CLOSE WINDOW

Q1000: 'phags pa dga' ba can gyi mdo
Wyliee-texts produced with BDRC’s OCR application

མཁན་པོ་སརྦ་ཛྙཱ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བ་ན་དེ་དཔལ་བརྩེགས་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། @།། རྒྱ་གར་སྐད་དུ། ཨཱརྱ་ནཱན་དི་ཀ་སཱུ་ཏྲ། བོད་སྐད་དུ། འཕགས་པ་དགའ་བ་ཅན་གྱི་མདོ།། དཀོན ་མཆོག་གསུམ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོས་ཡོངས་སུ ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཐབས་གཅིག་ཏུ་བཞུགས་ནས་ཆོས་སྟོན་ཏེ། ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ། དོན་བཟང་པོ་ཚིག་འབྲུ་བཟང་པོ། མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས ་སུ་བྱང་བ་ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན་ཏོ། ། དེ་ནས་ཡང་དེའི་ཚེ་དགེ་བསྙེན་དགའ་བ་ཅན་འཁོར་དགེ་བསྙེན་ལྔ་བརྒྱ་དང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་ཅིག་ཏུ་འདུག་གོ་དེ་ནས་དགེ་བསྙེན་ལྔ་བརྒྱ་པོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ ་ནས་ཕྱོགས་གཅིག་ཏུ་འབོད་དོ། ། ཕྱོགས་གཅིག་ཏུ་འཁོད་ནས་དགེ་བསྙེན་དགའ་བ་ཅན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ཏེ ་སངས་རྒྱས་མཁྱེན་ཅིང་གཟིགས་པས་དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་པོ་གང་དག་བཅས་པ་དེ་དག་ལས་འདའ་བར་བགྱིད་པ་དེའི་རྣམ་པར་སྨིན་པ་ཇི་ལྟ་བུར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ ་བསྙེན་དགའ་བ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དགའ་བ་ཅན་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་གང་ཡིན་པ་དེ་ལེགས་སོ་ལེགས་སོ་ཁྱོད་ཀྱི་བློ་རྒྱ་ཆེ་སྟེ་དཔྱོད་པ་བཟང་ངོ་།། ་སྤོབས་པ་དགེའོ་དགའ་བ་ཅན་དེའི་ཕྱིར་ཉེས་དམིགས་བཅུ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་པར་བྱ་ཡིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ།། བཅོམ་ལྡན་འདས་ལེགས་སོ་ལེགས་སོ་ཞེས ་གསོལ་ནས་དགེ་བསྙེན་དགའ་བ་ཅན་བཅོམ་ལྡན་འདས་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། དགའ་བ་ཅན་སྲོག་གཅོད་པའི་ཉེས་དམིགས་བཅུ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ་བཅུ་པོ་དག་གང་ཞེ་ན། ་འདི་ལྟ་སྟེ། ཚེ་འདི་ལ་ཁོ་ན་བསྐྱེད་པ་དང་སྐྱེ་བ་གཞན་རྣམས་སུ་ཡང་ཁོ་ན་དང་རྗེས་སུ་འབྲེལ་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་གིས་ཡིད་མི་བརྟན་པར་འགྱུར་བ་དང་། སྡིག་པའི་རྨི་ལམ་མཐོང་བ་དང་། བདག་ཀྱང་འཇིགས་པ་སྐྱེ ་ཞིང་སེམས་ཅན་རྣམས་ཀྱང་དེ་ལ་འཇིགས་པ་སྐྱེ་བ་དང་། བདེ་བར་ཉལ་ཡང་སྡུག་བསྔལ་བར་སད་པ་དང་། སྡིག་པོ་རྣམ་པར་སེམས་པ་དང་། མོངས་པ་དང་བཅས་པར་འཆི་བའི་དུས་བྱེད་པ་དང་། ཚེ་ཐུང་བར་འགྱུར་བའི་ལས་བྱས་ཤིང་། ་བསགས་པས་ལུས་ཞིག་སྟེ་ཤི་ནས་ཀྱང་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཚེ།། ་ཐུང་བར་འགྱུར་ཤིང་ནད་མང་བར་ཡང་འགྱུར་ཏེ། དགའ་བ་ཅན་སྲོག་གཅོད་པའི་ཉེས་དམིགས་བཅུ་པོ་དེ་དག་ཡིན་པར་རིག་པར་བྱའོ།། དགའ་བ་ཅན་མི་བྱིན་པར་ལེན་པའི་ཉེས་དམིགས་བཙུ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ། བཅུ་པོ་དག ་གང་ཞེ་ན་ཁོ་ན་ཆེན་པོར་འགྱུར་བ་དང་། བག་ཚ་བ་ཆེན་པོར་འགྱུར་བ་དང་། དུས་མ་ཡིན་པར་འགྲོ་བར་འགྱུར་བ་དང་། ཕྱེ་འབྲེད་གྱི་དུས་སུ་འགྲོ་བར་འགྱུར་བ་དང་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པར་འགྱུར་བ་དང་། དགེ་བའི་བཤེས ་གཉེན་གྱིས་ཡོངས་སུ་སྤངས་པར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་བར་འགྱུར་བ་དང་། རྒྱལ་པོས་གནོད་པར་འགྱུར་བ་དང་། ཆོམ་རྐུན་གྱིས་གནོད་པར་འགྱུར་བ་དང་། ཆད་པས་གཙད་པས་གནོད་པར་འགྱུར་ཏེ། ལོངས་སྤྱོད་ཀྱིས། ་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བར་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར ་སྐྱེས་ནས་ཡང་དག་དང་གང་དུ་སྐྱེས་པ་དེ་དང་དེར་དབུའ་བོར་འགྱུར་རོ། ། དེའི་ལོངས་སྤྱོད་དུ་འགྱུར་གང་ཡིན་པའབར་བ་ཆེན་པོས་རྡུལ་ཞིང་དེམ་ཆགས་སུ་གང་ལག་ག་མ་ཐུས་བསྒྲུབས་པ་དེ་དག་གནོད་པ་ལྔས་གནོད་པར་འགྱུར་ཏེ་ལྔ་པོ་དག ་གང་ཞེ་ན། རྒྱལ་པོ་དང་། མེ་དང་། ཆུ་དང་། བགོ་བསྐལ་པ་སྤྱོད་པ་མི་མཛའ་བ་དང་། སྦས་པ་དག་གིས་དེ་ཆུད་ཟ་བར་འགྱུར་ཏེ། དགའ་བ་ཅན་མ་བྱིན་པར་ལེན་པའི་ཉེས་དམིགས་པ་ཏུ་ནི་དེ་དག་ལེན་པར་རིག་པར་བྱའོ།། དགའ་བ་ཅན་འདོ ་པས་ལོག་པར་གཡེམ་པའི་ཉེས་དམིགས་བཐུ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ། བཅུ་པོ་དག་གང་ཞེ་ན། གང་དག་གི་ཆུང་མ་ཁ་དྲངས་པས་དེ་དག་དང་དེ་ཁོ་ན་དང་བཅས་པར་འགྱུར་བ་དང་། ཆུང་མདང་རྩོད་པར་འགྱུར་བ་དང་དེའི་མི་དགེ་ཆོས ་མངོན་པར་འཕེལ་དང་། དེའི་དགེ་བའི་ཆོས་ཡོངས་སུ་འགྲིབ་པ་དང་། དེ་བདག་ཉིད་མ་ཞི་བར་འགྱུར་བ་དང་དེའི་བུ་དང་ཆུང་མ་མ་བསྲུངས་པར་འགྱུར་བ་དང་། དེའི་ནོར་ས་སྲས་པ་སྲུངས་པར་འགྱུར་བ་དང་། དེའི་ཁྱིམ་མ་སྦས་མ་བསྲངས་པར་འགྱུར་བ་དང་། དེའི ་སྲོག་མ་སྦས་མ་བསྲུངས་པར་འགྱུར་བ་དང་། དེའི་མཛའ་བ་ཤེས་དང་། ཉེ་དུ་དང་། སྟག་གི་གཉེན་མཚམས་དང་། བློན་པོ་དག་ཡིད་འབབས་པར་མ་འགྱུར་བ་དང་། འགྲན་ཟླ་དང་བཅས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་ས་ལུས ་ཟ་ཧིག་སྟེ་ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བདག་ཏུ་སྐྱེ་ཞིང་གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ནས་གལ་ཏེ་བུད་མེད་དུ་གྱུར་ན་ཡང་འགྲན་བླ་དང་བཅས་པའི་ཁྱོ་རྙེད ་བར་འགྱུར་རོ། ། ཎི་སྟེ་སྐྱེས་པར་གྱུར་ན་དེའི་བུ་དང་ཆུང་མ་མགྲངས་པར་འགྱུར་ཏེ། དགའ་བ་ཅན་འདོད་པས་ལོག་པར་གཡེམ་པའི་ཉེས་དམིགས་བཙུན་དེ་དག་ཡིན་པར་རིག་པར་བྱ་དཀའ་བ་ཅན་བརྫུན་དུ་སྨྲ་བའི་ཉེས ་དམིགས་བཅུ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ། བཅཝ་པ་དག་གང་ཞེ་ན། དེའི་ཁ་ནས་རྣག་མནམ་པར་འགྱུར་བ་དང་། དེའི་ལུས་སྲུང་བའི་ལྷས་འཕང་བ་དང་། མི་མ་ཡིན་པས་གླགས་རྙེད་པར་འགྱུར་བ་དང་བདེན་པར་སྨྲས་ཀྱང་དེའི་ཚིག ་ལ་མ་དད་པར་འགྱུར་བ་དང་། དགོས་པ་བྱུང་ཡང་འདི་ལ་མཁས་པ་རྣམས་ཡོངས་སུ་འདྲི་བར་མི་སེམས་པ་དང་། ཡང་དག་པ་མ་ཡིན་པའི་མི་སྙན་པ་རྒྱ་ཆེར་སྒྲོགས་པར་འགྱུར་བ་དང་། ཕྱིར་ལྡང་བའི་འོས་མ་ཡིན་པར་འགྱུར་བ་དང་། ་སྡུག་བསྔལ་ཞིང་ཡིད་མི་བདེ་བར་འགྱུར་བ་དང་། མི་སྙན་པ་བརྗོད་པ་མང་བར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་སྟེ་ཤིན་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་གལ་ཏེ་དེ་ནས་ཤི ་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་དེ་གང་དང་གང་དུ་སྐྱེ་བ་དེ་དང་དེར་མི་སྙན་པ་བརྗོད་པ་མང་པོར་འགྱུར་ཏེ། དགའ་བ་ཅན་བརྫུན་དུ་སྨྲ་བའི་ཉེས་དམིགས་བཅུ་ནི་དེ་དག་ཡིན་པར་རིག་པར་བྱའོ།། དགའ་བ་ཅན ་འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་སུམ་བཅུ་རྩ་ལྔ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ། སུམ་བཅུ་རྩ་ལྔ་པོ་དག་གང་ཞེ་ན། ཚེ་འདི་ལ་ནོར་ཟད་པ་དང་ནད་རྣམས་རྒྱས་པར་བྱེད་པ་དང་། འཐབ་པ་དང་རྩོད་པ ་དང་འགྱེད་པ་དང་དོན་མེད་པ་ལ་ལྟ་བ་དང་། གྲགས་པ་མ་ཡིན་པ་ཀུན་དུ་འབྱུང་བར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། ལོངས་སྤྱོད་ཐོབ་པ་མི་ཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཐོབ་པ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར ་འགྱུར་བ་དང་། གསང་མི་ཐུབ་པར་འགྱུར་བ་དང་། དེ་ལས་ཀྱི་མཐའ་ཡོངས་སུ་འགྲིབ་པ་དང་། མཐུ་སྟོབས་ཆུང་ངུར་བྱེད་པར་འགྱུར་བ་དང་། མར་མི་འཛིན་པར་འགྱུར་བ་དང་། ཕར་མི་འཛིན་པར་འགྱུར་བ་དང་། དགེ་སྦྱོང་དུ་མི་འཛིན ་བར་འགྱུར་བ་དང་། བྲམ་ཟེར་མི་འཛིན་པར་འགྱུར་བ་དང་རིགས་ཀྱི་གཙོ་བོ་ལ་བསྙེན་བཀུར་མེད་པར་འགྱུར་བ་དང་། སངས་རྒྱས་ལ་མི་གུས་པར་འགྱུར་བ་དང་། ཆོས་ལ་མི་གུས་པར་འགྱུར་བ་དང་། དགེ་འདུན་ལ་མ་གུས་པར་འགྱུར་བ། ་དང་། བསླབ་པ་ཡང་དག་པར་སྤངས་པ་ལ་མི་གུས་པར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་བར་འགྱུར་བ་དང་། དབང་པོའི་སྒོམ་བསྡམས་པར་འགྱུར་བ་དང་། བག་མེད་པར་ཤིན་དུ་བུད་མེད་དོན་དུ་གཉེར་བ་དང་། ཉེ་རུ་དང་སྔགས ་གཉེན་མཚམས་དང་མཛའ་བཤེས་དང་བློན་པོ་དག་གིས་སྤོང་བར་འགྱུར་བ་དང་སྐྱེ་བོ་མང་པོ་དག་གི་ཡིད་དུ་མི་འོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་དང་མི་མཐུན་པར་འགྱུར་བ་དང་། ཆོས་མ་ཡིན་པའི་སྤྱོད་པར་འགྱུར་བ་དང་། ཆོས ་མ་ཡིན་པ་ཡོངས་སུ་འཛིན་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་སྤོང་བར་འགྱུར་བ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཡོངས་སུ་སྤོང་བར་འགྱུར་བ་དང་། མི་མཛའ་བ་དག་གནས་ཀྱང་མཁས་པ་རྣམས་ཡོངས་སུ་འདྲི་བར་མ ་སེམས་པ་དང་། བག་མེད་པ་ཉམ་བག་ཏུ་སྤྱོད་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་གསུང་རབ་ལ་ཀུན་ནས་མི་གནས་པ་དང་། མྱ་ངན་ལས་འདས་པ་ལས་ཐག་རིང་དུ་འགྱུར་བ་དང་། སྨྱོན་པར་འགྱུར་བའི་ལས་བྱས་ཤིང་བསགས ་བ་ཨས་ལུས་ཞིག་སྟེ་ཤིན་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་པ་མཉམ་པར་སྐྱེས་ན་ཡང་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་སྨྱན ་བར་འགྱུང་ཞིང་དྲན་པ་མེ་གསལ་བར་འགྱུར་ཏེ། དགའ་བ་ཅན་འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་ནི་སུམ་ཙུཅཝ་ལྔ་པོ་དེ་དག་ཡིན་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ ་སྩལ་ཏེ་བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོད་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། ། སྲོག་གཅོད་རྡེག་དང་འཆིང་པ་རྣམ་སྤངས་ཏེ།། སེམས་ཅན་དག་ལ་ཕན་ཞིང་སྙིང་བརྩེ་བ། བདག་གི་ཚེ་སྐྱབས་དཀའ་བ་ཇི་ལྟ ་བར། དེ་བཞིན་གཞན་རྣམས་ཀྱི་ནི་སྲོག་ཀྱང་བསྲུང་།། སྡུག་བསྔལ་མང་པོས་བསགས་པ་གཞན་གྱི་ནོར།། མ་བྱིན་དེ་ལ་ཡིད་ཀྱང་བསམ་མི་བྱ།། འཇིག་རྟེན་གྱིས་མཐོང་དགའ་དང་བྲལ་འགྱུར་ཞིང་།། གཞན ་ཡང་དེ་བཞིན་ཕན་པར་གནས་པར་གྱིས། ། གཞན་གྱི་བུད་མེད་རྒྱན་གྱིས་བརྒྱན་པ་དག། མེ་ལྕེ་འབར་བ་བཞིན་དུ་ཡོངས་སྤོངས་ལ།། རང་གི་ཆུང་མ་རྙེད་པས་ཆོག་པར་བྱོས།། འདོད་རྒྱུ་དྲུག་དང་འདྲ་བ་མ་སྤྱོད་ཅིག། ་རང་གི་དོན་དང་གཞན་གྱི་དོན་ཆད་དུ།། སུས་ཀྱང་ཤེས་བཞིན་བརྫུན་དག་མ་སྨྲ་བར།། གཞན་ལ་མི་གནོད་གཞན་ལ་མི་གདུང་བར།། བརྟགས་ཏེ་འཇམ་པོའི་ཚིག་གིས་སྨྲ་བར་གྱིས།། ཆད་འཐུང་བ་ལ་མངོན་པར་དགའ་བའི་མི།། ། ་བདག་ལ་ཕན་དང་གཞན་ལ་བདེ་མི་ནུས།། རྨོངས་དང་མདོག་ངན་བྱེད་པ་ཆད་ཡིན་ཏེ།། ཇི་ལྟར་ཧ་ལའི་དུག་བཞིན་དེ་མི་བཏུང་།། སྲོག་ཆགས་མི་གསོད་གཞན་གྱི་ནོར་མི་འཕྲོག། བརྫུན་དུ་མི་སྨྲ་ཆང་ཡང་མི་བཏུང་ཞིང་།། ་གཞན་གྱི་ཆུང་མ་ཡིད་ལའང་མི་འདོད་པ།། མཐོ་རིས་གང་འདོད་ཁྱིམ་དུ་འཇུག་པ་བཞིན།། གོས་ཀང་གྱོན་པ་ཁྱིམ་པ་རྣམས་ཀྱིས་ནི།། ཁྱིམ་གནས་རྣམས་ཀྱི་བསླབ་པ་འདི་ཡིན་ཏེ།། རྒྱལ་བས་དགོང་རབ་ཏུ་བྱུང་རྣམས ་ཀྱེ། བསླབ་གཞིའི་ཆོས་ནི་རབ་ཏུ་བསྟན་པ་ཡིན།། དེ་ནས་དགེ་བསྙེན་དགའ་བ་ཅན་བཅོམ་ལྡན་འདས་ལ་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དགའ་ཞིང་མགུལ་ཡིད་རངས་ཏེ། རབ་ཏུ་དགའ་བ་དང་བདེ་བ་དང་ཡིད་བདེ་བ ་བསྐྱས་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མག་བས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་ནས་རྗེས་པ ་ཡིདོ་རངས་ཏེ་བཅོམ་ལྡན་འདས་ཀྱིས་སྤྱན་སྔ་ནས་སོང་ངོ་། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བུལ་བ་དང་། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ་འཕགས་པ་དགའ་བ་ཅན་གྱི་མདོ་རྫོགས་སྷོ།། །། འཕགས་པ་ཁར་སིལ་གྱི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ་