CLOSE WINDOW

Q1005: las rnam par 'byed pa
Wyliee-texts produced with BDRC’s OCR application

ནག་ཆེན་པོའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྐུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ། རྒྱ་གར་སྐད་དུ། ཀརྨ་བི་བྷ་ད་ག། བོད་སྐད་དུ། ལས་རྣམ་པར་འབྱེད ་པ། བམ་པོ་དང་པོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པ་དུས་གཅིག་ན།། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད ་ཟས་སྦྱིན་གྱི་ཀུན་དགའ་བ་ན་བཞུགས་ཏེ། ། དེར་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་ཤུ་ཀ་ལ་བཀའ་སྩལ་པ། བྲམ་ཟེའི་བུ་ཁྱོད་ལ་ལས་རྣམ་པར་འབྱེད་པ་བསྟན་གྱིས།། དེ་ལེགས་པར་ཤིན་དུ་ཉོན་ལ་ཡིད ་ལ་ཟུང་ཤིག་དང་ངས་བཤད་ཀྱིས། བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་ནས་བྲམ་ཟེའི་ཁྱེའུ་ཤུ་ཀ། བཅོམ་ལྡན་འདས་ལ་ཕྱིར་ཉན་པ་དང་བཅོམ་ལྡན་འདས་ཀྱི་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྲམ་ཟེའི་བུ ་དེས་ནི་སེམས་ཅན་རྣམས་བདག་གི་ལས་སུ་གྱུར་པ་ལས་ཀྱི་རྒྱུ་ལས་སྐྱེས་པ་ལས་ཀྱི་སྐལ་པ་ལ་སྤྱོད་པ། ལས་ལ་རྟེན་པར་གསུངས་ཏེ། བྲམ་ཟེའི་བུ་ལས་ནི་འདི་ལྟ་སྟེ།། སེམས་ཅན་རྣམས་རབ་དང་འབྲིང་དང་ཐ་མར་རྣམ ་པར་འབྱེད་དོ། ། དེ་ནི་འདི་ལྟར་ཚེ་ཐུང་བར་འགྱུར་བའི་ལས་ཡོད་དེ། དེ་ལ་ཚེ་ཐུང་བར་འགྱུར་བའི་ལས་གང་ཞེ་ན། དེ་ནི་སྲོག་གཅོད་པ་དང་སྲོག་གཅོད་པ་ལ་རྗེས་སུ་དགའ་བ་དང་སྲོག་གཅོད་པའི་ལེགས་པ་བརྗོད་པ་དང་མི ་མ་ཛའ་བ་ཚེ་འཕོ་བར་སྐུལ་བ་དང་མི་འཛའ་བ་ཚེ་འཕོས་ན་ལེགས་པར་བརྗོད་པ་དང་མངལ་ནས་ཚེ་འཕོ་བར་བྱེད་པ་དང་མངལ་ནས་ཚེ་འཕོ་བའི་ལེགས་པ་རྗོད་པ་དང་མ་ཧེ་དང་བ་ལང་དང་ཕག་དང་བྱ་ལ་སོགས་པ་གསད ་པར་འགྱུར་བའི་རྟེན་འཆའ་ཞིང་། མཆོད་སྦྱིན་དེ་བཙུགས་པས་བུ་ཚ་དང་སྐྱེ་བོ་གཞན་ལ་ཕན་པར་འདོད་པ་རྣམས་དང་འཇིགས་པས་ཉེན་པ་རྣམས་ཀྱི་ལུགས་སུ་གྱུར་ཅིང་སེམས་ཅན་གསོད་པར་འགྱུར་བ་སྟེ། ་དཔེར་ན་གྲོང་ཁྱེར་ཀས་མརྱ་ན་དགེ་སློང་དགྲ་བཅོམ་པ་གཅིག་ཅིག་ཁྱིམ་ཞིག་གི་སྒོ་ན་འདུག་འདུག་ན། ཁྱིམ་དེའི་ཐད་ཀལམ་པོ་ཆེ་ནས་ཕྱུགས་ཤིག་སྒྲ་འབྱིན་ཅིང་ཁྲིད་པ་དགེ་སློང་དེས་མཐོང་ནས་ཀྱི་ཧུད་ཨེ ་མ་ག་ལ་སྲིད་ཅེས་བྱས་པ་དང་མི་དག་གིས་དགེ་སློང་དེ་ལ། སློབ་དཔོན་ཅི་ཞིག་དེ་སྐད་དུ་ཀྱི་ཧུད་ཨེ་མ་ག་ལ་སྲིད་ཅེས་བྱ་བའི་སྒྲ་རྗོད་ཅེས་དྲིས་ན། དེས་སྨྲས་པ། དེ་ནི་མ་དད་པ་རྣམས་ལ་སྨྲ་བར་ཡང ་མི་བྱ་བ་ཞིག་སྟེ་དགོས་ཀྱིས་སྨྲའོ་ཞེས་ནས། དེས་སྨྲས་པ། ཕྱུགས་པ་པི་ལྟར་སྒྲ་འབྱིན་ཅིང་ཁྲིད་པ་ཕ་པིས་སྔོན་ཆོད་པ་ཕྱུག་པོ་ཞིག་ཏུ་རེད་པའི་ཚེ། རྟེན་བཙུགས་ཏེ་ལོ་དུས་ཀྱི་མཆོད་སྦྱིན་བྱས་ནས།། དེས་དེར ་ཕྱུགས་མང་པོ་དག་ཀྱང་བསད་ཚེ་འཕོས་ཀར་ཡང་བུ་ལ་བོས་ཏེ་སྨྲས་པ། ། བུ་ཁྱོད་ང་ལ་བྱམས་ཤེས་ན། ཕྱུགས་ཀྱི་མཆོད་སྦྱིན་ལོ་དུས་སུ་བྱ་བ་འདིར་ཚེ་འཕོས་ནས་ཀྱང་རྟག་པར་གྱིས་ཤིག་ཅེས་བསྒོན། ་རྫས་ཀྱང་དེ་ལྟར་བརྒྱར་ནས་ཏེ་དེ་བཞིན་དུ་མཉན་ཏོ།། དེ་ནས་མ་མོའཕོས་པ་དང་གཏ་ཟག་ལས་བྱུང་བའི་བྲོག་གཅོད་པ་དང་དྲན་པས་བདུག་ག་ཁྱིམ་ན་ཐུགས་སུ་བྱས་ནས་དེ་དང་ཡང་དང་ཡང་རྒྱས་ཤ ་བསད་བསད་པ་ལས་ལན་འདི་དང་བུག་སྐད་ལང་ཁྲིད་པ་ཡིན་ཞེས་ནས། དགེ་སློང་དེས་ཐུགས་དེ་ལ་སྙིང་བརྩེ་བས་འདི་སྐད་ཅེས་སྨྲས་སོ།། རྟེན་ཀྱང་ཁྱོད་བདག་གིས་བཙུགས། མཆོད་སྦྱིན་ཡང་ཁྱོད་བདག་གྲི་བྱས། བྷཀྐ ་མང་པོ་ཡང་ཁྱོད་བདག་གིས་བསད་ན། དེ་དེ་སྐད་དུ་དོན་མེད་པ་པོ་པས་ཅིལ་ཕན་ཞེས་རྗོད་པ་ལྟ་བུ་སྟེ། དེ་ལྟ་བུའི་རྟེན་བཙུགས་པ་དང་དམག་ལྟ་བུ་མི་དང་རྟ་ལ་སོགས་པ་སེམས་ཅན་མང་པོ་དེདདོག་པ་ལ་ལྟ་བ་དང་ཐབ་མོའི། ་ཆ་བྱད་ལ་དགའ་བ་ལྟ་བུ་སྟེ། ནག་པོ་ཡོད་པའི་མདོ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཀུན་དགའ་བོ་སྲོག་གཅོད་མ་ལ་བསྟེན་ཅིང་གོམས་པར་བྱས་པ་དང་མང་དུ་བྱས་པ་ནི་སེམས་ཅན་དམྱལ་བར་སྐྱེ་བའི་རྒྱུར ་འགྱུར་རོ། ། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བའི་རྒྱུར་འགྱུར་རོ།། ཡི་དགས་སུ་སྐྱེ་བའི་རྒྱུར་འགྱུར་རོ་ཞེས་གསུངས་ཏེ། སྲོག་གཅོད་པ་ནི་ཉུང་ཞིང་ཆུང་ཡང་རྣམ་པར་སྨིན་པ་ཚེ་ཐུང་བར་འགྱུར་རོ།། དེ་ལ་ཚེ་རིང་བར་འགྱུར་བའི ་ལས་ཡོད་དེ་དེ་གང་ཞེ་ན། ། དེ་ནི་སྲོག་གཅོད་པ་སྤངས་པ་དང་སྲོག་གཅོད་པ་སྤངས་པའི་ལེགས་པ་རྗོད་པ་དང་དེ་ལ་སྐུལ་བ་དང་དེའི་ལེགས་པ་རྗོད་པ་དང་བསད་པར་བྱ་བའི་མི་དང་བ་ལང་དང་ཟག་དང་བྱ་ལ་སོགས་པ་སྲོག ་འབྱིན་པ་དང་སེམས་ཅན་འཇིགས་པས་རྟེན་པ་རྣམས་ལ་མི་འཇིགས་པ་སྦྱིན་པ་དང་། སེམས་ཅན་མགོན་མེད་པ་རྣམས་ལ་སྙིང་རྗེའི་སེམས་བསྐྱེད་པ་དང་། ནད་པ་དང་བྱིས་པ་དང་རྒན་པ་རྣམས་ལ་བྱམས་པའི་སེམས ་བསྐྱེད་པ་དང་། དེ་དག་ལ་ཟས་ཀྱི་སྦྱིན་པ་བྱེད་པ་དང་སློང་བ་ལ་བྱམས་པའི་སེམས་བསྐྱེད་པ་དང་དམག་ལ་སོགས་པ་སྔར་སྨོན་པ་ཐམས་ཅད་ལས་བཟློག་སྟེ།། དགེ་བའི་ཕྱོགས་བྱས་པ་དང་དེ་བཞིན་མཆོད་རྟེན་དང་གཙུག ་ལག་ཁང་ཞིག་པདག་བཅོས་ལེགས་བྱས་པ་སྟེ། མདོ་དོ་ཉིད་ལས། ཤིག་ཅིང་རལ་པ་སུས་བཅས་པ།། དེ་ལ་ཡེ་འགྲོག་བདུད་མིའི་བྱུང་། ཞེས་གསུངས་པ་ལྟ་བུ་སྟེ།། ལས་ད་ལྟ་བུ་ནི་ཆ་རིང་བར་འགྱུར་བའོ།། དེ་ལ་ནད་མེད་པ ་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན་དེ་ནི་ཁྲོ་བ་དང་ཁུ་ཚུར་དང་ཐལ་མོས་རྡེག་པ་དང་ཁུ་ཚུར་དང་ཐལ་མོས་རྡེག་པ་ལ་རྗེས་སུ་དགའ་བ་དང་ཁུ་ཚར་དང་ཐལ་མོས་རྡེག་པའི་ཡོན་ཏན་པ་རྗོད་པ་དང་། དེ་ལ་གྲུལ་བ་དང་ཕ་མའི་སེམས ་དང་ལུས་མ་བདེ་བར་བྱས་པ་དང་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་དག་གི་སེམས་མི་བདེ་བར་བྱས་པ་དང་། མི་མཛའ་བ་ནད་ཀྱིས་བཏབ་པ་ལ་དགའ་བར་སེམས་པ་དང་མི་མཛའ་བ་ནད་སོས་ན་མི་དགའ་བར་སེམས་པ་དང ་ནད་པ་ལ་སྨན་མ་ཡིན་པ་བྱིན་པ་དང་ཟས་མ་ཞུ་བར་བསྟབས་པ་དེ་ལས་དེ་ལྟ་བུ་ནི་ནད་མེད་པར་འགྱུར་རོ། ། དེ་ལ་ནད་ཉུང་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་ཐལ་མོ་དང་ཁུ་ཚུར་གྱིས་མི་རྡེག་པ་དང་ཐལ་མོ་དང ་ཁུ་ཚུར་གྱིས་རྡེག་པ་སྤོང་བར་སྐུལ་བ་དང་དེའི་ཡོན་ཏན་རྗོད་པ་དང་དེ་ལ་རྗེས་སུ་དགའ་བ་དང་ཕ་མ་ན་བའི་རིམ་གྲོ་བྱེད་པ་དང་ཁྱིམ་པ་དང་རབ་ཏུ་བྱུང་བ་དང་རྒན་ནམ་གཞོན་ཡང་རུང་སྟེ། ནད་རིམ་གྲོ་བྱེད་པ་དང་མི་མཛའ ་བ་ན་ཡང་མི་དགའ་བར་སེམས་པ་དང་དེའི་ནད་སོས་ན་དགའ་བར་སེམས་པ་དང་སྨན་གྱི་སྦྱིན་པ་བྱེད་པ་དང་ཁ་ཟས་ཞུ་ནས་སྟོབས་པ་སྟེ། ལས་དེ་ལྟ་བུ་ནི་ནད་ཉུང་བར་འགྱུར་རོ།། དེ་ལ་ཁ་དོག་མི་སྡུག་པར་འགྱུར་བའི་ལས ་ཡོད་དེ། དགང་ཞེ་ན། དེ་ནི་ཁྲོ་བ་དང་འཁོན་དུ་འདེན་པ་དང་འཆབ་པ་དང་འཚོག་པ་དང་ཕ་མ་ལ་ངན་དུ་རྗོད་པ་དང་ཁྱིམ་པ་དང་རབ་ཏུ་བྱུང་བ་རྒན་གཞོན་ལ་ངན་དུ་བརྗོད་པ་དང་། མཆོད་ཏན་དང་གཙུག་ལག་ཁང་དང་མཆོད ་རྟེན་གྱི་ས་གཞི་མི་སྡུག་པར་བྱས་པ་དང་མཆོད་རྟེན་དང་སྐུ་གཟུགས་ཀྱི་མར་མེ་བསད་པ་དང་། ། སེམས་ཅན་ཁ་དོག་མི་སྡུག་པ་རྣམས་ལ་ཕྱེས་འདོགས་པ་དང་གཙང་སྦྲ་ཆུ་དང་བ་སྟེ། ལས་དེ་ལྟ་བུ་ནི་ཁ་དོག་མི་སྡུག་པར ་འགྱུར་བའོ། ། དེ་ལ་མཛེས་པར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན།། དེ་ནི་མི་ཁྲོ་བ་དང་འཁོན་དུ་མི་འཛིན་པ་དང་མི་འཆབ་པ་དང་མི་འཚིག་པ་དང་གོས་ཀྱི་སྦྱིན་པ་བྱེད་པ་དང་མཆོད་རྟེན་དང་གཙུག་ལག་ཁང་དག ་རྡོ་ཐལ་གྱིས་སྐྱད་ནུལ་བྱེད་པ་དང་སྣོད་སྤྱད་སྡུག་གུའི་སྦྱིན་པ་བྱེད་པ་དང་། སྤོས་དང་བྱུག་པ་དང་གོས་དང་རྒྱན་གྱི་སྦྱིན་པ་བྱེད་པ་དང་། ཕ་མའི་ལེགས་པ་བརྗོད་པ་དང་འཕགས་པ་དང་ཚུལ་ཁྲིམས་དང་ལྡན་པ་དག་གི་ལེགས་པ ་རྗོད་པ་དང་མཆོད་རྟེན་གྱི་གཞི་དང་གཙུག་ལག་ཁང་དང་ཁྱིམ་གྱི་ཕྱག་དང་རྟག་ཏུ་བྱེད་པ་དང་སེམས་ཅན་མི་སྡུག་པ་རྣམས་ལ་ཕྱས་མི་བྱེད་པ་དང་། དེ་བཞིན་དུ་རྒན་པ་འམ་གཞོན་པ་གཞན་དག་ལ་བྱས་མི་བྱེད་པ་དང་། ་གཙང་སྦྲ་ཆེ་བ་སྟེ་ལས་དེ་ལྟ་བུ་ནི་མཛེས་པར་འགྱུར་བའོ།། དེ་ལ་མཐུ་ཆུང་བར་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན། དེ་ནི་སེར་སྣ་བྱེད་པ་དང་ཕྲ་དོག་ཆེ་བ་དང་གཞན་གྱིས་ཐོབ་ན་མི་དགའ་བ་དང་གཞན་ལ་མི་སྙན་པར་རྗོད ་ན་ཨ་དགའ་བ་དད་པ་མ་ལ་བརྙས་པ་དང་འཕགས་པ་དང་ཚུལ་ཁྲིམས་དང་ལྡན་པ་ལ་བརྙས་པ་དང་ནད་པ་དང་རྒན་པ་དང་གཞོན་པ་ལ་བརྙས་པ་དང་ཆོས་ངན་པ་དང་མི་དགེ་བའི་རྩ་བའི་ལེགས་པ་རྗོད་པ་དང་བྱང་ཆུབ ་ཀྱི་སེམས་ལས་ཟློག་པ་སྟེ། ལས་དེ་ལ་བུ་ནི་མཐུ་ཆུང་བར་འགྱུར་བའོ།། དེ་ལ་མཐུ་ཆེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་ཕྲག་དོག་མེད་པ་དང་སེར་སྣ་མེད་པ་དང་གཞན་གྱིས་ཐོས་ན་དགའ་བ་དང་གཞན་གྱིས་མ ་ཐོས་ན་མི་དགའ་བ་དང་གཞན་གྱིས་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་སྙན་པ་ཐོས་ན་དགའ་བ་དང་གཞན་གྱི་ལེགས་པ་རྗོད་པ་ལ་དགའ་བ་དང་། བཅོམ་ལྡན་འདས་ཀྱི་མཆོད་རྟེན་དང་གཙུག་ལག་ཁང་ཅིག ་དང་ཆོས་ཉན་པ་དང་མི་དགེ་བའི་རྩ་བ་ལས་ཟློག་ལ་དང་མཐུཆེ་པ་འགྱུར་བའི་དགེ་བའི་རྩ་བ་ལ་སྩལ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་དགེ་བའི་རྩ་བ་ཐམས་ཅད་ཀྱིས་མཐུ་ཆེན་པོར་སེམས་བསྐྱེད་པ་འོ། པསདས་བུན་མཐུན་པར་འགྱུར་བ། ་། ས་རགས་དཔའ་བར་འགྱུར་བམམས་ཡད་དེ་དགང་ན།། ནན་པཎ་པ་དང་རྒྱལ་བྱེད་པ་དང་པར་མ་འཛིན་པ་དང་མང་པོ་འཛིན་པ་དང་དག་སྲུང་དུམ་འཛིན་པ་དང་ཐབས་། ་འཛིན་པ་དང་དགས་ཀྱི་ག་ཅ་པ་ལ་རིམ་པ་མི་བྱེད་པ་དང་ཕམལ་མ་ཐས་བྱེད་པ་དང་ཕགས་པ་དང་ཚུལ་ཁྲིམས་དང་ལྡན་པ་རྣམས་ས་དས་པོམ་བྱེད་པ་དང་གས་བྱུང་བ་གནན་དང་ལྡན་པ་དང་ཐ ་ལ་རིམ་གྲོ་མ་བྱེད་པ་དང་སེམས་ཅན་རིགས་དམའ་བ་རྣམས་ལ་བརྙས་པ་སྟེ། ལས་དེ་ལ་བུ་ནི་རིགས་དམའ་བར་འགྱུར་བའོ།། དལ་རིགས་མཐོ་བར་འགྱུར་བའི་ལས་ཡོད་དེ་དགང་ཞེ་ན། དེ་ནི་པོ་ཆུང་བ་དང་རྒྱལ་མེད ་ད་ཨང་པར་འཛིན་པ་དང་མར་འཛིན་པ་དང་དགེ་སྦྱོང་དུ་འཛིན་པ་དང་བྲམ་ཟེར་འཛིན་པ་དང་རིགས་ཀྱི་གཙོ་བོ་རྣམས་ལ་རིམ་གྲོ་བྱེད་པ་དང་ཕ་མ་ལ་རིམ་གྲོ་བྱེད་པ་དང་འཕགས་པ་དང་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ ་རིམ་གྲོ་བྱེད་པ་དང་མཁན་པོ་དང་སློབ་དཔོན་ལ་རིམ་གྲོ་བྱད་པ་དང་བླ་མར་གྱུར་པ་གཞན་དག་ལ་རིམ་གྲོ་བྱེད་པ་དང་སེམས་ཅན་རིགས་དམའ་བ་རྣམས་ལ་མི་བརྙས་པ་སྟེ། དཔེར་ན་བཅོམ་ལྡན་འདས་ཀྱིས་མདོ་ལས ་གསུངས་པ། ། དགེ་སློང་དག་གྲོང་གང་དུ་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་བཞིན་ཚངས་པར་སྤྱོད་པ།། དགེ་བའི་ཆོས་ཅན་རྣམས་འོང་བའི་གྲོང་དེར་ལེགས་པ་ལྔ་འབྱུང་བར་རིག་པར་བྱ་སྟེ་ལྔ་གང་ཞེ་ན། དེ་ནི་ཚུལ ་ཁྲིམས་དང་ལྡན་པ་འོངས་པ་རྣམས་ལ་སེམས་དང་བར་འགྱུར་རོ། ། དགེ་སློང་དག་གཞན་ཡང་དེའི་ཚེ། རིགས་དེ་མཐོ་རིས་སུ་སྐྱེ་བའི་ལམ་དུ་ཞུགས་པ་ཡིན་ནོ།། དགེ་སློང་དག་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ་དག ་འོངས་ན་གུས་པར་སྨྲ་བ་དང་བསུ་བའི་ལས་བྱེད་དེ། དེའི་ཚེ་རིགས་དེ་དག་རིགས་མཐོ་བར་འགྱུར་བའི་ལམ་དུ་ཞུགས་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་རིགས་མཐོ་བར་འགྱུར་བའོ།། དེ་ལ་ལོངས་སྤྱོད ་ཆུང་པར་འགྱུར་བའི་ལས་ཡོད་དེ་དགང་ཞེ་ན། ། དེ་ནི་མ་བྱིན་པར་ལེན་པ་དང་མ་བྱིན་པར་ལེན་པར་སྐུལ་བ་དང་མ་བྱིན་པར་ལེན་པའི་ལེགས་པ་བརྗོད་པ་དང་དེ་ལ་རྗེས་སུ་དགའ་བ་དང་མ་བྱིན་པར་བླངས་པས་དགའ་བ ་ད་ཨང་ཕ་མའི་འཚེ་བ་འཕྲོག་པ་དང་འཕགས་པ་དང་ཚུལ་ཁྲིམས་ལྡན་པའི་འཚོ་བ་འཕྲོག་པ་དང་རབ་ཏུ་བྱུང་བ་རྣམས་དང་བྱིས་པ་དང་རྒན་པ་དང་ཕོངས་པ་དང་ནད་པ་རྣམས་ཀྱི་འཚེ་བ་འཕྲོག་པ་དང་གཞན་གྱིས་མ་ཐོབ་ན ་དགའ་བ་དང་གཞན་གྱིས་ཐོབ་པར་འགྱུར་བ་ལ་བགེགས་བྱེད་པ་དང་ལོ་ཉེས་སུ་དགའ་བ་སྟེ། ལས་དེ་ལྟ་བུ་ནི་ལོངས་སྤྱོད་ཆུད་པར་འགྱུར་བའོ།། དེ་ལ་ལོངས་སྤྱོད་ཆེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་མ་བྱིན་པར ་ལ་ཨེན་པ་སྤངས་པ་དང་གཞན་གྱིས་མ་བྱིན་པར་ལེན་པ་སྤངས་ན་རྗེས་སུ་དགའ་བ་དང་ཕ་མ་ལ་འཚེ་བ་འབུལ་བ་དང་འཕགས་པ་དང་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་འཚེ་བ་འབུལ་བ་དང་ནད་པ་དང་བྱིས་པ་དང་རྒན་པ ་དང་ཕོངས་པ་གཞན་ལ་ཡང་འཚེ་བའི་སྦྱིན་པ་བྱེད་པ་དང་། གཞན་གྱིས་ཐོབ་ན་དགའ་བ་དང་ལོ་ལེགས་པར་དགའ་བ་སྟེ། མདོ་དེ་ཉིད་ལས་དགེ་སློང་དག་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ་རྣམས་འོངས་པ་དག་ལ་སྦྱིར ་པ་བྱེད་ཅིང་། ། བསོད་ནམས་བྱེད་པའི་རིགས་དེ་དག་དེའི་ཚེ་ལོངས་སྤྱོད་ཆེ་བར་འགྱུར་བའི་ལམ་དུ་ཞུགས་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་ལོངས་སྤྱོད་ཆེ་བར་འགྱུར་བའོ།། དེ་ལ་ཤེས་རབ་ཆུང ་བར་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན། དེ་ནི་འདི་ལ་ལ་ལ་ཞིག་དགེ་སྦྱོང་ངམ་བྲམ་ཟེ་གཞན་ལ་ཆོས་ནི་གང་ཡིན། བདག་གིས་ཅི་ཞིག་བྱས་ན་ལེགས་པར་འགྱུར་ཞེམ་འདྲིའི། ཤེས་རབ་འཆལ་བ་ལ་སྙན་ཅིང ་མཁས་པ་རྣམས་སྤོང་བ་དང་དམ་པའི་ཆོས་མ་ཡིན་པ་ཡོངས་སུ་སྟོན་ཅིང་ཆོས་སྨྲ་བ་རྣམས་ཀྱིས་ལེགས་པར་རྗོད་པར་ཤེས་ཀྱང་འཇུངས་པའི་སེམས་ལོང་བས་ལེགས་སོ་ཞེས་མི་བརྗོད་ཅིང་། དམ་པའི་ཆོས་མ ་xxx། xxx ་ལས་དེ་ལྟ་བུ་ནི་ཤེས་རབ་ཆུང་བར་འགྱུར་བའོ། ། དེ་ལ་ཤེས་རབ་ཆེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་འདི་ལ་ཡོངས་སུ་འདྲི་བད་པའི་ངང་ཚུལ་ཅན་ལ་ལ་ཞིག་གི་དགེ་སྦྱོང་དང་བྲམ་ཟེ་མཁས་པ་ལ་འདྲི་བ་དང་། ་རབ་འཆལ་བ་ཡོངས་སུ་སྤོང་བ་དང་། དམ་པའི་ཆོས་སྟོན་ཅིང་གསལ་བར་བྱེད་པ་དང་། དམ་པའི་ཆོས་མ་ཡིན་པ་ལ་རྣམ་པར་སྨོད་པ་དང་། ཆོས་སྨྲ་བ་རྣམས་ལ་མི་འཇིགས་པ་ཉེ་བར་སྒྲུབ་པ་དང་། རིགས་པ་ལེགས་སོ་ཞེས ་ཟེར་བ་དང་། མི་རིགས་པ་ཡོངས་སུ་སྤོང་བ་དང་། ཡང་དག་པར་ལྟ་བའི་ལེགས་པ་རྗོད་པ་དང་། ལོག་པར་ལྟ་བ་ལ་ཉེས་པར་སྤད་པ་དང་། གླེགས་བམ་དང་སྡུག་ཅ་དང་སྨྱུག་གུ་ལ་སོགས་པའི་སྦྱིན་པ་བྱེད་པ་དང་ཆང་མི་འབུང ་བ་སྟེ། དཔེར་ན་ཀུན་དགའ་བོའི་མདོ་ལས། ཆང་གི་ཉེས་པ་སུམ་བཅུ་རྩ་ལྔ་གསུངས་པ་དགེ་བའི་ཕྱོགས་སུ་སྦྱར་བ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་ཤེས་རབ་ཆེ་བར་འགྱུར་བའོ།། དེ་ལ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི ་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་ཤིན་དུ་ཞེ་སྡང་བའི་སེམས་ཀྱིས་ལུས་དང་ངག་དང་ཡིད་ཀྱི་ཉེས་པ་ཆེར་བྱས་པ་དང་ཆད་པར་ལྟ་བ་དང་རྟག་པར་ལྟ་བ་དང་མེད་པར་ལྟ་བ་དང་སེར་སྣ་ཆེ་བ་དང་དྲིན་དུ་མི་བཟོ་བ་དང་མཚམས ་མེད་པའི་ལས་བྱེད་པ་དང་འཕགས་པ་དང་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་སྐུར་བ་འདེབས་པ་སྟེ། ལས་དེ་ལྟ་བུ་ནི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ།། དེ་ལ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་བའི་ལས་ཡོད ་དེ། དེ་གང་ཞེ་ན། ལུས་དང་ངག་དང་ཡིད་ཀྱིས་ཉེས་པ་འབྲིང་དུ་བྱས་པ་དང་། འདོད་ཆགས་ལས་བྱུང་བའི་ལས་སྣ་ཚོགས་དང་།། ཞེ་སྡང་ལས་བྱུང་བའི་ལས་སྣ་ཚོགས་དང་། གཏི་མུག་ལས་ཟུང་འི་ལས་སྣ་ཚོགས་དང་། ་པ་མ་དང་རབ་ཏུ་བྱུང་བ་རྣམས་ལ་ཚུལ་དང་མ་འདྲ་བའི་སྦྱིན་པ་བྱེད་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་རྣམས་ལ་བྱས་བྱེད་པ་དང་དེ་ལྟར་སྨོན་པ་སྟེ། དཔེར་ན་བ་ལང་གི་བརྟུལ་ཞུགས་ཅན་དང་། ་བྱའི་བཏུལ་ཞུགས་ཅན་ལ་སོགས་པ་དེ་ལྟར་སྐྱེ་བར་ཤོག་ཅིག་ཅེས་སྨོན་པ་རྣམས་དང་། བྱང་ཆུབ་སེམས་པའི་ཆེད་དུ་བརྗོད་པ་སེང་གེའི་སྐྱེས་པའི་རབས་ལས་བྱུང་བ་དང་། བྲམ་ཟེ་ཆར་འབེབས་སྤྲེའུར་གྱེས་པར་གྱུར་པ་སྟེ། ་དཔེར་ན་བྲམ་ཟེ་ཆར་འབེབས་ཀྱིས་གནས་པ་ཏན་འོད་ཐུང་ཆེན་པོ་བྱ་རྒོད་འབྲངས་པོའི་རིལ། རྒྱལ་པོའི་ཁབ་ཀྱི་སྟེང་ནས་ནམ་མཁའ་ལ་འགྲོ་བ་མཐོང་ནས། སྲས་བྱིན་དང་མ་བྱེས་དགྲའི་སྟེན་ལས་ཞོ་སྣང་བའི་སེམས་སུ ་གྱུར་ཏེ། དགེ་སྦྱོང་འདི་ནི་རི་ལས་རིང་། ནམ་མཁའ་ལས་ནམ་མཁར། སྤྲེའུ་ཤིང་ལས་ཤིང་གི་སྟེང་དུ་འཛེག་པ་དང་འདྲ་བོར་འགྲོའོ་ཞེས་མི་སྙན་པའི་ཚིག་ཏུ་བརྗོད་པ་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། བྲམ་ཟེ་ཆར ་འབེབས་པ་འདིས་ཁྲོས་པའི་སེམས་ཀྱིས་མི་སྙན་པ་དེ་སྐད་དུ་བརྗོད་ན། བཙུན་པ་བཅོམ་ལྡན་འདས་དེའི་རྣམ་པར་སྨིན་པ་ཅིར་འགྱུར་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངན་དུ་བརྗོད་པ་དེའི ་རྣམ་པར་སྨིན་པས་བྲམ་ཟེ་ཆར་འབེབས་འདི། ཚེ་རབས་ལྔ་བརྒྱའི་བར་དུ་སྤྲེའུ་འགྱུར་རོ་ཞེས་བཀའ་སྩལ་པ་དང་། དེ་མི་དགའ་བའི་སེམས་ཀྱིས་དང་བའི་སེམས་བསྐྱེད་དེ།། དེས་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཀང ་བཅོམ་ལྡན་འདས་སུག་ལས་དེ་གང་དུ་བས་དེ་གང་དུ་བས་པར་འགྱུར་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེ་རབས་ལྔ་བརྒྱ་པོ་དག་གིས་ཟད་པར་འགྱུར་བར་ཟད་དེ། ཆུང་ཟད་དུ་ན། འཛམ་བུ་གླི་ཀི། ་ཤིང་འཛམ་བུ་ཞེས་བྱ་བ་ཤིང་ཏོག་ལྔ་བརྒྱ་ཙམ་ཡོད་པ། ཤིང་ཏོག་དེ་དག་ཀྱང་སྦྲང་རྩི་ལྟར་མངང་ཞིང་གཏང་མ་ཟ་བར་ཞིམ་པ་དང་ལྡན་པ་དེའི་དྲུང་དུ་སྐྱེས་ཏེ། དེ་ནས་རྒྱལ་པོ་ཁབ་དུ་སྐྱེས་ནས་ཚེ་འཕོས་ཏེ་ཐང་པ་ད་པེ་རིས ་བུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྔ་བུ་དང་། དཔེར་ན་ཞེ་སྡང་ག་སེམས་ཀྱིས་སེང་གེའི་ནང་དུ་སྐྱེས་ནས་དེའི་འདོན་དུ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གསུངས་པ། མེམ་ཆེ་བྱང་ན་ནམ་ཡང་རིང་།། དལ་བདག ་དཔག་ཚད་རིང་། ། དམ་པའི་ཆོས་ནི་ཤེས་གྱུར་ཀྱང་།། བྱིས་པ་རྣམས་ལ་འཁོར་བ་རིང་།། ཞེས་གསུངས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་བའོ།། དེ་ལ་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི ་ལས་ཡང་དེ་རེ་གང་ཞེ་ན། དེ་ནི་ཁྲོ་ཞིང་ཞེ་སྡང་བའི་སེམས་ཀྱིས་ལུས་དང་ངག་དང་ཡིད་ཀྱིས་ངན་དུ་སྤྱད་པ་དང་། འདོད་ཆགས་དང་མེ་རིགས་པར་འདོད་པས་ལོག་པར་འཚེ་བ་དང་བཀྲེས་ཤིང་སྐོམ་པ་དང་ཁྲོས་བཞིན་དུ་ཚེ་འཕོས་པ ་དང་ནོར་ལ་མངོན་པར་ཆགས་པའི་སེམས་ཀྱིས་ཚེ་འཕོས་པ་སྟེ། དཔེར་ན་བརྒྱ་བསྡུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་ཟག་ལ་ལ་ཚེ་རབས་སྔ་མ་ལ་བྱས་པའི་ལས་ཉེ་བར། ་གནས་པར་གྱུར་ཏམ། ཚེ་འཕོ་བའི་ཚེ་ལོག་པར་ལྟ་བར་གྱུར་པ་བཙན་ནོ་ཞེས་གསུངས་པ་ལྟ་བུ་སྟེ།། ལས་དེ་ལྟ་བུ་ནི་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའོ།། དེ་ལ་ལྷ་མ་ཡིན་གྱི་འཇིག་རྟེན་དུ་སྐྱེ་བའི་འགྱུར་བའི་ལས་ཡོད ་དེ་དེ་གང་ཞེ་ན། དེ་ནི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པ་ཆུང་ངུ་སྤྱད་པ་དང་ང་རྒྱལ་དང་ངའོ་ཞེས་པའི་ང་རྒྱལ་དང་ཆུད་པའི་ང་རྒྱལ་དང་ལེགས་པ་སྤྱད་པའི་དགེ་བའི་རྩ་བ་དེར་བསྔོས་པ་དང་། ཤེས་རབ་ཀྱི་སྒོ་ནས་འདོད་ཆགས ་ཀུན་གྱི་རབ་ལས་བྱུང་བའི་ཚུལ་ཁྲིམས་ངན་པ་སྤྱད་པ་སྟེ། ལས་དེ་ལྟ་བུ་ནི་ལྷ་མ་ཡིན་གྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའོ།། དེ་ལ་མིར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་དགེ་བ་བཅུའི་ལས་ཅི་ལམ་གོམས ་པར་བྱས་པ་སྟེ་བཅུ་གང་ཞེ་ན། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་སྟེ་ལུས་ཀྱི་ལས་གསུམ་དང་། བརྫུན་དུ་སྨྲ་བ་དང་ཕྲ་མ་དང་ངག་རྩུབ་པ་དང་ཚིག་ཀྱལ་བ་སྟེ་ངག་གི་ལས་བཞི་དང་། ་གཞན་གྱི་ནོར་ལ་ཆགས་སུ་བྱང་བ་དང་གནོད་སེམས་དང་ལོག་པར་ལྟ་བ་སྟེ་ཡིད་ཀྱི་ལས་གསུམ་དང་མི་དགེ་བའི་ལས་བཅུ་པོ་དེ་དག་སྤོང་བ་སྟེ། ལས་དེ་ལྟ་བུ་ནི་མིང་སྐྱེ་བར་འགྱུར་བའོ།། དེ་ལ་པ་འདོད་པའི་ཁམས ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། ། དེ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་ཤིང་ལེགས་པར་སྦྱངས་པ་སྟེ། ལས་དེ་ལྟ་བུ་ནི་འདོད་པའི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའོ།། དེ ་ལ་གཟུགས་ཀྱི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལེགས་པར་སྦྱངས་ཤིང་ཤིན་ཏུ་མཉམ་པར་བཞག་པ་དང་ཁྱད་པར་དུ་ཤིན་དུ་འཕགས་པ་དང་། ཡོངས ་སུ་རྫོགས་པར་བྱས་པ་སྟེ། ། ལས་དེ་ལྟ་བུ་ནི་གཟུགས་ཀྱི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའོ།། དེ་ལ་གཟུགས་མེད་པའི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། གཟུགས་མེད་པའི་སྙོམས ་པར་འཇུག་པ་བཞི་སྟེ། གཟུགས་ཀྱི་འདུ་ཤེས་རྣམས་ལས་རྣམ་པ་ཐམས་ཅད་དུ་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་མེད་པར་འགྱུར་ཞིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དང་། རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས ་རྣམ་ཤེས་མཐའ་ཡས་སྐྱེས་མཆེད་རྫོགས་པར་བྱས་ཏེ་གནས་པ་དང་། རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ།། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར ་བྱས་ཏེ་གནས་པ་དང་། རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་སྟེ།། ལས་དེ་ལྟ་བུ་ནི་གཟུགས་མེད་པའི་འམ ་ལ་སྐྱོང་པའི་ལྟར་སྐྱེ་བར་འགྱུར་བའོ། ། དེ་ལ་བྱས་ལ་མ་བསགས་པའི་ལས་ཡོད་དེ་དེ་གང་ཞེ་ན། བྱས་ནས་ངོ་ཚ་བར་འཛིན་པ་དང་འགྱོད་པ་དང་། སྨོད་པ་དང་འཆགས་པ་དང་འཐོལ་བ་དང་སྤོང་བ་དང་ཕྱིན་ཅད་མི་བྱེད་པར་སྡོམ་པ་སྟེ། ་ལས་དེ་ལྟ་བུ་ནི་བྱས་ལམ་བསགས་པའོ།། དེ་ལ་བསགས་ལ་མ་བྱས་པའི་ལས་ཡོད་དེ་དེ་གང་ཞེ་ན། ལས་གང་ལུས་ཀྱིས་ཡོངས་སུ་རྫོགས་པར་བྱས་པ་དེ། སེམས་ཀྱིས་ཡོངས་སུ་རྫོགས་པར་བྱས ་ཤིང་ཚིག་ཏུ་ཡང་ལས་འདི་བྱའོ་ཞེས་སྨྲས་ལ་དེ་མ་བྱས་པ་སྟེ། ལས་དེ་ལྟ་བུ་ནི་བསགས་ལ་མ་བྱས་པའོ།། དེ་ལ་བྱས་ཀྱང་བྱས་ལ་བསགས་ཀྱང་བསགས་པའི་ལས་ཡོད་དེ་དེ་གང་ཞེ་ན། ལས་གང་བྱས་ནས་མི་འཛེམ་པ ་དང་མི་ལྡོག་པ་དང་མི་འགྱོད་པ་དང་མི་སྨོད་པ་དང་མི་འཆགས་པ་དང་མི་འཐོལ་བ་དང་མི་འདོར་བ་དང་མི་སྤོང་བ་དང་། ཕྱིན་ཅང་མི་སྡོམ་པར་བྱེད་པ་སྟེ། ལས་དེ་ལྟ་བུ་ནི་བྱས་ཀྱང་བྱས་ལ་བསགས་ཀྱང་བསག་སོ།། དེ་ལ་བྱས ་ཀྱང་མ་བྱས་ལ་བསགས་ཀྱང་མ་བསགས་པའི་ལས་ཡོད་དེ་དེ་གང་ཞེ་ན། ལས་གང་ཆེད་དུ་བསམས་པར་བྱས་པ། རྨི་ལམ་ན་བྱས་པའམ་བྱེད་དུ་བཅུག་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་བྱས་ཀྱང་མ་བྱས་ལ་བསགས་ཀྱང་མ ་བསགས་པའོ། ། ལས་གང་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེས་ནས་སེམས་ཅན་དམྱལ་བའི་ཚེ་ཡོངས་སུ་རྫོགས་པར་ཟད་པར་བྱས་ནས་ཚེ་འཕོ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། འདི་ནི་ལ་ལ་ཞིག་གིས ་སེམས་ཅན་དམྱལ་བའི་ལས་བྱས་ཤིང་བསགས་ཀྱང་ལས་དེ་བྱས་པས་ངོ་ཚར་མི་འཛིན་མི་འགྱོད་མི་སྨོད་པ་དང་མི་འཆགས་མི་འཐོལ་ཞིང་ཕྱིན་ཅད་མི་སྡོམ་ལ་ཕྱིར་ཞིང་དགའ་བ་དང་ཉམས་བདེ་བ་སྐྱེད་པ་སྟེ། དཔེར་ན་ལྷས ་སྦྱིན་དང་། དུས་མིན་ལ་སོགས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་དང་ལྡན་ན་གང་ཟག་དེ་སེམས་ཅན་དམྱལ་བའི་ཚེ་ཡོངས་སུ་རྫོགས་ནས་ཚེ་འཕོ་བར་འགྱུར་བའོ།། དེ་ལ་ལས་གང་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེས ་ནས། སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་དེ་ཚེ་འཕོ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་འདི་ལ་ལ་ལས་སེམས་ཅན་དམྱལ་བར་འགྱུར་བའི་ལས་བྱས་ནས་འཛེམ་པ་དང་འདོག་པ་དང་སྨོད་པ་དང་འཆགས ་པ་དང་། འཐོལ་བ་དང་འདོད་པ་དང་སྤོང་བ་དང་ཕྱིན་ཅད་སྡོམ་པར་བྱེད་པ་སྟེ། འདི་ནི་ལས་གང་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེ་སྟེ། སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་པར་བྱས་ནས་ཚ་འཕོ་བར་འགྱུར་བའོ།། ། ་དེ་ལ་ལས་གང་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་ཚེ་འཕོ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་འདི་ལ་གང་ཟག་ལ་ལས་སེམས་ཅན་དམྱལ་བའི་ལས་བྱས་ཤིང་བསགས་པར་ན། ལས་དབྱ། ་པས་ངོ་ཚ་བར་འཛིན་ལ་འགྱོད་ཅིང་སྨོད་པ་དང་འཆགས་ཤིང་མཐོལ་ན་ཕྱིན་ཅད་མི་བྱའོ་ཞེས་སྡོམ་པར་བྱེད་པས། བརྒྱ་ལ་སེམས་ཅན་དམྱལ་བར་སྐྱེས་ན་ཡང་སྐྱེས་མཐག་ཏུ་ཚེ་འཕོ་བར་འགྱུར་བ་སྟེ། དཔེར་ན་རྒྱལ་པོ་མ་སྐྱེས ་དགྲས། མཚམས་མེད་པའི་ལས་ཕ་བསད་པ་དང་། དགེ་འདུན་ཕྱེ་བ་དང་། གླང་པོ་ཆེ་བཀྱེ་བ་དང་། རྡོའི་འཁོར་ལོ་འཕངས་པ་ལྟ་བུ་སྟེ། ལས་དེས་མནར་མེད་པའི་སེམས་ཅན་དམྱལ་བར་འགྲོ་བར་ཐོས་ནས།། དེ་ནི་མི་དགའ་སྟེ།། ་སེམས་མྱོས་པར་བྱས་པ་དང་དགེ་སྦྱོང་གི་འབྲས་བུའི་མདོ་ལས་སྡིག་བཤགས་ཏེ། དགེ་བའི་རྩ་བ་བསགས་པ་དང་ཚེ་འཕོ་ཀར་རུས་པ་ཡན་ཅད་ཀྱང་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་གསོལ་བ་ལྟ་བུ་སྟེ། དེ་སྐད་དུ།། ་ཤིན་དུ་མི་ཟད་ལས་རྣམས་བྱས་པ་ནི།། བདག་ལ་སྨོད་དང་རབ་ཏུ་བཤགས་པ་དང་།། སྡོམ་པར་བྱེད་པས་དེ་དག་སྲབས་འགྱུར་གྱིས།། ཤིན་དུ་རྩ་ནས་ཕྱིན་ཅེས་མི་སྨྲའོ།། ཞེས་གསུངས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་དང་ལྡན་ན་གང་། ་ཟག་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་ཚེ་འཕོ་བར་འགྱུར་བའོ།། དེ་ལ་ངེས་པར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་ལས་བྱས་ནས་ཆེ་གེ་མོ་ཤིག་ཏུ་སྐྱེ་བར་ཤོག་ཅིག་ཅེས་ཡོངས་སུ་བསྔོས་པས་དེར་སྐྱེས ་པར་འགྱུར་བ་སྟེ། དཔེར་ན་བཅོམ་ལྡན་འདས་ཀྱིས་དཀར་ཤམ་གྱི་སྐྱེས་པའི་རབས་ལས་སྨོན་ལམ་གྱི་དབང་གིས་སྐྱེ་བར་གསུངས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་ངེས་པར་སྐྱེ་བར་འགྱུར་བའོ།། དེ་ལ་མ་ངེས་པར་སྐྱེ་བར་འགྱུར་བའི ་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་ལས་བྱས་ནས་ཆེ་གེ་མོ་ཞིག་ཏུ་ཤོག་ཅིག་ཅེས་ཡོངས་སུ་མི་བསྔོ་བ་སྟེ། ལས་དེ་ལྟ་བུ་ནི་མ་ངེས་པར་སྐྱོ་བར་འགྱུར་བའོ།། དེ་ལ་ཡུལ་གཞན་དུ་རྣམ་པར་སྨིན་པར་འགྱུར་བའི་ལས་ཡོད་དེང ་གང་ཞེ་ན། དེ་ནི་ཚེ་འདི་ཉིད་དམ་ཚེ་གཞན་ལ་ཡུལ་གཞན་དུ་བདེ་བ་འམ་མི་བདེ་བ་རྣམ་པར་སྨིན་པ་སྟེ། དཔེར་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་འདས་པའི་དུས་ན་འཛམ་བུ་གླིང་གི་མིའི་ཚང་པག་ཏུ ་མེད་དེ། རྒྱལ་པོ་མན་ད་ཏ་ལྟར་གྱུར་པའི་ཚེ། གྲོང་ཁྱེར་གཅིག་ཅིག་ན་དེད་དཔོན་གྱི་བུ་བྱམས་པ་མཆོད་སྦྱིན་ཞེས་བྱ་བ་ཞིག་ཡོད་པ་གྲོགས་ལྔ་བརྒྱ་ཙམ་གྱིས་བསྐོར་ཏེ། བཟའ་ཤིང་གིར་བར་ཕྱིན་པ་དང་གྲོགས་པོ ་དེ་དག་གིས་ཀླས་པ། གྲོང་འདིན་ཁྱོད་ཀྱི་ཕ་ལ་སོགས་པ་ཆོད་པ་རྣམས་རྒྱ་མཚོ་ལས་རྒྱུ་ཞིང་། གསེར་གནས་ལ་སོགས་པ་ཡུལ་གཞན་དག་ཏུ་ཡང་འདོད། གླིང་གཞན་དག་ཀྱང་ལྟ་ཞིང་ནོར་ལ་སོགས་པ་ཡང་བྱེད་མ་ཁྱོད ་ལ་སོགས་མ་བདག་ཅག་ཀྱང་རྒྱ་མཚོ་ལས་རྒྱུས་ཏེ་ནོར་བསག་པར་བྱའོ་ཞེས་སྨྲས་པ་དང་། དེས་དེ་ལྟར་བྱའོ་ཞེས་མཉན་ཏེ་དགོངས་མའི་གན་དུ་སོང་ནས། མ་གསེར་གནས་སུ་འགྲོའོ་ཞེས་མལ་དྲིས་པ་དང་། དེའི་མས ་སྨྲས་པ། བུ་ནོར་ལྟ་ཞིག་ཁྱིམ་ན་དཔག་ཏུ་མེད་པ་ཡོད་ཀྱིས་མ་འགྲོ་ཤིག་ཅེས་སྨྲས་པ་དང་། དེས་མའི་ངག་མཉན་ཏེ། མི་འགྲོ་བར་བྱས་ནས་ངའི་འོག་ཏུ་བཟའ་ཤིང་གི་ར་བར་བྱིན་པ་དང་། གྲོགས་པོ་རྣམས་ཀྱིས་དོན ་དེ་ཉིད་ལ་ད་དུང་ཡང་གསོལ་བ་འདེབས་སོ་ཞེས་སྦས་པ་དང་། དེས་དེ་ལྟར་བྱའོ་ཞེས་ནས་དེ་དག་གི་ངག་མཉན་ཏེ། ཡང་སོང་ནས་མལ་དྲིས་པ་དང་། མས་ཀང་པ་ནས་བཟུང་སྟེ་འདུག་པར་གྱུར་ནས། དེ་ལྟར་ལན་གསུམ ་བྱས་པའི་འོག་ཏུ་བཟའ་ཤིང་གི་རབ་དེར་ཕྱིན་པ་དང་། གྲོགས་པོ་རྣམས་ཀྱིས་ངེས་པར་མི་འདོད་དུ་མི་རུང་ངོ་ཞེས་བསྒོ་ནས། དེས་ཡང་མ་ལ་ཡུལ་གཞན་དུ་འགྲོའོ་ཞེས་ཞུས་པ་དང་། མས་བདོག་པ་ཐམས ་ཅད་བསོགས་ནས་རྐང་པ་ཡན་ཅད་ནས་བཟུང་སྟེ་མི་འགྲོ་བར་བྱས་པ་ལས། དུས་གཞན་ཞིག་ན་ཁྱེའུ་དེ་བཟའ་ཤིང་གི་ར་བ་དེར་བྱིན་པ་དང་གྲོགས་པོ་དག་གིས་སྨྲས་པ། ཁྱོད་ཀྱིས་ཉེས་པས་བདག་ཀྱང་ད་དུད་མ ་དོང་སྟེ་དེ་ནི་ཚེས་བཅུ་གསུམ་ལ་འདོད་དོ་ཞེས་སྨྲས་པ་དང་། དེས་མ་ལ་མ་བྱས་པར་ཆ་རྫས་ཐམས་ཅད་ཕྱིར་བཏོན་ནས་དེ་ལམ་དུ་འཇུག་པར་བྱས་པ་དང་། དེའི་མས་སྒོ་ཁར་བསྡད་དེ། རྐང་པ་ནས་བཟུང་བ་དང ་བུ་མ་འགྲོ་ཤིག་ཅེས་བྱས་པ་དང་། དེ་ཁྲོས་ནས་མའི་མགོ་ལ་མ་གོངས་ཏེ་སོད་ནས་རྒྱ་མཚོའི་ངོགས་སུ་ཕྱིན་པ་དང་། དེས་གྲོགས་པོ་རྣམས་ལ་བསྒོ་བ། རྒྱ་མཚོར་འཇུག་པ་དེ་ནི་བྱ་ན་འཚེའམ་མི་འཚེར་ཡང་གཏོལ ་མེད་ཀྱིས་བདག་ཅག་ཀྱིས་ཁྲིམས་བརྒྱད་མནོད་པར་བྱའོ་ཞེས་སྨྲས་ནས། དེ་དག་གིས་ཀྱང་དེའི་ངག་མཉན་ཏེ་ཁྲིམས་མནོས་སོ།། དེ་ལྟར་དེ་དག་རྒྱ་མཚོར་ཞུགས་ཏེ་དོང་དོང་བ་ལས་དབུས་སུ་ཕྱིན་པ་དང་རླུང་ཆེན ་པོ་ལངས་ནས་གྲུ་བུག་སྟེ། གཞན་ཐམས་ཅད་ནི་ཚེ་འཕོས།། བྱམས་པ་མཆོད་སྦྱིན་ནི་ཟངས་ཀྱི་རིལ་ཆེན་ཁ་སྐྱེ་འདར་གྱིས་བཅད་པ་ཞིག་ལ། འཇུ་འཇུན་ས་རྒྱ་མཚོའི་མཐར་བྱིན་ཏེ་འཕྱན་ཅིང་སོང་སོང་ན།། གྲོང ་ཁྱེར་གསེར་གྱི་ར་བ་ཅན་བཟའ་ཤིང་གི་ར་བ་དང་ལྡན་པ་རྗིང་བུ་དང་ལྡན་པ་འདུག་སྤོས་ཀྱིས་བདུག་པ་མེ་ཏོག་སེལ་མས་གཏོར་བ་དར་གྱི་ལྡ་ལྡི་མང་པོ་བྲེས་པ་ཞིག་མཐོང་ནས། ། དེའི་ནང་ན་ལྷ་མོ་བཞི་ཞིག་འཐོན་ཏེ་དེ་དག་གི ་ལག་ནས་བཟུང་སྟེ་ནང་དུ་ཁྲིད་དོ། ། དེ་ནས་དེ་དག་དང་ལོ་མང་པོ་ལོ་བརྒྱ་ཕྲག་མང་པོ་ལོ་སྟོང་ཕྲག་མང་པོ་ལོ་བརྒྱ་སྟོང་ཕྲག་མང་པོར་རྩེ་རྩེ་ནས་ལྷ་མོ་དེ་དག་གིས་བསྒོ་བ། འཕགས་པའི་བུ་འདི་ནི་སྔོན་ཅད།། ཁྱེད ་ལ་མེད་པའི་ཡུལ་ཡིན་གྱིས་འདི་ནས་ཕྱི་རོལ་དུ་གྱུར་ཏ་རེ། བརྒྱ་ལ་འབྱུང་ན་ཡང་ཁ་བྱང་ཕྱོགས་སུ་ལྟོས་ཏེ་བྱུང་ཤིང་ཅེས་སྨྲས་སོ།། དེ་དུས་གཞན་ཞིག་ན་དེ་ནས་ཕྱི་རོལ་དུ་བྱུང་སྟེ་ཡང་འབྱན་ཅིང་སོང་སོང་བ་དང་། གྲོང་ཁྱེར ་དངུལ་གྱི་ར་བ་ཅན་བཟའ་ཤིང་གི་ར་བ་དང་ལྡན་པ་རྫིང་བུ་དང་ལྡན་པ་བདུག་སྤོས་ཀྱིས་བདུགས་པ་མེ་ཏོག་སིལ་མས་གཏོར་བ་དར་གྱི་ལྡ་ལྡི་མང་པོ་ཟས་པ་ཞིག་མཐོང་ངོ་། ། དེའི་ནང་ནས་ལྷ་མོ་བརྒྱད་འཐོན་ཏེ། སྔ་མ་བཞིན་ཏུ། ་རྩེ་རྩེ་ནས་དེ་ནས་ཀྱང་དུས་གཞན་ཞིག་ན་ཕྱིར་བྱུང་སྟེ་འཁྱམ་འཁྱམ་པ་ལས། གྲོང་ཁྱེར་བཻ་རུ་རྱའི་ར་བ་ཅན་ནས།། དར་གྱི་ལྡ་ལྡི་མང་པོ་ཐོས་པ་སྔ་མ་བཞིན་དུ་མཐོང་ནས། དེའི་ནང་ནས་ལྷ་མོ་བཅུ་དྲུག་འཐོན་དེ་དག་གིས། ་ཀྱང་དེའི་ལག་ནས་བཟུང་སྟེ་ནང་དུ་ཁྲིད་དོ།། དེ་དག་དང་ཡང་ལོ་བརྒྱ་ཕྲག་མང་པོར་རྩེ་རྩེ་ནས། དེ་ནས་ཀྱང་དུས་གཞན་ཞིག་ནས། ཕྱིར་བྱུང་སྟེ་འཁྱམ་འཁྱམ་པ་ལས། གྲོང་ཁྱེར་ཤེལ་གྱི་ར་བ་ཅན་ནས་དར་གྱི་ལྡ་ལྡི་མང་པོ ་ཟོས་པའི་བར་དུ་སྔ་མ་བཞིན་དུ་མཐོང་ནས། དེའི་ནང་ནས་ལྷ་མོ་སུམ་བཅུ་རྩ་གཉིས་འཐོན་ཏེ་དེ་དག་གིས་ཀྱང་ལག་ནས་བཟུང་སྟེ་ནང་དུ་ཁྲིད་དོ།། དེ་དག་དང་ཡང་སྔ་མ་བཞིན་དུ་རྩེ་རྩེ་བ་ལས་དེ་དག་གིས་བསྒོ་བ།། འབགས ་པའི་བུ་འདི་ནི་ཁྱོད་ལ་མེད་པའི་ས་ཕྱོགས་ཡིན་གྱིས། ། གནས་འདི་ནས་ཕྱི་རོལ་ཏུ་ཐུ་ད་རེ། བརྒྱ་ལ་འབྱུང་ན་ཡང་ཁ་བྱང་ཕྱོགས་སུ་ལྟོས་ཏེ་བྱུང་ཤིང་ཅེས་སྨྲས་པའི་འོག་ཏུ། དེ་ཁང་པ་དེ་ནས་བྱུང་སྟེ་ཁ་བྱང་ཕྱོགས ་སུ་བལྟས་ནས་སོང་སོང་བ་ལས། ཚེར་མའི་ནགས་ཚལ་ཞིག་ཏུ་བྱིན་པ་བདེ་གྲོང་ཁྱེར་ལྕགས་ཀྱི་ར་བ་ནག་པོ་ཅན་ཞིག་མཐོང་སྟེ། དེར་སོང་སོང་བ་དང་ནད་དུ་ཕྱིན་མ་ཐག་ཏུ་གྲོང་ཁྱེར་གྱི་སྒོ་འགགས་ནས། ར་བའི་གོང ་དུ་བལྟས་ན། ཡང་མཐོང་བར་གྱུར་ཏེ་མཐར་ཟླ་འཇིགས་བཞིག་ཀྱང་ཐོས་ནས་རེ་ནས་གནས་བཞིན་དུ་འདི་ཅི་ཞིག་སྙམ་དུ་བསམས་པ་དང་། རལ་གྲི་འཁོར་ལོ་མགོ་ལ་འཁོར་ཤིང་གཅོད་པའི་མ་ཞིག་མཐོང་ནས་སྤངས་ཏེ། ་ཀྱེ་མི་འདི་ཅི་ཞིག་ཅེས་དྲིས་པ་དང་། སེམས་ཅན་དམྱལ་བ་པའི་མིངས་འདི་ནི་ཉི་ཚེ་བའི་སེམས་ཅན་དམྱལ་བའོ་ཞེས་སྨྲས་པ་དང་། བྱམས་པ་མཆོད་སྦྱིན་གྱིས། ཁྱོད་ཀྱིས་སྡིག་པའི་ལས་ཅི་ཞིག་བྱས་ཞེས་སྨྲས་སོ།། དེས ་སྨྲས་པ། འཛམ་བུའི་གླིང་ན་གྲོང་ཁྱེར་ཀོ་ས་ལི་ཞེས་བྱ་བ་ཞིག་ཡོད་དེ།། བདག་ཀྱང་དེ་ན་དེད་དཔོན་གྱི་བུ་ཞིག་ཏུ་གྱུར་ཅིང་འདུག་པ་ལས། བདག་གྲོགས་ལྔ་བརྒྱས་བསྐོར་ཏེ་བཟའ་ཤིང་གི་ར་བ་ཆེན་པོར་ཕྱིན་པ་དང་གྲོགས་པོ་དེ་དག ་གིས་སྨྲས་པ། ཁྱོད་ཀྱི་ཕ་ནི་དེད་དཔོན་ཡིན་ཏེ། དེ་དག་ལ་སོགས་པ་བདག་ཅག་གི་ཕ་རྣམས་ཡུལ་གཞན་དུ་དོང་ཞིང་ནོར་ལས་སོགས་པ་ཡང་བྱེད། གསེར་གནས་དང་། སིང་ག་ལའི་གླིང་ལས་སོགས་པ་གླིང་གཞན་དག་ཀྱང ་ལྟ་ན། བདག་ཅག་ཀྱང་ཁྱོད་ཀྱིས་གཙོ་བོ་བྱས་ཏེ་ཡུལ་གཞན་དུ་འདོང་དོ་ཞེས་སྨྲས་པ་དང་། དེ་དག་གིས་མཉན་ཏེ་ཁྱིམ་དུ་ཕྱིན་ནས་མལ་བདག་གྲུར་ཞུགས་ཏེ་ཡུལ་གཞན་དུ་འགྲོའོ་ཞེས་དྲིས་པ་དང་། བདག་གི་མས་སྨྲས་པ། ་བུ་ཁྱོད་ཀྱི6། ཡང་རྒྱ་མཚོ་ལས་གྲུར་ཞུགས་ཏེ་ཡུལ་གཞན་དུ་སོང་སོང་བ་ལས་ཚེ་འཕོས་ཏེ། བུ་ཡང་ཁྱོད་གཅིག་པུར་ཟད་ལ། ཁྱིམ་ཡང་ནོར་གྱིས་གང་བར་ཡོད་ཀྱིས་མ་འགྲོ་ཤིག་ཅེས་ནས། བདག་གིས་ཀྱང་མི་འགྲོའོ་ཞེས ་མའི་ངག་མཉན་ཏེ། དེ་ལྟར་ལན་གསུམ་འམ་བཞིར་མས་རྐང་པ་ནས་བཟུང་སྟེ་བསྒོ་ནས་འདུག་འདུག་པ་ནས།། དུས་གཞན་ཞིག་ན་བདག་བཟའ་ཤིང་གི་ར་བར་ཕྱིན་པ་དང་གྲོགས་པོ་རྣམས་ཀྱིས་ངེས་པར་འདོད་དོ།། ཞེས ་སྨྲས་ནས། འོན་འདོད་པར་བྱའོ་ཞེས་བདག་གིས་ཁས་བླངས་ཏེ་འགྲོ་བར་བྱས་པ་དང་། བདག་གི་མས་སྲོ་ཀར་རྐང་པ་ནས་བཟུང་སྟེ་བུད་དོར་བའི་མི་རིགས་སོ་ཞེས་སྨྲས་པ་དང་། བདག་གི་མའི་མགོ་ལ་འགོངས་ཏེ་སོང ་ནས་གྲོགས་པོ་ལྔ་བརྒྱ་དང་བདག་ཅག་རྒྱ་མཚོའི་ངོགས་སུ་ཕྱིན་ཏེ། ། བྲིམས་བརྒྱད་མནོས་ནས་རྒྱ་མཚོར་ཞུགས་ཏེ། གསེར་གནས་སུ་དོང་དོང་བ་ལས་རླུང་ཆེན་པོ་ལངས་ནས་གྲུ་བུ་བ་སྟེ་གྲོགས་པོ་དེ་དག་ནི་ཚེ་འཕོས་པར ་གྷུར། བདག་ནི་ཉི་མ་དུ་མ་ཞིག་ན་རྒྱ་མཚོའི་མཐར་ཕྱིར་ཏེ། མཁྱམ་ཞིང་སོང་སོང་བ་ལས། གྲོང་ཁྱེར་གསེར་གྱི་ར་བ་ཅན། བཟའི་ཤིང་གི་ར་བ་དང་ལྡན་པ། རྫིང་བུ་དང་ལྡན་པ། བདུག་སྤོས་ཀྱིས་བདུག་པ། མེ་ཏོག་སིལ་མས ་གཏོར་པ། དར་གྱི་ལྡ་ལྡི་མང་པོ་བྲེས་པ་ཞིག་མཐོང་ངོ་།། དེའི་ནང་ནས་ལྷ་མོ་བཞི་ཞིག་འཐོན་པ་ནས། ལྷ་མོ་སུམ་ཅུ་རྩ་གཉིས་འཐོན་པ་དང་། གྲོང་ཁྱེར་ལྕགས་ཀྱི་རབས་བསྐོར་བ་ཞིག་མཐོང་བའི་བར་དུ་སྔ་མ་བཞིན་ཏེ། ་བདག་དེའི་ནང་དུ་ཕྱིན་པ་དང་། དེ་མ་ཐག་ཏུ་སྒོ་ཡང་འགགས།། དེ་ནི་མི་ཞིག་ཀྱང་རལ་གྲི་འཁོར་ལོ་མགོ་ལ་འཁོར་ཞིང་འདུག་པ་མཐོང་ནས། བདག་འདི་ན་འདུག་འདུག་པའི་མགོ་ལ་འཁོར་ལོ་འཕོས་པར་གྱུར་ཏོ།། བདག ་མའི་ཚིག་གིས་ལན་བཞི་ཕྱིར་ལོག་པ་དང་། ཁྲིམས་བརྒྱད་མནོས་པའི་ལས་ཀྱི་རྣམ་པར་སྨིན་པས། གྲོང་ཁྱེར་བཞིར་ཉི་ཚེ་བའི་མཐོ་རིས་ཉམས་སུ་མྱོང་བར་གྱུར་ཏོ།། བདག་གིས་མའི་མགོ་ལ་འགོངས་ཏེ་སོང་བའི ་ལས་ཀྱི་རྣམ་པར་སྤེན་པས་ནི། རལ་གི་འཁོར་ལོ་མགོ་ལ་འཁོར་ཞིང་གཅོད་པ་འདི་ཡིན་ནོ་ཞེས་བྱས་པ་དང་། བྱམས་པ་མཆོད་སྦྱིན་གྱིས་བསམས་པ། བདག་གིས་ཀྱང་སྔོན་ལས་དེ་ཁོ་ན་དང་འདྲ་བར་བྱས་ཀྱིས། བདས ་གི་ལས་རྣམ་པར་སྨིན་པ་ཡང་ཉེ་བར་གནས་པར་གྱུར་པ་ལྟའོ་སྙམ་པ་དང་། སེམས་ཅན་དམྱལ་བའི་མི་དེས། བྱམས་པ་མཆོད་སྦྱིན་ཁྱོད་གང་ནས་འོངས་ཤེས་སྨྲས་པ་དང་། བྱམས་པ་མཆོད་སྦྱིན་གྱིས་བཇམ ་བུའི་གླིང་ན་གྲོང་ཁྱེར་ཏ་མ་ལི་བ་ཏི་ཞེས་བྱ་བཞི་ད་དེ། དག་ནི་དེ་ནས་འོངས་ཏེ། བདག་གིས་ཀྱང་ལས་དེ་དག་ཐམས་ཅད་བྱས་སོ།། ། སེམས་ཅན་དམྱལ་བ་པའི་མི་དེས་སྨྲས་པ།། དེ་བདེན་པ་ལྟ་སྟེ། བདག་གིས ་ཀྱང་བར་སྡང་ལས་སྒྲ་ཐོས་ནས། ཁྱོད་ཀྱི་ལས་རྣམ་པར་སྨིན་བཟད་དེ། དེད་དཔོན་གྱི་བུ་བྱམས་པ་མཆོད་སྦྱིན་ཞེས་བྱ་བ།། ལས་དེ་དང་འདྲ་བར་བྱས་པ་ཞིག་འོང་ངོ་ཞེས་ཐོས་སོ།། བྱམས་པ་མཆོད་སྦྱིན་གྱིས་ཟས་ས། ་ཅེཿཞེས་སྨྲས་པ་དང་། དེས་མགའ་ད་ཏད་ཀྱ་ཤདྲིལ་པ་ལས། ཤ་དང་ཁྲགའང་བཟ་ཞེས་ནས། མད་ཡང་དང་ཆ་འཕོས་པར་གྱུར་ཏོ།། རྣམས་པ་མཆོད་བྱིན་འཇིགས་ཤིང་མི་དགའ་བས། མ་དོན་དུ་སྔོན ་ལམ་བཏབ་སྟེ། འདི་སྐད་ཅེས་སྨྲས་སོ།། འཇིག་རྟེན་བཟང་དུ་མེད་པ་ཐམས་ཅད་ཀྱི།། སྲིད་རྩེ་མན་ཅད་མནར་མེད་ཡན་ཅད་ན།། ལྷ་དང་ལྷ་མིན་ལྟོ་འཕྱེ་ཆེན་པོའི་ཚོགས།། བདེ་བར་གྱུར་ཅིག་སྡུག་བསྔལ་བདག་གིས་བླང་།། ་དེ་སྐད་ཅེས་སྨྲས་ནས། བསམ་པ་ཐག་པས་ཕ་མ་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ། གར་སྐྱེས་ཀྱང་ཕ་མའི་རིམ་གྲོ་བྱའོ།། ཉི་ཚེ་བའི་སེམས་ཅན་དམྱལ་བ་འདིར་སྐྱེ་བ་དེ་དག་གི་དོན་དུ་བདག་འདི་ན་གནས་སོ།། འཇིག ་རྟེན་ན་རིགས་པ་དང་ལྡན་པ་དང་། གྲོལ་བར་གྱུར་པ་སུ་བཞུགས་པ་དེ་དག་ལ་ཕྱག་འཚལ་ལོ།། དེ་དག་གིས་ཀྱང་བདག་བསྐྱབ་ཏུ་གསོལ་ཞེས་སྨྲས་ནས། སེམས་ཅན་དམྱལ་བ་བའི་དུག་འདུག་པ་དེར་འདུག་ནས།། ་ཡང་ཕ་མའི་དོན་དུ་སྨོན་ལམ་བཏབ་པ། སེམས་ཅན་དམྱལ་བ་མནར་མེད་མཐའ་ནས་སྲིད་རྩེ་མན་ཆད་ན། སེམས་ཅན་ཚེ་འཕོའི་རྣམ་པ་འཆིང་བས་ཇི་སྙེད་བཅིངས་པ་དག། ཐམས་ཅད་མ་ལུས་ཆོས་དང་ལྡན་ཞིང ་བདེ་བར་འཚོ་འགྱུར་ཏེ། ། རྒན་མེད་འཚེ་འཕོ་མེད་པའི་མྱ་ངན་འདས་པ་ཐོབ་གྱུར་རིག། འདི་སྐད་ཅེས་བརྗོད་དེ་བསྡང་བ་དང་། འཁོར་ལོ་དེ་མགོ་ལ་མ་རེག་པར་སྟེང་གི་ནམ་མཁའ་ལ་འཁོར་བར་གྱུར་ཏོ།། དེའི་མས་ཀྱང ་གལ་ཏེ་བདག་གི་སྦྱིན་པ་འམ། ཚུལ་ཁྲིམས་སམ་བདག་གིས་ཁྱིམ་ཐབ་ཀྱི་བརྟུལ་ཞུགས་བྱས་པའི་བསོད་ནམས་ཀྱི་འབྲས་བུ་ཞིག་ཡོད་ན། བསོད་ནམས་ཀྱི་འབྲས་བུ་དེས། བདག་གི་བུ་གང་དང་གང་ན་གནས ་ཀྱང་བདེ་བར་གྱུར་ཅིག་ཅེས་རྟག་པར་སྨོན་ལམ་བཏབ་པས་དེ་ལྟར་ཞི་བར་གྱུར་ཏོ། ། དེ་ཡང་ཉི་ཚེ་བའི་སེམས་ཅན་དམྱལ་བ་དེ་ན་འདུག་འདུག་ནས།། ལོ་དྲུག་ཅུ་ཡང་མ་ལོན་པར་ཆེ་འཕོས་པར་གྱུར་ཏེ། དཔེར་ན ་རྒྱལ་པོ་མ་སྐྱེས་དགྲ་སེམས་ཅན་དམྱལ་བའི་ཚེ་ཡོངས་སུ་མ་རྫོགས་པ་ཚེ་འཕོས་པ་ལྟ་བུ་སྟེ། ལས་ཀྱི་འབྲས་བུ་ཆུད་ཟབ་མེད་པའི་ཕྱིར་བར་བར་ཀླད་པ་ན་བར་གྱུར་ཏེ།། དེ་ནས་སྐབས་སུ་བབ་ནས། བཅོམ་ལྡན་ད ་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེའི་ཚེ་དེའི་དུས་ན་དེད་དཔོན་གྱི་བུ་བྱམས་པ་མཆོད་སྦྱིན་ཞེས་བྱ་བ་དེ་གཞན་ཞིག་ཡིན་པར་སེམས་ན་དེ་ན་ད་ལྟར་མི་ལྟ་སྟེ། དེ་ཉིད་དེའི་ཚེ་དེའི་དྲས་ན་དེད་དཔོན ་གྱི་བུ་བྱམས་པ་མཆོད་སྦྱིན་ཞེས་བྱ་བར་གྱུར་ཏོ། ། དགེ་སློང་དག་དེ་ལྟ་བས་ན་ངའི་ཚིགལ་ཡིད་ཆེས་པར་བྱས་ཏེ་སངས་རྒྱས་བཅོམ་ལྡན་འདས་ལ་རིམ་གྲོ་ཡོད་པར་བྱའོ།། ཆོས་དང་དག་འདུན་ལ་རིམ་གྲོ་ཡོད་པར ་བྱའོ། ། ཕ་མ་དང་མཁན་པོ་དང་སློབ་དཔོན་ལ་རིམ་གྲོ་ཡོད་པར་བྱའོ།། དགེ་སློང་དག་ཁྱེད་ཀྱིས་འདི་ལྟར་ཤེས་པར་བྱ་སྟེ། གང་ཡུལ་གཞན་དུ་སོང་ཞིང་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བ་ཡོད་དེ།། དཔེར་ན་བྱམས ་པ་མཆོད་སྦྱིན་ཡུལ་གཞན་དུ་སོང་ནས་ཚེ་དེ་ཉིད་ལ་ཉི་ཚེ་བའི་མཐོ་རིས་དང་། ཉི་ཚེ་བའི་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ཡུལ་གཞན་དུ་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པ ་ལས་དེ་བལྟ་བུ་ནི་ཡུལ་གཞན་དུ་རྣམ་པར་སྨིན་པར་འགྱུར་བའོ། ། དེ་ལམ་ཡང་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ཏེ། ད་ལ་ཙཾ་བྱས་པ་དང་ལས་དང་མཁན་པོ་དང་སློབ་དཔོན་ལ་ཅི་བྱས་པ་དེ་དག་ནི་བྱེ་བྲག ་མེད་ཅིང་མཚུངས་ཏེ་ཚེ་འདི་དང་ཕྱི་མ་ལ་ཡང་རྣམ་པར་སྨིན་པ་མི་མཉམ་པ་མེད་དོ། ། ཇི་ལྟར་ན་ཚེ་དེ་འདི་ལ་རྣམ་པར་སྨིན་པ་མཚུངས་ཤིང་མཉམ་པ་ཡིན་ཞེ་ན། དཔེར་ན་མཉན་དུ་ཡོད་པ་ན་བཅོམ་ལྡན་འདས ་དང་ཉན་ཐོས་ཀྱི་དགེ་འདུན་བཤོས་གསོལ་བ་མི་འཕོངས་པ་གཅིག་ཅིག་གིས་མཐོང་ནས་སེམས་མོས་པར་བྱས་པས་དེས་བསོད་ནམས་ཀྱི་ཚོགས་ཆེན་པོ་ཡང་བསགས་པར་གྱུར། ། རྒྱལ་པོར་འགྱུར་བའི ་ལས་ཀྱང་བྱས། དེ་ཉིད་ཐར་པའི་ས་བོན་དུ་གྱུར་པ་དེ་ཐུགས་སུ་ཆུད་ནས། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་གསུངས་པ། དེ་ལ་རྗེས་སུ་ཡི་རང་སུ་བྱེད་དང་། དེ་ཡི་ལས་ནི་ཉམས་སུ་སུ་ལེན་པ། ཞེས་བྱ ་བ་ལ་སོགས་པ་གསུངས་པ་དང་། ཆོས་རྣམས་སྔོན་དུ་ཡིད་འགྲོ་སྟེ།། ཡིད་ཀྱིས་ཆོས་འགྱུར་ཡིད་ཀྱིས་འགྲོ།། ཡིད་ནི་ལེགས་པར་མོས་འགྱུར་ན། སྨྲ་བ་འམ་བྱེད་པ་ཀུན་དུ་འགྱུར།། གྲིབ་མ་རྗེས་སུ་འབྲང་བ་བཞིན། དེ་ལས ་བདེ་བ་འཐོབ་པར་འགྱུར། ། ཞེས་གསུངས་པ་དང་། དེ་ནས་ཚེ་འཕོས་པའི་འོག་ཏུ་ལྟར་སྐྱེས་པ་ལྟ་བུ་དང་། དཔེར་ན་གྲོང་ཁྱེར་གཙུག་བུད་ཞེས་བྱ་བའི་རང་སངས་རྒྱས་ལྟ་བུ་སྟེ། དེ་ལ་ལོ་ཉེས་ཞིག་གི་ཚེ་མི་དབུལ་པོ་ཞིག ་གིས་བསོད་སྙོམས་ཞིག་ཕུལ་བས། དེ་དེ་ཉིད་ཀྱི་ཚེ་རྒྱལ་པོར་དབང་བསྐུར་ནས། དུས་གཞན་ཞིག་ན་རང་སངས་རྒྱས་སུ་གྱུར་པ་ལྟ་བུའོ།། དེ་ཡང་མདོ་སྡེ་དག་ལས་གསུངས་པ་གྲོང་ཁྱེར་གཙུག་བུད་ཅེས་བྱ་བ་དེ་དང ་འདྲ་བར་སེམས་མོས་པའི་འབྲས་བུ་ཚེ་འདི་ཉིད་ལ་རྣམས་པར་སྨིན་པར་འགྱུར་རོ། ། ཞེས་གསུངས་པ་དང་། ཕ་མ་ལ་རིམ་གྲོ་བྱས་ན། དེད་དཔོན་གྱི་བུ་བྱམས་པ་མཆོད་སྦྱིན་གྱིས་མའི་ངག་མཉན་ཏེ་ལན་བཞི་ཕྱིར་ལོག ་པས་གྲོང་ཁྱེར་ཆེན་པོ་བཞིར་ཉི་ཚེ་བའི་མཐོ་རིས་མྱོང་བར་གྱུར་ཅིང་དེའི་ཐར་པའི་ས་བོན་དུ་གྱུར་པ་ལྟར་ཚེ་འདི་ལ་འབྲས་བུ་རྣམ་པར་སྨིན་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། ། ཇི་ལྟར་ན་བཅོམ་ལྡན་འདས ་དང་ཕ་མ་ལ་ཞེ་སྡང་བར་བྱས་པའི་སེམས་ཀྱིས། ། སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ཞེ་ན། དེ་ནི་དཔེར་ན་ལྷས་སྦྱིན་གྱིས་བཅོམ་ལྡན་འདས་ལ་ཞེ་སྡང་བའི།། སེམས་བསྐྱེད་ནས་ཚེ་འཕོས་པའི་འོག་ཏུ་མན ་མེད་པའི་སེམས་ཅན་དམྱལ་བར་ལྟུང་བ་ལྟ་བུ་དང་། དཔེར་ན་ཡུལ་སིན་དུ་ན་འོ་དོད་ཅན་ཞེས་བྱ་བའི་གྲོང་ཁྱེར་ཞིག་ཡོད་པར་རྒྱལ་པོའི་བུ་ཨུ་ཏྲ་ཀ་ཞེས་བྱ་བས་ཕ་བསད་དེ་སེམས་ཅན་དམྱལ་བར་ལྟུང་བ ་བུ་སྟེ། དེ་ལྟར་ན་བཅོམ་ལྡན་འདས་དང་ཕ་མ་ལ་ཞེ་སྡང་བར་བྱས་པའི་སེམས་ཀྱིས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ།། དེ་དག་ལ་བྱེ་བྲག་མེད་པ་ཡིན་ནམ་ཞེན་བྱེ་བྲག་མེད་པའང་མ་ཡིན་ཏེ། བཅོམ་ལྡན ་འདས་ནི་བསྐལ་པ་བརྒྱ་སྟོང་དུ་མར་དགེ་བའི་རྩ་བ་བསྐྱེད་པ་ཚོགས་བསགས་པ་ལམ་མ་སྐྱེས་པ་རྣམས་ལ་ཆོས་སྟོན་ཅིང་བྱང་ཆུབ་ཏུ་སྟོབས་པ་སྟེ། དེ་ལ་མོས་པ་བསྐྱེད་ན། འབྲས་བུ་རྣམ་པར་སྨིན་པ་ཚད་མེད་པ། ་འགྱུར།། དེ་མྱ་ངན་ལས་འདའ་བའི་ཚེ་ཡང་ཡབ་ཡུམ་ཐར་པའི་ལམ་ལ་བཀོད་དོ།། དེ་ལྟ་ཡིན་ཡང་ཕ་མ་པའི་ཚིག་ནི་ཐམས་ཅད་མཉན་པར་བྱ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ལ་ལ་ལོག་པར་ལྟ་བ་དང་ལྡན་པ་དག་བླ ་ལ་འདི་སྐད་ཅེས་ཟེར་ཏེ། བུ་དེང་ཁ་འཚེ་བའི་གནས་སུ་ཁྲིད་ཅིག་དང་། ཁྱེད་ལ་ཕན་པ་དང་བདེ་བར་འགྱུར་རོ་ཞེས་ཟེར་བ་དང་། དེ་དག་ཡང་དུ་ཐོང་ཤིག་མར་ཆུག་ཤིག་ཅེས་ཟེར་ཡང་དེ་ལྟ་བུ་ནི་མི་བྱའོ།། དེ་ཅིའི་ཕྱིར ་ཞེ་ན། པ་མ་བསད་པས་ནི་གདོན་མི་ཟ་བར་སེམས་ཅན་དམྱལ་བར་འགྲོའོ།། དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཕ་མ་གསད་པ་ནི་རབ་ཏུ་འབྱུང་བར་མི་བྱ་སྟེ། དེ་ལ་རབ་ཏུ་འབྱུང་བའི་རྒྱུ་མེད་བསྙེན་པ་རྫོགས ་པར་བྱ་བའི་རྒྱུ་མེད་དེ། དེ་ལྟ་བས་ན་དེ་དག་སྤང་བར་བྱའོ།། ཞེས་གསུངས་སོ།། ཇི་ལྟར་ན་ཕ་མ་དང་མཁན་པོ་དང་སློབ་དཔོན་དག་ཏུ་མཉམ་ཞིང་མཚུངས་པར་ཡིན་ཞེ་ན།། དེ་ནི་བཅོམ་ལྡན་འདས་ཀྱིས་ཕམ་བུ་ལ ་བྱམས་པ་ནི་རྐང་དང་རུས་པའི་ཁོང་ནས་བྱམས་སོ་ཞེས་གསུངས་ཏེ། དེ་ལྟ་བུས་ན་ཕ་མས་མ་གནང་ན་རབ་ཏུ་མི་དཔུང་ངོ་།། དེ་ཡང་དཔེར་ན་འཕགས་པ་པོ་བྲང་འཁོར་སྐྱོང་ལ་སོགས་པ་ཕ་མས་མ་བཀྱེན ་བཅོམ་ལྡན་འདས་ཀྱིས་ཀྱང་རབ་ཏུ་མ་ཕྱུང་བ་ལྟ་བུ་སྟེ། ད་ཆུང་ཕ་མས་མ་གནང་ན་རབ་ཏུ་མི་དབྱུང་སྟེ། དཔེར་ན་བཅོམ་ལྡན་འདས་རབ་ཏུ་བྱུང་བ་ལ། རྒྱལ་པོ་ཟས་གཙང་མ་སྲས་ཀྱི་མྱ་ངན་གྱིས་མི་རུང་བར། ་གྱུར་པ་ལྟ་བུའོ།། ཕ་མ་ནི་བུ་འདི་བདག་ཅག་གིས་བསྐྱེད་པསྐྱེད་ཀྱིས། སྐྱེས་ན་རིམ་གྲོར་བྱེད་པར་འགྱུར་རོ།། བདག་ཅག་གི་དགོས་པ་བསྒྲུབ་པར་འགྱུར་རོ་ནོར་གྱི་བདག་པོར་འགྱུར་རོ།། ཚེ་འཕོས་ན་ཡང་གཏོར ་མ་བྱེད་པར་འགྱུར་རོ། ། རིགས་ཀྱི་རྒྱུད་འཚོབ་པར་འགྱུར་རོ་ཞེས་གནས་ལྔ་པོ་དེ་དག་ལ་རེ་ཞིང་ཕ་མ་འདོད་དོ།། མཁན་པོ་དང་སློབ་དཔོན་ནི་སྙིང་རྗེའི་སེམས་སྔོན་དུ་བཏང་ཞིང་། ཇི་ལྟར་ན་ཐོག་མ་མེད་པ་ནས་འཁྱམ་འཁྱམ་པ ་འདི། འཁོར་བའི་མཐར་ཕྱིན་པར་བྱ་སྙམ་སེམས་ཏེ། དཔེར་ན་བཅོམ་ལྡན་འདས་ཀྱིས་འདུལ་བ་ལས་གསུངས་པ། མཁན་པོ་ནི་སློབ་མ་ལ་བུའི་འདུ་ཤེས་འཇོག་གོ། སློབ་མ་ནི་མཁན་པོ་ལ་ཕའི་འདུ་ཤེས་འཇོག་གོ། དེ ་བཞིན་དུ་ཕན་ཚུན་ཕ་མ་དང་བུའི་འདུ་ཤེས་འཇོག་གོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་ན་མཁན་པོ་དང་སློབ་དཔོན་ནི་ཕ་མ་དང་མཚུངས་ཤིང་མཉམ་མོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་འཁོར་ལོ་སྒྱུར་བའི་མདོ་ལས ་གསུངས་པ། ལས་ཀྱི་རྣམ་པར་སྨིན་པ་གང་གིས་འཁོར་ལོ་སྒྱུར་བའི་རྒྱལ་པོ་གླང་པོ་རིན་པོ་ཆེ་དང་རྟ་རིན་པོ་ཆེ་འཐོབ་ཅེ་ན། དེ་ནི་ཕ་མ་ཁུར་དུ་ཁྱེར་ཁྱེར་བ་དང་གླང་པོ་དང་རྟ་དང་ཤིང་རྟ་ལ་སོགས་པ་ལ་བསྐྱེད་པ་དང་། ་མཁན་པོ་དང་སློབ་དཔོན་བདག་གིས་བཀུར་བ་དང་། གཞན་ལ་བསྐྱོན་པའི་ལས་ཀྱི་རྣམ་པར་སྨིན་པས། འཁོར་ལོས་སྒྱུར་བའི་རྒྱལ་པོ་གླང་པོ་དང་རྟ་རིན་པོ་ཆེ་ཐོབ་པོ་ཞེས་གསུངས་པ་ལྟ་བུ་སྟེ། རྒྱུ་དེས་ཀྱང་ཕ་མ་དང ་མཁན་པོ་དང་སློབ་དཔོན་དག་ཏུ་མཚུངས་ཤིང་མཉམ་མོ། ། དེ་ལའང་ཁྱིམ་བདག་ལ་ནི་ཕ་མ་མཆོད་པའི་གནས་ཡིན་ནོ།། རབ་ཏུ་བྱུང་བ་རྣམས་ལ་ནི་མཁན་པོ་དང་སློབ་དཔོན་མཆོད་པའི་གནས་ཡིན་ནོ།། དེ་ལྟར་ན ་མཁན་པ་དང་སློབ་དཔོན་དང་ཕ་མར་མཚུངས་ཤིང་མཉམ་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། ། དཔེར་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་ལ་ལ་ཞིག་གིས་ཕ་མ་ཕྲག་པ་ལ་བླངས ་ཏེ་འཛམ་པའི་གླེང་བསྐོར་བ་དང་འཚོ་བ་ཐམས་ཅད་སྦྱར་བ་དང་གླིང་བཞི་ཐམས་ཅད་ནོར་དབྱིག་དང་གསེར་གྱིས་བཀང་སྟ་བྱིན་ཡངས་པ་མ་ལ་ཕན་པའི་ལན་ལོན་པར་མི་འགྱུར་གྱི། ལ་ལ་ཞིག་གིས་སངས་རྒྱས་ལ་དད་པ ་བསྐྱེད་པ་དང་། ཆོས་དང་དགེ་འདུན་ལ་དད་པ་བསྐྱེད་པ་དང་། བསླབ་པ་ལྔ་ལ་གཞག་པ་དང་། འཕགས་པས་བསྔགས་པའི་ལམ་ལ་སྐྱབས་སུ་གཏོང་བའི་གང་ཟག་དེ་ལ་ནི། གུས་པར་སྨྲས་པ་དང་བསུ་བ་དང་ཐལ་མོ ་སྦྱར་བ་དང་བཏུད་པ་དང་ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་། ན་བའི་སྨན་བྱིན་པ་ཙམ་གྱིས་ཕན་པའི་ལན་ལོན་པར་མི་ནུས་སོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་ན་ཕ་མ་བས་ཀྱང་མཁན་པོ་དང་སློབ་དཔོན ་ཁྱད་པར་དུ་འཕགས་སོ། ། མདོར་ན་བཅོམ་ལྡན་འདས་མྱ་ངན་ལས་འདས་ཕྱིན་ཅད་དགེ་སློང་ངམ་དགེ་སློང་མ་འམ། དགེ་བསྙེན་ནམ་དགེ་བསྙེན་མ་ཇི་སྙེད་ཅིག་མངོན་པར་མོས་པ་དང་དུལ་བར་གྱུར་པ་དེ་དག་ཐམས ་ཅད་ཀྱང་། མཁན་པོ་དང་སློབ་དཔོན་གྱིས་མངོན་པར་མོས་ཤིང་དུལ་བར་བྱས་སོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་དག་ངའི་ཚིག་ལ་ཡིད་ཆེས་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས ་ལ་དད་པ་མཆོག་བསྐྱེད་པར་བྱའོ། ། ཆོས་དང་དགེ་འདུན་དང་། ཕ་མ་དང་མཁན་པོ་དང་སློབ་དཔོན་ལ་དད་པ་མཆོག་བསྐྱེད་པར་བྱའོ།། དེ་ནི་ཁྱོད་ལ་ཡུན་རིང་པོར་ཕན་པ་དང་བདེ་བའི་རྒྱུར་འགྱུར་རོ་ཞེས་གསུངས་པ་ལ ་བུ་སྟེ། ལས་དེ་ལྟ་བུ་ནི་ཡུལ་གཞན་དུ་རྣམ་པར་སྨིན་པར་འགྱུར་རོ།། དེ་ལ་ལས་གང་དང་ལྡན་ན་གང་ཟག་སྔར་བདེ་བར་གྱུར་ལ། ཕྱིས་སྡུག་བསྔལ་བར་འགྱུར་བའི་ལས་ཡོད་དེ། དེ་གང་ཞེན་བཤད་པར་བྱ་སྟེ། འདི་ལ། ་ལ་ལ་ཞིག་སྦྱིན་པ་བསླངས་ན་རབ་ཏུ་དགའ་སྟེ། ཁས་ལེན་ཅིང་རབ་ཏུ་དགའ་བས་བྱིན་ལ། བྱིན་ནས་དེའི་འོག་ཏུ་འགྱོད་པ་ཡིན་ཏེ། དེ་ནས་མེ་རེ་སྐྱེས་ན་ཡང་ཕྱུག་ཅིང་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་སྟེ། ལོངས་སྤྱོད་དེ། ་དག་ཕྱིས་ཟད་ཅིང་དེངས་པར་འགྱུར་རོ།། དེ་ཕྱིས་དབུལ་པོར་འགྱུར་བ་ནི་ཁྱེའུ་གྲགས་པ་ཞེས་བྱ་བ་བཞིན་ཏེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་ལོག་པར་དད་སེལ་དང་། དགེ་སློང་གི་དགེ་འདུན་པ ་བབ་བཞོན་གཅིག་ཕུལ་ནས། དཔྱིས་གཞན་དག་གིས་གྱོད་བཏབ་པ་དང་། ད་ལྟར་བྱིན་པ་ནི་མ་ལེགས་པ་ཞིག་བྱས་སོ་སྙམ་ནས།། དེ་སེམས་ལ་འགྱོད་པ་སྐྱེས་པས། དེ་གར་ཀྱང་སྐྱེས་ཀྱང་ཐོག་མ་ཐུག་པར་ནི་གྱུར་ན། ་ཕྱིས་སེམས་འགྱོད་པ་སྐྱེས་པ་དེས་ཐ་མར་དབུལ་པོར་གྱུར་ཏོ།། དེ་ཕྱིས་རྒྱལ་པོའི་ཁབ་ཏུ་སྐྱེས་ཏེ། སྐྱེ་བ་ན་དེ་ཚེ་འཕོས་པར་གྱུར་པ་དང་། འདི་སྐྱེས་པས་མ་ཡང་ཚེ་འཕོས་ཏེ། འདི་ནི་སྐར་མ་སྡུམས་ལས་སྐྱེས་པས་རིགས ་ཕུང་བར་བྱེད་པར་འགྱུར་ཏེ། འདི་ནི་བཀྲ་མི་ཤིས་སོ་ཞེས་ནས་མ་དང་ལྷན་ཅིག་ཏུ་དུར་ཁྲོད་དུ་བོར་རོ།། དེ་ན་ཡང་དེའི་བསོད་ནམས་ཀྱི་མཐུས་མའི་ནུ་མ་ཡ་ཅིག་ནས་འོ་མ་བྱུང་སྟེ། དེས་གསོས་ནས་ཆེར་སྐྱེས་པ་དང་། ་བཅོམ་ལྡན་འདས་ཀྱི་གན་དུ་སོང་སྟེ་རབ་ཏུ་བྱུང་ངོ་།། དེ་ལྟར་དེས་སྔར་དད་པ་སྐྱེས་ཏེ་བ་བཞོན་ཕུལ་ལ་ཕྱིས་འགྱོད་པར་གྱུར་པས་ལས་དེའི་འབྲས་བུས་སྔར་སེམས་དད་པས་ཕུལ་བས་ནི་དེ་ཉིད་དེའི་ཐར་པའི་ས ་བོན་དུ་གྱུར་ཏོ། ། ཕྱིས་འགྱོད་པས་ནི་ཐ་མ་དབུལ་པོར་གྱུར་པ་ལྟ་བུ་སྟེ། འདི་ནི་ལས་གང་དང་ལྡན་ན་གང་ཟག་སྔར་བ་དེ་ལ་ཕྱིས་སྡུག་བསྔལ་བར་འགྱུར་བའོ།། དེ་ལ་ལས་གང་དང་ལྡན་ན་གང་ཟག་སྔར་སྡུག་བསྔལ་ལ ་གྱིས་བདེ་བར་འགྱུར་བའི་ལས་ཡོད་དོ། ། དེ་གང་ཞེ་ན། བཤད་པར་བྱ་སྟེ། འདི་ལ་ཁ་ཅིག་སྦྱིན་པ་བྱེད་དུ་བཅུག་ན་ཁ་སྲ་བ་ལས་ཁས་ལེན་ཅིང་། ཁ་ས་བཞིན་དུ་སྦྱིན་པ་བྱེད་ལ། སྦྱིན་པ་བྱིན་པའི་འོག་ཏུ་སེམས་དག ་བསྐྱེད་དོ། ། དེ་ནི་མིའི་ནང་དུ་སྐྱེས་ན་དབུལ་པོའི་རིགས་སུ་སྐྱེས་ཏེ་ཕྱིས་ལོངས་སྤྱོད་དེ་དག་འཕེལ་བར་འགྱུར་རོ།། དེ་བསླངས་ན་ཁ་སྲ་བར་ཁས་ལེན་པ་དང་། ཁ་སྲ་བཞིན་དུ་སྦྱིན་པ་བྱེད་ནས་ཕྱིས་དགའ་བར་གྱུར་པ ་རྒྱས། སྔོན་དབུལ་བར་གྱུར་ལ་ཕྱིས་ནོར་མང་པོར་གྱུར་པ་ཡིན་ནོ།། འདི་ནི་གང་ཟག་ལས་གང་དང་ལྡན་ན། སྔར་སྡུག་བསྔལ་བར་གྱུར་ལ་བྱིས་བདེ་བ་ཡིན་ནོ།། དེ་ལ་གང་ཟག་ལས་གང་དང་ལྡན་ན། སྔར་ཡང་བདེ་ལ་བྱིས ་ཀྱང་བདེ་བར་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན། ཁ་ཅིག་བསངས་མ་ཐག་ཏུ་དགའ་ཞིང་ཁས་ལེན། དགའ་བཞིན་དུ་སྦྱིན་པ་བྱིན་ནས་ཀྱང་དགའ་བར་འགྱུར་རོ།། དེ་ནས་མིའི་ནང་དུ་སྐྱེས་ན་ཐུག་ཅིང་ལོངས་སྤྱོད་ཆེ་བ་རིག ་སུ་སྨེའོ། ། འདི་ནི་གང་ཟག་ལས་གང་དང་ལྡན་ན་སྔར་ཡང་བདེ་ལ་ཕྱིས་ཀྱང་བདེ་བར་འགྱུར་རོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་སྔར་ཡང་སྡུག་བསྔལ་བར་གྱུར་ལ་ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས ་ཡོད་དེ། དེ་གང་ཞེ་ན། འདི་ལ་གང་ཟག་ལ་ལ་དགེ་བའི་བཤེས་གཉེན་དང་བྲལ་བར་གྱུར་ཏེ། དེ་སུས་ཀྱང་སྦྱིན་པ་བྱེད་དུ་མ་བཅུག་དེས་ཀྱང་སྦྱིན་པ་ཅི་ཡང་མ་བྱིན། དེས་སྡིག་པའི་ལས་ཀྱང་ཅི་ཡང་མ་བྱས་ཤིང་མ་བསརྦ ་པ་ཡིན་ཏེ། གང་ཟག་དེ་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེས་ན། དབུལ་པོ་བཟའ་བ་དང་བཏུང་བ་སྡུག་བསྔལ་བས་འཚོ་བའི་རིགྲས་སྐྱེ་བར་གྱུར་ཏེ། དེ་དེར་སྐྱེས་ནས་ཚོགས་ཆེན་པོས་བཟའ་བ་དང་བགོ་བ་རྙེད་པར ་འགྱུར་ལ། དེའི་ལོངས་སྤྱོད་དེ་དག་ཕྱིས་ཀྱང་མ་འཕེལ་བ་སྟེ། འདི་ལ་གང་ཟག་ལས་གང་དང་ལྡན་ན་སྔར་ཡང་སྡུག་བསྔལ་ལ་གྱིས་ཀྱང་སྡུག་བསྔལ་ལ་ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའོ།། དེ་ལ་གང ་ཟུག་ལས་གང་དང་ལྡན་ན། བྷག་ཙང་སེར་སྣ་ཅན་དུ་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན། འདི་ལ་གང་ཟག་ལ་ལས་ཚུལ་ཁྲིམས་དང་ལྡན་པ་སྦྱིན་གནས་སུ་གྱུར་པ་དག་ལ་སྦྱིན་པ་ཅུང་ཟད་ཙམ་ཡང་བྱིན་པ ་ཡིན་ཏེ་ཡང་སྦྱིན་པ་ལ་སེམས་གོམས་པ་ནི་མ་ཡིན་ནོ། ། དེ་ནམ་མིའི་ནང་དུ་སྐྱེ་བ་ན། སྦྱིན་པ་དེའི་མཐུས་བྱུག་ཅིང་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་སྟེ།། ཡང་གཏོང་བ་ལ་སེམས་གོམས་པ་མ་ཡིན་སྟེ། ལས་ངེས ་ཟུག་ལ་སེར་ས་ཅན་དུ་འགྱུར་རོ། ། ང་ཟག་འདི་ནི་ལས་གང་དང་ལྡན་ན་ཕྱུག་ཅིང་སེར་སྣ་ཅན་དུ་འགྱུར་བའོ།། དེ་ལ་གང་ཟག་ལས་གང་དང་ལྡན་ན། དབུལ་ཞིང་གཏང་བོད་པར་འགྱུར་བའི་ལས་ཡཛད ་གང་ཞེ་ན། འདི་ལ་གང་ཟག་ཁ་ཅིག་དུད་འགྲོ་བ་དང་མི་ལོག་པའི་ངང་ཚུལ་ཅན་ལ་སྦྱིན་པ་མང་དུ་བྱིན་པ་ཡིན་ཏེ། དེ་ནམ་མིའི་ནང་དུ་སྐྱེས་ན་ཡང་དབུལ་ཞིང་གཏོང་ཕོད་པར་འགྱུར་བ་ནི་སྔོན་སྦྱིན་པ་ལ་གོམས ་པས་དབུལ་ཡང་གཏོང་བོད་པར་འགྱུར་རོ། ། འདི་ནི་གང་ཟག་ལས་གང་དང་ལྡན་ན། དབུལ་ཞིང་གཏོང་ཕོད་པར་འགྱུར་བའོ།། དེ་ལ་གང་ཟག་ལས་གང་དང་ལྡན་ན་བྱུག་ཅིང་གཏོང་ཕོད་པར་འགྱུར་བའི་ལས ་ཡོད་དེ། དེ་གང་ཞེ་ན། འདི་ལ་གང་ཟག་ཁ་ཅིག་གིས་ཚུལ་ཁྲིམས་དང་ལྡན་པ་སྦྱིན་གནས་སུ་གྱུར་པ་དག་ལ་སྦྱིན་པ་མང་དུ་བྱས་པ་ཡིན། སྦྱིན་པ་ལ་སེམས་གོམས་པ་ཡིན་ཏེ། དེ་ལས་དེས་མིའི་ནང་དུ་སྐྱེས ་ན་ཡང་བྱུག་ཅིང་ལོངས་སྤྱོད་ཆེ་བར་འགྱུར་ཏེ། དཔེར་ན་ཁྱིམ་བདག་མགོན་མེད་པ་ལ་ཟས་བྱིན་པ་ལྟ་བུའོ།། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་ལོག་པར་དད་སེལ་ལ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ ་བུལ། གཙུག་ལག་ཁང་བརྩིགས། དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་དང་འོད་སྲུང་དང་དོན་ཐམས་ཅད་གྲུབ་པ་དང་། བྱམས་པ་ལ་གསེར་གྱི་ཡག་མ་ག་བཏིང་བ་ཕུལ་བ་ལྟ་བུ་སྟེ། ་འདི་ནི་གང་ཟག་ལས་གང་དང་ལྡན་པ་ཕྱུག་ཅིང་གཏོང་བོད་པར་འགྱུར་བའོ།། དེ་ལ་གང་ཟག་ལ་ལ་ཚེ་ཟད་ལ་ལས་ཚེ་མ་ཟད་པ་ཡོད་དེ།། དེ་གང་ཞེ་ན། གང་ཟག་གང་སེམས་ཅན་དམྱལ་བ་ལས་ཚེ་འཕོས ་སེམས་ཅན་དམྱལ་བ་ཉིད་དུ་སྐྱེ་བ་དང་། དུད་འགྲོ་ལས་ཚེ་འཕོས་ཏེ་དུད་འགྲོ་ཉིད་དུ་སྐྱེ་བ་དང་། གཤིན་རྗེའི་འཇིག་རྟེན་ལས་ཚེ་འཕོས་ཏེ་གཤིན་རྗེའི་འཇིག་རྟེན་ཉིད་དུ་སྐྱེ་བ་དང་།། ལྷ་ལས་ཚེ་འཕོས་ཏེ ་དུ་སྐྱེ་བ་དང་། ཟམ་པ་བ་6། ར་ཡང་དང་ཡང་རྩ་འབས་ཀྵའུར་སྐྱེས་པ་དང་། སྔར་ཀླས་པ་བྱས་བ་དག་སང་དང་ཡང་ཐུགས་སུ་སྐྱེས་པ་བཞིན་ནོ།། ཅན་དུ་ཡོང་བན་ཁྲིས་བདག་དབུས་པ་གཅན ་འཕོས་པ་ནས། དེའི་ཁྱིམ་སྟོན་གླང་སྐལ་པ་ཅན་ཞིག་ཡོད་དོ།། ཁྱིམ་བདག་དེ་སེམས་ཁྱིམ་ལ་ཆགས་པས་ཚེ་འཕོས་ནས་གླང་དེའི་སྐལ་བའི་སྲིན་བུར་སྨྲས་ཏེ། སྐྱེས་མ་ཐག་ཏུ་བྱ་རོག་གིས་ཟོས་པ་དང ་དེ་ཉིད་དུ་སྲིན་བུར་སྐྱེས་སོ། ། དེ་ལྟར་དེ་ཉིད་དུ་བྱིན་གཅིག་ལན་བདུན་ཚེ་འཕོས་ཤིང་སྐྱེས་པ་ལྟ་བུ་དང་། འཕགས་པ་མོའུ་དགལ་གྱི་བུ་ཆེན་པོ་ཡུལ་མ་གདར་བསོད་སྙོམས་ལ་སོང་སོང་བ་ལས་ཁྱིམ་ཞིག་གི་སྒོ ་ནང་དུ་བྱིན་པ་དང་། ཁྱིམ་དེ་ན་ཁྱིམ་བདག་བུད་མེད་དང་བཅས་པ་ཞིག་བདེན་བུ་ཐོགས་ཏེ། ཉ་ཤའི་བྱ་ན་བཅས་པའི་ཁ་ཟས་ཟ་ཞིང་མདུན་ན་ཁྱི་ནག་མོ་ཞིག་འདུག་པ་དེ་ལ་ཉའི་རུས་པ་འདོར་རོ།། དེ་ནས་ཁྱིམ་བདག ་དེས་མོའུ་དགལ་གྱི་བུ་ཆེན་པོ་མཐོང་ནས་འཕགས་པ་འདི་ན་སློང་བ་ལ་སྦྱིན་པ་སུ་ཡང་མ་མཆིས་ཀྱིས། སླར་བཞུད་ཅིག་ཅེས་སྨྲས་ཏེ་སླར་ལོག་པ་དང་། ཁྱིམ་དེའི་སྒོ་ན་ཡུལ་གཞན་ནས་འོངས་པའི་སྐྱེས་བུ་མཁས ་པ་ཞིག་སྔ་ན་འདུག་འདུག་པ་དེས་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། ཀྱེ་མ་བཙུན་པ་འདི་ནི་རྫུ་འཕྲུལ་ཅན་གྱི་མཆོག་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་བསྙེན་དགའ་བོ་ནི་བཏུལ། ལྷའི་ཕོ་བྲང་རྣམ་པར་རྒྱལ་བ ་ཡང་ཕྱག་གཡོན་པའི་མཐེ་བོས་བསྐུལ་ཏེ་བརྒྱ་བྱིན་ཡང་ངོ་མཚར་དུ་གྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་མིག་བཙུམས་པ་ཙམ་གྱིས་བསྐོར་བ་ལགས་ན། བསོད་སྙོམས་མ ་གསོལ་བར་སླར་བཏང་བ་ནི་ངོ་མཚར་ཆེའོ་ཞེས་བྱས་པ་དང་། དེ་ནས་གནས་བརྟན་གྱིས་དེ་དག་སྐྱོ་བར་བྱ་བའི་ཕྱིར་སྨྲས་པ། ཁྱེའུ་ངོ་མཚར་མི་ཆེའོ།། མི་དེས་སྨྲས་པ་འོ་ན་ངོ་མཚར་ཆེན་པོ་ཅི་མཆིས ་དེས་སྨྲས་པ་འདི་ན་ཁྱིམ་བདག་ཉ་ཤའི་བྱ་ན་དང་བཅས་པའི་ཁ་ཟས་ཟ་བ་དེ། ཉ་དེ་ནི་ཁྱིམ་བདག་དེའི་ཕ་ཡིན་ཏེ། འདི་ནི་ཁྱིམ་གྱི་རྒྱུབ་ན་རྫིང་ཉ་མང་པོ་ཞིག་ཡོད་པ་ནས་ཉ་རྣམས་བཅུས་ཤིང་བཅུས་ཤིང་ཟོས ་ཏེ། མི་དེ་ཚེ་འཕོས་པ་དང་ཉ་དེ་དག་ཉིད་ཀྱི་ནང་དུ་སྐྱེས་སོ།། དེའི་བུ་འདིས་ཀྱང་ལན་བརྒྱ་ཕྲག་དུ་མར་ཉ་དེ་བཅུས་ཤིང་བཅུས་ཤིང་ཟོས་ཏེ། འདི་ཉིད་དུ་ཡང་དང་ཡང་དུ་ལན་དུ་མར་སྐྱེས་སོ།། ཁྱི་མོ་འདི་ནི་ཁྱིམ་བདག་དེའི་མ ་ཡིན་ཏེ། འདི་ཡང་ཆགས་པའི་ཟིལ་གྱིས་ནོན་པས་སུ་ལ་ཡང་སྦྱིན་པ་ཡང་མ་བྱིན། ཚུལ་ཁྲིམས་ཀྱང་མ་བསྲུངས་པར་གྱི་འདའ་རིགས་དང་རྒྱུད་ཀྱི་དོན་དུ་རྫས་རྣམས་བསྲུངས་ཏེ། དེ་ཡང་ཁྱིམ་འདི་ཉིད་ལ་སེམས ་ཆགས་བཞིན་དུ་ཚེ་འཕོས་ནས་ཁྱི་མོ་དེར་སྐྱེས་ཏེ། དེ་ནས་ཚེ་འཕོས་ནས་ཀྱང་ཡང་དང་ཡང་དུ་འདི་ཉིད་དུ་སྐྱེས་ཏེ། ཁྱིམ་འདིར་མི་གཞན་ཞུགས་སུ་དོགས་ནས་མཚན་ཐོག་ཐག་ཀྱང་ཁྱིམ་ཕྱི་སྐོར་རོ།། མི ་དེའི་བདེན་འདུག་པའི་བུ་དེ་ཡང་དེའི་ཆུང་མའི་བྱི་བོ་ཡིན་ཏེ། ཁྱིམ་བདག་འདིས་ཆུང་མ་མི་གཞན་དང་ཉལ་བར་ཐོས་ནས། ཁྱིམ་བདག་དེ་གྲོང་གཞན་དུ་འགྲོ་བ་ལྟར་བྱས་ཏེ་ཁྱིམ་ནས་ཕྱིར་བྱུང་བ་དང་། བུད ་མེད་དེ་ཡང་མི་གཞན་དང་ཉལ་བ་ལ་ཁྱིམ་བདག་འདི་སླར་ལོག་སྟེ་མི་དེ་བསད་དོ། ། དེ་ཡང་བུད་མེད་དེ་ལ་ཆགས་ཤིང་སྡུག་པའི་རྒྱུས་བུད་མེད་འདིའི་རུམ་དུ་སྐྱེས་སོ།། ཁྱེའུ་ལྟོས། ཕ་གང་ཡིན་པ་དེའི་ཤ་ནི ་ཟ། མ་གང་ཡིན་པ་དེ་ལ་ནི་ཉའི་རུས་པ་དང་ཕྲ་མ་འདོར། བྱི་བོ་པྱོད་བྱེད་པའི་དགྲ་བོ་ཁྲོས་པས་བསད་པ་གང་ཡིན་པ་དེ་ནི་བར་དུ་བླངས་སོ།། དེ་ལྟ་བས་ན་འཁོར་བའི་ཉེས་པ་འདི་ལ་སྐྱོ་བར་བྱ་བའི་རིགས ་ཏེ་ངོ་མཚར་ནི་འདི་ཆེའོ། ། དེ་ནས་དགེ་སློང་མོའུ་དགལ་གྱི་བུ་དེས་ཕྱི་མའི་སྐྱེ་བོ་ཕལ་པོ་ཆེ་རྣམས་སྐྱོ་བར་བྱ་བའི་ཕྱིར་དོན་འདི་ཉིད་ཚིགས་སུ་བཅད་པས་བསྟན་པ། དེ་ཡི་ཕ་ཡི་ཤ་ཟ་ཞིང་།། མ་ལ་རུས་པ་གྲ ་མ་འདོར། ཆུད་མའི་བྱི་བོ་གསོ་བྱེད་པ། གཏི་མུག་དང་ནི་ཆགས་པས་བསྒྲིབས།། གང་ཟག་འདི་ནི་ཚེ་ཟད་ལ་ལས་མ་ཟད་པའོ།། དེ་ལ་གང་ཟག་ལ་ལ་ལས་ཟད་ལ་ཚེ་མ་ཟད་པ་ཡོད་དེ། དེ་གང་ཞེ་ན། གང ་ཟག་སྔར་བདེ་བར་གྱུར་ལ་ཕྱིས་སྡུག་བསྔལ་བར་གྱུར་པ་དང་། སྔར་སྡུག་བསྔལ་བར་གྱུར་ལ་ཕྱིས་བདེ་བར་གྱུར་པ་སྟེ། གང་ཟག་དེ་ནི་ལས་ཟད་ལ་ཚེམ་ཟད་པའོ།། དེ་ལ་གང་ཟག་ལས་ཀྱང་ཟད་ལ་ཚེ་ཡང་ཟད ་པ་ཡོད་དེ། དེ་གང་ཞེ་ན། གང་ཟག་གང་སེམས་ཅན་དམྱལ་བ་ནས་ཚེ་འཕོས་ཏེ་དུད་འགྲོར་སྐྱེས་པ་དང་། དུད་འགྲོ་ལས་ཚེ་འཕོས་ཏེ་ཡི་དགས་སུ་སྐྱེ་བ་དང་། ཡི་དགས་ལས་ཚེ་འཕོས་ཏེ་ལྷ་མ་ཡིན་དུ་སྐྱེ་བ་དང་།། ་ལྷ་མ་ཡིན་ལས་ཚེ་འཕོས་ཏེ་མིའི་ནང་དུ་སྐྱེ་བ་དང་། མི་ལས་ཚེ་འཕོས་ཏེ་ལྷའི་ནང་དུ་སྐྱེ་བ་ལྟ་བུ་སྟེ། གང་ཟག་དེ་ནི་ཚེ་ཡང་ཟད་ལ་ལས་ཀྱང་ཟད་པའོ།། དེ་ལ་གང་ཟག་གང་ཚེ་ཡང་མ་ཟད་ཅིང་ལས་ཀྱང་མ་ཟད་ལ། ་དེའི་ཉོན་མོངས་པ་ཟད་པ་ཡོད་དེ།། དེ་གང་ཞེ་ན། རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ལྟ་བུ་སྟེ། གང་ཟག་དེ་ནི་ཚེ་ཡང་མ་ཟད་ཅིང་ལས་ཀྱང་མ་ཟད་ལ་དེའི་ཉོན་མོངས ་པཟད་པ་ཡིན་ནོ། ། དེ་ལ་གང་ཟག་ལུས་པ་དེ་ལ་སེམས་མི་བདེ་བ་ཡོད་དེ།། དེ་གང་ཞེ་ན། སོ་སོའི་སྐྱེ་བོ་བལ་བ་བསོད་ནམས་བྱིས་པ་ནི་ལུས་བདེ་ལ་སེམས་མི་བདེ་སྟེ། དཔེར་ན་ཡུལ་མ་ག་ཏའི་བྲམ་ཟེ་དང ་ཁྱིམ་བདག་དང་རྒྱལ་པོ་མན་ཏ་ལ་སོགས་པ་སྟ་བུ་སྟེ། གང་ཟག་འདི་ནི་ལུས་བདེ་ལ་སེམས་མི་བདེ་བའོ།། དེ་ལ་གང་ཟག་ལ་ལ་སེམས་བདེ་ལ་ལུས་མི་བདེ་བ་ཡོད་དེ། དེ་ག་ཤེ་ན། དཔེར་ན་དགྲ་བཅོམ་པ ་རས་གས་བུ་ནི། ། སེམས་པ་དེ་ལ་ལུས་མ་བདེ་པ་ཡིན་ནོ།། འདི་ལྟ་སྟེ་འཕགས་པ་ཤན་ཏ་ངས་ཀྱི་བས་སྔམ་ལ་རང་སངས་རྒྱས་ཁྲུས་བྱེད་པལ་བ་ཡང་གི་རྩི་བ་དང་ཀ་ཙི་ཏི་སུ་ཀར་བམས་ཏེ་བས ་བའི་ཕྱིར་བྱིན་པས་དེའི་ལས་ཀྱི་རྣམ་པར་སྨིན་པས་ལུས་མཛེས་གང་བར་མཐོང་ངོ་། ། འདི་ལྟར་ཚིགས་སུ་བཅད་པ་སྨྲས་པ། ལས་ནི་ཤིན་ཏུ་སྟོབས་ཆེ་སྟེ། རྡོ་རྗེ་ལྟ་བུའི་ལས་རྣམས་ལས།། ག ་བདག་གི་དབང་བྱས་ཀྱང་། ། སྡུག་བསྔལ་བ་ཡི་ལས་རྣམས་མྱོང་།། ཞེས་བྱ་བ་ལྟ་བུ་དང་། འཛད་ག་ཀ་ཤས། རང་སངས་རྒྱས་ཤིག་ཡུལ་བ་ར་ན་སེར་བྱོན་པ་ལ། ཟན་སྤྱད་དེ་སྲིན་ནོ་སྙམ་ནས།། དེ་ལ་རིང་ཞིག་ལོན ་ཏེ་དུས་ཡོལ་པ་དང་ཟན་བྱིན་ནོ། ། དེ་ཡང་ལས་དེས་ཚེ་ཕྱི་མ་ལ་འཕགས་པར་གྱུར་ཀྱང་སྔ་དྲོ་བསོད་སྙོམས་བསླངས་ན། དུས་ཡོལ་ལ་ཐུག་ན་ཟན་རྙེད་པ་ལྟ་བུ་སྟེ།། གང་ཟག་དེ་ལྟ་བུ་ནི་སེམས་བདེ་ལ་ལུས་མི ་བདེ་བའོ། ། གང་ཟག་ལ་ལ་ལུས་ཀྱང་བདེ་ལ་སེམས་ཀྱང་བདེ་བ་ཡོད་དེ།། དེ་གང་ཞེ་ན་འདི་ལ་དགྲ་བཅོམ་པ་ཟག་པ་ཟད་པ་བསོད་ནམས་བྱས་པ་ཡིན་ཏེ།། འདི་ལྟ་སྟེ་དཔེར་ན་རྒྱལ་པོ་ཚེས་གྲགས་ཀྱི་བུ་བཀུལ ་ལ་བུ་སེང་གེའི་སྒྲ་གྲོག་ན། ད་ནི་རབ་ཏུ་བྱུང་ནས་ལོ་བརྒྱད་ཅུ་ལོན་ཏེ། ནམ་ཡང་ཆུང་ངུ་ན་གླད་པ་ན་བ་ཙམ་ཡང་མ་མྱོང་ངོ་ཞེས་ཟེར་བ་ལྟ་བུ་སྟེ།། དེ་ཡང་སྔོན་ཡུལ་བ་རན་སེར་སྤོས་འཚོང་ཞིག་ཏུ་གྱུར་ན། ་སངས་རྒྱས་ལོག་པར་དང་སེལ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ན་བའི་གསོས་སྨན་ཕུལ་བ་དང་དགྲ་བཅོམ་པ་ལ་ཨ་རུ་ར་ཕུལ་བའི་ལས་ཀྱི་རྣམ་པར་སྨིན་པ་དེས་ནད་མེད་ཅིང་བདེ་བའི་མཆོག ་ཐོབ་པོ་ཞེས་གསུངས་པ་ལྟ་བུ་སྟེ། ། གང་ཟག་དེ་ནི་ལུས་ཀྱང་བདེ་བ་ལ་སེམས་ཀྱང་བདེ་བའོ།། ལས་གང་དང་ལྡན་ན། གང་ཟག་ལུས་ཀྱང་མི་བདེ་ལ་སེམས་ཀྱང་མི་བདེ་བ་ཡོད་དེ། དེ་གང་ཞེ་ན། འདི་ལ ་སོ་སོའི་སྐྱེ་བོ་བསོད་ནམས་མ་བྱས་པ་དང་རིགས་དང་རྒྱུད་ཀྱི་གོས་དང་ཟས་སྐོམ་དང་བྲལ་བ་གཞན་གྱི་ཁྱིམ་རྒྱུ་བ་དག་ཡོད་དེ། འདི་ལྟ་སྟེ་ནད་མཛེ་དང་ལུད་པ་དང་རིམས་དང་ཤུ་བ་དང་གཡན་པ་ལ་སོགས ་བའི་ནང་རྣམས་ཀྱིས་ཡོངས་སུ་གཟིར་ཅིང་རྐང་ལག་མེད་པ་མིག་དང་བྲལ་བ་དག་ཡོད་དེ། གང་ཟག་འདི་ནི་ལུས་ཀྱང་མི་བདེ་ལ་སེམས་ཀྱང་མི་བདེ་བ་ཡིན་ནོ།། དེ་ལ་གང་ཟག་ལས་གང་དང་ལྡན་ན་ངན་སོང་རྣམས་སུ ་སྐྱེས་ཀྱང་གཟུགས་བཟང་ཞིང་མཛེས་ལ་ཡུས་སྣུམ་ཞིང་མདོག་འཚེར་ལ་མིག་ཏུ་སྡུག་ཅིང་བལྟ་ན་དགའ་བར་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན། གང་ཟག་གང་འདོད་ཆགས་ལས་བྱུང་བའི་ངང་ཚུལ་ངན་པ ་དང་ལྡན་པ་དེ་ནི་ངན་སོང་རྣམས་སུ་སྐྱེ་སྟེ། དཔེར་ན་རྨ་བྱ་དང་ནེ་རྩོ་དང་བྱ་ཤ་རི་ཀ་དང་བྱ་ཀར་ན་འདའ་བ་དང་། ངུར་བ་ལ་སོགས་པ་ལྟ་བུ་སྟེ། འདི་ནི་གང་ཟག་ལས་གང་དང་ལྡན་ན། ངན་སོང་རྣམས་སུ་སྐྱེས་ཀྱང ་གཟུགས་བཟང་ཞིང་མཛེས་ལ་ལུས་སྣུམ་ཞིང་མདོག་འཚེར་བ་མིག་ཏུ་སྡུག་ཅིང་བལྟ་ན་དགའ་བར་འགྱུར་བའོ། ། དེ་ལ་གང་ཟག་ལས་གང་དང་ལྡན་ན།། ངན་སོང་དུ་སྐྱེས་ལ་མདོག་མི་བཟང་ཞིང་ལུས་རྩུབ་ལ་བལྟ ་ནམ་སྡུག་པར་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན། གང་ཟག་དེ་ནི་ཞེ་སྡང་ལས་བྱུང་བའི་ངང་ཚུལ་ངན་པ་དང་ལྡན་པས་ངན་སོང་རྣམས་སུ་སྐྱེས་པ་སྟེ། འདི་ལྟ་སྟེ་སེང་གེ་དང་སྟག་དང་བྱ་རོ་དང་ཝ་དང་དྲེད་མོ ་དང་སྦྲུལ་ནག་པོ་དང་ཡི་དགས་དང་ཤ་ཟ་ལ་སོགས་པ་ལྟ་བུའོ། ། འདི་ནི་གང་ཟག་ལས་གང་དང་ལྡན་ན། ངན་སོང་རྣམས་སུ་སྐྱེས་ནས་མདོག་མི་བཟང་ཞིང་ལུས་རྩུབ་ལ་བལྟ་ན་མི་སྡུག་པའི་ལས་ཡིན་ནོ།། གང་ཟག ་ལས་གང་དང་ལྡན་ན། ངན་སོང་རྣམས་སུ་སྐྱེས་ནས་ལྕེའི་དབང་པོ་དྲིང་བར་འགྱུར་བ་ཡོད་དེ།། དེ་གང་ཞེ་ན། གང་ཟག་དེ་ནི་གཏི་མུག་ལས་བྱུང་བའི་ངང་ཚུལ་ངན་པ་དང་ལྡན་པས་ངན་སོང་རྣམས་སུ་སྐྱེས་པ་སྟེ།། འ ་ལྟ་སྟེ་སྲོག་ཆགས་ཆུ་ཚུན་ད་རི་དང་སྲིན་བུ་དང་སྦྲུལ་དང་ཤིག་དང་། སྦྲང་མ་དང་མང་ཀུན་ལ་སོགས་པ་དང་། ལུས་ལ་སྲིན་བུའི་རིགས་ཉི་ཤུ་ཡོད་པ་ལྟ་བུ་སྟེ། འདི་ནི་གང་ཟག་ལས་གང་དང་ལྡན་ན། ངན་སོང་རྣམས་སུ ་སྐྱེས་ནས་ལྕེའི་དབང་པོ་དྲིང་ཞིང་དབང་པོ་མི་གསལ་བར་འགྱུར་བའི་ལས་སོ། ། མི་དགེ་བའི་ལས་ཀྱི་ལམ་བཅུ་སྟེ། བཅུ་གང་ཞེ་ན། ལུས་ཀྱི་ལས་རྣམ་གསུམ་དང་། ངག་གི་ལས་རྣམ་བཞི་དང་། ཡིད ་ཀྱི་ལས་རྣམ་གསུམ་སྟེ། མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་གི་རྣམ་པར་སྨིན་པས་ཕྱི་རོལ་གྱི་དངོས་པོ་བཅུ་ཆུད་པར་འགྱུར་ཏེ། སྲོག་གཅོད་པ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་སའི་མདངས་དང ་གཟི་བྱིན་ནུབ་པར་འགྱུར་རོ། ། ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བར་འགྱུར་རོ།། མ་བྱིན་པར་ལེན་པ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། ས་ལ་སེར་བ་དང་བྱ་དང་བ་ལང་དང་བྱི་བ་དང་སྲིན་བུ་དང་། ་ལས་སོགས་པ་ལེ་ཐོག་ལ་ཟ་བ་རྣམས་འབྱུང་ངོ་།། ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་འཁྱམས་པར་འགྱུར་རོ།། འདོད་པ་ལ་ལོག་པར་གཡེམ་པ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། ས་ལ་རྩཝ ་དྲི་བ་དང་ནགས་ཚལ་དྲི་ང་བ་དག་སྐྱེ་བར་འགྱུར་རོ། ། ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས་ལོ་ལེགས་པའི་ཁྱིམ་ན་གནས་པའི་རྟོག་པ་བརྗོད་པ། ཀ་ཤི་རྒྱལ་པོ་དགའ་བས་ལྷ་འོངས་པ་ལ། ནག་པོ་འཆར་ལྡན་གྱིས ་ཚེརབས་ལྔ་མའི་རྟོགས་པ་བརྗོད་པ་སྨོས་པ་རྣམས་བྱའོ། ། བརྫུན་སྨྲ་བའི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཁ་ན་པ་དཀོག་མན་པ་དང་ཁ་མནམ་པ་ལ་སོགས་པར་འགྱུར་རོ།། ལས་དེ་ཉིད་ཀྱི་རྣམ་པར ་སྨིན་པས། མི་བདེན་པས་བསླུས་པར་འགྱུར་བའོ།། བྲ་མ་ཟེར་བའི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། ས་ལ་གསེག་མ་དང་གྱོ་མོ་ལ་སོགས་པ་རེག་ན་མི་བདེ་བ་རྣམས་འབྱུང་ངོ་།། ལས་དེ་ཉིད་ཀྱི་རྣམ ་པར་སྨིན་པས་གཡོག་འཁོར་དབྱེར་རུང་བར་འགྱུར་རོ། ། ཚིག་རྩུབ་པོ་མེ་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། ས་ལ་རྡུལ་དང་ཉལ་ཉིལ་གྱི་རླུང་ལྡང་ཞིང་ཆར་ཆེན་པོ་ལ་སོགས་པ་འབབ་པོ།། ལས་དེ་ཉིད་ཀྱི་རྣམ ་པར་སྨིན་པས། ཡིད་དུ་མི་འོང་བའི་སྒྲ་ཐོས་པ་དང་ཡིད་དུ་མི་འོང་བ་མཐོང་བར་འགྱུར་རོ།། ཚིག་ཀྱལ་བར་སྨྲ་བ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། ས་མཐོན་དམན་དང་སྨན་ལྗོངས་དང་། དམ་གྲོག་དང་གཡངས ་ལས་སོགས་པ་འབྱུང་ངོ་། ། ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས། ཚིག་མི་བཙུན་པར་འགྱུར་རོ།། ཆགས་སེམས་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། འབྲས་དང་ནས་དང་གྲོ་ལ་སོགས་པའི་འབྲས་བུ་ཉུང་ཞིང་གྲམ ་དང་སྤུན་པ་ལ་སོགས་པའི་སྐྱོན་མང་བར་འགྱུར་རོ། ། ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས། ལོངས་སྤྱོད་གཞན་གྱིས་ཁྱེར་བར་འགྱུར་རོ།། གནོད་སེམས་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། ལེ་ཏོག་དང་འབྲས ་བུ་དགེས་བོན་ཚ་བ་དང་ཁ་བོ་འབྱུང་བར་འགྱུར་རོ། ། ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས་མཐོང་ན་མི་སྡུག་པར་འགྱུར་རོ།། ལོག་པར་ལྟ་བ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། འབྲས་བུ་མེད་པ་དང་ཆུང་བ་དང ་དུག་དང་དགུ་པ་ལ་སོགས་པ་འབྱུང་བར་འགྱུར་རོ། ། ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས། མེད་པར་སྨྲ་བ་དང་ཆད་པར་ལྟ་ཞིང་འཇིག་རྟེན་རྒྱད་པན་པའི་གཙུག་ལག་ལ་སོགས་པ་ལ་དད་པར་འགྱུར་རོ།། མི་དགེ ་བའི་ལས་ཀྱི་ལམ་འདི་བཅུ་ཇི་ལྟ་ཇི་ལྟར་བསྒོམས་པ་དེ་ལྟ་དེ་ལྟར་རབ་ཏུ་འཕེལ་བར་འགྱུར་ཏེ། དེའི་ཕྱིར་རྣམ་པར་འཇིག་པའི་ཚེ། ཏིལ་ཡོད་ཀྱང་ཏིལ་མར་མི་འབྱུང་བུ་རམ་ཤིང་ཡོད་ཀྱང་བུ་རམ་མི་འབྱུང་། བུ་རམ ་ཡོད་ཀྱང་གྲགས་དང་ཁར་མི་འབྱུང་། བ་ཡོད་ཀྱང་འོམ་མ་འབྱུང་། འོམ་ཡོད་ཀྱང་མར་མི་འབྱུང་། དེ་ལྟར་མི་དགེ་བ་བཅུའི་ལས་ཀྱི་རྣམ་པར་སྨིན་པས། ཕྱི་རོལ་གྱི་དངོས་པོ་རྣམས་ཆུད་པར་འགྱུར་རོ།། ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་རྣམས་ཕུན་སུམ་ཚོགས་པར་འགྱུར་ཏེ། བཅུ་གང་ཞེ་ན། སྲོག་གཅོད་པ་སྤངས་པའི་རྣམ་པར་སྨིན་པས་ནི་མའི་མཐུ ་དང་གཟི་བྱིན་མེད་པར་མི་འགྱུར་རོ། ། མ་བྱིན་པར་ལེན་པ་སྤངས་པའི་རྣམ་པར་སྨིན་པས་ནི་སེར་བ་དང་བྱི་བ་དང་སྲིན་དང་མུ་གེ་ལ་སོགས་པ་འབྱུང་བར་མི་འགྱུར་རོ།། འདང་པ་ལ་ལོག་པར ་གཡེམ་པ་སྤངས་པའི་རྣམ་པར་སྨིན་པས་ནི་བཛྲ་དངས་འབབ་པ་དང་རྡུལ་དང་རླུང་དང་ཆར་ཟག་པོ་འབབ་པར་མི་འགྱུར་རོ། ། བརྫུན་དུ་སྨྲ་བསྤངས་པའི་རྣམ་པར་སྨིན་པས་ནི་དྲི་མ་ཞོམ་པ་འབྱུང་བར ་མི་འགྱུར་རོ། ། ཕྲ་མ་སྤངས་པའི་རྣམ་པར་སྨིན་པས་ནི་ངམ་གྲོག་དང་གཡངས་ས་དང་འདམ་རྫབ་དང་ངན་སྐྱུགས་ཀྱི་ལྡན་ལྗིན་དང་། དོང་ལ་སོགས་པར་འབྱུང་བར་མི་འགྱུར་རོ།། ངག་རྩུབ་པོ་སྤངས ་པའི་རྣམ་པར་སྨིན་པས་ནི་གསེག་མ་དང་གྱོ་མོ་དང་གྱོ་དུམ་གྱིས་རེག་པ་འབྱུང་བར་མི་འགྱུར་རོ། ། མིག་ཀྱལ་བ་སྤངས་པའི་རྣམ་པར་སྨིན་པས་ནི་རྣ་ཚང་ཚིང་དང་ནགས་ཐིབས་པོ་དང་ཚེ་མའི་ཚད་ཆད་རྣམས ་འབྱུང་བར་མི་འགྱུར་རོ། ། ཆགས་སེམས་སྤངས་པའི་རྣམ་པར་སྨིན་པས་ནི་ལ་ཐོག་ལ་སོགས་པ་འབྲས་བུ་དང་བཅས་པ་འབྱུང་བར་འགྱུར་རོ།། གནོད་སེམས་སྤངས་པའི་རྣམ་པར་སྨིན་པས། ལོ་ལེགས་པ ་དང་འབྲས་བུ་དང་ས་བོན་མི་ཁ་བ་དང་མི་ཚ་བ་རྣམས་འབྱུང་བར་འགྱུར་རོ། ། ལོག་པར་ལྟ་བ་སྤངས་པའི་རྣམ་པར་སྨིན་པས་ནི་འབྲས་བུ་མེད་པ་དང་འབྲས་བུ་ཆུང་བ་མ་ཡིན་པའི་ས་བོན་རྣམས་འབྱུང་བར་འགྱུར ་དག་པ་བཅུའི་ལས་ཀྱི་ལམ་བཅུ་པོ་འདི་དག་ཡང་དག་པར་བླངས་པའི་རྒྱུས་ཕྱི་རོལ་གྱི་དངོས་པོ་བཅུ་ཕུན་སུམ་ཚོགས་པར་འགྱུར་རོ། ། དེ་ལ་སྲོག་གཅོད་པ་ལ་ཉེས་དམིགས་བཅུ་པོ་འདི་དག་འབྱུང་བར་རིག ་པར་བྱ་སྟེ། བཅུ་གང་ཞེ་ན། དགྲ་མ་ང་དང་མཐོང་ན་ཡིད་དུ་མི་འོང་བ་དང་སྡིག་པ་རྣམས་སེམས་པ་དང་དེས་སེམས་ཅན་རྣམས་འཇིགས་པར་འགྱུར་བ་དང་མི་བདེ་ཞིང་ཉལ་ཞིང་མི་བདེ་བཞིན་སད་པ་དང་ཅིག ་པ་ཨ་ཅན་གྱི་རྨི་ལམ་མི་བ་དང་རྨུགས་ཏེ་ཚེ་འབོ་བའི་དུས་བྱེད་པ་དང་འགྱོད་པར་འགྱུར་བ་དང་ཚེ་ཐུང་བར་འགྱུར་བའི་ལས་བྱེད་ཅིང་བ་སོགས་པ་དང་ལུས་ཞོག་སྟེ་ཆེ་འཕོས་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར ་ཉུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། ། མ་བྱིན་པར་ལེན་པ་ལ་ཉེས་དམིགས་བཅུར་རིག་པར་བྱ་སྟེ། བཅུ་གང་ཞེ་ན།། ཁོ་ན་གཅུགས་སུ་འགྱུར་བ་དང་དོགོས་པར་འགྱུར་བ་དང་དུས་མ་ཡིན་པར ་རྒྱུ་བ་དང་མཚན་མོ་རྒྱུ་བ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དགེ་བའི་བཤེས་གཉེན་གྱིས་རྣམ་པར་སྤངས་པ་དང་ཚུལ་ཁྲིམས་འཆལ་བར་འགྱུར་བ་དང་རྒྱལ་པོའི་གནོད་པ་དང་ཆད་པའི་གནོད་པ་འབྱུང་བ ་དང་ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་བའི་ལས་བྱེད་ཅིང་སོག་པ་དང་ལུས་ཞིག་ནས་ཚེ་འབོས་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བའོ། ། འདོད་པ་ལ ་ལོག་པར་གཡེམ་པ་ལ་ཉེས་དམིགས་བཅུར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། གང་དག་གི་ཆུང་མ་ལ་ཉལ་བ་བྱེད་པ་དེ་དག་དེ་ལ་གླགས་ཚོལ་བར་འགྱུར་བ་དང་དེ་ཆུང་མ་དང་རྩོད་པར་འགྱུར་བ་དང་། དེ་ལ་མི་དགེ་བའི ་ཅ་ཧོས་འབེལ་བར་འགྱུར་བ་དང་དེའི་དགེ་བའི་ཆོས་ཡོངས་སུ་འགྲིབ་ཅིང་ཡོངས་སུ་ཟད་པར་འགྱུར་བ་དང་བདག་མ་སྦས་ཤིང་མ་བསྲུངས་པ་དང་དེའི་བུ་དང་ཆུང་མ་དང་ནོར་རྣམས་མ་སྦས་ཤིང་མ་བསྲུངས་པ་དང ་ད་ཨོགས་པར་འགྱུར་བ་དང་མཛའ་བཤེས་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་རྣམས་ཡིད་མི་རྟོན་པ་དང་བྱི་བོ་བྱེད་པ་དང་བཅས་པར་འགྱུར་བའི་ལས་བྱེད་ཅིང་སོག་པ་དང་ལུས་ཞིག་ནས་ཚེ་འབས ་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བའོ། ། བརྫུན་དུ་སྨྲ་བ་ལ་ཉེས་དམིགས་བཅུར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། དེ། བ་མནམ་པར་འགྱུར་བ་དང་དེ ་ལ་ཨུས་ལས་ལྷ་འཕང་བ་དང་མི་མ་ཡིན་པ་རྣམས་ཀྱིས་དེ་ལ་གྲགས་རྙེད་པར་འགྱུར་བ་དང་བདེན་པ་སྨྲས་ཀྱང་དེ་ལ་སུ་ཡང་ཡིད་ཆེས་པར་མི་འགྱུར་བ་དང་བརྫུན་སྨྲ་བར་འགྱུར་བ་དང་ཡིད་ཆེས་པར་བྱ་བའི ་གནས་རྣམས་སུ་མཁས་པ་རྣམས་དེ་ལ་དྲི་བར་བྱ་བར་མི་སེམས་པ་དང་དེའི་བདེན་པ་མ་ཡིན་པ་བསྔགས་པ་དང་བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པ་མ་ཡིན་པའི་བྱུང་བ་དང་གཟུང་བའི་ཚིག་ཏུ་མི་འགྱུར་བ། དང་སྐུར་པ་འདེབས་པའི་ལས་བྱེད་ཅིང་སོག་པ་དང་། ་ལུས་ཞིག་ནས་ཚེ་འཕོས་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བའོ།། འབྲུའི་ཆང་དང་སྦྱར་བའི་ཆད་པག་མེད ་པའི་གནས་ལ། ཉེས་དམིགས་སུམ་ཅུ་རྩ་དྲུག་ཏུ་རིག་པར་བྱ་སྟེ། སུམ་ཅུ་རྩ་དྲུག་གང་ཞེ་ན། ཚེ་འདི་ལ་ནོར་ཟད་པ་དང་ནད་ཀྱི་གཞིར་འགྱུར་བ་དང་འཐབ་པ་དང་མཚང་འབྲུ་བ་དང་རྩོད་པ་འཕེལ་བ་དང་སྦ་བའི ་ག་ནས་སྟོན་པ་དང་མི་སྙན་པསྙེད་པ་དང་ཤེས་རབ་ཉམས་པར་བྱེད་པ་དང་མ་ཐོབ་པའི་ལོངས་སྤྱོད་རྣམས་མི་འཐོབ་པ་དང་ལོངས་སྤྱོད་ཐོབ་པ་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་བ་དང་གསང་བ ་ར་ནམས་སྨྲ་བ་དང་ལས་སུ་བྱ་བ་རྣམས་ཡོངས་སུ་ཉམས་པ་དང་མྱ་ངན་གྱི་རྩ་བར་འགྱུར་བ་དང་ཉམ་ཆུད་པར་འགྱུར་བ་དང་མར་མི་འཛིན་པར་འགྱུར་བ་དང་ཕར་མི་འཛིན་པར་འགྱུར་བ་དང་དགེ་སློང་དུ་མི་འཛིན ་པ་ཨར་འགྱུར་བ་དང་བྲམ་ཟེར་མི་འཛིན་པར་འགྱུར་བ་དང་རིགས་ཀྱི་གཙོ་བོ་ལ་རིམ་གྲོ་མེད་པར་འགྱུར་བ་དང་སངས་རྒྱས་ལ་གུས་པར་མི་འགྱུར་བ་དང་ཆོས་ལ་གུས་པར་མི་འགྱུར་བ་དང་དགེ་འདུན་ལ་གུས ་པར་མི་འགྱུར་བ་དང་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པར་འགྱུར་བ་དང་དགེ་བའི་བཤེས་གཉེན་གྱིས་རྣམ་པར་སྤངས་པ་དང་ངོ་ཚ་མེད་པར་འགྱུར་བ་དང་། འཛེམ་པ་མེད་པར་འགྱུར་བ་དང་། དབང་པོལ ་ས་གོམ་བསྣམས་པར་འགྱུར་བ་དང་བུད་མེད་རྣམས་ལ་ཤིན་དུ་ཟག་མེད་པར་འགྱུར་བ་དང་སྐྱེ་བོ་མང་བའི་ཡིད་དུ་མ་འོང་བར་འགྱུར་བ་དང་སྐྱེ་བོ་མང་པོ་དང་མ་མཐུན་པ་དང་ཉཝ་དུ་དང་སྡུག་གོ་མཉན་མ་རྣམུས་བཙུན་དུ ་ར་ནམས་ཀྱིས་སྨད་པར་འགྱུར་བ་དང་དམ་པའི་ཆོས་མ་ཡིན་པ་ཡོངས་སུ་འཛིན་པ་དང་དམ་པའི་ཆོས་ཡོངས་སུ་སྦྱོང་བ་དང་མཁས་པ་རྣམས་དལ་ཡིད་མི་འཛེག་པར་སེམས་པ་དང་བག་བྱ་བ་ལ་གཡེལ་བ་དང་དེ་རྒྱ ་ངན་ལས་འདས་པ་ལས་རིང་དུ་འགྱུར་བ་དང་མྱོས་པར་འགྱུར་བའི་ལས་བྱེད་ཅིང་སོག་པ་དང་ལུས་ཞིག་ནས་ཚེ་འཕོས་པའི་འོག་ཏུ་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བའོ། ། དེ་བཞིན་གཤེས ་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནི་བཅུ་ཡོད་དེ། བཅུ་གང་ཞེན་རྒྱ་ཆེན་པོའི་ཁྱིམ་དུ་སྐྱེ་བ་འཐོབ་པ་རང་རྒྱ་ཆེ་བའི་གཟིགས་དང་རྒྱ་ཆེ་བའི་གཡོག་འཁོར་དང་རྒྱ་ཆེ་བའི་མཆོད་པ་དང་བཀུར་སྟི ་ནོར་རྒྱ་ཆེ་བ་དང་ཐོས་པ་རྒྱ་ཆེ་བ་དང་དང་བ་རྒྱ་ཆེ་བ་དང་དྲི་རྒྱ་ཆེ་བ་དང་ཤེས་རབ་རྒྱ་ཆེ་བ་དང་རྟོགས་པ་རྒྱ་ཆེ་བ་འཐོབ་པ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནོ།། ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། གཟུགས་བཟང་ཞིང་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ ་ད་ཨང་སྐད་སྙན་ཅིང་གཟུང་བའི་ཚིག་ཏུ་འགྱུར་བ་དང་བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་གཟིན་བྱིན་ཆེན་པོར་འགྱུར་བ་དང་གཟི་བྱིན་ཆེན་པོའི་གང་ཟག ་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་འགྲོགས་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ ་བར་འགྱུར་བ་དང་མྱུང་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་དང་བྱས་པའི་ཕན ་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། གཟུགས་བཟང་བ་དང་བལྟ་ན་སྡུག་པ་དང་མཛེས་པ་དང་སྐད་སྙན་པ་དང་དེའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བསྲབས་པར་འགྱུར་བ་དང་ལམ་དུ་འགྲོ་ན་རྩཝ་དང་གྱོ་མོ་དང་གསེག ་མ་རྣམས་མེད་པར་འགྱུར་བ་དང་བཙུན་པའི་རིགས་སུ་སྐྱེ་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས ་པའི་མཆོད་རྟེན་ལ་ཕྱག་དར་བྱས་པའི་ཕན་ཡོན་ནོ། ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་འབུལ་བའི་བན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་ན་གདུགས་ལྟ་བུར་འགྱུར་བ་དང་ལུས་ལ་ཚེ་བས་གདུང་བ ་མ་ཨེད་པར་འགྱུར་བ་དང་སེམས་ལ་གདུང་བ་མེད་པར་འགྱུར་བ་དང་འཇིག་རྟེན་གྱི་རྟེན་དུ་འགྱུར་བ་དང་བདག་པོར་འགྱུར་བའི་ལ་བྱད་ཅིང་སོག་པ་དང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡང་དག་པར་འཐོབ་པ་དང་དབང་ཆེ་བར ་གྲགས་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་ས་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་བའི ་པ་ན་ཡོན་ནོ། ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་འབུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། གཟུགས་བཟང་བར་འགྱུར་བ་དང་གད་སྙན་པར་འགྱུར་བ་དང་ཡིད་དུ་འོང་བསྡུ་བ་དང་ལྡན་པར་འགྱུར ་བ་དང་ཀ་ལ་བི་དགའི་སྒྲ་ལྟ་བུ་སྨྲ་བ་དང་ལྡན་པར་འགྱུར་བ་དང་གཟུང་བའི་ཚིག་ཏུ་འགྱུར་བ་དང་། རབ་ཏུ་དགའ་བར་འགྱུར་བ་དང་ཀུན་ཏུ་དགའ་བ་རྒྱ་ཆེན་པོའི་སྒྲ་འཐོབ་པ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་འབུལ་པའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་འབུལ་བའི་ཕན་ཡོན་བཅུ་ཡོད ་དེ། བཅུ་གང་ཞེ་ན། འཇིག་རྟེན་ན་རྒྱལ་མཚན་ལྟ་བུར་འགྱུར་བ་དང་འཛའ་བཤེས་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་རྣམས་སྟི་སྟང་བྱེད་བླ་མར་བྱེད་རི་མོར་བྱེད་མཆོད་པར་བྱེད་པ་དང་། ཕྱོགས་དང་ཕྱོགས ་མ་ཚམས་རྣམས་སུ་དེའི་གྲགས་པ་དང་བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པ་མངོན་དུ་འབྱུང་བ་དང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པས་འགྱུར་བ་དང་སྐྱེ་བ་གཞན་རྣམས་སུ་ཚེ་འདི་ཞིང་རིང་དུ་གནས་པར་འགྱུར ་པ་ཨ་དང་དབང་ཆེ་བར་གྲགས་པར་འགྱུར་བ་དང་རིགས་བཙུན་པར་སྐྱེ་བར་འགྱུར་བ་དང་ལོངས་སྤྱོད་ཆེན་པོར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་སྟེ་བཅུ་པོ་དེ ་ངག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་འབུལ་བའི་བན་ཡོན་ནོ། ། དེ་བཞིན་གཤེགས་པའི་མཆོད་རྟེན་ལན་བཟའ་འབུལ་བའི་ཕན་ཡོན་བཅུ་གཉིས་ཡོད་དེ།། བཅུ་གཉིས་གང་ཞེ་ན། མཛེས་ཤིང་བལྟ་ན་སྡུག་པར ་འ་གྱུར་བ་དང་ལྤགས་པ་འཇམ་པ་དང་ལྤགས་པ་སྣུམ་པ་དང་ལྤགས་པ་སྲབ་པ་དང་དེའི་ལུས་ལ་རྡུལ་དང་དྲི་མ་མི་འཆགས་པ་དང་དེའི་གོས་བཟང་པོར་འགྱུར་བ་དང་བདིང་བ་དང་བགོ་བ་ཕྲ་མོ་རྙེད་པར་འགྱུར་བ་དང་ངོ་ཚ་ཤེས ་བ་དང་ཐལ་ཡོད་པ་ཅན་སུམ་ཚོགས་པར་འགྱུར་བ་དང་མཐོང་ན་དགའ་བར་འགྱུར་བ་དང་འོངས་སྤྱངད་ཆ་བར་འགྱུར་བ་དང་མཐ་རིས་སུ་སྐྱེ་བར་འགྱུར་བ་དང་ཡོངས་སུ་མྱ་ངན་ལས་འངའ་བ་སྟེ། བཅུ་གཉིས་པ་དེ་དགན། ་བཞིན་གཤེགས་པའི་མཆོད་རྟེན་ལན་བཟའ་ཕུལ་བའི་ཕན་ཡིན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་འབུལ་བའི་བན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང་དེའི ་པཱའི་དབང་པོ་ནས་ཡང་ཉམས་པར་མི་འགྱུར་བ་དང་ལུས་ལ་དྲིང་པ་མེད་པར་འགྱུར་བ་དང་ལུས་ལ་དྲི་ཞིམ་པོ་འཐུང་བར་འགྱུར་བ་དང་ཕྱོགས་དང་ཕྱོགས་ལ་ཡས་ནམ་བུ་དེའི་ཚུས་ཁྲིམས་ཀྱི་དྲིའི་དང་ལྡང་བར་འགྱུར་། དང་འཇིག་རྟེན་པ་རྣམས་འཁོར་ཞིང་འདྲ་བར་འགྱུར་བ་དང་ཡིད་དུ་འོང་བའི་ཆོས་རྣམས་འཐོབ་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ་ཆོས ་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་འབུལ་བའི་ཕན་ཡོན་ནོ། ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྲེང་བ་འབུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་ན་ཕྲེང་བ་ལྟ་བུར་འགྱུར་བ ་དང་ལུས་ཀྱི་དྲིང་བ་མེད་པར་འགྱུར་བ་དང་ཕྱོགས་དང་ཕྱོགས་མཚམས་རྣམ་སུ་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་དང་ལྡང་བ་དང་རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་བརྒྱན་པར་འགྱུར་བ་དང་གཡོག་འཁོར་མི་ཕྱེད་པར་འགྱུར་བ་དང་། སྐྱེས་པ་དང་བུད་མེད་རྣམས་ཀྱི་ཡིད་དུ་འོང་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན ་ལ་ཕྲེང་བ་འབུལ་བའི་ཕན་ཡོན་ནོ། ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་འབུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན་འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང་ཤའི་མིག་རྣམ་པར་དག་པར་འགྱུར་བ་དང་ལྷའི ་རིག་འཐོབ་པར་འཐུར་བ་དང་དགེ་བ་དང་མི་དགེ་བའི་ཆོས་རྣམས་ལ་ཤེས་རབ་འབྱུང་བར་འགྱུར་བ་དང་མ་རིག་པ་དང་གཏི་མུག་གི་སུན་པ་སེལ་བ་དང་ཤེས་རབ་ཀྱི་སྣང་བ་འཐོབ་པར་འགྱུར་བ་དང་འཁོར་བ་ན་འཁོར་བ་ཚེ། ནམ་ཡང ་མུན་པ་ན་གནས་པར་མི་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རརིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡང་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་ཆེན་ལ་མར་མེ་འབུལ་བའི་ཕན་ཡོན་ནོ།། ་གཞིན་གཤེགས་པའི་མཆོད་རྟེན་ལ་ཐུག་སྤོས་འབུལ་བའི་ཕན་ཡོན་བཅུ་མེད་དེ། བཅུགང་ཞེ་ན། འཇིག་རྟེནན་ཐུག་སོས་ལྟ་བུར་འགྱུར་བ་དང་སྔ་དབང་པོ་རྣམ་པར་དག་པར་འགྱུར་བ་དང་ལུས་ལ་དྲི་མ་རྣམ་པ་མེད་པར་འགྱུར་བ་དང་རྟག་ཏུ་དྲིན ་པ་ཨར་འགྱུར་བ་དང་གཟུགས་པ་ཟད་པར་འགྱུར་བ་དང་འཇིག་རྟེན་པ་རྣམས་འཁོར་ཞིང་འདྲ་བར་འགྱུར་བ་དང་ཡིད་དུ་འོང་བའི་ཆོས་རྣམས་ཐོས་པར་འགྱུར་བ་དང་ལོངས་སྤྱོད་ཆེན་པོར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ཆོས་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བྱུག་སྤོས་འབུལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོ་སལ་སྟན་འབུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ ་ན། གཟུགས་བཟང་ཞིང་བལྟ་ན་སྡུག་པར་འགྱུར་བ་དང་སྐད་སྙན་པར་འགྱུར་བ་དང་ཡིད་དུ་འོང་བ་སྨྲ་བ་དང་ལྡན་པར་འགྱུར་བ་དང་གྲགས་པ་དང་ལྡན་པར་འགྱུར་བ་དང་གཟུང་བའི་ཚིག་ཏུ་འགྱུར་བ་དང་རྟག་ཏུ་དགའ་བར་འགྱུར་བ་དང ་ཐམས་ཅད་དགའ་བའི་སྒྲ་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་བྱ་བར་འགྱུར་བ་དང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ ་མ་སལ་ཉན་འབུལ་བའི་ཕན་ཡོན་ནོ། ། དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ཡོན་བཅཝ་བརྒྱད་ཡོད་དེ། བཅཝ་བརྒྱད་གང་ཞེན་རྒྱ་ཆེན་པོའི་རིགས་སུ་སྐྱེ་བར་འགྱུར་བ་དང་གཟུགས་བཟང་བར་འགྱུར་བ་དང་མཛེས ་ས་ཧིང་མིག་དུ་སྡུག་པར་འགྱུར་བ་དང་དབང་ཆེ་བར་གྲགས་པར་འགྱུར་བ་དང་གཡོག་འཁོར་རྒྱ་ཆེན་པོར་འགྱུར་བ་དང་གཡོག་འཁོར་མི་ཕྱེད་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་འཇིག་རྟེན་པའི་རྣམས་འཁོར་ཤིང ་འ་དྲ་བར་འགྱུང་བ་དང་ཀུན་གྱི་རྟེན་དུ་འགྱུར་བ་དང་ཕྱོགས་བཅུར་བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེན་པོ་མངོན་དུ་འབྱུང་བར་འགྱུར་བ་དང་ལྷ་དང་མིས་མཆོད་པར་འགྱུར་བ་དང་ཐུག་ཅིང་ནོར་མང་པོ་དང་ན ་པ་ཨར་འགྱུར་བ་དང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་པར་འགྱུར་བ་དང་ཚེ་རིང་བར་འགྱུར་བ་དང་ལུས་རྡོ་རྗེ་ལྟརབྲེགས་པར་འགྱུར་བ་དང་ལུས་མཚན་དང་དཔེ་བྱད་དང་ལྡན་པར་འགྱུར་བ་དང་མཐོ་རིས་སུ ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅཝ་བརྒྱད་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ཡོན་ནོ།། ཁྲི་སྟན་བྱིན་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་བླ ་མ་ཨའི་གནས་སུ་འགྱུར་བ་དང་བསྔགས་པར་འགྱུར་བ་དང་སྐྱེ་བོ་མང་པོ་ལ་གྲགས་པ་དང་བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པ་མང་པོ་མངོན་དུ་འབྱུང་བར་འགྱུར་བ་དང་བདེ་བ་དང་ཡིད་བདེ་བ་མང་བར་འགྱུར་བ་དང་གཞོན ་བ་ཨ་དང་ཁྲེ་སྟན་དང་རིམ་གྲོ་བྱེད་པ་དང་ལྡན་པར་འགྱུར་བ་དང་འཇིག་རྟེན་པ་རྣམས་འཁོར་ཞིང་འདུ་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་དབང་ཆེ་བར་གྲགས་པར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར ་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་ཁྲི་སྟན་བྱིན་པའི་ཕན་ཡོན་ནོ།། ལྷམ་བྱིན་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན་དེ་གཞོན་པ་རྣམས་ཀྱིས་བྲལ་བར་མི་འགྱུར་བ་དང་རྐང་པ་ལེགས ་པ་ཨར་གནས་པར་འགྱུར་བ་དང་ལམ་དུ་འགྲོ་ན་སྟོབས་དང་ལྡན་པར་འགྱུར་བ་དང་དེའི་ལུས་དལ་བར་མི་འགྱུར་བ་དང་དེ་འགྲོ་ན་ཚེར་མ་དང་གསེག་མ་དང་གྱོ་མོ་རྣམས་ཀྱིས་རྐང་པ་སྣང་བར་མི་འགྱུར་བ་དང་རྫུ་འཕྲུལ་ཐོབ ་པར་འགྱུར་བ་དང་དེ་ལ་རིམ་གྲོ་བྱེད་པ་དང་ལྡན་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་ལྷམ་བྱིན་པའི་ཕན་ཡོན་ནོ།། སྣོད་སྦྱར་བྱིན་པའི་ཕན་ཡོན ་བཅུ་ཡོད་དེ། བཅུ་གང་ཞེ་ན་འཇིག་རྟེན་གྱི་ཡོན་ཏན་གྱི་སྣོད་ལྟ་བུར་འགྱུར་བ་དང་མདོག་སྡུམ་པར་འགྱུར་བ་དང་སེམས་ཀྱི་རྒྱུད་མཉེན་པར་འགྱུར་བ་དང་སྐོམ་པར་མི་འགྱུར་བ་དང་སྐོམ་ན་ཡང་ཆུ་འབྱུང་བར་འགྱུར་བ ་དང་ཡི་དགས་སུ་སྐྱེ་བར་མི་འགྱུར་བ་དང་ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་སྣོད་སྤྱད་བྱིན་པའི ་ཕན་ཡོན་ནོ། ། ཁ་ཟས་སྦྱིན་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། ཚེ་རིང་བར་འགྱུར་བ་དང་མདོག་བཟང་བར་འགྱུར་བ་དང་སྟོབས་དང་ལྡན་པར་འགྱུར་བ་དང་དྲན་པ་དང་ལྡན་ཞིང་སྤོབས་པ་དང་ལྡན་པར་འགྱུར་བ་དང་བག་ཚ་བ་མེད་པར ་འཁོར་གྱི་ནང་དུ་འགྲོ་བ་དང་འཁོར་འདུན་པར་འགྱུར་བ་དང་ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ ་དག་ནི་ཟས་བྱིན་པའི་ཕན་ཡོན་ནོ། ། བཞོན་པ་བྱིན་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན་རྐར་པ་ཤིན་ཏུ་བ་ཞོན་ཤ་ཆགས་པར་འགྱུར་བ་དང་རྐང་པ་ཤིན་དུ་གནས་པར་འགྱུར་བ་དང་རྐང་པས་འགྲོ་བ་ན་ལུས་དལ་བར་མི ་འ་གྱུར་བ་དང་བདེ་བར་འགྱུར་བ་དང་མི་མཛའ་བ་མར་བར་མི་འགྱུར་བ་དང་རྫུ་འཕྲུལ་གྱི་རྐང་པ་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་དང་གཞོན་པ་རྣམས་ཀྱིས་བྲེལ་བར་མི་འགྱུར་བ་དང་རིམ་གྲོ་བྱེད་པ་དང་ལྡན་པར་འགྱུར་བ་དང་མཐོ ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་བཞོན་པ་བྱིན་པའི་ཕན་ཡོན་ནོ།། གནས་བྱིན་པའི་ཕན་ཡོན་ནི་རབ་ཏུ་མང་སྟེ། མང་པོ་གང་ཞེ་ན་དེ་ལ་འཇིགས་པ་མི་འབྱུང་ངོ་།། གདེང་བ་དང ་བགོ་བ་ཤིན་དུ་འཇམ་ལོ་རྙེད་པར་འགྱུར་རོ། ། ལྷ་དང་མི་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་རྙེད་པར་འགྱུར་རོ།། གལ་ཏེ་འདོད་དེ་རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་གྱུར་ཅིག་ཅེ་འམ། བྲམ་ཟེའི་རིགས་ཆེ་ཞིང་མ ་བའི་རིགས་སུ་སྐྱེ་བར་གྱུར་ཅིག་ཅེའམ་ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྱུར་བར་འགྱུར་རོ།། གལ་ཏེ་འདོད་དེ་བདག་གྲོང་གི་གཙོ་བོར་གྱུར་ཅིག་ཅེའམ་གྲོང་ཁྱེར་གྱི་གཙོ་བོར ་གྱུར་ཅིག་ཅིང་འམ་གྲོང་རྡལ་གྱི་གཙོ་བོར་གྱུར་ཅིག་ཅེའམ་རི་བྲགས་ཀྱི་རྒྱལ་པོར་གྱུར་ཅིག་ཅེ་འམ་རྒྱལ་བྲན་དུ་གྱུར་ཅིག་ཅེའམ་རྒྱལ་པོ་བརྩོན་པར་གྱུར་ཅིག་ཅེ་ན། དེའི་སྨོན་ལམ་དེ་བཞིན་དུ་འགྲུབ་པར་འགྱུར་རོ།། གལ ་ཏེ་འདོད་དེ་གླེང་གཅིག་པའི་རྒྱལ་པོར་གྱུར་ཅིག་ཅེའམ་གླིང་གཉིས་ཀྱི་རྒྱལ་པོར་གྱུར་ཅིག་ཅེའམ་གླིང་གསུམ་གྱི་རྒྱལ་པོར་གྱུར་ཅིག་ཅེའམ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཅིག་ཅེ་ན་དེའི་སྨོན་པ་དེ་གྲུབ་པར་འགྱུར་རོ། ། ་གལ་ཏེ་འདོད་དེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེན་ཡང་དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ།། སུམ་ཅུ་རྩ་གསུམ་དང་མཐའ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན་ཡང་དེའི་སྨོན་པ་དེ་གྲུབ་པར་འགྱུར་རོ། ། གལ་ཏེ་འདོད་དེ་བདག་ཚངས་རིས་ཀྱི་ལྷ་རྣམས་དང་བསྐལ་པ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན་ཡང་དེའི་སྨོན་པ་དེ ་གྲུབ་པར་འགྱུར་རོ། ། ཚངས་པའི་མདུན་ན་འདོན་དང་ཚངས་ཆེན་དང་འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་དང་དགེ་ཆུང་དང་ཚད་མེད་དགེ་དང་དགེ་རྒྱས་དང་སྤྲིན་མེད་དང་བསོད་ནམས་སྐྱེས་དང་འབྲས་བུ་ཆེ་བ་དང་མི་ཆེ་བ་དང ་མ་གདུང་བ་དང་གྱ་ནོམ་སྣང་དང་ཤིན་ཏུ་མཐོང་དང་འོག་མིན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན་ཡང་དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། ། གལ་ཏེ་འདོད་དེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་རྣམ ་ཤེས་མཐའ་ཡས་སྐྱེ་མཆེད་དང་ཆུང་ཟད་མེད་པའི་སྐྱེ་མཆེད་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན་ཡང་དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། ། གལ ་ཏེ་འདོད་དེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱའོ་ཞེ་ན་ཡང་དེའི་སྨོན་པ་དེ་གྲུབ་པར་འགྱུར་རོ། ། གལ་ཏེ་འདོད་དེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་དང་དགྲ་བཅོམ་པའི་འབྲས ་བུ་དང་རང་བྱང་ཆུབ་མངོན་དུ་བྱའོ་ཞེ་ན་ལང་དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། ། གལ་ཏེ་འདོད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ཅིག་ཅེ་ན་ཡང་དེའི་སྨོན་པ་དེ་གྲུབ་པར ་འགྱུར་རོ། ། དང་པོ་དེ་དག་ནི་གནས་བྱིན་པའི་ཕན་ཡོན་ནོ།། བཏུང་བ་བྱིན་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། དབང་པོ་ཐམས་ཅད་ཡོངས་སུ་ཚད་པར་འགྱུར་བ་དང་དཔྲལ་བ་དག་ཅིང་འཛུམ་པའི་བཞིན་དུ་འགྱུར་བ་དང་ཡོན ་ཏ་ཨན་དང་ལྡན་པར་འགྱུར་བ་དང་སེམས་ཀྱི་རྒྱུད་མཉེན་པར་འགྱུར་བ་དང་སྐོམ་པར་མི་འགྱུར་བ་དང་སྐོམ་ན་ཡང་ཆུ་འབྱུང་བར་འགྱུར་བ་དང་ཡི་དགས་སུ་སྐྱེ་བར་མི་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་བཏུང་བ་བྱིན་པའི་ཕན་ཡོན་ནོ།། རབ་ཏུ་བྱུང་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། དེ་བུ་དང་ཆུང་མ་དང་ནོར་ལ་སྲང་བར་མི་འགྱུར་བ་དང་དེ་འདོད་པ ་ཡ་ཨོངས་སུ་འཛིན་པར་མི་འགྱུར་བ་དང་དགོན་པར་གནས་པ་ལ་དགའ་བ་དང་སངས་རྒྱས་ལ་གུས་པར་འགྱུར་བ་དང་བདུད་ཀྱི་སྤྱོད་ཡུལ་རྣམ་པར་སྤོང་བ་དང་བདེ་འགྲོ་ཐོབ་པར་བྱེད་པའི་ཆོས་རྣམས་ཡོངས་སུ་ཚོལ་བ་དང་ངན ་འ་གྲོ་འཐོབ་པར་བྱེད་པའི་ཆོས་རྣམས་སྤོང་བ་དང་ལྷ་དང་མིར་སྨོན་པ་མེད་པ་དང་རྟག་ཏུ་དེ་བཞིན་གཤེགས་པའི་གསུང་རབ་ལ་རབ་ཏུ་འབྱུང་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས ་འདའ་བ་སྟེ་ཆོས་བཅུ་པོ་དེ་དགོན་རབ་ཏུ་བྱུང་བའི་ཕན་ཡོན་ནོ། ། དགོན་པ་ལ་གནས་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འདུ་འཛིན་རྣམ་པར་སྤོང་བ་དང་རབ་ཏུ་དབེན་པར་གནས་པ་དང་དེའི་སེམས་བསམ་གཏན་ལ་དམིགས ་པ་ཨར་འགྱུར་བར་དེ་འརིངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྨོན་པ་དང་དགའ་བ་དང་བདེ་བ་དང་ཡིད་བདེ་བ་ལུས་ལ་སྐྱེད་པ་དང་དེ་ལ་བར་དུ་གཅོད་པར་མི་འགྱུར་བ་དང་ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་ཆེར་ཤེས ་བར་འགྱུར་བ་དང་ཞི་གནས་འཐོབ་པ་དང་ལྷག་མཐོང་ཐོབ་པ་སྟེ་བཅུ་པོ་དེ་དག་ནི་དགོན་པ་ལ་གནས་པའི་ཕན་ཡོན་ཡིན་ནོ། ། བསོད་ནམས་ལེན་པའི་ཕན་ཡོན་བཅུ་ཡོད་དེ་བཅུ་གང་ཞེ་ན། དེ་འགྲོ་བ་ལ་གོམས་པར་འགྱུར ་བ་དང་དེ་སྤྱོད་ཡུལ་ལ་གོམས་པར་འགྱུར་བ་དང་ང་རྒྱལ་གཅིག་པར་འགྱུར་བ་དང་བདག་རྙེད་པ་ལ་སྦྱོར་བ་དང་གཞན་དག་ཀྱང་བསོད་ནམས་ལ་རབ་ཏུ་འགོད་པ་དང་། སྟོན་པའི་བསྟན་པ་ཡོངས་སུ་སྟེན་པ་དང་ཕྱི་མའི་སྐྱེ་བོ་ལ་སྣང་ཐ ་བ་ཡས་པར་འགྱུར་བ་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཉམ་ང་བ་མེད་པར་བྱས་པར་འགྱུར་བ་དང་དམའ་བའི་སེམས་ཉེ་བར་གཞག་པར་འགྱུར་བ་དང་བསོད་སྙོམས་ཀྱིས་ཡོངས་སུ་དུལ་བའི་དགེ་སྦྱོང་གི་ཕྱོགས་ལ་མུན་པ་མེད ་བར་སྣང་བའོ། ། འཇིགས་པ་མེད་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན་འཇིགས་པ་མེད་པར་གྲོང་དུ་འཇུག་པ་དང་འཇིགས་པ་མེད་པར་གྲོང་ནས་འབྱུང་བ་དང་འཇིགས་པ་མེད་པར་ཁྱིམ་རྣམས་སུ་འགྲོ་བ་དང་འཇིགས་པ་མེད་པར ་འ་ཁོར་རྣམས་ལ་ཆོས་སྟོན་པ་དང་འཇིགས་པ་མེད་པར་དགེ་འདུན་གྱི་ནང་དུ་འཇུག་པ་དང་འཇིགས་པ་མེད་པར་སློབ་དཔོན་དང་མཁན་པོའི་དྲུང་དུ་འགྲོ་བ་དང་འཇིགས་པ་མེད་པར་བྱམས་པའི་སེམས་ཀྱིས་སློབ་མའི་གན་དུ་འགྲོ་བ ་དང་འཇིགས་པ་མེད་པར་གོས་དང་ཟས་དང་མལ་ཙ་དང་ན་བའི་གསོས་སྨན་དང་ཡོ་བྱད་རྣམས་ཡོངས་སུ་སྤྱོད་པ་དང་འཇིགས་པ་མེད་པར་ཁ་ཏོན་འདོན་པ་དང་། འཇིགས་པ་མེད་པར་ཆ་འཕོ་བའི་དུས་བྱེད་པའོ།། བྲམ་ཟེའི་ཁྱེའུ ་དེ་ལྟར་ན། སེམས་ཅན་རྣམས་ནི་བདག་གི་ལས་ལས་གྱུར་པ་ལས་ཀྱི་རྒྱུ་ལས་སྐྱེས་པ་ལས་ཀྱི་སྐལ་བ་ལ་སྤྱོད་པ་ལས་ལ་རྟེན་པ་ཡིན་ཏེ་སེམས་ཅན་རྣམས་ནི་ལས་ཀྱིས་རབ་དང་འབྲིང་དང་ཐ་མར་རྣམ་པར་ཕྱེ་བའོ་ཞེས་ངས་གང ་སྨྲས་པ་དེ་ནི་འདི་ལས་དགོངས་ཏེ་སྨྲས་སོ། ། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་བྲམ་ཟེའི་ཁྱེའུ་ཤུ་གོ་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་དོ།། དེ་ནས་བྲམ་ཟེའི་ཁྱེའུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། ་གོ། ཏ་མ་ཁྱོད་མཉན་དུ་ཡོད་པར། དགེ་བསྙེན་གཞན་དག་གི་ཁྱིམ་དུ་གཤེགས་པར་དགོངས་ན་བདག་གི་པ་བྲམ་ཟེའི་ཏོ་འུ་དེ་ཡའི་ཁྱིམ་དུ་ཡང་གཤེགས་པར་དགོངས་སུ་གསོལ།། དེ་ནི་བྲམ་ཟེ་ཏོའུ་ཡོ་ཁྱིམ་དུ་ཡུན་རིང་པོ ་དོན་དུ་བདེ་བ་དང་ཕན་པར་འགྱུར་རོ། ། བཅོམ་ལྡན་འདས་ཅང་མི་གསུད་པས་བྲམ་ཟེའི་ཁྱེའུ་ཤུ་ཀོ་ལ་སྣང་བ་མཛད་དོ།། དེ་ནས་བྲམ་ཟེའི་ཁྱེའུ་ཤུ་ཀོ་ས། བཅོམ་ལྡན་འདས་ཅད་མི་གསུང་བས་གནང་བར་རིག་ནས། བཅོམ ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ། རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་གན་ནས་སོང་ངོ་།། ལས་རྣམ་པར་འབྱེད་པ་རྫོགས་སྷོ།། ། 6།། རྒྱ་གར་སྐད་དུ། ཀ་མ་བི་བྷང་ག་ནཱ་མ་དྷ་རྨ་གྲན་ཐ། ་