CLOSE WINDOW

Ng9.3: 'phags pa de bzhin gshegs pa rnams kyi sangs rgyas kyi zhing gi yon tan brjod pa'i chos kyi rnaM grangs
Wyliee-texts produced with BDRC’s OCR application

གི་ལོ་རྩ་བ་བན་དེ་ལེ་ཤེས་སྡེ་ལམ་སོགས་པས་ལྷུར་ཅིང་ཞུས་ཏེ། གཏནལ་ཕབ་པལ།། ། རྒྱ་གར་སྐད་དུ། ཨ་ནྱ་ཏ་མ་འག་ཏནན་བུ་ཀེན་འཀུན་དུ་ཞུ་བར་དཿ ་སེམས། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་ན་གྲངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མ་ཕྱག་འཇོམ ་སོ།། འདི་སྐད་བདག་གིས་ཐོས་པ་དུས་ཅི་ཀཱ་ན། བཅོམ་ལྡན་འདས་ཡུལ་མཉན་དཀའ་ན། ཆོས་ཀྱི་དབྱེན་དཀོན་པ་བྱང་ཆུབ་ཀྱི། སྙིང་པོ་ནི། ནོར་བུ་རྡོ་རྗེས་སྤྲས་པའི་པད་མའི་སྙིང་པོའི་སེང་གེའི། ་ཁྲི་ལ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་རྡུལ་ཕྲ་རབ་སྙེད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་དང་ཐབས་གཅིག་གོ།། དེའི་ཚེ་ན་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་འདུས་པ་དེ་ཉིད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བསམ་གྱིས་ཀྱི་ཁྱབ་པའི་རྒྱལ་པོ་ཞེས་བྱ་བ་འདུས་པར་གྱུར་ད་ཏེ་འདུག་ནོ།། ་དེ་ནས་བྱང་ཆུབ་སེམས་དཔའ་འོད་བསམ་གྱིས་ཀྱི་ཁྱབ་པའི་རྒྱལ་པོ་སངས་རྒྱས་ཀྱི་མཐུས་སྟན་ལས་ལངས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་སྤྲས་པ། ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གི་ཁམས ་གྱི་བརྗེད་ཀྱི་བསྐལ་པ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མྱེད་ཀྱི་སངས་རྒྱས་ཀྱི་ཞིང་། འཇིག་རྟེན་གི་ཁམས་བདེ་བ་ཅན་གི་ཉིད་ཞག་གཅིག་གོ།། ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གི ་ཁམས་བདེ་བ་ཅན་གི་བཞས་པ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་ཀི་ཁམས་མངོན་པར་དཀའ་བའི་ཉིད་ཞག་གཅིག་གོ།། ཀྱེ་རྒྱལ་བའི་སྲས་དག་གང ་འཇིག་རྟེན་གི་ཁམས་མངོན་པར་དགའ་བའི་བསྐལ་པ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོས་རབ་ཏུ་འདུལ་བའི་སངས་རྒྱས་ཀྱི་ཞིང་། འཇིག་རྟེན་གི་ཁམས་ངུར་སྨྲིག་གི་རྒྱལ་མཚན་གྱི་ཉིད་ཞག ་ཀྭ་ཅིག་གོ།། ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གི་ཁམས་རུར་སྐྱིག་གི་རྒྱལ་གྲི་བསྐལ་པ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤི་ནད་ཏུ་རྣམ་པར་གདོན་གྱི་ཟ་བར་པད་མོ་རབ་ཏུ་རྒྱས་པའི་སྐུའི་སངས་རྒྱས ་ཀྱི་ཞིང་འཇིག་རྟེན་གི་ཁམས་ཕྱིར་མྱི་ལྡོག་པའི་འཁོར་ལོ་དབྱངས་ཀྱི་ཉིན་ཞག་གཅིག་གོ།། ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གི་ཁམས་ཕྱིར་མྱི་ལྡོག་པའི་འཁོར་ལོ་དབྱངས་ཀྱི་བསྐལ ་པ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་མཚནཀི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གི་ཁམས་རྡུལ་དང་བྲལ་བའི་ཉིན། ཞག་གཅིག་གོ།། ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན ་ཀི་ཁམས་རྡུལ་དང་བྲལ་བའི་བསྐལ་པ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གི་ཁམས་མར་མེ་ལྡན་གི་ཉིན་ཞག་གཅིག་གོ།། ཀྱེ་རྒྱལ་བའི ་སྲས་དག་གང་འཇིག་རྟེན་གི་ཁམས་མམ་ལྡན་གི་བསྐལ་པ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གི་ཁམས་འོད་བཟང་པོའི་ཉིན་ཞག་གཅིག་གོ།། ཀྱེ ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་འོད་བཟང་པོའི་བསྐལ་པ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་འོད་གཟེར་རབ་ཏུ་རྒྱས་པའི་སྐུའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་ཀི་ཁམས་འདར་ཀའི ་ཉིན་ཞག་གཅིག་གོ།། ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གི་ཁམས་འདར་ཀའི་བསྐལ་པ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་ཤེས་པ་ཐམས་ཅད་ཀྱི་གློ་གྲོས་འོད་གཟེར་རྒྱལ་པོའི་སངས་རྒྱས ་ཀྱི་ཞིང་འཇིག་རྟེན་གི་ཁམས་རྣམ་པར་བརྒྱན་ཀི་ཉིན་ཞག་གཅིག་གོ།། ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་ཀི་ཁམས་རྣམ་པར་བརྒྱ་ནད་གི་བསྐལ་པ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་ཟླ་བའི་ཐུགས་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གི་ཁམས་མེ་ལོད་ཀྱི་དཀྱིས་འཁོར་དབྱངས་ཀྱི་ཉིན་ཞག་གཅིག་གོ།། ཀྱེ་རྒྱལ་བའི་སྲས་དག་ཀང་འཇིག་རྟེན་གི་ཁམས་རྟག་ཅིང་བགྲང་བ་ལ་འཇུག་པའི་ཚུལ་འདིས། སངས་རྒྱས ་ཀྱི་ཞིང་བརྒྱ་སྟོང་ཕྲག་བཅུར་ཚང་བའི་རྡུལ་ཕྲ་རབ་སྙེད་འདས་པའི་ཕ་རོལ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་བཟང་པོའི་སངས་རྒྱས་ཀྱི་ཞིང་ཀང་ན། བྱང ་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་ས་ཡོངས་སུ་སྐྱོང་བའི་ཁྱད་པར་ཅན་འཇིག་རྟེན་ཀི་ཁམས་པད་མོའི་དཔལ་གི་ཉིན་ཞག་ཀཅིག་ཀོ།། ཀྱེ་རྒྱལ་བའི་སྲས་དག་རིགས་ཀྱི་བུ་འམ། ་རིགས་ཀྱི་བུ་མོ་ལ་ལ་ཞིག་དེ་བཞིན་གཤེགས་པ་རྣམས་ཀྱི་སངས། རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་འཆང་། དམ། འཛིནད་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན།། དེ་འཆི་བའི་དུས་ཀྱི་ཚེ་ཕྱོགས་བཅུ་མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་རྒྱ་མཚོལ་རབ་འབྱམ་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས ་དེའི་བདུན་དུ་འཞུགས་པར་གྱུར་ཏོ།། ནས་བྲན་བྱེད་པ་ཡང་དག་པར་རྫོགས་པའི་བྱ་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སྐྱེ་བ་རླན་པར་འགྱུར་རོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་ཀྱིས་གནང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བསམ་ཀྱིས་ཀྱི་ཁྱབ་པའི་རྒྱལ་པོ་དཀའ་ཞིང་དེ་སྐད་ཅེས་སྨྲས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བསམ་གྱིས་མྱི་ཁྱབ་པའི་རྒྱལ་པོས་སྨྲས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས།། ། རྫོགས་སྷོ།། །། རྒྱ་ཀར་སྐད་དུ། པྲ་སེ་ན་ཛིད་ཀ་ཝཱ། ་