CLOSE WINDOW

Ng9.6: 'phags pa spyan ras gz-igs shes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨརྱ་ས་བ་ལོ་ཀ་ནན་ན་མ་མ་ཧ་ཡཱ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་སྤྱན་རས་གཟག། ས་ཤེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལི། དགེ་སློང་གི་དགེ་འདུན་ཆེན་པོ ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་དག་པ་ལ་བཀའ་སྩལ་བ།། གློ་གྲོས་རྣམ། ་པར་དག་པ་ཚུལ་ཁྲིམས་ཡོངས་སུ་དག་པས། དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ་ཏིང་ངེ་འཛིནད་ཡོངས་སུ་དག་པ་དང་། བཟོད་པ་ཡོངས་སུ་དག་པ་དང་། ཕན་པའི་དངོས་པོ་ཡོངས་སུ ་དག་པས། དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ་བྱམས་པ་ཡོངས་སུ་དག་པས། དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ་སྙིང་རྗེ་ཡོངས་སུ་དག་པས ་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། ཐོ་ཟློས་རྣམ་པར་དག་པ་དགའ་བ་ཡོངས་སུ་དག་པ་དང་། བཏང་སྙོམས་ཡོངས་སུ་དག་པས། དེ་བཞིན་གཤེགས་པ་ཡོངས་སུ་དྲུག་གོ།། ཟོ་གྲོས་རྣམ་པར ་དག་པར་གྲོལ་བ་ཡོངས་སུ་དག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡོངས་སུ་དག་པས། དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ་སྟོབས་ཡོངས་སུ་དག་པས ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་པ་མྱི་འཇིགས་པ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་དག་པ་དང་། རྣམ་པ་ཐམས་ཅད་མཁྱེནད་པའི་ཡེ་ཤེས་ཡོངས་སུ་དག་པས ་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། ཟོ་གྲོས་རྣམ་པར་དག་བ་དེ་སྐར་དེ་བཞིན་གཤེགས་པ་ཡོངས་སུ་དག་བཱ་ལ་སུ་ཞིག་ས་ཏོ་ཀ་དང་། འཕྲེང་བ་དང་། སྤོས་དང་། གདུགས་དང་། རྒྱ ་མཚན་དང་། ཁ་དན་དང་། རོལ་མོའི་སྒྲ་དང་། བྱུག་པ་རྣམས་ཀྱིས་སྟི་སྟང་བྱེད་པའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས། པར་གྱི་ནུས་ཏེ། དེའི་མཐའ་རྣམ་པ་གསུམ་པོ་ལས་ཐེག་པ ་ཀཱང་ཡང་རུང་བས་མྱ་ངན་ལས་འདས་པའི་མཐར་ཐུག་པ་མ་ཏོགས་པར་བསོད་ནམས་ཀྱི་ཕུང་པོ་ཕྱི་མའི་མཐའ་ཡང་ཟད་ར་གྱི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ ་ཇི་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་ཚད་མྱེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ས་ཡོན་ཕུལ་བ་ཡང་ཚང་བྱེད་དོ།། མཐལམས་སོ།། བསམ་ཀྱིས་ཀྱི་ཁྱབ་བོ།། མཚུངས ་བྱེད་དོ།། རཔག་ཏུ་མྱེད་དོ།། དཔག་གིས་ཀྱི་སང་ངོ་།། བརྗོད་དུ་མེད་དོ།། ཟློགས་པ་། སུ་འིག་དེ་བཞིན་གཤེགས་པ་དེ་ས་གཟུགས་ཏེ། འཚོ་འང་བཞེས་པ་། ལུང་བྱེད་པ་དང་། ་མར་བྱེད་པ་དང་། རི་མོར་བྱེད་པ་དང་ག་མཆོད་པ་དང་། བརྗེད་པ་དང་། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མས། མུ་འི་ཀ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་མ་ལ་སུངས་འཐུས ་ལ་སྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རིམ་འགྲོ་བྱེད་པ་དང་། མཆོད་པ་དང་། བརྗེད་པ་དང་། ཡང་དག་པར་སེམས་ཉེ་བར་གཞག་སྟེ། བྱང་ཆུབ་ཏུ་གཞོལ་བའི་སེམས་བསྐྱེད་པས་ཕྱག་འཚལ་བ་དང་། ཕྱག ་བྱེད་པ་དང་། སྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད་པ་དང་། གསོལ་བ་དང་། བསྔགས་པ་དང་། བསྐྱོར་བར་བྱེད་པ་དེས་ཕན་ཡོན་ལྔ་ཡོངས་སུ་བཟུང་བར ་གྱུར་ཏེ། སྔ་གང་ཞེ་ན། དྲན་པ་དང་ལྡན་པར་འགྱུར་བ་དང་། རྟོགས་པ་དང་ལྡན་པར་འགྱུར་བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པར་འགྱུར་བ་དང་། མྱུར་དུ་སངས་རྒྱས་བཅོམ་ལྡན་འདས་མཐོང ་བར་འགྱུར་བ་དང་། མཐོང་ནས་ཀྱང་དད་པ་སྐྱེད་པ་འགྱུར་པ་སྟེ་ཕན་ཡོན་ལྔ་པོ་དེ་དག་ཡོངས་སུ་གཟུང་བར་འགྱུར་རོ།། དེ་ཆོས་བ་ཞི་དང་ལྡན་པར་འགྱུར་ཏེ། བཞི་གང་ཞེ་ན། དེ་བཞིན་གཤེགས ་པའི་བསྟནད་པ་འབྱིནད་པ་དང་། དེ་ཡང་ཇི་སྐད་བསྟནད་པ་བ་ཞིན་བསྒྲུབ་པ་དང་། བསྒྲུབས་ནས་ཀྱང་སངས་རྒྱས་བཅོམ་ལྔ། ན་འདས་རྣམས་དང་ཉེ་བར་འགྱུར་བ་དང་། མྱུར་དུ་སངས ་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་བ་སྟེ། ཆོས་པ་ཞི་པོ་དེ་དག་གོ།། བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའཆོས་བཞི་དང་ལྡན་ན། བདུད་དམ། བདུད་ཀྱི་རིས་ཀྱི་ལྷའི ་བུ་རྣམས་ཀྱིས་མྱི་རྫི་བར་འགྱུར་ཏེ། བཞི་གང་ཞེ་ན། རིགས་མཐོ་ཞིང་རིགས་ཆེ་བ་དང་། བཙས་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡིད་ལ་བྱེད་པ་དང་། ཕྱི་མའི་དུས་ན་དམ་པོའི་ཆོས་འཛིནད་པ་དང་། ་རྟག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བརླབས་པར་འགྱུར་བ་སྟེ།། བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའི་ཆོས་བཞི་པོ་དེ་དག་དང་ལྡན་ན། བདུད ་དམ་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མྱི་རྫི་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ད་ཏོ།། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། བྱང་ཆུབ་ཏུ་ནི་སེམས ་བསྐྱེད་དེ། འཇིག་རྟེན་མགོན་གི་མཆོད་རྟེན་ལ།། སུ་ཞིག་བསྐོར་བ་བྱེད་པ་ནི།། ཚེ་རབས་དག་ནི་ཐམས་ཅད་དུ།། བྲང་ཆུབ་སྤྱ་པ་པྱོད་པའི་ས།། དྲན་དང་ལྡན་ཞིང་རྣོ་གས་ལྡན།། བསོད་ནམས་ལྡན་ཞིང་འཇིགན ་བྱེད་འགྱུར། མཆོད་རྟེན་བསྐོར་བ་བྱས་མཱ་ནཾ།། ཚེ་རབས་དག་ནི་ཐམས་ཅད་དུ། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། སྲིན་པོ་རྣམས་ཀྱིས་མཆོད་པར་འགྱུར།། ངས་ནི་གང་དག་བསྟནད་པ་ཡི།། མྱི་འོམ་བརྒྱད་པོ་དེ་དག་སྤོང་། ་སངས་རྒྱས་འབྱུང་བ་རབ་མཛེས་པ།། མཉེས་པར་བྱེད་འདི་དལ་བ་གཅིག། མདོག་ལྡན་གཟུགས་ནི་ཕུན་སུམ་ཚོགས།། མཚན་གྱིས་ལེགས་པར་བརྒྱན་པ་དང་།། མཐུ་དང་སྟོབས་དང་ལྡན་པར་འགྱུར།། ལེ་ཨོཾ་ཅན ་དྲུ་མྱི་འགྱུར།། དེ་ན་ཕྱུག་ཅིང་ནོར་ཆེར་འགྱུར།། བསོད་ནམསལྡན་ནང་ཇི་བབྱེད།། འཇིག་རྟེན་སྨོན་མ་ས་ཉེས་བྱས་ནས། ཡང་དང་ཡ་དུ་མི་སྣང་བྱེད།། བདག་མྱེད་སོང་བའི་རློས་ཐོས་ན། ་དོན་ཆོས་ལ་རྨོངས་ཀྱི་འགྱུར།། མྱུར་དུ་དང་པ་ཐོབ་འགྱུར་ཞིང་།། སེ་སོ་ཅན་དུ་མྱི་འགྱུར་ཏེ།། ཞེས་འཐུང་ཇི་བཞིན་མཁས་པར་གྱུར།། ཚོང་དཔོན་ཁྱིམ་དང་རྒྱས་པ་དང་།། ཕྱུག་པོ་རྣམས་སུ ་སྐྱེ་བར་འགྱུར།། དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར།། རབ་གཏང་འི་ང་སེར་ས་མྱེད།། ལངས་བུའི་གླིང་ན་གང་ཡང་རུང་། བྱེད་པར་ཅན་གྱི་རིགས་འཇིས་པ།། རེར་ནི་བརྟན་པ་དེ་སྐྱེས་ཏེ། ་མབ་དག་ནི་རྣམ་པར་སྤངས།། མཆོད་རྟེན་བསྐོར་བ་བྱས་ན་ནི།། སྐྱེ་བ་ཐམས་ཅད་ཀུན་ཏུ་ཡང་།། དབང་ཆེར་གྲགས་པའི་ཁྱིམ་བདག་དང་།། དཔལ་དང་གཟིལ་བརྗིད་གསོ་ལྡན་འགྱུར།། བྲམ་མེ་ས་ལ་ཆེན་འདྲ་དང་།། ཚུ ་ཁྲིམས་ལྡན་ཞིང་མང་ཐོས་དང་།། རྒྱལ་རིགས་ས་ས་ཆེ་འདྲ་དང་།། ཐུག་ཅིང་ནོར་ཆེར་ལྡན་པར་འགྱུར།། རིས་བབྱོར་རྒྱ་མཚོ་ལ་ཚུན་ཅད་ཀྱི།། མ་ཀུན་ལ་ནི་གང་ཉོན་བུ།། གླིང་བཞི་དག་གི་དབང་ཕྱུག་ཟ།། རྒྱམ་ཐོ་ཚོམ ་རང་ལྡན་པར་འགྱུར།། འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ།། རིན་ཆེན་བདུན་དང་ལྡན་པར་འགྱུར།། རྒྱལ་སྲིད་གནས་ནས་སངས་རྒྱས་ལ།། ཡང་དང་ཡང་དུ་བསྟི་བསྟང་བྱེད།། འདི་ནས་ཤི་འཕོས་མཐོའི་རིས་སུ།། སོང་ནས ་སངས་རྒྱས་བསྟན་ལ་དང་།། ཕུན་པོའི་ཆོམ་གི་དབང་ཕྱུག་པོ།། ལྷའི་དབང་པོ་བརྒྱ་བྱིན་འགྱུར།། ལྷ་དབང་ཤི་ནང་ཏུ་འབབ་བྲལ་དང་།། དེ་བཞིན་དུ་ནི་དགའ་ལྡན་དང་།། ལྷ་དབང་གི་ནང་ཏུ་འཕྲུལ་པ་དང་།། དབང་སྒྱུར། ་འཇིགས་པ་མྱེད་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་ན་ནི།། དེ་ནི་ཚངས་པའི་འཇིག་རྟེན་དུ།། ཚངས་པའི་འཇིག་ཕྱུག་མཁས་འགྱུར་ཞིང་།། ལྷ་རྣམས་བྱེ་བས་མཆོད་པར་འགྱུར།། འཇིག་རྟེན་མགོར་གི་མཆོད ་རྟེན་ལན། མྱི་ཀང་སྐོར་བ་བྱེད་པའི།། བསྔགས་པ་བསྐལ་པ་བྱེ་བར་ཡང་།། བརྗོད་པ་ཟད་པར་བྱ་མྱི་ནུས།། སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས།། སྟོནད་པའི་མཆོད་རྟེན་ཕྱག་འཚལ་བ།། དེ་ནི་བསྐལ་པ་བྱེ་བར ་ཡང་།། ནམས་ཀྱང་ལོངས་ཞིང་ཐེར་མྱི་འགྱུར།། འཇིག་རྟེནམགོན་གི་མཆོད་རྟེན་ལ།། མངོན་ཏུ་བསྐོར་བ་བྱེད་པ་ནི།། བུདབ་སྔོན་པོ་མཛེས་འདྲའི།། རྣམ་པར་དག་པའི་མྱིག་འཐོབ་འགྱུར།། ་མཆོད་རྟེན་བསྐོར་བ་བྱས་ན་ནི།། དེ་ནི་ངེས་པར་རྟག་ཏུ་ཡང་།། མཐུན་པའི་དོན་ཀུན་འཐོབ་འགྱུར་ཞིང་།། དོན་ཀུན་རྣམས་ནི་སྤངས་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་ན་ནི།། མཐུ ་དང་སྟོབས་དང་ལྡན་པར་འགྱུར།། དེ་ནི་ལེ་ལོ་མྱེད་འགྱུར་ཞིང་།། རྟག་ཏུ་བཀ་ཡོད་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་ན་ནི།། བརྩོན་འགྲུས་བརྟན་ཞིང་མཐུ་རྟན་ལ།། བརྟན་ཞིང ་རྣམ་པར་གནོད་བཏན་དང་།། དེ་ནི་མྱུར་དུ་མཁས་པར་འགྱུར།། མེ་དང་དུག་དང་མཚོན་གྱིས་དེ།། ནམས་ཀྱང་འཆི་དུས་བྱེད་མྱི་འགྱུར།། མཁས་པ་ཚེ་ནི་རྫོགས་རྫོགས་སུ།། ཟད་པར་བྱས་ནས་འཆི་དུས་བྱེད། ་མཆོད་རྟེན་བསྐོར་བ་བྱས་ན་ནི།། ཕོ་བྲང་འཁོར་དང་ཡུལ་འཁོར་དང་།། གྲོལ་རྡལ་རྣམས་སུ་ལོངས་སྤྱོད་དང་།། གཟུགས་ཀྱིས་ཁྱད་པར་འཕགས་པར་འགྱུར།། བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ།། དེ་ནི་འདོད་པ ་མྱི་སྟེ་ནད་ཅིང་།། སུས་ཀྱང་ཀ་ཙ་པས་ཀོས་ཀཙང་ཞིང་།། གཙང་མའི་ཆོས་ལ་གནས་པར་འགྱུར།། ཀླེ་ཀྲིས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་དག་གིས། དེ་བཞིན ་གཤེགས་པའི་མཆོད་རྟེན་མཐོང་ནས་དད་པ་བྱེད་དེ། པུས་མོ་གཉི་གའི་ཞབས་ལ་བཙུགས་ནས། ཕྱག་འས་ཞིང་ཕྱག་བྱེད་དེ། དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་བརྩ ་གཉིས་ཀྱིས་སྐུ་ལེགས་པར་བརྒྱ་དད་པ་དེ་ཅི་འདྲ་བར། བདག་གི་ལུས་ཀྱང་དེ་འདྲ་བར་གྱུརྡ་ཅིག། ཅེས་དེ་ལ་མོས་པ་བསྐྱེད་དེ། གློ་གྲོས་རྣམ་པར་དག་པ་བསོད་ནམས་ཀྱི་ཕུང་པོ་དེའི་མཐའ་བརྗོད་པར་མྱི་ནུས་ཏེ། བླ་ན ་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པའི་ཕྱིར་རོ།། བསོད་ནམས་ཀྱི་ཕུང་པོ་དེ་ནི་རྒྱལ་པོ་ཉིད་དམ། བརྒྱ་བྱིན་ཉིད་ཉིད་རང་སངས་རྒྱས་ཉིད་དམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི ་ཐེག་པ་བླན་བྱེད་པས་ཀྱང་ཟད་པར་བྱ་བར་གྱི་ནུབ་སོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ་རིགས་ཀྱི་བུ་བསོད་རྣམས་ཀྱི་ཕུང་པོ་བསམ་གྱིས་ཀྱི་ཁྱབ་པ་ཡོངས་སུ་བཟུང ་བའི་ཕྱིར་ཏེ། བློ་གྲོས་རྣམ་པར་དག་པ་འདི་ལྟ་སྟེ་དཔེར་ན་། དེ་བཞིན་གཤེགས་པ་བླན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ།། ཀྲོང་ཁྱེར ་གཙུན་ང་། གྲོང་ན་འདུས་#8། འདུག་ཀྱང་རུང་ན་ཀྱང་རུ་། གས་ས་ནི་སློ་ཆེན་པོའི་འཛིག ་གི་ཁམས་ན། སེམས་ཅན་ས་འམ། ཀུ་འམ། གནོད་བྱིན་ནས། དྲིམ་འམ། ཕྲ་མ་ཡིན་ནམ། ནམ་མཁའ་འང་ག། གྱི་འམ་ཅི་འམ། ལྟོ་འཕྱེ་ཆེན་པོ་འམ། གྱི་འམ་ཁྱི་མ་ཡིན་པ་འམ། སེམས ་ཅན་ཀྱི་གྲངས་སུ་མ་གཏོགས་པ་ཤིང་ད། རི་2། ཝང་ཅུ39། ཟུག29། བྱ་བྱིགས་ཀྱང་རུང་སྟེ། དེ་བཞིན་གཤེགས་པ་ཀཱ་ལ་པ་ལོགས་སུ་འདུད་པ་དང་། རབ་ཏུ་བདུད་པ་དང་། ས ་ཀྱེ་བྱེད་པ་གང་སང་བྱེད་པ། ཇིག་དེ་བཞི་གཤེགས་པ་དགེ་བ་རྒྱ་བ་ཐམས་ཅད་དང་ལྡན་པས་བྱེད་པ་དེ་བཞིན་དུ། རིགས་ཀྱི་བུ་དག་གྲོང་ངམ་གྲོས་ཁྱེར་རམ། གྲོང་ནས་ལམ། ཡུལ་འཁོར་མ། ་ཕོ་བྲང་འཁོར་ན་རྒྱུ་བའི་སེམས་ཅད་རྣམས་འདུད། རབ་ཏུ་འདུད། ཀུན་ཏུ་རབ་ཏུ་འདུད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སུ་ཡང་ཏོ།། འཇིག་རྟེན་སངས་རྒྱས་ཇི་ལྟར ་འགྱུར་ཞེས་མོས་བསྐྱེད་དེ། སངས་རྒྱས་མཆོད་རྟེན་ལ་ནི་པུས་གཉིས་ས་འཛུགས་དང་།། སུ་ཞིག་བྱང་ཆུབ་གཞོལ་ནས་ཕྱོགས་རྣམས་ཀུན་འགྲོ་བ།། དེ་འགྲོ་ཆེན་འཇིག་རྟེན་གསུམ་པོ་འདུད་པ་བྱེད།། མྱི་རྣམས་གཙོ ་རང་བྱུང་གང་ཏུ་འགྲོ་བྱེད་པ།། དེ་ལོགས་སུ་ནི་རྩཝ་དང་ཤིང་དང་སྔོད་ལྕུག་དང་།། སྨན་དང་ཤིང་ལོ་རྣམས་དང་འབྲས་བུ་འདབ་མ་དང་།། ཡིད་དེ་འོད་དྲི་ལྡན་མེ་ཏོག་རྣམས་ནི་འདུད་པར་འགྱུར།། བཅོམ་ལྡན་མཆོད་རྟེན ་རྣམས་ལ་པུས་མོ་བཙུགས་པ་ནི།། དེ་ལ་མྱིའི་དབང་པོ་ཀུན་ཀྱང་འདུད་པར་འགྱུར།། གནོད་སྦྱིན་དབང་དང་ཀླུའ་དང་ལྷའི་རྒྱལ་པོ་དང་།། ཚངས་པའི་དབང་པོ་ཐམས་ཅད་རྐང་པར་གཏུགས ་པ་བྱེད།། བཅོམ་ལྡན་མཆོད་རྟེན་རྣམས་ལ་ཕུས་བཙུགསཕྱག་བྱས་ན།། དགའ་ཞིང་སྟོབས་དང་ལྡན་པའི་འཁོར་ལོས་སྒྱུར། བར་འགྱུར།། གསེར་གི་མདོག་ལྡན་མཚན་རྣམས་ཀྱིས་ནི ་གོ་ཆར་འགྱུར།། མཐུ་ཆེ་བླ་མར་བྱ་ཞིང་དཀའ་བར་འགྱུར། དེའི་ཡུལ་ན་སེམས་ཅན་ཀང་དག་གནས་གྱུར་པ།། དེ་དག་ཐས་ཅད་བྱམས་པའི་སེམས་དང་དཀའ་བར་འགྱུར།། དེ་ལ་སེཾས ་ཅན་གང་ཡང་སྡིག་པ་མྱི་སྐྱེད་དེ།། སྐྱེ་བོ་ཚོགས་ཆེན་དགའ་ཞིང་ཡིད་དུ་འོང་བར་འགྱུར།། བཅོམ་ལྡན་མཆོད་རྟེན་དག་ལ་པུས་བཙུགས་ཕྱག་འཚལ་བ།། དེ་ལ་འཇིག་རྟེན་ཀུན་གྱི་རྒྱལ་པོ་རབ་ཏུ་འདུད། ་ལྷ་དང་ཀླུ་དང་རྨྱི་དང་ལྟོ་འཕྱེ་ཆེན་པོ་འདུད།། བསྐས་པ་མཐའ་ཡས་རྣམས་སུ་དབུགས་འབྱིནད་འཐོབ་པར་འགྱུར།། བཅོམ་ལྡན་མཆོད་རྟེན་དག་ལ་པུས་བཅུགས་ཕྱག་འཚལ་ལ།། གང་ཚེ་རྒྱལ་པ་དམ་པ་གྱུར ་བར་གྱུར་པའི་ཚེ།། དེ་བཞིན་གཤེགས་པ་རྣམས་དང་ཉེ་བར་འགྱུར་བ་འཐོབ།། འདྲེནད་པ་གཞལ་ཡས་རྣམས་ལ་མཆོད་པ་བྱེད་པར་འགྱུར།། འཇིག་རྟེན་སངས་རྒྱས་ཀྱུརྡ་ཅེས་མོས་པ་བསྐྱེད་ནས་ནི། ་བཅོམ་ལྡན་མཆོད་རྟེན་རྣམས་ལ་པུས་བཙུགས་ཕྱག་འཚལ་བ།། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་འགྲངས་ཟད་གྱུར་ན།། དེ་ནི་རིང་པོ་མྱི་ཐོགས་བྱང་ཆུབ་མཚུངས་མྱེད་འཐོབ།། གང་གིས ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ།། བསྐལ་པ་བྱེ་བ་གཞལ་ཡས་བསྟི་བསྟང་བྱེད་པ་བས།། གང་ཞིག་ཕྱི་དུས་མྱི་བཟད་བསྐས་པ་འདི་ལ་ནི།། མཆོད་རྟེན་ཕྱག་འཚལ་དེའི་བསོད་ནམས་ཆེས་མང་ངོ་།། ་སངས་རྒྱས་དམ་པ་སྦྱིན་གནས་མཚུངས་པ་བྱེད་གྱུར་པ།། སྤྱོད་པ་དམ་པ་སྤྱད་ནས་ཁྱད་པར་ཐོབ་གྱུརྡ་པ།། མྱིའི་ཁྱུ་མཆོག་དེ་ལ་འདིར་ནི་མཆོད་བྱས་ན།། རྣམ་པར་སྦྱིན་པ་མཚུངས་མྱེད་རང་བཞིན་འགྱུར།། བྱང ་ཆུབ་ཏུ་ནི་སེམས་བསྔོས་ཏེ།། མེ་ཏོག་འཕྲེང་བ་བྱས་ནས་སུ།། མཆོད་རྟེན་དག་ལ་སུ་འབུལ་བ།། དེ་ནི་ནམས་ཀྱང་རིང་མྱི་འགྱུར། གྱིའི་ནང་ནས་ཞི་འཕོས་ནས།། སུམ་བཅུ་གསུམ་དུ་འགྲོ་བར ་འགྱུར།། དེར་ནི་རིན་ཆེན་སྣ་ཚོགས་ཀྱིས།། གཞལ་མྱེད་ཁང་པ་འཐོབ་པར་འགྱུར།། མཆོད་རྟེན་འཕྲེང་བ་འདིར་ཕུལ་ན།། ཁང་བཟངས་དག་དང་ཁང་བརྩེགས་པ།། ལྷའི་བུ་མོས་བསྟེན ་པ་རྣམས།། སུམ་བཅུ་གསུམ་དུ་སྤྱད་པར་འགྱུར།། ཡམ?་ལག་བརྒྱད་ལྡན་ཆུས་གང་ཞིང་།། གསེར་གི་བྱེ་མ་འདལ་གྲུ་ར་བྱེ་དུནྱ་དང་ཤེལ་དག་གི།། ལྷའི་རྫིང་བུ་ཐོབ་པར་འགྱུར།། དེར ་ནི་ཞྭའི་དགའ་སྤྱན་ནས།། མཁས་པ་ཚེ་ཚད་རྫོགས་པར་འགྱུར།། ཞྭའི་འཇིག་རྟེན་གྱི་འཕོས་ནས།། མྱི་ནང་ལོངས་སྤྱོད་ལྡན་པར་འགྱུར།། དགེ་བའི་རྩ་པ་དེ་ཉིད་ཀྱིས།། མཁས་པ་བག་ཡོད་གྱུ་རད་ནས་ནི།། དེ་བཞིན ་གཤེགས་པ་མཉེས་བྱས་ཏེ།། རྐང་གཉིས་མཆོག་ལ་མཆོད་པ་བྱེད།། མཆོད་རྟེན་འཕྲེང་བ་འབུལ་བྱེད་པ།། དེ་ནི་འདོད་ཆགས་མྱི་འཕྲོགས་ཤིང་།། ཞེ་སྡང་གིས་ཀྱང་འཕྲོགས་མྱི་འགྱུར།། དེ་ནི་ནམས ་ཀྱང་རྨོངས་མྱི་འགྱུར།། རྐང་གཉིས་མཆོག་ལ་མཆོད་བྱས་པ།། དེ་ནི་ཚེ་རབས་ཐམས་ཅད་དུ།། ཆགས་པ་མྱེད་ཅིང་ཞེ་སྡང་མྱེད།། བརྐམ་པ་མྱེད་ཅིང་དབང་པོ་བསྡམས།། མཆོད་རྟེན་འཕྲེང་བ་དབུལ་བྱེད་པ ་ཚེ་རབས་བྱེ་བ་སྟོང་རྣམས་དང་།། ཁྲག་ཞིག་དག་ནི་བརྒྱ་འགྲངས་པ།། ཀུན་ཏུ་བཀུར་བསྟི་བྱས་པར་འགྱུར།། མཆོད་རྟེན་འཕྲེང་བ་འབུལ་བྱེད་པ།། དེ་ནི་འཁོར་ལོས་སྒྱུར་བར་འགྱུར།། བརྒྱ་བྱིན་ལྷའི་དབང་ཕྱུག ་འགྱུར།། ཚངས་པའི་འཇིག་རྟེན་ཚངས་པར་འགྱུར།། འཇིག་རྟེན་འགོན་པོ་སྐྱོབ་པ་ལ།། དག་གི་དབུལ་བ་ཕུལ་བྱས་ན།། ལྷའི་ངག་དང་མྱི་རྣམས་ཀྱི།། བསོད་ནམས་ཐམས་ཅད་འགྲུབ་པར་འགྱུར།། དམའ་བའི ་རིགས་ནི་རྣམས་སྤངས་ཏེ།། དེར་ནི་དེ་སྐྱེ་འགྱུར་མ་ཡིན།། ཕྱུག་ཅིང་ནོར་ལྡན་པ་དང་།། འཇིག་རྟེན་དབང་ཕྱུག་དེ་འགྱུར་རོ།། དེ་བཞིན་གཤེགས་ལ་མཆོད་བྱས་ན།། གཟུགས་དང་དོན་དང་ལོངས་སྤྱོད་དང་།། ཁ ་དོག་དང་ནི་འབྱོར་པ་དང་།། ཀུན་ཏུ་གྲགས་དང་ལྡན་པར་འགྱུར།། དེ་ནི་ཚེ་རབས་དྲན་འགྱུར་ཞིང་།། འདོད་ཆགས་ཀྱིས་ཀྱང་འཕྲོགས་མྱི་འགྱུར།། འདོད་པ་རྣམས་ཀྱི་སྐྱོན་ཤེས་ཤིང་།། ཚངས ་བར་སྤྱད་པ་སྤྱོད་པར་འགྱུར།། དེ་བཞིན་གཤེགས་པ་མཆོད། བྱས་ན།། གཟུགས་རྣམས་ཀྱི་སྒྲ་དག་དང་།། རོ་རྣམས་ཀྱིས་ཀྱང་། ཀྱི་ཚུགས་ཤིང་།། སྡིག་པའི་ལས་ནི་བྱེད་མྱི་འགྱུར།། རྣམ་པར ་རྐྱེན་མ་མཆོད་བྱེད་ན།། དེ་ནི་སྦོམ་དང་མེ་ཏོག་གིས།། ནས་ཀྱང་འཕྲོགས་པར་མྱི་འགྱུར་ཞིག།། དྲན་ལྡན་ཞེས་རབ་ལྡན་པརའགྱུར།། དེ་བཞིན་གཤེགས་ལ་སུ་མཆོད་ལ།། དེཡིནོ་ཀྱི་ཕུང ་ས།། རྒྱལ་པོ་དང་ནི་ཆོམ་རྐུན་དང་།། མེ་དང་ཆུས་ཀྱང་རེག་ཀྱི་འགྱུར།། འཇིག་རྟེན་འགོན་པོའི་མཆོད་རྟེན་ལ།། དང་གི་དབུལ་བ་སུ་ཕུལ་བ།། དེ་ནི་ཞམ་དང་མྱ་ངན་དང་།། རད་བུ་ཅན་དུ་གཞན་གྱི་འགྱུར།། འཇིག ་རྟེན་རྣོན་མ་མཆོད་བྱེད་པ།། ཚེ་རབས་དག་ནི་ཐམས་ཅད་དུ།། མྱ་ངན་བྱེད་ཅིང་གནོད་བྱེད་དང་།། འཁོར་ལོས་སྨྱུང་བ་འབྱོར་ད་ཆེན་འགྱུར།། འདྲེན་ལ་མཆོད་པ་བྱས་ན་ནཱི།། རྐང་པ་ལག་ས་མཉེན་འགྱུར་ཞིང་།། ་ལཀ་རྣམ་པར་དག་པར་འགྱུར།། གཟུགས་དང་ཁ་དོག་ལྡན་པར་འགྱུར།། སྡིག་པའི་ལས་ནི་ནམ་སྤངས་ཏེ།། བྱང་ཆུབ་སྤྱད་པ་སྤྱོད་པར་བྱེད།། གང་དག་འཇིག་རྟེན་རབ་དཀོན་ལ།། རྐང་གཉིས་མཆོག་རྣས ་ནམས་མཐོང་བར་འགྱུར།། བསྐལ་པ་བྱེ་བ་སྟོང་རྣམས་དང་།། ཁྲག་ཁྲིག་དག་ནི་བརྒྱ་འགྲངས་པ།། མཆོད་རྟེན་བདེ་ལ་ཤེས་རབ་ལྡན།། བྱང་ཆུབ་དམ་པ་འཚང་རྒྱ་ཡང་།། འཇིག་རྟེན་འགོན ་པོ་སྐྱོབ་པ་ལ།། འཕྲེང་བའི་ཁང་པ་བྱས་ན་ནི།། དེ་ནི་གཡོག་འཁོར་མྱི་ཕྱེད་ཅིང་།། རྒྱལ་པོ་འབྱོར་ད་པ་ཆེན་པོར་འགྱུར།། འཕགས་པ་རྣམས་ཀྱིས་གང་སྤངས་པ།། སྡིག་པའི་ལས་ནི་སྤོང་བར་བྱེད།། རྫོགས་སངས ་རྒྱས་ཀྱིས་བཤད་པའི།། དགེ་བའི་ལས་ལ་སྟེན་པར་བྱེད།། ལྷ་འམ་འོན་ཏེ་ཀླུ་རྣམས་སམ།། འཇིག་རྟེན་དག་ན་ཀང་མཁས་པ།། དེ་དག་དཀའ་ཞིང་མགུ་བ་དང་།། བསྟི་བསྟར་བྱས་ཤིང་བསྔགས་པར་འགྱུར། ་བཏན་པ་དེ་ནི་ཀར་སྐྱེས་པར།། བསོད་ནམས་གཟིལ་བརྗིད་གནད་ཏུ་བརྗིད།། ཡུལ་འཁོར་དག་དང་གྲོང་ཁྱེར་དང་།། རིགས་དེས་བསྟེ་བསྟད་བྱས་པར་འགྱུར།། སངས་རྒྱས་གཞན་གྱིས་ཀྱི ་གྱུ་པ།། རྐང་གཉིས་མཆོགས་སུ་མཆོད་པ།། དེ་དག་མ་ས་རྫོ་བ་དང་།། འཁོ་གསོག་ཆེན་པོས་མསྐོར་བར་འགྱུར།། བྱང་ཆུབ་ཏུ་ནི་སེམས་མཐོས་ཏེ།། འཕྲེང་བའི་གཙུག ་བྱས་ནི།། སངས་རྒྱས་རྣམས་ཀྱིས་ཀང་བསྔགས་པའི།། འབྱོར་པ་དག་ནི་དེས་འཐོབ་བོ།། དེ་ནི་འཐེང་དང་ཞར་བ་དང་།། སྣང་ད་མ་ཚུངས་ཀྱི་འགྱུར་གནས།། གང་དང་གང་དུ་སྐྱེ་བམས་པ། ་མཚན་ནམས་ཀྱིས་ནི་བརྒྱནད་པར་འགྱུར།། སེམས་ཅན་དབུལ་པོ་རྣམས་མཐོང་ན།། དེ་ནི་ནོར་གྱིས་སྐུད་པར་བྱེད།། དེ་ནི་ནོར་དང་ལྡན་འགྱུར་ཞིང་།། དེ་ནི་བྱང་ཆུབ་སྤྱད་པ་ཁྱོད།། བློ་གྲོས་ཆེན་པོས་པ་འདི་ཀུན།། ཡོངས་སུ་གཏང་། ་དུ་བྱས་ནས་ཀྱང་།། དམན་པའི་སེམས་སུ་གྱི་འགྱུར་ཞིང་།། དེ་ནི་རྣམས་ཀྱང་འཕོངས་ཀྱི་འགྱུར།། གང་དག་བྱང་ཆུབ་མངོན་ཞུགས་པ།། དེ་དག་བུ་དང་བུ་མོ་དང་།། ཆུང་མ་དགེ་ཞིང་བཟང་མོ་དག། བཏང་ནས་མྱ་ངན་བྱེད ་ཀྱི་འགྱུར།། དེ་ནི་སྔོན་ཏུ་འགྲོ་འགྱུར་ཞིང་།། བཀྲི་བ་མྱེད་ལ་མཐོང་ན་དཀལ།། ཕྲག་དོག་དང་ནི་རྒྱས་ཀྱིས།། ནམས་ཀྱང་དེ་ལ་གནོད་ཀྱི་འགྱུར།། གང་དག་བྱང་ཆུབ་རབ། གས་པ།། དེ་དག་ཕྲག་དོག་མྱེད་ཅིང་། ་དེས།། བཟོད་པའི་ཕ་རོལྡ་པར་འགྱུར།། ཕན་པ་འདོད་ཅིང་ཡོན་ཏན་ལྡན།། གང་དག་བྱང་ཆུབ་མངོན་ཞུགས་པ།། འཇིག་རྟེན་ཀུན་ན་དེ་རིན་ཆེན།། དེ་དག་འབྱུང་བཞི་ནང་ཏུ་དཀོན།། སྨད་པ་མྱེད་པའི་སྦྱིན་གནས ་འགྱུར།། ས་འདི་དག་ནི་རིམ་གྱིས་སུ།། བགྲང་བར་བྱ་ཞིང་དཔག་པར་ནུས།། དེ་དག་རྣམས་ཀྱི་ཡོན་ཏན་མཐའ།། ཚིག་གིས་བཅད་པར་མྱི་ནུསོ།། སེམས་ཅན་དག་ནི་ཐམས་ཅད་ཀྱི།། དུས་གསུམ་སེམས་ནི ་ཤེས་པར་ནུས།། དེ་དག་རྣམས་ཀྱི་ཡོན་ཏན་མཐལ།། ཚིག་ཀྱིས་བསྟནད་པར་མྱི་ནུས་སོ།། རྒྱ་མཚོ་ཆེན་པོ་བཞི་པོ་དག། སྒྲ་ནི་བྱེ་བ་སྟོང་གཤེགས་པའི།། སྐྲའིས་ཟད་པར་བྱ་བར་ནུས།། དེ་དག་ཡོན་ཏན་ཟད ་མྱི་ནུས།། ས་རྣམས་ཐམས་ཅད་ཕྱེར་བླགས་པ།། རབ་ཏུ་ཕྲ་རྡུལ་གེས་པར་ནུས།། སངས་རྒྱས་སྲས་པོ་དེ་དག་གི།། ཡོན་ཏན་མཐའ་ནི་བརྗོད་མྱི་ནུས།། ཆུ་ཀླུང་ཐམས་ཅད་རབ་འབབ་པ།། ་རྒྱུན་ལས་ཟློག་སྟེ་འགྲོ་ཡང་སྲིད།། སངས་རྒྱས་སྲས་པོ་དེ་དག་གི།། ཡོན་ཏན་མཐའ་བརྗོད་དེ་ལྟ་མྱིན།། སེམས་ཅན། དག་ནི་ཐམས་ཅད་ཀྱི།། སྔོན་གྱི་ལུས་རྣམས་ཇི་སྙེད་པ། ་བགྲང་བར་བྱ་ཞིང་དཔག་པར་ནུས།། དེ་དག་ཡོན་ཏན་ཟད་མྱི་འགྱུར།། སྔོན་གི་ལུས་རྣམས་ཐམས་ཅད་ལ།། སྤུ་འཕྲེང་ཇི་སྙེད་ཡོད་པ་རྣམས།། བགྲང་བར་བྱ་ཞིང་དཔག་པར་ནུས། ་དེ་དག་ཡོན་ཏན་ཟད་མྱི་འགྱུར།། འགྲོ་བ་ལྔ་པོར་འཁོར་བའི།། སེམས་ཅན་ཀུན་གྱི་སྤུ་རྣམས་ནི།། བགྲང་བར་བྱ་ཞིང་དཔག་པར་ནུས།། དེ་དག་ཡོན་ཏན་ཟད་མྱི་འགྱུར།། ས་འདི་ཇི་སྙེད་ཐམས་ཅད་པ།། ཆུའི་ཕུང་པོར ་གནས་གྱུར་ཀྱང་།། དེ་ནི་བགྲང་ཞིང་དཔག་པར་ནུས།། དེ་དག་ཡོན་ཏན་བརྗོད་མྱི་ནུས།། མར་མེ་མཛད་ནས་བཟུང་ནས་ནི།། མ་འོངས་བསྐལ་པ་ཇི་སྙེད་པ།། དེའི་བར་དུ་ཤིང་ལྗོན་རྣམས།། ཇི་སྙེད་མ་འོངས་འབྱུང་། ་འགྱུར་བ།། དེ་དག་འབྲས་བུ་མེ་ཏོག་རྣམས།། དེ་དག་ཟད་པར་ཤེས་པར་ནུས།། བསྐལ་པ་བྱེ་བ་སྟོང་རྣམས་དང་།། ཁྲག་ཁྲིག་དག་ནི་བརྒྱ་འགྲངས་པར།། བརྩོན་པ་ཞིག་གིས་དེ་དག་གི།། བསྔགས་འཕྲེང་ཡིད ་དུ་འོང་བརྗོད་ཀྱང་།། སངས་རྒྱས་སྲས་པོ་དེ་དག་གི།། ཡོན་ཏན་མཐའ་ནི་བརྗོད་མྱི་ནུས།། སངས་རྒྱས་སྲས་པོ་དེ་དག་ལ།། མྱི་གང་མྱི་དགའ་བྱེད་པ་དེ།། ལྷ་དང་མྱི་ནི་སྤངས་ནས་སུ།། དེ་དག་དམྱལ།། ་བ་སྤྱོད་ཡུལ་འགྱུར།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི།། མྱི་གང་ལ་ལ་གནོད་བྱེད་པ།། མྱིག་མྱེད་པའང་ལོང་བ་དང་།། སྡུག་བསྔལ་དཔུང་གཉེན་མྱེད་པར་འགྱུར།། ཤི་འཕོས་ནས་ནི་མནར་མྱེད་འགྲོ།། དེ་ནི ་འབར་ཞིང་འཇིགས་པར་འགྱུར།། ལུས་ནི་ཆེན་པོར་གྱུར་ནས་ཀྱང་།། སྡུག་བསྔལ་ཚོར་བ་མྱོང་བར་གྱུར་།། ཚེ་རབས་དེ་དང་དེ་དག་ཏུ།། དེ་ལུས་དཔག་ཚད་ཙམ་གྱུར་ཏེ།། དེ་དག་ཕྲུ་ལྟར་ཟླུམ་གྱུར་ད་ལ།། ཀུན ་ནས་ཡོངས་སུ་བཟའ་བར་འགྱུར།། དེ་ཚེ་སུས་ལ་མགོ་བོ་ནི།། ལྔ་སྟོང་ཡོད་པར་འབྱུང་འགྱུར་ཞིང་།། མགོ་བོ་དེ་དག་རེ་རེ་ལའང་།། སྱེ་ནི་ལྔ་བརྒྱ་ཐམ་པ་ཡོད།། གཅིག་ལའང་ཟོང་རྒོལ་བརྒྱ་དག ་དགོས།། ལྕེ་ནི་རབ་ཏུ་རྨོ་བར་འགྱུར།། སྡིག་པའི་ལས་ཀྱི་རྣམ་སྦྱིན་གྱིས།། མྱི་བཟད་ཆེན་པོར་གཤེགས་པར་འགྱུར།། མནར།། མྱེད་དེ་ནས་ཤི་འཕོས་ནས།། དེ་ནི་ཚ་དང་རབ་ཚ་བར།། བློ་གྲོས ་ངན་མ་ཚོར་བ་མྱོང་།། དེ་སྔོན་ཉེས་བྱས་འབྲས་བུ་ཡིན།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི།། མ་བསྔགས་གང་ཞིག་གནོད་བྱེད་པ།། དེ་ལ་དུད་འགྲོའི་སྐྱེ་གནས་དང་།། དམྱལ་བའི་ས་ནི ་དཀོན་མ་ཡིན།། ཚེ་རབས་བྱེ་བ་སྟོང་རྣམས་དང་།། ཁྲག་ཁྲིག་དག་ནི་བརྒྱ་འགྲངས་པར།། ཕུག་བསྔལ་ཚོར་བ་མྱོང་འགྱུར་ཞིང་།། དེ་ནི་བཟང་པོ་རྣམས་ཀྱི་མཐོང་།། སངས་རྒྱས་སྲས་པོ་སྐྱོབ་རྣམས་ལ། ་གནོད་པ་དག་ནི་བྱས་ཀྱུར་ད་ན།། ཨ་ལ་ཀར་རྟ་འཇིགས་པའི།། ཤིནད་ཏུ་གདུག་པའི་སྦྲུལ་དུ་སྐྱེ།། དེ་ནི་བཀྲེས་དང་སྐོམ་པས་ཉེན།། སྡིག་པའི་ལས་རྣམས་བྱེད་པར་འགྱུར།། དེ་ནི་ཟས་ཀྱང་མྱི་རྙེད་དེ། ་ནམས་ཀྱང་འདྲངས་པར་ཟ་མྱི་མྱོང་།། ཤི་འཕོས་གཤིན་རྗེའི་འཇིག་རྟེན་དུ།། དེ་ནི་རྟག་པར་རྟེན་ཏུ་བརྡུང་།། དགེ་སློང་དག་ལ་གནོད་བྱས་པས།། ནམས་ཀྱང་སྐྱབས་ནི་རྙེད་མྱི་འགྱུར།། དེ་ནས་ཞི་འཕོས ་དུས་བྱས་ཏེ།། མྱིའི་ལུས་ཐོབ་གྱུརྡ་པ་ན།། བློ་ངན་དེ་ནི་དམུས་ཁོར་འགྱུར་།། གནོད་སེམས་ལྡན་ཞིང་སྡོམ་པ་མྱེད།། དེ་ནི་ཉེ་བར་སླ་བྱས་ཏེ།། འཕགས་པ་རྣམས་ལ་སྐུར་བཏབ་པས།། མྱིའི་ནས་ནས་ཞི ་འཕོས་ནས།། ངན་སོང་དག་ཏུ་མྱུར་ཏུ་འགྲོ།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི།། མ་བསྔགས་གང་ཞིག་གནོད་བྱེད་པ།། བསྐལ་པ་བྱེ་བ་སྟོང་དག་ཏུ།། རྣམས་ཀྱང་སངས་རྒྱས་མཐོང་མྱི་འགྱུར།། ་རྫོགས་སངས་རྒྱས་ཀྱི་སྲས་རྣམས་ལ།། གང་ཞིག་ཆོས་བཞིན་སྲུང་བྱེད་པ།། དེས་ནི་ངན་འགྲོ་ཀུན་སྤངས་ཏེ།། མྱུར་དུ་བཟང་འགྲོར་འགྲོ་བར་འགྱུར།། ཕྱུག་ཅིང་ནོར་ཆེར་ལྡན་པ་དང་།། སྟོབས་དང ་ལྡན་ཞིང་འཇིགས་པ་མྱེད།། དྲན་དང་ལྡན་ཞིང་ཤེས་རབ་ལྡན།། བདེ་ཞིང་ངོ་ཚ་ཁྲེལ་ལྟས་ལྡན།། གང་ཏུ་འཇིག་རྟེན་རྣམས་ཀྱི་སྒྲོན།། ཡོངས་སུ་མྱ་ངན་འདས་གྱུརྡ་པ།། ་སངས་རྒྱས་མཆོད་རྟེན་མཐོང་ནས་ནི།། ཡང་དང་། ཡང་དུ་བསྟི་བསྟར་བྱེད།། རྫོགས་སངས་རྒྱས་ཀྱིས་གསུངས་པའི།། འདི་འདྲའི་ཆོས་འདི་ཐོས་གྱུར་ད་ན།། སངས་རྒྱས་སྲས་པོ ་རྣམས་ལ་ནི།། སུ་ཞིག་ཕྱི་ཕྱིར་དང་མྱི་བྱེད།། གང་གིས་སངས་རྒྱས་སྟོང་རྣམས་དང་།། བརྒྱ་དང་བྱེ་བ་འགྲངས་དག་ལ།། བསྐལ་པ་གང་འགའི་བྱེ་མ་སྙེད།། དེ་སྙེད་བསྐལ་པར་བསྐོར ་པ་བས།། འཇིག་རྟེན་འགོན་གྱིས་གསུངས་པའི།། དམ་ཆོས་འཇིག་ཚེ་གང་ཞིག་གིས།། ཉིན་དང་མཚན་དུ་འཛིན་ད་བྱེད་པ།། དེ་ནི་བསོད་ནམས་ཁྱད་པར་འཕགས།། ཆོས་འཇིག་ཚེ་ན་ཆོས་འཛིནད་པ།། ་སྔོན་གི་སངས་རྒྱས་ཐམས་ཅད་དང་།། སངས་རྒྱས་ཡེ་ཤེས་རབ་གནས་པ།། དེ་ལ་དེས་ནི་མཆོད་པར་བྱས།། དམ་པའི་ཆོས་ནི་འཇིག་པའི་ཚེ།། སྟོནད་པའི་སྟ་ནད་པ་སྲུང་བྱེད་པ།། བསྐལ་པ་བྱེ་བ་སྤོང་རྣམས་སུ།། ་དེ་ནི་ནམས་ཀྱང་རྒུད་མྱི་འགྱུར།། ལུས་ཀྱིས་བདེ་བ་མྱོང་འགྱུར་ཞིང་།། དེ་ནི་ནད་ཀྱིས་བཏབ་མྱི་འགྱུར།། དེ་ནི་ཡིད་དུ་མྱི་འོང་བས།། ནམས་ཀྱང་འཕྲོག་པར་མྱི་འགྱུར་རོ།། སྟོན་པའི་བསྟན་པ་སྲུང་བྱས་ན།། ་བཟོད་པ་ཕུན་སུམ་ཚོགས་པ་དང་།། དེ་དང་གསལ་དང་མཉེན་པ་དང་།། སེམས་ཅན་རྣམས་ལ་བྱམས་སེམས་འགྱུར།། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།། བདེལ་དང་དགའ་བའི་མཛོད ་ནི་མང་པོར་འགྱུར།། སྔོན་ཀི་རིམ་འགྲོ་བྱ་འགྱུར་ཞིང་།། མྱི་ཁོམ་བརྒྱད་པོ་མ་ལུས་ཟད་པར་སྤོང་།། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།། དཔེར་ན་ནམ་མཁའ་སྐར་མས་ཡོངས་ཀར་ལྟར།། རྟག་ཏུ་ལ ་མཚན་གྱིས་གོ་ཆར་བྱས་པ་དང་།། རབ་ཏུ་ཚིག་སྙན་ཡིད་འོང་དབྱངས་སུ་འགྱུར།། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས།། གང་ན་ཡིད་བདེ་མྱེད་ཅིང་རབ་སྡུག་པ།། རིགས་དམན་དེ་ནི་དེའིས་སྤངས་པར་འགྱུར།། ་བྱུག་ཅིང་ཤི་ན་ཏུ་བདེ་ལ་ལོངས་སྤྱོད་ལྡན།། འཇིག་ཚེ་རྒྱལ་བམཆོག་གི་ཆོས་བཟུང་བས།། མཐུ་དང་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ལྡན།། མྱི་དམན་ས་རྣམས་ཀུན་ཏུ་རྣམ་པར་རྒྱུ། ་སངས་རྒྱས་བརྒྱ་སྟོང་དག་ལ་བསྙེན་བཀུར་བྱེད།། འཇིག་ཚེ་། རྒྱལ་བ་མཆོག་གི་ཆོས་བཟུང་བས།། མཆོག་ཏུ་རབ་མཛེས་གཟུགས་ལྡན་ཤེས་རབ་ལྡན།། མྱིའི་འཇིག་རྟེན་མཆོག་ཏུ ་བསྙེན་བཀུར་འགྱུར།། རྒྱལ་པོ་མཁས་པ་འཛངས་པ་རྣམསཀྱིས་བསྔགས།། འཇིག་ཚེ་རྒྱལ་ལ་མཆོག་གི་ཆོས་བཟུང་བས།། མཆོག་ཏུ་གཟུགས་མཛེས་བསྟུན་སྡུག་པ་དང་།། སྐྱེས་བུ ་བུད་མྱེད་ལྔ་རྣམས་དཀའ་བ་དང་།། བདེལ་ཞིང་མཁས་ལ་བསྔགས་ཤིང་ཤེས་རབ་སྤུན།། སྟོན་པ་སྟོབས་བཅུ་མངའ་བ་ལྷའི་ལྷས།། ཀང་ཀི་མདུན་དུ་མདོ་འདི་རབ་བཤད་པ།། ཀྱི་དེ་ལག་ཏུ་མདོ་སྡེ་འདི་འདྲ་འདི།། ་ཕྱི་མའི་དུས་ཀྱི་ཚེ་ན་ཐོབ་པར་འགྱུར།། གང་ཞིག་སྟོན་པ་མྱི་མཆོག་གཟུགས་བྱེད་པ།། རས་འདི་རྩིག་ངོས་འདྲི་འམ་གསེརམ་ལས་བྱས།། དེའི་ཆོས་ཀྱི་ཁྱད་པར་ཀང་ཡིན་པ།། དེ་དག་མ་ལུས་རབ་ཏུ་བསྟན ་ཀྱིས་ཉོན།། དེ་ན་བལྟ་མྱི་ལོང་བར་གཞར་མྱི་འགྱུར།། སྒུར་པོར་མྱི་འགྱུར་ཡན་ལཀ་མྱི་སྟུག་མྱིན།། དེ་ནི་གཟུགས་དང་ལྡན་ཞིང་ཁ་དོག་ལྡན།། སུམ་བཅུ་རྩ་གཉིས་མཚན་གིས་གོ་ཆར་འགྱུར།། ལུས་ནི ་རྣམ་པར་དག་ཅིང་ཁྱད་པར་འཐོབ།། སྤོབས་པ་འཐོབ་ཅིང་སྒྲ་སྙན་ཡིད་དུ་འོང་།། ཤེས་རབ་ལྡན་ཞིང་འཇིག་རྟེན་ཀུན་གྱི་གཅོལ།། དེ་མཐོང་སེམས་ཅན་བདེ་ཞིང་དཀའ་བར་འགྱུར།། སྡིག་བྱེད་མྱི་འགྱུར་ཞེ་སྡང་མྱེད། ་སེམས་ཅན།། གཡོ་མྱེད་མྱི་རྐུ་རྒྱལ་པོ་འཁྲུག་མྱི་བྱེད།། མཐུ་དང་ལྡན་ཞིང་དབང་ཆེར་གྲགས་པར་འགྱུར།། བྱམས་ལ་གནས་ཤིང་མྱི་དམན་སེམས་དང་ལྡན།། འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན།། དེ་ནི ་མཆོག་འགྱུར་སྐྱེ་བོ་མང་མཆོད་འོས།། བློ་ལྡན་ཕྱུག་ཅིང་ཆེ་ཉིད་རྒྱ་ཆེར་ལྡན།། དབང་ལྡན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར།། འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན།། ལྷའི་དབང་པོ་དབང་ཕྱུག་དབང ་ཐོབ་པ།། ལྷུན་པོའི་ཟོམ་ན་དབང་ཐོབ་བརྒྱ་བྱིན་འགྱུར།། བདག་པོ་ལྷུན་པོའི་ཟོམ་ན་རྒྱལ་སྲིད་སྟོནད།། དེ་ནི་དྲན་དང་གློ་གྲོས་ཀྱི་ལྡན་མྱིན།། དེ་ལ་རྟོགས་མོས་ཤེས་རབ་འཚང་བར་འགྱུར།། ་འཇིག་རྟེན་ཀུན་ན་དབུགས་ཕྱི་ནད་འཐོབ་འགྱུར་ཏེ།། འདི་ནི།། ཡེ་ཤེས་ལྡན་ཞིང་དམྱལ་བ་སྤངས།། སེམས་ཅན་སྙིང་པོ་མཚུ།། རས་མྱེད་མཆོག་བྱས་ན།། དུད་འགྲོའི་སྐྱེ་གནས་གཤིན་རྗེའི ་ཡུལ་གྱི་འགྲོ།། ངན་འགྲོ་གསུམ་པོ་ངས་ནི་རྣམ་སྤངས་ཏེ།། བདག་གིས་ཕྱིས་ཀྱི་སྐྱེ་བ་ཤེས་པར་འགྱུར།། འདྲེན་པའི་སྐུ་གཟུགརབ་ཏུ་མཛེས་བྱས་ན།། དབང་ལྡན་དབང་ཕྱུག་ཉིད་ཀྱི་ལྷར ་འགྱུར་ཏེ།། གྱི་དམན་དགའ་བའི་སེམས་ཀྱིས་སངས་རྒྱས་མཆོད།། རྒྱལ་བ་མཆོག་གི་སྤྱན་ལ་དད་པར་འགྱུར།། ཚངས་པའི་འཇིག་རྟེན་དབང་པོབ་ཚངས་པར་འགྱུར།། ཡིད་འོང་ཤིན་ཏུ་མཛེས་པའི་སྤོས་དང་ཅན། ་འཇམ་བུ་ཀྲུང་གསེར་འོད་བྱེད་དཀའ་འགྱུར་བའི།། གཞལ་མྱེད་ཁང་མཆོག་བལྟ་མུག་ཐོབ་པར་འགྱུར།། དེ་ནི་དེད་དཔོན་སྟོབས་བཅུ་ལྡན་འཔོ།། སེམས་ཅན་སྙིང་པོ་མཚུངས་འདྲ་བྱེད་པ་འཐོབ།། ཁ་དོག་འཛིན ་རྟེན་ཀུན་ན་གསེར་ལྟར་གསལ།། གསེར་སྟེང་རིན་ཆེན་བདུན་དང་མཚུངས་པར་འགྱུར།། མུ་ཞིག་དགའ་བའི་ཡིད་ཀྱིས་མེ་ཏོག་བླངས།། རང་སྐྱེས་འཇིག་རྟེན་འགོན་ལ་ཆར་དུ་གཏོར་།། དེ་ནི་མྱིའི་འཇིག་རྟེན་འབོད་ན། ་ལྡན།། རྒྱལ་སྲིད་གནས་ནས་རྒྱལ་བ་མཆོག་བསྐུར་འགྱུར།། མྱ་ངན་སྐམ་ཞིང་ཐ་བ་དྲིམ་ལྡན་ལུས།། ཡན་ལག་ལེགས་གནས་མཚུངས་མྱེད་ཐོབ་པར་འགྱུར།། སྐྱེ་བོ་མང་པོས་བལྟ་བའི་འོ་མ་ཡིན་ཏེ། ་དམྱལ་བ་དགྲ་མ་འདོད་པ་སྤོང་བར་འགྱུར།། སྤྱོད་པ་རྣམ་པར་སྤྱོད་ཆེ་འདོད་པ་ལ།། ངན་སྤྱུགས་ཁུང་སྐར་སྙན་པ་ཞེས་པར་འགྱུར།། ཚངས་སྤྱོད་དགེལ་བ་ཁྱད་པར་འཕགས་ལ་ཁྱོད།། དཀའ་བའི་སེམས་ཀྱིས ་རྟག་ཏུ་སྤྱོད་པར་འགྱུར།། བསྐས་པ་མཐལ་ཡས་མང་དུ་དེ་ཁ་ནས།། རབ་མཛེས་ཨུད་པལ་བསུང་ནི་འབྱུང་བར་འགྱུར།། དེའི་ལུས་ནི་གསེར་གི་མདོག་འདྲ་ཞིང་།། ཅན་དན་ལྟ་བུར་དྲི་ཞིམ་དྲད་ཀྱང་འབྱུང་། ་སྤྱན་པ་རྣམ་པར་སྤྱོད་ཚེ་ཁྲོ་བ་དང་།། བ་བ་དྲི་སྔོན་གཏི་མུག། གནོད་ཀྱི་བྱེད།། དམའ་བ་མྱེད་པའི་སེམས་ཀྱིས་དབུགས་བྱིནད་རྙེད།། བཀ་ཡོད་ལྷའི་ནང་ན་རྒྱས་སྲིད་འཐོལ།། 1 ་ཚེ་རྒྱལ་བ་མྱ་ངན་འདས་པའི་སྐུ་གདུང་ལ།། དེ་ནི་གུས་པས་དེ་དག་ཆོས་འཛིནད་འགྱུར།། གྱི་དམན་དཀའ་བའི་སེམས་ཀྱིས་སྦྱིན་པ་སྦྱིན།། བཅོམ་ལྡན་མྱ་ངན་འདས་པའི་རིང་བསྲེལ ་མཆོད།། རྒྱལ་བ་མཆོག་གི་བསྟན་པ་འཇིག་དུས་ཆེ།། རབ་ཏུ་དཀལ་བས་བྱས་པ་ཆོས་ཚུལ་འཛིནད།། དེས་ནི་ཆོས་མཆོག་མཛེས་པ་དེ་སྤྱད་པས།། གནོད་པས་འཆི་བའི་དུས་བྱེད་གཞན་གྱི ་འགྱུར།། གཏམ་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ཤིང་།། ཉོན་མོངས་མྱེད་པ་གསེར་མདོག་སྟོབས་བཅུར་གྱུར་།། དེ་དག་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ།། རྒྱལ་བ་མཆོག་ལ་མཆོད་པའི་བཀླགས། ་བརྗོད་ནུས།། འཇིག་རྟེན་ཀུན་ཏུ་སྡིག་པའི་ལས་སྤངས་ཏེ།། དཀའ་བའི་སེམས་ཀྱིས་མཆོག་གི་ལས་བྱས་ཤིང་།། བརླབས་ཆེན་སྤྱད་ཚེ་དྲོན་ནི་ལེགས་བྱས་ནས།། འཇིག་རྟེན་མཐུ་ཆེན་རྫོགས་པའི་སངས ་རྒྱས་འགྱུར།། གང་གིས་སྤོས་ཆུ་ཡུངས་འབྲུ་ཙམ་བླངས་ཏེ།། བཅོམ་ལྡན་མཆོད་རྟེན་རྣམས་ལ་བདུག་བྱེད་པ།། དེའི་ཕན་ཡོན་བརྗོད་ཀྱིས་སེམས་དང་ཞིང་།། རྡུལ་རྣམས་སྤོང་ལ་དེ་ནི་མཉམ་པར་གྱིས། ་དེ་ནི་བསོད་ནམས་ལྡན་ཞིང་ཕྱོགས་ཀུན་རྒྱུ།། ནད་མྱེད་གྱུརྡ་ཅིང་བློ་བཏན་བཀ་ཡོད་འགྱུར།། སྤྱད་པ་རྣམ་པར་སྤྱོད་ཚེ་མྱ་ངན་དུལ།། སྐྱེ་བོ་མང་པོ་དཀའ་ཞིང་ཡིད་དུ་འོང་།། རྒྱལ་པོ་འཐོབ་ནས་རྒྱས་བུ་མཆོག་མགུར། ་འགྱུར།། མཐུ་ཆེན་རབ་མཁས་འཁོར་ལོས་སྒྱུར་འགྱུར་ཏེ།། གསེར་གི་མདོག་ལྡན་མཚན་གི་ཀོ་ཆ་ཅན།། འཇིག་རྟེན་ཀུན་ན་ཡིད་འོངད་དྲི་ལྡན་འཐོབ།། དེ་ལ་ཡིད་མྱི་བདེ་དང་སྡུག་བསྔལ་མྱེད།། སྤྱད་པ་སྤྱོད་ཚེ་ལོངས་སྤྱོད ་ཉམས་ཀྱི་འགྱུར།། བྱུག་ཅིང་ནོར་ལྡན་མཛོད་ནི་རབ་ཏུ་མང་།། མྱ་ངན་མྱེད་གྱུར་ད་འཇིག་རྟེན་ཀུན་ཏུ་རྒྱུ།། སྐྱེ་བོ་མང་པོ་ལྷགས་ཏེ་དེ་ལ་འདྲི།། རྒྱལ་བ་མཆོག་གི་བསྟནད་པ་ཁྱད་འཕགས་ཆོས།། ཚིག་རབ་བརྗོད་ཅིང ་ཐེ་ཙོམ་སེལ་པར་བྱེད།། ཆོས་ཐོས་ཡིད་བདེ་སླར་ཡང་སྨྲ་བར་བྱེད།། སྡིག་པའི་ལས་མྱེད་བློ་རྒྱ་ཆེ་དང་ལྡན།། རྒྱལ་བས་གསུངས་པའི་ཆོས་མཆོག་ཁྱད་འཕགས་པ།། དགའ་བར་འགྱུར་ལ་རྟག ་ཏུ་མཁས་བྱས་ཏེ།། མྱིག་ཀྱང་སྦྱོར་ཞིང་མུན་པ་སེམད་པར། བྱེད།། འདོད་ཆགས་མྱི་ཆེ་ཞེ་སྡང་ཆེ་མ་ཡིན།། མྱིའི་འཇིག་རྟེན། གཏི་མུཀ་ཆེ་མ་ཡིན།། དེ་ནི་ཚངས་སྤྱོད་དག་པ་མཆོག་འདི་སྤྱོད། ་མྱིའི་དོན་ནི་དཔག་ཏུ་མྱེད་པར་བྱེད།། བཅོམ་ལྡན་མཆོད་རྟེན་རྣཾས་ལ་སྤོས་འདུགས་ན།། དེ་ལ་གནོད་པར་སེམས་པ་སུ་ཡང་མྱེད།། དེ་ནི་ནམས་ཀྱང་ལོངས་སྤྱོད་ཉམས་ཀྱི་འགྱུར།། བལྟ་བར་འོས ་དང་ནོར་ཆེན་ལྡན་པར་འགྱུར།། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་རྣམས་སུ།། སེམས་ཅན་རྣམ་དག་སྡིག་པ་ནས་དག་ཅིང་།། ཞི་ཞིང་རབ་ཞི་གི་ཚུལ་ལྡན་གྱུར་ནས།། མྱི་དམན་སེམས་ཀྱིས་བྱང་ཆུབ་མཚུངས་ཁྱེར ་ལོབ།། སེམས་ཅན་བྱེ་པ་ཟག་ཁྲིག་བརྒྱམ་ཐལ་ལས།། མྱ་ངན་མྱེད་པདེ་ཞི་བ་མཆོག་བཀོད་ཅིང།། འཁོར་ལོ་འཇིགས་མྱེད་འཇིག་རྟེན་ཀུན་བཞོས་ནས།། ཕྱི་ནས་ཉོན་མོངས་རྒྱས་བྱེད་མྱ་ངན་འདས། རྒྱུ་ནི་ཀངས ་མགུ་སེམས་ཀྱི་གོས་ཀྱིས་ནི།། བཅོམ་ལྡན་མཆོད་རྟེན་རྣམས་ལ་མཆོད་བྱེད་པ།། དེ་ནི་གོས་མཛེས་བྱེ་བ་སྟོང་རྣམས་དང་།། ཁྲག་ཁྲིག་བརྒྱ་འགྲངས་མཐའ་ཡས་རྟག་ཏུ་རྙེད།། བཅོམ་ལྡན་མཆོད་རྟེན་གོས་ཀྱིས་བཀྲིས ་ན་ག་གོ་གྱུ་རྙེད།། ས་ཀཎ་དེ་ཤིན་དུ་གྱུང།། ས་ན་ད་།། ན ་སཚུངས་མྱེད་རྣམས་པ་ཡོད་བྱེད་པ།། རྗེམ་མ་ཆུམ་ས་གྱིང་པ་སུམ་ཆོ་།། སུམ་བཅུན་གཉིས་པ་ཆེན་གྱི་མེ་ཏོག་གིས།། ཅོབ་སུམ་མརྗོད་རྟེ་གོས་ཀྱིས་དཀྲིས་བྱས་ནཱ། འ་མནས་ནི་ས་ཏི ་ཆོག་ན་པའི་དེའི་སྐྱེང་པ་དང་།། གྲང་འབྱུང། ན་ཡོད་གོ་ཀྱི་འཁྲིས་ས་།། 2་།། ཡང་དེ ་དུ་བྱེད་ཀྱི་བྱེད།། གསུས་ས་པ་སྤྱོ་པ་མས་ན་ནས་ཀྱིས་དཀྲིས་བྱས་ན།། ག་གི་འཕྱེ། རྐྱེན་འམས་སུན་མིས་ཀྱིས་གནོད།། འདས་སུང་གསེ ་གསེ་ན་གྱིས་མནན་བཞིན།། རྩེད་དོན་ནི་བག་ཏུ་སྐྱེ་མ་བྱེད། མ་འ་འདུན་གྱིས། ཀླུ་བ་ནུབ་ཏུ་བཀང་བའི།། དེ་འདྲའི་བས་འདི་འ་པ ་ཀྱི།། མ་པའི་རྟེན་གས་ས་གྱུ།། དུ་ཝཱག་ན་ཀྲི་།། ད་འི་འདི་ད་ན ་རྒྱལ་བའི་མཆོད་རྟེན་གོས་ཀཅིག་ཕུལ་བསྦྱིན།། འདིག་རྟེན་སངས་རྒྱབ་འགྱུར་ནཔ་ཆོས་འབྱེད་དེ།། བནོ་ག་སྤྱན་མཆོད་རྟེན་གནགས་ནི་སུལ་བྱས་ན།། དེན་གྱི་མོ་མ་པོའི་མན་ནའམ་འགྱུར།། བྷྱ ་སྣན་མཆོག་པ་པ་འི་བསྟོད།། བཅོམ་ལྡན་མཡོད། ན་པ་དན་ཚུལ་རྒྱས་སུ།། དག་ཚིག་ནི་སུས་ནི་འི་མྱུར་ཏེ།། དེ་ན་ས་ལམ་ཤིན་ཏུ་དགའགྱུར་ཞིང་།། ཞྭ་ས་པ་གས་པད་ཀྱི ་ན་པར་འགྱུར།། དེའི་སུམ་ནི་གས་གི་མདོག་འདྲར་འགྲུས།། རས་ཀྱི་ཞེམ་དངས་པ་བའ་བ་དང་།། སུ་སུ་ས་དང་ག་ཞི་ས་རྣམཔ་དང་།། ཤིན་ཏུ་མཛེས་མ་མི་གོས་ཀྱང་རྙེད་པར་འགྱུར།། འས་། ་ཀྲིང་ན་རིགས་མཆོག་དམ་པ་གང་།། ཕྱུག་ཅིང་མེ་ཉིད་བདག་དབང་ནོར་མང་བ།། དེ་དག་ཏུ་ནི་རྟག་ཏུ་དེ་སྐྱེ་སྟེ།། དམན་ཞིང་མཆོག་ཏུ་དབུལ་བ་རྣམ་པར་སྤངས།། དེ་ལ་སེམས་ཅན་སུ་ཡང་ཟག་དོག་མྱེད།། ་སེམས་ཅན་གནོད་པམ་སེམས་པ་གཞན་གྱི་འབྱུང་།། གཞན་གི་སྡིག་པའི་ལམ་ལ་རེ་སྡོད་དེ།། རྟག་ཏུ་བག་ཡོད་ཚུལ་ཁྲིམས་ནམ་དག་འགྱུར།། འཛིནད་པ་མྱེད་ཅིང་ཟེར་ན་མྱེད་པར་འོང་།། གཏོང་བ་མ ་བཏང་མྱ་ངན་མྱེད་པ་འཐོབ།། དེ་ནི་སྲོག་ཀྱང་གཞན་ལ་སྦྱིན་པར་བྱེད།། འཕོངས་པ་མྱེད་བྱེད་རྟག་ཏུ་བཀ་ཏ་བཀ་ཡོད་འགྱུར།། སངས་རྒྱས་སྟོབས་བཅུ་དེད་དཔོན་མཐོང་ནས་ནི།། དཀལ་བའི་སེམས་ཀྱིས ་གདུགས་དང་བ་དན་དང་།། མར་མེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད།། བྱང་ཆུབ་སྤྱོད་མཆོག་འདི་ནི་རྟག་ཏུ་སྤྱོད།། མྱིའི་འཇིག་རྟེན་བླ་མར་བསྙེན་བཀུར་བྱེད།། ལྷ་ནང་ལྷའི ་དཀའ་དང་མྱིའི་གཙོལ།། ཡིད་འོང་སྨོས་མཛེས་བལྟ་ན། སྟུག་པ་དང་།། ནོར་བུ་ཤེལ་འདྲ་སྣ་ཚོགས་ལྡན་པ་འཐོབ།། རི་རབ་རྩེ་མོ་ར་ལྷ་ནང་རབ་ཏུ་གསལ།། ལྷ་ཀུན་སློབ་མར ་གྱུར་ད་ནས་མངོན་ཏུ་འདུད།། ཆོས་ཀྱིས་དེ་དག་ཡིད་བདེ་བསྐྱེད་པར་བྱེད།། དེ་ལ་དད་མཆོག་གཞའ་གསངཔ་འཐོབ་པར་འགྱུར།། དེ་ནས་ཤི་འཕོས་མྱིའི་འཇིག་རྟེན་དུ།། རྒྱལ་པོ་དམ་པ ་སྟོབས་ལྡན་འཁོར་ལོས་སྒྱུར།། དེ་ལ་སེམས་ཅན་སུ་ཡང་སྡིག་མྱི་བྱེད།། སྐྱེ་བོ་མང་པོ་དགའ་ཞི་བ་ཡིད། འོང་འགྱུར།། རྟུལ་བསལ་སེམས་ཅན་མཆོག་ལ་རྒྱལ་མཚན་ཕུལ།། རིང་པོར་མྱི་ཐོགས་ནོར་མང་རྙེད ་པར་འགྱུར། ཀ་ཤེས་རབ་མཐའ་ཡས་མཛོད་ནི་མར་ལྡན་འོང་།། སེམས་ཆུང་མྱི་འགྱུར་དམན་པའི་སེམས་མྱི་འགྱུར།། ལོངས་སྤྱོད་རྙེད་ནས་འགྱེད་ཅིང་བདག་ཀྱང་སྤྱོད།། དེ་ནི་འཇིགས་མྱེད་ཡིད་མྱི་བདེ་བ་མྱེད།། ་རྒྱལ་པོ་དགའ་ནས་གྲོང་དང་ཡུལ་འཁོར་འགྱེད།། དེ་ལ་སེམས་ཅན་སུ་ཡང་སྡིག་མྱི་སྐྱེད།། གཙོ་བ་ཁྱད་པར་འཕགས་པ་མཛོད་མར་ཞིང་།། ཁྱིམ་བདག་རིན་ཆེན་སྣ་ཚོགས་ལུས་བརྒྱན་འགྱུར།། རྒྱལ་པོའི་བུ་འམ ་དེ་བཞིན་བློན་པོ་འོང།། རྒྱལ་པོར་གྱུར་དུན་སྟོབས་ལྡན་ཇི་བ་བྱེད།། བནས་པའི་རིགས་དམན་ཐམས་ཅད་ཡོངས་སུ་སོང་།། ལོངས་སྤྱོད་ཁྱད་འཕགས་རིགས་མཆོག་རྙེད་ནས་ནི།། རྟག་ཏུ་བག་ཡོད་སེམས་ནི ་ཤུམ་གྱི་འགྱུར།། འདོད་པ་རྣམས་ནི་ངན་སྤྱུགས་ཁུར་ལྟར་སྤོང་།། ཁྱད་འཕགས་གཟུགས་དང་མཚན་རྣམས་རབ་ཏུ་འཐོབ།། ཁྱད་འཕགས་རིགས་དང་དེ་བཞིན་དབང་ཕྱུག་ཉིད།། དེའི་གཡོག་འཁོར་རྟག་ཏུ་ཀྱི་བྱེད་འགྱུར།། སྐྱེ ་སོ་མ་པོས་བདུན་དུ་བ་ད་པར་འོག།། དེ་ནི་གཞན་ལ་གནོད་པའི་སེམས་ཀྱི་བསྐྱེད།། སེམས་ནི་རབ་དང་རྟག་ཏུ་ཟག་ཡོད་ལན།། དེ་ལ་མེ་དང་དྲུག་དང་མཚོན་གྱི་རྨུགས།། སྐྱེ་བོ་ཚོགས་ཆེན་གྱིས་ནི་བལྟ་བར་འགྱུར། ་རབ་ཏུ་དགའ་ཞིང་ཐུག་པའི་ཆོས་ལ་སྤྱོད།། ཤེས་བཞིན་ལྡན་ནས་ཡིད་བདེ་བསྐྱེད་པར་བྱེད།། འཛིདད་པ་བྱེད་ཅིང་ཆགས་མྱེད་སེམས་དང་ལྡན།། ཆགས་མྱེད་གྱུ་རང་ནས་དེས་ཀྱི་མཐུན་བྱེད།། དེའི་ལུས་གཙང ་ཀུན་ནས་ཉོན་མོངས་མྱེད།། རྣམ་དག་སེམས་ལྡན་དེ་ནི་བདེན་བར་སྨ།། འཇིགས་པས་ཉེན་པ་རྣམས་ལ་ཡིད་བདེ་སྐྱེད། སེམས་ཅན་རྣམས་རྣམས་ཀྱི་སྐྱབས་དང་དཔུང་གཉེན་འགྱུར། ་དེ་ནི་བདག་དོན་རྒྱ་ཆེན་བྱས་ནས་སུ།། གཞན་ཡང་སངས་རྒྱས་ཤེས་རྫོགས་ལ་འདོད།། དབ་ཤིང་མཆོག་དས་པརྣ་སོང་ནས།། མཚུངས་མཆོག་ཞིང་རྒྱ་བྱང་ཆུབ་འཚམས་། ་སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཞུལ་ན།། འདི་ནས་འཟུང་ཞེ་སྲིད་པའི་རྩེ་མོའི་བཅཝ།། སངས་རྒྱས་ཞིང་ནི་འཇས་གླིང་གསེར་གིས་ཀངཔ།། དེ་འདྲའི་དཔལ་དེ་འད་པར་ཡོད་ཀྱི་ནུས།། བཅོམ་ལྡན་མཆོད་རྟེན་པར ་མེ་ཡུལ་བྱས་ན།། དེའི་ལུས་ནི་མདོག་ངན་ཡོད་མྱི་འགྱུར།། གཟུགས་མཆོག་སྲ་ཞིང་ལག་པ་བཅུ་བ་འདྲ།། སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ།། ཀལ་ཏེ་རྒྱལ་བ་དམ་པ་བྱུང་གྱུར་ན།། དེ་བཞིན་གཤེགས་པ ་རྣམས་དང་ཉེ་བར་འགྱུར།། ཉེ་དུར་འགྱུར་རམ་ཡང་བུར་ཡཱན་འགྱུར།། དེའི་ཡེ་ཤེས་ཕུང་པོ་མྱུར་དུ་འཐོབ།། གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་།། ཡུངས་འབྲུ་དག་གིས་བྱུར་བུར་ཀར་གྱུརྡ་པ།། བགྲང ་རང་ནི་གཞལ་ཞིང་བཟོད་པར་ནུས།། བདེ་གཤེགས་མར་མེ་གཅིག་ཕུལ་དེའིས་ནི།། སངས་རྒྱས་དམ་པ་སྦྱིན་པའི་གནས་དེ་ལ།། སྤྱོད་པ་མཆོད་སྤྱན་ཁྱད་པར་ཤེས་གྱུར་པ།། མྱི་མཆོག་འདི་ལ་མཆོད་པ་འདིས ་བྱས་པ།། རྣམ་པར་སྦྱིན་པ་དམ་པ་གཞལ་ཡས་འགྱུར།། གལ་ཏེ་མྱི་མཇེད་འཇིག་རྟེན་ཁམས་འདི་ན།། ནོར་བུ་རིན་ཆེན་བྱེ་དུ་རྱས་གང་བ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་ཕུལ་དཔལ ་དེ་ཟད་མྱི་འགྱུར།། ཀར་ཤ་པ་ནས་མྱི་མཇེད་འཇིག་རྟེན་ཁམས།། འདི་ནས་སྲིད་པའི་རྩེ་མོ་བར་ཀང་བ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་ཕུལ་དཔལ་དེ་ཟད་མྱི་འགྱུར།། སངས་རྒྱས ་ཞིང་སྟོང་དེ་དག་ཙན་དན་གྱིས།། འོག་ནས་སྲིད་པའི་རྩེ་མོ་བར་གང་བ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་ཕུལ་དཔལ་དེ་ཟད་མྱི་འགྱུར།། ཚངས་པའི་འཇིག་རྟེན ་ཡོད་པའི་ལྷ་རྣམས་ཀྱི།། ཀོས་ཀྱིས་སངས་རྒྱས་ཞིང་སྟོང་གང་། གྱུར་པ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་ཕུལ་དཔལ་དེ་ཟད་མྱི་འགྱུར།། ཀླུ་དང་ལྷ་མྱིན ་གྱི་དང་ལྟོ་འཕྱེ་ཆེ།། ལྷའི་ལྷ་རྫས་ནོར་བུ་རིན་ཆེན་རྫོགས།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་ཕུལ་དཔལ་དེ་ཟད་མྱི་ནུས།། ལྷའི་འཇིག་རྟེན་ཡོད་པའི་ལྷའི ་སྤོས།། དེ་དག་ཀྱི་བརྗེད་འདི་ཀུན་ཀང་འགྱུར་བ།། ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ།། མར་མེ་གཅིག་ཕུལ་དཔལ་དེ་ཟད་མྱི་འགྱུར།། ཕྱོགས་དང་ཕྱོགས་མཚམས་ཚད་ནི་ཤེས་པར་ནུས།། ནམ ་མཁའི་ཁམས་འདིའི་ཚད་ཀྱང་ཤེས་པར་ནུས།། སངས་རྒྱས་མཆོད་རྟེན་མར་གཅིག་ཕུལ་བའི།། དེ་འདྲའི་དཔལ་དེ་ཟད་པར་བྱ་མྱི་ནུས།། སངས་རྒྱས་དམ་པ་མྱི་མཆོག་བཞུད་པའི་ཚེ།། འདྲེན་པའི་མཚུངས ་པ་མྱེད་ལ་དད་བྱས་ཏེ།། སྟོནད་པའི་སྐུ་ལ་ཉི་ཟེར་མྱི་འབབ་པར།། མེ་ཏོག་མ་ལི་ཀ་གདུགས་བཅོམ་ལྡན་ཕུལ།། དེས་ནི་ལམ་མཛེས་དམ་བ་གུས་བྱས་པས།། ལྷ་དབང་བརྒྱ་བྱིན་དུ་ནི་ལན་འབུམ་འགྱུར།། ་འཇིག་རྟེན་ཐུན་རྒྱ་ཚངས་པའི་བདག་པོར་འགྲུས།། རྒྱས་པའི་མཆོད་རྟེན་ས་འདུས་ཕུས་ནས།། ནམམ་མོས་སྒྱུམ་པའི་རྒྱམ་ཚོ་སྟོབས་ལྡན་འགྱུར།། ཀྱོམ་ཐས་བརྒྱལ་དབང་བར་འགྱུར་ཏེ།། ་ནོར་ཆེན་རབ་ཏུ་མཛོད་མང་ཚོང་དཔོན་གྱུར་།། ཁྱིམ་བདག་བློ་ལྡན་བསོད་ནམས་ལྡན་པར་གྱུར་།། བདེ་གཤེགས་མྱི་མཆོག་བྱེ་བ་ཉི་ཤུ་དཀ། རས་ནི་མཉེས་བྱས་གཟིམས་ཆན་བཟའ་འིས།། མྱི་མཆོག་དག་ལ ་མར་བསྟི་བསྟར་བྱས།། དེ་དག་གཙུག་ལག་ཁང་ལ་སྤོས་ཀྱིས་བསྐུས།། ངའི་ཁ་དོག་ངན་པ་ཀུན་མྱེད་གྱུརང་།། རས་ནི་ཆ་དང་གྲང་དང་ངལ་བ་སྤངས།། སངས་རྒྱས་སྤྱན་སྔ་དམན་བྱེད་སེམས་གྱུརྡ་ཅིང་།། དེ་དག ་མཆོད་པ་དམ་པ་མཆོག་གིས་མཆོད།། རྒྱན་ཀྱིས་བརྒྱ་ནད་པའི་གདུགས་མཛེས་པལྟ་སྡུག་པ།། སུ་དག་བཅོམ་ལྡན་མཆོག་ལ་འབུལ་བྱེད་པ།། དེ་འདིར་ལུས་ནི་མཚུངས་པ་མྱེད་འགྱུར་ཏེ། ་སུམ་བཅུ་རྩ་གཉིས་མཚན་གིས་གོ་ཆར་འགྱུར།། ཀང་གིས་། རྒྱལ་བའི་སྐུ་ནི་རབ་འབམ་ཞིང་།། ཁྱད་པར་འཕགས་པའི་གཟུགས་དང་ཀ་སེར་འདྲ་དང་།། འཇམ་ཀྲུང་ཀ་སེར་ལྟར་རབ ་མཛེས་བསྟན་སྡུག། མཚན་གྱི་མེ་ཏོག་རྒྱས་པས་མངོན་ཏུ་གང་།། མངོན་པར་ཤེས་པ་འཐོབ་ཅིང་དབང་ཆེར་གྲགས།། བྱ་ཆུབ་སྤྱོད་མཆོག་དམ་པ་ཞི་བ་སྤྱོད།། དེ་ནི་རྣམས་ཀྱང་ལོངས་སྤྱོད། ་འཀྲིབ་ཀྱི་འགྱུར།། ལུས་ཀྱང་བསྟི་བསྒྲུ་བྱ་ཞིང་མཆོད་པར་འོས།། བརྟན་པར་འདོད་པའི་ལོངས་སྤྱོད་གཞར་གྱི་དཀའ།། ཚུལ་ཁྲིམས་ནས་དཀ་རབ་མཁས་ཚངས་པར་སྤྱོད།། ཡི་དམ་བཅས་ནས་ནགས་དང ་ནགས་འདབ་སོང་།། མངོན་ཞེས་འཐོབ་ཅིང་ཁྱད་པར་ཐོབ་པར་འགྱུར།། བཅོམ་ལྡན་མཆོད་རྟེན་རྣམས་མ་གཟུགས་འབུལ་པ།། ཇི་ལྟ་བུམ་ཡང་བྱང་ཆུབ་སེམས་ཀྱི་འདོ།། བྱམས་ལ་གནས་ཤིང་ཀྱི ་དམན་སེམས་སུ་འགྱུར།། དེའི་ཤེས་པ་རྣམས་ཀྱང་ཉམས་པ་མྱེང་།། རོལ་མོའི་ལྒའིས་ཀྱི་མཆོག་མཆོད་བྱས་ན།། མྱ་ངན་བྱེད་ཅིང་དབང་ལྡན་རྒྱལ་པོར་འོང་།། མྱིའི་འཇིག་རྟེན་ཡིད་འོང་སྒྲ་ལྡན་འགྱུར ་རེ་ཡཱ་ཡན་ལག་ཚང་ཞིང་དག་པར་འོང་།། བཅོམ་ལྡན་མཆོད་རྟེན་རོལ་མོ་སཱ་བྱས་ན།། ཤེས་བཞིན་ལྡན་ཞིང་བྱིག་ནི་རྣམ་དག་འགྱུར།། ན་བ་རྣམ་པར་དག་ཅིང་སེམས་ཀྱང་དཀལ།། སྐུའི་དབང་པོ་མཆོག་དང་ལྡན་པར་འགྱུར། ་དེའི་ལྡེ་ནི་རབ་མཛེས་བལྟ་ན་སྟུག།། ཟོག་མར་རབ་མཉེན་མཛེས་ཤིང་སྒྲ་ཡིད་ལྡན།། དཔེར་ན་ལྷའི་རིན་ཆེན་གྱི་ནུ་འདྲ།། སྨ་སྐད་ཡན་ལག་བྱེ་བ་དཔཀ་མྱེད་འབྱིནད།། བཅོམ་ལྡན་མཆོད་རྟེན་རོལ་མོ་སྨ་བྱས་ན།། ་སྦྲུལ་དུ་མྱི་འགྱུར་ལྕེ་མྱེད་མྱི་འགྱུར་ཏེ།། ཞར་བ་སྒུར་པོ་ཡ་ཡོ་ཅན་མྱི་འགྱུར།། ལུས་ནི་ཁྱད་པར་འཕགས་ཤིང་ཤི་ནད་ཏུ་མཛེས།། བཅོམ་ལྡན་མཆོད་རྟེན་རོལ་མོ་སྒྲ་བྱས་ན།། ལྷ་འམ་ཀླུ་འམ་མྱི་འམ་ལྟོ་འཕྱེ ་ཆེ།། སུ་ཡང་དེ་ལ་མ་དང་སྐྱེད་མྱི་འགྱུར།། དབུགས་ཕྱིནད་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ།། བཅོམ་ལྡན་མཆོད་རྟེན་རོལ་མོ་སླ་བྱས་ན།། དེ་ནི་མ་ནི་ང་ཟ་མར་ཞར་མྱི་འགྱུར།། ནམས་ཀྱང ་བརྗེད་དང་ག་བཀྲག་མྱི་འགྱུར་ཞིང་།། བསྔགས་པར་འོས་པའི་ལུས་ནི་ཐོབ་པར་འགྱུར།། བཅོམ་ལྡན་མཆོད་རྟེན་རོལ་མོ་སྨ་བྱས་ན།། ཚེ་རིང་འགྱུར་ཞིང་ལུས་ཀྱང་ཆེ་བར་འགྱུར། ་ཀསྭེ་ཀི་གཟུགས་ལྟར་ཁ་དོག་འབར་བར་འོང་།། ཏིང་ངེ་འཛིན་བརྟན་ཞིང་ཤི་ནད་ཏུ་རྟོགས་པར་འགྱུར།། བཅོམ་ལྡན་མཆོད་རྟེན་རོལ་མོ་སྒྲ་བྱས་ན།། ལྷ་ནང་བདག་པོར་འགྱུར་ཞིང་དབང་ཕྱུག ་འགྱུར།། མྱིའི་འཇིག་རྟེན་སྐྱེས་ནས་དགའ་བར་འོང་།། བརྩོན་འགྲུས་ལྡན་ཞིང་ལུས་ནི་འབར་བར་འགྱུར།། བཅོམ་ལྡན་མཆོད་རྟེན་རོལ་མོ་སྒྲ་བྱས་ན།། དེས་སུ་ལཱ་ཡིད་ཀྱི་དེ་བ་བྱེད།། དེ་ལ་སུ་ཡཱ་ཚིག་ཅུ་སྨྲ་བ་བྱེད།། འཕྲ་མ་ཐམས་ཅད ་སྤངས་ཤིང་ཡང་དག་སྨྲ།། བསོད་ནམས་འདོད་པ་སུ་ཞིག་ཕྱགས་ཐོགས་ཏེ།། བཅོམ་ལྡན་མཆོད་རྟེན་གུས་པར་འཕྱག་བྱེད་པ།། དེ་ནི་སྨད་ཅིང་མྱི་གཙང་ལུས་མྱི་འགྱུར།། བ་སྐུ་ཁུང་ནས་ཙན་དན་དྲི་དད་འབྱུང་།། ་བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས།། བསྐལ་པ་བྱེ་བ་ཁྲག་ཁྲག་བརྒྱ་སྟོང་དུ།། ཡན་ལག་མ་སྨད་ཁྱད་འཕགས་ལུས་འཐོབ་ཅིང་།། མཚེས་ལ་མཚན་ཀྱིས་གོ་ཆར་བྱས་པར་འགྱུར།། བཅོ་ལྡན ་མྱ་ངན་འདས་པའི་མཆོད་རྐྱེན་ཀྱགས།། ལའི་ཅན་ངན་ཀྱད་འཕགས་རབ་ངས་པའི།། གནས་མྱེད་ཡང་མཆོག་ཡིན་འོང་ནི་ལྡན་འཡོག།། དེ་ནི་དེ་ལ་གནས་ཡང་བྱེད་བྱེད་སྐྱེད།། མ་རྒྱ ་འདས་པའི་མཆོད་རྟེན་ཕྱུགས།། ཡིད་འོང་དྲི་ལྡན་མཆོག་ཏུ་བས་མུག་པ།། ཝའི་བུ་མོ་བྱེ་བ་སྟོང་འཐོབ་ཅིང་།། དེ་ནི་དེ་ལ་རྣམས་ཀྱང་ཆགས་ཀྱི་ཕྲེང།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་བྱུགས།། བྱེད་ཆོས ་ཆས་མཆོག་ཡོད་པའི་རྫིང་བུ་ནི།། ཡན་ལག་བརྒྱད་ལྡན་ཚུགཙ་མཛེས་གྱུ་རད་པ།། མེ་ཏོག་མུད་པས་ས་ནི་རྒྱས་པ་འཐོག།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས།། ག་སོག་འཁོར་རྟག་ཏུ ་ཡོབ་འགྱུར་ཞིང་།། མྱི་དམན་སེམས་ཅན་ཝཱའི་སྐུས་སོས།། སོ་རྣམས་ཀྱི་སྐུ་དབྱངས་སྙས་སྨྲམ་སོ།། བཅོམ་ལྡན་ཀྱང་། འདས་པའི་མཆོད་རྟེན་བྱུགས།། འཇིག་རྟེན་ཀུན་ཏུ་སྐྱེ ་བདག་ཉིད་ཀྱིས།། འདི་ནས་ཤི་འཕོས་ངན་འགྲོར་མྱི་འགྲོ་ཞིང་། མྱེའི་འཇིག་རྟེན་སངས་རྒྱས་མཐོང་བར་ཤེས།། བཅོམ་ལྡན་གྱི་ངན་འདས་པའི་མཆོད་རྟེན་ཕྱགས།། དེ་ནི་ལྷ་ལ་སྙན་པའི་ག ་བྱས་ཏེ།། སངས་རྒྱས་མི་ཤེས་རྫོགས་ལ་བཀོད་ནས།། ནི་བའི་ནུས་བྱས་འདས་བུའི་གླིང་དུ་རྩེ།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་བྱགས།། བཙམ་མ་ཐག་ཏུ་བཞས་པ་མམ་མས་ཅན། ་སྔོན་གི་སངས་རྒྱས་གཅོལ་རྣམས་བསྐུ་རང་བ་དང་།། དེ་དག་མཚན་དང་ཡོན་ཏན་ཆོས་ཀྱང་དྲན།། འཇིག་རྟེན་སངས་རྒྱས་ཇི་ལྟར་འགྱུར་ཞེས་ཏེ།། མོས་པ་བསྐྱེད་ནས་མཆོད་རྟེན་རྩཝ་སྐྱེས་སེམད།། དེའི་ཕན་ཡོད་དེ་དག། ་རས་བཤད་ཀྱིས།། ཟ་བའི་དྲི་སོལ་དང་པའི་སེམས་ཀྱིས་ཉོད།། མཐུ་ཆེན་སྐྱེས་བུ་དམ་པ་ཁྱད་འཕགས་པ།། རྒྱལ་བ་དམ་པ་མ་འོངས་དུས་ན་མཐོང་།། དེ་དག་མཆོད་པ་དམ་པ་མཆོག་གིས་མཆོད།། དེ་ནི་གཞལ ་གསང་དད་པ་དམ་པ་འཕོབ།། སངས་རྒྱས་སྟོབས་བཅུ་དེད་དཔོན་དེས་མཐོང་ནས།། འདྲེནད་པ་མཚུངས་པ་མྱེད་ལ་མཆོད་པ་བྱེད།། མཚན་གྱིས་ཀོ་ཆར་བྱས་པའི་སངས་རྒྱས་སུ།། འགྱུར་ཞེས་ཐུགས་དགྱེས་དེ། ་དཀལ་ཡང་སྟོན།། གྲོང་ཁྱེར་ཡངས་པ་ཉམས་དགའ་མཆོག་གནས་ཤིང་།། ང་ནི་ཆོས་སྟོནད་གང་གིས་མཐོང་གྱུར་པ།། དེ་དག་ཕྱི་དུས་རབ་ཏུ་འཇིགས་པའི་ཚེ།། རྒྱལ་མཆོག་མྱ་ངན་འདས་པའི ་ཆོས་འཛིནད་འགྱུར།། མཆོད་རྟེན་རྩཝ་སྐྱེས་སེལྡ་པར་བྱེད་པ་ནི།། རྒྱལ་བ་དམ་པའི་ཐུལ་མཐོང་འདོད་པའི།། རྒྱུ་དང་ས་བོན་འགྱུར་བ་འདི་ཡིན་ནོ།། འདོད་དང་དམྱལ་དང་དུད་འགྲོའི་སྐྱེ་གནས་སྤོང་།། བྱང ་ཆུབ་སེམས་དཔའ་གང་ཞིག་མདོའ་མཆོག་འདི།། ཕྱི་མ་རབ་འཇིགས་དུས་ན་འཛིནད་བྱེད་པ།། དེ་ནི་འཇིག་རྟེན་སངས་རྒྱས་ལྷའི་ལྷ།། བསོད་ནམས་ཁྱད་འཕགས་མཚུངས་མྱེད་ཉིད་དུ་འགྱུར།། འདི་བཤད་ཚེ་ན ་གང་དག་འདིར་མཆོད་པ།། ཚུལ་འདི་བཤད་པ་གང་དག་ཐོས་པ་དང་།། ཀང་དག་མདོ་མཆོག་འདི་ནི་འདིར་བཟུང་བ།། དེ་དག་ཕྱི་མའི་དུས་ན་འདིར་འདི་འཇིག། གང་དག་ཕྱིན་ཅད་འདི་མཆོག ་འཛིནད་པ།། དེ་དག་རྟག་ཏུ་ང་དང་མཐུན་པའི་སྲས།། སངས།། རྒྱས་བྱེ་བས་དེ་དག་བསྔགས་བརྗོད་ཀྱང་།། དེ་དག་བསྔགས། པ་མཐར་ནི་བྱིན་མྱི་འགྱུར།། གང་དག་ཕྱི་དུས་རྒྱལ་བའི་ཆོས ་འཛིནད་པ།། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་མཐའ་ཡས།། བསྐལ་པ་བྱེ་བར་ཞུགས་ཏེ་དེ་དག་གོ།། བསྔགས་པ་བརྗོད་ཀྱང་ཐ་མར་ཕྱིན་མྱི་ནུས།། དྲི་ཞིམ་ཡིད་འོད་སྤོས་ཀྱིས་ཆོ་གའ ་བཞིན།། སངས་རྒྱས་མཆོད་རྟེན་ལ་ནི་སུ་སྐུད་པ།། དེ་ལ་འཐོབ་རྙེད་འཇིག་རྟེན་ཀུན་ཏུ་རྒྱུ།། དེ་ནི་ས་འདིར་སྙིང་པོ་བླངས་པར་འགྱུར།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཡུལ་བྱས་ན།། བཅོམ་ལྡན་འདས ་ཀྱི་བསྟནད་པ་འཇིག་འགྱུར་ཚེ།། འཛམ་བུའི་གླིང་དུ་སྐྱེ་བར་མྱི་འགྱུར་ཞིང་།། དེ་ནི་དེ་ཚེ་མཐོལ་རིས་བདག་པོར་འགྱུར།། རྒྱལ་བའི་མཆོད་རྟེན་ཐོས་བྱུག་པུས་བྱས་ན།། དྲི་མྱི་ཞིམ་དང་མྱི་གཙང་ལྡ ་གརྣམས།། རྟག་ཏུ་རློམ་ནི་མ་ཚུལ་ཁྲིམས་ཕུ་པོ་མ་གནས།། དེ་ནི་རྟག་ཏུ་ཚངས་སྤྱོད་མཆོག་འདི་བྱོས།། རྒྱལ་བའི་མཆོད་རྟེན་ཐོལ་ཐུག་ཕུལ་བྱས་ན།། འདིནས་ནི་འཐོམ་མམོ་ས་ལྷོད་བཔ་འགྱུར།། ་རིང་པོར་གྱི་ཐོགས་དེ་ནི་སྤོབས་རྣམས་རྟོག། ལྷ་རྣམས་ལ་ནི་རྒྱ་ཆེན་དོན་ཀྱང་བྱེད།། རྒྱལ་བའི་མཆོད་རྟེན་སྤོས་ཐུག་ཡུལ་བྱས་ན།། གང་གི་ཚེན་མྱིའི་འཇིག་རྟེནན།། ཞེ་སྡང་སེམས་མྱེད ་འཇམ་ཞིང་མཉེན་འགྱུར་བ།། དེ་ཚེ་དེ་ནི་འཛམ་བུའི་གླིང་དུ་གནས།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།། ཁྱད་འཕགས་ཚིག་ལྡན་སྨྲ་དབྱངས་ཡིད་འོང་འགྱུར།། སྐྱེ་བོ་མང་པོའི་ཡིད་འོང་དཀའ་ཞིང་བཀུར ་དེཡི་ལ་བཞིན་རྟག་ཏུ་གསལ་བར་འགྱུར།། རྒྱལ་བའི་མཆོད་རྟེན་ཐོས་ཕྱག་སུས་བྱས་ན།། དེ་ནི་ངན་སོང་ནམས་ནི་ཨོཾ་ལུས་སྤོང་།། དེ་བཞིན་གཤེགས་དང་ཉེ་ལ་ལོབ་པར་འགྱུར།། དད་པ་ཐོབ་ཅིང་རྟག་ཏུ་བདེ་ལ་ལ ་དགའ། བརྒྱལ་བའི་མཆོད་རྟེན་འོས་བྱུག་སུས་བྱས་ན།། པོ་སློབས་ལྡན་འཚ་མོས་གྱུང་བར་འགྱུར།། རྣོན་མ་ཆོང་པོ། ཀྱིས་བདགུ་བསོད་རྣམས་སས།། ཆོབ་རྗེ་འོད་མདང་སངས་ས ་སུ་ཡང་འགྱུར།། དགའ་བའི་སེམས་ཀྱིས་མགུ་བའི་ཤུགསབསྐྱེད་དེ།། བཅོམ་ལྡན་མཆོད་རྟེན་ནོར་ཐུའདྲ་བ་འབུལ། དེ་ནི་རྒྱལ་པོ་མཚན་གྱི་གོ་མ་ཅན།། མཐུ་ཆེན་བླ་ན་མྱེད་པ ་འཁོར་ལོས་སྒྱུར་བར་འགྱུར།། བལྟ་འོས་མཚན་གྱི་གོ་ཆ་ལྡན་གྱུར་ནས།། གཞལ་བྱེད་ཁང་ཆེན་རབ་མཛེས་པ་ལྟ་མུག་པ། ཁ་དོག་ས་ཚོགས་དཔག་མྱེད་ལྡན་པ་དང་།། རིན་ཆེན་འང ་བཟངས་ཆེ་འོས་དག་ལ་འཐོབ།། རྒྱལ་པོའི་ཕོ་བྲང་ཁྱད་པར་འཕགས་ཀྱུར་གཱ།། སྐྱེས་པ་བུར་བྱེད་དག་གིས་གང་དང་།། མཉམ་ཞིང་ལེགས་བྱས་རབ་མཛེས་བུལྟ་བྱུག་པ།། རྦབ་སྣ་ཚོགས་པདེ་བྱེད་པ་དེ་འདུག ་ཡོག།། རྒྱལ་མཚན་པ་དྲན་ཀསལ་བར་མཛེས་བྱས་ཤིང་།། གདུགས་ཁྲིས་ཤིན་ཏུ་མཛེས་ལྟ་བསྟ་ན་མུཀ། མུ་ཏིཀ་རྣ་བ་འཕྲེང་བའ་བདེ་འདྲ་བའི།། རྒྱལ་སྲིད་ཡོན་ཏན་ཁྱད་འཕགས་གཞན་ཡང་འཐོབ། ་དེའི་ཡུལ་ན་གཞན་ནོར་འཇིག་བྱེད་ལ།། ཆོམ་རྐུན་གཡོའི་ལྡན་གཡོའི་ཅན་གནས་མྱི་འགྱུར།། སེམས་ཅན་རྒྱ་ཆེན་བློ་མཆོག་ལྡན་པ་དང་།། ཕན་བྱེད་བྱམས་སེམས་ལྡན་པ་དེ་ན་གནས།། ཤི་འཕོས་བག་ཡོད་དེ ་ནི་ལྷར་འགྲོ་སྟེ།། དཀར་གནག་གང་ཡིན་བདག་ཅག་ཇི་ལྟར་གནས།། འདི་ནས་ཤི་འཕོས་ཇི་ལྟར་མྱུར་སྐྱེ་ཞེས།། བློ་ལྡན་དེ་ནི་མཐོ་རིས་འདིར་གནས་འགྱུར།། སངས་རྒྱས་སྦྱིན་གནས་མྱུར་དུ་མཐོང་འགྱུར་ཏེ།། མཐོང་། ་ནས་མཆོད་ཅིང་མཚུངས་མྱེད་བསྟི་བསྟང་བྱེད།། སངས་རྒྱས་མཐོང་ནས་བྱང་ཆུབ་མོས་བསྐྱེད་ཅིང་།། རྡུལ་བྲལ་རྣམས་ལ་ཕྱི་ཞིང་བསྟི་བསྟང་བྱེད།། ཡེ་ཤེས་མཐའ་ཡས་ལྡན་དང་མཐུ་ཆེན་འགྱུར།། ཁྱད་པར་ས་གནས ་འཕགས་པའི་སེམས་ཅན་འགྱུར།། བཅོམ་ལྡན་འདས་ལ་དད་པའི་སེམས་བསྐྱེད་ན།། འདི་འདྲའི་དཔལ་འདི་ཕྱིར་ཞིང་མྱོང་བར་འགྱུར།། ངའི་བྱ་བ་འདི་ནི་བརྗོད་པར་བྱ།། ངས་བརྗོད་འདི་ལ་ཐེ་ཙོམ་མ་སྐྱེད་ཅིག། ་སངས་རྒྱས་བཀའ་སྤངས་མནར་མྱེད་འགྲོར་གྱུརྡ་ཅིང་།། ཕྱི་ནད་ཅད་སྡུག་བསྔལ་ཉེན་པར་གྱུར་ད་ཏ་རེ།། འཇིག་རྟེན་སྨོན་མ་མཚུངས་མྱེད་བསོད་ནམས་ཞིང་།། དེའི་མཆོད་རྟེན་པ ་རྒྱ་སུ་དྲལ་བ།། བག་ཡོད་ཀྱུརྡ་ནས་དེ་ནི་བདུད་རྒྱ་དྲལ།། རུས་རྣམས་ཀུན་ཏུ་ངན་སོབས་ཡང་སྤོང་།། རྟག་ཏུ་སངས་རྒྱས་རྡུལ་བྲལ་བསྟི་བསྟང་བྱེད།། རྟག་ཏུ་སྟོབས་ལྡན ་འཁོར་ལོས་སྒྱུར་བར་འགྱུར།། མྱིའི་འཇིག་རྟེན་སྐྱེས་ན་བསོད་ནམས་ལྡན།། རྒྱལ་པོ་ཀུན་གྱི་མཆོད་པའི་གནས་སུ་འགྱུར། ལྷ་ནས་ལྷའི་དབང་པོ་མཆོག་གནས་འགྱུར།། དེ་ནི་ཤིནད ་ཏུ་ཞྭའི་ཚེ་ཡང་འཐོབ།། དཔལ་ལྡན་གསེར་གི་གཞལ་མྱེད་ཁང་པ་ཉིད།། ལྷའི་འདོད་པ་མཚུངས་མྱེད་དབང་ཕྱུག་ཉིད།། གཟུགས་དང་སྒྲ་དང་དྲི་རབ་རོ་མཆོག་དང་།། རེག་བྱ་དཔལ་ལྡན་ལྷའི་འཇིག་རྟེན ་འཐོབ།། མཐུ་ཆེན་ལྡན་ཞིང་བལྟ་བའི་འོས་སུ་འགྱུར།། ལྷ་མོ་རྣམས་ལ་འདོད་པའི་སྲེད་མྱི་སྐྱེད།། བཅོམ་ལྡན་མཆོད་རྟེན་པ་རྒྱབསལ་བྱས་ན།། འདི་ནས་ཤི་འཕོས་མྱིའི་འཇིག་རྟེན་འགྲོ།། ཡན་ལག ་ལེགས་གནས་ཁྱད་པར་འགྲོ་བར་འགྱུར།། ནམ་ཡང་བསྟནད་བཅོས་མྱི་ཉུང་མང་པོ་འཐོབ།། བཅོམ་ལྡན་མཆོད་རྟེན་པ་རྒྱ་བ་བསལ་བྱས་ན།། དེ་ནི་མྱི་ཁོམ་བརྒྱད་པོ་ཀུན་སྤོང་ཞིང་།། དེ་ནི་དེ་ལ་འགྱུར་དེ ་བཞིན་ཁྱད་པས་འཕགས།། དེ་ནི་སངས་རྒྱས་མཚུངས་མྱེད་མཆོད་པ་བྱེད།། བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན།། བག་ཡོད་བློ་གྲོས་བརྟན་ལ་དཔའ་བོར་འགྱུར།། འདོད་པའི་ཡོན་ཏན་དག་ལ་དཀའ ་གྱི་སྐྱེད།། མྱི་དམན་སེམས་ཀྱིས་མངོན་པར་འབྱུང་བར་འགྱུར།། བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན།། དེ་ནི་ནམས་ཀྱང་བྱང་ཆུབ་སེམས་མྱི་འདོར།། ཚུལ་ཁྲིམས་སྐྱོན་མྱེད་ཤིནད་ཏུ་བསྡམས་པར་འགྱུར།། ་རྣམ་དག་འདོད་ཆགས་བྲལ་བའི་ཆོས་ཀྱང་འཐོབ།། བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། དེ་ནི་མདོག་ངན་དུས་རྣམས་ཀུན་ཏུ་སྤོང་།། འཆལ་པའི་ཤེས་རབ་མ་ལུས་རྣམ་པར་སྤོང་།། ཤེས་རབ་རྒྱ་ཆེན་གྱུར་ད་ནས ་སྤྱོད་ལ་གནས།། བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། ཁམས་ཀཙང་མ་དག་ཀྱང་རྙེད་འགྱུར་ལ།། ཁྱད་འཕགས་ཁ་དོག་ལྡན་ཞིང་བལྟ་སུག་ལ།། རེག་དང་ལྡན་ཞིང་རབ་མཛེས་ཀོས ་རྣམས་འཐོབ།། དད་པའི་ཤུགས་སྐྱེས་བཅོམ་ལྡན་མཆོད་རྟེན།། 2།། མེ་ཏོག་སྐམ་མོ་ཉམ་ཉིས་ཕྱགས་བྱས་ན།། འདོད་པ་སྨད་པ་སྡུག་བསྔལ་བྱེད་པ་སྤོང་།། སྟོབས་བཅུ་མངའ་བའི ་དེད་དཔོན་མཉེས་པར་བྱེད།། མཆོད་རྟེན་མེ་ཏོག་རྙིས་པ་སུ་འཕྱག་པ།། དེ་ནི་མཛེས་ཤིང་རྣམ་དག་ལུས་སུ་འགྱུར།། སྐྱེ་རོ་མང་པོས་མཆོད་འོས་བལྟ་བར་འགྱུར།། དེ་ལ་རྒྱལ་པོ་གནོད ་པར་སེམས་མྱི་འགྱུར།། བཅོམ་ལྡན་མཆོད་རྟེན་དག་ལ་སྔ་རབས་མྱིས།། མེ་ཏོག་ཡུལ་བ་སྐམ་པོ་ཕྱགས་བྱས་ན།། ངན་སོང་སའི་ལས་ངན་ཐམས་ཅད་གཅོད།། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕུང་པོར་གནས། ་མཆོད་རྟེན་མེ་ཏོག་རྙིས་པ་སུ་འཕྱག་པ།། བཀ་ཡོད་མྱ་ངན་རྣམས་དང་སྐྱོན་རྣམས་སྤོང་།། ནད་རྣམས་དུ་མ་མ་ལུས་རྣམ་པར་སྤོང་།། བསྐལ་པ་མཐའ་ཡས་རྣམས་སུ་དབུགས་བྱིནད་འཐོབ།། མཆོད་རྟེན་མེ་ཏོག་རྙིས་པ་སུལ ་འཕྱག་པ།། སྦྱིན་གནས་མཚུངས་མྱེད་སངས་རྒྱས་འཐོབ་པར་འོང་།། མཚུངས་བྱེད་ཐོབ་ཅིང་ཝ་ཁྱིས་མཆོད་འོས་འགྱུར།། རྣམ་དག་ལུས་ལྡན་རྒྱན་ཀྱིས་བརྒྱན་པར་འགྱུར།། ལྷའི་མེ་ཏོག་རབ་མཛེས་མན་དང་།། མཚུངས་མྱེད ་པ་ཏ་ལ་ཡང་སུ་འབུལ་དང་།། མཆོད་རྟེན་མེ་ཏོག་ཉལ་ཉིལ་སུ་འཕྱག་པ།། དེ་དག་རྣམ་སྦྱིན་འདྲ་སྟེ་མཆོག་ཏུ་འགྱུར།། མཆོད་རྟེན་མེ་ཏོག་རྙིས་པ་སུ་འཕྱག་པ།། དེ་ལ་དུག་གིས་ཀྱི་ཚུགས་མཚོན་མྱི་ཚུགས།། ་མེ་འབར་འོད་འཕྲོ་ཕུང་པོ་ཆེས་མྱི་ཚུགས།། ནོར་གྲི་ཕུང་པོ་རྐུན་པོས་རྐུ་མྱི་འགྱུར།། མགུ་ཞིང་རབ་ཏུ་དཀའ་བའི་ཤུགས་བསྐྱེད་དེ།། བཅོམ་ལྡན་མཆོད་རྟེན་མེ་ཏོག་ནམ་འཕྱག་ན།། དེའི་བསོད་ནམས་བཟུང་བར་ཀང ་གྱུར་པ།། གྲངས་སམ་ཆ་ཡང་བརྗོད་པར་སྒྲ་མ་ཡིན།། མཆོད་རྟེན་མེ་ཏོག་རྙིས་པ་སུ་འཕྱག་པ།། སུམ་བཅུ་རྩ་གཉིས་མཚན་གྱིས་གོ་ཆར་འགྱུར།། མྱིའི་འཇིག་རྟེན་ན་ནི་རྟག་ཏུ་དཀལ།། མཐུ་དང་ལྡན་ཞིང་ཡིད ་འོད་སྒྲ་སྐད་འགྱུར།། མཆོད་རྟེན་མེ་ཏོག་རྙིས་པ་སུ་འཕྱག་པ།། ཆོས་མཆོག་རབ་མཛེས་ཡང་དག་སྤྱོད་བྱེད་ཅིང་།། དེ་ལུས་རྣམ་པར་དག་ལ་ཆེན་པོར་འོང་།། རིང་པོར་མྱ་ཐོགས་འཇིག་རྟེན ་སངས་རྒྱས་འགྱུར།། འཇིག་རྟེན་སངས་རྒྱས་འགྱུར་བྱར་མོས་སྐྱེད་དེ།། སྟོན་པའི་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།། འཇིག་རྟེན་དཀ་ན་བླ་མར་བཀུར་བསྟིར་བྱ།། དེ་ནི་མཛེས་ཤིང ་བལྟ་ན་སྡུག་པར་འགྱུར།། དེ་འདིར་རྒྱལ་སྲིད་ཐོབ་ནས་ལྒ་ཀླུ་མྱི།། ལྟོ་འཕྱེ་ཆེ་དང་འཇིག་རྟེན་ཐམས་ཅད་འདུད།། སྟོང་གི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར།། དབང་ཕྱུག་ཉིད་དུ་དབང་ཐོབ ་རྒྱལ་སྲིད་བྱེད།། དེའི་ཡུལ་ན་སེམས་ཅན་ཀྱང་གནས་པ།། དེ་ཀུན་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད།། དེས་ནི་ངན་སོང་ས་ཡང་རྣམ་པར་སྤོང་།། དེ་དག་རྣམས་ཀྱི་དོན་མཆོག་དམ་པ་བྱེད།། བསོད་ནཔས་བློ་གྲོས ་དྲན་ལྡན་མཆོད་འོས་འགྱུར།། དབུགས་བྱིན་ཐོབ་ནས་འཇིག་རྟེན་ཀུན་ཏུ་སྒྱུ།། དེའི་གཡོག་འཁོར་ཡིད་འོད་སྒྲ་སྐད་ལྡན།། བསམ་པ་ཇི་བཞིན་དེ་དག་དགའ་བ་སྐྱེད།། སེམས་ཅན་རྣམས་ལ་གྱི་ཁྱོད་གི་ཚིག་རྟོན ་དེ་ལ་སུ་ཡང་དབང་ཕྱུག་མྱེད་མྱི་བྱེད།། སྐྱེ་བོ་ཚོགས་ཆེན་དག་གིས་བལྟ་འོས་འགྱུར།། དེའི་གཡོག་ཀྱང་སྤ་དབྱངས་ཡན་ལག་དག། སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།། སྦྱིན་དང་སྙན་པར ་སྒྲ་དང་དོན་སྤྱོད་དང་།། དོན་མཐུན་པ་དག་སྐྱེ་བོ་མང་ལ་བྱེད།། མྱོས་ཤིང་བརྒྱད་ཀྱང་ཁྲོ་བའི་དངོས་ཀྱི་སྐྱེད།། སངས་རྒྱས་མཆོད་རྟེན་ཟས་སྦྱར་ཕྱག་འཚལ་བ།། མཐོ་རིས་འཇིག་རྟེན་གནས་ཤིང་ཝ་དང ་འགྱུར།། མྱིར་གྱུ་རང་ན་ཡང་མྱིའི་རྒྱལ་པོར་འོང་།། དེ་ནི་གཞམ་ཡང་ཡོངས་སུ་ཉམས་མྱི་འགྱུར།། སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་ལྔ།། དེ་ནི་གཞར་ཡང་ངན་སོང་གྱིས་ཀྱི་ལྟུང་།། འཇིག་རྟེན་འདི་དེ ་རྟག་ཏུ་འདོད་པ་སྤོང་།། ནོར་ཅན་ནང་ན་ཕྱུག་ཅིང་མཛོད་མར་འགྱུར།། ཡོན་ཏན་ལྡན་ལ་ཚིག་གཅིག་སུ་བྷཱ་བ།། དེ་ནི་རིགས་བསྔགས་ལ་གཞར་གྱི་སྤྱོར།། མྱེའི་འཇིག་རྟེན་གནས་ཀྱིནི་སྤྱོད་མྱི་འགྱུར།། དེ་ལ་སོས ་ཅན་གྱི་ངོམས་དགའ་བར་འགྱུར།། ཡིད་འོང་དབྱངས་ལྡན་པོ་བྲང་འཁོར་གཤེགས་ཤིང་།། འཇིག་རྟེན་འགོན་པོ་སྒོ་གཏན་བཞུགས་པའི་ཚེ།། སུ་ཞིག་ཤུགས་བསྐྱེད་མེ་ཏོག་བླངས་ཏེ་གཏོརང་། ་དེ་ནི་བརྒྱན་ནས་རྒྱལ་བ་དམ་པ་མཐོང་།། རང་གི་ཁྱིམ་དུ་སྟོབས།། བཅུ་བསྙེན་བཀུར་བྱེད།། དེའི་བགོས་གསོལ་ཆོས་བཟང་སྟོནད། པ་མཛད།། དད་པ་སྐྱེས་ནས་མྱི་མཆོག་བསྙེན་བཀུར་བྱེད།། ་གོས་ཀྱང་ཐོགས་ཏེ་ནམ་པར་འདྲེན་ལ་ཕུལ།། སངས་རྒྱས་བྱ་ཆུབ་མཚུངས་མྱེད་མཆོག་སོབ་ནས།། སྟོབས་བཅུ་ལྡན་ནི་གསོལ་བ་མྱེད་གྱུ་རད་ལ།། བྱང་ཆུབ་སངས་རྒྱས་ཀུག་བསྔལ ་སྐྱེ་བོ་གྲོས།། འཇིག་རྟེན་ཀུན་ཏུ་མཚུངས་མྱེད་སངས་རྒྱས་ཤོག།། དེའི་སྨོད་ལམ་འདི་འདྲ་འདི་དང་ནི།། སངས་རྒྱས་མི་ཤེས་དེ་སེམས་དགལ་མཁྱེ་ནད་ནས།། སྟོབས་བཅུ་འདུམ་མཛད་འཇིག་རྟེན་ཐམས་ཅད་དུ། ་མཚུང་བ་མྱེད་སངས་རྒྱས་འགྱུར་ཞེས་ལུང་སྟོན་ཏོ།། སྐྱེས་བུ་དམ་པ་མཆོག་གི་གསུང་ཐོབ་ནས།། བདེ་ལ་གཤེགས་མཆོག་གསུང་གཞན་དུ་མྱི་འགྱུར་ཏེ།། བདག་ནི་རྒྱལ་བ་མཆོག་འགྱུར་དགོས་མྱེད་ཅེས།། དགའ། ་ཞིང་མགུ་ནས་པས་སྤང་ཀུན་ཏུ་རྒྱ།། འཇིག་རྟེས་ཝཱའི་གར་གྱུ་རང་སངས་རྒྱས་སུ།། ཁྱད་འཕགས་མཚུངས་བྱེད་ཕྱིན་གནས་འགྱུར་བ་དང་།། དེ་སེམས་སྤྱོད་དང་དགལ་བ་མ་གནས་མཁྱེན་ནས།། དེ་ལས་སྟོབས་བཅུ་མ་མ ་བས་བཞེས་པར་གྱུར།། བདེ་གཤེགས་མཆོག་གི་གོས་ནི་བཞེས་རིག་ནས།། དེ་ན་ཤུགས་སྐྱེས་རབ་དགའ་སེམས་མགུ་སྟེ།། མཚུངས་མྱེད་འཇིག་རྟེན་མགོན་ལ་བལྟས་ནས་ནི།། འཇིག་རྟེན་སངས་རྒྱས་བདག་འགྱུར་མོས ་བ་སྐྱེས།། སྐྱེ་ཤི་ཕ་རོལ་སེམས་ཅན་བསྐལ་བར་བྱ།། ཀྲོལ་ནས་སྐྱེ་བོ་མང་པོ་འདུས་བྱས་དགྲོལ།། འཇིག་རྟེན་ཀུན་ན་ལོང་བའི་མྱིག་བདག་གྱུརང་།། སྣང་བ་ཐོབ་ནས་མུན་པ་རབ་རིབ་སེལ།། དེ་ལྟ་ཕན་ཡོན་དམ་པ་འདི ་ཐོབ་ནས།། མེ་ཏོག་འཕྲེང་བ་རྒྱལ་མཚར་གོས་མཆོག་དང་།། རོལ་མོ་སྤྲོ་དང་གདུགས་དང་བྱུག་གདུགས་ཀྱིས།། འགོན་པོ་མཆོད་ལ་སངས་རྒྱས་འགྱུར་བར་གྱིས།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩ་ལད ་ནས། དགེ་སློང་དེ་དག་དང་། བློགློ་གྲོས་རྣམ་པར་དག་པ་ལས་སྩོགས་པ།། བྱང་ཆུབ་སེམས་དཔའ་དེ་དག་དང་།། ལྷ་དང་མྱི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི ་རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་བར་བསྟོད་དོ།། ། འཕགས་པ་སྤྱན་རས་གཟིགས་ཤེས་བྱ་བ་ཐེག་པ་ཆེན་པོའི་མདོལ།། ་རྫོགས་སྷོ།། །། རྒྱ་ཀར་ཀི་མཁན་པོ་འཛིན་མྱི་ཏྲ་དང་། ད་ན་ཤི་ལ་དང་། ཞུ་ཆེན་གི་ལོ་ཚ་བ་བན་དེ་ཡེ་ཤེས་སྡེས་བསྒྱུརྡ་ཅིང་ཞུས་ཏེ། སྐད ་གསར་ཅད་ཀྱིས་ཀྱང་བཅོས་ནས། གཏན་ལ་ཕབ་པའོ།། །། །། རྒྱ་ཀར་སྐད་དུ། ་