CLOSE WINDOW

Ng6.5: 'phags pa yul 'khor skyong gyis zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དྷུ། ཨ་མྱ་ནཱ་སྭཱ་བ་ལ་ནན་ས་མ་སཱ་ཡཱ་ས་སུ་ཏྲ། བོད་སྐད་དུ། འཕགས་པ་ཡུལ་འཁོར་སྐྱོད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མཛེ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ཏུ།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ར། བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང ་གཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་བསྐྱོད་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག ་འཚལ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བུ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བསྟནད་པ་འདི་ནུབ་པར་བགྱི། ་བའི་སེམས་ཅན་གང་ལགས་པ་དེ་དག་ཅི་ལྟ་བུ་དག་ཅི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་བསྐྱོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡུལ་འཁོར ་སྤྱོད་གནས་འདི་གཉིས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། གཉིས་གང་ཞེ་ན། དགེ་སྦྱོང་གི་གནས་དང་། སྡོད་པའི་གནས་སོ།། དེ་ལ་དགེ་སློང་གི་གནས་ན་ཚུལ་ཁྲིམས་དང་། ལྡན་པའི་ཕྱོགས་གང ་ཡིན་པའོ།། ལྷོད་པའི་གནས་ནི་ཚུལ་ཁྲིམས་འཆལ་བའི་ཕྱོགས་གང་ཡིན་པའོ།། ཡུལ་འཁོར་སྐྱོང་དེ་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པའི་དགེ་སློང་གིས་ནི་གནས་གཉིས་ལ་བསླབ་པར་བྱའོ།། གཉིས་གང ་ཞེ་ན། ཚུལ་ཁྲིམས་ཀྱི་ཕུང་པོས་ཀྱང་ཤིན་ཏུ་བསྲུང་བར་བྱ་བ་དང་། བདག་ཉིད་ལ་ངེས་པར་བསམ་པར་བྱ་བའི་ཕ་རོལ་ལ་ངེས་པར་བསམ་པར་མྱི་བྱའི།། དེ་ལ་ཇི་ལྟར་བདག་ཉིད་ལ་ངེས་པར་བསམ་པར་བྱའི།། ཕ་རོལ་ངེས ་པར་བསམ་པར་མྱི་བྱ་ཞེ་ན། དེས་འདི་ལྟར་བརྟག་པར་བྱ་སྟེ། ཅི་བདག་རང་གི་སྡུག་བསྔལ་གི་ཕུང་པོ་ཟད་པར་བྱེད་འདོད་པ་ཡིན་ནམ། འོན་ཏེ་བླ་མ་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང ་རྒྱ་བར་འདོད་པ་ཡིན་སྙམ་དུ་བརྟག་པར་བྱའོ།། གལ་ཏེ་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་ཞིག་ཡིན་ན་ནི། དེས་ཉན་ཐོས་ཀྱི་བསླབ་པ་ཁོ་ན་ལ་བསླབ་པར་བྱ་སྟེ། སོ་སོར་ཐར་རད ་པའི་བསྡོམ་པས་བསྡམ་པར་བྱའོ།། ཆོ་ག་དང་སྤྱོད་ཡུལ་ཕུན་གསུམ་ཚོགས་པར་བྱའོ།། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་འཇིགས་པར་ལྟ་བས་ཡང་དག་པར་བླངས་ཏེ་བསླབ་པར་བྱའོ།། བསླབ་པའི་གཞི་རྣམས་ལ ་ཡང་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་དག་པར་བྱའོ།། འཚོ་བ་ཡོངས་སུ་དག་པ་དང་། སྨད་དུ་མྱེད་པར་ཡང་བྱའོ།། བརྐམ་པ་མྱེད་ཅིང་རོ་རྣམས་ལ་ཆུམས་པ་མྱེད་པ་དང་། ཆོས་གོས་ལ་ཡང ་ཚོད་ཟིན་པར་ཡང་བྱའོ།། ལྷུང་ཟེད་ལ་ཚོད་ཟིན་པར་ཡང་བྱའོ།། དེས་ཁ་ཟས་ཡོག་ཅད་ཀྱིས་བཟའ་བར་ཡང་མྱི་བྱ་སྟེ། ལྟོ་མྱི་བཀྲེས་ཙམ་དུ་ཁ་ཟས་བསྙུང་བར་དེས་བསླབ་པར་བྱའོ།། དེས་ཁ་ཟས་ལ ་རྟག་ཏུ་རྒྱུན་མྱི་འཆད་པར་མྱི་གཙང་བའི་འདུ་ཤེས་བསྐྱེད་པར་བྱ་སྟེ། འདི་ལྟ་སྟེ། ཕྱིས་དང་། གཅིན་གྱི་འདུ་ཤེས་དང་། རྣག་གི་འདུ་ཤེས། དང་། བསྐྱུགས་པའི་འདུ་ཤེས་དང་། མྱི་གཙང་བའི་འདུ་ཤེས་དང་། ་རྨ་རྐུ་བ་ལྟ་བུའི་འདུ་ཤེས་དང་། སྨད་པའི་འདུ་ཤེས་དང་། མྱི་འཐུན་པའི་འདུ་ཤེས་དང་། བུའི་ཤ་ལྟ་བུའི་འདུ་ཤེས་དང་། དོར་བའི་འདུ་ཤེས་དང་། སྤང་བའི་འདུ་ཤེས་དང་། དྲི་མྱི་ཞིམ་པའི་འདུ་ཤེས་བསྐྱེད་པར་བྱ་སྟེ། དེས་དེ ་ལྟ་བུའི་ཚུལ་དུ་བཟའ་ཞིང་ཚོད་རིག་པར་བྱའོ།། དེས་ཆགས་པ་མྱེད་པ་དང་། སྡང་བ་མྱེད་པ་དང་། རྨོངས་པ་དང་། རྟག་ཏུ་དབེན་པ་མངོན་པར་དཀའ་བར་བྲེ་མོ་གཏམ་ལ་དགའ་བར་མྱི་བྱའོ།། རི་དགས་འཆི་བ་ལྟ་བུར་དང་དུ་ཐཱ ་བར་བྱའོ།། དབེན་པར་བྱའོ།། དབེན་པ་ལ་མངོན་པར་དགའ་བར་བྱའོ།། དབེན་པ་ལ་མངོན་པར་དགའ་ཞིང་མོས་པ་དང་། བཟོད་པ་དང་ལྡན་པར་བྱའོ།། ངེས་པ་དང་འགྲོགས་ན་བདེ་བར་བྱའོ།། འཇིག་རྟེན་ཀ་གཏམ་ལ་མྱཾ ་བརྟེན་པར་བྱའོ།། ཉོ་ཚོང་སྤྱོད་པ་སྤང་བར་བྱའོ།། སྨན་སྤྱད་ལ་དགའ་བ་དང་ཕྲིན་པ་ལ་དགའ་བ་དང་། ཁྱིམ་གྱི་བྱ་བ་དང་འབྲེལ་བར་མྱི་བྱའོ།། འདུག་པ་དང་། འགྲེང་བ་དང་། འཆག་པ་དང་། ཉལ་བ་ལ་མཁས་པར་བྱའོ།། ་རབ་ཏུ་དབེན་པ་དང་། དགོན་པར་དགའ་བ་དང་། ཞི་བའི་གནས་ལས་སྒྲ་ཆུང་བ་སྐད་རུང་བ་འཇིགས་པའི་ཡིད་ལ་བྱེད་པ་མྱེད་པ།། སྡིག་སྤྲུལ་མྱེད་པ། བྱི་མང་པོ་ཀྱང་པ།། ཕྱིས་དབེན་པ་ནང་དུ་ཡང་དག་པ་འཇོག་དང་། མཚམ་པ ་བསྟེ་ནང་པར་བྱའོ།། བདག་སྟོང་པར་ཡང་མྱི་བྱའོ།། གཞན་སྤང་པར་མྱི་བྱའོ།། ཚུལ་འཆོས་པ་དང་། ཁ་གསག་མྱི་བྱའོ།། རྟག་ཏུ་རྒྱུན་མྱི་འཆང་བར་བསྐྱོ་བའི་སེམས་བསྐྱེད་པར་བྱའོ།། དེས་ཁྱིམ་པ་དང་། རབ་ཏུ་བྱུང་བ ་རྣམས་དང་། འདུ་ཞིང་འདྲིས་པར་མྱི་བྱའོ།། སྟོང་པའི་ཆོས་རྣམས་ཀུན་ཏུ་བསྟེན་པར་བྱ།། ། བསྒོམ་པར་བྱ།། མང་དུ་བྱའོ།། དེས་རིགས་པ་དང་མྱི་ལྡན་པའི་དགེ་སློང་དང་ལྷན་གཅིག་ཕྲད་པ་སྤང་བར་བྱའོ།། དགེ་སློང ་པ་དང་འདྲིས་པར་མྱི་བྱའོ།། འདོད་པ་ཆུང་བར་ཡང་བྱའོ།། རྟག་ཏུ་བདག་ཉིད་ཀྱི་འཁྲུལ་ད་བ་རྣམས་ལ་སོ་སོར་རྟག་པར་བྱའོ།། གཞན་གི་འཁྲུསད་པ་རྣམས་ལ་བརྟག་པར་མྱི་བྱའོ།། ཕ་མ་ལ་ཡང་ཡིད་བརྟན ་པར་མྱི་བྱ་ན། རིགས་གཞན་ལྟ་ལ་ཅི་སྨོས།། ཤིན་ཏུ་ཡང་དག་པར་བསྡམས་པ་ཅན་དུ་བྱའོ།། ཉེ་བར་ཞི་བའི་ཆོས་ཀྱི་སྦྱིན་བདག་བྱའོ།། དམྱིགས་པ་ལ་མཁས་པར་བྱའོ།། དབེན་པའི་གནས ་ལམ་དུ་གནས་པར་བྱའོ།། མཐུན་པ་ཡང་གཞན་དག་ལ་སྨྲ་བ.རམྱི་བྱ་ན། མྱི་མཐུན་པ་ལྟ་ཅི་སྨོས། དེས་ཆོས་དེ་དག་ལ་སེམས་ཉེ་བར་གནས་པར་བྱས་ནས། ཆོས་ཟབ་མོ་རྣམས་ལ་སོ་སོར་བརྟག ་པར་བྱའོ།། ཆོས་ཟབ་མོ་རྣམས་ལ་བརྟག་པར་བྱ་བ་དེ་དག་ཀྱང་གང་ཞེ་ན། མྱིག་མྱི་རྟག་གོ་སྙམ་དུ་སོ་སོར་བརྟག་པར་བྱའོ།། དེའི་སྐྱེ་བ་དང་འཇིག་པ་ལ་ཡང་དག་པར་སོ་སོར་བརྟག་པར་བྱའོ།། དེ་ལ་སྐྱེ་བ་དང་། འཇིག་པ་ལ། ་སོ་སོར་རྟོག་པ་གང་ཡིན་པ་དེ་ནི་མྱེད་པ་ལ་སོ་སོར་རྟོག་པའོ།། དེ་ཅིའི་ཕྱིར་ཞེ་ན། མྱིག་ཅེས་བྱ་བ་ནི་མྱེད་པའི་ཕྱིར་རོ།། མྱིག་དང་། གཟུགས་དང་། མྱིག་གི་རྣམ་པར་ཤེས་པ་ནི་དམྱིགས་པ་མ་ཡིན་གྱི། མྱེད་པ་དམྱིགས་པ། ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་མྱིགས་པའི་ཕྱིར་རོ།། དེས་རྔ་བའི་རྟེན་བསམ་པར་མྱི་བྱའོ།། སྔ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྟེན་བསམ་པར་མྱི་བྱའོ།། མི་ཡང་རུང་བའི་རྟེན་བསམ་པར་མྱི་བྱ ་དེ་ལྟར་བྱས་ན་ཅི་ཞིག་བསམ་པ་ཡིན། དེ་བཞིན་དུ་ཆོས་རྣམས་སྤྱོང་བར་ཡང་བརྩོན་པར་བྱའོ།། དེ་ལྟར་བརྩོར་བ་དེ་ནི་ཚུལ་ཁྲིམས་ཀྱི་ཐུང་པོ་ཡོངས་སུ་དག་པར་བྱེད་དོ།། ཏིང་ངེ་འཛིན་ཀྱི་ཕུང་པོ་དང་། ་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱེད་དོ།། རྒྱུ་ནང་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ།། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་ཏེ། ་དེ་ལྟ་བུའི་ཏིང་ངེ་འཛིན་མྱེད་པ་ནི་དང་བའི་ཉན་ཐོས་ཡིན་ཏེ། དེ་དག་གིས་ཟག་པ་ཟད་པ་ཐོབ་པར་འགྱུར་རོ།། དེ་ལ་དགེ་སློང་ལྟར་བཅོས་པ་གང་ཞེ་ན། ཡུལ་འཁོར་སྐྱོང་འདི་ན་དགེ་སློང་བདག་ཉིད་ལ་ངའོ་སྙམ་དུ་འཛིན ་ཏོ།། དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་རྫོགས་པ་དང་ལྡན་པ་ཡིན། ཆོས་གོས་གཅེས་པར་འཛིན་པ་ཡིན། ལྷུང་ཟེད་གཱ། ཅེས་པར་འཛིན་པ་ཡིན། ཟང་ཟིང་གཅེས་པར་འཛིན་པ་ཡིན་ཏེ། ་དེ་ནི་མྱི་སྨྲ་བ་སྤངས་ནས། ངན་སོང་དུ་འགྱུར་བའི་མལ་ཆ་དང་། སྟནད་དང་། འགྲོན་དུ་གཉེར་བ་ཆེན་པོ་རྣམས་བདག་གིར་བྱེད། བུད་མྱེད་དང་འདྲིས་པར་བྱེད། དགེ་སློང་མ་དང་འདྲིས་པར་བྱེད།། ་རྒྱལ་པོ་བཀྲབས་པ་དང་འདྲིས་པར་བྱེད་དེ། དེ་འདྲིས་པར་གྱུར་པ་ནས།། རྒྱུན་མྱི་ཆད་པར་མྱིག་གིས་གཟུགས་རྣམས་ལ་ངེས་པར་སེམས་སོ།། དེས་དེ་ལྟར་སེམས་བསྐྱེད་ནས་ཀུན་ནས་ཉོན་མོངས་པར་འགྱུར་རོ།། ་ཀུན་ནས་ཉོན་མོངས་པའི་སེམས་དང་ལྡན་ན་གནས་འདི་ལྟ་བུ་ཡོད་དེ།། ཉེས་པ་ལྕི་བ་དེ་བྱེད་པ་འམ། ཡང་ན་ཆུང་ངུ་བྱེད་ཅིང་འདུག་པ་འགྱུར་ཏེ། ཡུལ་འཁོར་བསྐྱོད་འདི་ནི་དགེ་སློང་ལྟར་བཅོས་པ་ཡིན་ནོ།། ཡུལ་འཁོར ་སྐྱོང་ཅིའི་ཕྱིར་དགེ་སློང་ལྟར་བཅོས་པ་ཡིན་ཞེ་ན། དགེ་བ་སྦྱོང་ལྟར་བཅོས་པ་དེ་དེ་བཞིན་གཤེགས་པས་མལ་ཆ་དང་། སྟན་གནང་བ་ཐ་མལ་པ་གང་ལ་དགེ་བ་སྤྱོང་གནས་པའི་མལ་ཆ་དང་། སྙན་པ་གང་ཡིན་པའི་མྱི་བླུན ་པོ་དེས་སྤངས་ནས་རློ་གྲོ་ལ་ཞེན་ཅིང་ཟང་ཟིང་ལ་ཞེན་ནས། བུད་མྱེད་དང་འདྲིས་པར་བྱེད་ཅིང་ཁྱིམ་དང་འདྲིས་པར་བྱེད་ན། འདྲིས་པར་འགྱུར་བའི་མྱི་བླུན་པོ་དེས་དགེ་སྦྱོང་གི་ཚུལ་ལྟ་ག་ལ་ཡོད་དེ། དེའི་སྟེང་དུ་ཆོས་ཟབ ་སོ་རྣམས་ལ་ཡང་སུན་འབྱིན་ཅིང་གཤེ་བར་བྱེད་ལ། དེས་ཐོས་སུ་ཟིན་ཀྱང་བསྔགས་པ་མ་ཡིན་པ་བརྗོད་པར་བྱེད་དོ།། དགོན་པོའི་བསྔགས་པ་མ་ཡིན་པ་ཡང་བརྗོད་པར་བྱེད་དོ།། གང་ལ་དེའི་སེམས་མངོན་པར་དགའ ་བའི་འདོད་པ་རྣམས་འབའ་ཤིག་གི་བསྔགས་པ་བརྗོད་པར་བྱེད་ཅིང་། གང་ལ་དེའི་སེམས་མངོན་པར་དགའ་བའི་བྲེ་མོ་གཏམ་འབའོ་ཞིག་གི་བསྔགས་པ་བརྗོད་པར་བྱེད་ལ། དགེ་སློང་གི་གནས་གང་ཡང་རུང་བ་དེ་དག ་ཀི་བསྔགས་པ་མ་ཡིན་པ་བརྗོད་པར་བྱེད་དོ།། གང་ལས་དེ་བཞིན་གཤེགས་པས་མདོའི་ཚིག་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་། འདུ་འཛིར་མྱི་འགྱུར་བར་བྱའོ་ཞེས་གསུངས་པའི་མདོའི་ཚིག་དེ ་བོར་ནས། དགེ་སྦྱོང་གི་ཚུལ་མྱི་འདོད་ཅིང་། དགེ་སྦྱོང་གི་དངོས་པོ་མྱི་འདོད་དེ། གཅིག་པུ་འདུག་ཅིང་། བུད་མྱེད་ལ་ཆོས་འཆད་པར་བྱེད་ལ། གཞན་དག་ལ་ཡང་དེ་ལྟ་བུའི་གཞི་རྣམས་སུ་ལུང་འབོག་པར་བྱེད་དོ།། ་དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་ཆོམ་རྐུན་པོར་གསུངས་ཏེ། སོ་སོར་ཐ་རད་པ་སྤངས་ནས། གཅིག་པུ་ར་འདུག་ཅིང་བུད་མྱེད་ལ་ཆོས་འཆད་པའི་ཕྱིར་རོ།། མྱི་བླུན་པོ ་དེ་དག་ནི་བཅོས་མ་སྟེ། མགོ་བྲེགས་པས་བཅོས་པ་དང་། གོས་རུར་སྤྱིགས་གྱོད་པས་བཅོས་པའོ།། རྒྱུ་གང་གིས་བཅོས་པ་ཡིན་པར་ཤེས་པར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས ་སྨད་པ་གང་ཡིན་པ་མྱི་བླུན་པོ་དེ་དག་གིས་གནས་པར་བྱེད་དེ། ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་དེ། རང་གི་ལག་གིས་ལེན་པར་བྱེད། མ་བརྟགས་པ་ལ་ལོངས་སྤྱོད་པར་བྱེད། ངང་ཉིད་གཡོས་དང་འཚེད ་པའི་ལས་བྱེད། གསེར་དང་རྡུལ་བདག་གིར་བྱེད་ཁྲེ་རྒོད་དང་འབྲུ་ལས་བསྩོགས་པ་གསོག་པར་བྱེད། ཁྱིམ་གྱི་གཞི་དང་། ཞིང་གྱི་གཞི་དང་། ཀུན་དཀའ་ར་བའི་གཞི་ཉེ་ཚོང་བྱེད་ཅིང་ཚལ་ཟེ་འཚོ་བ་སྦྱོར་བ་བྱེད་ཅིང་། ཁྱིམ་གྱི་གཞི ་དང་། ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི་ལེན་པར་བྱེད། ལས་ཀྱི་རྣམ་པར་སྦྱིན་པ་ལ་ཡིད་མྱི་ཆེས་ཤིང་། སོ་སོར་ཐ་རད་པ་ལ་མ་དད་ནས། དེ་ལ་གཞོལ། དེ་ལ་འབབ། དེ་ལ་བབ། དེ་བདེན་པར་འཛིན།། དེ་སྐྱོང ་ལམ་བྱེད། དགེ་སྦྱོང་དུ་འདྲ་བར་འཛིན་ཅིང་། གང་ན་སྐྱེ་བོ་མང་པོ་ཡོད་པ་དེར་གཅེར་བུ་བ་དང་མཚུངས་པར་བསྟོན་པར་བྱེད།། གང་ཟག་དུ་བལྟ་བ་བསྔགས་པར་བྱེད། གང་ཟག་ཏུ་ལྟ་བ་དང་། གཅེར་བུ་པ་དང ་མཚུངས་པར་སྟོན་པས་སྐྱེ་བོ་མང་པོར་འཛུད་པར་བྱེད་ཅིང་འགོད་པར་བྱེད། སངས་རྒྱས་ཀྱི་སྤྱོད་ཡུལ་དེ་བཞིན་གཤེགས་པའི་གནས་པ་སྟོང་པ་ཉིད་ལ་དམྱིགས་ནས་སུན་འབྱིན་པར་བྱེད། གཤེ་བར་བྱེད་པར་ཤེས་པར་བྱའོ།། ཡུལ ་འཁོར་སྐྱོང་དེ་ལྟ་བུའི་སེམས་ཅན་དག་བྱུང་བར་འགྱུར་ཏེ། དེ་དག་ནི་ཁྱིམ་པ་ཡང་མ་ཡིན། དགེ་སྦྱོང་ཡང་མ་ཡིན་ཏེ། དེ་དག་གིས་ནི་དེ་བཞིན་གཤེགས་པའི་བསྟནད་པ་འདི་ནུབ་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི ་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ད་ཏོ།། དགེ་སློང་ཚུལ་ཁྲིམ་ས་རྣམས་ལ་བསྡམས། ཞི་ཞིང་ཞི་བའི་གནས་ལ་དགའ།། སོ་སོར་ཐར་ལ་བསློབ་བྱེད་པ། དེ་དག་དགེ་སློང་བྲམ་ཟེ་ཡིན།། ཆོས་རྣམས་གཙོ ་བླངས་ནས་ནི།། ཅི་ཡང་མྱེད་པའི་དགེ་སློང་བ། བས་མཐའ་དཀོན་པ་རྣམས་སུ་དཀའ།། དེ་དག་དགེ་སློང་བྲམ་ཟེ་ཡིན། དེ་དག་བྲེ་མོ་གཏམ་མྱི་དགའ།། སོ་སོར་ཐ་རད་རྣམས་ལེགས་པར་བསླབས ་གང་ཟག་མཆོག་ལ་ཉིན་མཚན་དུ། བཀུར་སྟི་ཆེན་པོ་བྱེད་པ་ཡིན། ཞིང་ཡང་མྱི་བྱེད་ཚོད་མྱི་བྱེད་ལྷུང་ཟེད་ཅཝོཀྱ་རྙེད་མྱི་ཚོལ།། ལེན་པ་མྱེད་པར་བརྩོན་པ་གང་། དེ་དག་སངས་རྒྱས་ཉན་ཐོས་ཡིན། དེ་དག་བུད་མྱེད ་སྟེན་མྱི་བྱེད། བུད་མྱེད་རྣམས་དང་འདུ་བ་མྱེད། ཤིང་དྲུང་དུ་རྣམས་ནི་བསྔགས་པར་བྱེད། དེ་དག་སངས་རྒྱས་ཉན་ཐོས་ཡིན།། ཟས་དང་སྐོམ་དང་དོན་གི་ཕྱིར།། གཙམ་གསག་དག་ཀྱང་ཡོད་མྱི་བྱེད།། དེ་འདྲར་གྱུར་ད་པ ་དེ་དག་ནི་དགེ་བ་སློང་མ་ལ་སྟེན་མྱི་བྱེད།། མཚོན་རྡོ་ཇི་ལྟར་བདརང་བ་བཞིན།། བུད་མྱེད་རྣམས་ནི་དེ་འདྲར་ཤེས།། སོ་སོར་ཐར་ད་ལས་བྱུང་བ་བཞིན།། བུད་མྱེད་འདུ་ཤེས་སྤོང་བར་བྱེད།། ངེས་པ་དེ་དག་ཟས་ཕྱིར་དང་།། ་སྐོམ་གྱི་ཕྱིར་གོས་གི་ཕྱིར།། ཁྱིམ་ཁྱིམ་དག་དུ་འགྲོ་བྱེད་ཅིང་།། ཆོས་རྣམས་སྟོནད་པར་མྱི་བྱེད་དོ།། དགེ་སློང་རྣམས་ཀྱིས་བུད་མྱེད་རྣམས།། ལྟ་བར་མྱི་བྱ་རྫོགས་སངས་གསུང་།། དེ་ལ་ཤེས་ལྡན་སུ་ཞིག་རྟོན་།། དེ་ནི ་བདུད་ཀྱི་སྤྱོད་ཡུལ་ཡིན།། དེ་དག་གིས་མི་མྱེད་པས་སྨྲས།། རོ་དང་ཉལ་བ་བཞིན་དུ་ཉལ།། དེ་ཕྱིར་སངས་རྒྱས་ཐམས་ཅད་མཁྱེན།། འདུ་འཛི་བསྔགས་པར་མྱི་མཛད་དོ།། ཆོས་རྣམས་སྲོག་མྱེད་གསོ་བ་མྱེད། ་གསོབ་དང་གསོག་དང་སྙིང་པོ་མྱེད།། སྟོང་པ་ཉིད་ལ་མོས་བྱེད་པ།། དེ་ནི་དགེ་སློང་ཆོས་ཉིད་དོ།། རྟག་ཏུ་བརྩོན་འགྲུས་ཕུན་གསུམ་ཚོགས།། གཅིག་པུ་དགོན་པར་གནས་བྱེད་དང་། འཇིག་རྟེན་ན་ནི་རྟེན་མྱེད་སེམས།། ་དེ་ནི་དགེ་སློང་ཆོས་ཉིད་དོ།། སེང་གེ་བཞིན་དུ་འཇིགས་པ་མྱེད།། ཚངས་པར་སྤྱོད་ལ་གཞོལ་བ་བྱེད།། སྡུག་བསྔལ་ཀུན་ལས་ཐར་བྱ་བའི་ཕྱིར།། ཤེས་རབ་ལྡན་པས་ལམ་ལ་བསྒོམ།། མྱིག་དང་གཟུགས་ནི་ཚོལ ་བ་ན།། དེ་དག་གིས་ནི་རྣམ་ཤེས་རྙེད།། དངོས་པོ་དེ་ཡང་ཚོལ་བན།། བཙལ་བ་གང་ཡིན་མྱི་རྙེད་དོ།། སྔོན་ཡང་མ་བྱུང་ཕྱིས་མྱི་འབྱུང་། དབུས་ན་ཡང་ཡོད་པ་མ་ཡིན་ཏེ།། དེ་ལྟ་བུའི་དོན་བྱ ་ན།། ཆོས་ཀུན་མཉམ་པ་ཉིད་ཀྱི་ཕྱིར།། ངེས་པ་དེ་དག་ཟས་ཕྱིར། དང་།། སྐོམ་གྱི་ཕྱིར་དང་གོས་ཀྱི་ཕྱིར་དང་།། ཁྱིམ་ཁྱིམ་དག་དུ།། འགྲོ་བྱེད་ཅིང་། ཆོས་རྣམས་སྟོནད་པར་མྱི་བྱེད་དོ།། རྒྱུ་མྱེད་དེས ་བ་བཟང་པོ་ཡིན། དེ་དག་སངས་རྒྱས་བསླབ་པ་རྣམས།། འདའ་ཞིང་འཛག་པར་མྱི་བྱེད་དེ།། བརྟུལ་བཟང་སྟོང་ཉིད་སྐྲག་པ་མྱེད།། འཇིགས་པ་མྱེད་པར་འཇུག་པར་བྱེད།། ལྟ་བ་མྱི་བཟད་འཇིག་མྱི་བྱེད།། ་སེམས་ཅན་གང་ཟག་དངོས་མྱི་འཇིག། དཀར་པོའི་ཆོས་རྣམས་ཐམས་ཅད་ལ།། ཤིན་ཏུ་བཏད་པར་གནས་པ་ཡིན།། བརྟན་པོ་དེ་དག་འཇིག་རྟེན་མ།། མྱ་ངན་ལས་འདས་པ་རེག་གྱུར་ནས།། མཆོད་པའི་ག ་སུ་འོས་པར་འགྱུར།། གང་དག་ཤེས་རབ་འཆལ་པ་དང་།། ལེ་ལོ་ཅན་དང་དམན་ལ་བརྩོན།། ཐོས་པ་ཉུང་དང་སྡིག་པ་འདོད།། ང་རྒྱལ་ཐ་བ་ཁྲོ་འབྱུང་གནས།། མགོ་ལ་སྤུ་གྲི་རྟེན་བྱེད་ཅིང་།། ཤིང་གིས་ཁ་བསྒྱུར ་ཆོས་གོས་གྱོན།། སྟོང་པ་ཉིད་ནི་དོན་མྱེད་པ།། དེ་ནི་མཁས་པ་བསྒོམ་མྱི་བྱེད།། ཆོས་ལ་སུན་འབྱིན་ཐེག་ཆེན་གྱི།། བསྔགས་པ་མ་ཡིན་བརྗོད་པར་བྱེད།། གང་ཞིག་ཆོས་རྣམས་སྟོན་པ་རྣམས།། ཇི་ལྟར་བསྟན།། ་པ་དེ་བཞིན་དུ།། དག་པོའི་ཕྱོགས་ལ་ཀུན་ཏུ་ཆགས།། དེས་ནི་ངན་འགྲོར་འགྲོ་བར་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལང་ནས།། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དང་། དགེ ་ཟོང་དེ་དག་དང་། སྒྲ་དང་། ཕྱི་དང་། ལཱ་མ་ཡིན་དང་། དྲིམམ་བཅས་པའི་འཇིག་རྟེན་ཡི་རངས་སྟེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་ཏོ།། འཕགས་པ་ཡུལ་འཁོར་སྐྱོང་ཀྱིས་ཞུས་པ་ཞེས་བྱ ་ཐེག་པ་ཆེན་པོའི་མདོའོ།། རྫོགས་སྷོ། རྒྱ་ཀར་སྐད་དུ། ཨརྱ་བི་ཀུར་བ་ཎ་རཱ་ཛ་པ་རི་པྲིད་ཙ་ན་མ་མ་ཧ་ཡ་ན་སུ་ཛ། ་