་བོ་ཆེན་པོ་འདོད་པའི་ཁྲོ་བོ་འདི་རྡོ་རྗེ་སྐུ་གསུམ་རྣམས་ལས་ཕྱུང ་ངོ་། ། ན་མཿས་མར་ཏ་བུད་དྷ་ནཱཾ།། ཊཀྐི་ཧཱུ~ཾ་ཛ། དེ་ནས་ཁྲོ་བོ་གསུངས་པ་ཡིས།། སངས་རྒྱས་ཐམས་ཅད་རབ་ཏུ་འདར། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྐྲག། བདུད་ཀྱི་དཔུང་རྣམས་ལྟུང་བར་འགྱུར།། རྐང་གཡས་སྭ། ་ཚོགས་རྡོ་རྗེ་ཡིས།། སྦྱོར་བས་མཚན་ནི་མནན་ནས་སུ།། སྐུ་གསུམ་ཡེ་ཤེས་སྟོབས་ལྡན་པས།། ཁྲོ་གཉེར་རིམ་པར་གཉེར་བྱས་ཏེ།། གསང་སྔགས་ཀུན་གྱིས་བཀུག་ནས་སུ།། སེམས་ཅན་ཐམས་ཅད་དབང་དུ་བྱེད།། ་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་རྡོ་རྗེ་རབ་ཏུ་འབར་ཞིང་ལོ་བྲོ་བའི་ཡེ་ཤེས་རབ་ཏུ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་ཁྲོ་བོ་མི་གཡོ་བ ་ག་དུམ་པོ་འདི་རྡོ་རྗེ་སྐུ་གསུམ་རྣམས་ལས་ཕྱུང་ངོ་། ། ན་མཿས་མན་ཏ་བུད་དྷ་ཎཱཾ། ཨ་ཙ་ལ་ཀཱ་ཎ་ཙཎ་ཌ། ན་ཊ་ན་ཊ། མ་ནྟྲ་མཊྚ། མོ་ནྡོ་མོནྣ། སཊྚ་སནྣ་གྷ་ཏ། ཨུ0f7f། ཏན་ཏ། ད་ཧ་ད་ཧ། མོ་ཧ་མོ་ཧ། མོ་ཧ་ཀ་ར། ཧ་ས་ཧ་ས། བཛྲ་ཧཱ ་ས་ཀུ་རུ་ཥ་ས་ཧ་ས། མར་མར་མར་ན་མ་རཊ། གརྫག་རྫ། ཧན་ཏན། བན་དྷ་བནདྷ།། ཏིཥྛ་ཏིཥྛ། ཨ་བི་ཤ་ཨ་བི་ཤ། མཐམན་ཏྲ་པཱ་ལ་ཀྵ། དྷན་དཱན། ཏི་ཎི་ཏིཎི།། བ་དབ་ད། བིགྷ་ནཱན་མ་དུ ་ཥྚན། བྷཀྵ་བྷཀྵ། སརྦཱ་ན་ཀུ་རུ་ཀུ་རུ། ཀི་རི་ཀི་རི། མ་ཧཱ་བི་ཥ་མ་བཛྲ། སྥོ་ཊ་ཡེ་སྥོ་ཊ་ཡ་ཧཱུ~ཾ་ཧཱུཾ་ཧཱུ~ཾ། ཏྲི་བི་ལཱ་ཏ་ར་དག་ནེང་ཏ་ཀ། ཨཾ་ཨཾ་ཨཾ། ཏྲ~ཾ་ཧཱ་ཧཱཾ། ཨ་ཙ་ལ་ཙཿ། སྥོཊ་ཡཾ་སྥོ་ཊ་ཡ། ཧཱུ~ཾ་ཧཱུཾ་ཨ་ས་མན་ཏི་ཀ་ནཱཊཱ་མ་ཧཱ་བ་ལཿ ་ཏཱ་ཡ། བ་ར་མན་ཏྲན། ཨཾ་ཨཾ། ཧཱཾ་ཧཱཾ། མཾ་ཤུད་དྷི་རུ་ལོ་ཀ། ཏུ་ཥྱཾ་ཏུ་བཛྲཱི། ན་མོ་ཏུ་སཱུ་ཨ་པྲ་ཏི་ཧ་ཏ་བ་ལེ་བྷྱཿཛྭཱ་ལ་ཡ། ཏྲཊ་ཨ་ས་ཧ་ན་མཿཱ་ཧཱ།། དེ་ནས་ཁྲོ་བོ་མིགཡོ་བ། ཁྲོ་བོ་སྟོབས་ཆེན་འདི་གསུངས་པ། ལྷ་དང་ཀླུ་ཀུན ་མདག་གཞུག་བྱེད། ། གནོད་སྦྱིན་སྲིན་པོ་ལྷ་མ་ཡིན།། འཇིགས་པ་ཐོབ་ནས་བརྒྱལ་བར་འགྱུར།། བདུད་ཀྱི་བདེ་རྣམས་ལྷུང་ནས་སུ།། ཚིག་ཅིང་རབ་ཏུ་ཞུམ་བཞིན་ཏུ། གཙེ་བོ་རྡོ་རྗེ་སྣང་མཛད་དྲན།། ཁྲོ་བོའི་རྒྱལ་པོ་དུ་མ་ཡིས།། ་བཅུག་པས་འཇིགས་པས་ཉེན་བཞིན་དུ།། གཙོ་བོ་རྣམ་པར་སྣང་མཛད་ཉིད།། སྣ་ཚོགས་ལས་རྣམས་མྱུར་དུ་མཛད།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་སྐུ་གསུམ་གྱི་ཡེ་ཤེས ་རྡོ་རྗེ་འབར་བའི་འོད་ཟེར་གྱིས་འཇིགས་པ་ཆེན་པོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་པའི་རྒྱལ་པོ་ཆེན་པོ་གནོད་མཛེས་འདི་གསུངས་སོ། ། ཨོཾ་སུམ་བྷ་ནི་སུམ་བྷ་ནི་ཧཱུཾ། གྲིཧྞ་གྲིཧྞ་ཧཱུཾ། གྲིཧྞཱ་པ་ཡ་གྲིཧྞཱ་པ ་ཡ་ཏྲཱཾ། ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱ་རཱ་ཛ་ཧཱུཾ་ཕཊ། དེ་ནས་ཁྲོ་མོ་འདི་གསུངས་པས།། ལྷ་ཡི་བུ་མོ་ཐམས་ཅད་ནི།། སྒྲ་ཚུགས་ཞིག་ཅིང་གཅེར་བུར་གྱུར།། མིག་རྩ་རིག་རིག་བྱེད་པ་དག། སྐུ་གསུམ་རྡོ་རྗེ་མཆོག་མང་འ་བའི། ་ཞལ་གྱིས་ནུ་མ་གཉིས་མནན་པས།། གཙོ་བོ་རྡོ་རྗེ་རྣམ་སྣང་མཛད།། ཡེ་ཤེས་ཀྱིས་འཇོམས་དྲན་པར་འགྱུར།། ལྕགས་ཀྱུ་ཡིས་ནི་རྣམ་དྲལ་ཏེ།། རྡོ་རྗེ་ཞགས་པས་བཅིངས་ནས་སུ།། བུ་མོ་ཐམས་ཅད་དགུག་བྱ་བ།། ་བུམོ་དགུག་པའི་མཆོག་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཆེན་པོ་རྣམ་པར་བསྒྱིངས་པའི་དགའ་བ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙེམས་པར་ཞུགས་ནས་སྐུ་གསུམ་གྱི་མཆོག་རྡོ་རྗེ་འཆང་སྐྱེད་པར། ་མཛད་པ་སངས་རྒྱས་ཀྱི་བྱང་ཆུབ་འདི་རྗེས་སུ་དྲན་པར་མཛད་དོ།། འཁོར་ལོ་ཆེ་ལ་རྣམ་གནས་ནས།། སངས་རྒྱས་རྣམས་ཀྱི་སྤྲིན་དག་དང་།། དེ་བཞིན་རྡོ་རྗེ་འཆང་བའི་སྤྲིན།། རྡོ་རྗེ་ལྕགས་ཀྱུ་ནགས་ཐོགས་འབྱིན།། ་ཀུན་མཁྱེན་ཡེ་ཤེས་ལས་བྱུང་གཙོ།། གསང་སྔགས་སྐྱེས་བུར་བདག་བསྒོམས་ན།། སངས་རྒྱས་རྣམས་ཀྱང་འགུགས་བྱེད་ན། རྡོ་རྗེ་འཆང་སོགས་ཅི་ཞིག་སྨོས།། བུད་མེད་ལྷ་ཆེན་བུ་མོ་དག། རླུང་ལ་རྐང་པ་བཞག ་ནས་སུ། ། ལྕགས་ཀྱུས་སྙིང་ལ་དྲངས་ནས་ནི།། སེམས་ཅན་ཀུན་ཡང་འགུགས་འགྱུར་ཏེ།། འདི་ལ་དཔྱད་པ་ཅུང་ཟད་མེད།། རྡོ་རྗེ་རྣམ་པར་སྣང་མཛད་ནི།། སྐུ་ཆེན་ཟླ་བའི་ཁ་དོག་ཡིས།། ཟླ་བའི་དཀྱིལ་འཁོར་ལ་གནས ་པ། ། རྡོ་རྗེ་བདུད་རྩི་འབབས་བསམས་ཏེ།། ལན་གྲངས་བཅུ་ནི་བརྗོད་པ་ཡིས།། དེ་ནི་གདོན་མི་ཟ་བར་ཁུགས། རྡོ་རྗེ་དཀྱིལ་འཁོར་ལས་བྱུང་བ།། རྡོ་རྗེ་ལྕགས་ཀྱུ་ཆེན་པོ་ཡི།། འབར་བའི་འོད་ཟེར་འཕྲོ་བ་ཡིས།། གནོན ་ནུམ་དག་ངེས་པར་འགུགས། ། རྡོ་རྗེ་གསུམ་འཁྲུགས་ཁྲོ་བོ་ནི།། རྡོ་རྗེ་ས་འོག་གནས་པ་སྟེ།། ལྷ་མ་ཡིན་ཀུན་དེས་བསྲེག་ཅིང་།། བྷ་མིན་བུ་མོ་རྗེས་ཆགས་པས།། གསལ་ཤིང་གིས་ནི་བསྒྱེལ་ནས་སུ།། རྡོ་རྗེ་ལུགས་ཀྱུ ་ཞགས་པ་ཡིས། ། དྲངས་ནས་ལྷ་མིན་བུ་མོ་འགུགས།། གཙག་དང་ཐོད་ལོ་ཀོར་དང་ནི།། བབལ་འབྱོར་པར་གྱུར་ན་ནི།། གཟས་ཟིན་ཚེན་ཁར་བཅུག་སྟེ།། རྫས་རྒྱལ་རྡོ་རྗེ་ལྕགས་ཀྱུས་འགྲུབ།། དྲག་པོ་རླུང་དང་ཁྱབ་འཇུག ་དང་། ། ལྷ་མོ་གནོད་སྦྱིན་གནོད་སྦྱིན་མ།། མདག་གཞུག་བཅས་པར་འཇིགས་རྨག་སྟེ།། མིང་བྲིས་ཀུན་ནས་རྟག་ཏུ་འགུགས།། སངས་རྒྱས་འཁོར་ལོ་ལེགས་བཞུགས་ཏེ།། འཇམ་པའི་རྡོ་རྗེར་རྣམ་པར་བསྒོམ།། ཁྲོ་བོ་ཆེན་པོ ་གཤིན་རྗེ་གཤེད། ། ལག་ན་རྡོ་རྗེ་ལྕགས་ཀྱུ་ཐོགས།། ཁྲོས་ཤིང་འབར་བ་འཕྲོ་བ་ཡིས།། གནོད་སྦྱིན་བུ་མོ་བཀུག་ནས་སྤྱོད།། ཕྱག་རྒྱ་གསང་སྔགས་སྦྱོར་བ་དང་།། བསམ་གཏན་འཁོར་ལོ་སྦྱོར་བ་ཡིས།། ་དགུག་པར་བྱ་བའི་ཚིག་གསུངས་པ།། གཞན་དུ་བྱས་ན་འགྲུབ་མི་འགྱུར།། རྒྱལ་པོའི་ཞབས་དྲུང་ཀུན་གནས་པས།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།། ཀུན་གྱིས་སེམས་རབ་རྫོགས་བྱེད་པས།། ཡང་དང་ཡང་དུ་སྐུལ ་བར་བྱེད། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་རྡོ་རྗེའི་དེ་བཞིན་གཤེགས་པས་ཡེ་ཤེས་ཀྱི་རྣམ་པར་རྒྱལ་བའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྡོ་རྗེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་རྒྱལ་མོ་ཆེན ་པོ་རྣམ་པར་བསྒྱུར་བའི་རྡོ་རྗེ་འདི་རྡོ་རྗེ་སྐུ་གསུམ་རྣམས་ལས་ཕྱུང་ངོ་། ། ཨོཾ་ཤུ་ལི་ནི་སྭཱ་ཧཱ།། དེ་ནས་འདི་ནི་གསུངས་ཙམ་གྱིས།། ཀླུ་མོ་དབང་ཆེན་གྲགས་པ་དག། གོས་དང་བྲལ་ཞིང་ཚིག་བཞིན་དུ། གཙེ་བ་རྡོ་རྗེ་རྣམ ་སྡང་དྲན། ། གསང་སྔགས་རིག་སྔགས་འདི་ཡིས་ནི།། ཀླུ་རྣམས་ཐམས་ཅད་འགུགས་པར་བྱེད།། བསམ་གཏན་རྡོ་རྗེ་མཐུ་དང་ནི།། གསང་སྔགས་བཟླས་བརྗོད་བྱས་པ་ཡིས།། སོར་གདུབ་རྒྱན་ནི་གསོལ་བ་ཡིས།། ་ཀླུ་མོ་མིག་ཡངས་བཀུག་ནས་ནི།། འདོད་པའི་ཡོན་ཏན་ལྔས་ཆགས་པའི།། ཀླུ་མོ་ཉེ་བར་སྤྱོད་པར་བྱེད།། དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་ཆེན་པོའི་ཤུགས་རྒྱ་མཚོ་འཕྲོ་བའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ནས་སྐུལ་བྱེད་མ་ཆེན་མོའི་གཟུངས་ཀྱི་རིག་སྔགས་ཆེན་མོ་འདི་གསུངས་སོ། ། ན་མཿས་མན་ཏ་བུད་དྷ་ཎཱ།། ས~ཾ་མྱཀ་ས~ཾ་བུད་དྷ་ཀོ་ནཱི་ནཱན།། ཏད་ཡ་ཐཱ། ཨོཾ་ཙ་ལེ་ཙུ་ལེ་ཙུན་དེ་སྭཱ་ཧཱ།། དེ་ནས་རིག་སྔགས ་ཆེ་གསུངས་པས། ། སངས་རྒྱས་ཞིང་རྣམས་རབ་ཏུ་གཡོས།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས།། ཏིང་ངེ་འཛིན་ལས་གཡོས་པར་འགྱུར།། བདུད་རྣམས་བརྒྱལ་ཞིང་ཚིག་ནས་སུ།། ཐམས་ཅད་ཆོངས་འདེབས་པར། ་བྱེད། ས་ཡི་འོག་གི་ཟུ་མ་དོང་།། ལྷ་མིན་ནུ་མ་ཀླུ་མོ་དང་།། གསང་དབང་བུ་མོ་རྣམས་འཁྲུགས་ནས།། གཙོ་བ་རྡོ་རྗེ་སྣང་མཛད་དྲན།། རིག་སྔགས་འདི་ན་བཟླས་པ་དང་།། བསྐམ་པ་ལས་ན་སྦྱར་བ་ཡིས།། བཟླས་པཅམ་ཧཱ ་འགྲུབ་འགྱུར་ཞིང་། ། བཀུག་ནས་རབ་ཏུ་ལོངས་སྤྱོད་བྱེད།། དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་མཛད་ཀྱིས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙེམས་པར་ཞུགས་ནས་ཆོས་བདུད་ཅིའི་དམ་ཚིག་གི་རྡོ་རྗེ ་ཁྲོ་གཉེར་འདི་རྡོ་རྗེ་སྐུ་གསུམ་རྣམས་ལས་ཕྱུང་ངོ་། ། ཨོཾ་བྷ་ཡ་ནཱ་ཤ་ནི་ཏཱ་ས་ནི་ཏཱ་སེ། ཏཱ་ས་ཡ་ཏྲཱ་ས་ཡ་ཁེ་ཊི་བྷི་ཀཱ་ཊི་ཏོཿ། བི་ཊུཾ་བཻ་ཊཊཾ། ཤྭེ་ཏེ་ཤྭེ་ཏེ་ཛཊ་ནི་སཱ་དཱ།། དེ་ནས་འདི་ནི་གསུངས་ཙམ་གྱིས།། རིག་སྔགས་འཆང་དང་ལྷ་རྣམས་ནི། ་གཡོས་ཤིང་འཇིགས་པ་ཐོབ་པར་འགྱུར།། བདུད་རྣམས་འཇིགས་པས་རྣམས་འཁྲུགས་ཏེ།། གཙོ་བོ་རྡོ་རྗེ་རྣམ་སྣང་མཛད།། ཡིད་གཅིག་ཏུ་ནི་དྲན་པར་བྱེད།། ནོར་བུའི་གདུབ་རྣམས་གཡོ་བ་ཡིས།། རིག་སྔགས་འཆང་མ་ཀླུ་མོར། ་བཅས།། ལྷ་མིན་བུ་མོ་གསང་བ་ཡིས།། བུ་མོ་བཀུག་ནས་སྤྱོད་པར་བྱེད།། འདིས་ནི་ལས་ཀུན་བྱེད་པ་དང་།། མཁའ་འགྲོམ་རྣམས་འཇིགས་པ་ཡིན།། ཡང་ན་གསང་སྔགས་ཐམས་ཅད་ནི།། སྐྱེ་བོ་མེད་པའི་ནགས་ཚལ་དུ། ་སྔགས་པས་བྱེ་བ་བཟླས་ནས་སུ།། ལས་རྣམས་ཐམས་ཅད་བྱ་བར་གསུངས།། གང་གཞན་སློབ་དཔོན་སྨོད་པ་དང་།། ཐེག་པ་ཆེན་པོ་སུན་འབྱིན་དང་།། མི་གང་གསང་སྔགས་རྒྱུད་དག་གིས།། སྦྱོར་བ་ལ་ནི་འཕྱ་བྱེད་པ།། དེ་ཡིས ་དངོས་གྲུབ་ཐོབ་མི་འགྱུར། ། དེ་ནི་རྟག་ཏུ་གདོན་གྱིས་ཟིན།། བསྒྲིབས་ནས་གསང་བར་བྱ་བ་འམ།། ཡང་ན་ལུས་ནི་གཞིག་པར་བྱ།། སྔགས་པས་འདི་ལྟར་བྱས་ན་ནི།། བྱང་ཆུབ་དངོས་གྲུབ་ལེགས་པར་འཐོབ།། ཕྱོགས ་བཅུའི་སེམས་ཅན་ཐམས་ཅད་ནི། ། སྐུ་གསུམ་ཡེ་ཤེས་ལས་བྱུང་བའི།། ཁྱད་པར་དོན་བསྒོམ་པར་བྱ།། དགྲལ་འདྲེན་ཐེ་ཙམ་མེད།། ཁྲག་འཐུང་ཆུ་ཡིས་བརླན་པ་འམ།། དུར་ཁྲོད་ཐལ་བའམ་བ་ཤང་གཙམས།། བཛྲར ་པའི་གོས་ནི་བགོས་ནས་སུ། ། རྐང་པས་མཚན་མ་མནན་ནས་སུ།། ཁྲོ་བོའི་རྒྱལ་པོར་སྦྱོར་བྱས་ཏེ།། གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ན།། སངས་རྒྱས་ཀྱང་ནི་ངེས་པར་འཇིག། ཆུས་བརླན་པ་ཡི་གོས ་བགོས་ཏེ། ། ཁྲོ་བོའི་མདུན་དུ་བཅིངས་ནས་སུ།། རྐང་པ་གཡོན་པས་མནནན་ནི།། སངས་རྒྱས་ཉིད་ཀྱང་ངེས་པར་འཇིག། བཤང་གཅི་ཡིས་ནི་སྦགས་པའི་གོས།། རུལ་པའི་དྲི་ཅན་སྨད་པ་དག། བགོས་ནས་གསང་སྔགས ་བཟླས་བརྗོད་ན། ། མོད་ལ་འཆི་བའམ་སྐམས་པར་འགྱུར།། དུར་ཁྲོད་ཐལ་བས་བསྡུས་པའི་གོས།། བགོས་ནས་ཁྲོ་བོ་འཁྲུགས་ནས་ནི།། ལན་གྲངས་སྟོང་དུ་བརྗོད་ན་ནི།། རྡོ་རྗེ་སེམས་དཔའ་རྣམ་པར་འཇིག། ་སྒྲ་ནི་ལྷུག་པར་བཤིག་ན་ནི།། ཁ་བཞིན་རྣམ་པར་བསྒྱུར་བྱས་ཏེ།། རྐང་པས་མཚན་མ་མནན་ནས་ནི།། ནམ་མཁའི་ཁམས་ཀྱང་འཇིགས་པར་འགྱུར།། མ་མོའི་གནས་སམ་དུར་ཁྲོད་དམ།། ཁང་སྟོང་འམ་ནི་བཞི ་མདོའམ། ། མཚན་མ་ཅིག་པའམ་ཤིང་གཅིག་ཏུ།། དྲག་ཤུལ་སྤྱོད་པ་བརྩམ་པར་བྱ།། ད་ཡི་རྐང་རྗེས་ས་ལ་ནི།། མི་རུས་ལས་བྱས་ཕུར་བུ་དག། སོར་བརྒྱད་ཙམ་གྱི་ཚད་ཙམ་ལ།། ལན་གྲངས་བརྒྱ་རྩ་བརྒྱད ་བརྗོད་པའི། ། ཕུང་བུ་ཡིས་ནི་བཏབ་ནས་སུ།། དགྲའི་ཁྱིམ་སྒོར་བརྐོས་ཏེ་གཞུག། སངས་རྒྱས་སྐུ་གསུམ་མཆོག་སྦྱིན་པ།། ཤེས་དང་མི་ཤེས་སྤངས་པ་ཡང་།། ཟླ་ཕྱེད་ཉ་ཡེ་ནང་རོལ་དུ།། འཆིང་བའམ་ཡང་ན ་འཇིག་པར་འགྱུར། ། མཁས་པས་ཐོད་པ་ཡོངས་ཚང་བ།། ཁྱད་པར་ཅན་ནི་རྙེད་པ་དང་།། དེ་ལ་གསང་སྔགས་ཚིག་བྲིས་ཏེ།། རྡོ་རྗེ་ཚིག་གིས་བཟླས་བརྗོད་ནས།། དགྲ་ཡི་སྒོའམ་ཡང་ན་ནི།། གྲོང་དུ་སྦས་ན་ངེས ་པར་སྤོད། ། ཏ་ལའི་མདབ་མའམ་གཞན་ལའང་རུང་།། ཁྲོ་བོས་གསང་སྔགས་ལེགས་བྲིས་ཏེ།། དགྲ་ཡི་ཁྱིམ་འམ་། ཀར་ནི།། སྲས་ནས་འཆིའམ་སྐམས་པར་འགྱུར་ཞེས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར ་སྣང་མཛད་ཆེན་པོས་བཀའ་སྩལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དབཞིན་གཤེགས་པ་ཐམས་ཅད་ཀྱི་སྲུགསུམ་རྡོ་རྗེ་ཕུར་བུའི་ཡེ་ཤེས་ཀྱང་རྗེ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏའ་དས་གསུ ་ཐམས་ཅད་ཀྱིས་ཤེས་ཀྱི་སྐུ་དང་གསུང་ད་ཀྲུགས་རྡོ་རྗེའི་ཕུར་བུ་ཞེས་བྱ་བ་འདི་ཉིད་ཀྱི་སུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལ་བྱུང་ངོ་། ། ཨོཾ་ཨུ0f7fགྷ། གྷ་ཏཱ་ཡ་ཀྵ་ཏཱ་ཡ། སརྦ་དུཥྚཱན་པཊ་ཕཊ། ཀཱི་ལ་ཡ་ཀཱ་ལ་ཡ་ས་རྦ་པཱ་པ~ཾ་པ ་པཊ། ཙཱ་ཙཱ་ཧཱུ~ཾ་བཛྲཛྭལ། བཛྲ་དྷ་རོ་མ་ཛཱ་བ་ཡ་ཏི། ཀཱ་ཡ་བཱ་ག་ཙི་ཏཏ་བཛྲ། ཀཱི་ལ་མ་ནཱཾ་ཛྲ་ཛྲ་བ་ཕཊ། དེན་པ་འདི་ནི་གསུངས་ཙས་ཀྱིས།། རྡོ་རྗེ་དབང་ཆེན་གྲགས་བ་ཀུན།། བརྒྱལ་ནས་འཇིགས་པ་སྐྱེས་གྲུ་པེ། ་རྣམ་སྣང་མཛད་པ་དྲན།། མི་ཡི་རུས་པའི་ཕུར་བུའམ།། ཡང་ན་སེང་ལྡེང་ལས་བྱུང་བའམ།། ལྕགས་ལས་བྱས་པའི་ཕུར་བུས་ནི།། རྡོ་རྗེ་སེམས་དཔའ་རྣམ་པར་འཇིག། རྡོ་རྗེ་སེམས་དཔར་མཉམ་བཞག་སྟེ།། འོད་བཟེད ་མེ་སྟག་འཁྲུག་པ་ཅན། ། སྐུ་གསུམ་རྡོ་རྗེ་མཐས་གཏུགས་པས།། གཟུགས་བརྙན་པ་ནི་བསམས་ནས་སྦྱར།། རྣམ་སྣང་ཕྱག་རྒྱ་ཆེན་པོའམ།། ཡང་ན་འདོད་ཆགས་རྡོ་རྗེ་ཅན།། ཕྱག་རྒྱ་ཆེན་པོ་གཤིན་རྗེག་ཤེད།། འདོད ་བའི་ཁྲོ་བོ་ཉིད་དུ་ནི། ། རྡོ་རྗེ་ཕུར་བུ་བསམ་པར་བྱ།། བདག་ཉིད་ཆེན་པོ་སྟོབས་པ་ཆེ།། བདུད་ནི་ཐལ་སྦྱོར་རྡོ་རྗེ་དང་།། རྡོ་རྗེ་ཡི་ནི་ནལ་འབྱོར་གྱིས།། སྡང་དང་གཏུམ་པོ་གས་པར་བྱ།། སངས་རྒྱས་བདག་ཉིད་ཆེན་པོ ་ཡང་། ། ཐུགས་ནས་ཞབས་ལ་ཐུག་བར་དུ།། རྡོ་རྗེ་ཕུར་བུས་རྣམ་པར་བསྒོམས།། རྡོ་རྗེ་ཏིང་འཛིན་སྦྱོར་བ་ཡིས།། སངས་རྒྱས་དག་ཀྱང་ངེས་པར་གནན།། འདི་ནི་ཕུར་བུའི་མཐུ་རླབས་ཏེ།། སྟེང་འོག་ལྷ་ཡི་དམ་ཚིག་ཡིན། ་རྒྱལ་ཆེན་རྡོ་རྗེ་སེམས་དཔའ་དང་།། སངས་རྒྱས་ཐམས་ཅད་གནོན་པ་ཡི།། ཏིང་འཛིན་སྦྱོར་བ་འདི་ཡིས་ནི།། མྱུར་དུ་འཆི་འམ་སྐམ་པར་འགྱུར།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང ་མཛད་ཅན་པས། དེ་བཞིན་གགགས་འཐུངས་ཤེས་རྣམ་པར་བགྱུངས་པའངརྗེནས་བྱ་བ་དང་ང་འཛིན་ལ་སྙོམས་པར་ཐུགས་དས་ཅ་ཅིའི་གྲགནས་ས་མེད་པའི་དམ་ཆགག་པར་བྲགས་གས། ་འདི་ཉིད་ཀྱི་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་ཆེན་དྷ་ཆེན་དྷད་ཏད་ཏ། དཱི་བ་ཏ་བཛྲ་ཙཀྲ་ཧཱུ~ཾ་ཕཊ།། ཕན་ཚུན་བཟླས་པའི་ཚུལ་གྱིས་ནི།། མཐེ་བོ་དས་ཀྱི་དྲུང་དུ་བསྡུ།། སྣང་མཛད་ཞབས་ཀྱིས ་མནན་ནས་སུ། ། རྡོ་རྗེ་ཕུར་བུས་གདབ་པར་བྱ།། བཏབ་པ་ཙམ་གྱིས་སེམས་དཔའ་ཆེ།། སྐུ་གསུམ་ཡེ་ཤེས་ལས་བྱུང་བ།། དམ་ཚིག་མཆོག་གིས་བཞེངས་པར་མཛད།། གཞན་དུ་བྱས་ན་བརླག་པར་འགྱུར།། དེ ་ན་ཨས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་ཐུགས་ཀྱི་ཡེ་ཤེས་ཆེན་པོ་རྣམ་པར་བསྒྱིངས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དམ་ཚིག་ཆེན་པོའི་སྟང་སྟབས་ཀྱིས་ཕུར་བུ་ཞེས་བྱ་བའི་གསང་སྔགས ་འདི་ཉིད་དུ་རྡོ་ཡྻ་དང་གསུང་དང་ཐུགས་རྣམས་ལས་ཕྱུང་ངོ་། ། ཨོཾ་བཛྲ་རཱ་ཛ་ཧཱུཾ། རྩེ་མོ་ལྔ་པ་བཅིངས་ནས་སུ།། མེ་སྟག་འཕྲོ་བ་བསྒོམ་བྱས་ཏེ།། རྡོ་རྗེ་ཐུགས་ཀྱིས་ཞབས་ཀྱིས་མནན་རྡོ་རྗེ་ཕུར་བུས་གདབ་པར་བྱ། ་བཏབ་པ་ཙམ་གྱིས་རྒྱལ་པོ་ཆེ།། སྐུ་གསུམ་ཡེ་ཤེས་ལས་བྱུང་བ།། དམ་ཚིག་མཆོག་གིས་བཞེངས་པར་མཛོད།། གཞན་དུ་བྱས་ན་བརླག་པར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་དབང་ཕྱུག་གི་དམ ་ཚིག་མཆོག་རྣམ་པར་རབསྒྱིངས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསུང་གི་དམ་ཚིག་གི་སྟང་སྟབས་ཀྱི་ཕུར་བུའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དཐུགས་ད་རྡོ་རྗེ་རྣམས་ལས་བྱུང་ངོ་། ། ་ཨོཾ་ཏྲེ་ཨོཾ་ཊུ་རུ། དེ་རྗེ་སོར་མོ་བཙུམ་པ་ཡིས།། པད་མ་འ་བྱེ་འབར་བ་ཡིས།། འདོད་ཆགས་རྡོ་རྗེ་ཞབས་ཀྱིས་མནན།། རྡེ་རྗེ་པུར་བུས་ངེས་པར་གདབ།། བཏབ་པ་ཙམ་གྱིས་རྒྱལ་པོ་ཆེ།། སྐུ་གསུམ་ཡེ་ཤེས་ལས་བྱུང ་དམ་ཚིག་མཆོག་གིས་བཞེངས་པར་མཛོད། ། གཞན་དུ་བྱས་ན་བརླག་པར་འགྱུར།། སྐུ་གསུམ་ཐུགས་ཀྱིས་ཆགས་པ་ཡིན།། ཆོ་ག་བཟང་བ་ཙམ་གྱིས་ནི།། རྡོ་རྗེ་མཁའ་དབྱིངས་མཐས་བཏུགས་པ།། མནན་འགྱུར ་འདི་ལ་ཐེ་ཙོམ་མེད་ཅེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རྡོ་རྗེ་ཕུར་བུའི་ཚིག་རྣམས་བཀའ་སྩལ་ཏོ། ། དེ་ནས་སངས་རྒྱས་སྐུ་གསུམ་མཆོག། སེམས་ཅན་ཁམས་ལ་ཕན་བཞེད་རྣམས།། དགྱེས་ཤིང ་མགུབ་བརྙེས་ནས་སུ། ། རྡོ་རྗེ་དབྱིངས་ཀྱིས་འདི་སྐད་གསུངས།། ཀྱེ་མའོ་གསང་བའི་ཚིག་གི་མཆོག། ཀྱེ་མའོ་གསང་བ་ཀུན་འདུས་པ།། ཀྱེ་མའོ་ཞིབ་ཆོས་ཀྱི་ཚིག། ཡེ་ཤེས་རྡོ་རྗེ་ཕུར་བུ་རྨད།། གསང་སྔགས ་ཀུན་གྱི་ཕུར་བུས་འདི། ། བདེ་གཤེགས་བཀའ་ཡི་རྗེས་སུ་བྱེད།། འདི་དག་སངས་རྒྱས་ཀུན་གྱི་སྟེ།། ཐུར་བུ་དེ་ཉིད་རྣམས་ལས་བྱུང་།། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོམ་རྐུན་ཐམས་ཅད་མདོངས་པར་བྱེད་པའི་རྡོ་རྗེ་ཞེས་བྱ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་སྔགས་ཀྱི་རྒྱལ་མེ་ཆེན་པོ་འོད་ཟེར་ཅན་འདི་གསུངས་སོ།། ཨོཾ་མཱ་རཱི་ཙྱཻ་ད་བ་ཏ་ཡེ་སྭཱ་ཧཱ།། རིག་སྔགས་གསུང་བའི་མོད་ལ་ནི།། དབང་ཆེན་གྲགས་པའི་སངས་རྒྱས་ཀུན།། ་ཐུགས་ནི་དགྱེས་ཤིང་མགུ་བར་འགྱུར།། སྲས་རྣམས་ཀྱིས་ནི་སྤྱན་ཡང་ཕྱེ།། འདི་ནི་ལས་རྣམས་ཐམས་ཅད་མ།། ཆོམ་རྐུན་སྡང་བ་འཆིང་མཛད་མ།། འདི་ཡི་སྦྱོར་བ་ལ་གནས་ན།། འགྲོ་བའི་ཚེ་ན་མཐོང་མི་འགྱུར།། ་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་སྡང་བ་ཐམས་ཅད་རྣམ་པར་འཇོམས་པ། སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད་པའི་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་རྣམ་པར་རྒྱལ་བ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་རིག་སྔགས་རྒྱལ་མོ་འདི་གསུངས་སོ། ། ཨོཾ་མ་ཧཱ་ས་ཧཱ་སྲ་པྲ་མ་རྟན་པར་སིང་དྷིད་ཡེ་གེ་མ་ཎི་བཛྲ་ནི་ཧཱུ~ཾ་ཕཊ་སྭཱ་ཧཱ།། དེ་ནས་རིག ་སྔགས་ཆེ་གསུངས་པས། ། སངས་རྒྱས་ཞིང་རྣམས་རབ་ཏུ་གཡོས།། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་།། བདུད་ཀྱི་རིས་རྣམས་གཡོས་པར་འགྱུར།། གཙོ་བོ་རྡོ་རྗེ་སྣང་མཛད་པ།། ཐམས་ཅད་ཚིག ་བཞིན་བཏུད་ནས་སུ། ། བཅོམ་ལྡན་རིག་སྔགས་མཐུ་སྟོབས་ཀྱིས།། གནོད་བགྱིད་ཐམས་ཅད་གཟིང་ལགས་སོ།། གང་ན་རིག་སྔགས་སྟོབས་མོ་ཆེ།། ཕ་རོལ་གནོན་པ་འདི་ཟློས་པ།། དེར་ནི་བདག་ཅག་མི་མཆི ་ཞིང་དེར་ནི་བསྲུང་བདག་ཀྱང་བགྱི། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས།། བརྒྱ་བྱིན་མངོན་པར་མཐོ་བའི་སྟོབས་ལྷ་མ་ཡིན་རྣམ་པར་འཇོམས་པས་རྣམ་པར་རྒྱལ ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་གཟུངས་ཆེན་པོ་འདི་གསུངས་སོ། ། ཨོཾ་བྷ་ག་བ་ཏི་དྷྭ་ཛཱ་གྲ་ཀེ་ཡུ་རེ་པ་ར་སྱེ་བྱ།། བི་དྷཱ་ན་ས་ན་ཀཱ་སཱ་སཻ་ནྱ་བ་རི་ལ་ནི།། ཨུ་ལ ་ཀཱ་མྲའི། ཁ་ཁ་ཁཱ་ཧི་ཁཱ་ཧི། བར་སེན་མ། ཨ་ནན་ཏ། བྷུ་ཛེ། ཨ་ནན་ཏ་མུ་ཁེ་པྲ་ཧ་ར་པྲ་ཧ་ར་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།། ། དེ་ནས་རིག་སྔགས་ཆེ་གསུངས་པས། སངས་རྒྱས་ཞིང་རྣམས་གཡོས་པར་འགྱུར། ་བྱང་ཆུབ་སེམས་དཔའ་རབ་གཡོས་ཤིང་།། བདུད་ཀྱི་སྡེ་རྣམས་ཚིག་པར་འགྱུར།། གནོད་སྦྱིན་སྲིན་པོ་གོས་བྲལ་ནས།། འཇིགས་ཤིང་སྐྲག་པར་གྱུར་པ་ཡིས།། གཙོ་བོ་རྡོ་རྗེ་རྣམ་སྣང་དྲན།། བཅོམ་ལྡན་འདས་རིག ་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས་ཚིག་ལགས་ཏེ། ། བདག་ཅག་དམ་ཚིག་ལ་གནས་པར་འཚལ་ལགས་ན་མགོན་མཛད་ཅིང་ལུས་ཐམས་ཅད་རབ་ཏུ་བསྒྲུབ་ཏུ་གསོལ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད ་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་མངལ་ཐམས་ཅད་ཡང་དག་པར་སྐྱེས་པས་ཁྱབ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་འདི་གསུངས་སོ། ། ཨོཾ ་མཎི་དྷ་ར་བཛྲཱ་ནི། མ་ཧཱ་པྲ་ཏི་ས་རེ་སྭཱ་ཧཱ།། ། རིག་སྔགས་ཆེན་མོ་གསུངས་པ་དང་།། རིག་སྔགས་རྒྱལ་མོའི་མཐུ་ཡིས་ནེ།། མེ་ཡི་སྐྱེ་དགུ་འཚེ་བྱེད་པ།། མཐུ་ཆེན་མངལ་ནི་འཕྲོག་པ་དང་།། ལོག་འདྲེན་ཀུན་དང ་སྡང་བའི་རྣམས། ། མི་བཟད་མེ་ལྕེས་ཚིག་གྱུར་ནས།། འཇིགས་པ་དང་ནི་སྐྲག་པ་ཡིས།། རྡོ་རྗེ་སྣང་མཛད་དྲུང་ལྷགས་ཏེ། ཞབས་ལ་གཏུགས་ཏེ་ཚིག་སྨྲས་པ། བདག་ཅག་དམ་ཚིག་གནས་པར་འཚལ།། རིག། ་སྔགས་དམ་ཚིག་རྟག་གནས་པ། གང་གིས་མངལ་ཡང་མི་འཕྲོག་ཅིང་། རྟག་ཏུ་མངལ་ནི་སེལ་བར་མཛད།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས། ནོར་གྱི་རྒྱུན་གྱི་ཡང ་དག་པར་འཛིན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་སྔགས་ཀྱི་སྐྱིལ་མོ་ན་པོ་ནོད་རྒྱུན་འདི་གསུངས་སོ། ། ཨོཾ་བ་སུ་དྷ་རི་མ་ཧཱ་བ་སུ་དྷ་ར་བྷཱིཥྚ་ནི་པ་ཏི་ནི་བ་སུ་སྭཱ་ཧཱ།། །། ནོར་གྱི་རྒྱུན་ཞེས་བྱ ་བ་ཡི། ། རིག་སྔགས་གསུངས་པའི་མོད་ལ་ནི།། བགེགས་དང་ལོག་འདྲེན་ཐམས་ཅད་དག། ཡིད་ནི་འཇིགས་ཤིང་སྐྲག་གྱུར་ནས།། རྡོ་རྗེ་རྣམ་པར་སྣང་མཛད་ཀྱི།། དྲུང་དུ་ཉེ་བར་འོངས་ནས་སུ།། དམ་བཅས་པ་ཡི ་ཚིག་སྨྲས་པ། བཅོམ་ལྡན་ནོར་རྒྱུན་ཞེས་བྱ་བའི།། མཚན་ནི་མཆོག་སྒྲོགས་བགྱིད་པ་ན།། དེ་ལ་ནོར་གྱི་ཆར་འབབ་ཅིང་།། ནོར་ཆེན་དང་ནི་ལྡན་པར་བགྱི།། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་པར་བྱེད་པ་ཐམས ་ཅད་འདུལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྲིན་མོ་ཀློག་འབར་མ་བསྒྱུར་བའི་སྙིང་པོ་འདི་གསུངས་སོ།། ཨོཾ་རེ་ཏུ་ཏྲེ་ཎི་པྲ་ཀུ་པ་ཏ་ཙཎ་ཌེ། མ་ཧཱ་བེ་ཀེ། དྷ་རི་བིད་དྷཱ་ཛི་ཏཱཾ། མ་ཧོ་ད་རི་རོ་ཏྲ། ་བཱལཱམྦ་ལ་དྷ་རི་ནི་ཛ་ཊ་མ་ཀུཊ། མན་ཏི་ཏེ། ནན་པྲ་ཧ་རན། དྷ་རི་ཧཱུཾ་ཧཱུཾ་ཕཊ་ཕཊ། སརྦ་ཏ་ཐཱ་ག་ས་མ་ཡ་མ་ནུ་སྥ་ར།། ཀུ་རུ་ཀུ་རུ། ཧཱུཾ་ཧཱུཾ། པྲམ་དྷ་མ། སརྦ་ཤ་ཏཱཾ་ནཱན། ཤོན་ཏ་བི་པ། པྲ་ཙཎ་ཌེ། བེ་ག་དྷ་རི། པ་ཙ་ཏ་པ་ཙ་ཏ། བིཀ ་ར་ཏ་ས་ཏ་ཡ་ཧཱུ~ཾ། ད་ཏ་དཏ། སརྦ་ཤ་ཏཱཾ། སརྦ་དུཥྚཱན། ནི་ཀྲིན་ཏ། པྲ་ས་ད་ཡ་ཏྲཱ~ཾ། མ་ཧཱ་བྷ་ག་བ་ཏ། ཛྭ་ལ་ཛྭ་ལ། དཱུ་ཕཊ། ཆེག་མ་ཞག་མ་བ་ཤད་ཡ་མཱ་ཧཱ། དེ་ནས་སྲིན་མོ་འབར་བའི་ཀློག། རིག ་སྔགས་ཆེན་མོ་གསུངས་པ་ཡིས། ། བདུད་ཀྱི་གནས་རྣམས་ཚིག་པར་འགྱུར།། དགྲ་རྣམས་ཀྱི་ནི་སྙིང་ཡང་ཉམས།། དུར་ཁྲོད་ཀྱི་རཔལ་སྲིན་མོ་བཅག་གིས་བྲིས་ནས་ལེགས་པར་སྦས་ཏེ་གུ་གུལ་གྱི་བདུག་པས་བསྲེག་ཅིང་། ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། མེ་ཏོག་དམར་པོ་དང་།། དྲི་དམར་པོ་དང་། གཏོར་མ་དང་ལྷ་བཤོས་དམར་པོར་བྱས་པ་བྱིན་ནས་དུར་ཁྲོད་དུ་བརྐོ་བར་བྱའོ།། དེའི་སྟེང་དུ་མིང་ནས་སྨོས་ཤིང་བརྒྱ་རྩ་བརྒྱད་བཟླས་རྗོད ་བྱས་པའི་ཡུངས་དཀར་གྱིས་གཏོར་ཏོ། ། བརྐོས་པའི་མོད་ལ་ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་བཅིངས་པར་འགྱུར་རོ།། མནན་པ་དང་རྨོངས་པར་བྱས་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཕྲོག ་མའི་དགའ་སྟོན་གནོད་སྦྱིན་མོའི་ཚོགས་དགའ་བར་བྱེད་པའི་དངོས་གྲུབ་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་པ་ཆེན་པོ་ཕྲོག་མའི་གསང་སྔགས་འདི་གསུངས་སོ། ། ཨོཾ་ཧ་རི་ཏྱེ་མ་ཧཱ་ཡཀྵ་ནི་ཡཧ། ་ར་ཧ་ར། སརྦ་ཡགྣི་ནི་བྲི་ཤ་ནི་སྭཱ་ཧཱ།། དེ་ནས་འཕྲོག་དགའ་འཕྲོག་མ་ནི།། གནོད་སྦྱིན་ཆེན་མོ་གསུངས་པ་དང་།། གནོད་སྦྱིན་མ་ཀུན་གཡོས་ནས་སུ།། དངོས་གྲུབ་ཕྱིར་ནི་མངོན་ཕྱོགས་འགྱུར།། ཁྲོ་མོའི་འཁོར་ལོ་གནོད ་སྦྱིན་མ། ། བརྒྱ་དབུས་འཕྲོག་མས་བརྒྱན་བྱས་ཏེ།། ལྕགས་ཀྱུ་འབྲས་བུ་ནེའུ་ལེ་ཅན།། གནོད་སྦྱིན་བརྒྱད་ཀྱིས་ཀླུབས་ནས་སུ།། གནོད་སྦྱིན་མ་ཀུན་བསྒྲུབ་པར་བྱ།། དེ་ནས་བཅོམ་ལྡན་འདས་ཀྱིས་ནང་ཆེན་པོ ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མིངས་ཆེན་པོ་ཞི་བར་མཛད་པའི་རིག་སྔགས་རི་ཁྲོད་ཀྱི་ཤིང་ལོ་ཅན་མ་འདི་གསུངས་སོ། ། ཨོཾ་བི་ཤ་ཙི་པ། ཤ་བ་རི། སརྦ ་མཱ་རཱི་པྲ་ཤ་མ་ནི་ཧཱུ~ཾ་ཕཊ། དེ་ནས་རིག་སྔགས་ཆེ་གསུངས་པས།། སངས་རྒྱས་རིང་རྣམས་རབ་ཏུ་གཡོས།། གནོད་བྱེད་ནང་འགྲོ་སྲིན་པོ་དང་།། སྡང་བ་རྣམས་ཀྱིས་སྙིང་ཡང་ཟགས།། ཡམ་ཤིང་འོ་མ་ཅན་དང་ཏིལ།། འོ ་མས་དུ་བཞི་པར་འགྱུར། ། ནམ་མཁར་ཀུན་ནས་རིག་སྔགས་ཀྱི་རྒྱལ་མོས་ལེགས་པར་བཀང་ནས་སུ།། དུད་ཅི་ཆར་འབེབས་བསམས་ནས་ནི།། མོད་ལ་གནོད་པཞི་བར་འགྱུར།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་གྱི་དྲབ ་ལས་འདི་ནི་གསང་སྔགས་ཀྱི་ཡེ་ཤེས་རྣམ་པར་བསྒྱིངས་པ་རིམ་པར་ཕྱེ་བའི་ལེའུ་སྟེ། ལྔ་པའོ།། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེ་དེ་བཞིན་གཤེགས་པས་ཕྱག་ན་རྡོ་རྗེ་ལ་འདི ་སྐད་ཅེས་བཀའ་སྩལ་ཏོ། ། སྐུ་གསུམ་ཡེ་ཤེས་ཀྱི་རྡོ་རྗེ་ལས་ཡང་དག་པར་བྱུང་བ་ལག་པའི་ཕྱག་རྒྱ་ཐ་དད་པ་རྣམས་མཉམ་པར་བཞག་པའི་སེམས་ཀྱི་ཉོན་ཅིག། གང་ཞིག་བཅིངས་པ་ཙམ་གྱིས་ནི།། སྡིག་པ་ཀུན་ལས། ་རྣམ་གྲོལ་ཞིང་།། འདིརན་ལུས་ནི་བྱིན་བརླབས་ཏེ།། རང་གི་གཟུགས་རྣམ་བསྒོམ་པ་ན།། སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན།། དངོས་གྲུབ་གཞན་ལྟ་སྤོས་ཅི་དགོས།། ལག་པ་གཉིས་ཁུ་ཚུར་བཅངས་པ་ལས་མཐེ་བོག ་བཏེག་པ་ནི་དེ་བཞིན་གཤེགས་པའི་སྟེ། ། སྐུ་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ།། དེ་ཉིད་ལས་གཡོན་པའི་མཐེ་བོ་ནང་དུ་བཅུག་སྟེ།། གཡས་པའི་མཐེ་བོ་བཏེག་པ་ནི་འཇིག་རྟེན་དབང་ཕྱུག་གི་སྟེ་གསུང་བྱིན་གྱིས་བརླབས ་པའི་ཕྱག་རྒྱའོ། ། དེ་ཉིད་ལས་གཡས་པའི་མཐེ་བོ་ནང་དུ་བཅུག་སྟེ།། གཡོན་པའི་མཐེ་བོ་བཏེག་པ་ནི་རྡོ་རྗེ་འཆང་གི་སྟེ།། ཐུགས་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ།། ལག་པ་གཉིས་ཁུ་ཚུར་བཅངས་པ་ལས་གཡོན ་པའི་འཛུབ་མོ་བསྒྲེང་བའི་ཐོར་ཏོ་གཡས་པའི་ཁུ་ཚུར་གྱིས་བཟུང་བ་ནི་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོའི་ཕྱག་རྒྱའོ། ། སེམས་དཔའི་དཀྱིལ་མོ་དཀྲུང་དུ་འདུག་ནས་ལག་པ་གཡོན་པ་པང་བར་བཞག་སྟེ།། གཡས་པ ་ས་ལ་གནོན་པ་ནི་མི་འཁྲུགས་པའི་ཕྱག་རྒྱའོ། ། དེ་ཉིད་ལས་གཡས་པ་མཆོག་སྦྱིན་པར་བྱས་པ་ནི་རིན་ཆེན་འབྱུང་གནས་ཀྱི་ཕྱག་རྒྱའོ།། དེ་ཉིད་ལས་ལག་པ་གཉིས་བསམ་གཏན་གྱི་ཚུལ་དུ་བྱས་པ་ནི་འོད་དཔག ་མེད་ཀྱི་ཕྱག་རྒྱའོ། ། དེ་ཉིད་ལས་གཡས་པ་མི་འཇིགས་པ་སྦྱིན་པར་བྱས་པ་ནི་གདོན་མི་ཟ་བར་གྲུབ་པའི་ཕྱག་རྒྱའོ།། ལག་པ་གཉིས་རྡོ་རྗེ་བཅིང་བར་བྱས་པ་ལས་གུང་མོ་བཤིབས་སྟེ་བསྒྲེང་བ་ནི་རྡོ་རྗེ་སེམས་མའི་ཕྱག་རྒྱའོ།། ་དེ་ཉིད་ལས་གུང་མོའི་ཚོགས་དང་པོ་བཀུག་སྟེ།། རིན་པོ་ཆེའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་རིན་ཆེན་མའི་ཕྱག་རྒྱའོ།། དེ་ཉིད་ལས་གུང་མོ་པད་མའི་འདབ་མ་ལྟར་གདུབ་བུའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་ཆོས་མའི་ཕྱག་རྒྱའོ།། དེ་ཉིད་ལས་གུང་མོ་ནང ་དུ་བསྐུམ་པ་ནི་རྡོ་རྗེ་ལས་མའི་ཕྱག་རྒྱའོ། ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་འཛུབ་མོ་གཉིས་གདུབ་བུ་ལྟར་བྱས་ཏེ་མཐེ་བོའི་རྩེ་མོར་མིག་གི་ཚུལ་དུ་བྱས་པ་ནི་སངས་རྒྱས་སྤྱན་གྱི་ཕྱག་རྒྱའོ།། རྡོ་རྗེ་བཅིང ་བ.ལས་གུང་མོ་བསྒྲེང་བའི་ཚིགས་གསུམ་པར་འཛུབ་མོ་གཉིས་རྡོ་རྗེའི་ཚུལ་དུ་བཟུང་བ་ནི་མཱ་མ་ཀཱིའི་ཕྱག་རྒྱའོ། ། ལག་པ་གཉིས་ཐལ་མོ་ཁོད་སྟོང་དུ་སྦྱར་ཏེ་བདམ་འབྱེ་བའི་ཚུལ་དུ་བྱས་པ་ནི་གོས་དཀར་མོ་ཅན་གྱི་ཕྱག་རྒྱའོ།། ག ་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་འཛུབ་མོ་གཉིས་བཅུགཔས་ཟུང་མོའི་སེན་མོ་མནནཏེ། མཐེ་བོ་གཉིས་དབུས་སུ་བཞག་ནས་ཅུང་ཟད་བཀུག་པ་ནི་སྒྲོལ་མའི་ཨུ་ཏ་པ་ལའི་ཕྱག་རྒྱའོ།། ལག་པ་གཉིས་ཐལ་མོ་སྦྱར་ཏེ། འཛུབ ་མོ་དང་གུང་མོའི་ཚིགས་དབུ་མར་གདུབ་བུའི་ཚུལ་རུ་བྱས་ནས་མཐེ་བོ་གཉིས་གློར་བཞག་པ་འདི་ནི་སྐུལ་བྱེད་མའི་གཟུངས་ཀྱི་ཕྱག་རྒྱའོ། ། དེ་ནས་རྡོ་རྗེ་བཅིང་བ་བྱས་པ་ལས་འཛུབ་མོ་གཉིས་མཐེ་བོའི་རྩེ་མོར་བཀུག་པ་འདི ་ནི་རིན་ཆེན་སྒྲོལ་མའི་ཕྱག་རྒྱའོ། ། ལག་པ་གཉིས་བརྐྱང་སྟེ་མཐེ་བོས་སོ་སོའི་མཐེའུ་ཆུང་གི་སེན་མོ་མནན་ནས་ལྷགས་རྡོ་རྗེའི་མཚན་ཉིད་ཏུ་བྱས་པ་འདི་ནི་ཁྲོ་གཉེར་ཅན་མའི་ཕྱག་རྒྱའོ།། ལག་པ་གཉིས་སོ་སོར་ཁྭ ་ཚུར་བཅིངས་པ་ལས་འཛུབ་མོ་དང་མཐེའུ་ཆུང་གཉིས་ལུ་གུ་མུད་ལྟར་བཅིངས་པ་འདི་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱའོ། ། ལག་པ་གཉིས་ཁུ་ཚུར་བཅངས་པ་ལས་གུང་མོ་དང་སྲིན་ལག་གཉིས་བསླངས་ཏེ་རྩེ་མོའི་ཚུལ་དུ་བྱས ་ལགུང་མོའི་རྒྱབ་དུ་སྲིན་ལག་བསྣོལ་ལ། ། འཛུབ་མོ་གཉིས་གདུབ་བུའི་ཚུལ་དུ་བྱས་པས་དཀྲིས་པས་མཐེ་བོ་གཉིས་མདུན་དུ་བཞག་པ་ལས་ཅུང་ཟད་བཀུག་སྟེ་ཁའི་ཚུལ་དུ་བྱས་པ་འདི་ནི་གཤིན་རྗེ་གཤེད་ཀྱི་ཕྱག ་རྒྱའོ། ། ལག་པ་གཡོན་པ་རྡོ་རྗེ་ཁུ་ཚུར་བཅིངས་པ་ལས་ཁྲོ་བོའི་འཛུབ་མོ་སྙིང་ཁར་བཞག་སྟེ། ལག་པ་གཡས་པ་ཐལ་ལྕག་གི་ཚུལ་དུ་བྱས་པ་ནི་ཁྲོ་བོ་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ།། རྡོ་རྗེལ་ཚུར་གཉིས་ལ་ཐེའུ་ཆུང་ལུ་གུ ་ཀླུ་ལྟར་དུལ་འཛུབ་མོ་བཞིབས་ཏེ་བསྒྲེང་བ་ལས་བཟློག་སྟེ་དདྲལ་བར་བཞག་པ་ནི་རྟ་མགྲིན་གྱི་ཕྱག་རྒྱའོ། ། ལག་པ་གཉིས་ཀྱི་མཐེ་བོས་སྲིན་ལག་དང་མཐེའུ་ཆུང་གཉིས་ཀྱི་སེན་མོ་མནན་ལ་རལ་གྲི་ཤུགས་ནས་དབྱུང་བའི་ཚུལ ་དུ་བྱས་པ་ནི་འཕགས་པ་མི་གཡོ་བའི་ཕྱག་རྒྱའོ། ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་པ་ལས་རྒྱབ་སྤད་དེ་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ལྟར་བཅིངས་ནས་འཛུབ་མོ་གཉིས་བསྒྲེངས་པ་ལས་ཞགས་པའི་ཚུལ་དུ་བྱས་པ ་ནི་འདོད་པའི་རྒྱལ་པོའི་ཕྱག་རྒྱའོ། ། ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་འཛུབ་མོ་སྙིང་ཁར་བཞག་ལ།། གཡས་པ་ཁྲོ་བོའི་སོར་མོ་བེ་ཅོན་གྱི་ཚུལ་དུ་ཕྱར་བ་ནི། བེ་ཅོན་སྔོན་པོ་ཅན་གྱི་ཕྱག་རྒྱའོ།། ལག་པ་གཡོན་པ ་རྡོ་རྗེ་སྙིང་ཁར་བཞག་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་རྡེག་སྟངས་དང་བཅས་པར་ཕྱར་བ་ནི་སྟོབས་པོ་ཆེའི་ཕྱག་རྒྱའོ། ། ལག་པ་གཉིས་སོ་སོར་ཁུ་ཚུར་བཅངས་ལ།། འཛུབ་མོ་དང་གུང་མོ་བསྒྲེངས་ཏེ་སྤྲད་ནས ་མེ་ཏོག་གི་ཚུལ་དུ་བྱས་པ་ནི་བྱམས་པའི་ཕྱག་རྒྱའོ། ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦར་ནས་འཛུབ་མོ་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་སེན་མོ་མནན་ནས། ཨུད་པལ་ཁ་བྱེ་བའི་ཚུལ་དུ་བཞུག་པ་ནི ་འཇམ་པའི་དབྱངས་ཀྱི་ཕྱག་རྒྱའོ། ། ལག་པ་གཡོན་པ་པང་བར་བཞག་ལ།། ལག་པ་གཡས་པ་གླང་བཆེའི་རྩཝ་ལྟར་བྱས་པ་ནི་སྤོས་ཀྱི་གླང་པོའི་ཕྱག་རྒྱའོ།། གཡོན་པས་རྡོ་རྗེ་ཁུ་ཚུར་ནམ་མཁའ་ལ་སྤང་། ་པ་ལག་པ་གཡས་པའི་སོར་མོ་བ་དན་གྱི་ཚུལ་དུ་བྱས་པ་ནི་ཡེ་ཤེས་རྟོག་གི་ཕྱག་རྒྱའོ།། བཟང་པོའི་འདུག་སྟངས་སུ་འདུག་སྟེ།། ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ།། སྙིང་ཁར་བཞག་པ་ནི་བཟང་སྐྱོང་གི་ཕྱག་རྒྱའོ།། ལག ་གཉིས་ཆུ་རླབས་ཀྱི་ཚུལ་དུ་བརྐྱང་བ་ལས། ། སོར་མོ་རྣམས་ཆུ་རླབས་དྲང་བ་ནི་བློ་གྲོས་རྒྱ་མཚོའི་ཕྱག་རྒྱའོ།། གཡོན་པ་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག་ལ་གཡས་པ་མཆོག་སྦྱིན་པ་ནི་བློ་གྲོས་མི་ཟད་པའི་ཕྱག་རྒྱལ།། ་གཡོན་པ་རྡོ་རྗེ་ཁུ་ཚུར་པང་དུ་བཞག་ལ། གཡས་པ་སེ་གོལ་ཏོགས་པའི་ཚུལ་དུ་བྱས་པ་ནི་སྤོབས་པ་བརྩེགས་པའི་ཕྱག་རྒྱའོ།། ལག་པ་གཉིས་པད་མ་ཅུང་ཟད་ཁ་བྱེ་བ་ལྟར་བྱས་པ་ནི་མཐུ་ཆེན་ཐོབ་ཀྱི་ཕྱག་རྒྱལ ་ལག་པ་གཉིས་མེ་ཏོག་འདོར་བའི་ཚུལ་དུ་བྱས་པ་ནི་ངན་སོང་ཐམས་ཅད་སྤོང་བའི་ཕྱག་རྒྱའོ། ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་བསྣུན་པའི་ཚུལ་དུ་བྱས་པ་ནི་མྱ་ངན་ཐམས་ཅད་ཀྱི་མུན་པ་ངེས་པར ་འཇོམས་པའི་བློ་གྲོས་ཀྱི་ཕྱག་རྒྱའོ། ། ལག་པ་གཉིས་བརྐྱང་ནས་འཕྲོ་བའི་ཚུལ་དུ་བྱས་པ་ནི་དྲ་བ་ཅན་གྱི་འོད་ཀྱི་ཕྱག་རྒྱའོ།། གཡས་པ་མཆོག་སྦྱིན་པར་བྱས་པ་ལ་གཡོན་པ་ཟླ་བའི་ཚུལ་དུ་བྱས་པ་ནི་ཟླ་འོད་ཀྱི་ཕྱག་རྒྱའོ་། ་ལག་པ་གཉིས་བུམ་པའི་ཚུལ་དུ་བྱས་ནས་དབང་བསྐུར་བ་ནི་འོད་དཔག་མེད་ཀྱི་ཕྱག་རྒྱའོ།། གཡོན་པ་རྡོ་རྗེ་ཁུ་ཚུར་བྱས་ལ་གཡས་པའི་ཁུ་ཚུར་ནམ་མཁའ་ལ་ཀུན་ཏུ་བསྐོར་བའི་ཚུལ་དུ་བྱས་པ་ནི་ནམ་མཁའ ་མཛོད་ཀྱི་ཕྱག་རྒྱའོ། ། གཡོན་པས་ལ་བརྐྱང་ནས་ལག་པ་གཡས་པའི་མཛུབ་མོ་དང་མཐེ་བོ་སྤྲད་ནས་ཞུ་བའི་ཚུལ་དུ་བྱས་པ་ནི་སྒྲིབ་པ་ཐམས་ཅད་ངེས་པར་སེལ་བའི་ཕྱག་རྒྱའོ།། གཡོན་པ་རྡོ་རྗེ་ཁུ་ཚུར་ལས་ཁྲོ་བོའི་མཛུབ་མོ ་སྙིང་ཀར་བཞག་ལ་ཧཱུཾ་ཞེས་བྱ་ཞིང་། ། ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་རྡེག་སྟངས་དང་བཅས་པར་ཕྱར་བ་ནི་རཾ་ཁྲོད་ལོ་མ་ཅན་གྱི་ཕྱག་རྒྱའོ།། ལག་པ་གཡོན་པ་སོར་མོ་བརྐྱང་པ་ལས་མཛུབ་མོ་དང་མཐེ་བོ་སྐམ་པས།། ་འཛིན་པའི་ཚུལ་དུ་བྱས་ལ།། ལག་པ་གཡས་པ་ཁབ་ཀྱི་ཚུལ་གྱིས་འཚེ་བར་བྱེད་པ་རྣམས་ཀྱི་ཁ་མིག་འདྲུབ་པ་ནི་འོད་ཟེར་ཅན་མའི་ཕྱག་རྒྱའོ།། ལག་པ་གཉིས་སྤྱི་བོར་སྦྲུལ་མགོ་གདེངས་ཀའི་གདུགས་ལྟར་བྱས ་ནས་ཕུད་ཅེས་བརྗོད་པ་ནི་དུག་སེལ་བའི་ཕྱག་རྒྱའོ། ། འདོད་པའི་རྒྱལ་པོའི་ཕྱག་གཉིས་ལས་མཛུབ་མོ་གཉིས་བསྒྲེང་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའོ།། དེ་ཉིད་ལས་གཡས་པའི་ཁྲོ་བོའི་ལུགས་ཀྱུ་ཡིས་ཛ་ཞེས ་བྱས་པས་དགུག་པ་ནི་རྡོ་རྗེ་ཁྲོ་བོ་ལུགས་ཀྱུས་དགུག་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པ་སྟེ། རྡོ་རྗེ་ཁྲོ་བོའི་ལྕགས་ཀྱུའི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་མཆེ་བའི་ཚུལ ་དུ་བྱས་པ་ལས་བསྣོལ་ཏེ་འགྲམ་པ་གཉིས་སུ་བཞག་ལ། ལྕེ་ལྡིབ་ཅིང་ཁྲོ་བོའི་ལྟ་བས་བལྟ་བར་བྱ་བ་ནི། རྡོ་རྗེ་མཆེ་བའི་ཕྱག་རྒྱའོ།། དེ་ཉིད་ལས་མཐེའུ་ཆུང་གཉིས་བསྐུམ།། མཛུབ་མོ་གཉིས་ལུགས་ཀྱུའི ་ཚུལ་དུ་བྱས་ནས་ཁའི་གྲཝར་བཞག་སྟེ། ཧཱུཾ་ཞེས་བྱ་ཞིང་ཁྲོ་བོའི་ལྟ་བས་ལུས་གཙུབ་ནི་རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱའོ།། ལག་པ་གཉིས་ཀྱིས་རྡོ་རྗེ་ཁུ་ཚུར་བཅངས་པ་ལས་མཛུབ་མོ་གཉིས་བརྐྱང་སྟེ་བསྣོལ ་ནས་གྱེན་དུ་བཏེག་པ་ལྟར་བྱས་པ་ནི་དཀྱིལ་འཁོར་གྱི་ཕྱག་རྒྱའོ། ། དེ་ཉིད་ལ་ཁྲིག་མ་གཉིས་བསྣོལ་ཏེ་བཏོད་ཅིང་བསྟེག་པ་ནི་སྒོ་དབྱེ་བའི་ཕྱག་རྒྱའོ།། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བསྣོལ་ནས་མཚན ་ཁུང་དུ་བསྡམས་ཏེ་ཁྲོ་བོའི་ལྟ་བས་འགྱུར་བ་དང་། བཅས་པ་ནི་གདོན་ཐམས་ཅད་སྐྲག་པར་བྱེད་པའི་ཕྱག་རྒྱའོ།། ལག་པ་གཡོན་བརྐྱང་སྟེ་ཁ་ཕུབ་པ་ལ་དེའི་སྟེང་དུ་གཡས་པ་བཞག་ནས། ལག་པ་ག ་ཀྱིས་སོ་མོར་བསྐྱོད་པ་ནི་ལྷ་མ་ཡིན་གྱི་རྒྱུད་དང་འཁྲུལ་འཁོར་བྱེད་པ་དང་། ལྷ་མ་ཡིན་གྱི་བུ་མོ་སྨར་གཞུག་པའི་ཕྱག་རྒྱའོ།། ལག་པ་གཉིས་ཀྱི་མཐེ་བོ་དང་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ལྟར ་བཅིངས་ཏེ་བཞག་ལ། ། ལྷག་མ་བདན་རྩེ་གསུམ་པའི་ཚུལ་དུ་བྱས་ནས་སྟང་སྟབས་དང་བཅས་པར་ཧཱུཾ་ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེས་འོག་གི་ཕྱག་རྒྱའོ།། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་ཁྲོ་བོའི་འཛུབ་མོས་སྡིགས ་པ་ནི་རྡོ་རྗེའི་བདག་མོའི་ཕྱག་རྒྱའོ། ། རྡོ་རྗེ་བཅིངས་པ་ལས་འཛུབ་མོ་གཉིས་བརྐྱང་སྟེ། ཕུར་བུའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་ཕུར་བུའི་ཕྱག་རྒྱའོ།། གཡས་པའི་རྡོ་རྗེ་ཁུ་ཚུར་བརྡུང་བའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་ཐོ་བའི་ཕྱག ་རྒྱའོ། ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅིངས་པ་ལས་འཛུབ་མོ་གཉིས་བརྐྱང་སྟེ།། རྡོ་རྗེ་མདུང་པ་དོར་བའི་ཚུལ་དུ་བྱས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཅིང་བའི་ཕྱག་རྒྱའོ།། ལག་པ ་གཉིས་ཀྱི་རྡོ་རྗེ་ཁུ་ཚུར་བཅིངས་སྟེ་སོག་ལེ་དྲང་བའི་ཚུལ་བྱས་པ་ནི་རྡོ་རྗེ་སོག་ལེའི་ཕྱག་རྒྱའོ། ། ལག་པ་གཉིས་ཐལ་མོ་ཟླ་བའི་ཚུལ་དུ་བྱས་ཏེ་གདོང་གཡོག་ཅིང་བརྐྱང་ལ་ཁྲོ་བོའི་མིག་ཏུ་བྱས་ནས་ཨ་ལ ་ལ་ཞེས་བྱ་བ་ནི་རྡོ་རྗེ་སྲིན་མོའི་ཕྱག་རྒྱའོ། ། ལག་པ་གཉིས་ལུག་གུ་རྒྱུད་དུ་བཅིངས་པ་ལ་འཛུབ་མོ་དང་མཐེ་བོ་གཉིས་པད་མའི་ཚུལ་དུ་བྱས་པ་ནི་སྤྲིན་ཐམས་ཅད་གཏུབ་པའི་ཕྱག་རྒྱའོ།། ལག་པ་གཉིས་ཁུ ་ཚུར་བཅིངས་པ་ལས་འཛུབ་མོ་གཉིས་གདུབ་བུ་ལྟར་བྱས་ཏེ། སྐམ་པའི་ཚུལ་དུ་དཔུང་བབ་རྐྱང་བ་ནི་འཁྲུལ་འཁོར་གྱི་ཕུར་རབ་དབྱུང་བའི་སྐམ་པའི་ཕྱག་རྒྱའོ།། ལག་པ་གཉིས་ཀྱི་མཐེ་བོ་ལག་མཐིལ ་དུ་བཞག་སྟེ། ། ལྷག་མ་རྣམས་འདབ་མ་ལ་གས་བཅིང་ནང་པ་ལ་གཅིག་ས་ལ་བཙུགས་ལ།། གཅིག་རྒྱ་བ་དུ་བསྐུམས་ནས་ཁྲོ་བའི་སྐབས་སྡེ་ལྡི་བ་ཅིང་ཧཱུཾ་བ་ཅེས་བྱབས་རིམ་གྱིས་བསྤྱོད་པ་ནི་རྣཾརྗེ ་ནམ་མཁའ་ལྡིང་གི་ཕྱག་རྒྱའོ། ། འདི་བཅིངས་པ་ཙམ་གྱིས་ཁམས་གསུམ་ཁྱབ་པའི་དུག་ཀྱང་སྐད་ཅིག་གིས་སེལ་བར་བྱེད་དོ།། རྡོ་རྗེ་ཁུ་ཚུར་གཉིས་མདའ་གཞུ་དགང་བའི་ཚུལ་གྱིས་ཕྱོགས་བནི་མདའ་བཀང་སྟེ།། ་འབངས་པས་ཕ་རོལ་དཔུང་གཞིག་པ་ནི་མཉེས་པར་བྱེད་པའི་རྡོ་རྗེ་མ་དེའི་ཕྱག་རྒྱའོ།། ཁུ་ཅུར་གཉིས་པས་ཀྲུང་མ་གཤིབས་ཏེ་བསྒྲེང་པ་ལས་རིན་པོ་ཆེའི་ཚུལ་དུ་བཀུག་ལ། མཐེ་བོ་བརྐྱང་བའི་སྟེང་དུ་འཛུབ་མོག ་གདུབ་བུའི་ཚུལ་དུ་བྱས་པ་ནི་སངས་རྒྱས་འཁོར་ལོ་ཅན་གྱི་ཕྱག་རྒྱ་གཡུལ་ལས་གྲོལ་བར་བྱེད་པའོ། ། ལག་པ་གཡོན་པའི་མཐེ་བོས་སོར་མོ་མནན་ཏེ་གུང་མོ་བསྒྲེང་། གཡས་པས་པད་མཁའ་བྱེད་པའི་ཚུལ ་དུ་བྱས་པ་ནི་ཧ་ལ་ཧ་ལའི་ཕྱག་རྒྱའོ། ། ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་གཉིས་དཀྲིས་ལ་འཛུབ་མོ་གཉིས་གཤིབས་ཏེ་བསྒྲེངས་ནས་བཟློག་ལ་དཔྲལ་བར་བཞག་པ་ནི་རྡོ་རྗེ་ཁྲག་འཐུང་གི་ཕྱག་རྒྱ་སྟེ། དུར་ཁྲོད་དུ ་འཇུག་པ་ན་མཁའ་འགྲོ་མ་རྣམས་འཇིགས་པར་བྱེད་པའོ། ། གཡོན་པསཐོད་པ་གཟུང་ལ་གཡས་པས་མདུད་རྩེ་གསུམ་ཐོགས་ནས་རལ་པ་བཅིངས་ཏེ་ཟླ་བས་བརྒྱན་ཅིང་མཚན་བསྒྲེང་ལ། མིག་གསུམ་བགར་བྱེད་པ་ནི ་གར་སྟབས་ཀྱི་ཕྱག་རྒྱ་སྟེ། འདི་ནི་བདེ་བྱེད་ཀྱི་ཕྱག་རྒྱའོ།། གཡོན་པ་མི་འཇིགས་པར་བྱས་པ་ལས་སོར་མོ་རྣམས་ཅུང་ཟད་ཕྱེ་སྟེ། མཐེ་བོ་ལག་མཐིལ་དུ་བཞག། དེ་བཞིན་དུ་གཡས་པའི་ཁུ་ཚུར་དབྱུག་ཟོ་འཛིན་པ་ལྟར། ་བྱས་པ་ནི་ཁྱབ་འཇུག་གི་ཕྱག་གི་ཕྱག་རྒྱའོ།། ལག་པ་གཉིས་བརྐྱང་ནས་དམའི་ཚུལ་དུ་བྱས་པ་ནི་ཚངས་པའི་ཕྱག་རྒྱའོ།། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་མེ་ཏོག་ལྟར་བྱས་པ་ནི་མ་མོ་རྣམས་ཀྱི་ཕྱག་རྒྱའོ།། རྡོ་རྗེ ་ཁུ་ཚུར་གཉིས་ཀྱིས་ནི། ། རྒྱབ་དུ་མདུད་པ་ལྟར་འདོད་ཞིང་།། རྡོ་རྗེ་སེམས་མ་ལ་སོགས་པའི།། རིན་ཆེན་ཅོད་པན་ཕྲེང་དབང་བསྐུར།། ཏིང་འཛིན་གནས་པས་འཁོར་ལོ་ཅན།། འཁོར་ལོ་མངའ་བའི་ལྷ་རྣམས་ལ། ་སངས་རྒྱས་ས་ནི་རབ་འགངས་པའི།། གསང་བའི་མཆོད་པ་འབྱུང་བར་བསམ།། འགྱུར་ཞིང་ཅུང་ཟད་འཇོ་ཚུལ་ཅན། སྒེག་མ་ཡི་ནི་ཕྱག་རྒྱ་ཡིས།། གར་གྱི་ཚུལ་དུ་བསྐྱོད་ནས་ཀྱང་། ཧཱ་ཞེས་བྱ་བ་གླུར་བླངས།། ་ཤིང་།། དེ་ན་སངས་རྒྱས་ཀུན་དགྱེས་པ།། རྡོ་རྗེ་རྒྱུད་ནི་སྒྲེང་བར་བྱ།། དེ་ནས་ཕྲེང་ཚུལ་ཕྲེང་བ་ཡིས།། ལྷ་རྣམས་ཀུན་ལ་བཅིང་བར་བྱ།། འཇོ་སྒེག་ཐབས་ལ་སྤྲོ་བ་ཡིས།། ལག་པ་གཉིས་བསྐོར་ཞིང་དགྲོལ་བ་དང་། གཡས ་ནས་གཡོན་དུ་བསྐོར་བ་ཡིས། ། གར་སྟབས་བྱས་ནས་མགོལ་གཞག། མེ་ཏོག་དབུལ་བའི་ཚུལ་དུ་ནི།། གང་གིས་མེ་ཏོག་ཐལ་མོ་སྦྱར།། གདུག་སྤོས་རྩེ་མོ་སྦྱར་བ་ཡིས།། གུང་མོ་གཉིས་ནི་བཟློག་སྟེ་བསྒྲེང་།། བསྐོར་ཞིང ་བསྒྱུར་བ་བྱས་པ་ཡིས། ། མཐེབ་གཉིས་མར་མེའི་ཚུལ་དུ་བཞག། དུང་གི་ཚུལ་དུ་ལག་བསྒྱུར་ནས།། དུང་པོར་ལྟ་བུར་མཆོད་ཡོན་དབུལ།། དེ་ནས་ལྷ་རྣམས་ཀུན་ལ་ཡང་།། ལག་པའི་གར་གྱིས་བྱུག་ཚུལ་བྱ།། དེ་ནས་སིལ ་སྙན་ཚུལ་གྱིས་སུ། ། ལག་གཉིས་སིལ་སྙན་ལེགས་པར་བརྡུང་།། དུང་དང་གླིང་བུ་བུད་པ་དང་།། ལག་པ་གཉིས་ནི་རྔ་ཡབ་གཡོབ།། བསིལ་ཡབ་ཚུལ་གྱིས་བསིལ་ཡབ་དང་།། སོར་མོ་གཉིས་ཀྱིས་རྒྱལ་མཚན་བྱ།། ཚོན ་བགྱི་ཚེ་ན་ལྷག་ཕྲན་ལྟར། ། བསྐྱོད་ཅིང་ཚོན་གྱི་ཕྲེང་བ་བགྱི།། ལག་གཡོན་སྣོད་ཀྱི་ཚུལ་བྱས་ལ།། གཡས་པ་ཡིས་ནི་ལྷ་བཤོས་དབུལ།། ཁད་པ་བརྩེགས་པ་བཞག་ནས་སུ།། གོས་ཀྱི་ཚུལ་གྱི་གོས་རྣམས་དང་།། གདུབ་བུ་སྐྲ ་རགས་རྐང་རྒྱན་དང་། ། རྣ་ཆ་དེ་ཤེལ་གནས་ལྔར་བཞག། དེ་ནས་གདུགས་ཀྱི་ཚུལ་གྱིས་སུ།། ལྷ་རྫས་གདུགས་ནི་ལེགས་པར་གཟུགས།། བསམ་གཏན་ཚུལ་གྱིས་ལག་པ་དག། ནམ་མཁའ་ལ་ནི་མཛེས་བསྐོར་ན།། སངས ་རྒྱས་ཞི་བ་གེངས་བྱེད་པའི། ། གླིར་རྣམ་པ་སྣགས་འགྱུར།། ཐར་ནི་པད་མའི་ཕྲེང་བ་དང་།། དྲིལ་བུག་པ་གའིདྲ་བས་བརྒྱན།། གསང་སྔགས་འདིན་ཚིག་བཞིན།། རྡོ་རྗེ་རྗེལ་བུ་བསིལ་པ་ཡིས།། རྒོ་ངས ་ཀྱང་དབྱ་བར་བྱ། ། ཨ་བཛྲག། རང་ད། པྲར་ཥད། སམ་པྲ་ག་ཎད། སརྦ་བུད་དྷཀྵ་ཏྲ།། པྲཿལ།། པྲདྲཱ་པཱ་ར་མེཏཱ། ནཱ་ད་ས་བྷ་བ་བརྡཿརྨ་ཏྲ་ཡ། ཨ་པ་གཏན་དྷ་ཏྲཱ་ཏྲཱ། ལག་གཡས་རྡོ་རྗེ་གསོར་བྱ་ཞིང་།། སྣ་ཚོགས ་ཐུགས་སུ་འགྱུར་བ་ཡིས། ། རྡོ་རྗེ་གླུ་ཡིས་བསྟོད་པར་བྱ།། རྡོ་རྗེ་ཐེག་པས་མཉེས་བྱེད་པ།། འདི་ནི་དོན་དམ་མཆོད་པ་ཡིན།། གང་གི་ནམ་ཏོག་རྣམ་སྤངས་ཏེ།། བྱང་ཆུབ་སེམས་ནི་རྣམ་བསྒོམས་པས།། ལུས་ངག་སེམ། ་ནིརྣམ་དག་པས།། དེ་ཡི་མཆོད་པ་བླ་ན་མེད།། སེམས་ཅན་གང་གི་དབུ་མ་ཡི།། ཐེག་པ་གོང་མ་མ་བསྒོམས་ཤིང་།། ཐེག་པ་དམན་པ་ལྷག་མོས་པ།། དེ་ཡི་མཆོད་པ་ཀུན་རྫོབ་པ།། སངས་རྒྱས་དབང་ཆེན་གྲགས་ཀུན ་ཀྱིས། ། མཆོད་པ་དེ་དག་གསན་པ་དང་།། ངོ་མཚར་བྱུང་བའི་སྤྱན་ཆེ་ནས།། ལེགས་སོ་ཞེས་ནི་རབ་ཏུ་གསུངས།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། བྱང་ཆུབ་སངས་རྒྱས་ཐབས་བུ་སྟེ།། རྡོ་རྗེ་བསྒོམས་པ་བྱས་པ། ་ཡིས།། ཉོན་མོངས་མེད་པར་བྱང་ཆུབ་འཐོབ།། རྡོ་རྗེ་ཐག་ཆེན་ལེགས་པ་སྟེ།། སངས་རྒྱས་རྣམས་ཀྱིས་བསྟན་པ་ལེགས།། ཟབ་ཅིང་རྒྱ་ཆེ་ལེགས་པ་སྟེ།། རྡོ་རྗེ་རིན་ཆེན་ཀུན་འདུས་ལེགས།། དེ་ནས་ཡེ་ཤེས་ཀྱིསྐུ ་གསུམ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་དེ་དག་གི་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་ཐེག་པས་བསྔགས་པ་ཐོས་ནས། ། དགའ་བས་སྤུ་ཟིང་ཞེས་བྱེད་པར་གྱུར་ནས།། གཙོ་བོ་རྡོ་རྗེ་སྣང་མཛད་ལ།། དགའ་བའི་ཡིད ་ཀྱིས་བསྟོད་པར་བྱེད། ། ཐོག་མ་མེད་ཅིང་སྐྱེ་བ་མེད།། འགྱུར་བ་མེད་ཅིང་གནས་པ་མེད།། མཁའ་བཞིན་རྣམ་རྟོག་ལས་གྲོལ་བ།། རྟོག་པ་རྣམས་ཀྱིས་རྣམ་པར་བརྟགས།། ཐབས་སུ་བརྟགས་པ་གང་ཡིན་དེས།། ཡེ ་ཤེས་ཀྱི་ནི་སྲས་པོ་ཀུན། ། རྡོ་རྗེ་ཐེག་པ་བསྒོམ་པ་ཡིས།། སངས་རྒྱས་ས་པ་ཐོབ་པར་འགྱུར་ཞེས་སྨྲས་སོ།། བདེ་བ་ལས་འཁྲུངས་རྡོ་རྗེ་འཆང་བ་ཡིས། དངོས་པོ་པོ་མེད་འཐུང་གནས་ཆེན་པོར་མཁྱེན།། དང་པོ་ག ་རྣམ་པར་སྣང་མཛད་ནི། ། དག་ཅང་དྲི་མེད་ཀྱིམ་ནམ་དུ་སྤྲུལ།། གཟུགས་མང་ཚུལ་གྱིས་ཕྲེང་བས་བསྐོར་བ་ཡས།། སྐུ་འཕྲུལ་དྲག་ཁྱོད་ལ་ཕྱག་འཚལ་ལོ།། གསུང་ས་ཡིག་ཀུན་ལ་ཁྱབ་པ་ཡས།། སྨྲས ་མེད་གསུང་དུ་འཇིག་རྟེན་དབང་ཕྱུག་བཞུགས། ། མིག་གསུམ་ལྷ་མོ་དང་བཅས་འདུལ་མཛད་པ།། སྒྱུ་འཕྲུལ་ཚུལ་མང་ལྡན་པ་འགའ་མ་མཆིས།། གང་དུ་བདེ་ཆེན་རང་བའི་ནི་རྗེས་ཆགས་པ།། ན་ཆུང་དག་དང་ལྷན་ཅིག་བཞད ་མཛོད་ཅིང་། ། གཡས་པའི་ཕྱག་གིས་རྡོ་རྗེ་གསོར་ནས་སུ།། གཡོན་པའི་ཕྱག་གིས་དྲིལ་བུ་སྒྲ་སྙན་འཁྲོལ།། ལྷ་མོ་མཐའ་དག་བཙུན་མོར་གྱུར་པ་ཡི།། དམ་ཚིག་རྣམས་ཀྱིས་བྱ་བ་བྱས་པར་འགྱུར།། གཅིག་གི་ལག་པས ་ཀུན་ནས་མཁྱུད་པ་སྟེ། ། གཉིས་པ་རྗེས་སུ་ཆགས་ཕྱིར་བདེ་བའི་མཐུ།། གསུམ་པ་མི་བཟོད་མེ་ཏོག་ཕྲེང་བ་འཐོར།། བཞི་པ་བདེ་བ་ཡི་ནི་མདའ་ཡང་འཕེན།། གང་ཞིག་གླུ་འདི་ལེན་པར་བྱེད་པ་དག། བདེ་བའི་རྡོ་རྗེ་ཅན་དང ་མཉམ་པར་འགྱུར། ། འདི་ནི་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པའི་རྡོ་རྗེའི་གླུ་ཡིན་ནོ།། ཨོཾ་ཨ་ནུད་ཏ་ར་སརྦ་པཱུ་ཛ་མེ་གྷ་ཨུ་ག་སྟེ། སཱ་རཿཧི་མཾ་ག་གན་ཧཱུཾ་ཡ་སྭཱ་ཧཱ། འདི་ལ་ན་གསུམ་བརྗོད་པས་མཆོད་པའི་སྤྲིན ་རབ་འབྱམ་ཐམས་ཅད་བྱིན་གྱིས་བརླབ་པར་འགྱུར་རོ། ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་ཕྱག་རྒྱའི་མཆོད་པ་རིམ་པར་ཕྱེ་བའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་རྣམ་པར ་སྣང་མཛད་ཆེན་པོ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཚིག་འཐུན་པར་སྒྲ་དབྱངས་གཅིག་གིས་གསོལ་བ་བཏབ་པ། ་བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི།། ཡེ་ཤེས་གཅེས་པ་དྲི་མེད་པ།། བྱང་ཆུབ་སེམས་ནི་རིན་པོ་ཆེ།། བླ་ན་མེད་པ་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏས ་པ་ཐུགས་སུ་ཆུད་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སེམས་ནི་ལུས་ཀྱི་རྣམ་ཡིན་ལ།། ལུས་ཀྱང་སེམས་ཀྱི་རྣམ་པ་ཡིན།། སེམས་ཀྱང་ཚིག་གི་བརྗོད་པ་ཡིན།། དེ་ནས་བྱང་ཆུབ ་སེམས་དཔའ་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྣམ་པར་སྦྱོར་བ་ཐོས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨ་མ་ཀུན་ཏུ་བཟང་པོ་ནི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། ཆོས་རྣམ ་སྐྱེ་བ་མེད་པ་སྟེ། ། གཡོ་བ་མེད་ཅིང་གནས་པ་མེད།། རྟོག་པའི་དྲི་མ་སྤངས་པ་འདི།། བསྐྱེད་པར་བྱ་ཞེས་རབ་ཏུ་གསུངས།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འཁྲུགས་པས་གསུང་སྤྲོས་པ་མེད་པའི་རྡོ་རྗེ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་འདི་དག་མ་སྐྱེས་ཏེ།། ཆོས་ཅན་མེད་ཅིང་ཆོས་ཉིད་མེད།། ནམ་མཁའ་བཞིན་དུ་དམིགས་མེད་པའི།། བྱང་ཆུབ ་སེམས་འདི་བཏན་པ་ཡིན་ཞེས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པ་མི་འཁྲུགས་པས་གསུངས། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དམིགས་སུ ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་འདི་དག་དངོས་མེད་དེ།། ཆོས་ཀྱི་མཚན་ཉིད་སྤངས་པ་ཡིན།། བདག་མེད་ཆོས་ལས་ལེགས་འབྱུང་བའི།། བྱང ་ཆུབ་སེམས་འདི་བརྟན་པ་ཡིན། ། ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གིས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་རྡོ་རྗེ་མེ་ལྕེ་འབར་བ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་སྐྱེ་བ་མེད་པ་སྟེ།། དངོས་པོ་ངོ་བོ་ཡོད་མིན་པས།། ནམ་མཁའི་གོ་འཕང་ཐོབ་བོ་ཞེས།། དངོས་རྣམས་རབ་ཏུ་བརྗོད་པ་ཡིན།། ་ཞེས་བཅོམ་ལྡན་འདས་འོད་དཔག་མེད་ཀྱིས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་མའི་ཡང་བླ་མ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་རང་བཞིན་འོད་གསལ་བ།། གཟོད་ནས་དག་ཅིང་རྙོག་པ་མེད།། སེམས་ཅན་མེད་ཅིང་སྲོག་ཀྱང་མེད།། སངས་རྒྱས་ཉིད་དང་བྱང ་ཆུབ་མེད། ། རྨི་ལམ་སྒྱུ་མ་ལྟར་སྣང་བའི།། བྱང་ཆུབ་སེམས་འདི་བརྟན་པ་ཡིན།། ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་ཀྱིས་གསུངས་སོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པ་ཨོ་བྱམས་པ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་མཐོང་ནས་ངོ་མཚར་སྐྱེས་པར་གྱུར་ཏེ་ཆེད་དུ་བརྗོད་པ ་འདི་ཆེད་དུ་བརྗོད་དོ། ། ཀྱེ་མའོ་སངས་རྒྱས་ཀྱེ་མའོ་དག། ཀྱེ་མའོ་ཆོས་ནི་བསྟན་པ་རྣམས།། བདག་མེད་ཆོས་ལས་ལེགས་བྱུང་བ།། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་ནི་བསྒོམ་པ་ཡིས།། མི ་གཡོ་ཡི་གེ་ལས་བྱུང་བ། ། རྨི་ལམ་སོགས་ལྟར་མ་སྐྱེས་པ།། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། གནས་དང་བསྟན་ནི་རྣམ་བསམས་ཏེ།། སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས།། དང་པོར་རང་བཞིན ་དག་པའོ་ཞེས། ། དག་པའི་ཆོས་ཀྱི་ཚུལ་ལ་གནས།། ཡིད་ཀྱིས་ཧཱུ~ཾ་བྱས་རྡོ་རྗེ་ཅན།། རྡོ་རྗེ་སེམས་མས་བྱིན་གྱིས་བརླབས།། རིན་ཆེན་ལུས་སུ་ང་རྒྱལ་བྱ།། ལག་པ་བསྟོད་དེ་བསྐོར་བ་ཡིས།། ལྕགས་ཀྱུ ་ཡིས་ནི་སྤྱན་ཡང་དྲང་། ། བྱོན་ནས་དང་པོར་ཕྱོགས་བཅིངས་སྟེ།། དམ་ཚིག་དག་ཀྱང་དབུལ་བར་བྱ།། གདན་རྣམས་སོ་སོར་ཕུལ་ནས་སུ།། མཆོད་ཡོན་དབུལ་བའི་སྦྱོར་བ་བྱ།། དབང་བསྐུར་མཚོན ་ཆག་ས་སོགས། སིམ་སྙན་མཆོད་སོགས་པོབྱ།། ནམ་བཀུན་བྱསཉེས་པར་བྱ།། རྣལ་འབྱོར་བདག་ཉིད་ཅན་གྱིས་བརྟག། རྣལ་འབྱོར་རྣམ་གསུམ་ཤེས་བྱསྟེ། བྱིན་གྱིས་བརླབས་དང་ཡོངས་བརྟགས་དང་། 6 ་གཉིས་རྫོགས་པར་གྱུར་པ་ནི། ། རྣལ་འབྱོར་ཡིན་ཞེས་སངས་རྒྱས་གསུངས།། སྔགས་ཀྱི་བྱིན་བརླབས་ང་རྒྱལ་བསྐྱེད།། རྣལ་འབྱོར་བྱིན་བརླབས་ཡིན་པར་གསུངས།། བྱང་ཆུབ་སེམས་ནི་དག་པ་དང་།། གསང་སྔ ་ས་བོན་བསྐྱེད་པ་ཚེ། ། ཕྱག་རྒྱའི་ཚིགས་སུ་བརྟགས་པ་ཡིན།། རིམས་ཀྱིས་གཟུགས་ནི་རྫོགས་བྱས་པ།། དེ་ནི་རྟག་པར་བརྗོད་པ་སྟེ།། རྣལ་འབྱོར་ཆོ་ག་ཡིན་པར་གསུངས།། བསྡུ་དང་སྤྲོ་བར་བྱས་པ་ལས།། རྣམ ་མཆོག་ཀུན་ལྡན་པ་དག། སྐད་ཅིག་ཡེ་ཤེས་ཀྱིས་རྫོགས་པ།། རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ།། དང་པོར་དམ་ཚིག་བྱིན་བརླབས་པར།། རྣལ་འབྱོར་སྤྱོད་པ་བདག་གིས་བརྟགས།། རབ་ཏུ་རྫོགས་པར་བྱ་བ་དག། ་འདི་ནི་རྣལ་འབྱོར་ཆོ་གར་བཤད།། ཉོན་མོངས་དྲི་མར་བྱས་པའི་སེམས།། བྱང་ཆུབ་སེམས་ཀྱིས་དག་བྱས་ཏེ།། དེ་ནི་རང་བཞིན་དག་པའོ་ཞེས།། བརྗོད་ཅིང་ཐལ་མོ་གསུམ་གྱིས་སྦྱར།། དག་གྱུར་དེ་ནས་བློ་ཡིས།། ་ནི། སེམས་ལ་སོ་སོར་བརྟག་པར་བྱ།། སེམས་ལ་སོ་སོར་བརྟགས་ནས་ཀྱང་།། ཕྱི་རོལ་རང་བཞིན་སྟོང་པར་བྱ།། སེམས་ཙམ་ལ་ནི་གནས་ནས་སུ།། བྱང་ཆུབ་ཚོགས་ཀྱི་བག་ཆགས་དེས།། བསྒོམ་པར་བྱ་བའི་ངོ་བོ་དག ་ཟླ་བའི་གཟུགས་སུ་རྣམ་པར་བརྟག། ལག་པའི་པད་མ་ལ་གནས་པའི།། ཨོཾ་གྱི་མྱུ་གུས་བཀུན་པ་ཡི།། ཡན་ལག་ཀུན་གྱི་མཚན་ཉིད་གཟུགས།། རྡོ་རྗེ་སྐུར་ནི་སྒོམ་པར་བྱ།། ཨཱཿཞེས་བྱ་བ་སྤོས་མེད་གསུང་།། སེམ ་ནི་ཧཱུཾ་ཞེས་བྱ་བར་སྤྲུལ། ། ཡི་གེ་གསུམ་གྱིས་བྱིན་བརླབས་ལུས།། སྙིང་ལ་གནས་པའི་ཟླ་བའི་གཟུགས།། དེ་ལ་རང་གི་ཡི་གེ་ནི།། མདོག་གཟུགས་འོད་ནི་བྱེད་སེམས་ཏེ།། ང་རྒྱལ་བསྐྱེད་ནས་དེ་ལ་ནི།། རྡོ་རྗེའི་བདག ་6། ། ཉིད་བདག་ཡིན་བརྗོད།། རྒྱན་ཀུན་ཡོངས་སུ་རྫོགས་པ་དང་།། འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ།། ཆ་ཤས་ཀྱིས་ནི་དྲ་བ་ཅན།། ཡེ་ཤེས་སེམས་དཔའ་རྫོགས་པར་བརྟག། དེ་འོག་ལག་པའི་ཕྱག་རྒྱ་ཡིས།། ་གོ་ཆ་མཚོན་ཆ་ལ་སོགས་བྱ།། རྫོགས་སངས་རྒྱས་ལྔར་དབང་བསྐུར་ཏེ།། ཅོད་པན་ཕྲེད་པ་རྣམས་ཀྱིས་ཀླུབས།། དེ་ནས་དེ་འོག་སངས་རྒྱས་ཀྱི།། སྤྲུལ་པ་མཛད་པའི་སྒྱུ་མ་སྤྲོ།། ཡན་ལག་བཞི་པའི་དབུས་ལྡན་པའི།། ་ཕྱོགས་བཅུ་ཁྲོ་བོ་བཅུ་དག་དང་།། བསྙེམས་མ་དང་ནི་རྟོག་ལྡན་མ།། མཚོན་ཆ་མདའ་དང་རྩེ་མོ་ཅན།། སྐུ་མའི་ཆ་བྱད་རྣམ་མང་པོ།། རྣམ་པར་འཕྲུལ་པར་བྱིན་གྱིས་བརླབས།། ཀུན་ལ་ཁྱབ་པར་བྱེད་པ་ཡི།། སྣ་ཚོགས་དབུས ་སུ་བཞག་ནས་ནི། ། དེ་ཉིད་ཆེན་པོ་བདག་ཉིད་ལྔས།། ཕྱོགས་བཞིའི་འཁོར་ལོ་ཁྱབ་བྱས་ཏེ།། དགའ་བས་དགའ་བྱེད་བཞི་ཡང་སྤྲོ།། ཏིང་འཛིན་ཀུན་གྱི་དགའ་བ་ལ།། ལོངས་པར་སྤྱོད་པའི་སྔགས་པ་ཡིས།། འཁོར་ལོ ་ལ་ནི་རྡོ་རྗེའི་གཟུགས། ། པད་མའི་གཟུགས་ལ་དེ་དག་ནི།། འཁོར་ལོ་ཀུན་ལས་པད་མ་ཡི།། ངོ་བོ་ཡིས་ནི་རོལ་པ་དང་།། ཨེ་ཞེས་བྱ་བ་འབྲོས་པ་ལས།། མདོག་ལྡན་བདག་ཉིད་གཟུགས་སུ་བྱ།། མཛེས་པའི་རྒྱན ་ཉིད་ཀུན་ལྡན་པ། ། ཉིད་ཀྱི་བསྟན་ལ་བཞུགས་པར་བལྟ།། སྒེག་མོ་ཀླུ་དང་གར་རྣམས་དང་།། རྒྱལ་མཚན་ལ་སོགས་ཚོན་དབྱེ་དང་།། སིལ་སྙན་མཆོད་པའི་རྣམ་པ་ནི།། སྣ་ཚོགས་རྣམས་ཀྱིས་མཆོད་པར་བྱ།། རྣམ ་པ་ཀུན་དང་ལྡན་པར་ནི། ། བདག་ཉིད་ཀྱི་ནི་ལུས་བསྒོམས་ནས།། མྱུར་ཆེས་པ་དང་བྲལ་བ་དང་།། མི་གསལ་གུག་སྐྱེ་ཉམས་པ་དང་།། རྟོག་པ་ངན་པ་རྣམ་སྤངས་ནས།། དེ་ནས་གསང་སྔགས་བཟླས་བརྗོད་བྱ།། བཟླས་པ་སྐྱོན ་ལག་གཡས་ཀྱིས། ། བསྒྲིམས་ཏེ་རྡོ་རྗེ་གསོར་ནས་ཀྱང་།། གཡོན་པས་རྡོ་རྗེ་དྲིལ་བསིལ་ཞིང་།། རྡོ་རྗེ་གླུ་ཚུལ་སྣ་ཚོགས་དང་།། བ་དན་ཚུལ་དུ་བྱ་བས་མཆོད།། བཟླས་པའི་མཇུག་ནི་བརྟུལ་ནས་ཀྱང་།། གཤེགས་སུ ་གསོལ་ཏེ་བདག་ཉིད་བསྲུང་། ། ལུས་དང་ངག་དང་སེམས་བསྒོམས་ཏེ།། བཏན་པོར་ཅི་བདེར་འགྲོ་བར་བྱ།། བར་ཆད་དུ་ནི་གྱུར་ན་ཡང་།། ཡིགེ་བརྒྱ་པས་བྱིན་གྱིས་བརླབ།། དེ་ལྟར་སྡོམ་པས་སྒོས་བྱེད་པ།། རྡོ་རྗེ་ཐེག་པར་མརྫོགས ་པའི། ། བྱང་ཆུབ་དེས་ནི་སྐུར་ཐོབ་ནས།། ཟླ་ཉའི་དཀྱིལ་འཁོར་ལྟ་བར་སྣང་།། སྣ་ཚོགས་ལས་ཀྱི་ཐོག་འདྲེན་ཅིང་།། རིན་ཆེན་རྒྱལ་མཚན་རབ་དགའ་བྱེད།། ཆགས་ཆེན་པ་མའི་གདུང་ཆུད་ཅན།། གནས་ཆེན་འཇིག་རྟེན། ་དབང་ཕྱུག་འགྱུར།། དཔལ་ལྡན་རིག་སྔགས་ཀུན་གྱི་གཙོ།། དགའ་ཆེན་རྡོ་རྗེ་ལྕགས་ཀྱུར་འགྱུར།། སྦྲུས་བཤིག་བ་ཀུན་ཤེས་ཤིང་།། དྲེགས་པ་འཇོམས་བྱེད་ཁྲོ་བོར་འགྱུར།། རྗུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲབ ་ལས་འདི་ནི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡེ་ཤེས་བསྒྲུབ་པ་རིམ་པར་ཕྱེ་བའི་ལེའུ་སྟེ་བདུན་པའོ། ། །། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་དེ་བཞིན་གཤེགས ་བ་ཨ་ཐམས་ཅད་ཀྱི་བཀའི་འཁོར་ལོ་རབ་ཏུ་བསྒྲུབ་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱི་ནང་གི་འཁོར་ལོ་ཐམས་ཅད་རབ་ཏུ་བསྒྲུབ་པའི་ཡེ་ཤེས་ཀྱི་ལས་ཀྱི་སྦྱོར་བར་རབ་འབུམ་འདི་བཀའ ་སྩལ་ཏོ། ། ལྷ་ནི་གང་ཡང་རུ་བ་ཞིག། འཁོར་ལོའི་དབུས་སུ་བཞག་ན་ནི།། དེ་ཡི་མིང་སྨོས་རྡོ་རྗེ་ཡི།། དཀྱིལ་འཁོར་ཡིན་ཞེས་སངས་རྒྱས་གསུང་།། ཞི་ང་རྒྱས་དང་དྲག་ཤུལ་དང་།། རང་གི་ལས་ལ་སྦྱོར་བ་ན། ་འཁོར་ལོའི་རྒྱལ་པོ་རྣམ་བསྒོམས་ནས།། བདག་པོ་ཉིད་ཀྱིས་རབ་ཏུ་བྱ།། ཞི་བ་སྤྱན་དང་ཡུལ་བྱེདས་པ།། རྒྱས་ལ་རིན་ཆེན་གོས་དཀར་མར།། དབང་ལ་སྒྲོལ་མ་ལུ་གུ་རྒྱུད།། ཡབས་དང་གནོད་པ་གཞིག་པའི་ཕྱིར།། འོད་ཟེར ་ཅན་དང་རི་ཁྲོད་མས། ། དྲག་ཤུལ་སྤྱད་ལ་མཱ་མ་ཀཱི།། ཁྲོ་གཉེར་ཅན་མ་དག་གིས་བྱ།། འདི་དག་ཤེས་རབ་རོལ་བ་སྟེ།། ཆགས་པའི་རྡོ་རྗེས་རྗེས་ཆགས་པ།། གསང་སྔགས་དེ་ཉིད་ཀྱིས་བསྐུལ་ན།། གདོན་མི་ཟ་བར་བྲིན ་ལས་མཛད། ། སྤྱན་དང་ལྷ་མོ་སྐུལ་བྱེད་མ།། དབང་པོ་ཞི་བ་ཟླ་འདྲ་བ།། ཕྱག་གཉིས་མ་ནི་བགྲང་ཕྲེང་དང་།། རིལ་བ་སྤྱི་བླུགས་ཀྱིས་བརྒྱན་པ།། དང་པོར་ཏིང་འཛིན་གྱིས་སྤྲུལ་ནས།། བུམ་པ་ཟླ་བའི་མདངས་ལྡན་པ།། ་བདུད་རྩིའི་འོམས་རབ་བཀང་སྟེ།། ལག་གཉིས་པད་མའི་གདུབ་མཆོག་གིས།། རྣམ་པར་སྣང་མཛད་ཞབས་དྲུང་དུ།། ནད་པ་ལ་ནི་བདུགས་པར་བསམ།། རིན་ཆེན་མ་དང་གོས་དཀར་ཅན།། སྐུ་ཆེ་ཁ་དོག་སེར་པོ་སྟེ།། ་ལྷ་མོ་སེར་མོ་སྣང་བ་ལ།། ཕྱག་ན་རིན་ཆེན་པད་མ་ཅན།། དང་པོར་ཏིང་འཛིན་གྱིས་སྤྲུལ་ནས།། ཡིད་འོང་རྒྱལ་བའི་འདོད་པ་ཡིས།། རིན་ཆེན་འབྱུང་བའི་ཞབས་དྲུང་དུ།། བདུད་རྩིས་རབ་ཏུ་དགང་བ་དང་།། བླ་མེད ་རིན་ཆེན་ཁར་བབ་ན། ། རྒྱས་པ་མཚུངས་མེད་མཛད་པར་འགྱུར།། ལྷ་མོ་སྐུ་ཆེན་མདོག་དམར་བ།། སྒྲོལ་མ་དེ་བཞིན་ལུ་གུ་རྒྱུད།། ཀུན་ནས་འོད་དམར་འབར་བ་ཅན།། ལྷ་རྫས་ལྕགས་ཀྱུ་ཞབས་ཐོགས་པ།། རབ་ཏུ ་བཞད་ཅིང་སྤྱན་ཕྱེ་བས། ། འོད་དཔག་མེད་པའི་ཞབས་དྲུང་དུ།། བསྒྲུབ་བྱ་རྒྱགས་པས་མྱོས་པ་དག། བཀུག་སྟེང་མདའ་ཡིས་བསྣུན་ན་ནི།། སྐད་ཅིག་ཉིད་ལ་དབང་དུ་མཛད།། མི་ངས་གནོད་པ་གཞིག་པའི་ཕྱིར།། ་སྐུ་ཆེན་ནམ་མཁའི་ཁ་དོག་ཅན།། འོད་ཟེར་ཅན་དང་རི་ཁྲོད་མས།། རྡོ་རྗེ་དོན་ཡོད་ཞབས་དྲུང་དུ།། མཁས་པས་སྔར་བཤད་ཚུལ་དུ་ནི།། བདུད་རྩི་ཡིས་ཀྱང་རྣམ་པར་བཟློག། ལྷ་མོ་ཁྲོ་གཉེར་མཱ་མ་ཀི།། མརྒད ་ལྟ་བུའི་མདོག་ཅན་མ། ། ཧཱུཾ་ཞེས་བྱ་བའི་སྒྲ་སྒྲོགས་པ།། རྡོ་རྗེས་སྡིགས་པར་བརྩོན་པ་ཡིས།། རྡོ་རྗེ་མི་འཁྲུགས་ཞབས་དྲུང་དུ།། ཁྲོད་ནས་རྡོ་རྗེའི་མེ་ཡི་ཆར།། འབེབས་པར་རྣམ་པར་བསམ་པར་བྱ།། རྡོ་རྗེ་རབ་ཏུ ་འབར་བ་དེས། ། བསྲུབ་བྱ་ཚིག་ནས་མོག་ཅས་བྱེད།། སྦྱོར་བ་འདི་ཡི་མོད་ལ་ནེ།། དེ་ནི་འཆི་བར་འགྱུར་བའམ།། ཡང་ན་ལུས་ནི་འཇིག་པར་མཛད། བྱིན་བརླབས་དམ་ཚིག་དབང་བསྐུར་ལ།། རྡོ་རྗེ་སེམས་མ་རིན ་ཆེན་དང་། ། ཆོས་དང་རྡོ་རྗེ་ལས་མ་བཞི།། སྦྱོར་བ་རྣམས་ནི་རབ་ཏུ་སྦྱར།། སེམས་དཔའ་ཆེན་པོ་བཅུ་དྲུག་ཀྱང་།། བླ་མེད་འཁོར་ལེ་བྱེད་པ་སྟེ།། རང་གི་ཕྱོགས་ནས་ལས་བྱས་ན།། འབྲས་བུ་དོན་ཡོད་སྦྱིན་པར་བྱེད།། ་ཁྲི་བེའི་ལུས་ལ་ལེགས་གནས་ཏེ།། ཁྲོ་བོའི་རྒྱལ་པོ་སྦྱར་བར་བྱ།། དམ་ཚིག་ལ་སོགས་ཆོ་ག་བཞིན།། དེར་ནི་རྡོ་རྗེ་བསྒོམས་ནས་བསྐལ།། རྐང་པའི་རྗེས་ཀྱིས་བླངས་ལ།། དུར་ཁྲོད་ཐལ་བ་དག་དང་བསྲེ།། དེ་ལ ་རས་བླངས་མི་རུས་དང་། ། ཆུ་འགྲམ་གཉིས་ཀྱིས་དག་ནི།། བཏགས་ནས་ལུང་བོང་གཅིན་གྱིས་སྤུ།། དེ་ལས་དགྲ་བོའི་གཟུགས་བྱས་ལ།། དེ་ཚེ་གཟུགས་བརྙན་བཅིང་བར་བྱ།། དུག་དང་སྐྱེ་ཆེ་ལན་ཚྭ་དང་།། འབྲུ ་མ་ཚ་བ་རབ་བསྲེས་ཏེ། ། དགྲ་བོ་ཚོ་བ་བསྐྱེད་པའི་ཕྱིར།། དེ་ཡིས་ལུས་ནང་རབ་ཏུ་དགང་།། དེ་ནས་རྣམ་ཤེས་དྲུང་འདྲ་བ།། ལྕགས་ཀྱུ་ཡིས་ནི་བཀུག་ནས་ཀྱང་།། སྲིན་བུ་མེ་ཁྱེར་འདྲ་བཅུག་སྟེ།། ཞགས་པ ་ཡིས་ནི་དམ་དུ་གཟུང་། ། དེ་ནི་རྡོ་རྗེ་སྒྲོག་དུ་གཞུག། བསྒྲིམས་ནས་དེ་ཡི་མེད་སྨོས་ཏེ།། དགྲ་བོའི་ལུས་ནི་མ་ལུས་པར།། བོ་སོན་ཆ་ཡི་ཚེར་མས་དབུག། མི་རུས་ལས་བྱས་ཕུང་བུའམ།། ཡང་ན་སེང་ལྡེང ་ལས་བྱུང་བས། ། དཔྲལ་བ་སྙིང་མགྲིན་དཔུང་མགོ་གཉིས།། གནས་ལྔ་དག་ཏུ་བསྒྲིམས་ཏེ་གདབ།། ནིམ་པའི་ཤིང་ལ་སྤང་བ་ཡིས།། མེ་འབར་བ་ལ་བཀལ་བར་བྱ།། མཁས་པས་རྐང་པ་ནས་བརྩམས་ཏེ། ་མཚོན་ཆནན་པས་གཏུབས་ནས་ནི།། འབར་བའི་ལུས་ཅན་ཁྲོབ་པ་ཡིས།། དེ་ཡི་དྲམ་བུ་སྦྱིན་བསྲེག་བྱ།། ལས་འདི་ལ་ནི་ལྷག་པར་ཡང་།། རུས་སྦལ་གྱི་ནི་རྐང་སྟབས་སྦྱར།། ཉི་མའི་གུང་ངམ་ནམ་བྱེད་ན།། ་ལས་འདི་ཉིད་ནི་བསྒྲུབ་པར་བྱ།། ལས་འདི་བྱས་ནས་ངེས་པར་ནི།། གང་ཞིག་རྒྱལ་བས་བསྲུངས་ནའང་དེས།། ངེས་པར་འཆི་ན་ཁྱབ་འཇུག་དང་།། ལྷ་ཆེན་ཚངས་པས་ཅི་ཞིག་སྨོས།། ཕྱི་རོལ་གྱི་དྲག་ཤུལ ་སྤྱོད་པའི་གོ་ཆའོ། ། གསོང་བའི་ཡེ་ཤེས་ལས་སྤྲུལ་པ།། ནང་གི་ཡང་ནི་བཤད་པར་བྱ།། བསྒྲུབ་བྱ་ཡིད་ཀྱིས་བསྲུངས་ནས་སུ།། ཆོ་ག་བཞིན་དུ་དགུག་པར་བྱ།། ལག་ན་རལ་གྲི་མཚོན་ཆ་དང་།། བེ ་ཅན་རྡོ་རྗེ་གཏུན་ཤིང་ཞགས། ། ལག་ན་འཁོར་ལོ་མདའ་གཞུ་ཅན།། ཁྲོ་བོ་སྣ་ཚོགས་བསྣམས་པ་དེས།། བསྒྲུབ་བྱ་ཞགས་པས་བཅིངས་ནས་སུ།། རྡོ་རྗེ་ཡིས་ནི་ཁྲོ་བོ་ཡིས།། ལྷོ་ཡི་ཕྱོགས་སུ་ཁྲིད་པ་དང་།། རྡོ་རྗེ ་གཞན་གྱིས་བརྡེག་པ་དང་། དེ་ནི་རལ་གྲིས་གཏུབ་པ་དང་།། རྒྱུ་མ་ལང་ལོང་ནར་བར་བསམ།། ཨོཾ་ཧཱུཾ་བཛྲ་རཀྵ་ས། བྷཀྵ་ཡ་ཐ་ཕཊ། རྡོ་རྗེ་སྲིན་མོ་བསྒོམས་ནས་ཀྱང་།། བྱ་རོག་ཝ་དང་བྱེ་རྒོད་ཀྱིས།། ཀུན་ནས་ཡོངས ་སུ་བསྐོར་ནས་སུ། ། དེ་དགཟང་ཐོབ་བྱེད་པར་ནི།། བསྒོམ་ཞིང་མིང་ནས་བསྐུལ་བར་བྱ།། རླུང་གི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་རྔ་མོ་རྣམས་བསམས་ཏེ།། བསྒྲུབ་པར་བྱ་བར་ཡོངས་བརྟགས་པ།། དེ་ཡི་རྒྱབ་དུ ་ཞོན་ནས་སུ། ། རྡོ་རྗེ་ཁྲོ་བོས་གཟིར་བཞན་དུ།། ལྷོ་ཕྱོགས་སུ་ནི་དཀྲི་བར་བྱ།། དེ་ཡི་རྐང་རྗེས་ས་ལ་ནི།། རླུང་གིས་རྩུབས་པའི་ཤིང་ལོ་ལ།། དེ་ཡི་མིང་ནས་བརྗོད་བྱས་ཏེ།། རྡོ་རྗེས་ཡོན་དུ་དུཿ།། དེ་ལྟ་བུར་ནི་སྐྱོར་རྩིལས་བསྒོམ་ཞིང་ཆོ་ག ་བཞིན་བྱས་ན། བརྒྱ་བྱིན་ཉིད་ཀྱང་བསྐྲད་འགྱུར་ན།། ས་སྟེང་སྐྱེ་བོ་སྨོས་ཅི་དགོས།། དེ་མིང་གསང་སྔགས་དང་སྤེལ་ཏེ།། འུག་པའི་སྒྲོ་ལ་བྲིས་ནས་ནི།། དགེ་སྦྱོང་བྲམ་ཟེའི་སྒྲས་དཀྲིས་ཏེ།། སའི་འོག་ཏུ་བརྐོས་ནས་གཞུག། ་རྡོ་རྗེ་ཁྲོ་བོ་གཉིས་ཀྱིས་ནི།། འཐབ་མོ་འགྱེད་དུ་འཇུག་པར་བྱ།། དེ་ལྟར་བསམས་པའི་སྦྱོར་བ་ཡིས།། འདོད་པ་བཞིན་དུ་འབྱེ་བར་འགྱུར།། ཧཱུཾ་ཞེས་བྱ་བས་གང་བ་ཡི།། རྡོ་རྗེ་ཕྲ་མོ་བསྒོམས་བྱས་ནས།། སྣ་ཡི་རྩེ་མོ་ནས ་བཏོན་ཏེ། ། བསྒྲུབ་བྱའི་ལུས་ནི་དགང་བར་བྱ།། ལུས་ཀྱི་ཚིགས་ནི་ཐམས་ཅད་དུ།། སྣ་ཚོགས་རྡོ་རྗེ་བཅིངས་ནས་སུ།། རྡོ་རྗེ་འབར་རབ་འཕྲོས་གྱུར་པ།། དེས་ནི་ལུས་ཀྱང་བསྐམ་པར་བྱ།། རྡོ་རྗེ་མཁའ་འགྲོ་མ་བསྒོམས ་ཏེ། ། ཀུན་ནས་ཀྱང་ནི་གཞིག་པར་བྱ།། ཨོཾ་བཛྲ་ནཱ་ཀི་རཱི།། ཨ་མུཀ་སྱ་ར་ག་ཏ་ཨཱ་ཀར་ཥ་ཙ་ཤ་ཡ་ཧཱུཾ་ཕཊ།། སྦྱོར་བའི་རིམ་པ་འདི་ཡིས་ནི།། གས་འགྱུར་འདི་ལ་ཐེ་ཚོམ་མེད།། མཁས་པས་རླུང་གི་ཕྱགས་སོང་སྟེ།། ་དཀྱིལ་འཁོར་གྲུབ་བཞིར་བྱས་ནས་ནི།། སྤོས་ཀྱི་ཐིག་ལེ་བདུན་བྱས་ཏེ།། དེ་དག་ཁམ་པའི་ཕོར་བ་དག་པ།། དེ་ནི་རི་རབ་ཐམས་ཅད་ནས།། རྩེ་མོ་བརྒྱད་པར་སྤྲུལ་བྱས་ཏེ།། རྡོ་རྗེ་འཕྲོ་བས་བརྒྱན་པ་ཡིས།། དེ་དག ་རྣམས་ནི་གནན་པར་བྱ། ། ཡཾ་ཞེས་བྱ་བ་སྐྱེད་པའི་རླུང་བདུན་རྣམས།། ལཾ་ཞེས་བྱ་བས་མཚན་མ་དབང་ཆེན་གྱིས།། ནང་དུ་རླུང་རྣམས་ངེས་པར་ཆུད་པར་བྱ།། དེ་ལྟའི་སྦྱོར་བས་འཇིག་པའི་རླུང་ཡང་བཅིངས།། པད་མ་འདབ ་བརྒྱད་བསྒོམས་ནས་དེ་འདབ་ལ། ། ཀླུ་བརྒྱད་བཀོད་དབུས་མེ་ཚོགས་འབར་བ་ཅན།། རྡོ་རྗེ་ཁྲོ་བོའི་སྐུ་ཡི་ཞབས་མཐིལ་གྱིས།། ཀླུ་རྣམས་མནནན་ཆར་སྤྲིན་ཆར་པ་འབེབས།། ཧཱུཾ་ཞེས་བྱ་བ་གཉིས་ཀླུ་རྣམས་ཀྱི།། སྙིང ་པོ་ཡོངས་བཅུག་སྤེལ་མས་གཟིར་ནས་སུ། ། ཧཱུཾ་ཞེས་བྱ་བ་བཟླས་བརྗོད་བྱས་ནས་སུ།། འཇིག་དུས་ཆར་པ་ལྟ་བུ་ཆར་པ་འབབ།། ཉི་མའི་མདོག་ལྟར་དམར་པོའི་འོད་བཟངས་ཞལ།། ནམ་མཁའ་ཁྱབ་པར་རྣམ་པར ་གདངས་ནས་ནི། ། ཀུན་ནས་ཆར་ཆུས་ཡོངས་སུ་གང་བའི་སྤྲིན།། ཧཱུཾ་ཞེས་བྱ་བའི་འབར་བའི་ལྕེ་ཡིས་ལྷག། དབུགས་རྔུབ་པ་ཡིས་བཀུག་ནས་དབྱུང་བ་ཡིས།། ཤིང་བལ་བཞིན་དུ་རབ་ཏུ་གཏོར་བར་བྱ།། ཡང་ན་རང་གི ་ཕྱག་རྒྱའི་ཚོགས་འབར་བ། ། བཏང་བས་སྐད་ཅིག་ལ་ནི་བཅད་གཏུབས་ཏེ།། ཧཱུ~ཾ་ཞེས་བྱ་བས་སྡིགས་པ་བྱས་ན་ནི།། ནམ་མཁའ་དག་ཀྱང་སྟོན་ཀའི་དུས་ལྟར་སྣང་།། མེ་ཡི་དཀྱིལ་འཁོར་ལ་གནས་སྣང་མཛད་ཀྱི།། ་ཞབས་དྲུང་དཔྲལ་དབྱེནས་བྱུང་མི་གཡོ་བྲན།། བདུད་ལས་རྣམ་རྒྱལ་ཕྱག་དྲུག་མདའ་གའུ་ཞགས།། རལ་གྲི་འཁོར་ལོ་རྡོ་རྗེ་ཆར་འབེབས་པ།། ཁྲོ་བོ་གྲངས་མེད་པ་ཡིས་ཡོངས་བསྐོར་ནས།། བགེགས་རྣམས ་སྲེག་མཛད་ཧཱུཾ་གིས་སྒྲས་བཀང་ནས། ། འཇིག་རྟེན་གསུམ་པོ་གང་འདི་རྣམ་པར་འཇིག། རྐང་རྗེས་ས་དང་མི་ཡི་ཁྲག་དག་ལས།། མི་ཡི་གཟུགས་བྱས་མི་རུས་ཕུར་བྲལ།། འོད་ཟེར་ཅན་གྱིས ་གསང་སྔགས་བསྒྲགས་པ་ཡིས། ། ལན་གྲངས་ཉི་ཤུར་མངོན་སྔགས་མིག་དུ་གདབ།། ཚོགས་ཀྱི་བདག་པོའི་ཁར་ནི་མིང་བཅུག་ནས།། ཕྱི་བཞིན་རྡོ་རྗེ་གཏུན་ཤིང་དག་གིས་བརྡུང་།། ཨོཾ་སུ་བྷ་བཛྲ་མུ་ས་ལེན། ་ཙཱརྞྞ་ཡ་ན་ར་བྷིག་གྷ་ཧཱུཾ་ཕཊ།། ལས་འདི་བསམས་པས་མོད་ལ་ནི།། མེ་ཡི་བགེགས་ཀྱང་ཟློག་པར་འགྱུར།། སྟོང་ཟིལ་ཁ་དོག་ལྟ་བུ་ནམ་མཁའ་ལྡིང་།། ལུས་ལ་སྤྲུལ་སྟོང་དག་གིས་བརྒྱན་བྱས་པ།། མཁའ ་ལ་འདུག་ནས་གདེངས་ཀ་སྟོང་ལྡན་པའི་ཀླུ་བརྒྱད་དེ་དག་དང་ཆར་སྤྲིན་རྣམས་སྒོ། ། བརྒྱ་བྱིན་བཀའ་ནི་དེ་དག་གིས་ཐོས་ནས།། སྤྲིན་ཚོགས་བུམ་པའི་ཆར་གྱིས་མེ་ཡང་གསོད།། ནམ་མཁའ་ལྡིང་གིས་འདབ་མས ་བཀབ་ནས་ནི། ། མཆུས་བརྐོས་ཆུ་ཀླུང་གིས་ནི་མཚམས་ཀྱང་གཅད།། ཨོཾ་བཛྲ་ནཱ་རཱ་ཡ་ན།། ནི་ར་བ་བཱ་ཡ།། མ་ཧིན། བམ་མུ་མེ་གེ་ཧཱུཾ།། ཞལ་རས་གསུམ་པ་སྟོན་ཀའི་ཟླ་བའི་མདོག། ཕྱག་བཞི་འོད་དམར་སྣ ་ཚོགས་འབར་བའི་འོད། ། ལྷ་མོ་བཞི་པ་བསྙེམས་མ་བྱམས་མ་དང་། ཆུ་སྤྲིན་རྒྱལ་མཚན་མེ་ཏོག་རོལ་པས་བསྐོར།། གཡས་པའི་ཕྱག་གིས་རྡོ་རྗེ་ལེགས་གསོར་ཞིང་།། གཡོན་པས་རྡོ་རྗེ་དྲིལ་བུ་སྒེག་པར་བཞག ་ལྡེམ་བག་འཇོ་སྒེག་ཚུལ་གྱིས་རོལ་པ་སྟེ། ། སེམས་དཔའ་འབྱུང་བའི་སྤྲིན་རྣམས་རྣམ་པར་འཕེལ།། རྣམ་པ་ཀུན་གྱི་རྣམ་བརྒྱན་ཅིང་།། རིན་ཆེན་ཅོད་པན་དབང་བསྐུར་བས།། ནམ་མཁའ་ལ་ནི་འབབ་པ་ཡི།། ་ཐོག་ཐོག་རྣམ་པར་ཟློག་པར་བྱེད།། ཨོཾ་མ་ཧཱ་བུ་ཀ་བཛྲ། ཆེ་གེ་མོ་ཛཱ་ཞེས་བྱ་བ་དང་།། ཧཱུཾ་ཞེས་བྱ་བ་ནས། པཱུ་ར་ཊ་བན་དྷ་ཧཱུཾ་ཕཊ།། སྦྱོར་བ་འདི་ནི་བྱས་པ་ཡིས།། བླ་མེད་བྱང་ཆུབ་རྒྱས་པར་འགྱུར།། དེ་ནས་བཅོམ ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པས་རྣམ་པར་སྣང་མཛད་ཆེན་པོ། ། མི་འཁྲུགས་རིན་ཆེན་འོད་དཔག་མེད།། དོན་ཡོད་གསང་སྔགས་རྒྱལ་རྣམས་དང་།། བཟང་པོ་རྣམ་པ་བཅུ་དྲུག་པོ།། ཀུན་དང་དྲག་ཟོའི་ཏིང ་འཛིན་ལ། ། གནས་པ་ཡི་ནི་ཁྲོ་བོ་དང་།། གསང་སྔགས་རྫོགས་མཛད་དེ་རྒྱལ་མ།། རྣམ་པ་ཀུན་དང་ལྡན་པ་དག། རིམས་བྲལ་རང་གི་ཏིང་འཛིན་གནས།། ཐམས་ཅད་ལྡན་པའི་འཁོར་རྣམས་ལ།། གཟིགས་པ་ཆེན ་པོས་རྣམ་གཟིགས་ནས། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། སྤྲིན་མ་མཛད་པར་བསྐྱོད་ན་སུ།། ཡན་ལག་འཕྲོག་པའི་འཛུམ་བསྟན་ནས།། ཐུགས་ཀྱིས་སེམས་ནི་དགའ་བར་མཛད།། དགའ་བར་མཛད་པའི ་མོད་ལ་ནི། ། སངས་རྒྱས་མཆོག་ཀུན་གྱིས་མཆོད་པ།། ཤེས་རབ་ཆེན་པོའི་ཐོག་འདྲེན་པས།། བསྒྲིམས་ཏེ་སོ་སོར་གསོར་ནས་དེས།། བདེ་ཆེན་ཏིང་འཛིན་ལ་གནས་ཏེ།། ལྡེམ་བག་འཇོ་ཚུལ་གྱིས་བལྟས་ནས། ་ལག་གཉིས་པད་མའི་ཚུལ་གྱུར་ཏེ།། སྤྱི་བོར་ཐལ་མོ་སྦྱར་བྱས་ནས།། ཡེ་ཤེས་ལམ་ནི་རབ་སྟོན་པ།། རྒྱལ་ཆེན་རྣམ་པར་སྣང་མཛད་ལ།། ལག་ན་རྡོ་རྗེ་སྟོབས་པོ་ཆེ།། ཡིད་རྒྱས་པ་ཡིས་ཚིག་གསོལ་པ།། ཅི་སྨད ་རྣམ་པ་ཐམས་ཅད་དུ། ཟུར་གྱིས་རྣམ་པར་གཟིགས་པ་དང་།། སྨིན་མ་བསྐྱོད་བྱས་འཛུམ་མཛད་པ།། ཡེ་ཤེས་རྣམ་པར་བསྒྱིངས་པས་གསུང་།། བྱང་ཆུབ་ཆེན་པོའི་རྡོ་རྗེ་ཅན།། ལག་ན་རྡོ་རྗེས་གསོལ་མོད་ལ། ་བརྟན་ཞིང་ཟབ་པའི་གསུང་གིས་ནི།། སངས་རྒྱས་རྣམས་ཀྱི་རོལ་པ་བཤད།། བསྒོམ་པའི་ལམ་ལ་ལེགས་བྱུང་བ།། རྡོ་རྗེ་ཡེ་ཤེས་རྣམས་ཀྱིས་ཐབས།། བདེ་བས་བྱང་ཆུབ་ཐོབ་འགྱུར་བ།། སངས་རྒྱས་ཀུན ་དང་སངས་རྒྱས་ཀྱིས། ། རྗེས་སུ་འབྲང་བའི་ཁོར་ཉོན་ཅིག། གང་ལ་དངོས་རྣམས་དངོས་མེད་ཅིང་།། མཐའ་གཉིས་ཀྱི་ནི་མཚན་མ་མེད།། དབུས་ལའང་སྤྱོད་པ་མེད་པ་དག། དུས་གསུམ་འདས་པ་ནམ་མཁའ ་འདྲ། ། ཐབས་དང་ཤེས་རབ་རྣམ་སྤངས་པ།། དེ་ལ་བྱང་ཆུབ་ཇི་ལྟར་རྟོགས།། རྟགས་པར་འདོད་པ་དེ་དག་ནི།། ཐབས་རྣམས་ང་ཡིས་བཤད་པར་བྱ།། ཕུང་པོ་དངོས་པོ་ཡོད་མེད་པའི།། བྱང་ཆུབ ་སེམས་ནི་གྲོགས་གྱུར་པ། ། སྤྲོ་བ་དང་ནི་བཏུང་བ་ཡིས།། སྐུ་གསུམ་མཆོག་ནི་མཆོད་པར་བྱ།། སེམས་ཀྱིས་སྐུ་ནི་ཐོབ་འགྱུར་ཞིང་།། སེམས་ཀྱིས་ཆོས་རྣམས་བསྟན་པ་ཡིན།། སེམས་ཀྱིས་བྱང་ཆུབ་ཐོབ ་འགྱུར་བས། ། དེ་བཞིན་ཉིད་ཀྱི་རྣམ་པར་བསྒོམ།། སེམས་ནི་སྒྱུ་མའི་རྣམ་པ་སྟེ།། བྱང་ཆུབ་ཀྱང་ནི་སྒྱུམ་འདྲ།། དཔེར་ན་སྒྱུ་མའི་མཁན་པོ་འགས།། གྱོ་མོ་ལ་ནི་སྔགས་བཟླས་ཏེ།། ལེགས་པར་བྱས་པའི་གཟུག ་དག་ལ། ། སྦྱོར་བ་གོམས་པས་བསྟན་ན་ནི།། རྐང་བཞི་པ་ལ་སོགས་པའི་གཟུགས།། ཞེན་པའི་སེམས་ལ་སྡང་བར་འགྱུར།། དེ་བཞིན་བསོད་ནམས་ཡེ་ཤེས་ལས།། བྱུང་བའི་ཚོགས་ཀྱིས་བསྒོམ་པའི་སེམས། ་སེམས་ཅན་རྣམས་ཀྱི་བསམ་པ་ལ།། བླ་མེད་བྱང་ཆུབ་སྣང་བར་བྱེད།། དངོས་པོ་དོན་དམ་མི་ཤེས་པ།། ཕྱི་རོལ་དངོས་ལ་མངོན་ཞེན་པས།། ངན་པར་རྟོགས་པའི་རྣམ་རྟོག་གིས།། རིན་ཆེན་སེམས ་འདི་དྲི་མར་བྱས། ། འབྱུང་བ་ཆེན་པོ་བཞི་རྣམས་དང་།། དངོས་པོ་ཐམས་ཅད་ལྡན་ཞེས་གསུངས།། དེ་ལ་གཙང་དང་མི་གཙང་སོགས།། མི་ཤེས་པ་ཡིས་ཡོངས་སུ་བརྟགས།། བདག་ཏུ་འཛིན་པ་མངོན ་ཞེན་པས། ། དོན་དམ་ཕྱི་རོལ་བྱས་པ་ཡི།། ཐེག་པ་དམན་པ་པ་རྣམས་ཀྱིས།། བླ་མེད་བྱང་ཆུབ་ཅི་ལྟར་འཐོབ།། བྱང་ཆུབ་རྣམ་པ་གཉིས་གསུངས་ཏེ།། ལྷག་མ་དང་བཅས་ལྷག་མ་མེད།། ལྷག་བཅས ་ཕུང་པོའི་ངོ་བོ་སྟེ། ། ཉོན་མོངས་པ་རྣམས་ཡོངས་སུ་བསྲེགས།། ལྷག་མེད་པག་ཆགས་མེད་པ་སྟེ།། མཁའ་ལྟར་དྲི་མ་མེད་པ་ཡིན།། བླ་མེད་བྱང་ཆུབ་འདི་ལྟ་བུར།། སངས་རྒྱས་ཀུན་གྱིས་རྣམ་པར་བཤད།། ་དེ་ཡི་བྱང་ཆུབ་སྤེལ་བའི་ཕྱིར།། ལས་ཀྱི་ཚུལ་ནི་སྣ་ཚོགས་ཡིན།། རྣལ་འབྱོར་ཅན་གྱི་གསང་སྔགས་གང་།། ཡེ་ཤེས་སེམས་དཔའི་ཞབས་དྲུང་དུ།། རྟག་ཏུ་མཉེས་བྱས་མ་གྲུབ་པའི།། ལྷག་མ་ང་ཡིས་བཤད་བྱ་སྟེ། ་དེ་ནི་བདེ་བྲག་ཐབས་ཀྱིས་སུ།། ཚར་བཅད་ནས་ནི་བསྒྲུབ་པ་བཤད།། རྡོ་རྗེ་ལྕགས་ཀྱུ་རྒྱལ་པོ་ཆེ།། རྡོ་རྗེ་ཞགས་པ་རབ་གདུང་བྱེད།། རྡོ་རྗེ་ཁུ་ཚུར་གཟི་བརྗིད་ཆེ།། རྡོ་རྗེ་ཕུར་བུ་ནམ་འདྲིལ་བྱེད།། རྡོ་རྗེ་ཐོབ་རྡུང་བ་སྟེ། ་རྡོ་རྗེ་ནག་མེ་ཆེར་འབབ་པ།། ལྷ་རྣམས་ཀུན་ལ་འཇིགས་པ་བསྐྱེད།། ཕྱག་རྒྱ་རྣམ་པ་སྣ་ཚོགས་འདི།། བསྒོམས་ནས་ལས་ལ་སྦྱར་ན་ནི།། དམ་ཚིག་རྒྱལ་བས་བསྟན་པའི་ཕྱིར།། མཚུངས་པ་མེད་པའི་ལས་བྱེད ་རོ། ། གསང་སྔགས་རིག་པས་ཧཱུཾ་ཞེས་པའི།། ལུགས་ཀྱུ་བཏང་ནས་ཞབས་དྲུང་དགུག། འདི་ནི་གལ་ཏེ་སངས་རྒྱས་སམ།། རྡོ་རྗེ་འཆང་བའི་སྙིང་ལས་འགུགས།། དམ་ཚིག་གིས་ནི་ཞུགས་པ་དང་།། རྡོ་རྗེ་བཅིང་བས ་བཅིང་བར་བྱ། ། རྡོ་རྗེ་ཁུ་ཚུར་ཀྱིས་བཟུང་ནས།། རྡོ་རྗེན་གམོས་ཀུན་ཏུ་བ་སྡིགས།། རྡོ་རྗེ་ཡིནི་པུར་བུ་མིས།། གཟུགས་བ་རྙན་གྱི་ནིགནས་ལྔ་པོ།། དཔྲལ་བ་མགྲིན་པ་ཉིད་ཁ་དང་།། དེ་བཞིན་དབྱང་པ་གཉིས ་གདབ། ། རྡོ་རྗེ་ཐོབས་བརྡུང་བར་བྱ།། ཆོ་གའི་སྦྱོར་བས་འདི་ཡིས་ནི།། སངས་རྒྱས་ཉིད་ཀྱང་ངེས་པར་གནོན།། བསྡིགས་ལ་སོགས་པའི་སྦྱོར་བ་ཡིས།། གཟུགས་བརྙན་མིག་ཡོར་གྱུར་པ་དང་།། སངས་རྒྱས ་བྱང་ཆུབ་རབ་རྫོགས་པའི། ། དངོས་གྲུབ་དེ་ཚེ་སྦྱིན་པར་མཛད།། འདི་ནི་མཐུ་ཡིས་གྲུབ་པ་ཡི།། སྦྱོར་བ་གཅིག་པུ་གསང་ཆེན་ཡིན།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་གིས་གསང་བའི་སྒྲུབ་པ།། ་ཐོས་ནས་མགྲིན་གཅིག་ཏུ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་གསོལ་ཏེ།། གཙོ་བོ་རྡོ་རྗེ་ནམ་སྣང་མཛད།། དཔའ་བོ་ཆེན་པོ་ལེགས་སོ་ཞེས།། ཟབ་མོ་ཆོས་ཀྱི་མཆོག་གྱུར་པ།། དམ་པ་བཤད་པར་མཛད ་པ་ལེགས། ། སེམས་ཅན་པན་བྱར་ཐུགས་རྗེས།། ལྕགས་ཀྱུས་ཀུན་ནས་འབར་བ་ལགས།། བདག་མེད་ཆོས་རྣམས་སྒྲུབ་པ་ཡི།། ཡེ་ཤེས་སྟེ་ཀུན་འབར་བ་ལེགས།། གས་ཆེན་ས ་ཅད་བསྟན་པ་ཡི། ། རྡོ་རྗེ་ཐེག་པ་ངེས་པར་གསུངས།། ཐེག་པའི་ཚུལ་འདི་ལ་གནས་ན།། བླ་མེད་བྱང་ཆུབ་བདེ་བར་ཐོབ།། ཨོཾ་བཛྲ་ཨཾ་གུ་ཤ་ཨཱ~ཾ་ཀར་ཥ་ཡ་ཧཱུཾ། ཨོཾ་བཛྲ་པཱ་ཤ་བན་དྷ་ཧཱུཾ།། ཨོཾ་བཛྲ་ཊཀྐི་རཱ་ཛ་ཡ་ཧཱུཾ ་ཨོཾ་བཛྲ་མུཥྚི་གྲྀཧྞ་ཧཱུཾ། ཨོཾ་བཛྲ་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ། ཨོཾ་བཛྲ་མུད་ཀར་ཨ་ཀོ་ཊ་ཡ་ཧཱུཾ། ཡེ་ཤེས་ཀྱི་སྙིང་ཀུས་སྙིང་པོ་ཅན་དུ་གྱུར་པའི་གསང་སྔགས་དག་པ་མཆོག་ཏུ་གྱུར་པ་དོན་ཡོད་པའི་ལས་འདི་དག་སུལ ་ཡང་བསྟན་པར་མི་བྱའོ། ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་སྦྱོར་བའི་ཐབས་ཀྱིས་སྒྲུབ་པའི་རིམ་པར་བྱེ་བའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན ་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོས། སྦྱོར་བའི་ལས་ཐམས་ཅད་ཀྱི་རྗེས་སུ་འབྲང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབབ་པ་ལ་སོགས་པའི་ལས་བྱ་བ་འདི་བཤད་དོ།། ཨོཾ་ཞེས ་བྱ་བ་མགོར་བཞག་སྟེ། ཨཱཿནི་བཞིན་གྱི་པད་མ་ལ།། ཧཱུཾ་ནི་བསྐུལ་ནས་སྙིང་ཁར་བཞག། ཡང་ནི་རླུང་གི། དཀྱིལ་འཁོར་ལ།། བཞག་ནས་བསྒྲིམས་ཏེ་གདོག་བྱས་ན།། འགྲོ་བ་དང་ནི་གནས་པ་ཡི།། འགྲོ་བ ་ཐམས་ཅད་འབབ་པར་འགྱུར། ། དབབ་སྡོད་སྐུལ་བྱེད་གཟུགས་དེ་ཡི།། གཟུགས་ཀྱི་ངོ་བོར་བསམས་ནས་སུ།། རྡོ་རྗེ་འཆང་བའི་ང་རྒྱལ་གྱིས།། གསང་སྔགས་བསྙེམས་དང་བཅས་པར་གླག། བརྗོད་པར་བྱ་བ ་ཐོགས་པ་མེད་པའི་ཕྲེང་བ་དེ། ། ན་མཿས་མན་ཏཱ་ནཱཾ། ས་མྱགས་མ་བུད་དྷ་ཀོ་ཊཱི་ནཱན།། ཏད་ཡ་ཐཱ། ཨོཾ་ཙ་ལེ་ཙུ་ལེ་ཙུན་དྷེ་སྭཱ་ཧཱ།། བརྩོན་འགྲུས་ཆེན་མོ་ཐོགས་པ་མེད་པར་འདུལ་བ།། སྟོབས་ཆེ་ཕ་རོལ་གནོན་པ་ཆེ་བ ་ཕྱག་ན་རལ་གྲི་དང་། ཐོ་བ་དང་། དགྲ་སྟ་དང་། ཞགས་པ་བསྣམས་མ། ཁྲོ་མོ་ཆེན་མོ་ཁྲོ་མོའི་དབང་ཕྱུག་མ།། དྲག་པོའི་གཟུགས་ཅན་མ།། ཞལ་རས་མཐའ་ཡས་པ།། ཕྱག་སྟོང་མ། མི་ཕམ་མ། གཞན་གྱིས་མི་ཐུབ་མ། ་དོན་ཡོད་པ། གདུལ་བར་བཀའ་བ། མིག་སྟོང་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ།། ལྷ་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་མཆོད་པ་རབ་ཏུ་གྲུབ་མ།། རྡོ་རྗེའི་སེན་མོ་ཅན། རྡོ་རྗེ་རྡོ་རྗེ་འདྲེན ་མ། ། རྡོ་རྗེ་མཚོན་ཆ་ཅན།། རྡོ་རྗེའི་སྐུ་ཅན་མ།། རྡོ་རྗེའི་སྤྱན་གདངས་པའི་སྟངར་སྟབས་ཅན།། དྲག་ཤུལ་ཅན་མ་ལགས་ཀྱང་ག་སུར་ཀྱེ་གཟུས་ཅན་དུ་བསྒྱུར་བར་སྣང་བ། སྐུ་རྡོ་རྗེ་དང་བེ་དཱུརྱས་བརྒྱན་མ། ཨོཾ་བྷ་ག་བཱ་ཏི ་ཙུན་དྷེ་དྲྀ་རུ་དྲུཾ་དྷཾ། མྲི་མྲི། རུ་རུ། སྲུ་སུ། རུ་རུ། གྲིཧྞ་གྲིཧྞ། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། གྲི་ཧཱ་བ་ཡ་གྲྀ་ཧཱ་བ་ཡ། སར་ས་ར། མ་སཱ་ར་ཡཱ་ར་ཡ། ཧ་ར་ཧ་ར། བྷཉྫ་བྷཉྫ། མ་ར་མ་ར། མཱ་ར་ཡ་མཱ་ར་ཡ། པ་ཙ་བཿ ་དཏད་ཧ། གྲྀདྡྷ་གྲིཧྞ། སྡང་བའི་གདོན་དང་། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། རྟག་པའི་རིམས་དང་། ཡུད་ཙམ་པ་དང་། འབྱུང་པོ་དང་། རོ་ལངས་དང་། གནོད་སྦྱིན ་དང་། སྲིན་པོ་དང་། གྲུལ་བྲམ་གྱི་གནོད་དང་། མངལ་ནས་སྐྱེས་པ་དང་། ལས་ལས་སྐྱེས་པ་ས་གྲོ་བ་དང་། གནས་པ་འདི་དག་དང་།། སྡང་བ་གང་དག་བདག་ལ་འཚེ་བ་ཐམས་ད། ས་དྷ་ཡས་དྷ་ཡ། མར་དྷ་ཡ་མར་དྷ་ཡ། ་5། ཏཔ་མ་ཏཔ་ཡ། ཨུ་བ་ཎྜལ་ཨུ་བཿ5། ཏན་ཏན། བཛིན་ས་རབ་པ། ཏན། མ་མར། རྟེན་ཧཱུ~ཾ་ཧཱུཾཧཱུཾ། ཙུརྩ། ཏྲེ། མཚལ་ས་རྐུན་དྷས་ཨུ0f7fསྭ་དྷ་ཡསཿ།། དོ་ཛརྫས ་ནས་སུ། ། རྡོ་རྗེ་དྲིལ་བུ་བསིལ་བྱ་ཞིང་།། རྡོ་རྗེ་བཅད་པ་བསྐྱོད་པར་བྱ།། དབང་ཆེན་དཀྱིལ་འཁོར་ལ་གནས་སོ།། དབུས་སུ་པད་མ་འདབ་བརྒྱད་དང་།། འབྲེལ་བའི་པད་མ་བནགནས་སུ།། ཨ་ཞེས་བྱབ་བརྒྱད་དཀྱིས ་བརྒྱན། ། དབུས་སུ་བསྒྲུབ་བྱ་བཞག་ནས་སུ།། ཧཱུཾ་བཞི་ཡིས་ནི་མཛེས་པར་བྱ།། ཁམ་པོར་ཁ་སྦྱར་ནང་བཅུག་སྟེ།། སྟེང་དུ་རྡོ་རྗེ་འཆང་བས་མནན།། བསྒོམ་ཞིང་གསང་སྔགས་བསྐལ་ཚིག་གིས།། ་བཟླས་བརྗོད་དག་ནི་བྱ་བ་དང་།། བཞེས་བྱ་བའི་ཐེག་པ་ཡིས།། ཀུན་ནས་ཀྱང་ནི་དཀྲི་བར་བྱ།། འདི་ནི་སྐུ་གསུམ་ལས་བྱུང་བའི།། ལྷ་དང་མི་ཀུན་མནན་པར་འགྱུར།། སྔགས་ལ་མཁས་པའི་བདག་ཉིད་ནི།། ཁ་དོག ་དམར་པོ་རྡོ་རྗེ་ཅན། ། འདོད་ཆགས་ཚེ་དང་ལྡན་པའི་གཟུགས།། འདོད་པའི་ལྷ་དང་ལྷན་ཅིག་བསམ།། སྐུ་གསུམ་ལྡན་པ་མདའ་ཐོགས་ཤིང་།། གཡོན་པ་ཡིས་ནི་གཞུ་ཡང་བཟུང་།། ཨོཾ་ཧཱུཾ་བུད་མེད་སྤྱི་བར་བསམས ་ནས་ནི། ། འདོད་པས་སྙིང་ཟགས་དྲེགས་བདོ་བ།། མདོག་དམར་ཐལ་མོ་སྦྱར་ནས་ནི།། བདུད་བཞིན་དུ་ནི་མདུན་བཞག་སྟེ།། རྡོ་རྗེ་མདའ་ཡིས་བསྣུན་ན་ནི།། པད་མ་ངག་ལས་ཟིལ་བ་འཛག། རྡོ་རྗེ་མདའ་ཡི ་སྦྱོར་བ་ཡིས། ། འདོད་ཆགས་ཅན་མ་འཛག་པར་འགྱུར།། རྣལ་འབྱོར་ཅན་གྱི་དབང་བྱའི་ཕྱིར།། འདོད་ཆགས་རྡོ་རྗེ་ཅན་ཡང་བསྒོམ།། མཐོད་ལས་བྱས་ཅར་ཏེའུ་ལ།། སྤྲེའུའི་ལྤགས་པས་གཡགས་ནས་ནི།། ་ངོས་གཉིས་ལ་ནི་པད་མ་བྲི།། བུད་མེད་ཁྲག་གིས་འཛེག་པར་བྱ།། དེ་ཡི་དཀྱིལ་དུ་ཁྲེང་བྲིས་ཏེ།། མ་ཡི་སྐྲ་ཡིས་བཏགས་ནས་ནི།། མཐིང་རིལ་གྱི་ནི་རྐང་རུས་ཀྱིས།། ཁྲེ་ཧཱུཾ་མིང་ནས་བརྗོད་ཅིང་བརྡུང་།། ལམ་གྱི ་བཞི་མདོར་དཀྱིལ་འཁོར་ནི། ། རྐང་པ་གཡོན་པའི་མཐེ་བོས་བྲི། གྲཝ་ར་ནི་བུ་མོ་ཟས་སྦྱིན་མ།། འགུགས་པར་བརྩོམ་པའི་ལྕགས་ཀྱུ་བྱ།། གཙོ་བོ་ཁྲག་འཐུང་ཆ་ལུགས་ཀྱིས།། གཟུགས་ཅན་གྱི་ནི་རྟིང་པས་བརྡུང་།། ་འདིས་ནི་ཁམས་གསུམ་རྣམ་གནས་པའི།། བུ་མོ་ཟས་སྦྱིན་འགུགས་པར་འགྱུར།། གང་ཡང་རུང་བའི་གཟུགས་བརྙན་ལ།། གནས་པ་ཡིས་ནི་ང་རྒྱལ་གྱིས། རྣལ་འབྱོར་འཁོར་ལོ་རྫོགས་གྱུར་ན།། ཚིག ་གནམ་པ་ཙམ་གྱིས་ཀྱང་། ། ལྷ་དང་ལྷ་མིན་མང་ལ་སོགས།། རྣལ་འབྱོར་ཅན་གྱིས་ཐམས་ཅད་བྱེད། གང་ཚ་དབང་ཉིད་ལ་གནས་པ།། དེ་ཚེ་ཐམས་ཅད་མདག་གཞུག་འགྱུར།། བཀས་པ་ཙམ་བྱས་འཆ་བའམ།། ་མེ་ཙམ་གྱིས་ཀྱང་གཅོད་པའི་མཆོག། སྒྱུ་མའི་ཡེ་ཤེས་ཀྱིས་བསྐུལ་ནས།། རྣལ་འབྱོར་ཅན་གྱིས་གླུ་དང་གར།། ཅི་ལྟར་ཅི་ལྟར་བསྐམ་བྱས་པ།། དེ་ལྟར་འགྲོ་བ་རབ་ཏུ་བྱེད།། སྦྱིད་བསྲེག་དེ་ཉིད་ལ་གནས་པའི།། ་ཡི་ལྷ་ནི་ཞལ་ཡིན་པས།། སྣ་ཚོགས་ལས་རྣམ་གྲུབ་བྱེད་པའི།། སྦྱིན་བསྲེག་ལས་ནི་རབ་ཏུ་བཤད།། སྦྱིན་བསྲེག་གི་ནི་ལྷ་རྣམས་ཚིམ།། ཚིམ་པར་གྱུར་ནས་དངོས་གྲུབ་སྟེར།། གསང་སྔགས་ལྷག་ཆད་གང་ཡིན། ་པ།། ཐམས་ཅད་སྦྱིན་སྲེག་དག་གིས་སྐོང་།། དེ་ཕྱིར་སྐུ་གསུམ་མཁས་མཆོག་གིས།། སྦྱིན་བསྲེག་རབ་ཏུ་བསྔགས་པར་མཛད།། རྩུབ་ཤིང་ལས་ནི་བྱུང་བའི་མེ།། དགེ་བ་ཡིས་ནི་ལས་རྣམས་བྱེད།། གདོལ་པ་འམ། ་དུར་ཁྲོད་ལས་བྱུང་བའི།། མེའི་ལས་རྣམས་རབ་ཏུ་བསྒྲུབ།། ཐབ་ཁུང་ཟླུམ་པོ་གྲུབ་བཞི་པ།། ཟླ་གམ་དང་ནི་ཟུར་གསུམ་པ།། དཀྱིལ་འཁོར་ཟུར་གྱི་ཁ་ཁྱེར་བ།། རྡོ་རྗེ་མཚན་མ་དག་གིས་བརྒྱན།། སྦྱིན་བསྲེག་དེ ་ཉིད་ཚུལ་རིག་པས། ། ཐབ་ཁུང་རྣམས་ཀྱི་དབུས་སུ་ནི།། པད་མ་སྟེང་གནས་གཙུག་ཏོར་དང་།། རྡོ་རྗེ་རིན་ཆེན་པད་མོ་གཞག། ཅི་ལྟར་རིག་པར་འདུག་ནས་སུ།། ལག་གཉིས་པུས་མོའི་བར་བཞག་སྟེ།། དགང ་གཟར་མར་གྱིས་བཀང་ནས་ནི། ། བླུགས་གཟར་བཀང་སྟེ་དེ་བཞིན་སྲེག། སྦྱིན་བསྲེག་ལ་དགོས་གཡས་སུ་བཞག། གཡོན་དུ་ཆུ་ཡི་སྣོད་དག་གོ། ལས་ཀུན་བྱེད་པ་བཟླས་ནས་སུ།། བསང་ཏོར་དང་ནི་འཐོར ་འཐུང་བྱ། ། ཀུ་ཤིའི་རྩེ་མོས་གནོན་པ་ཡིས།། ཐབ་ཁུང་ཁོར་ཡུག་བསྐོར་བར་བྱ།། མེ་ནི་འབར་བར་ཤེས་པ་དང་། གཡས་པས་མི་འཛེགས་འཐེབ་བསྐྲད་ཅིང་།། གསང་སྔགས་འདས་ནི་ཆོ་ག་བཞིན།། མེ་ཡི་ལྷ་ནི ་སྤྱན་དྲང་ངོ་། ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ།། ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག། བསྲེག་བླུགས་ཞལ་བས་བཞེས་ནས་ཀྱང་།། འདི་ཉིད་དུ་ནི་བཞུགས་སུ་གསོལ།། ཨོཾ་ཨ་ག་ནི་ཡེ། དཱི་བྱ། ཨ ་བ་ཤ་མ་ཧཱ་ཤྲཱི་ཡེ། ། ཧ་བྱ་ཀ་བྱ། བ་ཏ་ནཱ་ཡ་སྭཱ་ཧཱ།། ལག་གཡོན་རྡོ་རྗེ་གསང་གཏོར་ཏེ།། མཆོད་ཡོན་མཆོད་པ་རྣམ་ལྔ་དབུལ།། མེ་ཡི་ཕྱོགས་ནས་བོང་བ་ནི།། གསུས་པོ་ཆེ་ལ་མིག་གསུམ་པ།། གདོང་བཞི་ལག ་པ་བཞི་དང་ལྡན། ། འོད་དམར་རལ་པའི་ཐོར་ཚུགས་ཅན།། མེ་ཡི་དཀྱིལ་འཁོར་ལ་གནས་ཤིང་།། ལས་ཀྱི་འོད་ཟེར་རྣམས་ཀྱིས་བརྒྱན། ལག་པ་དང་པོ་མཆོག་སྦྱིན་ལ།། གཉིས་པ་ན་ནི་སྔགས་ནོར་ཕྲེང་།། ་གཡོན་ན་རིལ་པ་སྤྱི་བླུགས་ཏེ།། གཉིས་པ་ན་ནི་བེ་ཅོན་ཉིད།། མདོག་དམར་རྒྱན་ནི་མེད་པ་ལ།། དྲང་སྲོང་རྣམས་ཀྱིས་ཡོངས་བསྐོར་བ།། འདི་ལྟའི་གཟུགས་ནི་བསམས་ནས་ཀྱང་།། ཐབས་ཀྱི་དབུས་སུ་བཞུགས ་སུ་གསོལ། ། དེ་ལ་སྦྱིན་བསྲེག་ལ་དགོས་པ།། ཀུན་ནས་ལན་གསུམ་བསྲེག་ཐུགས་དབུལ།། དེ་ནས་མཐོར་འཐུང་བྱས་ནས་སུ།། འབར་བའི་རྣམ་པར་བསྒྱུར་བར་བྱ།། རིམ་པ་འདི་ཡི་ཚུལ་གྱིས་ནི།། མཁས་པ ་ལྷ་རྣམས་ཚིམ་པར་བྱ། ། ལེགས་པར་ཚིམ་བྱས་བཟོད་གསོལ་ཏེ།། འདོད་པའི་དངོས་གྲུབ་གསོལ་བ་གདབ།། བུམ་པ་རྒྱལ་མཚན་རྡོ་རྗེ་གདུགས།། པད་མ་ལྕགས་ཀྱུའི་རྣམ་པ་དག། མེ་ལྕེ་མདོག་དཀར་སྣང་བ ་དང་། ། འཁྱིལ་པའི་མཚན་མ་མཁས་པས་བརྟག། དེ་ནས་མྱུར་དུ་འགྲུབ་འགྱུར་བས།། བསྒོམ་དང་བཟླས་ལ་འབད་པར་བྱ།། ཞི་དང་རྒྱས་དང་དབང་ལ་ནི།། ཨོཾ་ཞེས་པ་དང་སྭཱ་ཧཱ་མཐར།། དབྱངས་ཀྱི་རྒྱུན་ནི ་བསྲིང་པ་དང་། ། བར་ཆད་མེད་པའི་དབྱངས་ཀྱིས་སྦྱར།། ཞི་བའི་སེམས་ཀྱིས་ཞིབ་མོ།། འབྱོར་པ་རྒྱས་པ་མངོན་པར་སྤེལ།། དྲེགས་གདོང་སྟབས་ཚུལ་བཅས་པ་དང་།། དབང་དུ་གྱུར་པས་དབང་བྱའོ།། དྲག ་ཤུལ་སྤྱོད་ཚུལ་ལ་གནས་པས། ། ཧཱུ~ཾ་ཞེས་པ་དང་ཕཊ་དང་བཅས། ལུས་ནི་མེ་ལྕེ་འབར་བ་དང་།། འཇིག་རྟེན་གསུམ་པོ་བཟང་བསམས་ནས།། བསྐུལ་བའི་ཚིག་དང་སྤེལ་བ་ཡི།། གསང་སྔགས་ཡི་གེ་ངེས་པར ་སྦྱར། ། སྔགས་གྲུབ་ཆོག་ཤེས་པ་ཡིས།། སྦྱིན་པ་སྲེག་ཆོ་ག་ཐམས་ཅད་ལ།། སྣ་ཚོགས་ལས་དང་ལྡན་པའི་ལྷ།། གང་དག་ཡིན་པ་མཐོང་བར་བྱ།། སྦྱིན་པ་སྲེག་དེ་ཉིད་ཀྱིས་བསྐུལ་ཅིང་།། དང་པོ་དགང་བླུགས ་བསྲེག་ཅིང་དབུལ། ། ཕྱིས་ནི་རིམ་བཞིན་རྣམ་པར་སྤེལ།། ཞི་དང་རྒྱས་དང་དབང་རྣམས་ལ།། དགེ་བ་རྫས་རྣམས་སྦྱིན་པསྲེག་བྱ།། གཤང་གཅི་ཁྲག་རྐང་རུས་པ་དང་།། ཤ་ཆེན་དག་ཀྱང་སྦྱིན་པསྲེག་བྱ།། ཅི་སྟེ་ཡེ ་ཤེས་སེམས་པའི་ཞལ། ། མི་གཙང་བ་ཡིས་བཀང་ནགོ། ཇི་ལྟར་སྡིག་པ་མི་སྐྱེ་འགྱུར།། གལ་ཏེ་སྡིག་འགྱུར་འབྲས་བུ་གང་།། སེམས་ཅན་མི་ཤེས་པས་རྨོངས་ཏེ།། ཐམས་ཅད་ཤེས་རབ་རྣམ་སྤངས་ཤིང་ཕྱི་རོལ ་དངོས་ལ་མངོན་ཞེན་པས། ། རྣམ་རྟོག་དྲ་བས་བླན་བྱས་གང་།། དེ་དག་གིས་ནི་དགེ་སྡིག་གི། ཕུང་པོ་གཉིས་སུ་རྣམ་པར་བརྟགས།། ཆོས་འདི་རང་བཞིན་གྱིས་དག་སྟེ།། སྐྱེ་བ་མེད་ཅིང་གནས་པ་མེད།། སེམས ་ཅན་ཤེས་པ་སྤེལ་བའི་ཕྱིར། ། སངས་རྒྱས་རྣམས་ཀྱི་ཐབས་ཀྱིས་བསྟན།། དམ་པའི་དོན་དུ་དགེ་སྤང་ན།། བསོད་ནམས་མེད་པ་ཅི་ཞིག་སྤོས།། དཔེར་ན་ཆུས་གང་ཆུ་ཀླུང་གི།། ཕ་རོལ་འགྲོ་བའི་སེམས་ཅན་དག། ་དང་ཤིང་ལ་སོགས་བསྡུས་ཏེ།། ཆུ་ལས་རྒལ་བའི་གཟིངས་བྱས་ན།། དེ་ལ་འཛུས་ཏེ་ལེགས་རྒལ་ན།། བོར་ཏེ་བདེ་བར་འགྲོ་བལྟར།། དེ་བཞིན་འཁོར་བའི་ཕ་རོལ་གྱི།། ཆོས་ཀྱི་ལམ་ནི་བསྐྱེད་བྱས་ཀྱང་། ཆོས ་དང་ཆོས་མིན་རྣམ་སྤངས་ནས། ། བྱང་ཆུབ་བདེ་བ་ཐོབ་པ་བཞིན།། དེ་ཕྱིར་རྣམ་རྟོག་དྲང་སྤོངས་ལ།། ཟབ་མོ་ཡི་ནི་ཆོས་སྤེལ་ཏེ།། དེ་བཞིན་གཤེགས་པས་གསུངས་ལམ་ལ།། སྔགས་རིག་རྣམ་རྟོགས་བྱེད་ཅིག ་རྣམ་རྟོག་རྨོངས་པ་ཆེན་པོ་སྡེ། ། འཁོར་བའི་བརྒྱ་མཚོར་ལྟུང་བྱེད་པས།། ནམ་མཁའ་ལྟ་བུར་དྲི་མེད་པའི།། རྣམ་པར་མི་རྟོག་ཏིང་འཛིན་མནོས།། དབང་པོ་གཉིས་ནི་མཉམ་སྦྱར་ཏེ།། ལུས་དང ་ངག་དང་སེམས་བསྡམས་ནས། ། ངའོ་སྙམ་པའི་གཟི་བསྐྱེད་གཟུགས།། རྣམ་པ་ཀུན་གྱིས་རྣམ་པར་བརྒྱན།། རྣལ་འབྱོར་ལྡན་པ་ཚེ་འདི་ལ།། ཡེ་ཤེས་རྫོགས་པ་ཉིད་དུ་འགྱུར།། ལས་ལས་བྱུང་བ ་རྣམ་བསྟན་པའི། ། སྐྱེས་པ་བུད་མེད་གཟུགས་མེད་ལ།། བརྙེས་པ་ཉིད་དུ་མི་བྱ་འདིས།། རྡོ་རྗེ་ལུས་ཅན་དམ་ཚིག་ཡིན།། ངན་རྟོག་བཟང་རྟོག་དྲ་བ་ཡི།། སེམས་ཀྱིས་སེམས་ཅན་རྣམས་ལ་ནི།། སྣ་ཚོགས་གདུང ་བས་སུན་མི་དབྱུང་། ། རྡོ་རྗེ་སེམས་ལྡན་དམ་ཚིག་ཡིན།། སྲེད་པས་བསྐྱེད་རྔུབ་ཕྲ་བ་ཡིས།། ཚིག་དག་རྣམ་པར་མི་སྨྲ་ཞིང་།། མཉན་ན་བདེ་བར་བྱེད་པ་འདི།། རྡོ་རྗེ་དག་ཅན་དམ་ཚིག་ཡིན།། རྣམ་པར་སྣང་མཛད ་ཆེར་འཁྲུགས་མཆོག། ཤ་ཡི་ཁམས་ལ་གནས་པ་ཡིན།། རྐང་ལ་མི་འཁྲུགས་རྒྱལ་པོ་སྟེ།། ཁྲག་ལ་རིན་ཆེན་འབྱུང་བ་གཙོ།། སེམས་ཅན་རྣམས་ཀྱི་རུས་ཕུང་གི། དུས་གོས་ལ་ནི་འོད་དཔག་མེད།། རྩ་ཡི ་ཆོ་གས་རྣམས་རྣམ་འདྲེན་པ། ། ཐུབ་པ་སྐྱེད་མཆོག་དོན་ཡོད་ལ།། དམ་ཚིག་ཤེས་པ་རྣམས་ལ་ནི།། གསང་ཆེན་ང་ཡིས་བསྟེན་པ་འདི།། བློ་ལྡན་རྡོ་རྗེ་སེམས་ཀྱིས་ནི།། རྟག་ཏུ་བསྟེན་ཞིང་བསྒོམ་པར་བྱ།། ་འདོད་ཆགས་ཞེ་སྡང་དེ་བཞིན་རྨོངས།། སྲེད་དང་དེ་བཞིན་རྣམ་སྤེལ་བའི།། ཆོས་ནི་རྣམ་པ་ལྔ་པོ་འདི།། ཐུབ་པ་སྐྱེས་མཆོག་རྣམས་ཀྱིས་གསུངས།། བཤད་གཅི་ཁུ་བ་མཆིལ་མ་ཁྲག། འཛག་པ ་འབྱུང་བ་བཞིན་བསྡུས་པ། ། བསྒོམ་པའི་བློ་གྲོས་རྫོགས་པ་ཡིས།། དམ་ཚིག་བསྟེན་པར་བྱ་བ་སྟེ།། རྟག་ཏུ་བཟའ་ཞིང་བཏུང་བར་བྱ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་གྱི་དྲ་བ་ལས་འདི་ནི་སྦྱིན་བསྲེག་རིམ ་པར་བྱེ་བའི་ལེའུ་སྟེ་དགུ་པའོ། ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་ཏིང་འཛིན་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་རྡོར་ཞེས་བྱ་བ་ང་། ་ལ་སྙོམས་པར་ཞུགས་ནས་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་མཆོག་དངོས་གྲུབ་འདི་བཀའ་སྩལ་ཏོ།། ལག་ན་རྡོ་རྗེ་གསང་སྔགས་བསྒོམ་པའི་རྣལ་འབྱོར་གྱི་ཚོགས་ཡང་དག་པར་བསྐུལ་ནས་རྗེས་ཐམས ་ཅད་ཀྱི་དངོས་གྲུབ་སྒྲུབ་པའི་ཐབས་གསང་ཆེན་འདི་ཉོན་ཅིག། རྣམ་པར་སྣང་མཛད་ཏིང་འཛིན་ལ།། གནས་ཤིང་སྐུ་གསུང་ཐུགས་བསྒོམས་ཏེ།། མདུན་དུ་འཁོར་ལོ་ལེགས་པར་བཞག། སྐུ་གསུམ་རྡོ་རྗེ་ཅན ་གྱི་གཟུགས། ། འབར་བའི་ཕྲེང་བ་འཁྲུག་པའི་འོད།། འཁོར་ལོའི་ནང་དུ་ཞུགས་གྱུར་པར།། བསྒོ་བ་ཞིང་འཁོར་ལོ་བསྒྲུབ་པར་བྱ།། མེ་ཡི་འོད་ལྟར་འབར་བའི་འོད།། འཁོར་ལོ་ཆེན་པོ་འཕགས་པར་འགྱུག། ་སྤྱན་ནི་བཟླས་བརྗོད་བྱེད་བཞིན་དུ།། བླ་མེད་འཁོར་ལོ་བླང་བར་བྱ།། རྒྱལ་ཆེན་འཁོར་ལོ་དྲུག་པ་དག། འོད་ནི་རྣམ་པར་སྣང་མཛད་བཞིན།། ལན་གསུམ་འཇུག་པའི་སེམས་ཅན་ལ།། ཆོས་ཀྱི་འཁོར་ལོ ་བསྐོར་བར་གྱུར། ། མི་འཁྲུགས་པར་ནི་རྣམ་པར་བསྒོམ་ཞིང་།། རྡོ་རྗེ་མདུན་དུ་བཞག་ནས་ནི།། རིམ་པ་བཞིན་དུ་བསྐུལ་ན་འདིས།། སྐུ་གསུམ་རྣམ་པར་འཕེལ་འགྱུར་ཞིང་།། འབར་བའི་ཕྲེད་ཆེན་མཉམ་པའི་འོད། ་རྡོ་རྗེ་ཆེན་པོ་འཕགས་པར་འགྱུར།། མཱ་མ་ཀཱི་ནི་ཟློས་བཞིན་དུ།། རྡོ་རྗེ་བླ་མེད་བླང་བར་བྱ།། རྡོ་རྗེ་རྒྱལ་པོ་བླངས་པ་ཡིས།། གཙོ་བ་རྡོ་རྗེ་འཆང་གཉིས་འགྱུར།། གཙོ་བོ་ཆེན་པོ་སངས་རྒྱས་དང་།། བྱང་ཆུབ་སེམས ་དཔས་ཡོངས་བསྐོར་ནས། ། སེམས་ཅན་ཀུན་སེམས་ལ་གནས་པའི།། ལག་ན་རྡོ་རྗེ་རྡོ་རྗེ་འཆང་།། འཇིག་རྟེན་ཁམས་སུ་རྣམ་རྒྱུ་ཞིང་།། ཀུན་གྱི་བསམ་པ་ཡོངས་རྫོགས་བྱེད།། རིན་ཆེན་འབྱུང་བ་བསྒོམས་ན ་ནི། ། རིན་པོ་ཆེ་ནི་མདུན་བཞག་སྟེ།། སྦྱོར་བའི་རིམ་པས་རྣམ་སྤེལ་ན།། རིན་ཆེན་ཆེན་པོ་འཕགས་པར་འགྱུར།། རིན་ཆེན་སྒྲོལ་མ་ཟློས་བཞིན་དུ།། འོད་བཟངས་གཟི་བརྗིད་འབར་བ་ཅན།། ་ཕྱོགས་ཀུན་སྣང་བར་བྱེད་པ་ཡི།། ནོར་བུའི་རྒྱལ་པོ་བླང་བར་བྱ།། ལྷ་རྫས་ནོར་བུ་བླངས་པ་ཡིས།། རིན་ཆེན་འབྱུང་བ་གཉིས་པར་འགྱུར།། དེ་ནི་སེམས་ཅན་ཐམས་ཅད་ཀྱི།། ཡིད་བཞིན་ནོར་བུ་རིན་ཆེན་བཞིན།། ་རིན་ཆེན་ཆར་བ་རབ་འབེབས་ཤིང་།། སེམས་ཅན་ཀུན་གྱི་དབུལ་བ་འཇོམས།། གཙོ་བ་ཡིད་བཞིན་ནོར་བུ་ཅན།། སངས་རྒྱས་ཞིང་དུ་རྣམ་པར་རྒྱུ།། འོད་དཔག་མེད་པར་རྣམ་བསྒོམས་ནས།། པད་མ་ཆེན་པོ་བདུན ་བཞག་སྟེ། ། རིམ་བཞིན་གཟི་བརྗིད་གཟིངས་སྟོད་ན།། འདབ་མ་བྱེ་བས་རྣམ་བརྒྱན་པ།། འོད་བཟངས་གསེར་ལྟར་འབར་བ་ཅན།། པད་མ་ཆེན་པོ་འཕགས་པར་འགྱུར།། གོས་དཀར་ཅན་མའི་གསང་སྔགས ་ཀྱིས། ། ཡིད་ལས་བྱུང་བའི་པད་མ་བླང་།། པད་མའི་རྒྱལ་པོ་བླངས་པ་ཡིས།། འོད་དཔག་མེད་པ་གཉིས་པར་འགྱུར།། ཆོས་མཛད་རྣམས་ཀྱི་ཐོག་འདྲེན་ཅིང་།། སེམས་ཅན་རྣམས་ལ་བདུད་རྩི་སྩོལ།། སངས ་རྒྱས་ཞིང་རྣམས་སྣང་བྱེད་གཙེ། ། བདེ་བ་ཅན་གྱི་རྒྱན་དུ་འགྱུར།། དོན་ཡོད་གྲུབ་པ་རྣམ་བསྒོམ་ནས།། རལ་གྲི་བདུན་དུ་རྣམ་བཞག་སྟེ།། རྣལ་འབྱོར་རིམ་པ་འདི་ཡིས་ནི།། བསྒོམས་པ་དེ་ཉིད་ཀྱིས་བསྐུལ་ན།། ་རྡོ་རྗེ་འབར་བ་ལྟ་བུའི་འོད།། རལ་གྲི་ཆེན་པོ་འཕགས་པར་འགྱུར།། སྒྲོལ་མའི་གསང་སྔགས་ཟློས་བཞིན་དུ།། རལ་གྲི་བླ་མེད་བླང་བར་བྱ།། དེས་ནི་རལ་གྲི་མཆོག་བླངས་ནས།། དོན་ཡོད་གྲུབ་པ་གཉིས་པར ་འགྱུར། ། སངས་རྒྱས་ཞིང་དུ་རྣམ་རྒྱུ་ཞིང་།། སེམས་ཅན་རྣམས་ཀྱིས་མི་ཤེས་སྤྱོད།། རྟག་དུ་དྲི་མེད་སྐརང་འགྱུར་ཏེ།། ཆུ་ཡིན་གི་སྟོན་ཟླ་བཞིན།། རྫས་ཀྱི་དངོས་གྲུབ་བསྟན་ནས་ནི།། ཕྱག་རྒྱ་ཆེན་པོ་བསྐུལ ་པར་བྱ། ། རྣལ་འབྱོར་ཆེ་ལ་ནམ་གནས་པ།། དེ་བཞིན་གཤེགས་ཀྱི་བཙུན་མེ་ཆེ།། ཞེ་སྡང་རིགས་ནི་འདྲེན་མཛད་མ།། རྡོ་རྗེ་གདན་ཅན་མཱ་མ་ཀཱི།། རིན་ཆེན་འབྱུང་བའི་ལྷ་མ་དང་།། ལྷམ་འགྲོ་བ་དབང་མཛད་པ། ་མཁའ་ལ་ལོངས་སྤྱོད་སྤྱོད་མཛད་མ།། རིམ་པ་བཞིན་དུ་ང་ཡིས་བཤད།། དེ་ནས་བུ་མོ་མིག་ཡང་ས་མ།། ལོ་ནི་བཅུ་དྲུག་ལོན་པ་ལ།། གཟུགས་དང་མདངས་དང་ལང་ཚོར་ལྡན།། གསེར་གྱི་རྣ་ཆ་གཡོ་བ་ཅན།། ་གཅིག་གཅིག་བསྒྲིམས་ཏེ་བཙལ་ནས་སུ།། ལྷ་མོ་བྱི་དོར་ལེགས་བྱས་ཏེ།། རིགས་ལྔ་ཡི་ནི་ཚིགས་ཅན་མ།། ལས་ཀྱི་རྗེས་སུ་བསྒོམ་བྱས་ནས།། བཞག་ཏེ་སྤད་པའི་སྦྱོར་བ་ཡིས།། པད་མ་ལ་ནི་རྡོ་རྗེ ་བཞག། སྤྲད་པ་དང་ནི་ཁྱད་པ་ཡིས།། རྡོ་རྗེ་དང་ནི་པད་མ་བསྐུལ།། གར་གྱི་ཚུལ་དུ་གྱུར་པ་དང་།། དེ་བཞིན་སྤྲོ་དང་སྡུ་བ་ཡིས།། མོད་ལ་སྒྱུ་མས་དྲག་མྱོས་ནས།། རྡོ་རྗེ་ལས་ནི་བདུད་རྩི་འབྱུང་།། རྣལ་འབྱོར ་ལྡན་པའི་ཤེས་རབ་ལས། ། པད་མ་ལ་གནས་བདུད་རྩི་བཏུང་།། རྣལ་འབྱོར་ལྡན་པའི་ཁ་ཡིས་ནི།། མཐུངས་པས་དེ་བཞིན་གཤེགས་ལྔ་ཡི།། སྐུ་ནི་ཡོངས་སུ་འགྱུར་བར་འཐོབ།། ནམ་མཁའ་འདྲ་བའི ་ཆོས་ཀུན་ལ། ། ཐབས་དང་ཤེས་རབ་རྣམ་པར་འཕེལ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། སྐུ་ཡི་སྙིང་པོ་བསྒྲུབ་པ་སྟེ།། འདོད་ལྔའི་ཡོན་ཏན་རྗེས་འཇུག་པའི།། བྱང་ཆུབ་བདེ་བས་བསྒྲུབས་ན་ནི།། ་རྡོ་རྗེ་པད་མ་བྱིན་བརླབས་ནས།། རྗེས་སུ་ཆགས་པས་འཐོབ་པར་འགྱུར།། གྲུབ་ཆེན་གསང་བའི་དངོས་གྲུབ་ནི།། སྡུག་བསྔལ་མེད་པའི་བདེ་བའི་ཐབས།། རྗེས་སུ་ཆགས་པས་བདེ་བ་ཡི།། རྡོ་རྗེ་ཐེག ་པས་གཉིས་པར་འགྱུར། ། སྦྱོར་བའི་ཁྱད་པར་འདི་ཡིས་ནི།། ལན་གསུམ་འཇུག་པའི་གསང་སྔགས་དང་།། ལམ་གྱི་ཕྱག་རྒྱ་ངས་བཤད་དེ།། དེ་དག་ལག་པའི་ཕྱག་རྒྱ་དག། ཡེ་ཤེས་ཕྱག་རྒྱ་རབ་གུལ ་བས་དམ་ཚིག་མཆོག་གིས་འགྲུབ་པར་འགྱུར། ། ཐུབ་ཆེན་སྣ་ཚོགས་གཟུགས་མངའ་བ།། སྣ་ཚོགས་ཕྲིན་ལས་མཛད་པར་འགྱུར།། དེ་ནས་ཕྱག་ན་རྡོ་རྗེས་ཁམས་གསུམ་གྱི་དམ་ཚིག་གི་འཁང། ་ལོ་འདི་ཉིད་ཀྱི་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་ལས་བྱུང་ངོ་།། ས་ནི་སྤྱན་དུ་བརྗོད་པ་སྟེ།། ཆུ་ཁམས་མཱ་མ་ཀཾ་ནས་བཤད།། སྒྲོལ་མ་རླུང་ཞེས་ཀུན་ཏུ་བརྗོད།། གོས་དཀར་ཅན་མ་མེ་རུ་སྦགས།། རྡོ་རྗེ་དམཚིག ་ནམ་མཁའི་དབྱིངས། ། སྟོན་པ་རྡོ་རྗེ་འཆང་བས་བཤད་ཅེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སའི་དབང་ཕྱུག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོས་གསུངས་སོ།། དེ་ནས་བཅོམ་ལྡན་འདས ་ར་དོ་རྗེའི་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ནས་ཅང་མི་གསུང་བར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་གསང་བ་འདུས་པར་དབང ་བསྟར་བའི་སློབ་དཔོན་དལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཅི་ལྟར་ལྟ་བར་བགྱི་བ་ལགས།། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་།། བྱང་ཆུབ ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱིས་འདི་ནི་རྡོ་རྗེའི་བྱང་ཆུབ་ཀྱི་སེམས་སུ་བལྟ་བར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་དང་རྡོ་རྗེ་སློབ་དཔོན་འདི་གཉིས་གཉིས་སུ་བྱར་མེད་པའི་ཕྱིར་ཞེས་བྱ་བ ་བར་ནས་རིགས་ཀྱི་བུ་འདོར་བསྡུས་ནས་ཡང་བཤད་པར་བྱའོ། ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་ཤིང་བ་ཤེས་པའི་བར་དེ་དག་ཐམ ་ཅད་དུས་གསུམ་དུ་བྱོན་ནས་སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པས་མངོན་པར་མཆོད་ནས་འདི་སྐད་ཅེས་བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་པ་ཡིན་འདག་ཅག་དེ་བཞིན་གཤེས། ཐམས་ཅད་ཀྱིམ་ཡིནོ། ་། བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པ་ཡིན་ནས་རྡོརྗེའི་ཡིགག་སུ་བྱུ་ན་པ་ཡང་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་འགྱུར་རོ།། རིགས་ཀྱི་བུ་དཔེར་ན། སངས་རྒྱས་བཅོམ ་ལ་དན་འདས་ཕྱོགས་བཅུན་བཞུགས་པའི་བར་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་ཀྱི་བསོད་ནམས་ཀྱི་ཕུང་པོ་པས་ནི་རྡོ་རྗེ་སློབ་དཔོན་དེའི་སྤུའི་ཁུང་དུ ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཆེས་ཁྱད་པར་དུ་འཕགས་སོ། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཡེ་ཤེས་སྙིང་པོར་གྱུར་པའི་བར་ནས་ཐམས་ཅད་མཁྱེན་པའི ་ཡེ་ཤེས་ཀྱི་འབྱུང་གནས་ཡིན་ནོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འཇིགས་ཤིང་སྐྲག་པའི་ཡིད་ཀྱིས་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་ཡང་དེ་བཞིན་གཤེགས་པ་མི་འཁྲུགས ་བ་དང་། ། རིན་ཆེན་འབྱུང་བ་དང་།། དོན་ཡོད་གྲུབ་པ་དང་།། དེ་བཞིན་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རྣམས་རྡོ་རྗེ་འཆང་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དམ་ཚིག ་ལ་དམིགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་བོས་ནས་ཤེས་ལྡན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཉོན་ཅིག། ཕྱོགས་བཅུ་དུས་གསུམ ་དུ་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ་བྱོན་ནས་མཆོད་པར་མཛད་ཅིང་ཕྱག་འཚལ་བར་བརྗོད་དོ། ། དེ་ཅིའི་ཕྱིར་ཞེ་ན།། དེ་བཞིན་གཤེགས་པ་ཐམས་ཅད་དང་། ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོན་པ་ཡིན་པ་དང་། བཅོམ་ལྡན་འདས་རྡོ་རྗེ་འཆང་དེ་ཉིད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ།། དེ་ནས་བྱང་ཆུབ་སེམས་དཔ ་དེ་དག་གིས་དེ་བཞིན་གཤེགས་པ་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་གང་ལ་གནས། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱིས་བཀའ་སྩལ་པ། རྡོ་རྗེའི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསུམ་ནི་རྡོ་རྗེ་སློབ་དཔོན་གྱི་ལུས་དང་ངག་དང་ཡིད་ལ་གནས་སོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསོལ་པ།། རྡོ་རྗེ་སློབ ་དཔོན་གྱི་ལུས་དང་ངག་དང་སེམས་ཀྱིས་གསང་བ་གང་ལ་གནས། མཁའ་ལ་གནས། ནམ་མཁའ་གང་ལ་གནས། རྡོ་རྗེ་སློབ་དཔོན་གྱི་སེམས་ལ་གནས། སེམས་གང་ལ་གནས། གང་དུ་ཡང་མ་ཡིན་ནོ།། དེ་ནས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ངོ་མཚར་དུ་གྱུར་ནས་ཅང་མི་ཟེར་བར་འཁོད་དོ། ། དཀྱིལ་འཁོར་དང་། ཏིང་ངེ་འཛིན་དང་། ཕྱག་རྒྱ་དང་སྟང་སྟབས་དང་། འདུག་སྟབས་དང་། བཟླས་བརྗོད་དང་། ་སྦྱིན་བསྲེག་དང་།། མཆོད་པ་དང་། ལས་ལ་སྦྱར་བ་དང་། སླར་བསྡུ་བ་རྣམས་ནི་གསང་སྔགས་ཀྱི་ཚུལ་དེ་ཁོ་ན་ཉིད་བཅུ་ཡིན་པར་གསུངས་སོ།། དུས་གསུམ་དུ་འབྱུང་བའི་རྒྱལ་བ་ཐུགས་རྗེའི་རོ་གཅིག་པ་རྣམས ་ཀྱེ་གསང་བ་དང་གསང་ཆེན་དང་ཡེ་ཤེས་རྣམ་པ་གསུམ་གྱི་སྙིང་པོ་བསྟན་པ་དག་ནི་སློབ་དཔོན་གྱི་ཁོ་ནས་བླ་མ་ལ་གུས་པའི་སློབ་མས་ཤེས་པར་བྱའོ། ། བླ་མས་དམ་ཚིག་ཅི་ལྟ་བ་བཞིན་གྱི་དབང་དུ་བྱས་ནས ་བཤད་པར་བྱའོ། ། བསླབས་ནས་སེམས་ཅན་རྣམས་ལ་རྣལ་འབྱོར་དང་།། རྣལ་འབྱང་ཆན་པོ་དང་།། ལྷག་པ་རྣལ་འགྱུར་རྣམས་གར་མ་བཞིན་བཤད་པར་བྱའོ།། འད་མཐའ་དག་ནི་རྒྱུད་ཐམས་ཅད་ཏུ ་ཤེས་པར་བྱའོ། ། དེ་ཁོ་ན་ཉིད་ཀྱི་དངོས་པོ་མཐའ་དག་ཡོངས་སུ་མི་ཤེས་པར་གསང་སྔགས་སྨྲ་བ་ཡིན་ནོ་ནས་མངོན་པའི་ང་རྒྱལ་གྱིས་གསང་སྔགས་ཀྱི་ཆོག་འཆད་པར་བྱེད་ན་དཔ་ཚིག་ཐམས་ཅད་ཉན་པར ་འགྱུར་རོ། ། དམ་ཚིག་ལས་ཉམས་ན་བདུད་ཀྱིས་བཟུང་བར་འགྱུར་རོ།། སྐྱེས་བུ་ཤི་ནས་དམྱལ་བའི་གནས་མི་བཟད་པ་ཆེན་པོར་འགྲོ་བར་འགྱུར་རོ།། སེམས་ཅན་རྣམས་ལ་བརྟེན་ཏེ་བྱང་ཆུབ་ཐོབ་པར་འགྱུར ་བས་སེམས་ཅན་ལ་བསླུ་བར་མི་བྱའོ། ། ཞེས་ཤེས་པར་བྱས་ནས་དེ་བཞིན་གཤེགས་པའི་ལམ་དེ་ཉིད་ལ་སེམས་ཅན་དེ་དག་སྦྱར་བར་བྱའོ།། གང་ཞིག་འདི་ལ་བརྩོན་པར་མ་བྱས་པ་དེ་དག་གིས་ནི་ལག ་པ་དང་རྐང་པ་དང་། མིག་སྦྱིན་པའི་དཀའ་བ་སྤྱད་པ་དང་།། བཀའ་ཐུབ་ཅི་ལྟ་བུས་ཀྱང་སྡིག་པ་གཞོམ་པ་འམ། བདུད་རྩིའི་རོ་ཐོབ་པར་མི་ནུས་སོ།། རྣལ་འབྱོར་གཅིག་ཁོང་དུ་ཆུད་ནས་དབེན་པར་སོང་སྟེ་བསྒོམ ་བྱས་ན་སྡིག་པ་ལས་གྲོལ་ཞིང་ཚེ་འདི་ཉིད་ལ་སངས་རྒྱས་ཀྱི་ཡོན་ཏན་རྣམས་དང་། ། ཆོས་བདག་མེད་པར་བསྒོམས་པས་ཐམས་ཅད་མཁྱེན་པའི་རྣལ་འབྱོར་ཁོང་དུ་ཆུད་པར་བྱའོ།། ཤེས་རབ་དང་ཡེ་ཤེ ་ཀྱི་འཇོ་ཚུལ་གྱིས་གསང་བ་ལྔའི་བདག་ཉིད་ཀྱི་གཙོ་བོ་ལ་མཆོད་པར་བྱའོ། ། དངོས་པོ་ཐམས་ཅད་དངོས་མེད་པར།། བཞི་བཅུའི་དོན་ནི་རྟོགས་པ་དང་།། རྡོ་རྗེ་པད་མས་དབང་བསྐུར་བས།། བདུད་རྩི་ལྔས ་ནི་དགའ་བར་བྱེད། ། གསང་བར་བྱ་བའི་ཆོས་གསང་བ།། གསང་ཞིང་སྐས་ཏེ་གཞག་པར་བྱ།། འདོད་ཡོན་ལྔ་ཡི་རྣམ་པ་ནི།། གཟུགས་སྒྲ་དྲི་རེ་རོག་བྱ་སོགས།། རྣལ་འབྱོར་སེམས་དཔའ་སྦྱང་བྱ་ཞིང་། ་དེ་བཞིན་བཟའ་དང་བཏུང་བྱས་ན།། བལྟས་དང་ཁུ་ཚུར་རྣམ་པ་ཡིས།། སེམས་ཅན་ཐམས་ཅད་དབང་དུ་བྱེད།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་ཆོ་ག་ཐམས་ཅད་བསྟན་པ་རིམ་པར་ཕྱེ ་བ་སྟེ་བཅུ་པའོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན ་པར་བསྟོད་དོ། ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ཐེག་པ་ཆེན་པོའི་ཡང་ཐེག་པ་ཆེན་པོའི་ཚུལ་ཟབ་མོ་གསང་བས་ཀྱང་ཆེས་གསང་བ་ཆེན་པོ་རྫོགས་སྷོ།། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ག་ཙིང་ཏ་ཀྲིཥྞཥྛ་ཡ་མཱ་རི་ནཱ་མ་ཏན་ཏྲ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད ་