| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨརྱས་བྷ་མ་གུ་ཎཱ་བྱུང་ཧ་ར་ན་མ་མ་ཧ་ཡ་ན་སུ་ཏྲ།། བོད་སྐད་དུ། ་འཕགས་པ་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོལ།། སངས་རྒྱས་དང་། བྱང ་ཆུབ་སེམས་དཔའ་ཐམ་ས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན ་འདས་རྒྱལ་པོ་ཁབ་ན། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན། དགེ་སློང་ལྔ་བརྒྱ་ཐམ་པའི་དགེ ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཉིས་བརྒྱ་ཐམས་ཅད་ཀྱང་གཟུངས་ཐོབ་པ ་ཆགས་པ་མྱེད་པའི་ཡེ་ཤེས་མཐོང་བ། སྤྱོད་ཡུལ་ཆགས་པ་མྱེད་པ། ཟབས་མཁས་པ། ཁམས་གསུམ་ཐམས་ཅད་ལ ་སེམས་སྙོམས་པ། ཕན་པ་དང་། སྙིང་རྗེའི་ལྷག་པའི་བསམ་པ་ལ་ཞུགས་པ། དེ་བཞིན་གཤེགས་པའི་ཆོས་ཀྱི ་འབྲེལ་ད་པའི་གཏམ་འདྲི་བ་ཤ་སྟག་ལ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བརྩོན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཉམ་པ་ཉིད་ལ་གནས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱི་གཡོ ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲོས་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་མཐའ་ཡས་དང་། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་གནོད་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། དེ་དག་ལས་སྩོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཉིས་བརྒྱ་དངཔ ་བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་རྣམས་རང་ཀླུའི་རྒྱལ་པོ་རྣམས་དང་། སྲིན་པོའི་བདག་པོ་ཐམས་ཅད་དང་། གནོད་སྦྱིན་མོ་སུམ་བརྒྱ་དང་གཞན ་མུ་སྟེགས་ཅན་སྤྱོད་པ་པ་དང་ཀུན་ཏུ་རྒྱུ་དང་། གཅེར་བུ་། པ་དྲུག་སྟོང་དང་ནམ་མཁའ་ལྡིང་གི་རྒྱལ་པོ་བདུན་དང་། ཐམ་ས་ཅིག་དུ་བཞུགས་ཏེ། དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེས ་པ་ལ་བསྐོར་བ་བྱས་ནས་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྷའི་མེ་ཏོག་གི་ཆར་མངོན་པར་ཕབ་པོ།། ཙན་དན་གི་ཕྱེ་མའི་ཆར་ཡང་མངོན་པར་ཕབ་པོ།། ལྷའི་སིལ་སྙན་དང་ཕེག ་རྡོབ་པ་དག་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་བསྒྲགས་སོ།། གང་དག་དེ་ལྟར་དེ་བཞིན་གཤེགས་པའི་བསྟན་པ་ལ་མངོན་པར་དད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་། ཚིག་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་ལེགས་སོ་ལེགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བསྟན་པ་ཉོན་མོངས་པ་ཐམས་ཅད་ཟད་པར་བགྱིད་པ་འདི་ནི་རྫུ་འཕྲུལ་ཆེ་སྟེ། ལེགས་སོ་ལེགས་སོ།། དེ་ནས་བཅོམ་ལྡན་འདས ་དེའི་ཚེ། ཉོན་མོངས་པ་ཐམས་ཅད་རྣམ་པར་འཇོམས་པ་རྡུལ་མེད་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཏིང་ངེ་འཛིན་དེའི་མཐུས་ས་ཆེན་པོ་འདི་མཐོ་བ་དང་དམའ་བར་བྱས་ཏེ། འགུལ ་རབ་ཏུ་འགུལ་ཀུན་ཏུ་རབ་ཏུ་འགུལ། གཡོས་རབ་དུ་གཡོས། ཀུན་ཏུ་རབ་དུ་གཡོས། ལྡེག་རབ་དུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག། འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་ལཞུགས། བུར་འུར་རབ་ཏུ་ཐམ ་ཕུར་ཡ། ཆེམ་ཆེ་མ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེ་མ་ཆེ་མོ།། ལྷའི་ཙན་དན་གི་ཕྱེ་མའི་ཆར་ཡང་འབབ་བོ།། ལྷའི་མྱེ་ཏོག་ཀྱི་ཆར་བབ་བོ།། ལྷའི་འོད་ཀི་སྣང་བ་ཡང་འབྱུང་ངོ་།། སྟོང་གསུམ་གི་སྟོང་ཆེན་པོ ་ལ་འཇིག་རྟེན་གི་ཁམས་འདིར་སེམས་ཅན་གང་སུ་དག་ངན་སོང་དུ་སྐྱེས་པ་དེ་དག་ཐམས་ཅད་ཀྱང་། ངན་སོང་རྣམས་ལས་ཡོངས་སུ་གྲོལ་བར་གྱུར་ཏོ།། ལྷའི་དབང་པོ་དང་། ཀླུའི་དབང་པོ་དང་། གནོད་སྦྱིན་གི་དབང་པོ་དང ་སྲིན་གི་དབང་པོ་དང་། མྱིའི་དབང་པོ་དེ་དག་ཐམས་ཅད་གི་གནས་རྣམས་ཀྱང་སྣང་བར་གྱུར་ད་ཏོ།། ལྷའི་སིལ་སྙན་གི་སྨ་དག་ཀྱང་གྲག་གོ།། ལྷའི་འོད་དག་ཀྱང་སྣང་བར་གྱུར་ད་ཏོ།། ལྷའི་སྤོས་ཀི་དད་ཀྱང་བཱ་འགྱུའོ།། དེ་ནཱ་དེ་དག་ཟིས་ཅད ་འཕྲུལ་ཆེན་པོ་དེ་མཐོང་བས་ཡ་མཚན་ཏུ་གྱུར་པ་ཏེ་འདི་སྙམ་དུ་སེམས་སོ།། གནས་འདི་སྣང་བར་གྱུར་པ་འདི་དང་ཆོ་འཕྲུལ་ཆེན། པོ་སྣང་བར་གྱུར་པ་འདི་དང་། ས་ཆེན་པོ་གཡོས་པ་འདི་དང་། ་མེ་ཏོག་གི་ཚར་ཆེན་པོ་འབབ་པ་དེ་སུའི་མཐུ་ཡིན། སུའི་བྱིན་གི་རླབས་ཡིན་ཞིག་སྙམ་ནས། དེ་དག་ཟང་ཅིག་ཅང་མྱི་ཟེར་བ.རསེམས་ནས། གཅིག་ལ་གཅིག་འདི་སྐད་དུ། འདི་ནི་དེ ་བཞིན་གཤེགས་པའི་མཐུ་ཡིན་ནོ།། འདི་ནི་དེ་བཞིན་གཤེགས་པའི་རྣམས་པར་འཕྲུལ་པ་ཡིན་ནོ་ཞེས་སྨྲས་སོ།། དེ་ནས་རྒྱལ་པོ་ཆེན་པོ་བ་ཞི་འདི་སྙམ་དུ་སེམས་ཏེ། བདག་ཅག་དེ་བཞིན་གཤེགས་པ་ལ ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་ཆོས་ཉནད་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བར་དོང་གོར་མ་ཆག་སྙམ་མོ།། དེ་ནས་ལྷའི་དབང་པོ་དང་། ཀླུའི་དབང་པོ་དང་། གནོད་སྦྱིན་གི་དབང་པོ་དང་། སྲིམ ་པོའི་དབང་པོ་རྫུ་འཕྲུལ་ཆེ་ཞིང་མཐུའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས། ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ཏ་དང་། པད་མ་དཀར་པོ་དང་། དྲི་མཆོག་དང་། མན་ད་ར་བ་དང་། མན་ད ་ར་བ་ཆེན་པོ་དག་ཁྱེར་ནས། འོད་མའི་ཚལ་གི་བྱ་ཀ་ལན་ད་ཀ་གནས་པ་ཀ་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ་མཆོད་པར་མཆོད་དོ།། ཕྱག་བྱས། ་སོ།། མེ་ཏོག་གི་ཆར་ཆེན་པོ་དེས་ཀྱང་ས་ཆེན་པོ་འདི། པུས་མོ་ནུབ་ཙམ་དུ་ཁྱབ་པར་འདུག་གོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཆོས་མཉན་པའི་ཕྱིར།། བཅོམ ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ། བྱང་ཆུབ་སེམས་དཔའི་བྱེ་བ་ཕྲག་དུ་མས་བསྐོར་དུ་ཅིང་། ལཱུ་བྱེ་བ་དུ་མས ་བྲག་དུ་མས་བསྐོར་ད་ཏེ། རིགས་སྔགས་འཆང་བརྒྱ་ཕྲག་དུ་མས་མ་དུན་དུ་བདར་བས། རྫུ་འཕྲུལ་དང་མཐུའ་ཆེན་པོ་དང་། བཀོད་པ་ཆེན་པོ་དང་། མེ་ཏོག་དང་། སྤོས་དང་། མེ་ཏོག་འཕྲེང་དང ་བདུག་པ་དང་། རོལ་མོའི་སྒྲ་དང་། སིལ་སྙན་དང་། བྱེག། རློབ་པ་ཆེན་པོས་དེ་བཞིན་གཤེགས་པ་དགེའ་སློང་གི་དགེལ་འདུན་དང་། བྱང་ཆུབ་སེམས་དཔའི་ཚོ་གས་དང་བཅས་པ ་མངོན་པར་མཆོད་དེ་དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེས་པ་པོ་བཀོད་པའི་རྒྱལ་པོས། ལྷའི་བཀོད་པ་དང་བཀོད་པའི་མཐུ་དང་། མེ་ཏོག་གི་ཆར་ཆེན་པོས་དེ་བཞིན་གཤེགས་པ་ལ ་མཆོད་པ་བྱས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་འདུས་པ་ཆེན་པོ་དེ་མཐོང་ནས་ཆོས་ཀྱི་འབྲེལ་པའི་གཏམ་འདོད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང ་ཆུབ་སེམས་དཔའ་དེ་དག་གི་སེམས་ཐུགས་གིས་མཁྱེན་ནས། བྱང་ཆུབ་སེམས་དཔའ་བཀོད་པའི་རྒྱལ་པོ་དེ་ལ་འདི་སྐད་ཅེས་བཀའ་རྩལ་ཏོ།། རིགས་ཀྱི་བུ་སོང་ལ་ས་ཆེན་པོ་འདི་ལྟོས་ཤིག། དེ་ནས་བྱང་ཆུབ ་སེམས་དཔའ་བཀོད་པའི་རྒྱལ་པོས་ས་ཆེན་པོ་བལྟས་སོ།། བལྟས་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་པསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ས་ཆེན་པོ་བ.ལས་ལགས་ཏེ།། བཅོམ་ལྡན་འདས ་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་བདེ་བའི་འདུས་པ་ཆེན་པོ་མཛད་པ་མ་མབོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཀོད་པའི་རྒྱལ་པོ་སྲོག་ཆགས་དྲུག་ཁྲི་བཞི་སྟོང་བླ་ན་བྱེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་དེང་ཁོ་ན་ལུང་བསྟན་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས། བཅོམ་ལྡན་འདས་ལ ་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མྱི་དང་། སྤྱོད་པ་པ་དང་། ཀུནད་ཏུ་རྒྱུ་མང་པོ་འདུས་ལགས་སོ།། བདེ་བར་གཤེགས་པ་སེམས ་ཅན་མང་པོ་འདུས་ལགས་སོ།། བཅོམ་ལྡན་འདས་ཆོས་མཉན་པོའི་དུས་ནི་འདི་ལགས་སོ།། བདེ་བར་གཤེགས་པ་ཆོས་མཉན་པའི་དུས་ནི་འདི་ལགས་སོ།། བདེའ་བར་གཤེགས་པ། དེ་ནས་བཅོམ་ལྡན་འདས ་ཅད་མྱི་གསུང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་ལག་ན་རྡོ། རྗེས་ལན་གཉིས་ལན་གསུམ་གི་བར་རུ། དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་བསྟན་ཏུ་གསོལ ་བདེ་བར་གཤེགས་པ་བསྟན་ཏུ་གསོལ། སེམས་ཅན་ཐམས་ཅད་གྱི་བསམ་པ་གྲུབ་པར་མཛད་དུ་གསོལ།། བཅོམ་ལྡན་འདས་འགྱོད་པ་བསལ་བ་དང་། སེམས་ཅན་ཐམས་ཅད་ལ་སྨན་པ་དང་། ་བདེ་བའི་སླད་དུ་ཆོས་ཐམས་ཅད་གི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བགྱི་བའི་མདོ།། ཉོན་མོངས་པ་ཐམས་ཅད་ཟད་པར་བགྱིད་པ་དང་། བདུད་ཐམས་ཅད་ཡདྷ་དག་པར་འཇོམས་པ། སྡིག་པ་ཐམས་ཅད་ཟང་པར་བགྱིད་པ ་སེམས་ཅན་མ་དད་མ་རྣམས་དད་པར་བགྱིད་པ། མུ་གེའི་གནོད་པ་ཞི་བར་བགྱིད་པ། ནད་ཐམས་ཅད་ཞི་བར་བགྱིད་པ། དུས་མ་ལགས་པར་འཆི་བ་ཐམས་ཅད་ལས་བཟློག་པ། བདག་གིས་དེ་བཞིན་གཤེགས་པ་ཀློག ་སྣང་བ་ལས་ཐོས་ནས། ཐོས་པའི་མདོ་ལ་ཆོས་ཐམས་ཅད་མངོན་དུ་གྱུར་ད་ཅིང་ངན་སོང་ཐམས་ཅད་ཡང་དག་པར་ཆད་དེ། ལས་གི་བསྒྲིབ་པ་ཐམས་ཅད་ཡང་དག་པར་ཆད་པེ་གང་ལགས་པ་དེ་བསྟནད་པར་གསོལ། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་གི་བུ་ཕྱི་མའི་དུས་ཕྱི་མའི་ཚེ། སེམས་ཅན་ངའི་བསྟོནད་པ་ལ་མ་དད་པ་དང་། ་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དག་ལ་མངོན་པར་མ་དད་པ་ཅིང་ཡིད་མི་ཆེས་ལ་ཚིག་འདི་སྐད་དུ་འདི་ནི་དེ་བཞིན་གཤེགས་པས་གསུངས་པའི་མདོའ་སྡེ་མ་ཡིན་ནོ།། འདི་ལ་ནི་ལེགས་པར་བྱས་པ་དང་། ཉེས ་པ་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཅི་ཡང་མྱེད་དོ།། ཞེས་ཟེར་བ་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་ཆགས་པས་ཟིལང་གིས་གནོན་ནས་མཆོད་པ་ཡང་མངོན་པར་འདུ་བྱེད་པར་མྱི་འགྱུར་ལ།། ཆོས་སྨྲ་བ་དེ་དག ་ལ་ཡང་མཆོད་པ་མཆོད་པ་བྱེད་པར་མྱི་འགྱུར་ཏེ། དེ་དག་ནི་ཚེ་འདི་ཉིད་ལ་ཡང་འཁྲུག་པ་མང་པོ་འབྱུང་བར་འགྱུར་ལ། ཕྱིས་ཀྱང་སེམས་ཅན་དམྱལང་བ་རྣམས་སུ་གཙོ་བར་འགྱུར་ཏེ། རིགས་གི་བུ་འདི་ནི་དེ ་བཞིན་གཤེགས་པ་རྣམས་གི་ཡབ་ཡུམ་དང་འདྲ་བ། ལས་ཐམས་ཅད་ཟད་པར་བྱེད་པའི་མདོ་སྡེའི་རྒྱལ་པོ་ཆེན་པོ་མཉནད་པའི་དུས་མ་ཡིན་ཏེ། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུནན ་ཏུ་རྒྱུ་དེ་དག་དང་། སེམས་ཅན་མང་པོ་གཞན་དག་ཀྱང་ངན་སདུ་འགྲོ་བར་འོང་ངོ་།། རིགས་ཀྱི་བུ་དེ་དག་ནི་མདོ་སྡེའི་རྒྱལ་པོ་རི་ལ་དརང་པ་ཀྱི་འགྱུར་ཏེ། འདོད་པས་མདོངས་པའི་ཡིད་གིས ་ཁྱིམ་ཡོངས་སུ་སྦྱོང་བར་བྱེད་ཅིང་། མོ་གོ་དང་། ཚོང་དང་། གསུལ་འགྱེད་པ་དང་། འབབ་པ་དང་། སྲེད་པར་འགྱུར་རོ།། དེ་ནས་ནི་འཐོས་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་གཙོ་བར་འགྱུར་རོ།། ་དེ་ནས་དེའི་ཚེ་སྲོག་ཆགས་བརྒྱད་སྟོང་ཁྲི་སྟན་ལས་ལངས་ནས། བཅོམ་ལྡན་འདས་གི་ཞབས་ལ་གཏུགས་ཏེ། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅཀ་ནི་དད་པར་བགྱིད་ལགས་སོ།། མངོན་པར་མ ་པར་བགྱིད་ལགས་སོ།། རྒྱས་པར་ཡང་བགྱིད་ལགས་སོ།། འདྲི་བ་དང་ཀློག་པ་དང་། ཉ་ནད་དུ་བརྩལྡ་པ་དང་། འདོན་དམ་པ་ལ་སྤྲོ་བར་བགྱིད་པ་ལགས་སོ།། སྲད་གིས་ཆོས་མ་ལགས་པའི་དུས་དེ་ལ་བབ་པ ་སྤྱོ་བ་དང་། བརྒྱད་བཀག་པ་དང་། བསྡིགས་པ་བཟོད་པར་བགྱིད་པ་ལགས་སོ།། བཅོམ་ལྡན་འདས་བདག་ཅག་ནི་བཀའ་དྲིན་པ་ཟོ་བར་བགྱིད་ཀྱི། བཀའ་དྲིན་གྱི་གཡོ་བར་མྱི་བགྱིད་དེ། བདག་ཅག་སླད་ཀྱིས་འགྱོད་པར ་འགྱུར་བར་གྱི་བགྱིད་ལགས་སོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་གི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བགྱི་བའི་མདོ་བསྟནད་ཏུ་གསོལ།། འདི་ནི་སྲད་མའི་དུས་སྲད་མའི་ཚེ།། དེ་བཞིན་གཤེགས་པའི་འཕྲིན་ལས་བགྱིད། ་པར་འགྱུར་བ་ལགས་སོ།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་བཤེས་གཉེན་ཇི་ལྟར་ཡོད། ་སུ་བཙལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རིགས་གི་བུ་འདི་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས། རྒྱུན་མི་འཆད་པར་དགེ་བའི་བཤེས་གཉེན་ལ་ལྟ་བར་འདོད ་པ་དང་། བརྩོན་འགྲུས་བརྩམས་པ་དང་། བསམ་པ་ཡོད། ས་སུ་དག་པ་དང་། ཆོས་འདོད་པར་བྱ་སྟེ། ཆོས་བཞི་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོས་དགེ་བའི་བཤེས་གཉིས་གཉེན་ཡོངས་སུ་བཙལ་བར་བྱའོ།། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་གསོལྡ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགོན་པ་ན་གནས་པས ་ཇི་ལྟར་བགྱི་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དང་། འདི་ནི་སྟེ། ཁྱིམ་ན་གནས་པ་ཡོངས་སུ་སྤང་བ་དང་། མྱི་དགེའ་བའི་བཤེས་གཉེན་གི་འདུ་འཇོ་ཡོངས་སུ་སྤང་བ་དང་། བདོག་པ་ཐམས་པས ་ཡོངས་སུ་གཏང་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་ནི ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། ངན་སོང་དུ་མཆི་བར་འགྱུར་བ་དེ་མ་མཐོང་སྟེ། དེ་ནི་གནས་མ་མཆིས་སོ།། བཅོམ་ལྡན་འདས་གང་ལ་ལ་ཆོས་གི་རྣམ་གྲངས་འདི་ཉནད་པ་དང་། འདི་ལ་ཕྱག ་འཚལ་བ་དེ་ནི། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ལགས་ན། ཀང་ཡི་གེར་འདྲི་བ་དང་། ཡི་གེར་འདྲིང་སྲོལ་པ་དཔའཆང་བ་དང་། ཀློག་པ་དང་། གདུགས་དང་། རྒྱལ་མཚན་དང་བ་དན ་ནམས་གིས་མཆོད་པ་བགྱིད་པ་དང་ཆོས་སྨྲ་བ་དེ་ལས་ཡང་གོས་དང་། རྒྱན་རྣམས་ཀྱིས་མཆོད་པ་ལྟ་སྤོས་ཀྱང་མི་འཚལ་ཏེ། དེ་ནི་སངས་རྒྱས་ཐམས་ཅད་ཀྱིས་བྱི་ནང་གིས་ཨ་བརླབས་པ་ལགས་སོ།། དེ་ནི་དེ ་བཞིན་གཤེགས་པས་བདེ་བ་ཅན་གི་འཇིག་རྟེན་གི་ཁམས་སུ་ལུང་བསྟནད་པ་ཁོ་ན་ལགས་སོ།། ཆོས་སྨྲ་བ་དེ་ནི་དེ་བཞིན་གཤེགས་པ་དང་འདྲ་བ་ཁོ་ནར་བལྟ་བར་བགྱིའོ།། བཅོམ་ལྡན་འདས་གིས་བཀའ་སྩལ་དྲ་པ ་རིགས་གི་བུ་དེ་ནི་དེ་བཞིན་ཏེ་ལེགས་སོ་ལེགས་སོ།། ཆོས་སྨྲ་བ་དེ་ལ་ནི་ངས་ཀྱང་མཆོད་པ་བྱའོ།། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་ཡང་ལུང་བསྟནད་པར་བྱའོ།། གང་དེ་བཞིན ་གཤེགས་པ་ལ་བླ་མའི་སྲི་ཞུ་བྱེད་ཅིང་། མེ་ཏོག་དང་། བདུཀ་སྤོས་དང་། སྤོས་དང་། མེ་ཏོག་འཕྲེང་དང་། བྱུག། པ་དང་། ཀོས་དང་། རྒྱན་རྣམས་དང་། གདུགས་དང ་xxx ་དུས་སུ་ངན་པར་ཀྱི་བ་ས་པར་བྱེད་ཆུང་བ་ལས་གྱུ་རད་པའི་ཡིད་ཀྱི་བདེལ་བ་ཡང་བྱེད་ལ།། བསམ་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་འབྱུང་བ་དང་། མདོ་སྡེའི ་རྒྱལ་པོ་འདི་འོས་ནི་དཀུའོ།། རིགས་གི་བུ་གྲོང་ངམ་གྲོང་ཁྱེར་རམ། མོང་རས་ལམ། ཁྱིམ་འམ། དཀོན་པའི་སནས་གང་ལ་ལར་ཆོས་གི་རྣམ་གྲངས་འདི་སྤྱོད་པའིས་ཕྱོགས་དེ་ནི། དེ་བཞིན་གཤེགས་པས་ཡོངས་སུ ་བཟུང་བ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འདི་སྐ་ཅེས་གསོས་ཏོ།། བཅོམ་ལྡན་འདས་གྱན་རས་གཟི་གས་དབང་ཕྱུག། རྒྱན་རས་གཟིགས་དབང་ཕྱུག་ཅེས་བགྱིབ་མ ་སླད་དུ་དེ་སྐད་ཅེས་བགྱི་ལགས། བཀའ་སྩལང་པ། གང་གི་ཕྱིར་འདི་ལྟར་འཇིག་རྟེན་ཐམས་ཅད་ལ་བལྟའ་བར་བྱེད། རྟོག་པར་བྱེད། ཚིམ་པར་བྱེད། ཡོངས་སུ་སྐྱོང་བར་བྱེད། ཡང་དག་པར་དབུགས་འབྱིནད་པར་བྱེད ་ཅིང་། སྙིང་རྗེའི་སེམས་དང་། བདེ་བའི་སེམས་དང་། བྱམས་པའི་སེམས་དང་། སྙིང་བརྩེ་བའི་སེམས་དང་ལྡན་ལ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ན། དེའི་ཕྱིར་སྤྱན་རས་གཟིགས་དབང་ཕྱུག ་ཅེས་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་གསོལ་པ།། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱིར་ཙམ་ལ་རྟོག་པ་གང་ལགས་པ་དེ་ཡང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ན། ་གང་དག་དེ་བཞིན་གཤེགས་པ་ལ་མངོན་པར་མཆོད་པ་དང་། ཆོས་གི་རྣམ་གྲངས་འདི་ལ་མངོན་པར་དད་པ་དང་། འཆང་བ་དང་། ཀློག་པ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་རྩོལ་པ་དང ་གོས་དང་། རྒྱན་གི་མཆོད་པ་ཆེན་པོ་དག་གིས་མཆོད་པ་བགྱིད། པ་དང་། རྒྱན་གིས་བརྒྱ་ནང་ནས། ཡི་གེར་འདྲི་བ་དང་། ཡི་ཀེར་འདྲིར་སྩལང་པ་ལྟ་སྨོས་ཀྱང་མི་འཚལ་ལགས། དེ་ནས ་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔལ་འཕགས་པ་སྤྱན་རས་གཟིགས་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འད་ས་ཆོས་ཀྱི་རྣམ་གྲངས་འདི་ནི། མཐུ་ཆེ་སྟེ་དེ་བཞིན་གཤེགས་པའི ་འཕྲིན་ལས་བགྱིད་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་གི་བུ་རྒྱལ་བ་ཅན་ཞེས་པའི་གཟུངས་ཡོད་དེ། དེ་ནི་ང་བྱང་ཆུབ་སེམས་དཔའ་གྱུར་པ་ན་དེ་བཞིན་གཤེགས་པ་རྒྱལ་བའི་དབྱངས་ལས ་བླངས་ཏེ། ཐོབ་པའི་མོད་ལ་ཡང་ས་བཅུ་ཐོབ་པར་གྱུར་ད་ལ་སྲོག་ཆགས་སྟོང་ཕྲག་དུ་མས་ཀྱང་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་གཟུངས་མཐུ་ཆེན་པོ་བསྟནད་པར་གསོལ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱ་ཀ་ལ་བྱིང་ཀའི་སྒྲ་དང་། གདངས་སྤོགས་པས་གཟུངས་འདི་བཀའ་སྩལ་ད་པ། ཏད་ཏྱ་ཐཱ། ཛ་ཡ་ཛ་ཡ་ཛ་ཡ། ་བཱ་ཧ། ཁ་བ་ཧ་ཛ་ཡ་བཱ་ཧ། སུ་ལུ་ཧུ་ལུ། པད་མཱ་བྷེ། ཨ་བ་མ་བ་མེ། ས་ར་ས་རརྞེ། དཱི་རི་དཱི་རི། དཱི་རི་དཱི་རི། དེ་བ་ཏ་ཨ་ནུ་པ་ལ་ནེ། ཡུད་དྷོ་ཏ་རརྠེ། པ་ར་ཙཀྲ་ནི་པ་ར་ཎེ། པཱུ་ར་ཡ་བཱ་ག་པ ་ན། སརྦ་ཨ་ཤཱ་ན། མ་མ་ས་རྦ་ཀར་མང་ཀྐ་པ་ཡ། བུད་དྷ་ཨ་དྷིཥྛ་ན་ནེ་སྭ་ཧཱ། རིགས་གི་བུ་འདི་ནི་རྒྱལ་བ་ཅན་ཞེས་བྱ་བའི་ཀཔུངས་ཡིན་ཏེ། སྡིག་པ་ཐམས་ཅད་ཟད་པར་བྱེད་པ། ནོར་དང་། འབྲུ་རྣམས ་བར་འཕྱེལ་བར་བྱེད་པ། ཕ་རོལ་གི་དམག་ཚོགས་ཟློག་པར་བྱེད་པ། མུ་གེའི་གནོད་པ་རབ་དུ་ཞི་བར་བྱེད་པ། ཚེ་ནུར་བར་བྱེད་པར་སྟེ། འདི་ནི་དེ་བཞིན་གཤེགས་པའི་རྣམས་ཀྱི་ཡབ་ཡུམ་དང་འདྲ་བའི་ཆོས་ཀྱི་རྣམ་གྲངས། ་ཡིན་ནོ།། རིགས་ཀི་བུ་ལ་ལ་ཞིག་གིས་ཆོས་གི་རྣམ་གྲངས་འདི་དང་གཟུངས་ཀེ་གསང་སྔགས་ཀྱི་ཚིག་རྣམས་ལ་ཕྱག་འཚལ་ཞིང་བསམ་པ་ཡོངས་སུ་དག་པས་མཆོད་པ་བྱེད་དེ། མི་གེས་སྲིབ་དང་འི་སྡེ་ཀཱི་དྲུག་པ་དང ་མཆོད་པ་ཆེན་པོས་ཆོས་སྨྲ་བ་དེ་ལ་མཆོད་པ་བྱེད་པ་དེ་ནི། ལས་ནི། བསྒྲིབ་པ་ཐམས་ཅད་ཟང་པར་འགྱུར་རོ།། དུས་མ་ཡིན་པར་འཆིབས་འཆི་བར་མྱི་འགྱུར་རོ།། ཆེ་དེ་ཉིད་ལ་ཡང་ངབདེ་བར་ཁྱོད ་བར་འགྱུར་ཏེ། བུས་མེད་བདེ་བར་འགྱུར་བ་དང་། ཆུངམས་བདེ་བར་འགྱུར་བ་དང་། ཁྱིམ་གྱིས་སྲིད་བདེ་བར་འགྱུར་བ་དང་རྒྱས་སྲིང་གིས་ཡིད་འདྲེ་བར་འགྱུརལ། བསམ་པ་ཐམས་ཅད་ཀྱ ་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་གི་ནམ་གྲངས་འདི་ལ་ཕྱག་འཚལ་ལོ།། ཆོས་སྨྲ་བ་དེ་དག་པ། ་ཆོས་གི་ནམ་གྲངས་འདི། ཡི་གེར་འདྲི་བ་རྣམས་དང་། འཕང་བ་རྣམས་དང་། ཀློག་པ་རྣམས་ལ་ཡང་མཆོད་པར་འཚམ་ལོ།། གང་ལ་ལས་ཆོས་ཀྱི་ནམ་གྲངས་འདི་ལ་མཆོད་པ་དང་། ཆོས་སྨྲ་བ་དེ་དག་ལ་ཡང་ས ་དང་རྒྱན་རྣམས་དང་། གཟུགས་དང་། བཞོན་པ་རྣམས་ཀྱིས་མཆོད་པར་བགྱིད་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་ཁམས་ཅད་ལ་མཆོད་པ་བཞི་པ་ལགས་སོ།། བཅོམ་ལྡན་འདས་དེ་ནི་བདག་དང་། བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཡང་མཆོད་ནི་གདྲི་ཡང་ཨི་འོ།། རྒྱལ་སྲིང་བམས་ཅད་ལ་ཡང་བདག་གིས་བསྲུང་བར་འབྱོལ།། བསམ་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བགྱིའོ།། རྒྱས་སྲིད་བམས་ཅད་པ ་མཆོད་པར་འགྱུར་བར་བགྱིའོ།། བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཉནད་པ་དེ་དག་གི་དོན་དུ་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་རྗེས་སུ་སྦལང་པར་འཚལ་ལོ།། བསམ་པ་ཐམས་ཅད་ཀྱང་ཡོངས་སུ ་རྫོགས་པར་བགྱིའོ།། སྙིང་ལས་སུ་ཡང་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་རྣམས་ཀྱི་དོན་གི་ཕྱིར་སྨྲོས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་གཟུངས་ཀྱི ་སྔགས་ཀྱི་ཚིག་འདི་དག་སྨྲས་སོ།། ན་མ་སརྦ་ཏ་བ་ག་ཏ་ནཱ་ན་ནཽ་མོ་ཨ་མྱི་ཏ་པ་ཡ། ཏ་ཐ་ག་ཏ་ཡ། ན་མ་སརྦ་བོ་དྷི་སད་ཏཱ་ན་ན། ན་མ་སརྦ་མ་ཧ་ར་དྷི་ཀེ་བྱཱ། ཏད་ཏྱ་ཐ། ཧུ་ཧུ། ཧེ ་མ་ཏི་མ་ཏི། མ་ཧ་མ་ཏི། བ་ཛྲ་མད་ཏི། དྲི་དྷ་བ་ཛྲ་མ་ཏི། ཏ་བ་ག་ཏ་ཨ་ནུ་པ་རི་པ་ལི་ཏེ། ས་ར་ས་ར། ཨ་ཡོ་མུ་ཁི། བྷི། ཀུ་ཏི། བྷི་ཀུ་ཊ་མུ་ཁི། ཀྲི་པཱི་ཀྲི་པ་ལུ་ཀེ། སད་ཏྱ་བཿ ་ན་མ་ནུ་སྨ་ར། བྷ་ཀ་བན་བ་ཛཱ་པ་ནི། སརྦ་ཀར་རྨ་ཨ་པ་ར་ན་ནི། ཀྐ་པ་ཡ་སརྦ་ཨ་ཤམ་པ་རི་པུ་ར་ཡ། ཧྭེ་ཧྭེ་མེ་བ་རམ་བྷུད་དྷ་སད་ཏྱེན། བོད་དྷི་སད་ཏཱ་སད་ཏྱེ་ན་སྭ་ཧ། བཙུན་པ་བཅོམ ་ལྡན་འདས་གང་ལ་ལ། བྱང་ཆུབ་སེམས་དཔའི་ས་འཚལ་བ་དང་། དེ་བཞིན་གཤེགས་པ་བལྟའ་བ་དང་། སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་དང་། རྒྱལ་སྲིད་དང་། ལོངས་སྤྱོད་འཚལ་བ་དང་། ཡུལ་གྲུ་འཚལ་བ་དང་། ་ནོར་འཚལ་བ་དང་། འབྲུ་འཚལ་བ་དེས་ནི། ཆོས་ཀྱི་རྣམ་གྲངས་འདི་དང་། ཆོས་སྨྲ་བ་དེ་ལ་མཆོད་པ་ཆེན་པོས་མཆོད་པར་བགྱིའོ།། གང་ཡི་གེར་འདྲི་བ་དང་། འཆང་བ་དང་། ཀློག་པ་དེ་ལ་ཡང་སྤོས་དང་། མེ ་ཏོག་འཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གོས་དང་། རྒྱན་རྣམས་དང་། གདུགས་དང་། བཞོན་པ་རྣམས་ཀྱིས་མཆོད་པར་བགྱི་སྟེ། བཅོམ་ལྡན་འདས་དེ་ལ་ནི་བདག་གིས་བགྱིའོ།། ་སེམས་དཔའ་ཐམས་ཅད་ལ་ལ་ཡང་མཆོད་པ། རྒྱལ་སྲིད་ཐམས་ཅད་ལ་ཡང་ཆེས་མཆོད་པར་བགྱིའོ།། ཇི་ལྟར་འཚལ་བ་བཞིན་དུ་སེམས་དས་ཡིད་བདེ་བར་བགྱིའོ།། བུ་གཅིག་པ་བཞིན་དུ་ཡོངས་སུ ་བསྐྱར་བར་བགྱིའོ།། གང་ལ་ལ་བདག་མཐོང་བར་འཚལ་བ་དང་། སྟོབས་གིས་འཁོར་ལོ་བསྒྱུར་བ་འགྱུར་བ་དང་། ཏིང་ངེ་འཛིནད་ཐོབ་པ་དང་། ཐོས་པ་འཛི་ནད་པར་འགྱུར་བ་དང་། ཁམས་རྣམས་པར་སྨིན་པར་གྱུར་པ་དང ་ལུས་མྱི་སྣང་བར་གྱུར་པ་དང་ནམ་མཁའ་ལས་མཆི་བར་འཚལ་བ་དེས་ནི་ཟླ་བ་ཡར་གི་ངོ་ཆེས་བརྒྱད་ལ་ཉིན་མཚན་དུ། སྤུད་པ་བགྱིས་ལ་གཟུགས་བགྱིད་དུ་ཡུ་ལད་ཏེ།། རྡོ་རྗེ་འཆང་གི་གཟུགས་དང་། འདི ་བུ་མདའ་རྒྱུ་མདོག་ཅན་རྒྱན་ཐམས་ཅད་གིས་བརྒྱ་ནང་པ། ཞི་བའི་ཚུལ་ཅན། སྐུ་གདུང་དང་ལྡན་པར་བགྱིའོ།། དབུས་སུ་ནི་དེ་བཞིན་གཤེགས་པཤག་ཀྱ་ཐུབ་པ་བཞུགས་པར་བགྱིའོ།། གཡས་ལོགས་སུ ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལག་པ་བཞི་པ། རྒྱན་ཐམས་ཅད་གིས་བརྒྱ་ནང་པ། སྐུ་གདུང་དང་བཅས་པ་གཞ་གོ། གཡས་གཡོས་དག་དུ་ནི། རྒྱལ་པོ་ཆེན་པོ་བཞི་མཆོད་པ་བགྱིད ་པ་གཞག་གོ།། སྒྲུབ་པ་པོའི་རིགས་གི་བུ་དེས་ཀྱང་གཙང་སྣ་བགྱིས་པ་དང་། དུས་གསུམ་དུ་ཁྲུས་བགྱི་བ་དང་། ནུས་པ། སུམ་དུ་གོས་འརྗེ་བར་འགྱིའོ།། སེམས་ཅན་ཐམས་ཅད་ལ་ཡང་། ་བྱམས་པའི་སེམས་སུ་བགྱིའོ། ཟླ་བ་ཡང་གི་ངོ་ཆས་བརྒྱད་ནས་བརྩམས་ཏེ། ཟླ་བ་ཕྱི་མ་ཉའི་ཆས་བཅོ་ལྔའི་བར་དུ་ཟས་སུ་ནས་ཀི་ལོ་ཟུག་འཚལ་གི་ཞིང་། དུས་གསུམ་དུ་བཟླས་བརྗོད་བཀྱིལ།། བདུག་པ་ནི ་ཨ་ཀ་རུ་དང་། ཙན་དན་དང་། ཆེ་བོག་དང་། གུ་གུལ་དབུལ་ལོ།། ལན་སུམ་འབྲུམ་གི་བར་དུ་བཟླས་བརྗོད་པཀྱི་སྟེ།། དེ་ནི་སྔར་བསྙེནད་པ་བགྱི་བ་ལགས་སོ།། སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། དམན ་པའི་གནས་སུ་ཐོས་དང་། འདུག་པ་དང་། མེ་ཏོག་སྔ་ཚོགས་དང་། བ་དན་ཚོགས་ཀྱིས་ཀྱང་མཆོད་པར་འབྱོང་།། དཀ་བག་གི་ལྷ་ལ་ཤོས་ཀྱང་དབུལ་བར་འགྱིའོ།། ཆོས་གི་ནམ་ཐང་འདི་ཡང་། མི་སེ ་འདྲི་སུ་ལད་པ་ཅིང་། གོས་དང་། རྒྱན་དང་། ལྦབ་ལྦུབ་དང་། གདུགས་དང་། བཞོན་པ་རྣམ་པ་སྣ་ཚོགས་གིས་མཆོད་པར་འཀྱིལ།། དེ་ནས་ཟླ་བ་ཉ་བའི་ཚེས་བཅོ་ལྔའི་བར་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སེམས ་དང་ལྡན་པ་དང་། དུས་གསུམ་དུ་ཁྲུས་བགྱི་བ་དང་། དུས་གསུམ་དུ་གོས་བརྗེ་བར་བགྱིས་ཏེ། དཀྱིལ་འཁོར་ཁྲུ་བཞི་པ་པ་ཡང་གི་ལྕི་བས་སྐུས་ལ་མྱེ་ཏོག་སྣ་ཚོགས་ཀྱིས་ཁེབས་པར་བགྱིས་སྟེ།། བུམ་པ་ཀང ་བ་བཅུ་དྲུག་དང་། མར་མེ་བཅུ་དྲུག་ཀྱང་གཞག་པར་བགྱིའོ།། གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་ཀྱིས་ཀྱང་ས་ཕྱོགས་དེ་བརྒྱ་ནང་པར་བགྱིའོ།། རོ་སྣ་ཚོགས་སྦྱར་པའི་ལྷ་བཤོས་རྒྱ་ཆེན་པོ ་ཕབ་ལ། སྤོས་ཆབ་ཀྱིས་ཕྱོགས་དེར་ཆག་ཆག་བཏབ་ལ། ནམ་སྐུ་གཟུགས་དང་། ས་གཞི་འགུལ་བ་དང་། བདག་ཉིད་ཀྱང་དགའ་བར་གྱུར་པའི་བར་དུ་ཟླས་བརྗོད་བགྱིའོ།། དེ་ནས་དེས་གཅིག ་འདི་གཅིག་དུ་ངེས་པར་འགྲུབ་པར་འགྱུར་རོ་སྙམ་དུ་ཤེས་པར་བ། གྱིའོ།། དེ་ནས་དེའི་འོག་དུ་བདག་གིས་དམྱིལ་ལམ་དུ་བསྟནད་པ། རབགྱི་ཞིང་། འབྲེལ་པའི་གཏམ་བགྱིའོ།། བསམ་པ ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བགྱིའོ།། བུ་གཅིག་པ་བཞི་ཏུ་ཡོ་དུ་ཀྱང་གཱ་དགྱིད་དཀྱི་ལང་ཡད་པཱ་ཧུ་ས་ད་བཱ་གྱི་ཉེ་གང་ཆོས་ཀི་རྣམ་གྲངས་འདི་ལ་དད་ཅིང་སྤང་བར་བགྱིད་པ་ནི་མ་གཏོགས་ལགས་སོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལྡ་པ་ལག་ན་རྡོ་རྗེ་ཁྱོད་གིས་ཚིག་དེ་སྐད་སྨྲས་པ་ལེགས་སོ་ལེགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བྱང་ཆུབ་སེམས་དཔའ ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་གི་བུ་ཆོས་གི་རྣམ་གྲངས་འདི་ནི། སེམས་ཅན་བསོད་ནམས་ཆུང་ངུ་རྣམས་གི་ཡུལ་ན་སྤྱད་པར་མྱི་འགྱུར་རོ།། འདི་ནི་སེམས་ཅན་བསོད་ནམས་ཆུ་ངུ་རྣམས་ཀྱིས། ་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པའམ། འཆང་བའམ། ཀླག་པར་མྱི་ནུས་ཏེ། དེ་དག་ལ་བདུད་གིས་བར་ཆད་བྱེད་པར་འགྱུར་རོ།། རིགས་གི་བུ་བཞི་པོ་འདི་དག་ནི་ཆོས་གི་རྣམ་གྲངས་ཏེ་འདི ་ཡི་གེར་འདྲི་བ་དང་། ཀློག་པ་དང་། ཉ་ནད་དུ་འཇུག་པའི་བདུད་གི་ལས་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལེ་ལོ་དང་། མ་དད་པ་དང་། བླ་མ་ལ་སྲི་ཞུ་མྱེད་པ་དང་། ཆོས་སྨྲ་བའི་སེམས། ་མྱི་བརྟན་སྟེ། རིགས་གི་བུ་དེས་དེ་ལ་འདི་ནི་བདུད་ཀྱི་ལས་ཡིན་ནོ།། སྙམ་དུ་ཞེས་པར་བྱའོ།། གཞན་ཡང་བདུད་གི་ལས་བཞི་ཡོད་དེ། བཞིའི་གང་ཞེ་ན། འདི་ལྟ་སྟེ། དགེའ་བའི་བཤེས་གཉེན་ལ་འདུན་པ་མྱེད ་པ་དང་། ཡིད་ལ་མྱི་བྱེད་པ་དང་། ཁེངས་པའི་ཚིག་སྨྲ་བ་དང་། འཇིག་རྟེནད་འདི་ལ་སེམས་དཔའ་སྟེ། འདི་སྙམ་འཇིག་རྟེན་པ་འདི་ལ་ཡང་འཇིགས་པ་མྱེད་དོ།། འདི་རྟེན་པ་འོ་པ་ལྔ་འདྲིག་པ་བྱེད་དོ།། སྡིག་པའི་ལས་ཀི་ཤཱས་ཀུན་ཛ་ན ་མ་ཡང་མྱེད་དོ།། བདག་ལ་ཚིག་མི་གསལ་བ་མྱེད་དོ།། ཡིད་ནུལ་བ་ཡང་མྱེད་དོ།། བདག་ནི་མཛེས་པ་ཡིན་ནོ།། བདག་ནི་དབང་ཕྱུག་དང་ལྡན་ནོ་སྙམ་དུ་སེམས་ཤིང་། ཁྱིམ་དང་བུ་སྨད་རྣམས་ལ་ཞེནད་ཏོ།། ་དེ་དག་གི་བསྐལ་པ་དུ་མར་སྡུག་བསྔལ་མྱོང་བར་འགྱུར་བ་དང་། བཞི་པོ་དེ་དག་ནིདེ་དག་དགེ་བ་ནི་འདྲེ་ཉེད་རྡི་བར་ལྟབ་བཀྱིའོ། ཀཪྵ་ཡཱ་བདུད་ཀྱི་ཝ་བཞི་ཡིད་དེ་པཞི་གང་ཞེ་ད། འདི་ད་གེ་སྩོལ་བནི་པ་སྟེ་དེ་དག་ཞབ་པ་ཧུ་རྦཱ་གུག་ལསྔ་ལ་མྱོང་བ་འགྱུར་བ་དེ་དག་ཀྱི་དགེ ་གི་རཱི་འཛིག་རྒྱ་པའི་སྔོན་ད་། ནིསུ་འོ།། འི་ཀྱི་བློན་པོ་དང་འཁོར་རྣམས་དེ་དག་གི་ཟང་དུ་ལྤགས་ནས། འདི་སྐད་དུ་སྦྱིན་པའི་རྣམ་པར་སྨིནད་པ་མྱེད་དོ།། ཆོས་སྨྲ་བ་འདི་ནི་སྡིག་པ་དབང་ཕྱུག། ་ཀྱི་རྒྱགས་པས་མྱོས་པ། འདོད་པ་ལ་ལོག་པར་གསེམ་པ། ཕྲ་མ་ལ་དགའ་བ་ཡིན་ཏེ། འདི་ནི་ཁྱོད་གི་སྲོག་གི་འམཆད་བྱེད་པར་འདོད་བྲལ་ཁྱོད་ནི་ཆོས་ལ་གནས་པ་སྟེ་ཁྱོད་ཀྱིས་ཆོས་མང་དུ་བྱས་སོ།། ཁྱོད་ནི་མདོ ་ཐོག་པ་དང་། ང་ལག་པའི་མིད། ཞེས་མེ་སོཏོ།། དེདག་མ་འིའིནི་འདུ་པར་གྱི་བྱེད། བ་ཀྱི་བྱེད་། དེ་དག་ནི་འདི་ཉིད་པ་ཡང་བ་ཚོ་འབྱུང་བར་འགྱུརཕྱིམས་ཡང ་ཅན་དམྱལ་པར་བཚོ་བར་འགྱུར་ཏེ།། དེ་ཡང་རིགས་གི་བུ་དེས་བདུད་གི་ལམ་ཡིན་པ་མིག་པར་བྱས་ལ། དེའི་དབང་དུ་འགྱུར་བར་མྱི་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལང་པ། གྲོགས་པོ་དག་རམ་ལམས ་ལན་གསུམ་དུ་ཚིག་གིས་བསྒོ་སྟེ།། བག་ཡོད་པར་གིས་ཤིག། ཕྱིས་སེམས་ཅན་དམྱལ་བ་དག་ཏུ་བཙོ་བ་ན་འགྱོད་པར་གྱུར་ད་ཏ་རེ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། རས་ནི་མདོ ་སྡེའི་རྒྱལ་པོ་ཡཱ་ལོ་སྟན། བྱང་ཆུབ་ལ་ནི་སེམས་ཅན་དུ་མ་བཀོད།། སངས་རྒྱས་ཚུལ་ཡང་དེ་ཡིས་བསྟན་པར་གྱུར་པ། དེ་བོས་ནས་ནི་བག་ཀྱང་ཡོད་པར་གིས།། ཁྱེད་རྣམས་ཕྱི་དུས་བར་དུ་འཇིགས་པའི་ཚེ།། ལོག་པར་ལྷུང་བར ་འགྲོ་བར་གྱུར་ད་ཏེ་ར།། མདོ་འདི་ལ་ནི་རྟག་ཏུ་གང་དད་པ།། དེ་ནི་ངེས་པར་ངའི་བུ་ཡང་ཡིན།། མདོ་འདི་ལ་ནི་རྟག་དུ་གང་མཆོད་པ།། དེ་ནི་སངས་རྒྱས་ཞིང་དུའང་སྐྱེ་བར་འགྱུར་རོ།། གང་ཕྱོགས་མདོ་སྡེའི་རྒྱལ་པོ་འདི་གནས ་པ། དེར་ནི་འབྱུང་པོ་གནོད་པ་སྦྱིན་སྲིན་པོ་དང་།། ཡི་དགས་གྲུ་འབུམ་ལྟོ་འཕྱེ་ཆེན་པོ་དང་།། གཤེད་བྱེད་བྱད་སྡེམས་རྣམས་ཀྱིས་ཡོངས་མི་ཚུགས།། དེ་ནི་བསམ་པ་ཐམས་ཅད་ཡོངས་རྫོགས་ཤིང་།། དེ་ནི ་བདེ་བར་བྱང་ཆུབ་འཚང་ཡང་རྒྱ།། དེའི་ཚེ་རྒྱལ་པོ་བཞིས་ཚིགས། སུ་བཅད་པ་འདི་དག་ཐོས་ནས་ཆོས་གིས་ཤུགས་གིས་འཆི་མ་བླགས་ཏེ། ལུས་འདར་ཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་ཆོས་སྨྲ་བ་དེ་ལ་མཆོད་པར་བགྱིའོ།། ཆོས་ཉན་པ་དེ་དག་ལ་ཡང་བསྲུང ་བར་བགྱིའོ།། བཅོམ་ལྡན་འདས་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། ཡི་ཀེར་འདྲིར་རྩོ་ལད་པ་དང་། གཟུངས་སུ་འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཆོས་སྨྲ་བ་དེ་ལ་ཡང་། ་གོས་དང་། རྒྱན་དག་གིས་མཆོད་པ་འགྱིད་པ་དེ་ལ་ཡང་བདག་གིས་སྲུང་བར་བགྱིའོ།། དེའི་ཡུལ་ཡོངས་སུ་བསྐྱང་བར་བཀྱིལ།། ནོར་དང་འབྲུ་ཐམས་ཅད་ཡུ་ལང་པར་བགྱིའོ།། བུ་གཅིག་པ་བཞིན་དུ་ཡོངས་སུ་བསྐྱང་བར ་བགྱིའོ།། གཡུལ་འགྱེད་པ་ཐམས་ཅད་དུ་ཡང་བདུན་དུ་མཆི་བར་བགྱིའོ།། རྒྱལ་སྲིད་ཐམས་ཅད་དུ་ཡང་ཆེས་བཀུར་སྟི་བགྱིད་པར་འགྱུར་བར་བགྱི་སྟེ། བདག་ཅག་ནི་དེ་བཞིན་གཤེགས་པ་ལ་བཀའ་དྲིན་གཡོ་བར་བགྱིད་ཀྱི། ་བཀའ་དྲིན་མི་གཟོ་བར་མྱི་བགྱིད་ལགས་སོ།། བཅོམ་ལྡན་འདས་ཀང་ལ་ལ་ཆོས་ཀི་རྣམ་གྲངས་འདི་ཐོས་ནས་མཆོད་པ་བགྱིད་པ་དང་། ཆོས་སྨྲ་བ་དེ་དག་ལ་ཡང་མཆོད་པ་མྱི་བགྱིད་པ་དེ་ལ་ནི་བདག ་ཅག་གིས་སེམས་མྱི་བདེ་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིནད་ཏེ། རྒྱལ་པོ་ཆེན་པོ་དག་ལེགས་སོ་ལེགས་སོ།། རྒྱལ་པོ་ཆེན་པོ་ཁྱེད་ལེགས ་གྱིས། རྟག་དུ་ཁྱེད་ཀྱིས་དེ་ལྟར་གིས་ཤིག། དེ་ནས་དྲི་ཟའི་བདག་པོ་ན་པོ་ཡུལ་འཁོར་སྲུང་གིས། བཅོམ་ལྡན་འདས་གི་ཞབས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལར་ཏོ།། བཅོམ་ལྡན་འདས ་སླད་མའི་ཚེ། སེམས་ཅན་མི་དགེའ་བ་སྤྱོད་པ་དང་། དེ་བཞིན་གཤེ་གུས་པ་ལ་མ་དད་ཅིང་། གྲོ་བར་མ་ཆུད་པ་དག་ཀྱང་འབྱུང་བར་འགྱུར་ཏེ། དེ་དག་ནི་ཆོས་གི་རྣམ་གྲངས་འདི་ལྟ་བུ་འཛིནད་པར་མྱི་བགྱིད། ཀློག ་པར་གྱི་བགྱིད་ཡི་གེར་འདྲིར་སྩོལ་པར་གྱི་བགྱིད། སྦྱིན་པར་སྦྱིན་པར་མྱི་བགྱིད། སྦྱིན་པ་འབྲས་བུ་རྣམ་པར་སྨིནད་པ་ལ་ཡིད། མྱི་ཆེས་ཤིང་། འཇིག་རྟེན་འདིའི་བདེ་བ་ལ་བལྟ་བར་བགྱིད་དེ། ་སེམས་ཅན་དེ་ལྟ་བུ་དག་གི་དོན་དུ། དེ་བཞིན་གཤེགས་པ་དཔའདྲ་བའི་མདོ་སྡེའི་རྒྱལ་པོ་ཆེན་པོ་འདི་བཀའ་སྩལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་མཿལ་དཔ། རིགས་གི་བུ་ཆོས་གཉིས་ཀྱིས ་སེམས་ཅན་དམྱལ་བར་ལྟུང་བར་བྱེད་དེ།། གཉིས་གང་ཞེན་འདོད་ཆགས་དང་། ཞེ་སྡང་སྟེ། རིགས་གི་བུ་ཆོས་དེ་གཉིས་ཀྱིས་སེམས་ཅན་དམྱལ་བ་ལྟུང་བར་བྱེད་དེ། རིགས་གི་བུ་ཆོས་འདི་བཞིས་ནི་བདེ་འགྲོར ་འགྲོ་བར་བྱེད་དེ། བཞི་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་དང་། བསམ་པ་ཡོངས་སུ་དག་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ཚངས་པར་སྤྱོད་པ་ལ་གནས་པའོ། ་དེ་ནས་བཅོམ་ལྡན་འདས་ཀྱིས་དེ་འི་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། རྒྱལ་ཆེན་སྦྱིན་པ་འདི་ནི་རྫུ་འཕྲུལ་ཆེ།། ངན་སོང་ངམ་འགྲོ་ཀུན་ལས་རབ་གྲོལ་བྱེད།། རྨོངས་པའི་སེམས་ཅན་རྟག་ཏུ་འདོད་ལ་ཆགས ་ཆགས་པ་སྣ་ཚོགས་བརྒྱ་ཡིས་དེ་དག་མྱོས། མདོ་སྡེ་འདི་ལ་དད་པར་མྱི་བྱེད་ཅིང་། སངས་རྒྱས་བསྟན་ལ་སྦྱིན་པ་སྦྱིན་མི་བྱེད།། སེམས་ཅན་དེ་འདྲ་བ་དག་ངན་སོང་ས་པ།། སྐྱེས་ནས་ཚོར་བ་དག་ཀྱང་མྱོང་བར་གྱུར།། ་སེམས་ཅན་དེ་དག་ལ་ནི་ཕན་པའི་ཕྱིར། དེ་ལྟར་མདོ་སྡེ་མ་ཐུ་ཆེན་རབ་ཏུ་བསྟན་པ། མདོ་སྡེ་འདི་ལ་རྟག་ཏུ་དད་པ་གང་།། དེ་ལ་གཤེར་བྱེད་མྱེད་ཅིང་སྡིག་བྱེད་མྱེད། འབྱུང་པོ་གྲུལ་བུམ་ལྟོ་འཕྱེ་ཆེན་པོ་མྱེད། རྒྱལ་པོ་དེ ་ལ་སྡིག་པ་བྱེད་པ་མྱེད།། ལེགས་པ་འདྲི་ཉ་ནད་དུ་འཇུག་དང་མཆོད་པ་དང་།། ལེགས་པར་འཛིནད་པའི་བསོད་ནམས་གི་ཡིན་པ།། སངས་རྒྱས་ཡེ་ཤེས་ཀྱིས་ནི་བསྔགས་པ་དེ།། སེམས་ཅན་ཀུནད་ཀྱིས་བསྐལ ་མང་བརྗོད་མྱི་ནུས།། གང་དག་རྟག་དུ་སངས་རྒྱས་བྱང་ཆུབ་རྣམས།། བརྗེད་ཅིང་མཆོ་བ་བྷེ་བ་དེ་དག་དང་།། ལ་ལ་གཞན་འགས་མདོ་སྡེ་འདི་ཉིད་ལས།། ཡི་གེ་འབྲུ་ཅིག་ཙམ་ཡང་ལེགས་བྲིས་ན།། དེ་ལས ་བསོད་ནམས་སྔ་མ་དེ་ཡིས་ནི།། དེ་ཡིས་བརྒྱད་སྟོང་ཆར་ཡང་མི། ཕོད་དོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྱན་རས་གཟིགས ་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་གི་བུ་འམ་རིགས་ཀྱི་བུ་མོ་གཔལ་ལ་ཆོས་གི་རྣམ་གྲངས་འདི་ལ་དང་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ་མེ་ཏོག་འབྲེང་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མ་རྣམས་ཀྱིས་མཆོད་པར་མཆོད་པ་དང་། ཆོས་སྨྲ་བ་དེ་དག་དང་། འདྲི་བ་རྣམས་དང་། འཛིནད་པ་རྣམས་དང་། མཆོད་པ ་ཆེན་པོས་མཆོད་པ་བགྱིད་པ་དེ་དག་ནི། ཚེ་འདི་ཉིད་ལ་ཡོན་ཏན་དང་། ཕན་ཡོན་མང་པོ་ཐོབ་པར་འགྱུར་ཏེ། དེའི་ལུས་ལ་མྱིག་ནད་དང་། ན་ནད་དང་། སྣ་ནང་དང་། ལྕེ་ནད་དང་། རིམས་ནད་དང་། དུག་དང ་མཚོན་དང་། བྱེས་མྱི་ཚུགས་ལགས་སོ།། དེ་དག་ལ་ཕ་མས་ཡིད་བདེ་བ་དང་། བུ་དང་ཆུང་མས་ཡིད་བདེ་བ་དང་། ཁྱིམ་གིས་ཡིད་བདེ་བ་འབྱུང་བར་འགྱུར་ལགས་སོ།། གཡུལ་འགྱེད་པ་ཐམས་ཅད་དུ་བྱས་པ ་རྒྱལ་བར་འགྱུར་རོ།། འགུམ་པའི་ཚེ་ཡང་དེ་བཞིན་གཤེགས་པ་མྱི་འཁྲུགས་པ་ཡང་དག་པར་དབུགས་འབྱིནད་པར་མཛད་དེ། ཀྱེ་མྱི་ཁྱོད་ཚུར་ཤོག། འཇིག་རྟེན་ནི་ཁམས་བདེ་བ་ཅན་དུ་སོང་ཤིཀ། སྐྱེས། ་བུ་ཆེནང་པོ་ཁྱོད་ནི་དགེ་བའི་རྩ་བ་འབར་བ་དང་ལྡན་ཏེ། གང་དུ་འདོད་པའི་གནས་སུ་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གྱིས་འདི་སྐད ་ཅེས་གསོལང་ཏོ།། བཅོམ་ལྡན་འདས་ལེགས་སོ་ལེགས་སོ།། དེ་བཞིན་གཤེགས་པས་འདི་འཛམ་བུ་གླིང་དུ་བཞག་པ་ནི་དེ་བཞིན་གཤེགས་པའི་འཕྲིན་ལྔ་བགྱིད་པ་ལགས་སོ།། བཅོམ་ལྡན་འདས་རིགས་སྔགས་ཆེན ་མོ་འདི་ནི་ལས་ཐམས་ཅད་རྣམ་པར་དག་པར་བགྱིད་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ནི་ལས་བསོད་ནམས་ཆུང་ངུ་དག་གིས་ཡུལ་ན་སྤྱོད་པར་འགྱུར་རོ།། སེམས་ཅན ་བསོད་ནམས་ཆུང་ངུ་དག་གིས་ཟོས་པར་མྱི་འགྱུར། ལག་དུ་འོང་བ། ར་མྱི་འགྱུར་རོ།། སངས་རྒྱས་གི་མཐུས་གང་གི་ལག་རུ་འོངས་སམ།། དེ་བཞིན་གཤེགས་པས་ཉ་ནང་དུ་བཅུག་ན། དེས་བོས་པའི་མདོ ་ཁོ་ན་ལ་བྲི་བར་བྱ། ཡི་གེར་གཞུག་པར་བྱ།། ཀླག་པར་བྱའོ།། རིགས་གི་བུ་དེ་བཞིན་གཤེགས་པ་དང་འདྲ་བའི་ཆོས་ཀྱི་ནམ་གྲངས་འདིར་མྱིང་ཙམ་ཐོས་ན་ཡང་།། ངན་འགྲོས་འཇིགས་པར་མྱི་འགྱུར་རོ།། ་ལ་ལ་ཤིག་གིས་ཆོས་ཀྱི་ནམ་གྲངས་འདི་ལས་ཡི་གེར་འབྲུ་གཅིག་ཙ་མ་འམ།། མྱིང་ཙམ་ཉན་ནུ་བཅུག་ཀས། ཕྱོགས་སམ་ཡུལ་འགའ་ཞིག་ཏུ་ལུང་ཐོབ་པར་བྱེད་ན། དེ་ནི་དེ་བཞིན་གཤེགས་པ་དང་འདྲ་བར་ལྟ་བར་བྱའོ།། ་དེ་ནི་དེ་བཞིན་གཤེགས་པ་དང་འདྲ་བ་ཁོ་ནར་མཆོད་པར་བྱའོ།། དེ་ནི་ཕ་མ་དང་འདྲ་བར་བས་པར་བྱའོ།། རིགས་གི་བུ་ཆོས་ཀྱི་རྣམས་གྲངས་འདི་ནི། དེ་བཞིན་གཤེགས་པ་བདུན་པོ་རྣམས་ཀྱིས་གསུངས་སོ།། བྱང་ཆུབ་སེམས ་དཔལ་ཐམས་ཅད་ཀྱིས་རྗེས་སུ་ཡི་རང་ངོ་།། ལྷ་ཐམས་ཅད་ཀྱིས་རྗེས་སུ་བཟུང་ངོ་།། ཡོངས་སུ་བསྐྱངས་སོ།། ཆོས་གི་རྣམ་གྲངས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀི་པ་མ་ལྟ་བུའོ།། དེ་ནས་བཅོམ་ལྡན་འདས ་ལ་བྱང་ཆུབ་སེམས་དཔལ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ད་པ་ཏོ།། བཅོམ་ལྡན་འདས་སྲད་མའི་དུས་སྲད་མའི་ཚེ། ཆོས་གི་རྣམ་གྲངས་འདི་རྟག་ཏུ་རྒྱུན་མི་ཆད་པར་ཐམས་ཅད་རྫོགས་པར་གང་དུ་སྤྱོད་པར་འགྱུར་ལགས ་བཅོམ་ལྡན་འདས་ཀྱིས་བཀའ་ཨཙ་ལད་པ། རིགས་གི་བུ་ཆོས་གི་རྣམ་གྲངས་འདི་ནི། ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་དང་། སུམ་བཅུ་རྩཿགསུམ་པའི་ལྷ་རྣམས་གི་གནས་ཐམས་ཅད་རྫོགས་པར་གནས་པར་འགྱུར་རོ།། ་ལྷོ་ཕྱོགསུ་ཡང་གྱོད་པར་འགྱུར་རོ།། འཛམ་བུ་གླིང་དུ་ནི་ཅུང་ཟད་ཙམ་གནས་པར་འགྱུར་ཏེ།། གནས་ཁ་ཅིག་འཔྱོད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀ ་སྩ་ལད་ཏོ།། ལག་ན་རྡོ་རྗེ་ཆོས་གི་རྣམས་གྲངས་འདི་གཟུང་བར་བྱ་བ་དང་། ཀླག་པར་བྱ་བ་དང་། མཆོད་པར་བྱ་བ་དང་། ཉནད་ཏུ་གཞུག་པར་བྱ་བའི་ཕྱིར་ཁྱོད་ལ་གཏད་དོ།། དེ་བཞིན་གཤེགས་པ་དང་། འདྲ་བའི ་ཆོས་གི་རྣམ་གྲངས་འདི་ནུབ་པར་གྱུར་ད་ཏ་རེ།། འདི་ནི་དེ་བཞིན་གཤེགས་པའི་བྱ་བ་བྱེད་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས། ལ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འདི་སྐད་ཅེས ་གསོཡང་ཏོ།། བཅོམ་ལྡན་འདས་ཆོས་གི་རྣམ་གྲངསའི་ག་ཟུང་བར་བགྱི་བ་དང་། ཀླག་པར་བགྱི་བ་དང་། མཆོད་པར་བགྱི་བ་དང་། ཉན་དུ་གཞུག་པར་བགྱི་བའི་སླད་དུ་བདག་གིས་གཟུང་ལགསོ།། ་ཆོས་སྨྲ་བ་དེ་དག་ལ་ཡང་མཆོད་པར་བགྱི།། བརྗེད་པར་བགྱིའོ།། གང་ཆོས་གི་རྣམ་གྲངས་འདི་དང་། ཆོས་སྨྲ་བ་དེ་དག་ལ་མཆོད་པ་བརྫི་པ་དེ་ནི་བདག་ལ་ཡང་མཆོད་པ་བགྱིད་པ་ལགས་ཏེ། དེ་ནི་བདག་གིས་བསྲུང་བར་བགྱི ་ཡོངས་སུ་བསྐྱང་བར་བགྱིའ་སྟེ། བདག་ནི་དེ་བཞིན་གཤེགས་པ་ལ་བཀའ་དྲིན་གཟོ་བར་བགྱིད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔལ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལག་ན་རྡོ་རྗེ་ལེགས་སོ།། ་ལེགས་སོ།། ཁྱོད་ཀྱིས་དེ་ལྟར་གིས་ཤིཀ། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་གི་རྣམ་གྲངས། ་འདི་ལ་ཕྱག་འཚལ་ལོ།། ཆོས་ཉནད་པ་དེ་དག་དང་། ཡི་གེར་འདྲི་བ་རྣམས་དང་། འཛིནད་པ་རྣམས་དང་། ཀློག་པ་རྣམས་དང་། ཉ་ནད་དུ་འཇུག་པ་རྣམས་དང་ཡང་མངོན་པར་མཆོད་པར་བགྱིའོ།། ་བཅོམ་ལྡན་འདས་གལ་ཏེ་སེམས་ཅན་བསོད་ནམས་ཆུ་རུ་དག་གི་ཡུལ་དུ་ཆོས་གི་རྣམ་གྲངས་འདི་འབྱུང་ངམ། གལ་ཏེ་རྒྱལ་པོ་ཆོས་དང་མྱི་ལྡན་པའི་ཡུལ་དུ་ཆོས་གི་རྣམ་གྲངས་འདི་བྱུང་སྟེ། གྱོད་པ་ན་ཆོས་ཀྱི་རྣམ་གྲངས་འདི། ་ལ་རྒྱལ་པོའི་མཆོད་པར་མྱི་བགྱིད། དད་པར་གྱི་བགྱིད་ལ། ཆོས་སྨྲ་བ་དེ་དག་དང་། ཡི་ཀེར་འདྲི་བ་རྣམས་དང་། འཛིན་པ་རྣམས་དང་། ཀློག་པ་རྣམས་དང་། ཉནད་ཏུ་འཇུག་པ་རྣམས་དང་། ཡུང་འབོགས ་པ་རྣམས་ཡང་མཆོད་པར་གྱི་བགྱིད་བླ་མའི་འདུ་ཤེས་སྐྱེད་པུར་གྱི་བགྱིད་ན། དེས་ན་ཆོས་ཀི་ནམ་གྲངས་འདི་ནུབ་པར་འགྱུར་ལགས་སོ།། དེའི་ཡུལ་དུ་སྡིག་པའི་ཆོས་མང་པོ་དང་། ཡིད་ཀྱི་བདེ་བས ་པོ་འབྱུང་བར་འགྱུར་ཏེ། དེས་ན་རྒྱལ་རིགས་ཀྱི་རྒྱལ་པོ་དེས་བདག། ཡུལ་དུ་ཆོས་ནུབ་པར་གྱུར་ཏོ་སྙམ་དུ་འཚལ་པར་བགྱི་སྟེ། དེས་ཆོས་སྤྱད་པར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ ་སཿལ་པ། རིགས་ཀི་བུ་ལེགས་སོ་ལེགས་སོ།། དེ་ནི་དེ་བཞིན་ཏེ། རིགས་ཀི་བུ་དཔེར་ན། རིགས་ཀི་བུ་འམ། རིགས་ནི་བུ་མོ་དང་པ་ཅན་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་འམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཀའི་ཀླུང་གི་བྱེ་མ་སྙེད་ལ་ལོ་བརྒྱ་འམ་ལོ་སྟོང་གི་བར་དུ་བླ་ན་མྱེད་པའི་མཆོད་པ་བྱེད་ལ། འཛམ་བུའི་གླིང་འདི་རིན་པོ་ཆེས་ཡོངས་སུ་གང་བར་བྱས་ཏེ། ཉན་པོས་རྣམས་དང་། རང་། ་སངས་རྒྱས་རྣམས་ལ་སྨིན་པ་བྱིན་པ་དང་། བདག་ཉིད་ཡོངས་སུ་གཏོང་བ་གང་ཡིན་པ་དང་། རུང་བ་དང་བུ་དང་། བུ་མོ་ཡོངས་སུ་གཏོང་བ་གང་ཡིན་པ་དང་། གང་གིས་ཆོམ་གི་ནས་གྲངས་འདི་མཆོད་པ་འམས་ཀྱི་ཡི་གེ ་འདྲིར་འཇུག་པ་འམ། ཀློག་པ་འམ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་འབྲེང་རྣམས་ཀྱིས་མཆོད་དེ་ཆོས་ཀྱི་རྣམ་གྲངས་འདིའི་ཕྱིར་ཞོའི་བརྒྱ་མ་གཅིག་ཙམ་སྦྱིན་པ་བྱིན་ས། དེ་ནི་དེ་བས་ཆེས་བསོམ ་ནམས་མང་དུ་སྐྱེད་པར་འགྱུར་ཏེ། དགེའ་བའི་རྩ་བ་སྔ་མ་ཤོས་དེ་ནི་བརྒྱའི་ཆར་ཡང་མྱི་ཕོད་ན། ཀང་བླ་མའི་འདུ་ཤེས་བསྐྱེད་དེ། ཆོས་གི་རྣམ་གྲངས་འདི་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་གིས་མཆོད ་པ་བྱེད་ཅིང་། ཆོས་སྨྲ་བ་དེ་དག་ལ་ཡང་གོས་སམ་རྒྱན་ནམ། གདུགས་སམ། བཞོན་པ་འམ། གྲོང་ངམ། གྲོང་ཁྱེར་རམ། ས་གཞི་བ་ལང་གི་རྨྱིག་རྗེས་ཙམ་ཡང་ཆོས་གི་རྣམ་གྲངས་འདིའི་ཕྱིར། སྦྱིན་པ་བྱེད་ལ ་ལུས་འདི་ནི་སྙིང་པོ་མྱེད་པའོ་སྙམ་དུ་ཤེས་ཤིང་། རྨྱི་ལམ་ལྟ་བུའོ།། སྒྱུ་མ་ལྟ་བུའོ།། ཆུའི་ཆུ་བུར་ལྟ་བུའོ་སྙམ་དུ་ཤེས་ཏེ། ལུས་འདི་ལ་ནི་སྙིང་པོ་མྱེད་དོ།། ཆོས་ཐམས་ཅད་མྱི་རྟག་པའོ་སྙམ་དུ་ཤེས་ན། དེ་ནི་དེ་བཞིན ་གཤེགས་པས་ལུང་བསྟནད་པ་ཁོ་ན་ཡིན་ནོ།། དེ་བཞིན་གཤེགས་པས་དབུགས་ཕྱུང་བ་ཁོ་ན་ཡིན་ནོ།། དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་མ་ཆོད་པ་ཡིན་ནོ།། ཕྱིས་ཀྱང་མཐར་གིས་བླ་ན་མྱེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་གི་བར་དུ། མངོན་པར་རྫོགས་པར་འཚང་རྒྱ་པར་འགྱུར་རོ།། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་ཐམས་ཅད། རང་། ལྷའི་དབང་པོ་རྣམས་དང་། ཀླུའི་དབང་པོ་རྣམས་དང ་གནོད་སྦྱིན་གི་དབང་པོ་རྣམས་དང་། ལྷ་མ་ཡིན་ཀི་དབང་པོ་རྣམས་དང་། ནམ་མཁའ་ལྡིང་གི་དབང་པོ་རྣམས་དང་། མི་འམ་ཅིའི་དབང་པོ་རྣམས་ཀྱིས་ཚིག་འཐུན་པར། བཅོམ་ལྡན་འདས་ལ་ལེམ། ་སོ་ཞེས་བྱ་བ་གསོལ་ཏེ།། བཅོམ་ལྡན་འདས་ལེགས་སོ་ལེགས་སོ།། འདི་ནི་ཆོས་གི་འཁོར་ལོ་ལན་གཉིས་བསྐོར་པར་གྱུར་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་གཅིག་དུ་མཐུན་པར་བགྱིས་ཏེ།། ཆོས་ཀྱི་རྣ ་གྲངས་འདི་ལ་མཆོད་པར་བགྱིའོ།། ཡུལ་དེ་ཡང་བསྐྱང་བར་བགྱིལ།། ཆོས་སྨྲ་བ་དེ་ལ་ཡང་མཆོད་པར་བགྱི།། བསྲུང་བར་འགྱི།། ལུང་བསྟནང་པར་བགྱི།། དབུགས་དབྱུང་བར་བགྱིའོ།། ག་ལ་ལ་ཆོས་སྨྲ་བ་རུང ་ཡི་སེར་འདྲི་བ་དང་། འཛིནད་པ་དང་། ཀློག་པ་དེ་ལ་བླ་མའི་འདུ་ཞེས་བསྐྱེད་པ་དང་། པའི་འདུ་ཤེས་ད་བུའི་འདུ་ཤེས་སྐྱེད་པ་དེ་ལ་ནི། བདག་གིས་ཀྱང་པའི་འདུ་ཤེས་བསྐྱེད་པར་བགྱིའོ།། གལ་ཏེ། ་ཆོས་གི་རྣམ་གྲངས་དེ་མ་རུངས་པར་བགྱིད་ན་ནི།། དེའི་ཡུལ་ཐམས་ཅད་དུ་བུ་དང་། མཆིས་བྲང་དང་། ཕ་མས་ཡིད་མྱི་བདེ་བར་འགྱུར་ལ།། དེའི་འོག་ཏུ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷའི་དབང་པོ་ནས་མྱིའི་དབང་པོའི་བར་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིནད་ཏེ། རིགས་གི་བུ་དག་ལེགས་སོ་ལེགས་སོ།། གྲོགས་པོ་དག་ཁྱེད ་ཀྱིས་དེ་ལྟར་གྱིས་ཆོས་གི་རྣམ་གྲངས་འདི་ཉནང་དུ་གཞུག་པ་དང་།། མཆོད་པ་བྱ་བའི་ཕྱིར་ཁྱེད་ལ་གཏང་ངོ་།། དེ་བཞིན་གཤེགས་པ་དང་འདྲ་བའི་ཆོས་གི་རྣམ་གྲངས་འདི་མྱུར་ཏུ་ནུབ་པར་གྱུར་ད་ཏ་རེ། ལ་ལ ་དག་གིས་སྤངས་ཏེ། སེམས་ཅན་དམྱལ་བར་ལྟུང་ང་རེ། ཆོས་གི་རྣམ་གྲངས་འདི་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བར་འགྱུར་ཁོལ།། ཁྱེད་ཕྱིས་འགྱོད་པར་གྱུར་ར་ཏ་རེ་ཆོས་ཀྱི་རྣམ་གྲངས ་འདི་བསྟནད་པ་ན།། ས་ཆེན་པོ་འདི་གཡོས་ཏེ།། གཡོས་རབ་ཏུ་གཡོས་སོ།། སྲོག་ཆགས་དྲུག་སྟོང་ནི་ལེནད་པ་མྱེད་པར་བག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། དེ་ནས་བཅོཾ། ་ལྡན་འདས་ལ། བྱང་ཆུབ་སེམས་དཔལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡ་ན་འདས་གཔལ་ལ་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། ་ཡི་གེར་འདྲིར་སྩོལ་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱས་པར་ཡང་དག་པར་བསྟོན་པ་དང་། མེ་ཏོག་དང་། བདུག་པས་དང་། སྤོས་དང་། མེ་ཏོག་འབྲེང་དང ་བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མཆོད་པར་བགྱིན།། བཅོམ་ལྡན་འདས་རིགས་གི་བུ་འམ། རིགས་གི་བུ་མོ་དེ་བསོད་ནམས་ཇི་སྙེད་ཅིག་བསྐྱེད། ་པར་འགྱུར་ལགས།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀི་མུ་ལེགས་སོ་ལེགས་སོ།། ཁྱོད་གིས་དེ་བཞིན ་གཤེགས་པ་ལ་འདི་ཞུག་པ་ནི་ལེགས་སོ།། རིགས་ཀྱི་བུ་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིཀ་དང་། ངས་ཁྱོད་ལ་བཤད་དོ།། རིགས་གི་བུ་འམ་རིགས་གི་བུ་མོ་ཀང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི ་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱས་པར་ཡང་དག་པར་སྟོན་པ་དང་། མྱེ་ཏོག་དང་། བདུག་པ་དང་། སྤྲོས་དང ་མེ་ཏོག་འཕྲེང་དང་། རིག་བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་གིས་མཆོད་པ་བྱེད་པ་དེ་ནི། འདི་ནས་ཤི་འཕོས་ནས་འཇིག་རྟེན་གི་ཁམས་བདེ་བ་ཀཱར ་ཅན་དུ་སྐྱེ་བར་འགྱུར་རོ།། རིགས་གི་བུ་གང་ལ་ལས་སྟོང་གསུམ་གྲི་སྟོང་ཆེན་པོའི་འཇིག་རྟེ་ནང་གི་ཁམས་འདི། རིན་པོ་ཆེས་ཡོངས་སུ་ཀང་བར་བྱས་ཏེ། ཉན་ཐོས་རྣམས་དང་། རང་སངས་རྒྱས་རྗེས ་ལ་སྦྱིན་པ་བྱིན་པ་བས་ནི། ཆོས་གི་རྣམ་གྲངས་འདི་འཛིནད་པ། དང་། མཆོད་པ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲི་བའ།། དྲུག་པ་དང་། ཆོས་སྨྲ་བ་དེ་དག་ལ་ཡང་མེ་ཏོག་དང་། བདུག ་པ་དང་། སྤོས་དང་། མེ་ཏོག་འཕྲེང་དང་། བྱུག་པ་ལས་སོཚོགས་པས་མཆོད་པ་འདི་རིགས་ཀྱི་བུའམ། རིགས་གི་བུ་མོ་དེ་འི་བསོད་ནམས་ཆེས་མང་དུ་འཕྱེལ་འགྱུར་ཀི། རིགས་གི་བུ། ་སྔ་མ་གང་ཡིན་པ་དེས་ནི་དེ་སྙེད་བསགས་པ་མ་ཡིན་ནོ།། རིགས་གི་བུ་གཞན་ཡང་། རིགས་གི་བུ་འམ་རིགས་གི་བུ་མོ་གང་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་དེ། བུ་དང་བུ་མོ་དང་། ཆུང་མ་ཡོངས་སུ་རྟོད ་བ་དང་ལག་པ་དང་། རྐང་པ་དང་། མྱིཀ་དང་། མགོ་བོ་ཡོངས་སུ་གཏོང་བ་བས་ནི། གང་གིས་ཆོས་གི་རྣམ་གྲངས་འདི་ཡི་གེར་འདྲི་འམ། ཡི་གེ་མ་འདྲིར་འཇུག་གམ། ཀློག་གམ། དད་པར་བྱེད་པ་འདི ་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་གི། རིགས་ཀྱི་བུ་སྔ་མ་གང་ཡིན་པ་དེས་ནི།། དེ་སྙེད་བསགས་པ་མ་ཡིན་ནོ།། ཆོས་སྨྲ་བའི་རིགས་ཀྱི་བུ་དེ་ནི་དེ་བཞིན་གཤེགས་པ་དང་འདྲ་བ་ཁོ་ནར་བལྟ་བར་བྱའོ།། ་དེ་བཞིན་གཤེགས་པ་དང་། འདྲ་བ་ཁོ་ནར་མཆོད་པ་མངོན་དུ་བྱས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་ཆེན་པོ་སྱན་རས་གཟིགས་དབང་ཕྱུག་གིས་འདི ་སྐད་ཅེས་གསོལང་ཏོ།། བཅོམ་ལྡན་འདས་ཆོས་གི་རྣམ་གྲངས་འདི་ནི། ལྷ་དང་མྱི་དང་། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གིས་ཕྱག་བགྱི་བའི་འོས་ལགས་སོ།། ཆོས་སྨྲ་བ་དེ་ཡང་ཕྱག་བགྱི་བ་དང་། མཆོད་པ་བགྱི ་བའི་འོས་ལགས་སོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་རྫུ་འཕྲུལ་ཆེ་བ་ལགས་ཏེ། དེ་བས་ན་རིགས་ཀྱི་བུ་འམ། རིགས་གི་བུ་མོ་དད་པ་ཅན་གིས་ཆོས་གི་ནམ་གྲངས་འདི། གུས་པར་འགིལ་སྟེ། མཉན་པར ་བགྱིའོ།། གུས་པར་བགྱིས་ཏེ། ཡིད་ལ་བགྱིའོ།། བཅོམས་ངན་འདས་ས་ཕྱོགས་གཔན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པའི་ས་ཕྱོགས་དེ་ནི། དེ་བཞིན་གཤེགས་པས་བྱིན་གིས་བརླབས་པ་ལགས་སོ།། ་ས་ཕྱོགས་དེ་ནི་མཆོད་རྟེན་དུ་གྱུ་རད་པར་བལྟ་བར་བགྱིའོ།། སཕྱོགས་དེ་ནི་ལྷ་དང་། མྱི་དང་། སྣ་མ་ཡིན་དང་བཅས་པའི་ས་ལ། ཇིག་རྟེན་གིས་ཕྱག་བགྱི་བའི་གནས་ལགས་སོ།། བཅོམ་ལྡན ་འདས་གིས་བཀའ་ས་ལ་པ། རིགས་གི་བུ་དེ་དེ་བཞིན་ནོ།། དེ་རེ་བཞིན་ཏེ། རིགས་ཀི་བུས་ཕྱོགས་དེ་ནི་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེནད་གིས་ཕྱག་བྱ་བའི་གནས་ཡིན་ནོ།། དེ་ནས ་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔལ་འཕགས་པ་བརྒྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོ་ལད་ཏོ།། བཅོམ་ལྡན་འདས་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་མཆོད་པ་བགྱིད་ལ། འདིའི་སྲང། ་དུ་མཆོད་པ་དང་། བཀུར་སྟི་ལ་བསོན་པའི་སེམས་གིས་སྦྱིན་པ་སུངས་འབྲུམམ་པཅལ་ནས། དེའི་ཆམས་སྐྱེད་པ་ལྔའི་ལས་རྣམས་ཡོངས་སུ་མེད་པར་འགྱུར་ལ། བསྐལ་པ་སུ་ཁྲིའི་བར་དུ། ལོངས་སྤྱོད་རྗེ་མའི ་རིགས་རྣམས་སུ་སྐྱེ་བར་འགྱུར་རོ།། བསྐལ་པ་བརྒྱད་ཁྲིའི་བར་དུ་འཁོར་ལོས་བསྐུར་བའི་རྒྱལ་པོར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་སྐྱེ་བར་འགྱུར་རོ།། གཉིས་ངན་དུ་འགུམ་པར་མྱི་འགྱུར། ་ངན་སོང་དུ་སྐྱེད་པར་མྱི་འགྱུར། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག ་ལ་འདི་སྐད་ཅེས་བཀའ་སཆལ་པ། རིགས་གི་བུ་སྔོན་བྱུང་བ་འདས་པའི་དུས་ན། སྐལ་པ་གྲངས་མྱེད་ལས་འདས་པ་ན། དེ་བཞིན་གཤེགས་པ་ཆོས་ཀྱི་ཡེ་ཤེས་མཐའ་ཡས་པ་ཆགས་པ་མྱེད་ཅིང་རྡུལ་དང་བྲལ་བའི་རྒྱལ ་པོའི་ཏོག་ཅེས་བྱ་བ་བྱུང་སྟེ། དེས་ངས་བྲམ་ཟེའི་གཟུགས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་སོ།། ཐོས་ནས་ཀྱང་སེམས་ཅན་རྣམས་ལ་བཤད་དོ།། དེས་ངས་རྙེད་པའི་མོད་ལ་ཆོས་ལ་བཟོད་པ་སྟེ་ཆོས་རྣམས་ལ་ཆོས ་གི་མྱིག་རྣམ་པར་དག་གོ།། སེམས་ཅན་གང་དག་གིས་ཐོས་པ་དེ་དག་ཐམས་ཅད་ཀྱང་། ངན་སོང་ཐམས་ཅད་ལས་ཡོངས་སུ་གྲོལ་ཏེ། ནམས་ཀྱང་ངན་སོང་དུ་མྱི་འགྲོ་བར་གྱུར་ད་ལ། ཆོས་རྣམས་ལ་ཆོས ་གི་དམྱིག་རྣམ་པར་དག་སྟེ།། སེམས་ཅན་དེ་དག་ཐམས་ཅད་མ། ཐར་ད་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན།། པར་རྫོགས་སངས་རྒྱས་སོ།། མངོན་པར་རྫོགས་པར་འཚང་རྒྱ ་བར་འགྱུར་རོ།། རིགས་གི་བུ་ངས་ཀྱང་ལོ་མང་པོ། ལོ་བརྒྱ་ཕྲག་མང་པོ།། ལོ་སྟོང་ཕྲག་མང་པོར་སེམས་ཅན་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གིས་དཀྲིས་པ་རྣམས་ཀྱི་ཕྱིར། ནོར་དང ་འབྲུ་དང་། མགྲོན་བུ་དང་། གསེར་ཡོངས་སུ་གཏོང་བ་བྱས་ནས། མཐརྡ་ཀྱིས་ལག་པ་དང་། རྐང་པ་དང་། མྱིག་དང་། མགོ་བོ་དང་། སྡུག་པའི་བུ་དང་། བུ་མོའི་བར་དུ་ཡོངས་སུ་གཏོང་བ་བྱས་སོ།། རྐང་པ་ང ་ནུས་པ་ཡོངས་སུ་གཏོང་བ་དང་། ཁྱིམ་དང་གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ཡོངས་སུ་གཏོང་བ་བྱས་སོ།། ལོ་འབུམ་ཕྲག་དུ་མར་ཚངས་པར་པྱད་པ་ཡང་སྤྱོད་དོ།། ་ཁྱིམ་པ་དང་འདྲིས་པར་མ་བྱས། རྒྱལ་སྲིད་ལ་དགའ་བ་དང་། ནོར་ལ་དགའ་བ་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་ལ་དགའ་བ་དང་། བུ་དང་བུ་མོ་ལ་དགའ་བ་དང་། ཆུང་མ་ལ་དགའ་བར་མ་བྱས་སོ།། ་གཅིག་ཏུ་ངེས་པར་ཚངས་པར་སྤྱོད་པ་ལ་གནས་པ་བསྙེན་པ་ཏོ།། གཅིག་ཏུ་ངེས་པར་སྦྱིན་པ་བྱིན་ནོ།། གཅིག་ཏུ་ངེས་པར་སངས་རྒྱས་དང་། ཆོས་དང་། དགེ་འདུན་རྣམས་ལ་མཆོད་པ་དང་། བསྙེན ་བསྐུར་བྱས་སོ།། གཅིག་ཏུ་ངེས་པར་ངས་ཆོས་སྨྲ་བ་རྣམས་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་འཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན ་ནམས་གིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་སོ།། དགེ་བའི་བཤེས་གཉེན་མང་པོ་ཡང་ངས་བསྙེན་བཀུར་བྱས་སོ།། དེ་ཡང་ངས་འཁོར་བ་ལ་སྐྱོ་བའི་ལུས་ཀྱིས། ལུས་རྣམས་བྱིན་ལ ་ཕྱིག་རྣམས་དང་། རང་གི་ཤ་རྣམས་དང་། ཀང་དང་། རུས་པ་རྣམས་དང་། རང་གི་པཀས་པ་རྣམས་ཀྱང་བྱིན་ལ།། ཕྱི་རོལ་གི་དངོས་པོ་གཞན་དག་ལ་ཅི་སྨོས་ཏེ། བ་འགྱོད་པར་གྱུར་པ་ཡང་མྱེད་དོ།། ་དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷའི་དབང་པོ་རྣམས་དང་། ཀླུའི་དབང་པོ་རྣམས་དང་། གནོད་སྦྱིན་གི་དབང་པོ་རྣམས་དང་། ལྷ་མ་ཡིན་གི་དབང་པོ་རྣམས་དང་། མྱི་འམ་ཅིའི་དབང་པོ་རྣམས ་དང་། གྱོད་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་བ་རྣམས་ཀྱི་དེ་བཞིན་གཤེགས་པའི་བློན་གི་ཚུལ་འདི་ཐོས་ནས། ཆོས་གི་ཤུ་ས་གིས་མཆིམ་བླགས་ཏེ་དེ་དག་ཐམས་ཅད་ཀྱིས་ཆོས་ལ་འཟོད་པ ་ཐོབ་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལང་པ། གྲོགས་པོ་དག་ཆོས་ཀི་ནས་གྲངས་འདི་ཐུང་ཤིག། འདི་ནི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་བྱ་བ་བྱེད་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས ་བྱང་ཆུབ་སེམས་དཔའ་འཕགས་པ་ལྡན་རས་གཟིགས་དབང་བྱུག་ཀྱིས་འདི་སྐད་ཅེས་གསོསན་ཏོ།། བཅོམ་ལྡན་འདས་ཆོས་གི་ནམ་གྲངས་འདི་ས་ད་བ་དང་མཆོད་པ་བགྱིད་པ་དང་། འཛིན་པ་དང་། ཐོག་པ་དང། ་ཀུན་ཆུབ་པར་བགྱིད་པའི་སེམས་ཅན་དེ་དག་ནི་དཀོན་ལགས་སོ།། གང་དག་སུག་པར་མཆིས་པ་དེ་དག་ནི།། སངས་རྒྱས་བྱུང་བ་དང་འདྲ་བར་ལྟར་བར་འཀྲོལ།། བཅོམ་ལྡན་འདས་ཀྱིས་བཀལ་ས་ཡང་པ་རིགས ་ཀྱི་བུ་ལེགས་སོ་ལེགས་སོ།། རིགས་གི་བུ་དེ་དེ་བཞིན་ཏེ། རིགས་གི་བུ་འམ། རིགས་ཀྱི་བུ་མོ་གང་ཆོས་གི་རྣམ་གྲངས་འདི་ལ་མཆོད་པ་བྱེད་པ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། འཛིན་། ་པ་དང་། ཀློག་པ་དང་། ཆོས་སྨྲ་བ་དེ་དག་ལ་ཡང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་འཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན ་རྣམས་གིས་མཆོད་པ་བྱེད་པ་དེ་དག་ནི་དཀོན་ཏེ། དེ་དག་ནི་དེ་བཞིན་གཤེགས་དངའདྲ་བ་ཁོ་ནར་བལྟ་བར་བྱའོ།། རིགས་གི་བུ་སེམས་ཅན་གང་དག་ཆོས་གི་རྣམ་གྲངས་འདི་ལ། མཆོད་པ་མྱི་བྱེད་པ་དང་། འཛིནད་པར་མྱི ་བྱེད་པ་དང་། ཀློག་པར་མྱི་བྱེད་པ་དང་། སྦྱིན་པར་མྱི་བྱེད་པ་དག་འབྱུང་བར་འགྱུར་ཏེ།། དེ་དག་ནི་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་དང་། བསྐལྡ་པ་སྟོང་གི་བར་དུ་འཁོར་བ་ན་འཁོར་བར་འགྱུར་ཏོ།། ་སྡུག་བསྔལ་མང་པོ། བསྡུག་བསྔལ་བརྒྱ་དག་ཉམས་སུ་མྱོང་བར་འགྱུར་རོ།། འདི་ལྟ་སྟེ་དཔེར་ན། བུད་མྱེད་སྦྲུམ་མ་ཞིག་ཡོད་ལ། བུད་མྱེད་སྦྲུམ་དེའི་ལྟོན་བུ་ཆགས་པ་ཁྱེའུ་འམ། བུ་མོ་ཞིག ་ཏུ་གྱུར་ད་ན། བུད་མྱེད་གི་བུ་གང་གི་ཚེ། ཟླ་བ་གཅིག་ལོན་ནམ། ཟླ་བ་གཉིས་ལོ་ནད་ན་མ། ཟླ་པ་གསུམ་ལོནད་ནམ། ཟླ་བ་ལཱ་ལོན་ནམ་ཟླ་བ། ཚང་བའི་བར་དུ་གྱུརྡ་པ་དེ་ཙམ་དུ།། བུད ་མྱེད་དེའི་ལུས་ནོན་པར་འགྱུར་ཏེ།། ཚེགས་ཀྱང་དབེའ་བར་འགྱུར། ཉམ་ཡང་ཆུང་བར་འགྱུར། སྐད་ཅིག་བཅོམ་ཡང་ཆུང་བར་འགྱུར་ཏེ། ཚོར་བ་དེ་དག་གིས་ཡོངས་སུ་གཟི་རད་པའི་ལུས་ཀྱིས་དེ་ཙམ་དུ་བསྡུག ་བསྔལ་གི་ཚོར་བ་མྱོང་བ་བཞིན་དུ་ལུས་འཛིནད་པར་བྱེད་དེ། བུ་བཙའ་བའི་དུས་གི་བར་དུ། སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་ངོ་།། དེ་ལ་འདི་སྙམ་དུ་སེམས་ཏེ། གང་གི་ཚེ་བདག་གི་བུ་བཙའ་བར་གྱུར་ར་ཏེ། ་བདག་བདེ་བར་བཙལ་བར་གྱུར་ན། དེའི་ཚེ་ཚངས་པར་སྤྱོད་པར་བྱའོ་སྙམ་མོ།། དེའི་ཕྱིས་ཡང་འདོད་པའི་འདོད་ཆགས་པར་གྱུར་པ་ན། སྡུག་བསྔལ་དེ་དག་ཕྱིས་མྱི་དྲན་ཏེ། བདེ་བའི་འདུ་ཤེས་སྐྱེད་པར་བྱེད། ་དེ་བཞིན་གཤེགས་དུ་ཕྱི་མའི་ཚེ་ཕྱི་མའི་དུས་ན། སེམས་ཅན་འབྱུང་བར་གྱུར་པ་དེ་དག་ཆོས་ཀྱི་རྣམ་གྲངས་འདི་ལ་དད་པར་མྱི་བྱེད། འཛིནད་པར་མྱི་བྱེད། ཀློག་པར་མྱི་བྱེད་དེ།། དེ་དག་སེམས་ཅན ་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་རྣམས་སུ་སྐྱེ་བར་འགྱུར་རོ།། དེ་དག་ཀྱང་འདོད་ཆགས་ཀྱིས་མྱོས་ནས། ཚོར་བ་དེ་དག་བཟོད་པར་འགྱུར་ཏེ། བདག་ཅག་གིས་ཁྱིམ་དང་། བུ ་སྨད་ཡོངས་སུ་བསྐྱང་བར་བགྱིའོ།། ཆུང་མ་དང་། བུ་དང་བུ་མོ་ཡོངས་སུ་བསྐྱང་བར་བྱའོ་སྙམ་མོ།། ཀང་གི་ཚེ་ཡང་སེམས་ཅན་དམྱལ་བར་སྐྱེས་པ་དེའི་ཚེ་ནི་འགྱོད་པར་འགྱུར་རོ།། གང་གི་ཚེ་མཐ་རད་པར་གྱུར་པ་དེའོ།། ་ཆེན་འདོད་ཆགས་ཀྱིས་ཆགས་ནས། སེམས་ཅན་དམྱལ་བའི་བསྡུག་བསྔལ་བརྗེད་པར་འགྱུར་ཏེ།། སྦྱིན་པ་ཡང་སྦྱིན་པར་མྱི་བྱེད། ཚུལ་ཁྲིམས་ཀྱང་སྲུང་བར་མྱི་བྱེད་དོ།། འདི་ལྟ་སྟེ་དཔེར་ན་མྱི་ཆང་གིས་ར་རོ་ཞིང་མྱོས་ཏེ། ་ཚབས་ཆེར་ར་རོ་ཞིང་མྱོས་ཡ། གང་དུ་ལྡུམ་པར་གྱུར་ནས་མྱི་དེས་སེམས་ཀྱིས་ཀྱང་ཁྱིམ་ཆོལ་གྱི་ནུས་ལམ་ཡང་མི་ཚོལ། མ་དཔ་དང་ཆུང་མ་དང་བུ་དང་བུ་མོའི་འདུ་ཤེས་ཀྱང་མྱེད། སངས ་རྒྱས་དང་། ཆོས་དང་དགེ་འདུན་ཡང་མི་དྲན་ཏེ། དེ་ཅང་གིས་རྒྱས་པའི་མཐུས་དུ་མཁྲོད་ན་འདུག་ན་ཡང་འཇིགས་པ་མྱེད་ལ། འདི་སྙམ་དུ་སེམས་ཏེ། ལྷ་འམ་ཀླུ་འམ། གནོད་སྦྱིན་པ་སྐྲག་པར ་བྱེད་ནུས་པ་སུ་ཞིག་ཡོད་སྙམ་སོ།། དེ་བོང་པ་རང་ཤིང་དང་ན་དང་། མེར་མའི་ལམ་གཞན་དགས་བད་པར་འདུ་ཤེས་བྱེད་པ་ལས། ལུས་པོ་ཆུད་ཅིངང་རོ་བ་དེ་སངས་ནས། གང་གི་ཚེ་དྲན་པ་རྙེད་པར་གྱུར་པ་དེ ་ཚེ་འགྱོད་པར་བྱེད་དེ།། བདག་ནི་གྲོག་ལ་ཐུགས་ཀྱང་ཐ། བདུག་གིས་ཆང་འདི་བཏུང་བར་གྱི་བྱའོ་སྙམ་མོ།། དེ་བཞིན་དུ་སེམས་ཅན་འདོད་ཆགས་ཀྱིས་རྒྱགས་པས་མྱོས་ཤིང་། ཁྱིམ་ན་གནས་པས་རྣམ་པ་ལ ་པ་ནོར་གི་སེམས་པ་རྣམས་ཀྱིས་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་ཡང་ཡོངས་སུ་ཚོལ་བར་མྱི་བྱེད། སྦྱིན་པ་ཡང་གྱི་དྲན་མཐོ་རིས་སུ་སྐྱེ་བ་དང་། རྒྱལ་པོར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་ཡོང་སུ ་ཚོལ་བར་མི་བྱེད་དེ། འཁོར་བ་དེ་ཉིད་མ་འཁོར་ཞིང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཞི་མརྗེའི་འཇིག་རྟེན་རྣམས་སུ་སྐྱེས་པའི་བསྡུག་བསྔལ་མྱོང་བར་གྱུར་པ་ལ། འདི་སྙམ་དུ་འཛིན་ཏེ། ་བདག་གི་ལུས་བདེ་སྟེ། སྡུག་བསྔལ་བ་མྱེད་དོ་སྙམ་མོ། གང་གི་ཚེ་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེནད་དེ་དག་ནས་བ་རད་ཏེ་བརྒྱ་ལ་རྒྱ་ལམ་ན་མྱིའི་ལུས་ཁོབ་པར ་གྱུ་ར་པ་དེའི་ཚེ་མངལ་ན་གནས་པས་ལུས་ཡོངས་སུ་ཀ་བི་རང་ཅིང་མུན་ནག་གིས་སྐྱོ་བར་གྱུ་རང་པའི་ལུས་བད་ཀན་དང་། མཁྲིས་པ་དང་། ལྡན་ལྗིན་དང་། ཟག་དང་ཕྱི་སས་བཏས་པས་སྐྱོ་བར་གྱུར་ནས་འདི ་སྙམ་དུ་སེམས་ཏེ་བདག་ཅག་ལོ་བརྒྱ་འམབསྐལ་པ་འམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལྡ་པ་འབུམ་གྲི་བར་དུ་འཁོར་བ་ན་འཁོར་ཞིང་། སྡུག་བསྔལ་གི་ཚོར་བ་མྱི་བཟོད ་ཅིང་། ཡིད་དུ་མྱི་འོང་བ་མྱོང་ལ་གང་དུ་ཡང་བདག་ཅག་གིས་སྐྱབས་མྱེད་པ་འདི། ལས་ཀང་དག་གིས་འབྲས་བུ་རྣམ་པརསྨིན་པ་ཡིན་ཞིག་གུ་བདག་ཅག་གིས་ཀྱང་སྔོན་སྡིག་པ ་པ་མང་དུ་བྱས་སོ་སྙམ་སྟེ། དེ་ལྟར་མརལ་ན་གནས་ནས་སེམ་ས་ཅན་དམྱལ་བ་དང་འདྲ་བར་འགྱོད་པ་སྐྱེད་པར་བྱེད་དོ།། གང་གི་ཚེ་བདག་ཅག་མངལ་ན་གནས་པའི་སེམས་ཅན་དམྱལ་བ་འདི་ལས ་ཟ་རད་པར་གྱུར་པ་དེའི་ཚེ་ནི་སངས་རྒྱས་དང་། ཆོས་དང་། དགེ་འ་འདུན་ལ་མྱི་ཕྱེད་པའི་དད་པས་བསྒྲུབ་པ་དང་། བཙལ་བར་བྱ་སྟེ། ཅི་ནས་ཀྱང་བདག་ཅག་ཕྱིན་ཅད་མངལ་གི་སེམས་ཅན་དམྱལ་བར་གནས་པར ་གྱི་འགྱུར་བར་བྱའོ་སྙམ་མོ།། དེ་དག་ཕྱིས་མངལ་གི་གནས་རྣམས་ལས་པར་དནས་པག་བྱེད་པར་བྱེད་དོ།། དེ་དག་ཡང་སེམས་ཅན་དམྱལ་བ་ནས་སུ་སུ། ཡང་མྱོང་འགྱུར་རོ།། དེ་ལྟ་བས་མནམས་ཀྱང་བག་བྱེད་པར་གྱི་བྱ ་དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཡི་མྱིར་མི་ལགས། ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་གིས་བཀའ ་སཿཡད་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་གི་རྣམ་གྲངས་འདི་སེམས་ཅན་ཐམས་ཅད་གི་སྐྱབས་བྱེད་པ་ཞེས་བྱ་བར་ཟུང་ཤིག། བྱང་ཆུབ་སེམས་དཔའ་ས་ཞུས་པ་ཞེས་པར་ཡང་ཟུང་ཤིག།། བཀོད་པའི་རྒྱལ ་པོའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བར་ཟུང་ཤིག། དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་ཞེས་བྱ་བར་ཟུང་ཤིག། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བྱ་བར་ཡང་ཟུང ་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་ཐམས་ཅད་དང་ཐས ་ཅད་དང་ལྡན་པའི་འཁོར་དང་། ལྷག་དང་མྱི་དང་། ལྷ་མ་ཡིན་དང་དྲི་བར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་གིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་ཆོས་ཐམས་ཅད་ཀྱི ་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོལ།། ། རྫོགས་སྷོ། རྒྱ་ཀར་གི་མཁན་པོ་ཕྲད་ཉ་བར་མ་དང་། སུ་ལེན་ད་དཱའོ། ་དེ་དང་། ཞུ་ཆེན་གི་ལོ་ཆ་ས་ཡན་དེ་ཡེ་ཤེས་སྡེ་ལས་སྩོགས་པས། བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྒྱ་གར་སྐད་དུ། ཨརྱཱ་པྲ་དི་པ་དཱ་ནི་ཡཱན་མ་མ་ཧཱ ་