CLOSE WINDOW

Q1004: las kyi rnam smin gyi bras bu bstan pa'i mdo
Wyliee-texts produced with BDRC’s OCR application

བསྐོར་བ་ཞེས་ཚིག་བླ་དགས་སུ་བཏགས་སོ། ། ཆོས་ཀྱི་འཁོར་ལོའི་མདོ་རྫོགས་སྷོ།། རྒྱའི་སྐད་དུ། ནུའི་བྷོ་ཡཱ་ནི་གོ་གྱི། བོད་སྐད་དུ། ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུའི་མདོ།། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོ ་ཁྲི་ཕྲག་བཅུའི་འཕགས་པའི་ཚིགས་རྣམས་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ཀླུ་ཆེན་བརྒྱད་དང་། ཕྱོགས་སྐྱོང་རྣམས་དང་། སྲིན་པོ་དང་། ལྷ་མ་ཡིན་དང་།། མི་འམ་ཅི་དང་། ལྷ་དང་། མི་དང་། ་དྲི་ཟར་བཅས་པའི་ཚོགས་ཐམས་ཅད་བཅོམ་ལྡན་འདས་ལ་སེམས་རབ་ཏུ་དད་ཅིང་ཆོས་ཉན་པའི་ཕྱིར་འཁོད་དོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཡེ་ཤེས་ཞེས་བྱ་བ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་ཁྲི་ཕྲག་བརྒྱད་དང་སྟོང་ཕྲག་བཞིའི་ཞིང་ཁམས་བལྟ་བར་བྱས་པས་དེར་སྐྱེས་པའོ་མི་རྣམས་ལ་དགེ་བའི་རྩ་བ་རྣམ་པར་སྨིན་པའི་འབྲས་བུ་དུམ ་ཡོད་དེ། ། འདོད་ཆགས་དང་། ཞེ་སྡང་དང་། ཕྲག་དོག་དང་། ཞེན་པ་ངས་པ་དང་། མི་ཚངས་སྤྱོད་ལ་སེམས་རྟག་ཏུ་སྐྱེས་པ་དང་། གང་ལ་ལ་གཙུག་ལག་ཁང་བཞེངས་པ་དང་། དགེ་འདུན་བསྙེན་ཅིང་བཀུར་བ་དང་། སྐུའི་རྟེན་ལ་ཡོན་ཏན་གྱིས ་རབ་ཏུ་རྒྱན་པ་དང་། ཚུལ་ཁྲིམས་བསྲུངས་པ་དང་། གསུང་རབ་སྒྲོགས་པ་དང་། དབུལ་པོ་ལ་ཕན་པ་དང་། སྡུག་བསྔལ་བ་ལ་སྙིང་རྗེ་བ་དང་། རང་ལུས་སྦྱིན་པར་གཏོང་བ་དང་། སྤོས་འབུལ་བ་ལ་སོགས་པ་དེ་རྣམས་བཅོམ་ལྡན་འད ་ཐུགས་རྗེ་དང་ལྡན་པས་རྒྱ་ཆེན་པོ་བཤད་དུ་གསོལ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཤེས་རབ་ཡེ་ཤེས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤེས་རབ་ཡེ་ཤེས་རིགས་ཀྱི་བུའམ ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བདེ་བར་གཤེགས་པའི་མཚན་ནས་བརྗོད་པའི་སེམས་སྐྱེས་པ་དང་། མ་འོངས་པའི་དུས་ན་རྣམ་པར་སྨིན་པ་དང་། སྤོས་དང་། མེ་ཏོག་དང་། མར་མེ་དང་། རྣམ་པར་དག་པས་མཆོད་པར་བྱའོ།། ་བློན་པོ་ཐོབ་པར་འདོད་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པར་བྱའོ།། ལུམ་ལོངས་སྤྱོད་འདོད་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་རྒྱན་བཀོད་པར་བྱའོ།། ཤེས་རབ་ཆེ་བ་འདོད་ན་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱའོ།། ་གཟུགས་བཟང་བར་འདོད་ན་དེ་བཞིན་གཤེགས་པའི་སྐུ་ཚོན་གྱིས་བྲིས་ས་མ་བཀོད་པར་བྱའོ།། ཚེ་རིང་བར་འདོད་ན་སྙིང་རྗེ་དང་ལྡན་ཞིང་སོག་མི་གཙང་བར་བྱའོ།། མི་ལུས་ཐོབ་པར་འདོད་ན་གསུང་རབ་སྒོམ ་པ་དང་། ཚུལ་ཁྲིམས་སྲུང་བར་བྱའོ།། བསོད་ནམས་ཆེ་བར་འདོད་ན་མཆོད་རྫས་དབུལ་བར་བྱའོ།། ནོར་ཕྱུག་པོ་འདོད་ན་དབུལ་པོ་ལ་ཕན་པར་བྱའོ།། ནད་མེད་པར་འདོད་ན་སྨན་སྦྱིན་པར་བྱའོ།། ཡང་བཅོམ་ལྡན་འདས་ཀྱིས་བྱང ་ཆུབ་སེམས་དཔའ་ཤེས་རབ་ཡེ་ཤེས་ལ་བཀའ་སྩལ་པ། ། གང་ལ་ལ་ཚེ་སྔ་མ་ལ་སྡིག་པ་བྱས་ན་ཚེ་འདི་ལ་སྡུག་བསྔལ་བར་འགྱུར་རོ།། ལུས་རྟག་ཏུ་ན་པ་ནི་བདེ་བར་གཤེགས་པ་ལ་མ་གུས་པ་དང་། དགེ་འདུན་ལ་སྤྱང་བ་ཡིན ་ནོ། ། མིག་རྟག་ཏུ་ལོང་བ་ནི་ཚུལ་ཁྲིམས་སྲུང་བ་འཚལ་དུ་བཅུག་པ་ཡིན་ནོ།། རྐང་ལག་ཞ་བ་ནི་མེ་སྦར་བས་བསྡིགས་པ་ཡིན་ནོ།། སྐད་ཀྱི་དོན་མི་གསལ་བ་ནི་སངས་རྒྱས་དང་ཆོས་ལ་སྨད་པ་ཡིན་ནོ།། རྣ་བ་འོན་པ་དང་། ངག ་ལྐུག་པ་ནི་གསུངས་པས་སྡང་བ་དང་། དམ་པའི་ཆོས་ལ་སྨད་པ་ཡིན་ནོ།། སྣས་དྲི་མི་ཚོར་བ་ནི་དྲི་མི་ཞིམ་པའི་སྤོས་ངན་པ་བསྲེགས་པ་ཡིན་ནོ།། མིག་དམར་པ་ནི་ཐེག་པ་ཆེན་པོའི་ཆོས་ལ་སྨད་པ་ཡིན་ནོ།། གཟུགས་དཀར ་ཞིང་དམར་པ་ནི་མཆོད་པ་རྒྱ་ཆེན་པོ་བྱས་པ་ཡིན་ནོ། ། ལུས་ཁ་དོག་གནག་ཅིང་རིང་བ་ནི་དེ་བཞིན་གཤེགས་པའི་སྐུ་ལ་དུ་བ་བཏང་པ་ཡིན་ནོ།། རྒས་ནས་མིག་མི་གསལ་བ་ནི་སེམས་ཅན་གྱི་མིག་ལ་གནོད་པ་བྱས་པ ་ཚེ་འདི་ལ་བུ་མེད་པ་ནི་སེམས་ཅན་དུམ་བསད་པ་ཡིན་ནོ། ། ལུས་ཡོན་པོ་དང་ཡན་ལགཞ་བ་ནི་སེམས་ཅན་དུ་མ་བཅིངས་པ་དང་། དཔལ་སེམས་ཅན་བཟུང་བ་ཡིན་ནོ།། ད་གསལ་བ་ཡང་མི་མཐོང་བ་ནི་རྩ ་མིག་ལ་ཁབ་སྐུད་ཀྱིས་བརྩམས་པ་ཡིན་ནོ། ། རྒས་ནས་རབས་ཆད་པ་ནི་སྒོར་བཅག་པ་ཡིན་ནོ།། འཚེ་འདི་ལ་ཕོ་རེང་དུ་གྱུར་པ་ནི་ཆུད་མ་ལ་སེམས་སྡང་བས་ཡིན་ནོ།། བུད་མེད་ཁྱིམ་ཐབ་མེད་པ་ནི་ཁྱིམ་ཐབ་ལ ་སེམས་སྡང་བས་ཡིན་ནོ། ། ཕོ་མོ་རྟག་ཏུ་སོ་སོར་ངེས་པ་ནི་ཕ་མ་ལ་མ་གུས་པ་དང་སྤྱོད་པ་ངན་པ་བྱས་པ་ཡིན་ནོ།། ཚེ་འདི་ལ་དབུལ་བ་ནི་ཟས་དང་ནོར་ལ་སྡང་བ་ཡིན་ནོ།། མིའི་ལུས་ཡན་ལག་ཆད་པ་དང་ལྡན་པ་ནི་དཀོན་མཆོག ་གསུམ་ལ་དད་པ་ཐོབ་པ་ཡིན་ནོ། ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ལ་བརྩེ་བས་སྨྲ་བར་བྱའོ།། རྟག་ཏུ་དད་པ་དང་གུས་པར་བྱའོ།། གཉེན་མཚམས་ལ་འཐུན་པར་བྱའོ།། ཕ་མ་ལ་དད་པར་བྱའོ།། སྐྱེ་བ་གཅིག ་སོག་མི་གཅོད་ན་མི་མཐུན་པའི་དགྲ་རྣམས་ཀྱང་མེད་དེ། ། ཚེ་གཅིག་ཏུ་མི་རྐུན་རྒྱལ་པོ་ཆད་པ་མི་འབྱུང་ངོ་།། སྐྱེ་བ་གཅིག་ལ་ཆགས་སྡང་མི་རྩོད་ན་ཆད་པའི་རིགས་དང་བཙོན་ཁང་ཡང་མི་མཐོང་ངོ་།། སྐྱེ་བ་གཅིག་ལ་སེམས ་མཉམ་པ་ཉིད་པ་བསྒོམས་ན་དམྱལ་བར་མི་ལྟུང་ངོ་། ། ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཡེ་ཤེས་ལ་བཀའ་སྩལ་པ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ལས་གྱི་རྣམ་པར་སྨིན་པའི་འབྲས་བུའི་མད ་འདི་ཐོས་ནས་ལག་ཏུ་འཆད་པ་དང་། འདོན་པ་དང་། སྤོས་དང་། མེ་ཏོག་དང་། མར་མེ་རྣམས་ཅི་འབྱོར་པས་མཆོད་པ་བྱེད་ན།། གལ་ཏེ་དེ་ལ་ཚེ་སྔ་མའི་ལན་ཆགས་པ་དང་ཚེ་འདི་ལ་སྡིག་པ་བསགས་པ་ཐམས་ཅད་རྣམ་པར་དག། ་ཅད་བྱང་བར་འགྱུར་རོ།། དེ་ལྟར་བྱས་ན་མ་འོངས་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་ལོངས་སྤྱོད་དང་། ལྡན་པ་དང་། དབང་ཕྱུག་ཀྱང་མི་འབྱུང་བར་དོགས་པར་མི་བྱའོ།། སྐྱེ་བ་ཐམས་ཅད་དུ་གཟུགས་བཟང་བ་དང་ལྡན་པར་འགྱུར། ་རོ།། ཡེ་ཤེས་དང་ཤེས་རབ་དང་། མཆོག་ཏུ་དགའ་བ་རྣམས་ཐོབ་པའི་ཕྱིར་ལས་ཀྱི་རྣམ་པར་སྨིན་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཚིགས་སུ་བཅད་པ་ལས་ཤེས་པར་བྱའོ།། མི་ཡི་ལུས་ནི་ཐོབ་པ་དཀའ།། སངས ་རྒྱས་བསྟན་པ་ཐོས་པ་དཀའ། ། དགེ་བའི་སེམས་ནི་བསྐྱེད་པ་དཀའ།། དམ་པའི་ཆོས་ནི་ཤེས་པ་དཀའ།། སངས་རྒྱས་འདོད་ན་གསུང་རབ་སྒྲོགས་བཙོན་བྱ།། དགེ་སེམས་འདོད་ན་ཞེ་སྡང་མི་བྱའོ།། འབྲས་བཟང་འདོདན ་མཆོད་པ་རྟག་ཏུ་བྱ། ། ཚེ་རིང་འདོད་ན་སྲོག་གཅོད་སྤང་བར་བྱ།། སེམས་ནི་བུད་མེད་དག་ལ་ཞེན་མི་བྱ།། ཡིད་ནི་གཞན་ལ་གནོད་པ་བསྐྱེད་མི་བྱ།། དག་གིས་གཞན་གྱི་སྡིག་པ་བརྗོད་མི་བྱ།། གཞན་ནོར་རྩཝ་ཆུ་བཞིན་དུ་བཅུ ་མི་བྱ། ། རྣ་བས་གཞན་གྱི་ཚིག་ངན་མཉན་མི་བྱ།། མིག་གིས་བུད་མེད་གཟུགས་ལ་བལྟ་མི་བྱ།། ལྕེ་ནི་གཞན་གྱི་རོ་ལ་མྱང་མི་བྱ།། བྱ་བ་ཀུན་ལ་ཡིད་ནི་མིག་བཞིན་བྱ།། སེམས་ཅན་སྲོག་ནི་དོན་མེད་གཅངད་མི་བྱ།། སྐྱེ་བར་ནོར ་ཕྱུག་རྟག་ཏུ་འདོད་པ་ན། ། ནད་པ་དབུལ་པོ་རྣམས་ལ་ཕན་པར་བྱ།། དེ་ནས་འཕགས་པའི་ཚོགས་དང་ལྡན་པའི་འཁོར་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡིད་རངས་ཤིང་མངོན་པར་བསྟོད།། ལས་ཀྱི་རྣམ་པར་སྨིན་པའི ་འབྲས་བུའི་མདོ་རྫོགས་སྷོ། ། སངས་རྒྱས་ཀྱི་སྤྲུལ་པ་རྒྱའི་ལོ་ཙྪ་བ་ཐང་སམ་ཙད་ཞེས་བྱ་བས་རྒྱ་གར་དངོས་ལས་རྒྱ་ནག་ཏུ་ལེགས་པར་བསྒྱུར་ཞིང་།། ཕྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བརྒྱ ་ནག་ཆེན་པོའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྐུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ། རྒྱ་གར་སྐད་དུ། ཀརྨ་བི་བྷ་ད་ག། བོད་སྐད་དུ། ལས་རྣམ་པར་འབྱེད ་པ། བམ་པོ་དང་པོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པ་དུས་གཅིག་ན།། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད ་ཟས་སྦྱིན་གྱི་ཀུན་དགའ་བ་ན་བཞུགས་ཏེ། ། དེར་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་ཤུ་ཀ་ལ་བཀའ་སྩལ་པ། བྲམ་ཟེའི་བུ་ཁྱོད་ལ་ལས་རྣམ་པར་འབྱེད་པ་བསྟན་གྱིས།། དེ་ལེགས་པར་ཤིན་དུ་ཉོན་ལ་ཡིད ་