CLOSE WINDOW

Q1003: chos kyi 'khor lo'i mdo
Wyliee-texts produced with BDRC’s OCR application

ཎྱ་གར་སྐད་དུ། དྷརྨ་ཅག་སུརྦ།། བད་སྐད་དུ། ཆོས་ཀྱི་འཁོར་ལོ་མདོ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། སངས་རྒྱས་བཅོམ་ལྡན་འདས་བཱ་རཱ་ཎ་སཱི་དྲང་སྲོང་སྨྲབའི། ་རི་རིགས་ཀྱི་ནགས་ན་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ། འདི་ནི་སྡུག་བསྔལ་འཕགས་པར་བདེན་པའོ་རྣམ ་ཚུལ་བཞིན་ཡིད་ལ་བྱེད་པ་ནི་མིག་སྐྱེས་སོ། ། ཤེས་པ་དང་། རིག་པ་དང་། ཤློ་དང་། རྟོགས་པ་སྐྱེས་སོ།། དགེ་སློང་དགང་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ།། འདི་ནི་སྡུག་བསྔལ་འགོས ་པའོ། ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ།། ཤེས་པ་དང་རིག་པ་དང་། བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས ་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་ཡོངས་སུ་ཤེས་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། ། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དགང ་སྡོན་པ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤང་བར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། ། ཤེས་པ་དང་རིག་པ་དང་། ཐོ་དང་། ་རྟོགས་པ་སྐྱེས་སོ།། དགེ་སློང་དགང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པ་ཤེས་པ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་མངོན་གསུམ་དུ་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན ་མིག་སྐྱེས་སོ། ། ཤེས་པ་དང་རིག་པ་དང་། བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དགང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་དས་མངོན་པར་ཤེས་པས་བསྒོམ་པར་བྱའོ།། ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ།། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས ་ཡོངས་སུ་ཤེས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ནི་མིག་སྐྱེས་སོ། ། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མད། ་པར་ཤེས་པས་སྤོངས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ།། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པའི་ཤེས་པ་འཕགས་པའི ་བདེན་པ་དེ་ངས་མངོན་པར་ཤེས་པས་མངོན་སུམ་དུ་བྱས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། ། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག ་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་བསྒོམས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། ། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག ་ང་ཇི་སྲིད་ཏུ་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་ད་ལྟར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་མིག་མ་སྐྱེས། ། ཤེས་པ་མ་ཡིན་རིག་པ་མ་ཡིན་བློ་མ་ཡིན་རྟོགས་པ་མ་སྐྱེས་པ་དེ་སྲིད ་ང་ལྟ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས་ཚངས་པ་དང་བཅས་དགེ་སློང་དག་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ། ལྷ་དང་མིར་བཅས་པ་འདི་ལས་གྲོལ་བ་དང་ངེས་པར་བྱུང་བ་དང་མི་ལྡན་པ་དང་། རབ་ཏུ་གྲོལ ་བ་དང་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་མ་གྱུར་ཅིང་། ། དགེ་སློང་དག་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་མ་ཤེས ་སོ། ། དགེ་སློང་དག་ངས་གང་ནས་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་དེ་ལན་ལྟར་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་ས་བསྐོར་བའི་མིག་སྐྱེས་ཤིང་ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་པ་དེ་ནས་ང་ལྷ་དང ་བཅས་པའི་འཇིག་རྟེན་བདུད་དང་བཅས་ཚངས་པ་དང་བཅས་དགེ་སློང་དང་བྲམ་ཟེར་བཅས་པའི་སྐྱེས་དགུ་དང་། ལྷ་དང་མིར་བཅས་པ་འདི་ལས་གྲོལ་བ་དང་ངེས་པར་འབྱུང་བ་དང་མི་ལྡན་པ་དང་རབ་ཏུ་གྲོལ་བ་དང་ཕྱིན་ཅི་ལོག་དང ་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་གྱུར་ཅིང་དགེ་སློང་དག་ངས་དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ཤེས་སོ། ། ཆོས་ཀྱི་རྣམ་གྲངས་དེ་བཀའ་སྩལ་པ་ན། ་ཚེ་དང་ལྡན་པ་ཀཽ་དི་ནྱ་དང་། ལྷ་བརྒྱད་ཁྲི་ཆོས་རྣམས་འ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཽ་དི་ནྱ་ལ་བཀའ་སྩལ་པ།། ཀཽ་དི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། ་བཅོམ་ལྡན་འདས་ཀུན་འཚལ་ལགས་སོ།། ཀཽ་དི་ནྱ་ཁྱོད་ཀྱིས་ཀུན་ཤེས་སམ་ཀུན་ཤེས་སམ། བདེ་བར་གཤེགས་པ་ཀུན་འཚལ་ལགས་སོ།། ཀུན་འཚལ་ལགས་སོ།། ཚེ་དང་ལྡན་པ་ཀཽ་དི་ནྱས་ཆོས་ཀུན་ཤེས་པས ་དེའི་ཕྱིར་ཚེ་དང་ལྡན་པ་ཀཽ་དི་ནྱ་ཀུན་ཤེས་ཀཽ་དི་ཎྱ་ཞེས་ཚིག་བླ་དགས་སུ་བཏགས་སོ། ། ཚེ་དང་ལྡན་པ་ཀཽ་དི་ནྱས་ཆོས་ཀུན་ཤེས་སོ་ཞེས་ས་བླའི་གནོད་སྦྱིན་རྣམས་སྒྲ་སྒྲོགས་པར་བྱེད་དེ།། གྲོགས་པོ་དག་བཅོམ་ལྡན་འདས ་བ་ཨཱ་རཱ་ན་སཱིར་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་སུ་ལན་གསུམ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་དགེ་སྦྱོང་ངམ་བྲམ་ཟེ་འམ་ལྷའམ་བདུད་དམ་ཚངས་པ་འམ་སུས་ཀྱང་འཇིག་རྟེན་དུ་ཆོས་དང ་མ་ཐུན་པར་མ་བསྐོར་བ་སྐྱེ་བ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་བསྐོར་བས་ལྷའི་རིས་མངོན་པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས ་ཡོངས་སུ་ཉམས་སོ་ཞེས་དབྱངས་བསྒྲགས་སོ། ། ས་བླ་གནོད་སྦྱིན་རྣམས་ཀྱི་སྒྲ་ཐོས་ནས་ནམ་མཁའ་ལ་རྒྱུ་བའི་གནོད་སྦྱིན་དང་རྒྱལ་ཆེན་བཞི་པ་རས་དང་སུམ་བཅུ་རྩ་གསམ་པའི་ས་དང་འཐབ་ཟལ་དང ་དགའ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ནས། སྐད་ཅིག་དེ་དང་ཐད་ཅིག་དེ་དང་ཡུད་ཙམ་དེ་དང་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་བསྒྲོགས་སོ།། ་ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་སྒྲ་སྒྲོགས་པར་བྱེད་དེ། གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་བཱ་རཱ་ཎ་སཱིར་དྲང་སྲོང་སྨྲ་བའི་རི་དགས་ཀྱིས་གནས་སུ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི ་འཁོར་ལོ་ཆོས་དང་ལྡན་པ་དགེ་སྦྱོང་ངམ་བྲམ་ཟེ་འམ་ལྷ་འམ་བདུད་དམ་ཚངས་པ་འམ་སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་འགའ་ཡང་མ་བསྐོར་བ། ། སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེས་པོ་མང་པོ་ལ་བདེ་བ་དང ་འཇིག་རྟེན་ལ་སྙིང་བརྩེ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་བསྐོར་བས་ལྷའི་རིས་མངོན་པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས་ཡོངས་སུ་ཉམས་སོ་ཞེས་དབྱངས་བསྒྲགས་སོ། ། བཅོམ་ལྡན་འདས ་ཀ་ཡིས་བཱ་རཱ་ན་སཱིར་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ས་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་བསྐོར་བས་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ཀྱི་འཁོར་ལོ ་བསྐོར་བ་ཞེས་ཚིག་བླ་དགས་སུ་བཏགས་སོ། ། ཆོས་ཀྱི་འཁོར་ལོའི་མདོ་རྫོགས་སྷོ།། རྒྱའི་སྐད་དུ། ནུའི་བྷོ་ཡཱ་ནི་གོ་གྱི། བོད་སྐད་དུ། ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུའི་མདོ།། སངས་རྒྱས་དང་བྱང་ཆུབ ་