CLOSE WINDOW

Q1006: las kyi rnam par 'gyur ba zhes bya ba'i chos kyi gzhung
Wyliee-texts produced with BDRC’s OCR application

ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ། རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་གན་ནས་སོང་ངོ་།། ལས་རྣམ་པར་འབྱེད་པ་རྫོགས་སྷོ།། ། 6།། རྒྱ་གར་སྐད་དུ། ཀ་མ་བི་བྷང་ག་ནཱ་མ་དྷ་རྨ་གྲན་ཐ། ་བོད་སྐད་དུ། ལས་ཀྱི་རྣམ་པར་འགྱུར་བ་ཞེས་བྱ་བའི་ཆོས་ཀྱི་གཞུང་།། བམ་པོ་གཅིག་གོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ལྷན་ཅིག་ཏུ་བཞུགས་ཏེ། དེ་ནས་ཏོའུ་ཏེ་ཡའི་ཐ་ཤུ་ཀ ་མ་ན་བ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་ཡང་དག་པར་མགུ་བ་དང་། ཡང་དག་པར་རངས་པའི་གཏམ་རྣམ་པ་མང་པོ་བཤད་དེ་ཕྱོགས་གཅིག་ཏུ་འདུག་གོ།། ཏོའུ་ཏེ་ཡའི ་བུ་ཤུ་ཀོ་མ་ན་བ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། གཽ་ཏ་མའི་ཁྱོད་ལ་བདག་ཅུད་ཤས་ཤིག་འདྲིན་དྲིས་པའི་ལན་སླར་བཀའ་སྩལ་དུ་གསོལ།། དེ་སྐད་ཅེས་གསོལ་པ་དང་། ་བཅོམ་ལྡན་འདས་ཀྱིས་ཏོའུ་ཏེ་མའི་བུ་ཤུ་ཀོ་མ་ན་བ་ལ་འདི་སྐད་ཅེས་གསུངས་སོ།། མ་ན་བ་ཇི་ལྟར་འདོད་པ་བཞིན་དུ་དྲིས་ཤིག། ངས་ཁྱེད་ལ་བཤད་པར་བྱའོ།། དེ་ནས་ཏོའུ་ཏེ་ཡའི་བུ་ཤུ་ཀོ་མ་ན་བས་བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་གོ་ཏ་མའི་སེམས་ཅན་རྣམས་ལ་ཚེ་ཐུང་བ་དང་ཚེ་རིང་བ་དང་ན་དམང་བ་དང་ནད་ཉུང་བ་དང་མི་སྡུག་པ་དང་བཟང་པོ་དང་། དབང་ཆུང་བ་དང་དབང་ཆེ་བ་དང་། མ་རབས་ཀྱི་རིགས་དང་ཡ་རབས ་ཀྱི་རིགས་དང་། དབུལ་པོ་དང་ཕྱུག་པོ་དང་ངན་པ་དང་ཤེས་རབ་ཆེ་ཆུང་དང་། སྙིང་སྡུག་ལ་སོགས་པ་རྣས་པ་མང་དུ་མཆིས་ན། ཀྱེ་གཽ་ཏཱ་མའི་ལས་ཀྱི་རྣམ་པར་སྨིན་པ་གང་གི་ཕྱིར་ན་སེམས་ཅན་སྣ་མང་པོར་འགྱུར།། བཙམ ་ལྡན་འདས་ཀྱིས་བཀའ་སྩལ་པ། མན་བ་ཁྱོད་ཉོན་ལ་དགེ་བར་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་། དེའི་ཕྱིར་ངས་བཤད་དོ།། མན་པ་སེམས་ཅན་རྣམས་ནི་ཚེ་རབས་ཀྱི་ལས་ལས་གྱུར་ཏེ། སྦྱིན་པའི་རྣམས་ཀྱང་ལས། སྐྱེ་བའི ་རྣམས་ཀྱང་ལས། སོ་སོར་རྒྱུ་བ་ཡང་ལས་ཏེ། མ་ན་བ་སེམས་ཅན་རྣམས་ནི་ལས་ཀྱིས་རྣམ་པར་བསྒྱུར་རོ།། དེ་བས་ན་ངན་པ་དང་བར་མ་དང་། བཟང་པོའི་ཕྱིར་སེམས་ཅན་རྣམས་མང་པོ་ཡང་ལས་རྣམ་པ་མང་པོ་དང་། ་མྱ་ངན་རྣམ་པ་མང་པོ་དང་ལྟ་བ་རྣམ་པ་མང་པོར་སྦྱར་བ་དེ་འདི་ལྟར་ནག་པོ་དང་། དཀར་པོ་ལས་རྣམ་པར་སྨིན་པའི་འབྲས་བུ་བཤད་དོ།། མན་པ་འདི་ལྟ་སྟེ་ལས་ནག་པོ་རྣམས་ཀྱིས་ནི་སེམས་ཅན་དམྱལ་བ་དང་། བྱོལ ་སོང་དང་། ཡི་དགས་དང་རིང་དུ་འཁྱམས་པ་དང་། ཨ་སུ་ར་ལ་སོགས་པ་ངན་སོང་དུ་སྐྱེའོ།། ལས་དཀར་པོ་བགྱིས་པ་རྣམས་ཀྱིས་ནི་ལྷ་དང་མིར་སྐྱེའོ།། མ་ན་བ་དེ་ལྟ་བས་ན་ལས་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བ་ཡང ་ཡོད། ལས་ཀྱིས་ཚེ་རིང་པོར་གྱུར་པ་ཡང་ཡོད།། ལས་ཀྱིས་ན་དམང་པོར་གྱུར་པ་ཡང་ཡོད། ལས་ཀྱིས་ནད་ཉུང་ངུར་འགྱུར་བ་ཡང་ཡོད། ལས་ཀྱིས་མི་སྡུག་པར་འགྱུར་བ་ཡང་ཡོད། ལས་ཀྱིས་བཟང་པོར་འགྱུར་བ་ཡང ་ཡོད། ལས་ཀྱིས་དབང་ཆུང་ངུར་འགྱུར་བ་ཡང་ཡོད། ལས་ཀྱིས་དབང་ཆེ་བར་འགྱུར་བ་ཡང་ཡོད། ལས་ཀྱིས་མ་རབས་ཀྱི་རིགས་སུ་འགྱུར་བ་ཡང་ཡོད། ལས་ཀྱིས་ཡ་རབས་ཀྱི་རིགས་སུ་འགྱུར་བ་ཡང་ཡོད། ལས ་ཀྱིས་དབུལ་པོར་འགྱུར་བ་ཡང་ཡོད། ལས་ཀྱིས་བྱུག་པོར་འགྱུར་བ་ཡང་ཡོད། ལས་ཀྱིས་ངན་པར་འགྱུར་བ་ཡང་ཡོད། ལས་ཀྱིས་ཤེས་རབ་ཆེན་པོར་འགྱུར་བ་ཡང་ཡོད། ལས་ཀྱིས་སེམས་ཅན་དམྱལ་བར་འགྱུར་བ་ཡང་ཡོད།། ་ལས་ཀྱིས་བྱོལ་སོང་གི་སྐྱེ་གནས་སུ་འགྱུར་བ་ཡང་ཡོད། ལས་ཀྱིས་རིང་དུ་འཁྱམས་པར་འགྱུར་བ་ཡང་ཡོད། ལས་ཀྱིས་ཨ་སུ་རང་སྐྱེ་བར་འགྱུར་བ་ཡང་ཡོད། ལས་ཀྱིས་མིར་སྐྱེ་བར་འགྱུར་བ་ཡང་ཡོད། ལས་ཀྱིས ་གཟུགས་ཡོད་པའི་ལྷར་སྐྱེ་བ་ཡང་ཡོད། ལས་ཀྱིས་གཟུགས་མེད་པའི་ལྷར་སྐྱེ་བ་ཡང་ཡོད། ལས་བཞིན་དུ་མི་འགྱུར་བར་སྐྱེ་བ་ཡང་ཡོད། ལས་ཀྱིས་འགྱུར་བར་སྐྱེ་བ་ཡང་ཡོད། ལས་ཀྱིས་ཡུལ་གཞན་དུ་སྐྱེ་བར་འགྱུང། ་བ་ཡང་ཡོད། ལས་མ་བསམས་པར་བྱས་པ་མ་སྐྱེ་བར་འགྱུར་བ་ཡང་ཡོད། ལས་བསམས་ཏེ་མ་བྱས་ཀྱང་སྐྱེ་བར་འགྱུར་བ་ཡང་ཡོད། ལས་བསམས་ཏེ་བྱས་ནས་སྐྱེ་བར་འགྱུར་བ་ཡང་ཡོད། ལས་མ་བསམས ་མ་བྱས་ཀྱང་སྐྱེ་བར་འགྱུར་བ་ཡང་ཡོད་དོ། ། གང་ཟག་ལས་འདི་ལྟ་བུ་འདུས་པས་ན་སེམས་ཅན་དམྱལ་བར་སྐྱེས་ན་སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ཏེ།། སྐྱེ་བའི་ལས་ཀྱང་ཡོད་གང་ཟག་ལས་འདི་ལྟ་བུ་འདུས་པས ་ན་སེམས་ཅན་དམྱལ་བའི་ཆེ་བྱེད་ཟད་ནས་སྐྱེ་བའི་ལས་ཀྱང་ཡོད་དོ། ། སེམས་ཅན་དམྱལ་བར་བྱིན་མ་ཐག་ཏུ་སྐྱེས་པ་ཡང་ཡོད།། གང་ཟག་ཡང་ལས་འདི་ལྟ་བུ་འདུས་པས་ན་སྔར་བདེ་བ་ལ་བྱིནས་མི་བདེ་བའི་ལས་ཀྱང་ཡོད ་དོ། ། གང་ཟག་ཡང་འདི་ལྟ་བུ་འདུས་པས་ན་སྔར་མི་བདེ་བ་ལ་ཕྱི་ནས་བདེ་བར་གྱུར་པའི་ལས་ཀྱང་ཡོད། སེམས་ཅན་གང་ཟག་ཐམས་ཅད་ཀྱང་འདི་ལྟ་བུའི་དུས་པས་ན་སྔར་བདེ་ལ་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་ཀྱང ་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས་ན་སེར་སྣ་བྱེད་པའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས་ན་དབུལ་བ་གཏོང་པོད་པའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས་ན་ཕྱུག་པོར་འགྱུར། ་ཞིང་གཏོང་བོད་པའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས་ན་དབུལ་བ་སེར་སྣ་ཅན་དུ་འགྱུར་བའི་ལས་ཀྱང་ཡོད་དོ།། གང་ཟག་ཚེ་ཟད་ལ་ལས་མ་ཟད་པ་ཡང་ཡོད། གང་ཟག་ལས་ཟད་ལ་ཆེ་མ་ཟད་པ ་ཡང་ཡོད། གང་ཟག་ཚེ་དང་ལས་བཅས་ཏེ་ཟད་པར་འགྱུར་བ་ཡང་ཡོད། གང་ཟག་ཚེ་དང་ལས་བཅས་ཏེ་མ་ཟད་ཀྱང་མྱ་ངན་སྤངས་པར་འགྱུར་བ་ཡང་ཡོད། གང་ཟག་ལུས་བདེ་ལ་སེམས་མི་བདེ་བར་འགྱུར་བ་ཡང་ཡོད། གང ་ཟག་ལུས་ཀྱང་བདེ་བ་སེམས་ཀྱང་བདེ་བར་འགྱུར་བ་ཡང་ཡོད། གང་ཟག་ལུས་མི་བདེ་ལ་སེམས་ཀྱང་མི་བདེ་བར་འགྱུར་བ་ཡང་ཡོད། གང་ཟག་ལས་འདི་ལྟ་བུ་འདུས་པས་ན་སེམས་ཅན་ངན་པའི་སེར་སྐྱེས་ཏེ། གཟུག་ངན་པ་དང་། ་བཟང་པོ་དང་སྡུག་གུ་དང་། ཁ་དོག་མཛེས་པ་དང་མདོག་སྣུམ་པ་དང་མཐོང་ན་དགའ་བའི་ལས་ཀྱང་ཡོད། གང་ཟག་ཡང་ལས་འདི་ལྟ་བུ་འདུས་པས་ན་ངན་པའི་སར་ཡང་སྐྱེས་ལ་གཟུགས་ངན་པ་དང་ལུས་རྩུབ་པ་དང་མི་སྡུག་པར ་སྣང་བ་དང་། མཐོང་ན་ཡིད་དུ་མི་འོང་བའི་ལས་ཀྱང་ཡོད་དེ། མན་པ་ཡང་འདི་ལྟ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་བྱས་པའི་རྒྱུས་ཕྱི་རོལ་གྱི་ཡུལ་སའི་དོན་ངན་དུ་འགྱུར་བ་ཡང་ཡོད་དོ།། དེ་ལ་ཇི་ལྟར་ལས་ཀྱིས་ཚེ་ཐུང་བར་འགྱུར ་ཞེན། ཆོས་བཅུས་ན་རྡོ་ཐུང་བར་འགྱུར་ཏེ། བཅུ་གང་ཞེན་སྲོག་བཅོད་པ་སྲོག་གཅོད་དུ་བཅུག་པ། སྲོག་གཅོད་པ་ལ་སྟོང་པ་སྲེག་གཅོད་པ་ལ་སྨོན་པ། མངལ་གནས་མེད་པར་བྱེད་པ་མང་ལ་གནས་མེད་པར་བྱེད་དུ་བཅུག་པ། ་དགྲ་བོ་ལགས་བར་སེམས་པ། མོ་མཛའ་བ་ཤིན་དགའ་གརྟེན་བཅས་ཤིང་སེམས་ཅན་བསད་པ། ཐབ་མོ་ལ་ཞིང་དད་པ་དང་བཅུས། ཆོས་འདི་བནུས་ན་ཆེ་ཐུང་ཞིང་ནད་དམང་བར་འགྱུར་རོ།། ཇི་ལྟར་ལས་བཟང་པོ་རྒྱས ་བས་ཆེ་རིང་པོར་འགྱུངར་ཞེ་ན། ཆོས་རྣམ་པ་བཅུས་ན་ཚེ་རིང་པོར་འགྱུར་ཏེ། བཅུག་ཞེན་སྲོག་གཅོད་པ་སྤངས་པ། སྲོག་གཅོད་པ་སྤོང་བར་བྱེད་པ་སྲོག་གཅོད་པ་སྤངས་པ་ལ་བསྟོད་པ། སྲོག་བཅོད་པ་སྤངས་པ་ལ་སྨོན་པ ་ཡང་བར་ཆད་པའི་སེམས་ཅན་རྣམས་གཏོང་བ་བསད་པར་ཆད་པའི་མི་རྣམས་གཏོང་བ། འཇིགས་ཤིང་སྐྲག་པའི་སེམས་ཅན་རྣམས་སྐྱབས་བྱས་པ། མགོན་མད་པའི་སེམས་ཅན་རྣམས་ལ་སྙིང་རྗེབ་སེམས་པ། ན་པའི་སེམས། ་ཅན་རྣམས་ལ་བྱམས་པས་སྡུད་པ། བྲེལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ་གོས་དང་ཟས་སྐོམ་སྦྱིན་པ་དང་ཆོས་བཅུས་ན་ཚ་རིང་ཞིང་ནད་མེད་པར་འགྱུར་རོ།། ཇི་ལྟར་ལས་ཀྱིས་ན་མང་པོའི་ཟུར་ཞེ་ན། ཆོས་བཅུས་ནན། ་མང་པོར་འགྱུར་ཏེ། བཅུ་གང་ཞེ་ན་དབྱུག་པ་དང་ཐལ་མོ་ལ་སོགས་པས་བཙོགས་པ་དང་དབྱུག་པ་དང་། ཐལ་མོ་ལ་སོགས་པས་འཆོག་ཏུ་བཅུག་པ་དང་། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཇོག་པ་ལ་སྟོང་པ་དང་། འབྱུག ་པ་དང་ཐལ་མོ་ལ་སོགས་པས་འཆོག་པ་ལ་སྨོན་པ་ཕ་མ་རྣམས་ཀྱི་སེམས་ཉོན་མོངས་པ། མྱ་ངན་བ་སྲིད་པ་རྣམས་ཀྱི་སེམས་ཉོན་མོངས་པ་མི་མཛའ་བ་རྣམས་ནི་ན་དགའ་བ། མི་མཛའ་བ་རྣམས་ནད་མི་སོས་ན་དགའ་བ ་སྨན་ལོག་པ་བྱིན་པ་ཟས་མི་ཞུ་བ་ཟ་བ་དང་བཅུ་སྟེ། ཚེས་འདི་བཅུས་ན་ནད་མང་བར་འགྱུར་རོ།། ཇི་ལྟར་ལས་བཟང་པོ་བྱས་པས་ནད་ཉུང་ངུར་འོང་ཞེ་ན། ཆོས་བཅུས་ན་ནད་ཉུང་བར་འགྱུར་ཏེ་བཅུ་གང་ཞེ་ན། དབྱུག་པ་དང ་ཐལ་མོ་ལ་སོགས་པས་གཞན་མི་འཆོག་པ། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཆོག་ཏུ་མི་གཞུག་པ་དབྱུག་པ་དང་ཐལ་མོ་ལ་སོགས་པས་འཆོག་པ་ལ་མེ་བསྟོད་པ། དབྱུག་པ་དང་ཐལ་མོ་ལ་སོགས་པས ་འཚོག་པ་ལ་མི་སྨོན་པ། ཕ་མ་ལ་སོགས་པ་ན་བ་རྣམས་ལ་རིམ་གྲོ་བྱེད་པ་མྱ་ངན་བསྲིངས་པ་རྣམས་ན་བ་ལ་རིམ་གྲོ་བྱེད་པ། མི་མཛའ་བ་རྣམས་ན་ན་མི་དགའ་བ། མི་མཛའ་བ་རྣམས་ནད་སོས་ན་དགའ་བ། ནད་པ ་ལསྨན་བྱིན་པ་ཟས་ཞུ་ནས་ཟ་བ་དང་བཅུ་སྟེ། ཚེས་འདི་བཅུས་ནད་ཉུང་བར་འགྱུར་རོ།། ཇི་ལྟར་ལས་ཀྱིས་མི་སྡུག་པར་འགྱུར་ཞེ་ན། ཆོས་བཅུས་མི་སྡུག་པར་འགྱུར་ཏེ། བཅུ་གང་ཞེ་ན་ཁྲོ་བ་གནོད་བཅབས་པ་ཅུང་ཟད ་ལས་ཀྱང་ཁོན་དུ་འཛིན་པ། གཏུམ་པ་བམ་རྣམས་ལ་ངན་དུ་སྨྲ་བ་མྱ་ངན་བསྲིངས་པ་རྣམས་ལ་ངན་དུ་སྨྲ་ག། མྱ་ངན་བསྲིངས་པའི་སྨད་པ་ཀུན་ལ་ངན་དུ་བྱེད་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་འོད་གཅོད་པ། ་གང་ཟག་མི་སྡུག་པ་རྣམས་ལ་དང་ན་ཅན་བྱེད་པ་ཅི་ལ་ཡང་མི་གཙང་བར་བྱེད་པ་འདི་དང་ཆོས་བཅུའོ།། ཇི་ལྟར་ལས་ཀྱིས་བཟང་པོར་འགྱུར་ཞེ་ན། ཆོས་བཅུས་བཟང་པོར་འགྱུར་ཏེ། བཅུ་གང་ཞེ་ན་མི་ཁྲོ་བགོས་བྱིན་པ། ཡང་དག་པར ་གཤེགས་པའི་མཆོད་རྟེན་ལ་རྟག་ཏུ་ཕྱག་དར་བྱེད་པ། གཙུག་ལག་ཁང་ལ་ཕྱི་དོར་བྱེད་པ། ཕ་མ་ལ་སྙན་དུ་སྨྲ་བ་མྱ་ངན་བསྲིངས་པ་རྣམས་ལ་བསྙན་དུ་སྨྲ་བ། གང་ཟག་མི་སྡུག་པ་རྣམས་ལ་དང་ན་ཅན་མི་བྱེད་པ། ཅི་ལ་ཡང་གཅད ་བར་བྱེད་པ་སྟེ། ཆོས་འདི་དང་བཅུའོ།། ཇི་ལྟར་ན་ལས་ཀྱིས་དབང་ཆུང་ངུར་འགྱུར་ཞེ་ན། ཆོས་བཅུས་ན་དབང་ཆུང་ངུར་འགྱུར་ཏེ། བཅུ་གང་ཞེ་ན་གཞན་གྱིས་ཐོབ་པ་ལ་ཕྲག་དོག་དང་། གཞན་གྱིས་མ་ཐོབ་པ་ལ་དགའ་བ་དང་། གཞན ་གྱིས་ཐོབ་པ་ལ་མི་དགའ་བ་དང་། གཞན་སྐྱེད་པ་དང་གྲགས་པ་དང་། ཚིགས་སུ་བཅད་ཅིང་སྒྲ་བསྟོད་པ་མེད་པ་ལ་དགའ་བ་དང་གཞན་སྐྱིད་པ་དང་གྲགས་པ་དང་། ཚིགས་སུ་བཅད་ཅིང་སྒྲ་བསྟོད་པ་ལ་མི་དགའ་བ་པ་མ་དང་དག ་བའི་གཤེས་གཉེན་ལ་སྲི་ཞུ་མི་བྱེད་པ། མྱ་ངན་བསྲིངས་པ་རྣམས་ལ་རིམ་གྲོ་མི་བྱེད་པ། དབང་ཆུང་ངུ་ལ་མི་དགེ་བའི་རྩ་བ་བསྐྱེད་པ་དབང་ཆེན་པོ་ལ་དགེ་བའི་རྩ་བ་གཅོད་པ་གང་ཟག་ངན་པ་བྱེད་པ་རྣམས་ལ་བསྟོད་པ་འདི ་དང་བཅུའོ། ། ཇི་ལྟར་ལས་ཀྱིས་དབང་ཆེ་བར་འགྱུར་ཞེ་ན། ཆོས་བཅུས་ན་དབང་ཆེ་བར་འགྱུར་ཏེ་བཅུ་གང་ཞེ་ན། གཞན་གྱིས་ཐོབ་པ་ལ་ཕྲག་དོག་མི་བྱེད་པ། གཞན་གྱིས་ཐོབ་ན་དགའ་བ་གཞན་གྱིས་མ་ཐོབ་པ་ལ་མི་དགའ་བ། ་གཞན་སྐྱིད་པ་དང་གྲགས་པ་དང་ཚིགས་སུ་བཅད་ཅིང་སྒྲས་བསྟོད་པ་མེད་པ་ལ་མི་དགའ་བ། གྲགས་པ་དང་ཚིགས་སུ་བཅད་ཅིང་སྒྲས་བསྟོད་པ་ལ་དགའ་བ། བྱང་ཆུབ་ཀྱི་སེམས་སྐྱེ་བར་བྱེད་པ། ཡང་དག་པར་གཤེགས་པའི ་མཆོད་རྟེན་དང་གནས་བྱེད་པ། དེས་ཆུང་ངུལ་མི་དགེ་བའི་རྩ་བ་གཅོད་པར་བྱེད་པ། དབང་ཆེན་པོ་རྣམས་ལ་དགེ་བའི་རྩལ་བསྐྱེད་པ་དང་བཅུའོ།། ཇི་ལྟར་ལས་ཀྱིས་མ་རབས་སུ་སྦ་བར་འགྱུར་ཞེ་ན། ཆོས་བཅུས་ནམ་རབས་ས ་སྐྱེ་བར་འགྱུར་ཏེ། བཅུ་གང་ཞེ་ན་ཕ་མ་ལ་ཕ་མར་མི་འཛིན་པ། དགེ་སློང་དུ་མི་ཤེས་པ་བྲམ་ཟེར་མི་ཤེས་པ། རིགས་ཀྱི་ས་བཙུན་པ་ལ་མི་བཀུར་བ། མཁན་པོ་དང་བླ་མ་དང་། ཐར་པར་ཞུགས་པ་རྣམས་ལ་རིམ་གྲོ་དང་།། ་སྟི་སྟད་དུ་མི་བྱེད་པ་རྣམས་ཀྱང་འགྲོན་མི་གཉེར་བ། ཕ་མ་ལ་སྲིའུ་མི་བྱེད་པ། མཁན་པོ་དང་བླ་མ་དང་། ཐར་པར་ཞུགས་པ་རྣམས་ལ་ཁྱད་དུ་གསོད་ཅིང་སྲི་ཞུ་མི་བྱེད་པ། རིགས་ཆེན་པོ་ལས་སྐྱེས་པའི་གང་ཟག་རྣམས་སྤོང་ག་རིགས་ཆུང ་དུལས་སྐྱེས་པའི་གང་ཟག་རྣམས་ལ་བཀུར་བ་འདི་དང་བཅུའོ། ། ཇི་ལྟར་ལས་ཀྱིས་ཡ་རབས་སུ་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་ཡ་རབས་སུ་སྐྱེ་བར་འགྱུར་ཏེ། བཅུ་གང་ཞེ་ན། ཕ་མ་དྲན་པ་ཐར་པར་ཞུགས་པར་ཤེས་པ། བྲམ་ཟེར་ཤེས་པ ་རིགས་ཀྱིས་བཙུན་པ་ལ་བཀུར་བ། མཁན་པོ་དང་བླ་མ་དང་ཐར་པར་ཞུགས་པ་རྣམས་དང་། ཐར་པར་སྐྱེད་པ་གཞན་ལ་ཡང་སྟན་ལས་ལངས་ཏེ་སྤག་ཅིང་སྟི་སྟང་རི་མོ་དང་སྟན་ལ་སོགས་པ་སྟོབས་པ་དང་། བ་མ་ལ་སྲིའུ་བྱེད་པ་དང་། མལ ་བེ་དང་བླ་མ་ཐར་པར་ཞུགས་པ་རྣམས་ལ་གཞན་ལ་ཡང་སྲི་ཞུ་བྱེད་པ། ཡ་རབས་དང་མ་རབས་སུ་ཡང་ཁྱད་པར་མི་འབྱེད་ཅིང་སྙོམས་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་གྱི་སྲོག་ཤིང་འཛུགས་པ། མེ་ཏོག་གི་ཕྲེང་བ་དང ་གཏུགས་འཇུགས་པ་དང་བཅུའོ། ། ཇི་ལྟར་ལས་ཀྱིས་དབུལ་པོར་འགྱུར་ཞེ་ན། ཆོས་བཅུས་ན་དབུལ་པོར་འགྱུར་ཏེ་བཅུ་གང་ཞེ་ན། མ་བྱིན་པར་ལེན་པར་འཇུག་པ་མ་བྱིན་པར་ལེན་པ་ལ་བསྟོད་པ་མ་བྱིན་པར་ལེན་པ་ལ་སྨོན་པ། པ་མ་ལ ་འཚེ་བ་རྣམས་གཅོད་པ་མཁན་པོ་དང་བླ་མ་དང་། ཐར་པར་ཞུགས་པ་རྣམས་ཀྱི་གཙུག་ལག་ཁང་དང་གནས་ཁང་དང་མཆོད་ཅིང་སྤྱོད་པ་ཀུན་གཅོད་པ་གཞན་ཐོབ་ཏུ་མི་དགའ་བ་གཞན་གྱིས་མ་ཐོབ་ན་དགའ་བ། གཞན་གྱིས་ཐོབ་པ ་ས་བགེགས་བྱང་གསུག་ཟུང་དུ་སྟོན་པ་དང་བཅཝའོ། ། དེ་ལྟར་ལས་ཀྱིས་ཟུག་པོར་འཐུང་ཞེ་ན། ཆོས་བཅུས་ན་ཐུག་པོར་འགྱུར་ཏེ། བཛྲ་གང་ཞེན།། མཁྱེན་པར་ལེན་པ་སྤོང་བ་མ་ཐུན་པར་ལེན་པ་སྤོང་བར་འཇུག་པ། མ་བྱིན་པར་འན། ་སྤོང་བ་ལ་དགའ་བ་པ་མལ་འཚོ་བ་སྦྱིན་པ། མཁན་པོ་དང་བླ་མ་ལྷག་མ་དང་གཞན་རྣམས་ལ་གཙུག་ལག་ཁང་དང་། གནས་དང་རིམ་པར་སྤྱོད་པ་དང་ཆོས་གོས་དང་མལ་སྟན་དང་ན་བའི་གསོས་སྨན་དང་། གཡོག་པ་དང་འཚོ་བ་སྦྱིན་པ ་གཞན་གྱིས་ཐོབ་པ་ལ་དགའ་བར་སེམས་པ། གཞན་གྱིས་དོན་ཐོབ་པ་ལ་ནན་ཏན་དུ་བསྒྲུབས་པ། གཞན་གྱིས་མ་ཐོབ་པ་ལ་མི་དགའ་ག། ཕྱོགས་བཅུ་ཐམས་ཅད་དུ་ལོ་ལེགས་པ་སྨོན་པ། སྦྱིན་པ་ལ་སོགས་པ་གཏོང་བའི་གང་ཟག་རྣམ ་ལ་རབ་ཏུ་དགའ་བ་དང་བཅུའོ། ། ཇི་ལྟར་ལས་ཀྱིས་ངན་པར་འགྱུར་ཞེ་ན། ཆོས་བཅུས་ན་ངན་པར་འགྱུར་ཏེ། བཅུ་གང་ཞེ་ན་གང་ཟག་སུ་ཡང་རུང་སྟེ་འདྲི་མི་ཤེས་པ་ཡང་དག་པའི་ཆོས་མ་ཡིན་པ་ཀུན་འཕེལ་བར་བྱེད་པ། ཡང་དག་པས་ཆོས ་སྤོང་བ་ཡང་དག་པའི་ཆོས་འཆད་པ་ལ་སྟི་སྟང་དང་རི་མོར་མི་བྱེད་པ། མ་གཙིགས་པར་སྨྲ་བ་ལ་དགེ་བར་བསྟོད་པ་ངན་པའི་གང་ཟག་རྣམས་ལ་འཁོར་ཞིང་སྙེན་པ། ཡང་དག་པ་ལ་མཁས་པ་རྣམས་སྤོང་བ། ལོག་པར་ལྟ་བ་ལ་ཚད་མར ་འཛིན་ཅིང་བསྟོད་པ། ཡང་དག་པར་ལྟ་བ་ལ་སྤོང་བ་ཤེས་རབ་དང་ལྡན་པའི་གང་ཟག་རྣམས་ལ་སྤོང་བ་དང་བཅུའོ།། ཇི་ལྟར་ལས་ཀྱིས་ཤེས་རབ་ཆེན་པོར་འགྱུར་ཞེ་ན། ཆོས་བཅུས་ན་ཤེས་རབ་ཆེན་པོར་འགྱུར་ཏེ་བཅུ་གང་ཞེ་ན་གང་ཟག ་སུ་ཡང་རུང་སྟེ། རིམ་པར་འདྲི་ཤེས་པ་མི་མཁས་པའི་དགེ་སྦྱོང་དང་བྲམ་ཟེ་དང་། ངན་པའི་གང་ཟག་རྣམས་ལ་ས་འཁོར་མི་སྟེན་ཅིང་ངོ་སོ་སྟི་སྟང་མི་བྱེད་པ་མཁས་པའི་གླེང་ཟག་རྣམས་ལ་འཁོར་ཞིང་བསྙེན་ནས་རི་མོ་སྟི་སྟ་བྱེད་པ། ་ཡང་དག་པའི་ཆོམ་མ་ཡིན་བཀུན་གཏོང་པ་ཡང་དག་པའི་ཆོས་འཕེལ་བར་བྱེད་པ།། ཆོས་ཀྱི་སྣོད་གང་ཟག་རྣམས་མི་འཇིགས་པ་ལ་གོམས་པར་བྱེད་པ་ཡང་དག་པའི་ཆོག་སྙན་པར་སྨྲབ་ལ་དག་འོ་ཞེས་བསྟོད་པ། ངན་པར་སྒྲུབ་ལ ་གེའོ་ཞེས་མི་བསྟོད་པ་ལོག་པར་ལྟ་བ་ལ་མི་སྨོན་པ། ཡང་དག་པར་ལྟ་བ་ལ་བསྟོད་པ་དང་བཅུའོ།། ཇི་ལྟར་ལས་ཀྱིས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་ཞེན།། ཆོས་བཅུས་ན་སེམས་ཅན་དམྱལ་བར་འགྱུར་ཏེ། བཅུ་གང་ཞེ་ན་ལུས ་གྱིས་ངན་པ་ཟེར་སྤྱོད་པ་དག་གིས་ངན་པ་ཆེར་སྡོད་པ་ཡིད་ཀྱིས་ངན་པར་ཆེར་སྤྱོད་པ། ཆད་པར་ལྟ་བརྟག་པར་ལྟ་བ། བྱ་བའི་མི་རིགས་པར་ལྟ་བ་ཕན་པ་མེད་པར་བྱེད་པ། མྱ་ངན་བསྲིངས་པ་ལ་ངན་དུ་སྨྲ་བ་འདོད་པས་ལོག་པར ་སྤྱད་དུ་བཅུག་པ་དང་བཅུའོ། ། ཇི་ལྟར་ལས་ཀྱིས་བྱོལ་སོང་དུ་འགྱུར་ཞེ་ན། ཆོས་བཅུས་ན་བྱོལ་སོང་དུ་འགྱུར་ཏེ་བཅུ་གང་ཞེ་ན་ལུས་ཀྱིས་ངན་པ་འབྲིང་དུ་སྤྱོད་པ་དག་གིས་ངན་པ་འབྲིང་དུ་སྤྱོད་པ། ཡིད་ཀྱིས་ངན་པ་འབྲིང་དུ་སྤྱོད་པ་འདོད ་པས་སྣ་ཚོགས་ཀུན་གཡོས་པའི་ལས་བྱས་པ། ཁྲོ་བ་སྣ་ཚོགས་ཀུན་གཡོས་པའི་ལས་བྱས་པ། གླེན་པ་སྣ་ཚོགས་ཀུན་གཡོས་པའི་ལས་བྱས་པ། མི་རིགས་པ་བྱིན་པ་བྱོལ་སོང་དུ་འགྱུར་བ་རྣམས་ལ་ཁྲོ་བ། བྱང་ཆུབ་སེམས ་དཔའི་སྨོན་ལམ་གྱི་མཐུས་སེང་གེར་སྐྱེས་པ། བྲམ་ཟེ་ཆད་པར་བྱེད་པ་ཁ་ངན་པར་བྱས་པའི་ལན་གྱིས་སྤྲེའུར་སྐྱེས་པ་ལྟ་བུ་དང་བཅུའོ།། ཇི་ལྟར་ལས་ཀྱིས་རིང་དུ་འཁྱམས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་རིང་དུ ་འཁྱམས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། ལུས་ཀྱིས་ངན་པ་ཆུང་ངུ་སྤྱོད་པ། ངག་གིས་ངན་པ་ཆུང་ངུ་སྤྱོད་པ། ཡིད་ཀྱིས་ངན་པ་ཆུང་ངུ་སྤྱོད་པ། ངན་པ་ལས་དད་པ་ཤིན་དུ་དང་བ་ལོག་པས་འཚོ་བ་སེར་སྣ་ལ་དད་ཅིང་མི་གཏོང་བ། ་སྦྱིན་པ་ལ་གེགས་བྱེད་པ་འདོད་པ་ལ་ཆགས་པ་བཞིན་དུ་ཤིག། བྲུ་བ་ཚ་ཞིང་སྐོམ་བཞིན་དུ་ཤི་བ་དང་བཅུའོ།། ཇི་ལྟར་ལས་ཀྱིས་ཨ་སུ་རའི་འཇིག་རྟེན་པར་འགྱུར་ཞེ་ན། ཚེས་བཅུས་ན་ཨ་སུ་རའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། ་བཅུ་གང་ཞན་ཐམས་ཅད་ལའང་ལུས་ཀྱིས་ངན་པ་ཆུང་ཟད་སྐྱེད་པ། ཐམས་ཅད་ལའང་དག་གིས་ངན་པ་ཆུང་ཟད་སྤྱོད་པ། ཐམས་ཅད་ལའང་ཡིད་ཀྱིས་ངན་པ་ཆུང་ཟད་སྤྱོད་པ། དང་སེམས་པ། མི་མཚུངས་པ་འདི། བླ་ལས ་པར་མ་པས་སྐྲག་པ་གས་མ་མས་ཅ་ཤདཔརང་བགནས་མེད་པ་ང་། བས་ཐུག།། པལ་ལ་ཙུན་པ་ང་སྨྲ། ས་ས་མྱ་རྒྱ་བ་བྱུང་བ་། མས་རྒྱས་ད། ་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞེ་ན། ཆོས་བནུས་ན་མིའི་འཇིགས་རྟེན་དུ་སྐྱེ་བར་འགྱུར་ཏེ། བཅུ་གང་ཞེ་ན་དགེ་བ་བཅུའི་ལམ་མ་ཉམས་ཤིང་མ་གང་བས་མའི་འཇིག་རྟེན་དུ་སྐྱེ་པར་འགྱུར་རོ།། ཇི་ལྟར་ལས་ཀྱིས་འདོད་པ་དྲུག་ན་སྤྱོད་པར ་ལྟར་སྐྱེ་བར་འགྱུར་ཞེ་ན། ། ཆོས་བཅུས་ན་འདོད་བདུག་ན་སྤྱོད་པའི་ལྟར་སྐྱེ་བར་འགྱུར་། དགེ་བ་བཅུའི་ལམ་ལས་མཉམས་ཤིང་བརྩོན་འགྲུས་སུ་བརྣམས་པས་ན་འདོད་པ་དྲུག་ན་སྤྱོད་པའི་སྣང་སྐྱེ་བར་འགྱུར་རོ།། ཇི་ལྟ་མས་ཀྱིས་གཟུས ་ཡོད་པ་ན་སྤྱོད་པོ་གྱུར་སྐྱེ་བར་འཐུར་ན་ན། ། ཆོས་བཅུས་ན་གཟུགས་ཡོད་པ་ན་སྲིད་པའི་སྟེར་བྱ་བར་འགྱུར་ཏེ། བཅུ་གང་ཞེ་ན། དག་པ་བརྒྱའི་ལས་ཀྱི་ལམ་ལ་དང་ཅིང་ཕ་རོལ་དུ་ཕྱིན་པ་དྲུག་ཚད་མེད་པ་བཞི་ཀུན་རྫོགས་པ་ནི་གཟུགས་སོ། ་པན་སྤྱོད་པའི་སྟེང་སྐྱེ་བར་འགྱུར་རོ།། ཇི་ལྟར་ལས་ཀྱིས་གཟུགས་མེད་པ་ན་སྤྱད་པའི་སླར་ལྟ་བར་འགྱུར་ཞེ་ན། དག་པ་བཅུ་ཆོས་དང་མི་གཡོ་བ་འཛིན་པ་བཞིའི་ཆོས་སུད་ན་གཟུགས་མེད་པན་སྤྱོད་པའི་ལྟར་སྐྱེ་བར་འགྱུར་ཏེ། མིག ་བ་བཞི་ནི་གཟུགས་ཐམས་ཅད་ལས་འདས་ཏེ། རེག་པའི་མིང་ཐམས་ཅད་བརྗོད་དུ་མེད་པ་ནས་ཆོས་སྣ་ཚོགས་སྨྲ་བས་མ་ལས་འདས་པར་ནམ་མཁའ་མཐའ་ཡས་བསམས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟེངས་ཀྱི་མི་གཡོ ་མི་འཛིན་པ་དང་། ནམ་མཁའ་མཐའ་ཡས་པའི་སྐྱེ་མཆེད་ཐམས་ཅད་ཀུན་ལས་འདས་ནས་རྣམ་པར་ཤེས་པ་མཐའ་མས་པ་བསམས་ནས་རྣམ་པར་ཤེས་པ་མཐའ་ཡས་པའི་སྐྱེ་མཆེད་སྟེངས་ཀྱི་མི་གསོ་མི་འཛིན་པ་དང ་རྣམ་པར་ཤེས་པ་མཐའ་ཡས་པའི་སྐྱེ་མཆེད་ཐམས་ཅད་ལས་འདས་ནས་ཅུང་ཟད་ཀྱང་མེད་པ་བསམས་ཏེ། ཅུང་ཟད་མེད་པའི་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་མི་འཛིན་པ་དང་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་འདས་ཏེ་སེམས ་མེད་པསེམས་མང་བ་མ་ཡིན་པ་བསམས་ཏེ། སམས་མེད་པ་དང་སམས་མེད་པ་མ་ཡིན་པ་སྣངས་ཀྱི་མིགས་མ་འཛིན་པ་དང་། མ་བཞིན་གཟུགས་མེད་པན་སུང་ས་ང་འགྱུར་། ལྟར་ལས་ཀྱིས་བཞན་པོ་འགྱུར་བར་སྣང ་གང་ཞེ་ན། དགེ་བའི་རྣ་བ་ལས་བྱས་ལ་དེས་བདག་ཅིང་སྨོན་ལམ་བཏབ་པ་དང་། མཚམས་མེད་པའི་ཐིག་ལས་བྱས་པ་དེ་ལྟ་བུ་ནི་ལས་ཀྱིས་བཞིན་མི་འགྱུར་བར་སྐྱེ་བར་འོང་།། ཇི་ལྟར་ལས་ཀྱིས་འགྱུར་བར་སྐྱེ་ཞེ་ན། སུས་དགེ། ་བའི་ལས་བྱས་ནས་སྨོན་ལམ་བཏབ་པ་ནི་ལས་དེས་འགྱུར་ཞིང་སྐྱེ་བར་འོད་དོ།། ཇི་ལྟར་ལས་ཀྱིས་གང་ཡུལ་གཞན་དུ་སྨྲ་བར་འགྱུར་ཞེ་ན། སངས་རྒྱས་ཀྱང་རུང་ཆོས་ཀྱང་རུང་དགེ་འདུན་ཀྱང་རུང་ཚུལ་ཁྲིམས་ཐུབ་པའི་ག ་ཟག་ཀྱང་རུང་སྟེ། དེ་ལ་ཤིན་དུ་དད་པར་བསམས་ནས་བྱིན་པས་ཡུལ་གཞན་དུ་སྨོན་ལམ་བཏབ་པ་དང་། ལས་གང་བྱས་ཀྱང་རུང་སྟེ། བཟང་པོ་དང་ངན་པ་གར་འགྱུར་བ་ནི་འདི་ལྟ་སྟེ་དཔེར་ན་ཚོང་པ་བཞིན་ཏེ། ལས་དེ་ལྟ་བུས ་ཡུལ་གཞན་དུ་སོང་ནས་རྣམ་པར་སྨིན་པར་འགྱུར་རོ། ། ཇི་ལྟར་ལས་ཀྱིས་མ་བསམས་པར་བྱས་པ་གང་ཞེ་ན། ལས་བྱས་ནས་འགྱོད་པ་དང་། ཁྲེལ་གྱིས་དོགས་པ་དང་ཉེས་པར་སེམས་པ་དང་མི་རིགས་པ་དང་འཆགས་པ་དང་ཡལ ་བར་མི་གཏོང་བ་དང་། སླར་མི་འཇུགས་པ་དང་དཔྱི་ཆད་མི་བྱེད་པར་དམ་འཆའ་བ་དང་། འདི་ལྟ་བུའི་ལས་ནི་མ་བསམས་པར་བྱས་པའོ།། ཇི་ལྟར་ལྟས་བསམས་ལ་མ་བྱས་པ་གང་ཞེ་ན། ལུས་ཀྱིས་མ་བྱས་པ་དང་སེམས་རྒྱུས་ཤིང་ལས ་འདི་བྱའོ་ཞེས་ཁར་སྨྲས་ལ་མ་བྱས་པ་དེ་ལྟ་བུའི་ལས་ནི་བསམས་ཏེ་མ་བྱས་པའོ། ། ཇི་ལྟར་ལས་བསམས་ཏེ་མ་བྱས་པ་གང་ཞེ་ན། ལས་གང་བྱས་ཀྱང་རུང་སྟེ་མི་འགྱོད་པ་ཁྲེལ་གྱིས་མི་དོགས་པ་ཉེས་པར་མི་སེམས་པ་མི་འཆགས་པ། ་ཡལ་བར་གཏོང་བ་སླར་འཇུག་པ་ཕྱིན་ཆད་མ་བྱེད་པར་དམ་མི་འཆའ་བའོ།། ཇི་ལྟར་གང་ཟད་ལས་འདི་ལྟ་བུ་འདུས་པ་ན་སེམས་ཅན་དམྱལ་བར་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ནས་སྐྱེ ་བའི་ལམ་ཡིན་ཞེ་ན། གང་ཟག་སུ་ཡང་རུང་སྟེ། སེམས་ཅན་དམྱལ་བའི་ལས་བསམས་ཏེ་བྱས་ནས། ངེས་ཀྱང་མི་འགྱོད་པའི་ཁྲེལ་གྱིས་མི་དོགས་པ་དང་། ཉེས་པར་མི་སེམས་པ། མི་རིགས་པར་མི་སེམས་པ། མི་འཆགས ་པ། ཡལ་བར་གཏོང་བ་སླར་ངན་དུ་འཇུག་པ་ཕྱིན་ཆད་བྱེད་པར་དམ་འཆའ་བ་དེ་ལྟ་བུའི་ལས་ལ་དགའ་བ་དེ་ལྟ་བུ་སྨོན་པ། དེ་ལྟ་བུའི་ལས་འདུས་པའི་གང་ཟག་སེམས་ཅན་དམྱལ་བར་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ནས་སླ ་སྐྱེའོ། ། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་སེམས་ཅན་དམྱལ་བར་སྐྱེས་ཏེ་སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་ནས་སླར་སྐྱེས་པའི་ལས་གང་ཡིན་ཞེ་ན། གང་ཟག་སུ་ཡང་རུང་སེམས་ཅན་དམྱལ་བའི་ལས་བྱས་ནས་འགྱོད་པ་ཁྲེལ ་གྱིས་དོགས་པ་ཉེས་པར་སེམས་པ་མི་རིགས་པར་སེམས་པ་འཆགས་པ་ཡལ་བར་མི་གཏོང་བ། སླར་ངན་དུ་མི་འཇུག་པ། ཕྱིན་ཆད་མི་བྱེད་པར་དམ་འཆའ་བ་འདི་ལྟ་བུའི་ལས་འདུས་པའི་གང་ཟག་ནི་སེམས་ཅན་དམྱལ་བར་སྐྱེ་སྟེ། སེམས ་ཅན་དམྱལ་བའི་ཚེ་ཕྱེད་ཟད་ནས་སླར་སྐྱའོ། ། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་སླར་སྐྱེ་བའི་ལས་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ་སེམས་ཅན་དམྱལ་བའི་ལས་བསམས་ཏེ་བྱས ་ནས་ལས་དེ་བྱས་པ་དང་འགྱོད་པ་ཁྲེལ་གྱིས་དོགས་པ་ཉེས་པར་སེམས་པ་མི་རིགས་པས་སེམས་པ། འཆགས་པ་ཡལ་བར་མི་གཏོང་བ་སླར་ངན་དུ་མི་འཇུག་པ་ཕྱིན་ཆད་མི་བྱེད་པར་དམ་འཆའ་བ། དེ་ལྟ་བུའི་ལས་ལ་ཕྱིས་མི་དགའ ་ཞིང་མི་སྨོན་པ། སྤོང་ཞིང་གཏོང་བ། ཕྱིས་ཤིན་ཏུ་མི་དགའ་བའི་ཡིད་སྤྱོད་པ་འདི་ལྟ་བུའི་ལས་འདུས་པའི་གང་ཟག་ནི་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་སླར་སྐྱེས་ཏེ། དེ་ནི་རྒྱལ་པོ་མ་སྐྱེས་སྒྲ་གསན་ནོ།། ཇི་ལྟར་གང་ཟག ་ལས་འདི་ལྟ་བུ་འདུས་པས་ན་སྔར་བདེ་ལ་ཕྱིས་མི་བདེ་བའི་ལས་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ་སྦྱིན་པ་བྱིན་ཡང་ཡིད་རངས་བཞིན་ཏུ་མ་བྱིན། དགའ་ཞིང་བདེ་བ་ཡིད་དུ་མ་བྱས་བྱིན་ནས་ཕྱིས་འགྱོད་པར་སེམས་པ་གང་ཟག་དེ་ལྟ ་བུ་མིར་སྐྱེར་ཡང་ཕྱུག་པོའི་རིགས་སུ་སྐྱེ་སྟེ་ནོར་མང་པོ་དང་སྤྱོད་པ་མང་པོ་དང་མང་པོའི་ཇོ་བོར་འགྱུར་ཏེ། བློན་པོ་དང་གྲོགས་པོ་དང་། གཉེན་དང་རིགས་ཅིག་པ་མང་དུ་བདོག་པ་དང་། མཛད་དང་བང་བ་ཀུན་ཀྱང་གང་བ། ཤིན་ཏུ་བདེ་ཞིང་གཞོན ་བམང་པོ་དང་ལྡན་པ་དེ་ལྟ་བུ་ནི་སྐྱིད་པ་ཀུན་སྤྱོད་དེཔྱིས་དམས་པ་དང་། ཟད་པར་འགྱུར་ཏེ་མི་བདེ་བར་སོང་བ་ལས་འདི་ལྟ་བུ་འདུས་པའི་གང་ཟག་ནི་སྔར་བཙན་ཕྱུག་ཅིང་བདེ་ཡང་བྱིས་བཀྲེས་ཤིང་དམས་པས་མི་བདེ་བར་འགྱུར་རོ།། ཇི ་ལྟར་གང་ཟག་ལས་འདུས་པས་སྔར་མི་བདེ་བ་ལ་ཕྱིས་བདེ་བར་འགྱུར་བའི་ལས་ཀྱི་འབྲས་བུ་ནི་གང་ཡིན་ཞེ་ན། གང་ཟག་སུ་ཡང་རུང་སྟེ་སྦྱིན་པ་སྔར་མ་དང་བར་བྱེན་ནས་དང་ཅིང་རངས་པ་སེམས་ཡིད་ལ་སྐྱེས་པའི་གང་ཟག་དེ་ནི ་མིར་སྐྱེས་ན་ཡང་དབུལ་པོའི་རིགས་སུ་སྐྱེ་སྟེ། ཟས་དང་སྤྱོད་པ་ཉུང་བ། ཉོན་མོངས་ཤིང་ཟས་དང་གོས་མེད་པ་ལས་ཕྱིས་བཙན་ཕྱུག་ཅིང་སྐྱིད་པར་གྱུར་ཏེ། ཅི་ཡང་འཕེལ་ཏེ་མིས་ཀྱང་མི་བྲེལ་བར་འགྱུར་བ་འདི་ལྟ་བུའི་གང་ཟག་ནི ་སྔར་མི་བདེ་ལ་ཕྱིས་བདེ་བར་གྱུར་པའོ། ། ཇི་ལྟར་གང་ཟག་ལས་འདི་ལྟ་བུར་གྱུར་པས་སྔར་ཀྱང་བདེ་ལ་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་གང་ཡིན་ཞེ་ན། གང་ཟག་པུའང་རུང་སྟེ་སྦྱིན་པ་བྱིན་པ་ཡང་མང་པོ་དང་རངས་པར་བྱིན། ་བདག་ཀྱང་ཡིད་དགའ་སྟེ་བྱིན་པས་ཕྱིས་མི་འགྱོད་པའི་གང་ཟག་དེའི་འབྲས་བུ་ནི་མིར་སྐྱེས་ན་ཡང་ཕྱུག་པའི་རིགས་སུ་སྐྱེས་ཏེ། ནོར་མང་པོ་སྤྱོད་པ་དང་མང་པོའི་ཇོ་བོར་གྱུར་ནས་བློན་པོ་དང་གྲོགས་པོ་དང་གཉེན་དང་རིགས ་གཅིག་པ་མང་དུ་བདོག་པ་དང་། བང་མཛད་ཐམས་ཅད་ཀྱང་གང་བ་ཤིན་ཏུ་བདེ་ཞིང་གཞོན་པ་མང་པོ་དང་དེ་ལྟ་བུའི་རིགས་སུ་སྐྱེ་ཏེ། སྐྱིད་པ་དེ་ལྟ་བུ་ཕྱིར་མེ་ཞིང་འཕེལ་བར་འགྱུར་ཏེ། གང་ཟག་ལས་འདི་ལྟ་བུ་འདྲས་པས་སྔར ་ཡང་བདེ། ཕྱིས་ཀྱང་། བདེ་བར་འགྱུར་རོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུར་འདུས་པས་སྔར་མི་བདེ་ལ་ཕྱིས་ཀྱང་མི་བདེ་བར་འགྱུར་བའི་ལས་ཀྱིས་འབྲས་བུ་ནི་གང་ཞེ་ན། གང་ཟག་སུ་ཡང་རུང་སྟེ་དགེ་བའི་གྲོགས་པོ་སྤངས་པ ་ཡིན། ། སུས་ཀྱང་སྦྱིན་པ་ལ་མ་བཅུག་པ་ཡིན་བདག་ཉིད་ཀྱིས་ཀྱང་གཞན་ལ་སྦྱིན་པ་མ་བྱས་པ་ཡིན་པའི་གང་ཟག་དེ་ལྟ་བུ་ནི་མིར་སྐྱེས་ན་ཡང་དབུལ་པོ་བཀྲེས་པ་དང་། ཟས་སྐོམ་གྱིས་ཕོངས་པ་གོས་རྒྱབ་ཀྱིས་ཕོངས ་གི་བྲེལ་ཏེ། ཉོན་མོངས་བཞིན་དུ་འཚེ་བ་དང་། ཟས་སྐོམ་དང་གོས་རྒྱབ་ཀྱིས་མི་འཚེ་བ་དང་བྱིས་ཀྱང་དེ་ལས་སྐྱེད་ཅིང་སྤྱོད་པ་འཕེལ་བར་འགྱུར་བ་ཡང་མེད་དེ། གང་ཟག་ལས་དེ་ལྟ་བུ་འདྲས་པས་ནཱ་སྔར་ཡང་མི་བདེ་ཕྱིས་ཀྱང ་བར་མི་འགྱུར་རོ། ། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ཕྱུག་ལ་སེར་སྣ་ཅན་དུ་བྱེད་པར་འགྱུར་བའི་ལས་ཀྱི་འབྲས་བུ་གང་ཡིན་ཞེ་ན། གང་ཟག་སུ་ཡང་རུང་སྟེ་སྦྱིན་པའི་གནས་ལ་ཅི་ཡང་བུངས་མི་ཆེ་ཞིང་ཅུང་ངུ ་བྱིན་པ་ཡིན། གཏོང་བ་ལ་ནི་བསྲི་ཞིང་གོམས་པར་བྱས་པ་གང་ཟག་དེ་མིར་སྐྱེས་ན་ཡང་ཕྱུག་པོའི་རིགས་སུ་སྐྱེ་སྟེ། ནོར་དང་སྤྱོད་པ་མང་པོར་ཡོད་ཀྱང་སེར་སྣ་བྱེད་པར་འགྱུར་ཏེ། དེ་ལྟ་བུའི་ལས་འདུས་པའི་གང་ཟག་ནི་ཕྱུག ་ལ་སེར་སྣ་ཆེ་བ་ཡིན་ནོ། ། ཇི་ལྟར་བྱུག་ལ་གཏོད་ཕོད་པའི་ལས་ཀྱིས་འབྲས་བུ་ནི་གང་ཞེ་ན། གང་ཟག་སུ་ཡང་རུང་སྦྱིན་པའི་གནས་མ་ཡིན་པ་ལ་མང་དུ་བྱིན་ཡང་སྦྱིན་པ་ཕྱིར་ཞིང་གོམས་པར་བྱས་པ་ཡིན་པས་གང་ཟག་དེ ་མིར་སྐྱེས་ན་ཡང་དབུལ་པོའི་རིགས་སུ་སྐྱེ་སྟེ་ཟས་དང་སྤྱོད་པས་མི་འཚོ་ཞིང་། ཉོན་མོངས་ནས་སྡུག་ཅིང་གོ་སཟས་ཀྱིས་མི་འཚོ་ཡང་གཏོང་བ་ཡིན་ཏེ། ལས་དེ་ལྟ་བུ་འདུས་པའི་གང་ཟག་ནི་དབུལ་ལ། གཏོང ་ཕོད་པའོ། ། ཇི་ལྟར་གང་ཟག་ལས་འདི་ལྟ་བུས་འདུས་པས་དབུལ་ལ་སེར་སྣ་བྱེད་པའི་ལས་སུ་གྱུར་པ་ཡིན་ཞེ་ན། གང་ཟག་སུ་ཡང་རུང་། དགེ་བའི་གྲོགས་པོ་སྤངས་པ། སུས་ཀྱང་སྦྱིན་པ་ལ་མ་བཅུག་པ་ཡིན།། ་ཉིད་ཀྱིས་ཀྱང་སྦྱིན་པའི་མ་བྱིན་པ་ཡིན་སྡིག་པའི་ལས་ཀྱང་མ་བསམས་མ་བྱས་པ་ཡིན་ཏེ་གང་ཟག་སུ་ཡང་རུང་སྟེ། དེ་མིར་སྐྱེ་ན་ཡང་དབུལ་པོའི་རིགས་སུ་སྐྱེ་སྟེ། ཟས་དང་སྤྱོད་པ་ལ་སོགས་པས་མི་འཚོ་ཞེང ་ཉོན་མོངས་ནས་སྡུག་ཅིང་གོས་ཟས་ཀྱིས་བྲེལ་ནས་སེར་སྣ་བྱེད་པ་ཡིན་ཏེ། ལས་དེ་ལྟ་བུ་འདུས་པའི་གང་ཟག་ནི་དབུལ་པོ་ལ་སེར་སྣ་བྱེད་པའོ།། གང་ཟག་ཚེ་ཟད་ལ་ལས་མ་ཟད་པ་གང་ཞེ་ན། གང་ཟག་སུ་ཡང་རུང་སེམས་ཅན་དམྱལ ་བར་གི་ནས་ཡང་སེམས་ཅན་དམྱལ་བར་སྐྱེ་བ་བྱོལ་སོང་ལས་ཤི་ནས་ཡང་བྱོལ་སོང་དུ་སྐྱེ་བ། དིང་དུ་འཁྱམས་པ་ལས་ཤིན་ཡང་རིང་དུ་འཁྱམས་པར་སྐྱེ་བ། ཨ་སུ་ར་ལས་ཤི་ནས་ཡང་ཨ་སུ་རང་སྐྱེ་བ། མི་ལས་ཤི་ནས་ཡང ་མི་སྐྱེ་བ་དེ་ལྟ་བུའི་གང་ཟག་ནི་ཚེ་ཟད་ལ་ལས་མ་ཟད་པ་ཡིན་ནོ། ། གང་ཟག་ལས་ཟད་ལ་ཚེམ་ཟད་པ་གང་ཞེ་ན། གང་ཟག་སུ་ཡང་རུང་སྟེ་སྔོན་སྙིང་ལ་ཕྱིས་སྡུག་པར་གྱུར་པ། སྔ་ནས་སྡུག་ལ་ཕྱི་ནས་སྐྱིད་པར་གྱུར་པ ་དེ་ལྟ་བུའི་གང་ཟག་ནི་ལས་ཟང་ལ་ཚེམ་ཟད་པ་ཡིན་ནོ། ། གང་ཟག་ལས་དང་ཚེ་གཉིས་ཀཟང་བ་གང་ཞེ་ན། གང་ཟག་སུ་ཡང་རུང་སྟེ། སེམས་ཅན་དམྱལ་བ་ལས་ཤི་ནས་བྱོལ་སོང་དུ་སྐྱེས་པ། བྱོལ་སོང་ལས་ཤི་ནས་རིང་དུ ་འཁྱམས་པར་སྐྱེས་པ་རིང་དུ་འཁྱམས་པ་ལས་ཤི་ནས་ཨ་སུ་རར་སྐྱེས་པ། ཨ་སུ་ར་ལས་ཤི་ནས་མེར་སྐྱེས་པ། མི་ལས་ཤི་ནས་ལྷར་སྐྱེས་པ་དེ་ལྟ་བུའི་གང་ཟག་ནི་ལས་དང་ཚེ་གཉིས་ཀ་ཟད་པ་ཡིན་ནོ།། གང་ཟག་ལ ་གང་གིས་ན་ཚེ་ཡང་མཟང་ལས་ཀྱང་མཟང་ལ་མྱ་ངན་སྤངས་པ་གང་ཞེ་ན། རྫུན་ཏུ་ཞུགས་པ་དང་། ལན་ཅིག་བྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་གང་ཟག་དེ་རྣམས་ལས་དང་ཚེ་མ་ཟད་མོད་ཀྱི་མྱ་ངནས ་བའོ། ། གང་ཟག་ལུས་བདེ་ལ་སེམས་མི་བདེ་བ་གང་ཞེ་ན། མ་རབས་ཀྱིས་བསོད་ནམས་བྱས་ནས་འཁོར་ལོ་བསྐོར་བའི་རྒྱལ་པོར་གྱུར་པ་དེ་ལྟ་བུའི་གང་ཟག་ནི་ལུས་བདེ་ལ་སེམས་མི་བདེ་བའོ།། གང་ཟག་སེམས ་བདེ་ལ་ལུས་མི་བདེ་བ་གང་ཞེ་ན། བསོད་ནམས་མ་བྱས་པའི་དགྲ་བཅོམ་པ་སྟེ། ཁྲིམས་རྫོགས་པ་འགུག་པ་ལྟ་བུ་དགྲ་བཅོམ་པའི་གང་ཟག་ནི་སེམས་པདེ་ལ་ལུས་མི་བདེ་བ་ཞེས་བྱའོ།། གང་ཟག་ལུས་དང་སེམས་གཉིས་ཀ། ་བདེ་བ་གང་ཞེ་ན། བསོད་ནམས་བྱས་པའི་དགྲ་བཅོམ་པ་སྟེ། ཁྲིམས་རྫོགས་པ་རྡོ་སྟོབས་ལྟ་བུའི་གང་ཟག་ནི་ལུས་དང་སེམས་གཉིས་ཀ་བདེ་བའོ།། གང་ཟག་ལུས་དང་སེམས་གཉིས་ཀ་མི་བདེ་བ་གང་ཞེ་ན། མ་རབས་ཀྱིས ་བསོད་ནམས་མ་བྱས་པ་དེ་ལྟ་བུའི་གང་ཟག་ནི་ལུས་དང་སེམས་གཉི་ཀ་མི་བདེ་བའོ། ། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན་ངན་པའི་སར་སྐྱེས་ལ་གཟུགས་ལེགས་པ་དང་། བཟང་པོ་དང་། སྡུག་གུ་དང་། ཁ་དོག་མཛེས་པ་དང་། ་མདོག་སྣུམ་པ་དང་། མཐོང་ན་དགའ་བའི་ལས་གང་ཞེ་ན། ཆགས་པ་གཡོས་ཏེ་ཚུལ་ཁྲིམས་ཉམས་པ་དང་ལྡན་པའི་གང་ཟག་ནི་ངན་པའི་སར་སྐྱེས་ལ་གཟུགས་ལེགས་པ་དང་བཟང་པོ་དང་སྡུག་གུར་འགྱུར་རོ།། ཇི་ལྟར་གང་ཟག་ལས ་འདི་ལྟ་བུ་འདུས་པས་ན་ངན་པའི་སར་སྐྱེས་ལ་གཟུགས་ངན་པ་དང་ལུས་རྩུབ་པ་དང་། མི་སྡུག་པ་དང་མཐོང་ན་མི་སྡུག་པར་འགྱུར་བའི་ལས་གང་ཞེ་ན་ཁྲོ་བ་སྐྱེས་ཤིང་ཁྲིམས་མི་ཐུབ་པ་དང་ལྡན་པའི་གང་ཟག་འདི་ལྟ་བུ་འདུས་པས་ན ་ངན་པའི་སར་སྐྱེས་ལ་གཟུགས་ངན་པ་དང་། ལུས་བརྩུབ་པ་དང་། མི་སྡུག་པར་སྣང་བ་དང་མཐོང་ན་ཡིད་དུ་མི་འོང་བར་འགྱུར་རོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན་ངན་པའི་སར་སྐྱེས་ལ་དྲི་མི་ཞིམ་པ་དང་། དབང་པོ་མ ་ཚང་བ་དང་དབང་པོ་མི་མཐུན་པར་འགྱུར་བའི་ལས་གང་ཡིན་ཞེ་ན། གླེན་པར་སྐྱེས་ཤིང་ཁྲིམས་མི་ཐུབ་པ་དང་ལྡན་པ་གང་ཟག་ལས་འདི་ལྟ་བུ་འདྲས་པ་སན་ངན་པའི་སར་སྐྱེས་ལ་དྲི་མི་ཞིམ་པ་དང་། དབང་པོ་མཚང་བ་དང་དབང ་པོ་མི་མཐུན་པར་འགྱུར་རོ། ། ཇི་ལྟར་མི་དགེ་བ་བཅུའི་ལས་བྱས་པའི་རྒྱུས་ཕྱི་རོལ་གྱི་ཡུལ་ས་རྣམས་ངན་དུ་འོང་བར་འགྱུར་བ་ཡིན་ཞེ་ན། སྲོག་བཅོད་ན་དེའི་ལས་ཀྱིས་སའི་མདོག་ཉམས་པར་འོང་།། མབྱིན་པར་བླངས་པ ་དེའི་ལས་ཀྱིས་སེར་བ་དང་བྱེ་བ་དང་བྱི་བ་དང་། སྲིན་མང་དུ་འོང་བར་འགྱུར་རོ།། མི་ཚངས་པར་སྤྱོད་པ་བྱས་པས་དེའི་ལས་ཀྱིས་ཁུག་རྣ་དང་། རླུང་དང་རྡུལ་དང་རྡུལ་ཆེན་པོ་འོང་བའི་སར་སྐྱེའོ།། བརྫུན་མང་དུ་བྱས་པའི་ལས་ཀྱི ་འབྲས་བུ་ནི་ཁར་མནམ་པར་འགྱུར་བ། དབུགས་མི་ཞིམ་པར་འོང་ངོ་།། ཕྲ་མ་མང་དུ་བྱས་པའི་ལས་ཀྱི་འབྲས་བུ་ནི་ཡུལ་མཐོན་སྨན་ཅན་དང་ལྗང་ལོད་ཅན་དང་མི་གཙང་བ་དང་ནང་རྒོད་དང་རྡོ་བ་གྲམ་ཁྲོད་ཅན་གྱི་ཡུལ་དུ་སྐྱེའོ།། ཁ་ཁྱལ་པ ་བྱས་པའི་ལས་ཀྱི་འབྲས་བུ་ནི་གྲོག་པོ་མང་བརྩི་ཤིང་དང་ཡལ་ག་དང་མདབ་མཚེར་མ་ཅན་དང་ནགས་ཚང་ཚིང་ཅན་གྱི་ཡུལ་དུ་སྐྱའོ། ། བརྐམ་པར་བྱས་པའི་འབྲས་བུ་ནི་འབྲུ་འབྲས་ཅི་ཡང་ཕྲ་མར་འོང་ངོ་།། ཁྲོ་བ་བྱས་པའི་ལས་ཀྱིས་ས་བོན་འབྲས ་བུ་ཚ་བ་དང་། སྐུར་བ་དང་ཁ་བར་འོང་ངོ་།། ལོག་པར་ལྟས་པ་དང་བྱེད་དུ་བཅུག་པའི་ལས་ཀྱི་རྒྱུས་ནི་ས་བོན་དང་འབྲས་བུ་ཆུང་ཞིང་ངན་པར་འོང་ངོ་།། འདི་ལྟར་མི་དགེ་བ་བཅུའི་ལས་བྱས་པས་ཕྱི་རོལ་གྱི་ཡུལ་ས་རྣམས་ངན་པར་འགྱུར་ཞིང ་མི་བདེ་བའི་གནས་སུ་སྐྱེ་བར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མན་པ་ངན་པ་རྣམ་པ་བཅུར་འགྱུར་བ་ཡང་གོ་ཞིང་ཤེས་པར་བྱོས་ཤིག། བཅུ་གང་ཞེ་ན་དགྲ་མང་དུ་འགྱུར་བ་ཡིད་དུ་མི་འོང་བར་སྣང་བ་ཚེ་ཐུང་བ། ་སྡིག་པའི་ལས་ལ་སེམས་པ། སེམས་ཅན་རྣམས་འཇིགས་པར་འགྱུར་བ། མི་དགའ་བཞིན་ཉལ་ལ་མི་དགའ་བཞིན་སད་པ། རྨི་ལམ་ན་སྡིག་པའི་ཐོད་པ་ཕྱིས་འགྱོད་པ། ཚེ་ཐུང་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས ་ལུས་དང་། བྲལ་ན་ལས་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། མ་བྱིན་པར་བླངས་ན་ལས་ཀྱི་རྣམ་པར་སྨིན་པ་བཅུར་འགྱུར་ཏེ། བཅུ་གང་ཞེ་ན་དགྲར་འགྱུར་བ་ཡིན། དོགས་པར་འགྱུར་བ་ཡིན། མི་རིགས ་པར་འགྲོ་བ་ཡིན། མཚན་མེ་འཁྱམ་པ་ཡིན། སྡིག་པའི་གྲོགས་པོ་ཀུན་གྱི་ནད་ཀྱིས་ཟིན་པ་ཡིན། དགེ་བའི་གྲོགས་པོ་ཀུན་སྤངས་པ་ཡིན། ཁྲིམས་མི་ཐུབ་པ་ཡིན། རྒྱལ་པོས་གྱོད་བཏབ་པ་ཡིན་ཆད་པས་བཅད་པ་ཡིན། ་མི་སྐྱིད་པར་བྱེད་པར་འགྱུར་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ནས་ལ་མ་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། མི་ཚངས་པར་སྤྱོད་པས་ན་ངན་པ་བཅུར་འགྱུར་བ་ཤེས་པར་བྱོས་ཤིག། བཅུ ་གང་ཞེ་ན་གཞན་གྱི་ལྷོ་ཤུག་དང་ཉལ་བ་ཡིན། གླགས་ཚོལ་བ་ཡིན། ཁྱོ་ཤུག་དང་འཐབ་པ་ཡིན། ཁྱོ་ཤུག་འཕྲོག་པ་ཡིན། མི་དགེ་བའི་ཆོས་ཀུན་སྐྱེ་བ་ཡིན། དགེ་བའི་ཆོས་བྱེད་ཞིང་འབྲི་བར་འགྱུར་བ་ཡིན།། བདག ་ཀྱང་བདེན་པར་མི་སྲུང་བ་ཡིན། བུ་སྨད་ལ་སོགས་པ་ཡང་བདེན་པར་མ་བསྲུངས་པ་ཡིན། དོགས་པར་འགྱུར་བ་ཡིན། གཉེན་དང་གྲོགས་པོ་དང་། རིགས་གཅིག་པ་དགྲར་འགྱུར་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས ་ལུས་དང་བྲལ་ན་ལམ་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ། ། བརྫུན་བྱས་ན་ངན་པ་བཅུར་འགྱུར་ཏེ་བཅུ་གང་ཞེ་ན་དེའི་ལུས་ལ་ལྷ་རྣམས་མི་འཁོར་བ་མི་མ་ཡིན་པ་རྣམས་འཁོར་བ་གཞན་གྱིས་སླུ་བ། བདག་གི། ་ཚིག་མ་བརྟན་པ། ཁ་མ་ནམ་པ་དྲང་པོར་སྨྲས་ཀྱང་སུ་ཡང་ཡིད་མི་ཆེསོ་བ་བརྫུན་པོ་ཆེ་དེ་ལ་དྲི་བའི་མི་རིགས་ཤེས་ཟེར་བ། དེ་ལ་ཚིགས་སུ་བཅད་ཅིང་བསྟོད་པ་མེད་པར་གྲགས་པར་འགྱུར་བ། སུ་ཡང་མི་ཉན་པའི་ཚིག་དུ ་འགྱུར་བ། ཀུན་ཏུ་ངན་དུ་རྗོད་པའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ན་ལམ་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། ཆང་འཐུངས་ན་ངན་བསག་མེད་པ་སུམ་བཅུ་རྩ་ལྔར་འགྱུར་བ་ཤེས་པར ་བྱོས་ཤིག། སུམ་ཅུ་རྩ་ལྔ་གང་ཞེ་ན། མངོན་པར་སྣང་བཞིན་དུ་ནོར་ཟད་པ། ནད་མང་བ་འདུ་བ། འཐབ་མོ་དང་རྩོད་པ་རྣམས་སྐྱེ་བ། ཁྲེལ་ཞིང་ངོ་ཚས་མི་འཛེམ་པ། མི་སྙན་པར་གྲགས་པར་བྱེད་པ། ཤེས་རབ་ཉམས ་པར་བྱེད་པ། སྐྱེད་པ་སྔོན་ཆད་མ་གསགས་པ། དེ་ཡང་མི་སོགས་པ། སྐྱིད་པའི་བསགས་པ་ཀུན་ཟད་ཅིང་མེད་པར་བྱས་པ། གསང་བ་རྣམས་སྨྲ་བ། ལས་སུ་བྱ་བ་རྣམས་ཤོར་བ། ཞེན་ཏེ་ཉམ་ཆུད་པར་གྱུར་པ། མྱ་ངན་གྱི ་རྩ་བ་མར་མི་འཛིན་པ། ཐར་པར་ཞུགས་པར་མི་ཤེས་པ། བྲམ་ཟེར་མི་ཤེས་པ། རིགས་བཙུན་པ་ལ་སྟི་སྟང་རིམ་གྲོ་མི་བྱེད་པ། སངས་རྒྱས་ལ་རིམ་གྲོ་མི་བྱེད་པ། ཆོས་ལ་རིམ་གྲོ་མི་བྱེད་པ། དགེ་འདུན་ལ་རིམ་གྲོ་མི་བྱེད་པ། ་སྡིག་པའི་གྲོགས་པོ་ལ་རིམ་གྲོ་བྱེད་པ། དགེ་བའི་གྲོགས་པོ་ཀུན་སྤོང་ཞིང་ཁྱད་དུ་བསོད་པ། ངོ་ཚ་མི་ཤེས་པ། ཁྲེལ་གྱིས་དོགས་པ་མེད་པ། སྦ་ཞིང་མཛེས་པའི་བག་མི་བྱེད་པ། གཡེམ་པ་ལ་བག་མེད་པ། འགྲོ་བ་མང་པོའི་ཡིད་ང་མི ་འོང་བ་འགྲོ་བ་མང་པོས་སྨད་པ། རིགས་ཆེན་པོ་དང་གཉེན་པ་དང་རིགས་གཅིག་པ་སྤངས་པ། ཡང་དག་པའི་ཆོས་མ་ཡིན་པ་ཀུན་འཛིན་པ་ཡང་དག་པའི་ཆོས་ཀུན་སྤོང་བ། ཉེས་པར་བྱེད་ཀྱིས་སྟོང་པའི་མི་རིགས་ཤེས་བླ་མས་སྨད ་པ་མྱ་ངན་ལས་འདས་པ་དང་རིང་དུ་བྲལ་བ། སྨྱོན་པར་གྱུར་པའི་ལས་སེམས་ཤིང་ངན་པའི་སྐྱོན་སྣ་ཚོགས་སུ་བྱེད་པ་ཡིན་ཏེ། ཤི་ནས་སེམས་ཅན་དམྱལ་བར་ལྟུང་ཞིང་ལུས་དང་བྲལ་ན་ཡང་ལམ་ངན་པར་འགྲོ་བས་བླ་འོག་ཀུན་གྱིས་ཀྱང་མི ་བཏུད་ཞིང་སྤང་བར་བྱའོ། ། མན་པ་བདེ་བར་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་ནས་གུས་པར་ཕྱག་བྱས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེན་ཆེན་པོའི་རིགས་སུ་སྐྱེ་བ། གཟུགས་ཆེ་བ་འཁོར་མང་པོ་ཕ་མ་ལ་རིམ ་གྲོ་སྟེ་སྟང་ཆེ་བ་ནོར་མ་བ། མང་དུ་ཐོས་པ་དད་པ་དང་ལྡན་པ་མང་དུ་དྲན་པ་ཤེས་རབ་ཆེན་པོ་མཐོ་རིས་ཀྱི་ལམ་ཆེན་པོ་ཐོབ་པར་འོང་ངོ་།། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་ན་ལེགས་པ་བཅུ་ཐོབ་པར་འགྱུར། ་ཏེ།། བཅུག་ཤེ་ན་གཟུགས་པཟང་པོར་འགྱུར། སྐད་སྙན་པར་འགྱུར། དགེ་ཀུན་གྱིས་སྙན་པར་འགྱུར། འཁོར་ཀུན་གྱིས་བསྟོད་པར་འགྱུར། སྐྱེད་པ་དང་ལྡན་པར་འགྱུར། ལྷ་དང་མའི་ནང་ན་ཡང་དབང་ཆེ་བར་འགྱུར།། སྤྱོད ་མེད་པོར་འགྱུར། ། མཐོ་རིས་སུ་སྐྱེ་བར་འགྱུར། མྱ་ངན་ལས་འདས་པ་མྱུར་དུ་ཐོབ་པར་འགྱུར་རོ།། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གདུགས ་དང་འདྲ་བར་འགྱུར། འཇིག་རྟེན་ལ་མི་གནོད་པར་འགྱུར། སྨོན་པའི་གནས་སུ་འགྱུར། འཇིག་རྟེན་གྱི་དབང་པོར་འགྱུར་བའི་ལས་སེམས་ཤིང་བྱེད་པར་འགྱུར། ཕྱི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པར་འགྱུར། དབང ་xxx། xxx ་ཟུགས་པ་ང་གྱུར་བཡིན་དབྱ་སྟན་པ་། ཡང་ཡིན་བྱ།། སྱཱད་སྨྲ་སོ།། ཕནཀྱིསས་དཔ་འདུ་བནཏག་ནག་ཤེ་ས་པ་སེ། ཀྱང་པ་རྣན་ཅན ་པ་ས་མ་ན་བྱ་ལས་འདས་པར་འགྱུ་། དག་པ་ག་ན་པ་འཕྲུལ་ལེགས་པ་བབ་པ་གྱུང།། ག་མ་པ་ན་ས ་xxx། xxx ་ཡང་དག་པར་གཤེགས་པའི་མཆོད་རྟེན་ལམཎྜག་བྲལ་ན་ལེགས་པ་བཅུ་ཟབ་པར་འགྱུར་ཏེ། བཅུ་ག་ཞན་འཇིག་ཏན་གྱི་ནང་ན་མ་ཏོག་དང་འདྲ་བར་འབྱུར། གསུང་གི་དབང་པོགཅང་མར་འགྱུར་ལུས་ཝཾ་གནས་པ་དྲི་ཞིམ་པར་འགྱུར། ! ་གཙང་མར་འགྱུར་ཕྱོགས་བཅུར་ཁྲིམས་ཐུབ་པའི་གཟུངས་རྒྱས་པར་འགྲོ། ཀུན་ཀྱང་དེ་ལས་འདུ་བར་འགྱུར། འཇིག་རྟེན་གྱི་ནང་ན་རྙེད་པར་འགྱུར་དད་པའི་ཆོས་རྣམས་དུ་འགྲུབ་པར་འགྱུར་མཐོ་རིས་སུ་སྐྱེ་བར་འགྱུར་མྱུར་དུ་མྱ་ངན་ལས ་འདས་པར་འགྱུར་རོ། ། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕྲེང་བ་ཕུལ་ན་དེའི་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན་འཇིག་རྟེན་གྱི་ནང་ན་མེ་ཏོག་གི་ཕྲེང་བ་དང་འདྲ་བར་ལུས་ལ་མནམ་པའི་དྲི་ཞིམ་པར་འགྱུར། ལུས། ་གཙང་བར་འགྱུར་རྟག་ཏུ་དྲི་ཞིམ་པར་འགྱུར་རྒྱན་དང་ལྡན་པར་འགྱུར། འཁོར་རྣམས་སྟོང་ཞིང་ཉེ་བར་འགྱུར་ལོ་མོ་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར། སྤྱོད་པ་མང་དུ་འགྱུར་མཐོ་རིས་སུ་སྐྱེ་བར་འགྱུར་མྱུར་དུ་མྱ་ངན་ལས་འདས་བཐོབ ་བར་འགྱུར་རོ། ། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་མང་མེ་ཕུལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཤེན་འཇིག་རྟེན་གྱི་ནང་ན་མང་མེ་དང་འདྲ་བར་འགྱུར་ཤའི་མིག་གཙང་བང་འགྱུར། འཕྲུལ་གྱི་མེ་གཐོབ་པར་འགྱུར ་མི་ཤེས་པའི་མུན་པ་ནག་པོ་མེད་པར་འགྱུར། ཤེས་རབ་ཀྱི་འོད་ཐོབ་པར་འགྱུར། དགེ་བ་དང་མི་དགེ་བའི་དོན་རྣམས་བྱེ་བྲག་ཕྱེད་པར་འགྱུར། འཁོར་བ་ན་འཁོར་ཡང་མུམ་པ་དང་མྱོས་པར་མི་འགྱུར་སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར ་འགྱུར་མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། ། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན་འཇིག་རྟེན་གྱི་ནང་ན་སྤོས་དང་འདྲ་བར་འགྱུར་སྣའི་དབང་པོ་རྣོ་བར་འགྱུར ་ལུས་དྲི་ཞིབ་པ་གཙང་མར་འགྱུར། རྟག་ཏུ་དྲི་ཞིམ་པར་འགྱུར་གཟུགས་བཟང་པོར་འགྱུར། སེམས་ཅན་དགའ་ཞིང་འདྲ་བར་འགྱུར་འཇིག་རྟེན་གྱི་ནང་ན་རྙེད་པར་འགྱུར་དད་པའི་ཆོས་རྣམས་མང་དུ་འགྲུབ་པར་འགྱུར། མཐོ་རིས་སུ ་སྐྱེ་བར་འགྱུར་མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། ། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་རྔ་ཕུལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གཟུགས་བཟང་པོར་འགྱུར་སྐད་སྙན་པར་འགྱུར་སྨྲས་པ་ཡིད ་དུ་འོང་བར་འགྱུར། སྐྱེད་པ་དང་ལྡན་པར་འགྱུར་རྟག་ཏུ་དགའ་བར་འགྱུར། ཚིག་ཀུན་གྱིས་ཉན་པར་འགྱུར་ཕྱི་ཕྱིར་སྒྲ་སྐད་སྙན་པ་ཐོབ་པར་འགྱུར་སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར་མྱུར་དུ་མྱ་ངན་ལས་འདས་པར ་འགྱུར་རོ། ། ཡང་དག་པར་གཤེགས་པའི་མཆོད་རྟེན་བརྩིགས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན་རིགས་ཆེན་པོར་འགྱུར་གཟུགས་དང་མིག་བཟང་ཞིང་སྡུག་པར་འགྱུར།། དབང་ཆེ་ཞིང་འཁོར་མེད་ལ་འཁོར་རྙིང་།། ་ཉེ་བར་འགྱུར་སྤྱོད་པ་མང་པོར་འགྱུར། ཀུན་འདུམ་པའི་གནསུ་འགྱུར་ཚིགསུ་བཅད་པ་དང་། བསྟོད་ཅིང་བསྐྱེད་པས་ཕྱོགས་བཅུར་ཆེར་གྲགས་ཤིང་ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར། ཕྱི་ཕྱིར་ནོར་མང་ཞིང་འཁོར་ལོས་སྒྱུར ་བའི་རྒྱལ་པོར་འགྱུར་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་ལུས་སུ་འགྱུར། མུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། སྟན་གྱི་སྦྱིན་པ་གཏོང་བ་བྱས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན་འཇིག་རྟེན་གྱི་ནང་ན་བླ ་མར་འགྱུར་བཟང་པོར་སྣང་བར་འགྱུར་འགྲོ་བ་མང་པོ་སྐྱིད་པའི་སྒྲ་གྲགས་པར་འགྱུར། སྤྱོད་པ་མང་པོར་འགྱུར་མཐོ་རིས་སུ་སྐྱེ་བར་འགྱུར་མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། ལྷམ་གྱི་སྦྱིན་པ་བྱས་པས་ལེགས་པ་བཅུ་ཐོབ་པར་འགྱུར ་ཏེ་བཅུ་གང་ཞེ་ན་བཞོན་པ་ཀུན་གྱིས་མི་བྲེལ་བར་འགྱུར་རྐང་པ་ལེགས་པར་འགྱུར་ལམ་དུ་ཞུགས་ན་མཐུ་དང་ལྡན་པར་འགྱུར། ལུས་མི་ཞེན་པར་འགྱུར་ལམ་དུ་ཞུགས་ན་རྡོ་ཤིང་གིས་མི་སྣང་བར་འགྱུར། རྫུ་འཕྲུལ་གྱི་རྐང་པ་ཐོབ་པར་འགྱུར ་གཡོག་ཟད་དང་ལྡན་པར་འགྱུར། མཐོ་རིས་སུ་སྐྱེ་ཞིང་མྱུར་དུ་མྱ་ངན་ལས་འདས་པར་འགྱུརརོ།། སྣོད་ཀྱི་སྦྱིན་གཏོང་བྱས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན་སྣོད་སྤྱད་དང་ལྡན་པར་འགྱུར། འཇིག་རྟེན་ག་ཡོན་ཏན་དུ་འགྱུར ་སྐོམ་དང་ཆུད་པར་འགྱུར། སྐོམ་ན་ཡང་བཏུང་བ་དང་ལྡན་པར་འགྱུར་སེམས་མཉེན་པར་འགྱུར་རིང་དུ་འཁྱམས་པར་མི་སྐྱེ་བར་འགྱུར། ལྷ་དང་མི་ཀུན་དགའ་བར་འགྱུར་སྤྱོད་པ་མང་པོར་འགྱུར་མཐོ་རིས་སུ་སྐྱེ་བར་འགྱུར་མྱུར་དུ་མྱ་ངན་ལས ་འདས་པར་འགྱུརོ། ། ཟས་ཀྱི་སྦྱིན་པ་གཏོང་བ་བྱས་ན་ལགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེན་ཚེ་རིང་བར་འགྱུར་དབང་དང་ལྡན་པར་འགྱུར། སྟོབས་དང་ལྡན་པར་འགྱུར་དྲན་པ་དང་ལྡན་པར་འགྱུར་སྨྲ་བ་དང་ལྡན་པར་འགྱུར། འཁོར་འདུ་ཞི ་མགུ་བར་བྱེད་པར་འགྱུར་ལྷ་དང་མི་ཀུན་མགུ་བར་འགྱུར་ལོངས་སྤྱོད་མང་པོར་འགྱུར་བདེ་བར་འགྱུར། ། མཐོ་རིས་སུ་སྐྱེ་བར་འགྱུར་མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། གནས་ཀྱི་སྦྱིན་གཏོང་བྱས་ན་ལེགས་པ་བཅུ་ཐོབ་པར་འགྱུར། ་བཅུག་ཤིན་རྒྱ་ལ་ཕྲན་དུ་འགྱུར་འབ་ས་རྒྱལ་བར་འགྲུག་གཞན་ཀྱལ་མི་ཚུགས་པའི་རྒྱལ་པོར་འགྱུང་གཱ་གཅིག་གི་རྒྱལ་བར་འགྱུར། གླང་གཉིས་ཀྱི་རྒྱལ་པར་འགྱུར་ལྡེ་གསུས་ཀྱི་རྒྱལ་པར་འགྱུར། ཀླང་ན་རྒྱལ་བ་འགྱུ ་སང་པར་འགྱུར་མཐོ་རིས་སུ་སྐྱེ་བར་འགྱུར་མྱུར་དུ་མྱ་ངན་ལས་འདས་པར་འགྱུར། ར་བར་ཞུགས་ན་ལགས་པ་བཅུ་ཐོབ་པར་འགྱུར།། བཅུ་ག་ནན་པ་དང་ཆུང་མདངག་ཏན་དང་འདུ་འཇམ་མཆགས་པ་དང་། མ་ལྡ་མ་པ་ཡ་ད ་ལེན་པ་མེད་པ་ཡིན། ། ཤིང་ཁྲོད་ན་གནས་པ་ལ་མི་དགའ་བ་ཡིན། རིན་པ་ཆེ་གསུམ་ལ་མོ་བྱེད་པ་ཡིན་མི་ཤེས་པའི་གནས་དང་བྲལ་བ་ཡིན། ངན་པར་འགྲོ་བའི་ཆོས་དང་བྲལ་བ་ཡིན་དགེ་པའི་ཆོས་ཀུན་ཚོལ་བ་ཡིན། ལྷ་དང་མི་ལ་དབེན་པ་ཡིན ་རྟག་ཏུ་ཡང་དག་པར་གཤེགས་པའི་འཕགས་པ་བཞིན་དུ་ཐར་བར་ཞུགས་ཤིང་ཆོས་བྱེད་པ་ཡིན། མྱུར་དུ་མི་བདེ་བ་ལས་ཐར་ཏེ་མྱ་ངན་ལས་འདས་པ་ཡང་ཐོབ་པར་འགྱུར་རོ།། སྐོམ་གྱི་སྦྱིན་པ་བྱས་ན་ལེགས་པ་བཅུ་ཐོབ་སྟེ། བཅུག་པཞན་དཔང ་པོ་ཐམས་ཅད་ཚང་བར་འགྱུར་དཔྲལ་བའི་དབྱེས་ལེགས་པར་འགྱུར་སྨྲས་པ་ཀུན་མགུ་བར་འགྱུ་རོ། ། སེམས་མཉན་པར་འགྱུར་སྐོམ་དང་ཆུད་པར་འགྱུར་སྐོམ་ན་ཡང་བཏུང་བ་དང་ལྡན་པར་འགྱུར། རིང་དུ་འཁྱམས་པར་མི་སྐྱེ་ལོངས་སྤྱོད ་མང་བར་འགྱུར་མཐོ་རིས་སུ་སྐྱེ་བར་འགྱུར་མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། ། གཞོན་པ་སྦྱིན་གཏོར་བྱས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན་རྐང་པའི་རྔམ་པ་ཡིན་རྐང་པའི་དབྱིབས་ལེགས་པར་འགྱུར། རྐང་གིས ་འགྲོ་ན་ལུས་ལ་གནོད་པར་མི་འགྱུར་མི་མཛའ་བ་མེད་པར་འགྱུར། རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པར་འགྱུར། གཞོན་པས་མི་བྲེལ་བར་འགྱུར་སྤྱོད་པ་མང་བར་འགྱུར་བདེ་བར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར་མྱུར་དུ་མྱ་ངན་ལས་འདས ་པར་འགྱུ་རོ། ། དུར་ཁྲོད་དབེན་པར་གནས་པ་ལ་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན་མང་པོ་འདུས་པ་རྣམས་སྤངས་པ། ཤིན་དུ་དབེན་པར་སྤྱོད་པ་བསམ་གཏན་ལ་དམིགས་པའི་སེམས་སུ་འགྱུར་བ། ཆུང་ངུ་བྱེད་པ ་སངས་རྒྱས་ལ་སྙན་པ། ལུས་དགེ་ཞིང་བདེ་བར་སྤྱོད་པ། བར་མདོར་མི་འཁྱམ་པ་ཆོས་ཇི་ལྟ་བུར་ཐོས་པའི་དོན་རྒྱས་པར་ཤེས་པ། མི་ཤེས་གཡོ་འཛིན་རབ་ཏུ་ཐོབ་པ་ཤེས་རབ་ཤིན་ཏུ་ཐོབ་པའོ།། སློང་བ་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། ་6། སས་པར་འབྱ་ས་བར་པ་ས་ས་པར་འརྣ་བདག་དང་ན་པར་ཤཱང་། ན་ཡ་ས་ག་ང་ཆུག་རྒྱ་ཡ་ན ་བྱུང་བ་རྣམས་ལ་སྡང་བར་བྱེད་པར་འགྱུར། ། ར་བར་ཞུགས་པའི་ཚུལ་ལས་མི་འགལ་བར་བྱེད་པར་འགྱུར། སྤད་པའི་སེམས་སུ་འགྱུར་། དགེ་བའིཚུ་ཤི་ས་ད་པའི་སེམས་སློངས་མ་ལ་ཞུས་པས་ཕྱོགས་གངད་དུ་འང་མུན་པར ་མི་འགྱུར་བ་ཡིན་ནོ། ། ཐུབ་ཅིང་མི་འཇིགས་པས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན་མི་འཇིགས་བཞིན་དུ་གྲོང་དུ་འཇུག་པ།། ། མི་འཇིགས་བཞིན་དུ་གྲོང་ན་འབྱུང་བ། མི་འཇིགས་བཞིན་དུ་རིགས་འཇུག་པ་མི་འཇིགས ་བཞིན་དུ་འཁོར་ལོ་ཆོས་འཆད་པ། མི་འཇིགས་བཞིན་དུ་དགེ་འདུན་གྱི་ནང་དུ་འཇུག་པ་མི་འཇིག་བཞིན་དུ་མཁན་པོ་དང་སློབ་དཔོན་གྱི་ནང་དུ་འཇུག་པ་བྱམས་པའི་སྟོབས་རྣམས་ལ་སྤྱོད་པ། མི་འཇིགས་བཞིན་དུ་ཆོས་གོས་དང་ཟས་དང་མལ་སྟན་དང་། ་སྨན་དང་། གཡོག་ལ་སོགས་པ་རྣམས་སྤྱོད་པ་མི་འཇིགས་པར་ཁ་ཏོན་དང་ཀློག་པ་དུས་ཟད་པའི་ཚེ་ཡང་མི་འཇིགས་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་དང་། ཏོའུ་ཏེ་ཡའི་བུ་ཤུ་ཀོ་མན་བསྟན་ལ་ས་ལངས་ཏེ་ཕྱོགས་གཅིག་དུ་འདུག་ཏེ། ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་སྐྱབ་སུ་མཆིའོ།། དེང་ཕན་ཆད་བདག་གི་ནམ་དུ་ཡང་དགེ་བའི ་བཤེས་གཉེན་མཛད་པར་དགོངས་སུ་གསོལ་ཞེས་གསོལ་ཏེ། ། ལས་ཀྱི་རྣམ་པར་འགྱུར་བ་རྫོགས་སྷོ། དགེའོ།། ལེགས་སྷོ།། མངྒ་ལཾ། ཤུགྷྲཾ། བྷཽ0f89ུ0f4ནྟུ། ་