CLOSE WINDOW

Ng6.4: 'phags pa sred myed kyi bus zhus pa zhes bya ba theg pa chen po'i mdo'
Wyliee-texts produced with BDRC’s OCR application

ཐེག་པ་ཆེན་པོའི་མདོལ་རྫོགས་སྷོ།། རྒྱ་གར་སྐད་དུ། ཨ་རྱ་སརྦ་པུན་ན་ས་མུན་ཙ་ཡ་ས་མཱི་དཱི་ན་མ་མ་ཧ་ཡ་ན་སུ་ཏཱ། ་བོད་སྐད་དུ། འཕགས་པ་སྲེད་མྱེད་ཀྱི་བུས་ཞུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས ་གཅིག་མ། བཅོམ་ལྡན་འདས་ཡངས་པད། ཨ་ཝཱས་བསྲུངས་པའི་ཆལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་མ།། དགེ་སློང་ཁྲིའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ།། ཉོན་མོངས ་པ་མྱེད་པ། དབང་དང་ལྡན་པར་གྱུར་ད་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ།། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ།། རང་གི་དོན་རྗེས ་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ། ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཐམས་ཅད་ཀྱི་དབང་གི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་དང་། བྱང་ཆུབ་སེམས ་དཔའ་ཉི་ཁྲི་ཐམས་ཅད་ཀྱང་ཕྱིར་མྱི་ལྡོག་པ། གཟུངས་ཐོབ་པ་སྤོབས་པ་ཐོགས་པ་མྱེད་པ།། མངོན་པར་ཤེས་པ་ཐོབ་པ།། ཏིང་ངེ་འཛིན་བསྒྲུབ་པ་ལ་མཁས་པ། དྲན་པ་དང་བློ་གྲོས་དང་། རྟོགས་པ་དང་། ་བརྟན་པ་དང་། ཤེས་རབ་དང་། ཐབས་ལ་མཁས་པ་ཕ་རོལ་ད་ཏུ་ཕྱིནད་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེ། མས་དཔའ་ཆེན་པོ་སྤྱོད་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་སེང་གེའི་བློ་གྲོས་དང་། བྱང་ཆུབ་སེམས་དཔ་འ་སེམས་དཔའ་ཆེན་པོ་བློ་གྲོས་བླ་མ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱད་པར་བློ་གྲོས་དང་། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་འཕེལ་བའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོ་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མྱེད་ཀྱི་བུ་དང་། དེ་དག་ལས་སོགས་པ་ཉི་ཁྲི་དང་།། ལྷའི ་བུབམི་མི་ཐམས་ཅད་ཀྱང་བས་པ་ཆེར་པོ་ལ་ཡང་དག་པར་ཞུགས་པ་གསུས་དང་། འདུ་བྱི་དང་། ཚངས་པ་དང་། འཇིག་ཏེར་སྐྱོང་བ་མང་པོ་དང་བས་གཅིག་ཏུ་བཞུནས་རདས་བཅོམ་ལྡརན་འདས་འཁོར་འདུས་ཟག་ནུམས ་ཡོངས་སུ་བསྐོར་ཅིང་མདུན་ཀྱིས་བལྟས་ཏེ། ཆོས་སྟོརང་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བསྟན་པ་ཤིན་ཏུ་སྙིང་པོར་གྱུར་ཏེ། མུ་སྟེགས་བྱེད་ཀྱི་ཚོགས་ཐམས་ཅད་ཟིལ་གྱིས་མན་དང་ཏོ།། དེ་ནས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མྱེད་ཀྱི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ ་བཏུད་ནས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བསྟན་པ་འདི་ཤི་ནང་ཏུ་སྙིང་པོར་གྱུར་ཏེ། མུ་སྟེགས་ཅན་ངན་པ་སྤྱོད་པ་ཅན་དང་། ཀུན་ཏུ་རྒྱུ་གྲངས་མ་མཆིས ་བ་དང་།། གཅེར་བུ་པ་ལས་བསྩོགས་པ་ཐམས་ཅད་ཟིལྡ་ཀྱིས་མ་ན་ནད་ཏེ་མྱི་མཛེས་པར་གྱུར་ད་ལགས་སོ།། བཅོམ་ལྡན་འདས་དེའི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས ་ལེགས་པར་ཡོངས་སུ་བཟུང་དུ་གསོལ།། བྱང་ཆུབ་སེམས་དང།། འ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་འདོགས་སུ་གསོལ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས ་སུ་བསྐྱང་དུ་གསོལ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་པར་གསོལ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གཟེང་སྟོང་པ་དང་། ཡང ་དག་པར་དགའ་བར་མཛད་པ་དང་། ཡང་དག་པར་བསྟན་པར་གསོལ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སངས་རྒྱས་ཀྱི་གདུང་རྒྱུད་མྱི་འཆད་པའི་ཆོས་ཀྱི་ཚུལ་ཡོངས་སུ་གཟུང་དུ་གསོལ། ་སེམས་ཅན་ཐམས་ཅད་ཡོངས་སུ་མྱི་གཏང་བར་གསོལ། ཇི་ལྟ་བུའི་ཚུལ་གྱིས་ཆོས་ཀྱི་ཕན་གདགས་པས། མྱ་ངན་ལས་འདས་པར་མཆི་བའི་ལམ་བསྟནད་པར་གསོལ།། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན ་ལས་འདས་པ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་པར་མྱི་འགྱུར་བ་དང་། ཡོངས་སུ་ཉམས་པར་མྱི་འགྱུར་བ་དང་། སངས་རྒྱས ་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་མྱི་བྲལ་བ་དང་། སྤྱང་ངས་པ་མ་མཆིས་པའི་ཆོས་ཅན་གྱི་སླད་དུ་དྲན་པ་དང་ལྡན་པར་འགྱུར་བ་དང་།། ཆོས་ཀྱི་དགོངས་པ་རྟོགས་པར་འགྱུར། ་བའི་སླད་དུ་བློ་གྲོས་དང་ལྡན་པར་འགྱུར་བ་དང་། དོན་རྟོགས་པ་རྗེས་སུ་ཐོབ་པའི་སླད་དུ་རྟོགས་པ་དང་ལྡན་པར་འགྱུར་བ་དང་། རང་གི་སེམས་ཡོངས་སུ་དག་པའི་སླད་དུ་ངོ་ཚ་དང་ལྡན་པར་འགྱུར་བ་དང་། སྡིག་པའི ་ལས་ཐམས་ཅད་སྤོང་བའི་སླད་དུ་ཁྲེལ་ཡོད་པ་ཕུན་སུམ་ཚོགས་པར་འགྱུར་བ་དང་།། ཆོ་ག་དང་སྤྱོད་པ་ཕུན་སུམ་ཚོགས་པའི་སླད་དུ་བརྟན་པ་དང་ལྡན་པར་འགྱུར་བ་དང་། ཉོན་མོངས་པ་ཐམས་ཅད་བསལ་བའི་སླད ་རུ་དཔའ་བར་འགྱུར་བ་དང་། འཁོར་ཐམས་ཅད་ཀྱི་ནང་དུ་བག་ཚ་དང་བྲལ་བའི་སླད་དུ་སྲན་ཐུབ་པར་འགྱུར་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྣམས་བསོད་ནམས་ཡོངས་སུ་མྱི་ཉམས་པ་དང་། ཆོས་ཡོངས་སུ་ཕྱི་ཉམས་པ་དང་། ཤེས་རབ་ཡོངས་སུ་མྱི་ཉམ། ས་པ་དང་། ཡེ་ཤེས་ཡོངས་སུ་མྱི་ཉམས་པར་འགྱུར་ལགས ་ཇི་ལྟར་ན་ལྷག་པའི་བསམ་པ་བརྟན་པས་བྱང་ཆུབ་ཀྱི་སེམས་ཡོངས་སུ་མྱི་ཉམས་པ་དང་། མྱ་ངན་ལས་འདས་པའི་མཐར་ཐུག་གི་བར་དུ་སེམས་ཅན་ཐམས་ཅད་ལ་མཛའ་བ་བརྟན་པ་དང་། ཇི་སྐད་སྨྲས་པ་དེ་བཞིན ་དུ་བགྱིད་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་གནས་པས། སེམས་ཅན་རྣམས་ལ་མྱི་སླུ་བ་དང་། གཏོང་བ་ཐམས་ཅད་ཀྱི་རྗེས་སུ་འཇུག་པས་མ་བསྟན་པའི་སྦྱིན་པ་དང་ལྡན་པ་དང་། ་སྡོམ་པ་གསུམ་ཡོངས་སུ་དག་པ་ལ་གནས་པས་མ་བསྟན་པའི་ཚུལ་ཁྲིམས་དང་ལྡན་པ་དང་། གནོད་སེམས་མྱེད་པའི་ཡིད་ཀྱིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས། མ་བསྟནད་པའི་བཟོད་པ་དང ་ལྡན་པ་དང་། ཡོངས་སུ་མྱི་སྐྱེ་བའི་ཡིད་ཀྱིས་དོན་ཐམས་ཅད་ཡོངས་སུ་བསྒྲུབ་པས་མ་བསྟན་པའི་བརྩོན་འགྲུས་དང་ལྡན་པ་དང་། དྲན་པ་དང་ཤེས་བཞིན་ལ་མཁས་ཏེ། བསམ་གཏན་དང་། ཏིང་ངེ་འཛིན་དང་། ་སྙོམས་པར་འཇུག་པ་ཐམས་ཅད་ལ་མྱི་གནས་པས་མ་བསྟན་པའི་བསམ་གཏན་དང་ལྡན་པ་དང་།། ལྟ་བ་ཐམས་ཅད་དང་བྲལ་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པས་མ་བསྟན ་པའི་ཤེས་རབ་དང་ལྡན་པ་དང་། སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་བསྡུ་བ་ལ་ཤི་ནད་ཏུ་བརྩོན་པས། བསྡུ་བ་ཤིན་ཏུ་བསྡུས་པ་དང་། ལྷ་དང་མྱིའི་སྐྱེ་བ་ཐམས་ཅད་ལ་མྱི་རྟག་པར་ཡིད་ལ་བགྱི་བ་ལ་བརྩོན ་པས་རེ་བ་མ་མཆིས་པ་དང་། ཐམས་ཅད་མཁྱེནད་པ་ཉིད་ལ་སེམས་ལ་ལེགས་པར་གནས་ཤིང་།། ཉན་ཐོས་དང་། རང་སངས་རྒྱས་འདོད་པ་དང་བྲལ་པོས་སྒོའི་ཐིམ་པའི་རྟེན་ལྟ་བུ་དང་། ཆོས་ཀྱི་དབང་དུ ་བགྱིད་ཀྱི་འདོད་པའི་དབང་དུ་མྱི་བགྱིད་པ་དང་། ཆོས་ཀྱི་རྒྱལ་སྲིད་དོན་ཏུ་གཉེར་བར་བགྱིད་ཀྱི། ལྷ་དང་མྱིའི་རྒྱལ་སྲིད་དོན་དུ་གཉེར་བ་དང་། སངས་རྒྱས་ཀྱི་གནང་བའི་ཚིག་དང་ལྡན་པའི་ཆོས་སྨྲ་བར་འགྱུར་བ་དང ་ཆོས་ཀྱིས་ཚོལ་བར་འགྱུར་གྱི།། ཟང་ཟིང་གྱིས་མྱི་འཚོ་བ་དང་།། ཡོངས་སུ་འཛིནད་པ་ཐམས་ཅད་ལ་འདོད་ཆགས་དང་བྲལ་བར། འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མ་མཆིས ་པའི་སེམས་དང་ལྡན་པས་ཞེ་སྡང་དང་བྲལ་བར་འགྱུར་བ་དང་། ཆོས་ཐམས་ཅད་ལ་གཏི་མུག་གི་མུན་པ་དང་། བྲལ་བས་གཏི་མུག་དེ་ང་བྲལ་བར་འགྱུར་བ་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བས། ་བདུད་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། སྒོ་ཐམས་ཅད་ནས་ཡོངས་སུ་སྔོ་བ་ལ་མཁས་པ། ཐབས་ལ་མཁས་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདྲ་ཉིས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གི་བདག་པོ་སྲེད་མྱེད་ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ད་ཏོ།། སྲེད་མྱེད་ཀྱི་བུ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་ཕྱིར་དོན་འདྲི་བར་སེམས་དཔའ་ནི་སྲིད་མྱེད་ཀྱི་བུ་ཁྱོད་ལེགས་སོ།། སྲེད་མྱེད་ཀྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ་རྣམས་ཡོན་ཏན་གི་བྱུང་བར་འདི་དག་དང་། གཞན་དག་ཀྱང་ཐོབ་པར་འགྱུར་བ་ངས་བཤང་ངོ་།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མྱེད་ཀྱི ་བཅོམ་ལྡན་འདས་ཀྱིས་བལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་བསོད་ནམས ་ཐམས་ཅད་བསྡུས་པ་ཞེས་བྱ་བ་ཡོད་དེ། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསོད་ནམས་ཡོངས་སུ་ཉམས་པར་མྱི་འགྱུར་བ།། ཆོས་ཡོངས་སུ་ཉམས་པར་མྱི་འགྱུར་བ། ་དང་། ཤེས་རབ་ཡོངས་སུ་ཉམས་པར་མྱི་འགྱུར་བ་དང་། ཤེས་ཡོངས་སུ་ཉམས་པར་མྱི་འགྱུར། སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་མྱི་བྲལ ་བར་མྱི་འགྱུར། བསྡུ་བའི་དངོས་པོ་བཞི་ལ་བརྩོན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱི་གཏོང་བར་གནས་པ་ནས། སྒོ་ཐམས་ཅད་ནས་ཡོངས་སུ་བསྔོ་བ་ལ་མཁས་པས། ཐབས ་ལ་མཁས་པར་འགྱུར་བའི་བར་དེ་དག་དང་། ཡོན་ཏད་གཽ་ཁྱད་པར་གན་ན་དང་ཡང་ལྡན་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བས་ད་ནམས་ཐམས་ཅད་བསྡུས་པའི། ཏིཔ་ངེ་འཛིན་འདིའི་མྱིང་ཙམ ་བཀའ་སྩལ་ནས། ཅང་མྱི་གསུང་བར་གྱུར་ཏོ།། དེ་ནས་དེའི་ཚེ་དྲི་མ་མྱེད་པའི་གཟི་བརྗིད་ཅེས་བྱ་བ་ཆེན་པོ་ཆེ་ཆེན་པོ་སྟོབས་ཆེན་པོ་དང་ལྡན་པ་ཞིག་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་གནས་སོ།། དེ་ནས་འདི་སྙམ ་དུ་སེམས་ཏེ།། བདག་ནི་ཆེན་པོ་ཆེ་ཆེན་པོ་སྟོབས་པོ་ཆེའི་ཤུགས་དང་ལྡན་པ་སྟེ། འཛམ་བུའི་གླིང་འདིའི་སེམས་ཅན་ལ་འདི་ལྟ་སྟེ་སྟོབས་སམ། སྤྲོ་བ་བདག་དང་མཉམ་པ་ཡང་མྱེད་ན། ལྷག་པ་ལྟ་ག་ལ་ཡོད། ་སྙམ་མོ།། དེས་དགེ་སྦྱོང་གོའུ་ཏ་མ་སྟོབས་པོ་ཆེའི་ཤུགས་དང་ལྡན་ཏེ། སྟོབས་བཅུའི་སྟོབས་དང་ལྡན་ཞིང་སྲེད་མྱེད་ཀྱི་བུའི་ལུས་ཐོབ་པོ་ཞེས་གྲག་གོ་སྙམ་མོ།། དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་དགེ ་སྐྱོང་ཀོའུ་ཏ་མའི་ཐ་ད་དུ་སོང་ལ། བཅོམ་ལྡན་འདས་དེ་ཅི་འདྲ་བ་དང་། བདག་ཅི་འདྲ་བ་སད་པར་བྱ་གོར་མ་འཆག་སྙམ་མོ།། དེ་ནས་ཚན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟ་གཟི་བརྗིད། ཡངས་པའི། ་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས། ཨ་མྲས་བསྲུངས་པའི་ཚལ་ཆེན་པོ་ཁང་པ་རྩེགས་པའི་གནས་ག་ལ་བ་དེར་སོང་སྟེ་ཕྱི་ནད་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་འབུམ ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ།། སངས་རྒྱས་ཀྱི་མཐུ་ཆེན་པོས་སྟོནད་ཅིང་། རིའི་རྒྱལ་པོ་རེ་རབ་རྒྱ་མཚོའི་ནང་ནས་མངོན་པར་འཕགས་པ་དང་། འདྲ་ལ་ཀུན་ནས་མཛེས་ཤིང་བལྟ་བས་ཆོག ་མྱི་ཤེས་པ་མཐོང་ངོ་།། དེ་ནས་བཅོམ་ལྡན་འདས་མཐོང་ན་དགའ་བ་དང་། དང་བ་དང་། མཆོག་ཏུ་དཀའ་བ་ཆེན་པོ་ཐོབ་བོ།། དེ་དགའ་རབ་དང་དང་བ་དང་མཆོག་ཏུ་དགའ་བ་ཆེན་པོ་ཐོབ་ནས། བཅོམ་ལྡན ་འདས་ཀྱི་ཞབས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འདུག་སྟེ། བཅོམ་ལྡན་འདས་འབའ་ཞིག་ལ་ཕྱག་འཚལ་ཞིང་། མགོ་བོར་ཐལ་མོ་སྦྱར་ནས ་བཅོམ་ལྡན་འདས་ལ་རྟོག་ཅིང་འདུག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟིའ་བརྗིད་ཀྱི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ ་འདུལ་བའི་ཕྱིར། གནས་བརྟན་མོའུ་འགལ་གི་བུ་ཆེན་པོ་ལ་བཀའ་སྩལ་པ། མོའུ་འགལ་གྱི་བུ་ཁྱོད་སོང་ལ། ང་བྱང་ཆུབ་སེམས་དཔར་གྱུར་པ་ན། ཤག་ཀྱའི་བུ་མོ་ས་མཚོ་མའི་ཕྱིར་མདའ་འཕངས་པ་གང ་ཡིན་པ་དེར་ལོང་ཤིག། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་བ་མོའུ་དགལ་གྱི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྣམ་འདའ་དེ་ག་ལ་མཆིས། བདག་གིས ་མ་མཐོང་བ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཕྱག་གཡས་པ་ནས་སྣང་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་གཅིག་བཏང་སྟེ། འོད་ཟེར་དེས་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་སྣང་བར་བྱས་སོ།། དེ་ནས་སངས་རྒྱས་ཀྱི་ཞིང་འདིའི་འཁོར་གཡུག་ཆེན་པོ་གང་ཡིན་པ་དེ་ན། མངའ་དེ་འདུག་པར་སྣང་བར་བྱས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་འགལ་གི་བུ་ཆེན ་པོ་ལ་བཀའ་སྩལ་པ། མོའུ་འགལ་གྱི་བུ་འཇིག་རྟེན་གི་ཁམས་འདིའི་ཁོར་གཡུག་ཆེན་པོ་མདའ་འདུག་པ་ཁྱོད་ཀྱིས་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ ་པ། མོའུ་འགལ་གི་བུ་ཁྱོད་སོང་ལ་མངའ་དེ་ལོང་ཤིག། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། ཚེ་དང་ལྡན་པ་མོའུ་འགལ་ཀི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱིས་བལྟར་ཉན་པ་དང་། འཁོར་ཐམས་ཅད་ཀྱི ་ནང་ནས་མྱི་སྣང་བར་གྱུར་ནས། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་བརྐྱང་བ་འམ། བརྐྱང་བ་ལས་བསྐུམ་པ་བཞིན་དུ་སྐད་གཅིག་ཐ་གཅིག་ཡུད་ཙམ་དེ་ལ་འཇིག་རྟེན་གི་ཁམས་འཁོར ་གཡུག་ཆེན་པོ་དེ་ནས་མདའ་དེ་བླངས་ཏེ། བཅོམ་ལྡན་འདས་ལ་ཕུ་ལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏི།། བཅོ་མ་ལྡན་འདས་ཅི་སྣམ་མངའ་འདི་བྱང་ཆུབ་སེམས་དཔའས་ཡང ་ཡུམ་ལས་བྱུང་བའི་སྟོབས་ཀྱིས་འཕངས་པ་ལགས་སམ། འོན་ཏེ། རྫུ་འཕྲུལ་གི་སྟོབས་ཀྱིས་འཕངས་པ་ལགས། བཀའ་སྩལ་པ་མོ་འུ་འགལ་གི་བུ་ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱིས་མདའ་འཕངས ་པ་ཡིན་གྱི། རྫུ་འཕྲུལ་གི་སྟོབས་ཀྱིས་མངའ་འཕངས་པ་ནི་མ་ཡིན་ནོ།། མོའུ་འགལ་ཀ~ཾ་བུ་གལ་ཏེ། རྫུ་འཕྲུལ་ཀི་སྟོབས་ཀྱིས་འཕངས་སུ་ཟིན་ན། འཇིག་རྟེན་གི་ཁམས་མཐའ་ཡས་མུ་མྱེད་པར་འགྲོ་བར་འགྱུར་རོ།། ་གསོལང་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡབ་ཡུམ་ལས་བྱུང་བའི་སྟོབས་རང་གི་བསོ་པདམས་ཡོངས་སུ་སྦྱིན་པ་ལས་སྐྱེས་པ་དེ་ཇི་ལྟ་བུ་ཞིག་ལགས།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། མོའུ་འགལ་གྱི་བུ་མྱི་བཅུའི་སྟོབས་གང་ཡིན་པ་དེ་ནི།། གྲང་གཅིག་གི་སྟོབས་སོ།། གྲང་བཅུའི་སྟོབས་གང་ཡིན་པ་དེ་ནོ།། གླང་སྔོན་པོ་གཅིག་གི་སྟོབས་སོ།། གྲང་སྔོན་པོ་བཅུའི་སྟོབས་གང་ལམ ་བ་དེ་ནི། གླང་པོ་ཆེ་ཐ་མལ་བ་གཅིག་གི་སྟོབས་སོ།། གླང་པོ་ཆེ་ཐ་མལ་བཅུའི་སྟོབས་བཅུ་གང་ཡིན་པ་དེ་ནི།། གླང་པོ་ཆེ་འཇིགས་སུ་རུང་བ་གཅིག་གི་སྟོབས་སོ།། གླང་པོ་ཆེ་འཇིགས་སུ་རུང་བ་བཅུའི། ་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་གླང་པོ་ཆེ་མོ་འདྲ་བ་གཅིག་གི་སྟོབས་སོ།། གླང་པོ་ཆེ་གླང་པོ་ཆེ་མོ་འདྲ་བ་བཅུའི་སྟོབས་གང་ཡིན་པ་དེ་ནི། དགོན་པའི་གླང་པོ་ཆེ་གཅིག་གི་སྟོབས་སོ།། དགོན་པའི་གླང་པོ་ཆེ་བཅུའི་སྟོབ ་གང་ཡིན་པ་དེ་ནི།། རི་འབིགས་བྱེད་གི་གླང་པོ་ཆེ་གཅིག་གི་སྟོབས་སོ།། རི་འབྱིགས་ཀྱི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་མཚོན་ཆའི་སྡེར་མོ་ཅན་གཅིག་གི་སྟོབས་སོ།། གླང་པ་ཆ་མཚན་ཆའི་སྔར ་མ་ཅན་གཅག་ག་སྟབས་ས། གླང་པོ་ཆེ་མཚོན་ཆའི་སྡེར་མོ་ཅན་བཅུ་འི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་གཤོལ་མདའ་འཛིན་གཅིག་གི་སྟོབས་སོ།། གླང་པོ་ཆེ་གཤོལ་མདའ་འཛིན་བཅུའི་སྟོབས་གང ་ཡིན་པ་དེ་ནི། གླང་པོ་ཆེ་སྟང་ཟིལ་མདོག་གཅིག་གི་སྟོབས་སོ།། གླང་པོ་ཆེ་སྟང་ཟིལ་གཽ་མདོག་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་གེལ་བ་གཅིག་གི་སྟོབས་སོ།། གླང་པོ་ཆེ་གེལ་བ་བཅུའི ་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་སྔོན་པོ་གཅིག་གི་སྟོབས་སོ།། གླང་པོ་ཆེ་སྔོན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་སེར་པོ་གཅིག་གི་སྟོབས་སོ།། གླང་པོ་ཆེ་སེར་པོ་བཅུའི་སྟོབས་གང་ཡིན་པ་དེ་མི ་གླང་པོ་ཆེ་དམར་པོ་གཅིག་གི་སྟོབས་སོ།། གླང་པོ་ཆེ་དམར་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་སྐྱ་བོ་གཅིག་གི་སྟོབས་སོ།། གླང་པོ་ཆེ་སྐྱ་བོ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་ཀུ་མུ་ཏ་གཅིག ་གི་སྟོབས་སོ།། གླང་པོ་ཆེ་ཀུ་མུ་ཏ་བཅུའི་སྟོབས་གང་ཡིན་པ་དེ་ནི།། གླང་པོ་ཆེ་པད་མ་ཀར་པོ་གཅིག་གི་སྟོབས་སོ།། གླང་པོ་ཆེ་པད་མ་དཀར་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་པད་མ་གཅིག་གི་སྟོབས་སོ།། ་གླང་པོ་ཆེ་པད་མ་བཅུའི་སྟོབས་གང་ཡིན་པ་དེ་ནི། སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་སོ།། སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི། སྤོས་ཀྱི་གླང་པོ་ཆེ་ཆེན་པོ་གཅིག་གི་སྟོབས་སོ།། སྤོས་ཀྱི་གླང་པོ་ཆེ་ཆེན་པོ ་བཅུའི་སྟོབས་གང་ཡིན་པ་དེ་ནི།། སེང་གེ་རལ་པ་ཅན་ཐམས་ཅད་གཅིག་གི་སྟོབས་སོ།། སེང་གེ་རལ་པ་ཅན་ཐམས་ཅད་བཅུའི་སྟོབས་གང་ཡིན་པ་དེ་ནི། ཆེན་པོ་ཆེ་གཅིག་གི་སྟོབས་སོ།། ཆེན་པོ་ཆེ་ཆེན་པོ ་བཅུའི་སྟོབས་གང་ཡིན་པ་དེ་ནི། ཆེན་པོ་ཆེ་ཆེན་པོ་གཅིག་གི་སྟོབས་སོ།། ཆེན་པོ་ཆེ་ཆེན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི།། སྟོབས་མཆོག་གཅིག་གི་སྟོབས་སོ།། སྟོབས་མཆོག་བཅུའི་སྟོབས་གང་ཡིན་པ་དེ་ནི ་སྟོབས་མཆོག་ཆེན་པོ་གཅིག་གི་སྟོབས་སོ།། སྟོབས་མཆོག་ཆེན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། རབ་གནོད་གཅིག་གི་སྟོབས་སོ།། རབ་གནོན་བཅུའི་སྟོབས་གང་ཡིན་པ་དེ་ནི། རབ་གནོན་ཆེན་པོ་གཅིག་གི། ་སྟོབས་སོ།། རབ་གནོན་ཆེན་པོ་བཅུའི་སྟོབས་གང་ཡིན་པ་རེ་ནི། ས་བླའི་ལྷའི་བུ་གཅིག་གི་སྟོབས་སོ།། ས་བླའི་ལྷའི་བུ་བཅུའི་སྟོབས་གང་ཡིན་པ་དེ་ནི། གནས་བྱེད་པང་དག་འི་གཱའི་བུ་གཅིག་གི་སྟོངམ་ལོ། ་བྱེད་འང་དགནས་པའི་ཀའི་བུ་བཅུའི་སྟོབས་གང་ཡིན་པ་དེ་ནི་ལྷའི་བུ་གཤོལ་མདའ་འཛིན་གཅིག་གི་སྟོབས་སོ།། ལྷའི་བུ་གཤོལ་མདའ་འཛིན་བཅུའི་སྟོབ་ས་གང་ཡིན་པ་དེ་ནི། ལྷའི་བུ་ལག་ན་འཕྲེང་ཐོགས་གཅིག ་གི་སྟོབས་སོ།། ལྷའི་བུ་ལག་ན་འཕྲེང་ཐོགས་བཅུའི་སྟོབས་གང་ཡིན་བ་དེ་ནི། ལྷོའི་བུ་རྟག་ཏུ་མྱོས་པ་གཅིག་གི་སྟོབས་སོ།། ལྷའི་བུ་རྟག་ཏུ་མྱོས་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། རྒྱལ་ཆེན ་བཞིའི་རིས་ཀྱི་ལྷའི་བུ་གཅིག་གི་སྟོབས་སོ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི། ལུས་ངན་གཅིག་གི་སྟོབས་སོ།། ལུས་ངན་གཅིག་གི་སྟོབས་གང་ཡིན་པ་དེ་ནི། སུམ ་བཅུ་རྩ་གསུམ་པའི་ལྷའི་བུ་གཅིག་གི་སྟོབས་སོ།། སུམ་བརྒྱན་གསུམ་པའི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི། ལྷའི་དབང་པོ་བརྒྱ་བྱིན་གཅིག་གི་སྟོབས་སོ།། ལྷའི་དབང་པོ་བརྒྱ་བྱིན་བཅུར ་སྟོབས་གང་ཡིན་པ་དེ་ནི། འཐབ་བྲལ་གི་ལྷའི་བུ་གཅིག་གི་སྟོབས་སོ།། ལྷའི་བུ་འཐབ་བྲལ་བཅུའི་སྟོབས་ཀང་ཡིན་པ་དེ་ནི། ལྷའི་བུ་འཐབ་བྲལ་གཅིག་གི་སྟོབས་སོ།། ལྔའི་བུ་རབ་འཐབ་བྲལ་བཅུའི་སྟོང ་གང་ཡིན་པ་དེ་ནི། དགའ་ལྡན་ཀི་ལྷའི་བུ་གཅིག་གི་སྟོབས་སོ།། དགའ་ལྡན་ཀི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི། ལྷའི་རྒྱལ་པོ་ཡོངས་སུ་དགའ་ལྡན་གཅིག་གི་སྟོབས་སོ།། ལྷའི་བུ ་ཡོངས་སུ་དགའ་ལྡན་བཅུའི་སྟོབས་གང་ཡིན་པ་དེ་ནི། འཕྲུལ་དཀའི་ལྷའི་བུ་གཅིག་གི་སྟོབས་སོ།། འཕྲུལ་དགའི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི། ལྷའི་རྒྱལ་པོ་རབ་འཕྲུལ་དགའ་གཅིག་གི་སྟོབས་སོ།། ་ལྷའི་བུ་རབ་འཕྲུལ་དགའ་བཅུའི་སྟོབས་གང་ཡིན་པ་དེ་ནི། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་གཅིག་གི་སྟོབས་སོ།། གཞན་འཕྲུལ་དབང་བྱེད་གི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི། ལྷའི་རྒྱལ་པོ་དབང ་བྱེད་གཅིག་གི་སྟོབས་སོ།། ལྷོའི་དབང་པོ་དབང་བྱེད་བཅུའི་སྟོབས་གང་ཡིན་པ་དོ་ནི། བདུད་ཀྱི་རིས་ཀྱི་ལྷའི་བུ་གཅིག་གི་སྟོབས་སོ།། བདུད་ཀྱི་རིས་ཀྱི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི། བདུད་སྡིག ་ཅན་གཅིག་གི་སྟོབས་སོ།། བདུད་སྡིག་ཅན་བཅུའི་སྟོབས་གང་ཡྀ། ན་བ་དེ་ནི། སྲེད་མྱེད་ཀྱི་བུ་ཕྱེད་པ་གཅིག་གི་སྟོབས་སོ།། སྲེད་མྱེ། ད་ཀྱི་བུའི་ཕྱེད་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། སྲེད་མྱེད་ཀྱི་བུ ་གཅིག་གི་སྟོབས་སོ།། སྲེད་མྱེད་ཀྱི་བུ་བཅུའི་སྟོབས་གང་ཡིན་པ་དེ་ནི། སྲེད་མྱེད་ཀྱི་བུ་ཆེན་པོ་གཅིག་གི་སྟོབས་སོ།། སྲེད་མྱེད་ཀྱི་བུ་ཆེན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས ་པར་བྱུང་ནས་བསྐལ་པ་བརྒྱ་ལོན་པ་གཅིག་གི་སྟོབས་སོ།། བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་ནས། བསྐལ་པ་བརྒྱ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་གནས་སྐལ ་པ་སྟོང་ལོན་པ་གཅིག་གི་སྟོབས་སོ།། བྱང་ཆུབ་སེམས་དཔའ་ངེས་པར་འལུ་གས་བསྐལ་པ་བཅུ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་གནས་བསྐལ་པ་ཁྲི་ལོན་པ་གཅིག་གི་སྟོབས ་སོ།། བྱང་ཆུབ་སེམས་དཔའ་ངེས་པ་བྱུང་ནས་བསྐལ་པ་ཁྲི་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་འབུམ་ལོན་པ་གཅིག་གི་སྟོབས་སོ།། བྱང་ཆུབ་སེམས ་དཔའ་ངེས་པ་བྱུང་ནས་བསྐལ་པ་འབུམ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་མ་ཡ་ལོན་པ་གཅིག་གི་སྟོབས་སོ།། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་སྐལ། ་པ་ས་ཡ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི།། བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་ནས་བསྐལ་པ་བྱེ་བ་ལོན་པ་གཅིག་གི་སྟོབས་སོ།། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ལོན་པ་བཅུ ་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་བཅུ་ལོན་པ་གཅིག་གི་སྟོབས་སོ།། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་བཅུ་ལོན་པ་བཅུའི་སྟོབས ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བས། ལ་བ་བྱེ་བ་ཕྲག་བརྒྱ་ལོན་པ་གཅིག་གི་སྟོབས་སོ།། བྱང་ཆུབ་སེམ་ས་དཔའ་ངེས་པར་འབྱུང་ནས་བསྐལ་པ་བྱེ་བ་ཕྲག་བརྒྱ་ལོན་པ ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པ། ར་འབྱུང་ནས་བསྐལ་པ་བྱེ་བ་ཕྲག་སྟོང་ལོན་པ་གཅིག་གི་སྟོབས། སོ།། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་གནས་བསྐལ་པ ་བྱེ་བ་ཕྲག་སྟོང་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཁྲི་ལོན་པ་གཅིག་གི་སྟོབས་སོ།། བྱང་ཆུབ་སེམས་དཔལ་ངེས་པར་བྱུང་ནས་བསྐལ་པ ་བྱེ་བ་ཕྲག་ཁྲི་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་ནས་བསྐལ་པ་བྱེ་ཕྲག་འབུམ་ལོན་པ་གཅིག་གི་སྟོབས་སོ།། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ ་བ་ཟག་འབུམ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་ས་ཡ་ལོན་པ་གཅིག་གི་སྟོབས་སོ།། བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ ་བ་ཕྲག་ས་ལ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་མྱི་སྐྱེ་བོའི་ཆོས་ལ་བཟོད་པ་ཐོབ་པ་གཅིག་ཀྱི་སྟོབས་སོ།། བྱང་ཆུབ་སེམས་དཔའ་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་བཅུའོ ་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔལས་བཅུ་ལ་གནས་པ་སྲིད་པ་ཐ་མ་པ་གཅིག་གི་སྟོབས་ཡིན་ཏེ།། མོའུ་འགལ་གི་བུ་སྟོབས་དེ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བཙས་མ་ཟག་ཏུ་ས་ལ་གོམ་པ་བདུན་འགྲོ་བར་འགྱུར་རོ།། མོའུ་འགལ་གི་བུ་གལ་ཏེ་འཇིག་རྟེན་གི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་གང་ལ ་འདུག་པའི་འཇིག་རྟེན་གི་ཁམས་དེ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་མ་རླབས་སུ་ཟིན་ན། བཙས་མ་ཐག་ཏུ་གོམ་པ་བདུན་འདོར་བའི་ཚེ། འཇིག་རྟེན་གི་ཁམས་དེའི་ས་ཆེན་པོ་ཐུར་དུ་དཔག་ཚད་དྲུག་ཁྲི་བརྒྱ་སྟོང་ཞོམ་པར ་འགྱུར་ཏེ།། དེའི་འོག་ནས་ཆུའི་ཕུང་པོ་ལས་ཆུའི་རྒྱུ་ཤིང་རྟའི་སྲོག་ཤིང་ཙམ་ས་གཞི་ཆེན་པོ་བརྟོལ་ཏེ་འབྱུང་བར་འགྱུར་བ་ཞིག་ན། འོན་ཀྱང་སངས་རྒྱས་ཀྱི་མཐུས་ས་ཆེན་པོ་དེ་ཡང་ཞོམ་པར་མྱི་འགྱུར་ལ། སེམས་ཅན ་རྣམས་ལ་ཡང་གནོད་པར་མྱི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲིད་པ་ཐ་མ་བ་བཙས་མ་ཐག་པའི་སྟོབས་དང་། མྱུར་བ་དང་། ཤུགས་དང་མཐུ་ནི་དེ་འདྲའོ།། མོའུ་འགལ ་གི་བུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་བཙས་མ་ཟག་བཅུའི་སྟོབས་གང་ཡིན་པ་དེ་ནི།། བྱང་ཆུབ་སེམས་དཔའ་ཡང་འཚོའི་མཆོག་ལ་བབ་པ་གཅིག་གི་སྟོབས་ཏེ། སྟོབས་དེ་དག་དང་ལྡན ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སྙིང་པོར་འགྲོའོ།། ཇི་ལྟ་བུའི་སྟོབས་དང་ལྡན་པས། བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དེ་བས་འབུམ་འགྱུར་གིས་ལྷག་པའི་སྟོབས་ཀྱིས་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གོ།། དེ་བས་ཀྱང་ཆེས་གྲངས་མྱེད་དཔག་ཏུ་མྱེད་བརྗོད་དུ་མྱེད་བསམ་གྱིས་མྱི་ཁྱབ་པའི་སྟོབས་དང ་ལྡན་ན།། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། མོའུ་འགལ་གི་བུ་གལ་ཏེ་འཇིག་རྟེན་གི་ཁམས་ཐམས་ཅད་ཀྱི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་བྱང་ཆུབ་མངོན ་པར་རྫོགས་པར་འཚང་བར་འདོད་དེ། བྱང་ཆུབ་སེམས་དཔའི་སྟོབས་དང་ལྡན་པར་འགྱུར་ན་ཡང་། དེ་དག་ནི་དེ་བཞིན་གཤེགས་པའི་གནས་དང་། གནས་མ་ཡིན་པའི་མཁྱེན་པའི་སྟོབས་གཅིག་གི་འབུམ་གི་ཆར་ཡང་མྱི་ཕོད ་པ་ནས། དཔེའི་བར་དུ་ཡང་མྱི་བཟོད་དེ། སྟོབས་དེ་ལྟ་བུ་བརྙེས་པས། སྟོང་གསུམ་གྱི་སྟོབས་དང་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ།། མོའུ་འགལ་ཀི་བུ ་བྱང་ཆུབ་སེམས་དཔའི་སྟོབས་འདི་ནི་དགེ་བའི་རྩ་བ་ཡོངས་སུ་སྦྱིན་པས་བསྡུས་པ་སྟེ། དེ་ལས་ཆུང་བ་ཡང་མྱེད་ལྷག་པ་ཡང་མྱེད་དོ།། དེ་ནི་རྫུ་འཕྲུལ་ཡང་མ་ཡིན།། ཆོ་འཕྲུལ་ཡང་མ་ཡིན་ནོ།། བྱང་ཆུབ་སེཾས ་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྫུ་འཕྲུལ་གི་སྟོབས་ནི། སྟོ་བས་གང་དང་ཡང་ལྡན་ན། བྱང་ཆུབ་སེམས་དཔས་རྐང་པའི་ཐེ་བོ། འི་སྤུའི་ཁུ་བུ་གཅིག་གིས་འཇིག་རྟེན་གི་ཁམས་གང་འགའི་ཀླུང ་གི་བྱེ་མ་བསྐྱེད་གྲངས་ནས་འཇིག་རྟེན་གི་ཁམས་མཐའ་ཡས་མུ་མྱེ་ད་པ་དག་ཏུ་འཕངས་ཀྱང་། སེམས་ཅན་འགའ་ཙམ་ལ་ཡང་རྒནོ། དཔར་མྱི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་རྣམས་ཀྱི་རྫུ་འཕྲུལ་དང་། ཆོ་འཕྲུལ་གི་སྟོབས་དེ་ནི་དེ་ལྟར་དཔག་ཏུ་མྱེད་བསམ་གྱིས་མྱི་ཁྱབ་མཚུངས་པ་མྱེད་དོ།། དེ་བཞིན་གཤེགས་པ་ནི་མྱི་མཉམ་པ་དང་མཉམ་མོ།། མ་འུ་འགལ་གི་བུ་གལ་ཏེ་དེ་བཞིན ་གཤེགས་པའི་སྟོབས་དེ་བསྟན་དུ་ཟིན་ནོ་ནི།། ཁྱེད་ཀྱིས་ཀྱང་ཡིད་ཆེས་པར་མྱི་ནུས་ན། སེམས་ཅན་གཞན་གྱིས་ལྟོ་ཅི་སྨོས།། མོའུ་འགལ་གི་བུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ ་དེའི་ཚེ། ཁམས་བཞི་པོ་ས་དང་། ཆུ་དང་། མྱེ་དང་། རླུང་གི་ཁམས་འདི་དག་ཁམས་གཅིག་ཏུ་འདི་ལྟ་སྟེ། ནམ་མཁའི་ཁམས་སུ་བྱིན་གྱིས་རློབ་སྟེ། དེས་ན་ས་ཆེན་པོ་ཞུམ་པར་མྱི་འགྱུར་ལ། སེམས་ཅན ་རྣམས་ལ་ཡང་གནོད་པར་མྱི་འགྱུར་རོ།། དེས་ན་ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ཀྱིས། དེ་བཞིན་གཤེགས་པ་ལས་བྱང་ཆུབ་སེམས་དཔའ་ཡབ་ཡུམ་ལས་བྱུང་བའི་སྟོབས་འདི་ཐོས་ནས། དགའ ་ཞིང་སྤུ་ཟིང་ཞེས་བྱེད་ལ་ངོ་མཚ་རད་དུ་གྱུར་ང་ནས་སྟན་ལས་ལངས་ཏེ་བླ་ཀོས་ཕྲག་པ་གཅིག་དུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ལས་བྱང་ཆུབ་སེམས་དཔོའི་སྟོབས་ཐོས་ནས། བདག་གི་ང་རྒྱལ་དང་དྲེགས་པ་ཆག་སྟེ། ་མ་མཆིས་པར་འགྱུར་ལགས་སོ།། བཅོམ་ལྡན་འདས་བདག་དང་སངས་རྒྱས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ།། སེམས་ཅན་ཐམས་ཅད་ལ་སྨན་པ་བདེ་བའི་སླད་དུ་བླ་ན་མྱེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་སེམས་བསྐྱེད་དོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྟོབས་བཅུ་ཅི་འདྲ་བ་དེ་ལྟ་བུ་ཡང་བདག་གིས་ཐོབ་པར་གྱུར་པ་གཅིག། ཚན ་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ལས། ལྷོའི་བུ་ཁྲོས་ཚིག། འདི་ཐོས་ནས།། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་སྐད་དུ། བཅོམ་ལྡན་འདས་བདག་ཀྱང ་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཅི་འདྲ་བ་དེ་ལྟ་བུའི་སྟོབས་དང་ལྡན་པར་གྱུར་ད་ཅི་གཅེས་སྨྲས་སོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ ་སེམས་དཔའ་སྲེད་བྱེད་ཀྱི་བུས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་གི་མྱིང་བཀའ་སྩལ་ནས། ཅང་མྱི་གསུང་བར་གྱུརརང་བའི་ཏིང་ངེ་འཛིན་བསོད་ནམས་ཐམས་ཅད་སྡུས ་པ་ཞེས་བགྱི་བ་དེ་གང་ལགས།། བཅོམ་ལྡན་འདས་ཅི་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་བསྡུས་པའི་ཏིང་ངེ་འཛིན་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གི་བདག་པོ་བྱང ་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུ་ལ་བཀའ་སྩལ་པ། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་བསོད ་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཡོངས་སུ་མ་བཟུང་བ་དེ་ནི་གང་ཡང་མྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་ཁོངས་སུ་འདུས་ཤིང་རྗེས་སུ ་ཞུགས་པོའི་ཕྱིར་རོ།། སྲེད་མྱེད་ཀྱི་བུ་དཔེར་ན་ཆུ་མྱིག་ཐམས་ཅད་དང་། མཚོ་བྲན་ཐམས་ཅད་དང་། མཚེའུ་ཐམས་ཅད་དང་། ཆུ་རླུང་ཐམས་ཅད་དང་། ཆུ་བྲན་ཐམས་ཅད་དང་། རྒྱ་མཚོ་ཆེན་པོའི་ཁོངས་སུ་འདུས་ཤིང ་རྗེས་སུ་ཞུགས་པ་དེ་བཞིན་དུ། སྲེད་མྱེད་ཀྱི་བུ་བསོད་ནམས་བྱ་བའི་དངོས་པོ་ཅི་ཡང་རུང་བ། སྦྱིན་པ་ལས་བྱུང་བ་རྣམས་དང་། ཚུལ་ཁྲིམས་ལས་བྱུང་བ་རྣམས་དང་། བསྒོམ་པ་ལས་བྱུང་བ་རྣམས་དང་། ཟག་པ་དང་། ་བཅས་པ་རྣམས་དང་། ཟག་པ་མྱེད་པ་རྣམས་དང་། འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་འདས་པ་རྣམས་དང་། ལྷ་རྣམས་དང་། མྱི་རྣམས་ཀྱི་བསོད་ནམས་བྱ་བའི་དངོས་པོ་ཇི་སྙེད་པའི ་བསོད་ནམས་བྱ་བའི་དངོས་པོ་དེ་དག་ཐམས་ཅད་ནི། བྱང་ཆུབ།། ཀྱི་སེམས་ཀྱི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དག་གོ།། སྲེད་ཀྱི་བུ་དེའི་ཕྱིར་བསོད་ནམས་ཐམས་ཅད་ཡོངས་སུ་གཟུང ་བར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་བླ་ན་མྱེད་པ་ཡ་ང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། སྲེད་མྱེད་ཀྱི་བུ་དཔེར་ན། རིན་པོ་ཆེའི་རི་ཆེན་པོ་གང་དག་ཡིན་འདི་ལྟ་སྟེ། ་ལྷུན་པོ་ཆེན་པོ་དང་། བཏང་བཟུང་དང་། བཏང་བཟུང་ཆེན་པོ་དང་། ཁོར་གཡུག་དང་། འཁོར་གཡུག་ཆེན་པོ་དང་། གཞན་ཡང་རི་ནག་པོ་རྣམས་དང་། བརྞ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ ་ཐམས་ཅད་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། འཛམ་བུ་གླིང་དང་། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བན་ལང་སྤྱོད་དང་། བྱང་གི་སྒྲ་སྱཻ ་སྙན་དང་། གླིང་བཞི་པའི་འཇིག་རྟེན་གི་ཁམས་དང་། སྟོང་གི་འཇིག་རྟེན་གི་ཁམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གི་ཁམས་དང་། སྟོང་གསུམ་གི་འཇིག་རྟེན་གི་ཁམས་དང་། འདོད་པའི་ཁམས་དང་། གཟུགས་ཀྱི ་ཁམས་དང་། གཟུགས་མྱེད་པའི་ཁམས་དང་། ཟླ་བ་དང་། ཉི་མ་དང་། གཟའ་དང་། རྒྱུ་སྐར་ཇི་སྙེད་ཡོད་པ་ནས། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གི་ཁམས་བྱེ་བ་ཕྲག་བརྒྱའི་བར་འདི་དག་ཐམས་ཅད་ནི ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཀྱི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པར་བྱ་བ་དེ་བཞིན་དུ། སྲེད་མྱེད་ཀྱི་བུ་སོ་སོའི་སྐྱེ་བོའི་བསོད་ནམས་རྣམས་དང་། བསློབ་པའི་བསོད་ནམས་རྣམས་དང་། ་མྱི་བསློབ་པའི་བསོད་ནམས་རྣམས་དང་། རང་སངས་རྒྱས་ཀྱི་བསོད་ནམས་རྣམས་དང་། བྱང་ཆུབ་སེམས་དཔའི་བསོད་ནམས་ཅི་ཡང་རུང་བ་དང་། ཇི་སྙེད་པ་དེ་དག་ཐམས་ཅད་ནི། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ཁོངས་སུ་འདུས་ཤི། ང་རྗེས་སུ་ཞུགས་ཏེ། སྲེད་མྱེད་ཀྱི་བུ་རྣམས་དེས་ཀྱང་གང་དག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད ་པའི་སེམས་ཅན་དེ་དག་གྱིས།། བསོད་ནམས་ཐམས་ཅད།། ཡོངས་སུ་གཟུང་བ་དེ་ལྟར་རིག་པར་བྱའོ།། སྲེད་མྱེད་ཀྱི་བུ་གླིང་བཞི་པའི་འཇིག་རྟེན་གི་ཁམས་ཀྱི་སེམས་ཅན་ལས། ཐེག་པ་ཆེན་པོ ་ལས་ཡང་དག་པར་ཞུག་པ་མ་རྟོགས་པར་ཇི་སྙེད་པ་དེ་དག་གི་ནང་ན་འཁོར་ལོས་བསྒྱུར་བ་ནི། བསོད་ནམས་དང་། ཤེས་རབ་ཀྱི་མཆོག་དུ་བརྗོད་དོ།། སྲེད་མྱེད་ཀྱི་བུ་གླིང་བཞི་པའི་འཇིག་རྟེན་གི་ཁམས ་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འཁོར་ལོས་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་ཏེ།། སེམས་ཅན་རེ་རེ་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བསོད་ནམས་ཇི་འདྲ་བ་དེ་ལྟ་བུ། ་བསོད་ནམས་དང་ལྡན་པར་གྱུར་པ་ན། སྲེད་མྱེད་ཀྱི་བུ་འདི་སྙམ་དུ་སེམས། ཅི་བསོད་ནམས་ཀྱི་ཕུང་པོ་མང་ངམ། བྱང་ཆུབ་སེམས་དཔའ་སྲེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་འཁོར་ལོས་སྒྱུར་བའི་གཅིགས ་གི་བསོད་ནམས་གི་ཕུང་པོ་ལྔ་མང་ལགས་ན། སེམས་ཅན་གྲངས་མ་མཆིས་པ་དེ་དག་གི་སྨོས་ཀྱང་ལྟ་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མྱེད་ཀྱི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་ན། སེམས་ཅད་ཇི་སྙེད་ཡོད་པ་སེས་ཅན་དུ་བསྡུ་བ་བསྡུས་པ་དེ་དག་རེ་རེ་ནས་འཁོར་ལོས་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པ་འམ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཀྱི ་སེམས་ཅན་རྣམས་འཁོར་ལོས་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པ་ལྟ་ཞོག་གི། སྲེད་མྱེད་ཀྱི་བུ་གལ་ཏེ་འཇིག་རྟེན་གི་ཁམས་གང་འགྲོའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་གང་དག་ཡིན་པ་དེ་དག་ཐམས་ཅད ་འཁོར་ལོས་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་པ་ན། སྲེད་མྱེད་ཀྱི་བུ་འདི་ཇི་སྙམ་དུ་སེམས་ཅི་སེམས་ཅན་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་མང་ངམ། བྱང་ཆུབ་སེམས་དཔའ་སྲེད་ཀྱི་བུས་གསོལ་ད ་བཅོམ་ལྡན་འདས་སེམས་ཅན་གཅིག་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། མཉམ་པར་གྱུར་ད་བའི་བསོད་ནམས་ཀྱི་ཕུང་པོ་ཡང་དཔག་ཏུ་མ་མཆིས་གྲངས་མ་མཆིས་ན། སེམས་ཅན་གྲངས་མ་མཆིས་པས་འཁོར་ལོས ་བསྒྱུར་བའི་རྒྱལ་པོར་གྱུར་པ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ལྟ་སྨོས་ཀྱང་ཅི་འཚལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་། པ། སྲེད་མྱེད་ཀྱི་བུ་ཁྱོད་མོས་པར་བྱ།། ཁོང་དུ་ཆུད་པར་བྱ་སྟེ། ་དེ་བས་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བཟུང་བ་ཆེར་མངལ་ཆེས་དཔག་ཏུ་མྱེད་དེ།། འཁོར་ལོས་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་ནི། ་བསོད་ནམས་ཀྱི་ཕུང་པོ་དེའི་བརྒྱའི་ཆར་ཡང་གྱི་ཕོང། སྟོང་གི་ཆ་དང་། འབུམ་གི་ཆ་དང་། བྱེ་བ་ཕྲག་བརྒྱའི་ཆ་དང་། བྱེ་བ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཕྲག་འབུམ་གི་ཆར་ཡང་མྱི་ཕོད། གྲངས་དང་། ཆ་དང་། བགྲང་བ་དང་། ་དཔེར་དང་། རྒྱུར་ཡང་མྱི་བཟོད་དེ། སྲེད་མྱེད་ཀྱི་བུ་འདི་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལ་འཇུག་པ་དང་པོའོ།། སྲེད་མྱེད་ཀྱི་བུ་གཞན་ཡང་སྟོང་གི་བདག་པོ་ཚངས་པ་ནི། སྟོང་གི་འཇིག་རྟེན་གི་ཁས ་བྱམས་པས་ཁྱབ་པར་བྱེད་དོ།། སྲེད་མྱེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། གལ་ཏེ་མྱེ་ལེ་ལ་ཞིག་གིས་སྟོང་གི་འཇིག་རྟེན་གི་ཁམས་རིན་པོ་ཅེ་སྣ་བདུན་གྱིས་གང་བར་བྱས་སྟེ། སྦྱིར་བ་བྱིན་མ། སྦྱིན་པ་ལས་བྱུང་བའི་བསོད ་ནམས་ཀྱི་ཕུང་པོ་དེ་དང་། ཚངས་པའི་བྱམས་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་དེ་གཉིས་གང་མང་།། བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས་གསོལ་ད་པ། བཅོམ་ལྡན་འདས་ཚངས ་པོའི་བསོད་ནམས་ཀྱི་ཕུང་པོ་དེ་ཉིད་ཆེས་མང་གི། སྦྱིན་པ་ལས་བྱུང་བའི་ནི་དེ་ལྟ་མ་ལགས་སོ།། སྲེད་མྱེད་ཀྱི་བུ་སྟོང་གི་བདག་པོ་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་ལྟ་ཞོག་གི། སྲེད་མྱེད་ཀྱི་བུ་འདི་ཇི་སྙམ་དུ་སེམས ་སྟོང་གཉིས་ཀྱི་བདག་པོ་ཚངས་པས་སྟོང་གཉིས་ཀྱི་འཇིག་རྟེན་གི་ཁམས་བྱམས་པས་ཁྱབ་པར་བྱེད་ལ། སྲེད་མྱེད་ཀྱི་བུ་གལ་ཏེ་མྱི་ལ་ལ་ཞིག་གིས་སྟོང་གཉིས་ཀྱི་འཇིག་རྟེན་གི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང ་བར་བྱས་ཏེ། སྦྱིར་པ་བྱིན་ན། སྲེད་མྱེད་ཀྱི་བུ་སྦྱིན་པ་ལས་བྱུང་བ་དང་། བྱམས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དེ་གཉིས་གང་མང་། བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་སྟོང ་གཉིས་ཀྱི་བདག་པོ་ཚངས་པའི་བྱམས་པ་དང་ལྡན་པའི་བསོད་ནམས། ཀྱི་ཕུང་པོ་གང་ལགས་པ་དེ་གཉིས་ཆེས་མང་གི། སྦྱིན་པ་ལས་བྱུང་། བ་ནི་དེ་ལྟ་མ་ལགས་སོ།། སྲེད་མྱེད་ཀྱི་བུ་སྟོང་གཉིས་ཀྱི་བདག་པོ ་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་ལྟ་ཞོག་གོ།། སྲེད་མྱེད་ཀྱི་བུ་འདི་ཇི་སྙམ་དུ་སེམས།། སྟོང་གསུམ་གི་བདག་པོ་ཚངས་པས་སྟོང་ག་སུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་བྱམས་པས་ཁྱད་པར ་བྱེད་ལ། སྲེད་མྱེད་ཀྱི་བུ་མྱི་ལ་ལ་ཞིག་གིས་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་རིན་པོ་ཆེ་སྣ་བདུན་གིས་གང་བར་བྱས་ཏེ། སྦྱར་བ་སྦྱིན་ན། སྲེད་མྱེད་ཀྱི་བུ་སྦྱིན་པ་ལས་བྱུང་བ་དང་། ཚངས་པ་ཆེན་པོ་བྱམས ་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་གཉིས་གང་མང་། བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་སྦྱིད་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ནི། ཚངས་པ་ཆེན་པོའི་བྱམས་པ་དང་ལྡན ་པའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མྱི་ཕོད་པ་ནས།། རྒྱུའི་བར་དུ་ཡང་མྱི་བཟོད་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མྱེད་ཀྱི་བུ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཀྱི ་ཚངས་པ་ཆེན་པོའི་བྱམས་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་ལྟ་ཞོག་གི།། སྲེད་མྱེད་ཀྱི་བུ་གལ་ཏེ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཀྱི་སེམས་ཅད་དུ་བསྡུ་བར་བསྡུས་པ་ཇི་སྙེད་པ་དེ་དག་ཐམས་ཅད། ་ཚངས་པ་ཆེན་པོའི་བྱམས་པ་བསྒོམ་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་བས་ནི། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའི ་ལྷག་པའི་བསམ་པ་ལ་ཞུགས་པ། སེམས་ཅན་ཐམས་ཅད་ཡོངས་སུ་གྲོལ་བ་ལ་བརྩོན་པ། གཡོ་མྱེད་ཅིང་སྒྱུ་མྱེད་པའི་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་བསྒོམ་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་གང ་ཡིན་པའི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཕུང་པོ་འདི་ཉིད་དེ་བས་ཆེས་ཡང་སྟེ། ཚངས་པ་བསོད་ནམས་ཀྱི་ཕུང་པོ་དེ་ནི། བྱང་ཆུབ་སེམས་དཔའི་དེའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མྱི་ཕོད་པ ་རས་རྒྱུའི་བར་དུ་ཡང་མྱི་བཟོད་དོ།། སྲེད་མྱེད་ཀྱི་བུ་དེ་ལྟར་ན་སེ།། མས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན།། རྗེས་ཀྱི་རྡོ་རྗེས་ཀྱི་ཕུང་པོ་ནི་དཔག་ཏུ་མྱེད་པ་ཡིན་ཏེ། སྲེད་མྱེད་ཀྱི ་བུ་རྣམ་གྲངས་འདིས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ངག་གིས་བླ་ན་མྱོང་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བསྐྱེད་པར་འགྱུར་བ་དེ་དག་ཀྱིས་བསོད་ནམས ་ཐམས་ཅད་ཡོངས་སུ་བསྡུས་པ་དེ་ལྟར་རིག་པར་བྱ་སྟེ། སྲེད་མྱེད་ཀྱི་བུ་འདི་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལ་འཇུག་པ་གཉིས་པའོ།། སྲེད་མྱེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཤར་ཕྱོགས ་སུ་འཇིག་རྟེན་གི་ཁམས་ཇི་སྙེད་ཅིག་ཡོད། ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་བཅུའི་འཇིག་རྟེན་ཀི་ཁམས་ཇི་སྙེད་གཅིག་ཡོད། བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས་གསོལ་པ། ་བཅོམ་ལྡན་འདས་དཔག་ཏུ་མ་མཆིས་སོ།། བདེ་བར་གཤེགས་པ་དཔག་ཏུ་མ་མཆིས་སོ།། ཕྱོག་བཅུའི་འཇིག་རྟེན་གི་ཁམས་དེ་དག་ནི་བརྗོད་པ་འམ་བརྡ་སྤྲད་པར་རྡོ་མྱོ་ཐོག་ལགས་སོ།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་ད་པ། ཕྲེད་མྱེད་ཀྱི་བུ་གལ་ཏེ་དཔེར་བླང་བ་བསྟནད་པས། བསྟནད་པ་འབུམ་གྱི་བར་དུ་བསྟན་པས། བསྐལ་པ་འབུམ་གྱི་བར་དུ་བསྟན་དུ་ཟིན་ཀྱང་། ཕྱོགས་བཅུའི་འཇིག་རྟེན་གེ། ་ཁམས་ཇི་སྙེད་ཡོད་པ་ནི་བསྟན་པར་སླ་བ་མ་ཡིན་ནོ།། སྲེད་ཀྱི་བུ་འོད་ཀྱང་དོན་འདི་ཉིད་བརྡ་སྤྲད་པ་དང་། བསོད་ནམས་ཐམས་ཅད་བསྡུ་བའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་བསོད་ནམས ་འདོད་པ་རྗེས་བྱེར་ཞིང་འབོགས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་སེམས་ཅན་གྱི་བརྩོན་འགྲུས་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ངས་ཁྱོད་ལ་དཔེས་བསྟནད་ཏོ།། སྲེད་མྱེད་ཀྱི་བུ་དཔེར་ན། ་མྱིལ་ལ་ཞིག་གིས་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམ་ས་འདི་ཆུའི་ཕུང་པོ་ཡང་སྲིད་པའི་རྩེ་མོ་མན་ཅད་ཡོངས་སུ་ཉུངས་འབྲུས་གང་བར་བྱས་ལ། སྲེད་མྱེད་ཀྱི་བུ་དེ་ལས་ཤར་ཕྱོགས ་སུ་ཡུངས་འབྲུ་དེ་དག་ཇི་སྙེད་པ་དེ་སྙེད་གི་ཁམས་འདས་ནས་ཡུངས་འབྲུ་གཅིག་བོར་ཏེ། དེ་ལྟ་བུའི་ཚུལ་གྱིས་ཡུངས་འབྲུ་དེ་དག་ཐམས་ཅད། ཡོངས་སུ་ཟད་པར་བྱས་ཀྱང་། ཤར་ཕྱོགས་ཀྱི་འཇིག་རྟེན་གི་ཁས ་རྣམས་ཀྱི་མཐའ་རྟོགས་པར་མྱི་ནུས་སོ།། ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་བཅུའི་ཀུན་ཏུ་སྦྱར་རོ།། སྲེད་མྱེད་ཀྱི་བུ་གལ་ཏེ་འཇིག་རྟེན་གི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཡུངས་འབྲུས ་ཡོངས་སུ་གང་བར་གྱུར་ད་ལ། དེ་ལས་མྱ་ལ་ལ་ཞིག་གིས་ཡུངས་འབྲུ་རེ་རེ་ཡང་། ཡུངས་འབྲུ་དེ་དག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཆར་གསེས་ན། སྲེད་མྱེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཡུངས་འབྲུའི་ཆ་གསེས་པ་དེ་དག ་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་ནུས་སམ། བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས་གསོལ་ད་པ། བཅོམ་ལྡན་འདས་ཡུངས་འབྲུ་གཅིག་གི་ཚེ་གསེས་པའི་ཕྱོགས་གང་ལགས་པ་དེ་ཡང་། གླིང་བཞི་པའི་སེམས་ཅན་ཐམས ་ཅང་ཤ་རིའི་བུ་དང་འདྲ་བར་གྱུར་ད་པས་ཀྱང་། བསྐལ་པར་ཡང་རྟོགས་པར་རྔོ་མྱི་ཐོག་ལགས་ན། ཡུངས་འབྲུའི་ཆ་གསས་པ་ཐམས་ཅད་ལྟ་སྨོས་ཀྱང་མྱི་འཚལ།། སྲེད་མྱེད་ཀྱི་བུ་མྱི་ལ་ལ་ཞིག་གཱི། ཤར་ཕྱོགས་ཀྱི་ཡུངས་འབྲུའོ། ་ཆ་གསེས་པ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་ག་ཁམས་འདས་ནས་ཡུངས་འབྲུལ་ཆ་སེམས་པ་རེ་རེ་བོར་ཏེ། སྲེད་མྱེད་ཀྱི་བུ་དེ་ལྟ་བུའི་ཚུལ་གྱིས་ཡུངས་འབྲུའི་ཆགསེས་པ་ཐམས་ཅད་ཟད་པར་བྱས་ཀྱང་། ཤར་ཕྱོགས་ཀྱི་འཇིག ་རྟེན་གི་ཁམས་རྣམས་ཀྱིམཐའ་རྟོགས་པར་མྱི་ནུས་སོ།། ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་གི་ཕྱོགས་བཅུའི་ཀུན་ཏུ་ཡང་དེ་བཞིན་དུ་སྦྱར་རོ།། སྲེད་མྱེད་ཀྱི་བུ་དེ་ལྟར་ཕྱོགས་བཅུའི་འཇིག་རྟེན ་གི་ཁམས་ནམ་མཁས་ཡོངས་སུ་ཁྱབ་པ་དེ་སྙེད་པ་དེ་དག་ཐམས་ཅད་མྱི་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང་བར་བྱས་ཏེ། སྦྱིན་པ་བྱིན་ན། སྲེད་མྱེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། མྱི་དེ་བཞི་དེ་ལས་བསོད ་རམས་མང་དུ་བསྐྱེད་དམ།། བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས་གསོལ་བ། བཅོམ་ལྡན་འདས་དཔག་ཏུ་མ་མཆིས་སོ།། བདེ་བར་གཤེགས་པྲ་དཔག་ཏུ་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ ་སཱ་ལང་པ། སྲེང་མྱེད་ཀྱི་བུ་དེ་ལྟ་བུའི་སྦྱིན་པ་ལས་བྱུང་བའི་བསོད།། རབས་ཀྱི་ཕུང་པོ་བསྡུས་པ་གང་ཡིན་པ་དེ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་ཐས ་པ་ཕུན་གསུམ་ཚོགས་པ། གཡོ་མྱེད་པོ། སྒྱུ་མྱེད་པ།། སེམས་ཅད་ཐམས་ཅད་ཡོངས་སུ་གྲོལ་བ་བརྩོན་པའི་སྙིང་རྗེ་ཆེན་པོ་དང་། བྱཿས་པ་ཆེན་པོ་བསྒོམ་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ ་སྔ་མོའི་བརྒྱའི་ཆར་ཡང་མྱི་ཕོད་པ་ནས་རྒྱུའི་བར་དུ་ཡང་མྱི་བཟོད་དོ།། སྲེད་མྱེད་ཀྱི་བུ་དཔེར་ན། གཟུགས་ཀྱི་རྣམ་པ་ནམ་མཁའ་ཁམས་ཀྱིས་མ་ཁྱབ་པ་ཅི་ཡང་མྱེད་པ་དེ་བཞིན་དུ། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བྱམས་པ་དེས་ནི། ཕྱོགས་བཅུའི་འཇིག་རྟེན་གི་ཁམས་ཇི་སྙེད་ཡོད་པ་དང་། སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་དེ་དག་མ་ཁྱབ་པ་གང་ཡང་མྱེད་དེ། འཇིག་རྟེན་གི་ཁམས་དེ ་དག་ན། སེམས་ཅན་འཁོད་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་བྱམས་པས་ཡོངས་སུ་ཁྱབ་པོ།། འཇིག་རྟེན་གི་ཁམས་དེ་དག་ན་སེམས་ཅན་གང་དག་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད ་ཨས་འཁོར་ལོས་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུརྡ་ཏམ། དེ་བཞིན་དུ་བརྒྱ་བྱིན་གྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུརང་ཏམ། དེ་བཞིན་དུ་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་། ་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ལ་ཞུགས་པ། གཡོ་མྱེད་པ།། སྒྱུ་མྱེད་པ།། སེམས་ཅན་ཡོངས་སུ་དགྲོལ་བ་ལ་བརྩོན་པ། སྙིང་རྗེ་ཆེན་པོ་ལ་ཞུགས་པ་བྱམས་པ་ཆེན་པོ་ལ་གནས་པའི་གོམ་པ་བདུན་ལ་འམ ་རམས་ཀྱི་ཕུང་པོ་བསྡུས་པ་གང་ཡིན་པ་དེ་ནི། དེ་བས་ཆེས་མང་སྟེ།། སེམས་ཅན་ཐམས་ཅད་འཁོར་ལོས་བསྒྱུར་བ་དང་། བརྒྱ་བྱིན་དང་། ཚངས་པའི་བསོད་ནམས་དང་ལྡན་པར་གྱུར་དྲ་བའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་མ་ཡིན ་མོ།། སྲེད་མྱེད་ཀྱི་བུ་འདི་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལ་འཇུག་པ་གསུམ་པའོ།། སྲེད་མྱེད་ཀྱི་བུ་གཞན་ཡང་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་སུ་རྟོགས་པའི ་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་འཁོར་ལོས་བསྒྱུར་བ། དང་། མཉམ་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་།། དེ་དག་ཐམས་ཅད་ནི་བརྒྱ་བྱིན་གྱིས་བསོད་ནམས་ཀྱི་ཕུང་པོ་བརྒྱའི ་ཆར་ཡང་མྱི་ཕོད་པས་ན། རྒྱུའི་བར་དུ་ཡང་མྱི་བཟོད་དོ།། སྲེད་མྱེད་ཀྱི་བུ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་ཀ་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བརྒྱ་བྱིན་དང་མཉམ་པའི་བསོད་ནས། ་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་། དེ་དག་ཐམས་ཅད་ནི་ཚངས་པ་ཆེན་པོའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མྱི་ཕོད་པས་ར། རྒྱུའི་བར་དུ་ཡང་མྱི་བཟོད་དོ།། སྲེད་མྱེད་ཀྱི་བུ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག ་རྟེན་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཚངས་པ་ཆེན་པོ་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་།། དེ་དག་ཐམས་ཅད་དགེ་བསྙེན་ནག་པོའི་མཆོག་གི་བསོད་ནམས་ཀྱི་ཕུང་པོའི ་བརྒྱའི་ཆར་ཡང་མྱི་ཕོད་པས་ན། བརྒྱའི་བར་དུ་ཡང་མྱི་བཟོད་དོ།། སྲེད་མྱེད་ཀྱི་བུ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་དགེ་བསྙེན་ནག་པོའི་མཆོག་དང་མཉམ་པའི ་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་།། དེ་དག་ཐམས་ཅད་མིཤ་རིའི་བུའི་ཤེས་རབ་དང་ཡེ་ཤེས་དང་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མྱི་བོད་པ་ནས།། རྒྱུའི་བར་དུ་ཡང་མྱི་བཟོང་ངོ་།། སྲེད་བྱེད་ཀྱི་བུ། ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཤ་རིའི་བུ་དང་། མཉམ་པའོ་ཤེས་རབ་དང་། ཡེ་ཤེས་དང་། བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་། དེ་དག་ཐམས་ཅད ་མི་རང་སངས་རྒྱས་གཅིག་གོ་ཞེས་རབ་དང་། ཡེ་ཤེས་དང་། བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་ཀྱི་བོང་བ་ནས།། རྒྱུའི་བར་དུ་ཡང་མྱི་བཟོད་ངོ་།། སྲེད་མྱེད་ཀྱི་བུ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཀྱི ་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རང་སངས་རྒྱས་ཀྱི་ཤེས་རབ་དང་། ཡེ་ཤེས་དང་། བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་དེ་ནས་ཀྱང་དེ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ཆེན་པོ ་ངེས་པར་བྱུང་ནས་བསྐལ་པ་ལྔ་བརྒྱ་ལོན་པོའི་ཤེས་རབ་དང་། ཡེ་ཤེས་དང་། བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མྱི་ཕོད།། པ་ནས། རྒྱུའི་བར་དུ་ཡང་མྱི་བཟོད་དོ།། ཐམས་ཅད་ལ་དེ ་བཞིན་དུ་སྦྱར་ཏེ། སྲེད་མྱེད་ཀྱི་བུ་འདི་ནི་བསོད་ནས་མས་ཅད་བསྡུ་ས་པའི་ཏིང་ངེ་འཛིན་ལ་འཇུག་པ་བཞི་པའོ།། བསྟན་པ་འདི་བཤད་པ་ན། མྱི་སུམ་ཁྲི་ཉི་སྟོང་གྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས ་པོའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདི་ཡང་རྣམ་པ་དྲུག་པུགཡོས་སོ།། ལྷ་དང་མྱིའི་སིལ་སྙན་དག་ཀྱང་སྲོག་གོ།། ལྷ་དང་མྱིའི་མྱེ་ཏོག་གི་སྤྲི་དག་ཀྱང་བབ་སྟེ། ་མེ་ཏོག་གི་སྤྲོ་དེ་དག་གིས་སོ་ཆེན་པོ་འདི་པུས་མོ་ནུབ་ནུབ་ཙམ་དུ་བཀྲམ་མོ།། ལྷ་དང་། ཀླུ་དང་། གནོད་སྤྱོད་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱ་འམ་ཅི་དང་། ལྟོ་ཕྱེ་ཆེན་པོ་དང ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་ཐམས་ཅད་ཀྱིས་ཀྱང་།། ཚིག་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་སེམས་བསྐྱེད་པ་དང་། བསྐྱེད་པར་གྱུར་པ་གང་ལགས་པ་དེ་དག་གིས་ནི་བདག་ཅག་ཟིལ་གིས་གནོན་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་སེམས་ཅན་དེ་དག་གི་དོན་བགྱིད་པ་ལགས་སོ།། བཅོམ་ལྡན། ་འདས་ཀྱིས་གསུངས་པའི་དོན་བདག་ཅག་གིས་འཚལ་བར་བལྟར་ན། སེམས་ཅན་གང་སུ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མ་ཞུགས་པ་དེ་དག་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལས ་མངོན་པར་བྱུང་བ་ཡང་མ་ལགས། དེ་དག་ཐམས་ཅད་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ལ་ཡང་དག་པར་གཞོལ་བ་ཡང་མ་ལགས་ཀྱི།། བཅོམ་ལྡན་འདས་ཀད་ཀྱིས་བླ་ན་མྱེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ཐམས་ཅད་ནི། བསོད་ནམས་ཐམས་ཅད་བསྡུས་པོའི་ཏིང་ངེ་འཛིནད་ལས་མངོན་པར་བྱུང་བ་ཡང་མ་ལགས། དེ་དག་ཐམས་ཅད་ནི་བསོད་ནམས་ཐམས་ཅད་བསྡུས་པའི ་ཏིང་ངེ་འཛིན་ལ་ཡང་དག་པར་གཞོལ་བ་ཡང་མ་ལགས་སོ།། ལེའུ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་ལ་ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟ་བརྗིད ་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བགྱིད་པའི་ཆོས་རྣམས་གང་ལགས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཆེན་པོ་ཆེ་ཆེན་པོ ་དྲིམ་བྱེད་པའི་གཟི་བརྗིད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བྱེད་པའི་ཆོས་གཅིག་སྟེ། གཅིག་གང་ཞེན། འདི་ལྟ་སྟེ། ཐམས་ཅད་མཁྱེནད་པ་ཉིད ་ཀྱི་སེམས་མྱི་གཏོང་བ་སྟེ། རིགས་ཀྱི་བུ་ཆོས་གཅིག་པོ་འདི་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོས་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར ་བྱེད་པའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། མཉམ་པའི་ཆོས་ཡོངས་སུ་ཚོལ་བས་ཆོས་མྱི་ཤེས་པ་དང་། ཇི་ལྟར་ཐོས་པའི་ཆོས་ལ་ཚུལ་བཞིན་དུ་སོ་སོར་རྟོག་སྟེ།། རིགས་ཀྱི་བུ་ཆོས་འདི་གཉིས་ནི་བསོད་ནམས ་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པོའི་ཏིང་ངེ་འཛིན་འདི་ཐོབ་པའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྡིག་པ་ཐམས་ཅད ་ཡོངས་སུ་སྤོང་བ་དང་། དགེ་བའི་ཆོས་རྣམས་མངོན་པར་འདུ་བྱེད་པ་དང་། ཡོངས་སུ་བསྔོ་བ་ལ་མཁས་པ་སྟེ། རིགས་ཀྱི་བུ་ཆོས་གསུམ་པོ་དེ་དག་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བྱེད་པའོ།། ་རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛི་དང་འདི་ཐོབ་པར་བྱེད་པའི་ཆོས་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ལྟ་བ་ཡོངས་སུ་དག་པ་དང་། སེམས ་ཡོངས་སུ་དག་པ་དང་། ཤེས་རབ་ཡོངས་སུ་དག་པ་སྟེ། རིགས་ཀྱི་བུ་ཆོས་བའི་པོ་དེ་དག་མི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བྱེད་པའོ།། རིགས་ཀྱི་བུ་གཞན་ཡང་བསོད་ནམས ་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བྱེད་པའི་ཆོས། ལྔ་སྟེ། ལཱྀ་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པས་བྱང་། ཆུབ་ལ་ཞུགས་པ་དང་། རྟག་ཏུ་བདེན་པའི་ཚིག་སྨྲ་བ་དང་། གཡོ ་མྱེད་པ་དང་། ཕྲ་དོག་མྱེད་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་སྟེ།། རིགས་ཀྱི་བུ་ལྔ་པོ་དེ་དག་ནི་བསོད་ནམ་ས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིནད་འདི་ཐོབ་པར་བྱེད་པའོ།། ་རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བྱེད་པའི་ཆོས་དྲུག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། སྡིག་པའི་གྲོགས་པོ་ཡོངས་སུ ་སྤང་བ་དང་། ཚོགས་ཀྱི་ཁ་མྱི་འདྲེན་པ་དང་། དབེན་པའི་གནས་ན་གནས་པ་དང་། བྱམས་པ་ཆེན་པོ་མྱི་གཏོང་བ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་དང་ལྡན་པ་སྟེ། རིགས་ཀྱི་བུ་ཆོས་དྲུག་པོ་དེ་དག་ནི། བསོད ་རྣམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བྱེད་པའོ།། རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བྱེད་པའི་ཆོས་བདུད་སྟེ། བདུན་གང་ཞེ་ན། འདི་ལྟ་སྟེ། ་ཞི་གནས་ཡོངས་སུ་ཚོལ་བ་དང་། སྦག་མཐོང་ལ་མཁས་པ་དང་། རྒྱུ་ཡོངས་སུ་ཤེས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། ཡང་དག་པར་བསྒྲུབ་པ་དང་། ལམ་གི་ཚོགས་ཡོངས་སུ་ཆོས ་བ་དང་། ལམ་བསྒོམ་པའི་ལེ་ལོ་མྱེད་པ་སྟེ། རིགས་ཀྱི་བུ་བདུན་པོ་དེ་དག་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བྱེད་པའོ།། རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི ་ཏིང་ངེ་འཛིན་དེ་འདི་ཐོབ་པར་བྱེད་པའི་ཆོས་བརྒྱད་དེ།། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ལུས་ལས་སུ་རུང་བ་ཉིད་དང་། སེམས་ལས་སུ་རུང་བ་ཉིད་དང་། ཚོར་བ་ལ་སོ་སོར་རྟོག་པ་ཉིད་དང་། ཆོས་ལ་རྗེས་སུ་ལྟ་བ་ཉིད ་དང་། སྡིག་པ་མྱི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མྱི་བསྐྱེད་པ་དང་། སྡིག་པ་མྱི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་ཀུན་ནས་བསྲུང ་ཞིང་ཡོངས་སུ་སྦྱོང་བ་སྟེ། རིགས་ཀྱི་བུ་ཆོས་བརྒྱད་པོ་དེ་དག་ནི། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བྱེད་པའོ།། རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས ་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བྱེད་པའི་ཆོས་དགུ་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། འདས་པ་མྱི་ཟད་པའི་ཆོས་ཉིད་དང་། མ་འོངས་པ་མྱི་ཟད་པའི་ཆོས་ཉིད་དང་། ད་ལྟར་བྱུང་བ་མྱི་ཟད ་པའི་ཆོས་ཉིད་དུ་སོ་སོར་རྟོག་པ་དང་། སྒྱུ་མའི་ཆོས་ལ་སོ་སོར་རྟོག་པ་དང་། དུས་གསུམ་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་དང་། ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་བཟོད་པ་དང་ལྡན་པ་དང་། སྟོང་པ་ཉིད ་མྱི་སྤོང་བ་དང་། མཚན་མ་མྱེད་པ་རྣམ་པར་བསྒོམས་པས་སྨོནད་པ་མྱེད་པ་དང་བྲལ་བ་དང་། བསམས་བཞིན་དུ་སྲིད་པར་སྐྱེ་བ་སྟེ། རིགས་ཀྱི་བུ་ཆོས་དགུ་པོ་དེ་དག་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ ་འཛིན་འདི་ཐོབ་པར་བྱེད་པའོ།། རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བྱེད་པའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བདག་མྱེད་པ་ལ་མོས་པ་དང་། ་ཐོག་མྱེད་པ་ལ་བཟོད་པ་དང་། གང་ཟག་མྱེད་པ་ལ་གཅིག་དུ་ངེས་པ་དང་། མྱི་རྟག་པ་ལ་ཡིད་ཆེས་པ་དང་། སྐྱེ་བ་ཐམས་ཅད་ལ་སེམས་ཅན་དམྱལ་བར་འདུ་ཤེས་པ་དང་། ཕུང་པོ་རྣམས་ལ་གཤེད་མར་འདུ་ཤེས ་པ་དང་། ཁམས་རྣམས་ལ་སྤྲུལ་གདུག་པར་འདུ་ཤེས་པ་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པར་འདུ་ཤེས་པ་དང་། སྲིད་པ་རྣམས་ལས་ངེས་པར་འབྱུང་བའི་འདུ་ཤེས་པ་དང་། རྣམ་པར་ཐ་རད་པའི་སྒོ་རྣམས་ལས ་ངེས་པར་འདུ་ཤེས་པ་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་འདི་དག་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ད་འདི་ཐོབ་པར་བྱེད་པའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཆེན་པོ་ཆེ་ཆེན ་བོ་དྲ་མེ་མྱེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ངོ་ཏོ།། བཅོམ་ལྡན་འདས་བསོད་ནམས་ཀྱི་ཚོགས་ཡང་དག་པར་བསྡུ་བར་ལྭ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད ་རམས་ཐམས་ཅད་བསྡུས་ཏེ་ཏིང་ངེ་འཛིན་འདི་ཉད་པར་བགྱིའོ།། བསོད་ནམས་བསགས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་ཐམས་ཅད་བསྡུས་པ ་ཏིང་ངེ་འཛིནད་འདི་མཉན་པར་བགྱིའོ།། མོས་པར་བགྱིའོ།། བསོད་རྣམས་མྱི་ཟད་པ་ཐོབ་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན ་འདི་ཐོབ་ན་པར་བགྱི། མོས་པར་བགྱིའོ།། བསོད་ནམས་ཀྱི་ཟད་པ་ཐོབ་པར་འཆལ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིདང་འདི་ལ་བརྩོད་པར་བགྱིའོ།། བསོད་ནམས་རྒྱ་མཚོ་ལ་ཐོབ་པར ་འཆལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་འདི་ལ་གཟུང་བར་བགྱི་བ། བཅང་བར་བགྱི། ཀླག་པར་བགྱི། བཀང་བར་བགྱིའོ།། བསོད་ནམས་བརྒྱའི་མཆོད་ཡོངས་སུ་གཟུང་བར་འཚལ ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་འདི་བསྒོམ་པའི་རྣལ་འབྱོར་ད་ལ་བརྩོན་པར་བགྱིའོ།། དེ་ནས་ཡང་བཅོམ་ལྡན་འདས་ལ་ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་བརྩོན་པ་འདི་ལྟ་སྟེ། བསོད་ནམས་མྱི་ཟད་པ་དང་། བསོད་ནམས་རྒྱ་མཚོ་དང་། བསོད་ནམས་བསམ་གྱིས ་མྱི་ཁྱབ་པ་དང་། བསོད་ནམས་བསྩོགས་པ་དང་། བསོད་ནམས་བརྒྱའི་མཚན་ཀྱིས་ཆོས་འདི་དག་ཇི་ལྟར་ཡོངས་སུ་རྫོགས་པར་བགྱིད་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཆེན་པོ་ཆེ་ཆེན་པོ ་དྲི་མ་མྱེད་པའི་གཟི་བརྗིད་ལ་འདི་སྐད་ཅེས་བཀའ་སྩལ་ད་ཏོ།། རིགས་ཀྱི་བུ་གསུམ་པོ་འདི་དག་ནི་བསོད་ནམས་ཉེ་བར་རྟོན་པ་དང་། བསོད་ནམས་ཀྱི་ཚོགས་དང་། བསོད་ནམས་འདུ་བ་དང་། བསོད་ནམས་རྒྱས ་པ་དང་། བསོད་ནམས་མྱི་ཟད་པ་དང་། བསོད་ནམས་བསམ་གྱི་དས་མྱི་ཁྱབ་པ་དང་། བསོད་ནམས་རྒྱ་མཚོ་ཡིན་ཏེ། གསུམ་གང་ཞེ་དན། འདི་ལྟ་སྟེ། སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས ་དང་། ཐོས་པའི་ཚོགས་སོ།། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེ། མས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཚོགས་ལ་ཇི་ལྟར། བརྩོན་པར་བྱ་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོས་དངོས་པོ་གང་ལ་དེའི་གཏོང་བའི་སེམས་མྱི་སྐྱེ་ཞིང་། གཏོང་བའི་བློ་མྱི་འབྱུང་བའི་དངོས་པོ་དེ་བླང་བར་མྱི་བྱའོ།། ཡོངས་སུ་གཟུང་བ་གང་ལ་བཏང་བའི་སེམས་མྱི་སྐྱེ་བའི་ཡོངས ་སུ་བཟུང་བ་དེ་ཡོངས་སུ་བཟུང་བར་མྱི་བྱའོ།། གང་ལ་བསླང་བ་རྣམས་ཀྱིས་བསླངས་ན། ཡོངས་སུ་འཛིན་པའི་བློ་སྐྱེ་བའི་གཡོག་འཁོར་དེ་བཟུང་བར་མྱི་བྱའོ།། དངོས་པོ་གང་ལ་བསློང་བ་རྣམས་ཀྱིས་བསླངས་ནས ་བྱང་ཆུབ་སེམས་དཔའ་མྱི་གཏང་བའི་བློ་སྐྱེ་བར་གྱུརྡ་པའི་རྒྱལ་སྲིད་དེ་བླང་བར་མྱི་བྱའོ།། ལོངས་སྤྱོད་དེ་དག་དང་། ནོར་དེ་དག་དང་། རྫས་དེ་དག་དང་། རིན་པོ་ཆེ་དེ་དག་བླང་བར་མྱི་བྱ་བ་ནས། དེ་ལྟ་བུའི་དངོས་པོ ་ཡང་རུང་བའི་བར་བླང་བར་མྱི་བྱའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། བདག་གི་ལུས་འདི་ཡང་སེམས་ཅན་ཐམས་ཅད་ལ་བཏང་སྟེ། ་ཡོངས་སུ་བཏང་ན། ཕྱི་རོལ་གྱི་དངོས་པོ་རྣམས་ལྟ་ཅི་སྨོས་སྙམ་དུ་སེམས་བསྐྱེད་པར་བྱའོ།། གཞན་ཡང་སེམས་ཅན་གང་དང་གང་ལ་དངོས་པོ་གང་དང་གང་གིས་དགོས་པོ་གང་དང་གང་བྱེད་པར་འགྱུར་བ་དེ་ཡོད་ན། དེ་དང་དེ ་ལ་དེ་དང་མྱི་དགའ་བ་མྱེད་པ་དང་། འགྱོད་པ་མྱེད་པར་སྦྱིན་པར་བྱ་སྟེ། ལག་པ་འདོད་པ་རྣམས་ལ་ལག་པ་ཡང་སྦྱིན་མོ།། རྐང་པ་འདོད་པ་རྣམས་ལ་རྐང་པ་དང་། མྱིག་འདོད་པ་རྣམས་ལ་མྱིག་ཀྱང་སྦྱིན་ནོ།། ཤ་འདོད ་པ་རྣམས་ལ་ཤ་དང་། ཁྲག་འདོད་པ་རྣམས་ལ་ཁྲག་དང་། རྐང་འདོད་པ་རྣམས་ལ་རྐང་དང་། ཡན་ལག་དང་ཉིང་ལག་འདོད་པ་རྣམས་ལ་ཡན་ལག་དང་ཉིན་ལག་དང་། མགོ་བོ་འདོད་པ་རྣམས་ལ་འོག་པོ་ཡོངས་སུ་གཏོང ་བྱ་ན། ཕྱི་རོལ་གི་དངོས་པོ་འདི་ལྟ་སྟེ། ནོར་དང་འབྲུ་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་དང་། རྒྱན་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། གཞོན་པ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། ཚོ།། ར་འདུས་དང་། རི་འོར་བ་དང་། བྲན་དང་། བྲན་མོ་དང་། ལས་བྱེད།། པ་དང་བུ་དང་། བུ་མོ་དང་། ཆུང་མ་དང་། འཁོར་རྣམས་ལྟ་ཙཾ ་སྨོས།། གཞན་ཡང་སེམས་ཅན་གང་དང་གང་ལ་གང་དང་གང་ན་ས་དོན་བྱེད་པར་འགྱུར་བ་དེ་དང་དེ་ཡོད་ན།། དེ་དང་དེ་ལ་དངོས་པོ་དེ་སྤྱི་ན་པར་བྱ་སྟེ།། མྱི་དག་པ་མྱེད་པ་དང་། འགྱོད་པ་མྱེད་པ་དང་། ་རྣམ་པར་སྦྱོར་བ་ལ་མྱི་རི་བར་ཡོངས་སུ་བཏང་བར་བྱའོ།། མྱི་ལྟ་བར་སྦྱིན་པར་བྱའོ།། གཞན་དུ་ན་སེམས་ཅད་ལ་ཕར་གདགས་པ་དང་། སེམས་ཅད་ལ་སྙིང་རྗེ་བ་དང་། སེམས་ཅན་ལ་སྙིང་བརྩེ་བ་དང་། སེམས་ཅན ་དེ་དག་ཉིད་བསྡུས་པའི་ཕྱིར་བྱ་བར་ཟད་།། བདག་གིས་བྱང་ཆུབ་ཐོབ་པ་ཡ།། ཅིརས་སེམས་ཅད་འདི་དག་ཆོས་ཀུན་རྟོགས་པར་གྱུར་ད་ཅིག་སྙམ་དུ་སེམས་བསྐྱེད་པར་བྱའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ ་གང་སུ་དག་ཇི་ལྟར་སེམས་བསྐྱེད་པར་བྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། རིགས་ཀྱི་བུ་གཞར་ཡང་བྱང་ཆུབ་སེམས་དཔའ་ནི་ལུས་དང་སྲོག་ལ་ཡང་མྱི་ལྟ་བ་ཡིར་ཏེ།། དེ་ནི་སྲོག་གི་ཕྱིར་ཡང་སྡིག་པའི་ལས ་མངོན་པར་འདུ་མི་བྱེད་དོ།། ལུས་རྟས་པར་བྱ་བའི་ཕྱིར་ཡང་བའི་འཚོ་བས་འཚོ་བར་གྱི་བྱེད་དོ།། ང་སྲོག་ཀྲི་ཕྱིར་ཡང་གཞན་ལ་སློང་པོ་རྒྱ་བྱེད་དོ།། ལོངས་སྤྱོད་ཀྱི་ཕྱིར་མྱི་དགེ་བ་མངོད་པར་འདུ་མྱི ་བྱེད་དོ།། གཡོག་འཁོར་གི་ཕྱིར་ཡང་བརྩོད་པ་དང་འཐབ་མོ་བསློང་བར་མྱི་བྱེད་དོ།། ཆུང་མ་དང་། བུ་དང་། བུ་མོ་རྣམས་ཀྱི་ཕྱིར་ཡང་གཞན་དགྲ་ལ་འདྲིང་བར་མྱི་བྱེད་དོ།། གཞན་གི་ལོངས་སྤྱོད་དག་ལ་ཡང་རྔུབ ་སེམས་བསྐྱེད་པར་མྱི་བྱེད། སེར་སྣའི་སེམས་བསྐྱེད་པར་མྱི་བྱེད་དོ།། དེ་འདོད་པ་ཉུང་སྟེ། སེམས་བསྐྱེད་པ་གཅིག་ཀྱང་དགེ་བ་དང་མྱི་ལྡན་པར་བསྐྱེད་པར་མྱི་བྱེད་ན། མང་པོ་ལྟ་ཅི་སྨོས།། དེ་དེ་ལྟར་བརྗོན་འདོད་ཆེན་དང ་ཆགས་པར་སྤོང་བར་འགྱུར་རོ།། འདོད་ཆེན་དང་། ཆགས་པ་སྤངས་རས་བཙལ་བར་བྱ་བ་ཚོལ་བར་མྱི་བྱེད་དོ།། བཙལ་བར་བྱ་བ་མྱ་འཚོལ་ན་ཡང་དག་པར་བརྩོལ་བར་མྱི་འགྱུར་རོ།། ཡང་དག་པ་ལ ་བརྩོན་ན་ཡང་དག་པར་འགྲོ་བ་ཐོབ་པར་འགྱུར་རོ།། ཡང་དག། པར་སོང་ན་ཡང་དག་པར་བསྒྲུབ་པ་ལ་གནས་པར་འགྱུར་རོ།། ཡང་དག་པ་ལ་ཞུགས་ན། ཡང་དག་པའི་དགེ་བའི་བཤེས་གཉེན ་རྣམས་མཉེས་པར་བྱེད་དོ།། ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་མཉེས་པར་བྱས་ནས། སྟེན་པར་བྱེད།། འགྲོག་པར་བྱེད། བསྙེན་བཀུར་བྱེད་དོ།། དེ་དགེ་བའི་བཞེས་གཉེན་རྣམས་དང་། བསྟེན ་ཅིང་འགྲོགས་པ་བསྙེན་བཀུར་བྱེད་ན། དགེ་བའི་བཤེས་གཉེན་རྣམས་ལས་ཡང་དག་པར་ངེས་པའི་ཆོས་རྣམས་ཐོས་པར་འགྱུར་རོ།། ཐོས་ནས་ཀྱང་བསྒྲུབ་པར་བྱེད་དོ།། དེ་ཡང་དག་པའི་ཆོས་ལ་ཞུགས་ནས་ལོག་པར ་བསླབ་པ་ལ་གནས་པའི་སེམས་ཅན་རྣམས་ཀྱི་དོན་ཐམས་ཅད་བྱེད་དོ།། དེ་སེམས་ཅན་གི་དོན་ལ་བརྩོན་ན། མྱི་རིགས་པར་ལྟུང་བར་མྱི་འགྱུར་རོ།། དེ་རིགས་པ་ལ་ཞུགས་ན་འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་དབང ་པོ་མ་ཆོག་དང་། མཆོག་མ་ཡིན་པར་ཤེས་པ་དང་། ཚུལ་མ་ཡིན་པ་ལ་མཁས་པ་ཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ལྟརར་སྦྱིན་པའི་ཚོགས་ལ་སྤྱོད་པའི་བྱང་ཆུབ་སེམས་དཔལ་རྣམས་ནི་ཡོན་ཏན་གི་ཁྱད་པར་དེ་ལྟ་བུ ་ངག་ཐོབ་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ནང་དང་ཕྱི་རོལ་གི་ཆོས་རྣམས་ལ་གཅིག་གི་འདུ་ཤེས་བསྐྱེད་པར་བྱའོ།། གཉིས་ཀྱི་འདུ་ཤེས་བསྐྱེད་པར་མྱི་བྱ་སྟེ། ་རང་གི་སའི་ཁམས་གང་ཡིན་པ་དང་། ཕྱི་རོལ་གྲི་སའི་ཁམས་ཡིན་པ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། ལུས་འདི་ནི་རྩ་དང་། ཤིང་དང་། རྩིག་པ་དང་། ལམ་སྣང་བ་དང་འདྲ་སྟེ། ་སྤྱོད་པ་མྱེད་པ། བྱེད་པ་མྱེད་པ།། སེམས་པ་མྱེད་པ། སྙིང་པོ་མྱེད་པ། ཁམས་ཀྱིས་བསྡུས་པ་ཡིན་པའི་ཕྱིར་རོ།། གལ་ཏེ་འདི་ལ་ལ་ཞིག་གིས་བཅད་དམ། གཏུབས་སམ། དབྱུགས་པ་འམ། མཚོན་ནམ ་ཤིང་ངམ། བོང་བས་བསྣུན་ཀྱང་རུང་སྟེ། དེ་ལ་བདག་གིས་ཚོར་བའི་རྣམ་པར་རིག་པ་བསྐྱེད་པར་མྱི་བྱའོ།། ལུས་ལ་བལྟ་བར་མྱི་བྱའོ།། སེམས་ཅན་དེ་དག་ལ་ཡང་ཐ་བ་དང་།། སྡང་བའི་སེམས་བསྐྱེད་པར ་མྱི་བྱའོ།། སྙམ་པོའི་སྟེང་དུ་ངེས་སེམས་ཅན་དེ་དག་ལ་བྱམས། པའི་སེམས་བསྐྱེད་པར་བྱའོ།། རིགས་ཀྱི་བུ་དཔེར་མ། སྨན་དེ། ཤིང་ལྗོན་པ་ནི་རྩ་བ་ལས་ཁྱེར་རམ། སྡོང་པོ་འམ། ཡལ་ག་འམ། ་ཤུན་པགས་ཨམ། ལོ་མ་འམ། མེ་ཏོག་གམ། འབྲས་བུ་འམ་སྙིང་པོ་ལས་ཁྱེར་བ་ན། འདི་སྙམ་དུ་བདག་གི་ཆ་བ་ཁྱེར་ལ་སྡོང་པོ་མ་ཁྱེར་གཅིག་ཅེ་འམ། བདག་གི་སྡོང་པོ་ཁྱེར་ལ་རྩ་བ་མ་ཁྱེར་གཅིག ་ཅེ་འམ། བདག་གི་ཡལ་ག་ཁྱེར་ལ་ལོ་མ་མ་ཁྱེར་ཅིག་ཅེ་འམ། བདག་གི་ལོ་མ་ཁྱེར་ལ་ཡལ་གཱ་མ་ཁྱེར་གཅིག་ཅེ་འམ། དེ་བཞིན་དུ་བདག་གི་ལལ་ཀ་ཕྲེའུ་དང་། མེ་ཏོག་དང་། འབྲས་བུ་དང་། ཤུད་པགས་དང་། ་སྙིང་པོ་ལས་མ་ཁྱེར་ཅིག་ཅེ་འམ། བདག་གི་སྙིང་པོ་མྱེད་པ་ལས་ཁྱེར་ལ། སྙིང་པོ་ལས་མ་ཁྱེར་ཅིག་སྙམ་དུ་རྟོག་པར་མྱི་བྱེད་དེ། དེ་ལྟར་སྨར་གི་ལྗོན་པ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་རྟོག་པར་མྱི་བྱེད་མོད་ཀྱི། ་འོན་ཀྱང་སྨན་གི་ཤིང་ལྗོན་པ་ནི་རྣམ་པར་མྱི་རྟོག་བཞིན་དུ། ནད་རབ་དང་། འབྲིང་དང་། ཐ་མ་སེལ་པར་བྱེད་པ་དེ་བཞིན་དུ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།། འབྱུང་བ་ཆེན་པོ་བཞིའི་ཡུས ་འདི་ལ་སྨན་གི་ཤིང་ལྗོན་པ་ལྟ་བུའི་འདུ་ཤེས་བསྐྱེད་པར་བྱའོ།། སེམས་ཅན་གང་དག་ལ་ཅི་དགོངས་པ་དེ་དང་དེ་བཞིན་དུ་ཁྱེར་ཅེས་བྱས་ཏེ། ལག་པ་འདོད་པ་ལ་ནི་ལག་པ།། རྐང་པ་འདོད་པ་ལ་ནི ་རྐང་པ། མྱིག་འདོད་པ་ལ་ནི་མྱིག། ཤ་འདོད་པ་ལ་ནི་ཤ། ཁྲག་འདོད་ལ་ནི་ཁྲག། རུས་པ་འདོད་པ་ལ་ནི་རུས་པ་རྐང་འདོད་པ་ལ་དེ་གང་མགོའོ་འདོད་པ་ལ་ནི་འགོ་བོ། ཡན་ལག་དང་ཉིང་ལག་ཐམས་ཅད་འདོད་པ་ལ་ན ་བདག་གི་ཡན་ལག་དང་ཉིང་ལག་ཐམས་ཅད་ཁྱེར་ཅིག་སྙམ་སྟེ། རིགས་ཀྱི་བུ་དེ་ལྟར་སེམས་དཔའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཚོགས་ཀྱིས་བསོད་ནམས་མྱི་ཟད་པས་མངོན་པར་འབྱུང་བ་ཡིན། ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྦྱིན་པ་བྱིན་པོ་ནི།། སེམས་ཅན་སེར་སྣ་ཅན་རྣམས་ཀྱི་གཏོང་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱའོ།། སེམས་ཅན ་དབུལ་པོ་རྣམས་ཀྱིས་ལོང་སྤྱོད་ཆེན་པོ་འཐོབ་པར་བྱ་བའི་ཕྱིར་ཡོད། ས་སུ་བསྔོ་བར་བྱའོ།། དེས་ཡན་ལག་དང་ཉིང་ལག་རྣམས་ཡོངས་སུ་གཏོང་བ་ན། སེམས་ཅན་ཐམས་ཅད་ཀྱི་ཡན་ལག ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཡོངས་སུ་བསྔོ་བར་བྱའོ།། དེས་སྦྱིན་པ་བྱིན་ན་ནི། དུས་ཐམས་ཅད་དུ་ཆོས་གསུམ་དུ་ཡོ་ངས་སུ་བསྔོ་བར་མྱི་བྱ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། འདོད ་པ་དགའ་བ་དང་། རྒྱལ་སྲིད་དང་། ལོངས་སྤྱོད་དང་། དབང་ཕྱུག་ཐོབ་པར་བྱ་བའི་ཕྱིར། ཡོངས་སུ་བསྔོ་བར་མྱི་བྱ་བ་དང་། བདག་ཉིད་བསོད་ནམས་དང་ལྡན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་མྱི་བྱ་བ་དང་། ཉན་ཐོས ་དང་། རང་སངས་རྒྱས་ཀྱིས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་མྱི་བྱའོ།། དེས་སྦྱིན་པ་བྱིན་པར་སྦྱིར་བ་དེ་ཡན་ལག་བཞི་ཡོངས་སུ་དག་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱ་སྟེ། ་ཡན་ལག་བཞི་ཡངས་སུ་དག་པ་ཡངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྡུ་བར་བྱ་སྟེ། དེ་ལ་ཡན་ལག་བཞི་ཡོངས་སུ་དག་པ་ཡོངས་སུ་རྫོགས་པ་གང་ཞེ་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར ་ཡོངས་སུ་བསྔོ་བར་བྱ་བ་དང་། བྱང་ཆུབ་སེམས་དཔལ་དགེ་འདུན་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱ་བ་དང་། ཐེས ་ཅད་མཁྱེནང་པ་ཉིད་ཡེ་ཤེས་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱ་སྟེ། དེ་ལྟར་ན་ཡན་ལག་བཞི་ཡོངས་སུ་དག་པ་ཡོངས་སུ་རྫོགས་པ་བྱ་བའི་ཕྱིར། བྱང་ཆུབ་མེས་དང་སེཾས་དཔའ་ཆེན་པོ་སྐྱིད་པ་དེ་ཡོང་སུ་བསྔོ་བ་བྱའོ།། རིགས ་བུ་གཞན་ལྔ་བྱང་ཆུབ་སེས་དཔེ་སེཾས་དབུ་ཆེན་པོས་སྦྱིན་པ་ཉེ་བ་རྟེན་པ་བྱི་ལྔ་པར་གྱི་བྱའོ།། དེས་བྱང་ཆུབ་སེས་དཔའ་རྣམས་ཀྱི་སྦྱིན་པ་ཇི་ལྟར་ཟད་པར་འགྱུར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ནི་ཟད་པར་འགྱུར་ཏེ། ་བཞི་གང་ཞེ་ན། འདི་ལྟ་སྟེ། ཡོངས་སུ་མ་བསྔོས་པ་དང་། ཐབས་མྱི་མཁས་པ་དང་། དཔའ་བར་སྐྱེ་བར་འདོད་པ་དང་། སྡིག་པའི་གྲོགས་པོ་བ་སྟེན་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག ་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ནི་ཟད་པར་འགྱུར་རོ།། རིགས་ཀྱི་བུ་བྱ། ང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་པ་རྣམ། ས་ཀྱི་སྦྱིན་པ་ནི། ཡོངས་སུ་ཟད་པར་མྱི་འགྱུར་ལ་ཉེ་བར་བརྟན་པར ་འགྱུར་རོ།། བཞི་གང་ཞེ་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པ་འི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་དང་། ཐབས་ལ་མཁས་པ་དང་། ཆོས་ཀྱི་རྒྱལ་སྲིད་འདོད་པ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་སྟེ། ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ནི་ཡོངས་སུ་ཟད་པར་མྱི་འགྱུར་ལ། ཉེ་བར་བརྟན་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོས་ཆོས་གསུམ་མངོན་དུ་བྱས་ལ། སྦྱིན་པ་བྱིན་པར་བྱ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མྱི་གཏོང་བ་དང་། སེམས་ཅན་ལ་སྙིང་རྩེ་བ་དང་། དེ་བཞིན་གཤེགས་པའི་བཀའ ་དང་མྱི་འགལ་བ་དང་། ཆོས་དང་ཟང་ཟིང་གི་སྦྱིན་པའི་རྣམ་པར་སྨྱིན་པ་ལ་མྱ་ར་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གསུམ་པོ་དེ་དག་ལ་མངོན་དུ་བྱས་ལ་སྦྱིན་པ་སྦྱིན་པར་བྱའོ།། ་རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་ཅན་རྣམས་ཆོས་གསུམ་ལ་དཀོད་པའི་ཕྱིར། སྦྱིན་བུ་སྦྱིན་པར་བྱ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐོས ་ཅད་བྱང་ཆུབ་ལ་དགོད་པ་དང་། ཆོས་བསྟནད་པ་དེ་ཉིད་ལ་དགོད་པ་དང་། སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་བདེ་བ་ལ་དགོད་པའི་ཕྱིར་ཏེ། རིགས་ཀྱི་བུ་ཆོས་གསུམ་པོ་དེ་དག་ལ་སེམས་ཅན་རྣམས་དགོད་པའི་ཕྱིར། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་ཆོས་གཉིས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། སྤྱོད ་པ་ཆེན་པོ་དང་། གཏོང་བའི་སེམས་ཏེ། ཆོས་དེ་གཉིས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་ཆོས་གཉིས་ཡོངས་སུ་སྤང་བའི་ཕྱིར་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཆགས་པ་དང་། སེར་སྣ་སྟེ། རིགས་ཀྱི་བུ་ཆོས་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་བྱང་ཆུབ་སེཾས ་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་ཆོས་གཉིས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔ་འསེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱ་སྟེ། གཉིས་གང་ཞེ ་ན། འདི་ལྟ་སྟེ། ཤེས་རབ་དང་། ཡེ་ཤེས་སྟེ། རིགས་ཀྱི་བུ་ཆོས་འདི་གཉིས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྤྱིར་བ་སྦྱིན་པར་བྱའོ།། རིགས་ཀྱི་བུ་གཞམ་ཡང ་ཆོས་གཉིས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱ་སྟེ།། གཉིས་གང་ཞེ་ན། འདི་ལྟ་སྟེ། ཟད་པ་ཤེས་པ་དང་། མྱི་སྐྱེ་བ་ཤེས་པ་སྟེ། རིགས་ཀྱི་བུ་ཆོས་འདི་གཉིས ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔས་གང་དག་སྦྱིན་པར་བྱ་བའི་སྦྱིན་པ་དག་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། ་འདི་ལྟ་སྟེ། སེམས་སྙོམས་པ་སྦྱིན་པ་དང་། རྣམ་པར་སྦྱིན་པ་ལ་མྱི་རེ་བོའི་སྦྱིན་པ་དང་། བྱང་ཆུབ་ཏུ་སྔོ་བའི་སྦྱིན་པ་དང་། དུལ་བ་དང་། ཞི་བ་དང་། ཉེ་བར་ཞི་བ་ཡོངས་སུ་རྫོགས་པར་སྦྱིན་པ་སྟེ། རིགས་ཀྱི་བུ་སྦྱིན་པ ་བཞི་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པར་བྱ་བ་དག་གོ།། རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བསོད་ནམས་མྱི་ཟད་པས་མངོན་པར་འབྱུང་བར་འདོད་པས། སྦྱིན་པའི་ཚོགས ་འདི་ལྟ་བུ་ལ་བརྩོན་པར་བྱའོ།། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པས ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བཟུང་བའི་སླད་དུ། སྦྱིན་པའི་ཚོགས་འདི་བཀའ་སྩལ་པ། ངོ་མཚར་ལགས་སོ།། བཅོམ་ལྡན་འདུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྦྱིན ་པའི་ཚོགས་འདི་ལྟ་བུ་དང་ལྡན་པ་དེ་དག་ནི། ནམས་ཀྱང་བསོད་ནམ། ས་ཡོངས་སུ་ཉམས་པ་འམ། ཡེ་ཤེས་ཡོངས་སུ་ཉམས་པ་ལ།། མ། ཤེས་རབ་ཡོངས་སུ་ཉམས་པར་མྱི་འགྱུར་བ་ལགསོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ།། ཁྱོད་ཅི་སྐད་ཟེར་བ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་གང་དག་སྦྱིན་པའི་ཚོགས་འདི་ལྟ་བུ་དང་ལྡན་པས་དེ་དག་ནི ་བསོད་ནམས་མྱི་ཟད་པ་དང་།། བསོད་ནམས་རྒྱ་མཚོས་མངོན་པར་འབྱུང་བར་འགྱུར་རོ།། དེ་དག་འཕགས་པའི་ཆོས་དང་ལྡན་པས་དབུལ་པོར་ཡང་མྱི་འགྱུར་རོ།། དེ་དག་ནི་ཆོས་ཀྱི་རྒྱུན་དང་ལྡན་པས་ལོང་སྤྱོད་ཆེན ་པོར་ཡང་འགྱུར་རོ།། དེ་དག་ནི་ནོར་བདུན་དང་ལྡན་པས་ཕྱུག་པོར་ཡང་འགྱུར་རོ།། དེ་དག་ནི་བསོད་ནམས་བརྒྱའི་མཚན་ཡོད་པས་བསོད་ནམས་ཆེན་པོ་དང་ལྡན་པ་ཡང་ཡིན་ནོ།། དེ་དག་ནི་སེམས་ཅན་ཐམས ་ཅད་ཉེ་བར་འཚོ་བས་བསོད་ནམས་ཀྱི་ཞིང་ཡང་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ལ་གཞན་ཡང་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་གང་ཞེན།། གང་ཚུལ་ཁྲིམས་མ་ཉམས་པ་དང་། བསླབ་པ་ཡོངས་སུ་མྱི་གཏོང་བ་དང་། ཚུལ་ཁྲིམས་འཆལ་བ་རྣམས་ལ་སྙིང་རྗེ་བ་དང་། ཚུལ་ཁྲིམས་དང་ལྡན་པ ་རྣམས་ལ་གུས་པ་དྲག་པོ་དང་ལྡན་པ་དང་། ལུས་ཀྱི་ཡན་ལག་གསུམ་ཡོངས་སུ་དག་པ་དང་། ངག་གི་ཡན་ལག་བཞི་ཡོངས་སུ་དག་པ་དང་། ཡིད་ཀྱི་ཡན་ལག་གསུམ་ཡོངས་སུ་དག་པ་དགེ་བ་བཅུའི་ལས་ཀྱི་ལམ ་ཡང་དག་པར་བླང་བ་རྗེས་སུ་བསྒྲུབ་པ་སྟེ། གཞན་དག་ཀྱང་དེ་ལ་འཛུད་པ་དང་། དེ་དག་འདོད་པར་བྱེད་པ་དང་། བདག་ལ་མྱི་སྟོང་པ་དང་། གཞན་ལ་མྱི་སྨོད་པ་དང་། ཚུལ་ཁྲིམས་དག་པ་དེའི་ངང་ཚུལ་ཅན་དུ་གྱུར་ད་པ་དང་། ་ཚུལ་ཁྲིམས་ཀྱིས་མྱི་རློམ་པ་དང་། བརྩོན་པ་མྱི་འདོར་བ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་སྦྱངས་པ་དག་ལས་མྱི་གཡོ་བ་དང་། འཕགས་པའི་རིགས་གནས་པར་བྱེད་པ་དང་། རང་གི་སེམས་སྲུང་བ ་དང་། གཞན་གི་འཁྲུལ་བ་དག་ལ་སྐྱོན་དུ་མྱི་ལྟུང་བ་དང་། སྡིག། པ་ཐམས་ཅད་མྱི་བྱེད་པ་དང་། སྲིད་པ་མངོན་པར་གྲུབ་པ་ལ་མདོ།། ན་པར་མྱི་དཀའ་བ་དང་། གཞན་རྣམས་དགེ་བོའི་རྩ་བ་དག་ལ ་འཛུད་པ་དང་། གཞན་གི་བྱ་བ་དག་ལ་སྤྲོ་བ་དང་། བདེ་བ་དག་ལ་དེའི་ངང་ཅན་དུ་མྱི་འགྱུར་བ་དང་། དགོན་པར་གནས་པ་མྱི་འདོར་བ་དང་། ནད་པ་རྣམས་ཀྱི་གཡོག་བྱེད་པ་དང་། བྱས་ནས་ཀྱང་དགའ་བ་དང་། ་མཆོག་ཏུ་དགའ་བར་གྱུར་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། བཀུར་སྟི་བྱེད་པ་དག་ལ་དང་དུ་ལེན་པ་དང་། བཀུར་སྟི་བྱེད་པ་རྣམས་ལ་ཁེངས་པར་མྱི་བྱེད་པ་དང་། རྙེད་པ་དང་། མ་རྙེད་པ་དང་། གྲགས་པ ་དང་། མ་གྲགས་པ་དང་། སྤང་བ་དང་། བསྔགས་པ་དང་། བདེ་བ་དང་། སྡུག་བསྔལ་བ་དག་ལ་ཁེངས་པར་མྱི་འགྱུར། ཞུམ་པར་མྱི་འགྱུར་བ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བ་དང་། ཁོན་དུ་མྱི་འཛིན ་རྟག་ཏུ་རྒྱུན་མྱི་འཆད་པར་བྱམས་པ་ལ་གནས་པ་དང་། མཛའ་ཤེས་དང་། དགྲ་རྣམས་ལ་སེམས་སྙོམས་པར་བལྟ་བ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཆོག་ཏུ་མྱི་འཛིནད་པ་དང་། ཐེག་པ་གཞན་དུ་ཡོངས་སུ ་མྱི་བསྔོ་བ་དང་། ལྷ་གཞན་ལ་ཕྱག་མྱི་འཚལ་བ་དང་། ལྟ་བར་གྱུར་ད་པ་ཐམས་ཅད་དང་བྲལ་བ་དང་། བཀ་ལ་ཉལ་བ་དང་། ཀུན་ནས་ལྡང་བ་རྣམ་པར་གནོནད་པ་དང་། འགྱོད་པ་སྤོང་བ་དང་། ཡིད་ལ་ཆགས་པ་མྱེད ་པ་དང་། དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་ལ་མཆོག་ཏུ་དགའ་བ་དང་། སྐྱེ་བའི་གནས་ཐམས་ཅད་ལ་ལྷག་པར་ཆགས་པ་མྱེད་པ། བསམས་བཞིན་དུ་སྲིད་པའི་འགྲོ་བར་སྐྱེ་བ་དང་། མྱི་དགའ་བ་བཟོད་པ་དང ་བརྩོན་འགྲུས་བརྩོམ་པ་དང་། སེམས་རབ་ཏུ་འཛིནད་པ་དང་། དམྱིགས་པ་ལ་བོས་པ་གཡེངས་པ་མྱེད་པ་དང་། མྱི་སྐྱེ་བ་ལ་བཟོད་ཅིང་མྱི་སྐྲག་པ་སྟེ། རིགས་ཀྱི་བུ་དེ་ལྟར་ན། འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིས ་ཀྱི་ཚོགས་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཚོགས་དེ་ལ་རྟེན་ནས། སྲོག་གྲི་ཕྱིར་ཡང་བསླབ་པ་ཉམས་པར་མྱི་བྱེད་དོ།། དེ་ནི་རྒྱལ་སྲིད་ཀྱི་ཕྱིར་ཚུལ་ཁྲིམས་བསྲུང་བར་མྱི་བྱེད་དོ།། མཐོ་རིས་ཀྱི་ཕྱིར་མ་ཡིན ་བརྒྱ་བྱིན་དུ་འགྱུར་བའི་ཕྱིར་མ་ཡིན། ལོངས་སྤྱོད་ཀྱི་ཕྱིར་མ་ཡི།། ན་དབང་ཕྱུག་གི་ཕྱིར་མ་ཡིན། ཁ་དོག་གི་ཕྱིར་མ་ཡིན།། གྲགས་པའི་ཕྱིར་མ་ཡིན་སྙམ་པ་དང་། སྨྲ་དང་། ཚིགས་སུ ་བཅད་པའི་ཕྱིར་མ་ཡིན། རྙེད་པའི་ཕྱིར་མ་ཡིན། བཀུར་སྟིའི་ཕྱིར་མ་ཡིན། སྲོག་གི་ཕྱིར་མ་ཡིན། གོས་ཀྱི་ཕྱིར་མ་ཡིན། ཟས་ཀྱི་ཕྱིར་མ་ཡིན། མལ་ཆ་དང་སྟན་གཽ་ཕྱིར་མ་ཡིན་ཏེ། ་ན་བའི་གསོས་དང་། སྨན་ཟོང་གི་ཕྱིར་ཚུལ་ཁྲིམས་བསྲུང་བར་མྱི་བྱེད་དོ།། མྱིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ལ་བརྟེན་ཏེ་ཚུལ་ཁྲིམས་བསྲུང་བར་མྱི་བྱེད་དོ།། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། ་རེག་བྱ་དང་། ཆོས་ལ་བརྟེན་ཏེ་ཚུལ་ཁྲིམས་བསྲུང་བར་མྱི་བྱེད་དོ།། གཟུགས་ལ་བརྟེན་ཏེ་ཚུལ་ཁྲིམས་བསྲུང་བར་མྱི་བྱེད་དོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་བརྟེན་ཏེ་ཚུལ ་ཁྲིམས་བསྲུང་བར་མྱི་བྱེད་དོ།། འདོད་པའི་ཁམས་ལ་བརྟེན་ཏེ་ཚུལ་ཁྲིམས་བསྲུང་བར་མྱི་བྱེད་དོ།། གཟུགས་ཀྱི་ཁམས་ལ་བརྟེན་ཏེ་ཚུལ་ཁྲིམས་བསྲུང་བར་མྱི་བྱེད་དོ།། གཟུགས་མྱེད་པའི་ཁམས་ལ་བརྟེན་ཏེ ་ཚུལ་ཁྲིམས་བསྲུང་བར་མྱི་བྱེད་དོ།། སེམས་ཅན་དམྱལ་བས་བསྒྲག་སྟེ། ཚུལ་ཁྲིམས་བསྲུང་བར་མྱི་བྱེད་དོ།། དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པས་སྐྲག་སྟེ།། ཚུལ་ཁྲིམས་བསྲུང་བར་མྱི་བྱེད། ་ངོ།། གཤིན་རྗེའི་འཇིག་རྟེན་གི་འཇིགས་པས་སྐྲག་སྟེ། བསྐྱབས་འདོད་པའི་ཕྱིར་ཚུལ་ཁྲིམས་བསྲུང་བར་མྱི་བྱེད་དོ།། མྱི་དབུལ་པོ་ལ་འཇིག་པས་སྐྲག་སྟེ། ཚུལ་ཁྲིམས་བསྲུང་བར་མྱི་བྱེད་དོ།། ལྷ་དབུལ་པོའི ་འཇིགས་པས་སྐག་དང་། ཀླུ་དང་གནོད་སྦྱིན་དང་། དྲྀ་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཙཾ་དང་། ལྟོ་ཕྱེ་ཆེན་པོ་དང་། དབུལ་པོའི་འཇིགས་པས་སྐྲག་སྟེ།། ཚུལ་ཁྲིམས་བསྲུང་བར་མྱ་བྱེད ་དོ།། གཞན་དུ་ན་སངས་རྒྱས་ཀྱི་ཚུལ་གནས་པར་བྱ་བའི་ཕྱིར་ཚུལ་ཁྲིམས་སྲུང་བར་བྱེད་དོ།། སངས་རྒྱས་ཀྱི་རིགས་གནས་པར་བྱ་བ། དང་། ཆོས་ཀྱི་རིགས་གནས་པར་བྱ་བ་དང་། དགེ་འདུན་གི་རིགས ་གནས་པར་བྱ་བའི་ཕྱིར། ཚུལ་ཁྲིམས་བསྲུང་བར་བྱེད་དོ།། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོད་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ ་བ་དང་། འཁྲུག་པ་ལས་ཡང་དག་པར་འདའ་བའི་ཕྱིར། ཚུལ་ཁྲིམས་བསྲུང་བར་བྱེད་དོ།། སེམས་ཅན་ཐམས་ཅད་རབ་ཏུ་དཀྲོལ་བར་འདོད་པའི་དེ་ཚུལ་ཁྲིམས་བསྲུང་བར་བྱེད་དོ།། སེམས་ཅན ་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། གྲུབ་པ་དང་། བདེ་བ་འདོད་དེ་ཚུལ་ཁྲིམས་བསྲུང་བར་བྱེད་དོ།། སངས་རྒྱས་ཀྱི་ཆོས་གནས་པར་འདོད་དེ། ཚུལ་ཁྲིམས་བསྲུང་བར་བྱེད་དོ།། ཆོས་ཀྱི་འཁོར་ལོ་བསྐོར་བར ་འདོད་དེ། ཚུལ་ཁྲིམས་བསྲུང་བར་བྱེད་དོ།། འཕགས་པའི་དགེ་འདུན་ཡོངས་སུ་བསྡུ་བའི་ཕྱིར་ཚུལ་ཁྲིམས་བསྲུང་བར་བྱེད་དོ།། སངས་རྒྱས་ཀྱི་ཞིང་མྱི་འཆད་པར་འདོད་པ་དང་།། ཆོས་ཀྱི་རིགས་མྱི་འཆད་པར་འདོད་པ ་དང་། དགེ་འདུན་རིགས་མྱི་འཆད་པར་འདོད་དེ་ཚུལ་ཁྲིམས་བསྲུང་བར་བྱེད་དོ།། འཕགས་པོའི་རིགས་བཞི་ཡོངས་སུ་སྤྱོད་པར་འདོད་དེ།། ཚུལ་ཁྲིམས་སྲུང་བར་བྱེད་དོ།། ལྷའི་མངོན་པར་ཤེས་པ་འདོད་པ་དང་། ་ཏིང་ངེ་འཛིན་འདོད་པ་དང་། ཤེས་རབ་འདོད་པ་དང་། རྣམ་པར་གྲོལ་བར་འདོད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་འདོང་ངོ་།། ཚུལ་ཁྲིམས་བསྲུང་བར་བྱེད་དོ།། རྫུ་འཕྲུལ་འདོད་པ་དང་། ཆོ་འཕྲུལ་འདོད་པ་དང་། ་ཆོ་འཕྲུལ་འདོད་དེ་ཚུལ་ཁྲིམས་བསྲུང་བར་བྱེད་དོ།། དེ་ཚུལ་ཁྲིམས་དེ་ཡང་མ་ཉམས་པ་དང་། མ་ཞིག་པ་དང་། མ་འདྲེས་པ་དང་། ཨ་འཇོལ་པ་དང་། དབང་སོད་པ་དང་། ལེགས་པ་ཆར་ཕྱིན་པ་དང་། ལེགས་པར་བསམས་པ་དང་། མ་རྟོགས་པ ་པ་དང་། མ་མྱེད་པ་དང་། བཙང་བ་དང་། དྲི་ཞིམ་པ་དང་། མཁས་པས་བསྔགས་པ་དང་། སངས་རྒྱས་ཐམས་ཅད་ཀྱིས་སྟོད་པ་དང་། མ་སྤྲས་པ་དང་། ཆོས་ཀྱི་རྗེས་སུ་ཐུན་པའི་ཆོས་བསྒྲུབ་པའི་སྙིང་པོར་བྱེད་པ་ཡིན་ནོ།། ་དེ་ཚུལ་ཁྲིམས་ཀྱི་ཕུས་དེ་ལྟ་བུ་དང་ལྡན་པས་ཆོས་བཅུ་ལས་ཉམས་པར་མྱི་འགྱུར་ཏེ།། བཅུ་གང་ཞེ་ན། འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལས་ཡོངས་སུ་ཉམས་པར་གྱི་འགྱུར་ཏེ།། དེ་ལ་ཡང ་བག་ཡོད་ལ་བྱང་ཆུབ་འདོད་པ་དང་། བརྒྱ་བྱིན་ལས་ཡོངས་སུ་ཉ། མས་པར་མྱི་འགྱུར་ཏེ།། དེ་ལ་ཡང་བག་ཡོད་ལ། བྱང་ཆུབ་འདོད། ཅིང་སངས་རྒྱས་མཐོང་བ་འབའ་ཤིག་འདོད་པ་དང་། ཚངས་པ་ལས ་ཡོངས་སུ་ཉམས་པར་མྱི་འགྱུར་ཏེ། དེ་ལ་ཡང་བག་ཡོད་ལ་བྱང་ཆུབ་འདོད་པ་དང་།། ཤེས་ནས་དད་པ་ཐོབ་པའི་ཕྱིར། སངས་རྒྱས་མཐོང་བ་ལས་ཡོངས་སུ་ཉམས་པར་མྱི་འགྱུར་བ་དང་། ཇི་ལྟར་ཐོབ ་པའི་ཆོས་ལ་ནན་ཏན་དུ་བསྒྲུབ་པའི་ཆོས་ཐོས་པ་ལས་ཡོངས་སུ་ཉམས་པར་མྱི་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་དམ་བཅས་པ་ཤེས་པ་ལས་ཡོངས་སུ་ཉམས་པར་མྱི་འགྱུར་བ་དང་། དགེ་བའི་རྩ་བའི་ཆོས་ཐམས་ཅད ་ཤེས་པ་འདོད་པའི་ཕྱིར་སྤོབས་པ་མྱི་ཆོད་པ་ལས་ཡོངས་སུ་ཉམས་པར་མྱི་འགྱུར་བ་དང་། བསམ་གཏན་ལས་ཡོངས་སུ་ཉམས་པར་མྱི་འགྱུར་བ་དང་། སངས་རྒྱས་དང་། རང་སངས་རྒྱས་དང་། ཉན་ཐོས་དང་།། བྱང་ཆུབ ་སེམས་དཔའ་ཐམས་ཅད་ཀྱིས་བསྔགས་པ་ལས་ཡོངས་སུ་ཉམས་པར་མྱི་འགྱུར་བ་དང་། མངོན་པར་ཞེས་པར་མྱུར་བ་དང་། ཐམས་ཅད་མཁྱེ་དད་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བ་ལས་ཡོངས་སུ་ཉམས་པར ་མྱི་འགྱུར་བ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆོས་བཅུ་པོ་དེ་དག་ལས་ཡོངས་སུ་ཉམས་པར་མྱི་འགྱུར་རོ།། ཚུལ་ཁྲིམས་ཀྱི་ཕུང། ་པོ་དེ་ལྟ་བུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་རྣམས་ཀྱིས་རྟག་ཏུ་ཕྱག་བྱས་པ་ཡིན་ནོ།། ཀླུ་རྣམས་ཀྱིས་རྟག་ཏུ་བསྔགས་པ་ཡིན་ནོ།། གནོད་སྦྱིན་རྣམས་ཀྱིས་རྟག་ཏུ་བཀུར་བསྟིར ་བྱས་པ་ཡིན་ནོ།། དྲི་ཟ་རྣམས་ཀྱིས་རྟག་ཏུ་མཆོད་པ་ཡིན་ནོ།། ཀླུའི་དབང་དང་། ལཱ་མ་ཡིན་རྣམས་ཀྱིས་རྟག་ཏུ་བསྙེན་བཀུར་བྱས་པ་ཡིན་ནོ།། རྒྱལ་རིགས་དང་། བྲམ་ཟེ་དང་། ཚོང་དཔོན་དང་། ཁྱིམ་བདག ་རྣམས་ཀྱིས་རྟག་ཏུ་བཀུར་བ་ཡིན་ནོ།། མཁས་པ་རྣམས་ཀྱིས་རྟག་ཏུ་ཐ་དད་དུ་འགྲོ་བར་བྱ་བ་ཡིན་ནོ།། སངས་རྒྱས་རྣམས་ཀྱིས་རྟག་ཏུ་དགོངས་པ་ཡིན་ནོ།། ལྷ་དང་བཅས་པའི་འཇིག་རྟེན་གྱིས་རྟག ་ཏུ་སྟོནད་པར་བཀུར་བ་ཡིན་ནོ།། སེམས་ཅན་ཐམས་ཅད་ལ་སྙིང་རྩེ་བ་ཡིན་ནོ།། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པར། བསྲུང་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི ་འགྲོ་བ་བཞིར་འགྲོ་བར་མྱི་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཆེད་མ་གཏོགས་པར་མྱི་ཁོམ་པའི་འགྲོ་བར་མྱི་འགྱུར་བ་དང་། སངས་རྒྱས་མྱི་བཞུགས་པས ་སངས་རྒྱས་ཀྱི་ཞིང་གི་འགྲོ་བ་འགྲོ་བར་མྱི་འགྱུར་བ་དང་། ལོག་པར་ལྟ་བའི་རིགས་སུ་བསྐྱེ་བའི་འགྲོ་བར་འགྲོ་བར་མྱི་འགྱུར་བ་དང་། ངན་འགྲོ་ཐམས་ཅད་འགྲོ་བར་འགྲོ་བར་མྱི་འགྱུར་བཔ་སྟེ། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུར ་པོ་ལེགས་པར་ཡང་དག་པར་བསྲུངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འགྲོ་བ་བཞི་པོ་དེ་དག་ཏུ་འགྲོ་བར་མྱི་འགྱུར་རོ།། གཞན་ཡང་དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པར་བསྲུང་བའི་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་བཞི་ལས་ཡོངས་སུ་ཉམས་པར་མྱི་འགྱུར་རོ།། བཞི་གང་ཞེ་ན། འདི་ལྟ་སྟེ། རྫོགས་པའི་བྱང་ཆུབ་ཀྱི་སེམས་ལས་ཡོངས་སུ་ཉམས་པར་མྱི་འགྱུར་བ་དང ་སངས་རྒྱས་རྗེས་སུ་དྲན་པ་ལས་ཡོངས་སུ་ཉམས་པར་མྱི་འགྱུར་བ་དང་། ཇི་ལྟར་ཐོས་པ་དང་། ཀུན་ཆུབ་པར་བྱེད་པའི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་མྱི་འགྱུར་བ་དང་། བསྐལ་པ་གྲངས་མྱེད་པའི་རྗེས་སུ་དྲན་པ ་ལས་ཡོངས་སུ་ཉམས་པར་མྱི་འགྱུར་བ་སྟེ། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པར་བསྲུངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་བཞི་པོ་དེ་དག་ལས་ཡོངས་སུ་ཉམས་པར་མྱི་འགྱུར་རོ།། རིགས། ་ཀྱི་བུ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པར་བསྲུང་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་པར་འཇིག་པ་བཞི་དང་ཕྲད་པར་མྱི་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་རྣམ ་པར་འཇིག་པ་དང་། ཟད་པར་མྱི་འགྱུར་བ་དང་། མཚོར་ཀྲི་བར་གྲི་བསྐལ་བ་དང་ཕྲད་པར་མྱི་འགྱུར་བ་དང་། མུ་ཀེའི་བར་གྱི་བསྐལ་བུ་དང་ཕྲད་པར་མྱི་འགྱུར་བ་དང་། ནད་ཀྱི་བར་གི་སྤྲུལ་པ་དང་ཕྲད། ་པར་མྱི་འགྱུར་བ་སྟེ། རིགས་ཀྱི་བུ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕུ་ང་པོ་ཡང་དག་པར་བསྲུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི།། རྣམ་པར་འཇིག་པ་བཞི་པོ་དེ་དག་དང ་ཕྲད་པར་མྱི་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་ཚུལ་ཁྲིམ་ས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མངོན་པར་མཐོ་བ་བཞི་ཐོབ་པར་འགྱུར་ཏེ། བཞི ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མྱེ་སླུ་བ་དང་། ལྷ་ལ་མྱི་སླུ་བ་དང་། སེམས་ཅན་རྣམས་ལ་མྱི་སླུ་བ་དང་། རང་གི་སེམས་ལ་མྱི་སླུ་བ་དང་། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ། ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མངོན་པར་མཐོའ་བ་བཞི་པོ་དེ་དག་ཐོབ་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེཾས། ་དཔའ་སེམས་དཔའ་ཆེན་པོ་ནི། འཇིགས་པ་བཅུ་ལས་ཡང་དག་པར་འདའ་བར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བའི་འཇིག་པ་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། ་དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། གཤིན་རྗེའི་འཇིག་རྟེན་གི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། དབུལ་པོའི་འཇིགས་པ་ལས ་ཡང་དག་པར་འདའ་བར་འགྱུར་བ་དང་། བསྔགས་པ་དང་། བསྟན་པ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་མ་ཡིན་པའི་འཇིགས་པ་དང་། བདུད་ཀྱིས་ཀུན་ནས་བཀྲིས་པའི་འཇིགས་པ་དང་། ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ངེས་པོའི་འཇིགས་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་དང་། ་སྲིན་པོའི་འཇིགས་པ་དང་། དུག་དང་། མཚོན་དང་། མེ་དང་། ཚུའི་འཇིགས་པ་དང་། སེང་གེ་དང་། སྟག་དང་། སྦྲུལ་དང་། དོམ་དང་། དྲེད་དང་། གཟིག་དང་། ཁྱཾ་དང་། ཝ་དང་། ཆུ་སྲིན་མ་ཀ་ར་དང་། ་ཆུ་སྲིན་བྱིས་པ་གསོད་དང་། ཆུ་སྲིན་ཀུན་བི་ར་དང་། བྱི་ལ་དང་། བྱི་བ་དང་། སྡིག་པ་དང་། སྲིན་གྱི་མྱེད་དང་། སྤྲུལ་གདུག་པ་དང་། རྒྱལ་པོ་དང་། ཆོམ་རྐུན་ཀྱི་འཇིགས་པ་རྣམས་ལས་ཡང་དག ་པར་འདའ་བར་འགྱུར་བ་སྟེ། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་འཇིགས་པ་བཅུ་པོ་དེ་དག་ལས་ཡང་དག་པར་འདའ་བར་འགྱུར་རོ།། རིགས ་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྟེན་ནི་ཚུལ་ཁྲིམས་ཡིན་ཏེ། བྱང་ཆུབ་དང་། སངས་རྒྱས་ཀྱི་ཆོས་རྣམས་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པ་གང་ལ་ཚུལ་ཁྲིམས་ཡོད་པ་དེ་ལ་ནི་ཏིང་ངེ་འཛིན་འདི་ཡོད་དོ།། ་གང་ལ་ཚུལ་ཁྲིམས་ཡོད་པ་དེ་ལ་ནི། ཤེས་རབ་འདི་ཡོད་དོ།། ཚུལ་ཁྲིམས་ཡོད་པ་དེ་ལ་ནི་རྔམ་པར་གྲོལ་བ་འདི་ཡོད་དོ།། གང་ལ་ཚུལ་ཁྲིམས་ཡོད་པ་དེ་ལ་ནི། རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་འདི ་ཡོད་དོ།། རིགས་ཀྱི་བུ་དེ་ལ་གང་ཉོན་མོངས་པ་རྣམས་རབ་ཏུ་ཞི་བའི་ཚུལ་ཁྲིམས་ནི་གང་ཡིན།། དེ་ཅིའི་ཕྱིར་ན་ཉོན་མོངས་པ་རྣམས་ཤེས་བྱ་ཞེ་ན། ཉོན་མོངས་པ་མྱེད་པས་ན། ཉོན་མོངས་པ་རྣམས་ཏེ།། ་འདི་ལྟར་ཁམས་གསུམ་དུ་སེམས་ཅན་ཉོན་མོངས་པར་མྱེད་པས་ན། ཉོན་མོངས་པ་རྣམས་ཤེས་བྱའོ།། དེ་དག་ཞི་བར་བྱེད་པ་གང་ཞེ་ན། གང་རྟོག་པ་མྱེད་པ་དང་། ཡོངས་སུ་རྟོག་པ་མྱེད་པ་དང་། རྒྱུ་བ་མྱེད་པ་དང་། ་སྐྱེ་བ་མྱེད་པ་དང་། ཀུན་ནས་རྟོག་པ་མྱེད་པ་དང་། ཡིད་ལ་བྱེད་པ་མྱེད་པ་སྟེ། འདི་ནི་ཉོན་མོངས་པ་རྣམ་པར་ཞི་བ་ཞེས་བྱའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སུ་དག། ཉོན་མོངས་པ ་རབ་ཏུ་ཞི་བ་མྱི་ཤེས་པ་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་ཡོངས་སུ་དག་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ཚངས་པའི་འཇིག་རྟེན་དུ་སོང་ཡང་ཉོན་མོངས་པ་དང་བཅས་པ་བཟང་ངོ་།། དེ་དག་ནི་སྲིད་པའི ་རྩེ་མོར་སོང་ཡང་ཉོན་མོངས་པ་དང་བཅས་པར་ཟད་དོ།། རིགས་ཀྱི་བུ་དེ་བས་ན། རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས། གང་ལ་ཁམས་གསུམ་པའི་ཉོན་མོངས་པ་རྣམས་མྱེད་པ་དེའི་ཚུལ ་ཡོངས་སུ་དག་པ་ཡིན་པ་དེ་ལྟར་རིག་པར་བྱའོ།། དེ་ནས་བཙོ།། མ་ལྡན་འདས་ལ་ཚན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ཀྱི།། ས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གལ་ཏེ། ་ཁམས་གསུམ་པའི་ཉོན་མོངས་པ་རྣམས་མ་མཆིས་པོའི་དེའི་ཆུ་ལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་ལགས་ན། བཅོམ་ལྡན་འདས་ཉོན་མོངས་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ ་དེ་ཇི་ལྟར་ཁམས་གསུམ་པར་སྨོན་པར་བགྱིད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། ཀུན་ནས་ཉོན་མོངས་པར་བྱ་བའི་ཕྱིར་ཁམས་གསུམ་པར་སྨོནད་པར་མྱི་བྱེད་དེ།། རིགས་ཀྱི་བུ་གང་དག་བདག་ཉིད་ཀྱང་ཉོན་མོངས་པ་མྱེད་པ་ལ་སེམས་ཅན ་ཡོངས་སུ་སྨྱིན་པར་བྱེད་པའི་ཕྱིར། ཁམས་གསུམ་དུ་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ཡིན་ནོ།། རིགས་ཀྱི་བུ་འདི་ལྟ་སྟེ་མྱི་ལ་ལ་ཞིག་གིས་ནམ་མཁའ་ལ་རི ་མོ་རྣམ་པ་སྣ་ཚོགས་བཀྲ་བ་སྟོན་པར་བྱེད་ན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཅི་མྱི་དེ་དཀའ་བ་བྱེད་པ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་དེ་དེ་ལྟར་ལགས་སོ།། བདེ་བར་གཤེགས་པ་དེ་དེ ་ལྟར་ལགས་ཏེ། མྱི་དེ་ནི་བཀའ་བ་བགྱིད་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་དག་བདག་ཉིད་ཀྱང་ཉོན་མོངས་པ་མྱེད་ལ། སེམས་ཅན་ཡོངས་སུ་སྨིན་པར ་བྱ་བའི་ཕྱིར། ཁམས་གསུམ་དུ་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་ནས་ཀྱང་། ཐེག་པ་གསུམ་སྟོན་པར་བྱེད་པ་དེ་དག་ནི། དེ་བས་ཀྱང་ཆེས་དཀའ་བ་བྱེད་པ་ཡིན་ནོ།། ་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ད་དཔའ་ཆེན་པོ་གང་དག་ཐར་པའི་སྒོ་ཡང་མཐོང་ལ་སེམས་ཅན་རྣམས་ལ་སྙིང་རྩེ་བའི་སླད་དུ། ཁམས་གསུམ་ན་ཡང་གནས་པ་དེ་དག་ནི་སྙིང ་རྗེ་ཆེན་པོ་དང་ལྡན་པ་ལགས་སོ།། བཅོམ་ལྡན་འདྲ་དཔེར་བགྱི་ན། མགུམ་པའི་གནོད་པ་ལས་ཐ་རད་ལགས་པའི་མྱི་སླར་དགུམ་པའི་ག། ནོད་པའི་གནས་སུ་མཆིས་ཏེ། དཀུམ་པོའི་གནོད་པ་བགྱིད་པ་རྗེས ་ལ་འདི་སྐད་དུ། བདག་སོད་ཅིག། གཞན་མ་བསད་ཅིག་ཅེས་མཚོ་བ་དེ་བཞིན་དུ། བཅོམ་ལྡན་འདས་འགུམ་པའི་གནོད་པའི་གནཱ་སྟ་བུ་ནི་ཥེ་ས་གསུཾ་ལགས་སོ།། མགུམ་པར་བགྱིད་པ་ལྟ་བུ་ནི་འཇིག་རྟེན་གནས་པ་ལགས ་མགུམ་པའི་གནོད་པ་བགྱིད་པ་དེ་ལྟ་བུ་ནི་འདུ་བྱེད་རྣམས་ལགས་སོ།། དགུམ་པའི་གནོད་པ་སྤངས་པ་ལྟ་བུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁམས་གསུམ་ལས་རྣམ་པར་གྲོལ་བ་དེ་དག་ལགས་ཏེ། ་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་དང་། སེམས་ཅན་ཡོངས་སུ་གྲོལ་བར་བགྱིད་པའི་སླད་དུ་ཁམས་གསུམ་འབའ་ཤིག་ཏུ་རྒྱུ་ལགས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས ་ནི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པ་དེས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོད་ཏོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ནི།། དེ་ལྟ་བུའི་སྙིང་རྗེ་ཆེན་པོ ་ཡང་མ་མཆིས། ཐབས་ལ་མཁས་པ་ཡང་མ་མཆིས་པའི་སླད་དུའོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མཚན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ ་བོས། ཐོས་པའི་ཚོགས་ལ་ནི་ཇི་ལྟར་བརྩོན་པར་བྱ།། དེས་ཐོས་པ་ནི་ཇི་ལྟར་བཙལ་བར་བྱ་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཁན་པོ་དང་། སློབ་དཔོན་ལ་ང་རྒྱལ་བཅོམ་པ་དང་། ་བཀའ་བྲོ་བདེ་བས་བླ་མའི་བསྲི་ཞུ་དང་། གུས་པ་དང་། འཕངས་པ་དང་། གཅེས་པའི་སེམས་བསྐྱེད་པར་བྱའོ།། དེས་ཆོས་ལ་ནི་སྨན་ཀི་འདུ་ཤེས་བསྐྱེད་པར་བྱའོ།། འཁན་པོ་དང་། བསློབ་དཔོན་རྣམས་ལ་ནི། སྟོན། ་པའི་འདུ་ཤེས་བསྐྱེད་པར་བྱའོ།། དེས་བདག་ལ་ནི་ནང་པའི་འདུ་ཤེ་ས་བསྐྱེད་པར་བྱའོ།། དེས་ཆོས་ཀྱི་གདམས་ངག་སྟོན་པ་ལ་ནི་སྨ་དཔའི་འདུ་ཤེས་བསྐྱེད་པར་བྱའོ།། དེས་སེམས་ཅན་ཐམས་ཅད་ནི ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ།། དེས་སངས་རྒྱས་ཀྱི་ཆོས་ཚོལ་བ་ན། ལུས་ལ་འཕངས་པར་མྱི་བྱའོ།། སྲོག་ལ་ལྷག་པ། ར་ཆགས་པ་བསྐྱེད་པར་མྱི་བྱའོ།། དངོས་པོ་སྣ་ཚོགས་ཡོངས ་སུ་འཛིནད་པ་རྣམས་ལ་ཡང་། དེས་ཤིན་ཏུ་ཉོན་མོངས་པའི་འདུ་ཤེས་བསྐྱེད་པར་བྱའོ།། ནོར་ཕུན་གསུམ་ཚོགས་པ་ཡང་དེས་ཆགས་པ་བསྐྱེད་བར་མྱི་བྱའོ།། ཆོས་གཙོ་བོར་བྱས་ཏེ། ནོར་ཐམས་ཅད་ཡོངས་སུ ་བཏང་བར་བྱའོ།། དམ་པའི་ཆོས་ཀྱི་དོན་དང་ལྡན་པའི་ཆོས་ཡོངས་སུ་བཟུང་བའི་ཕྱིར་འཇིག་རྟེན་པ་ཐམས་ཅད་ཡོངས་སུ་བཏང་བར་བྱའོ།། ཆོས་ཀྱི་སྙེད་པ་འདོད་པས་བརྙེད་པ་དང་། བཀུར་བསྟི་དང་། ཚིགས་སུ ་བཅད་པ་ཡོངས་སུ་བཏང་བར་བྱའོ།། ཆོས་ཀྱི་རྒྱལ་སྲིད་འདོད་པའི་ཕྱིར་རྒྱལ་སྲིད་ཐམས་ཅད་ཡོངས་སུ་གཏང་བར་བྱའོ།། ཉོན་མོངས་པ་ཐམས་ཅད་ཡོངས་སུ་བཏང་བར་འདོད་པས། དམ་པོའི་ཆོས་ཡོངས ་སུ་བཅལ་བ་ལ་བརྩོན་པར་བྱའོ།། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་འདོད་པས། དམ་པའི་ཆོས་ཡོངས་སུ་བཟུང་བ་ལ་བརྩོན་པར་བྱའོ།། དམ་པའི་ཆོས་ཡོངས་སུ་འཛིནད་པའི་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས།། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་འཛིནད་པ་ཐོབ་པར་འགྱུར་རོ།། རིགས་ཀྱི་བུ་དེ་བས་ན་བྱང་ཆུབ་འདོད་པ་དང་། བྱང་ཆུབ་མངོན་པར་རྫོགས་པར ་འཚང་རྒྱ་བར་འདོད་པ་དང་། ཤེས་རབ་ཀྱི་ཀ་བ་བསྒྲེང་བར་འདོད་པ་རྣམས་ཀྱིས་ཐོས་པ་ལ་བརྩོན་པར་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། ཁང་བཟངས་རྣམ་པར་རྒྱལ་བྱེད་ནི་ཀ་བས་བརྟན་པས།། གསུམ ་བཅུ་རྩ་གསུམ་པའི་ལྷ་རྣམས་འདུ་བར་འགྱུར་བ་དེ་བཞིན་དུ། རིགས་ཀྱི་བུ་སྟེ་རབ་ཀྱི་ཀ་བ་ནི་ཐོས་པའི་སྟོབས་ཀྱིས་ཡོངས་སུ་གཟུང་བར་གནས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ལྷ་དང ་བཅས་པའི་འཇིག་རྟེན་དུ་འདུ་བར་འགྱུར་རོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེ་མས་དཔར་དམ་བཅས་ཏེ། བདག་སངས་རྒྱས་སུ་གྱུར་པ་གཅིག ་ཅེས་སྨྲ་ལ། དེ་ཡང་ཐོས་པ་ཡོངས་སུ་ཚོལ་བ་ལ་བརྩོན་ན། སེམས་ཅན་ཐམས་ཅད་ཤེས་རབ་འཆལ་བར་བྱ་བ་ལ་ཞུགས་པ། ཡིན་ནོ།། རིགས་ཀྱི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཐོས་པ་ཡོངས་སུ་ཚོལ་བ་ལ་བརྩོན་འགྲུས་བརྩོམ་པར་བྱེད་ན། དེས་ནི་སེམས་ཅན་ཐམས་ཅད་ཀྱི་ཤེས་རབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉེ་བར་བརྟན་པ་བྱས་པ་ཡིན ་ནོ།། ལྷ་རྣམས་ཀྱང་དེའི་ཚེ་དེ་ལ་མགུ་ཞིང་ཡིད་བདེ་བར་གྱུར་ནས།། ཨཱ་ལ་ལ་སྐྱེས་བུ་དམ་པ་འདིས་ནི་ཐོས་པ་དང་། བརྩོན་འགྲུས་དང་ཤེས་རབ་ཡངས་པོའི་བློས་སྟོབས་བཅུས་ཐོབ་པར་ནུས་སོ།། ཨ་ལ ་སྐྱེས་བུ་དམ་པ་འདིས་ནི་ཤེས་རབ་ཀྱི་མཚོན་གྱིས་ཉོན་མོངས་པའི་དྲ་བའི་རྒྱུད་ཐམས་ཅད་རྣམ་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་བཅད་པར་ནུས་སོ།། ཨ་ལ་ལ་སྐྱེས་བུ་དམ་པ་འདིས་ནི་སེམས་ཅན་ཐམས་ཅད་ཀྱི ་ཉོན་མོངས་པ་སྤང་བའི་ཕྱིར་ཆོས་སྟོན་པར་ནུས་སོ།། ཨ་ལ་ལ་སྐྱེས་བུ་དམ་པ་འདིས་ནི་སྔོན་གོ་རྒྱལ་བ་བཞུགས་བཞུགས་པའི་བྱང་ཆུབ་ཀྱི་སྙིང་པོ་ལ་འཇུག་པར་ནུས་སོ།། ཨ་ལ་ལ་སྐྱེས་བུ་དམ་པ་འདིས་མ ་བདུད་དཔུང་དང་གཞོན་པ་དང་བཅས་པ་ཕམ་པར་བྱེད་ནུས་སོ།། ཨ་ལ་ལ་བྱང་ཆུབ་སེམས་དཔའ་འདིས་མི་རྣམ་པ་བཅུ་གཉིས་དང་ལྡན་པའི་ཆོས་ཀྱི་འཁོར་ལོས་བསྐོར་བར་ནུས་སོ།། ཞེས་ཆེད་དུ་བརྗོད་པར་བྱེད་དོ།། རིགས། ་ཀྱི་བུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཆོས་ཉན་པ་ལ་བརྩོན་པ་དེའི་ཚེ། རིགས་ཀྱི་བུ་བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་འགྱུར་རོ།། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཀྱི་བདུད་སྡིག་ཅན ་རྣམས་དང་། བདུད་ཀྱི་རིས་ཀྱི་ལྷ་གང་དག་ཡིན་པ་དེ་དག་ཐམས་ཅད་དེའི་ཚེ། སྡུག་བསྔལ་ཞིང་ཡིད་མྱི་བདེ་བར་འགྱུར་ཏེ། འདི་ནི་བདག་ཅག་གི་དབང་དུ་མྱི་འགྱུར་རོ།། འདིས་ནི་བདག་ཅག་དབང་མྱེད་དོ།། འདིས ་བདག་ཅག་རྣམ་པ་ཐམས་ཅད་དུ་བཅོམ་མོ།། འདིས་ནི་བདག་དབང་དུ་བྱས་སོ།། སྙམ་མོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་དལྟར་ཐོས་པ་དང་ལྡན་ན་ཤེས་རབ་སྐྱེ་བར་འགྱུར། ཤེས་རབ་དང་ལྡན ་ནཉོན་མོངས་པ་ཞི་བར་འགྱུར་རོ།། ཉོན་མོངས་པ་མྱེད་མ་བདུ། ད་ཀྱིས་གླགས་མྱི་རྙེད་དོ།། ཐོས་པ་དང་ལྡན་ན་རྟོགས་པར་འགྱུར།། རོ།། རྟོག་པ་ཡོད་ན་ཚུལ་བཞིན་དུ་ཆོས་ཡོངས་སུ་ཚོལ་བར ་འགྱུར་རོ།། ཚུལ་བཞིན་དུ་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་ན། བདུད་སྡིག་ཅན་གིས་གླགས་མྱི་རྙེད་དོ།། ཐོས་པ་དང་ལྡན་ལོག་པར་ལྟ་བ་དང་བྲལ་བར་ཡང་འགྱུར་ལ་ཡང་དག་པའི་ལྟ་བ་ཡང་བསྐྱེད་པར ་འགྱུར་རོ།། ཡང་དག་པར་ཞུགས་ན་བདུད་ཀྱིས་གྲགས་མྱི་རྙེད་དོ།། ཡང་དག་པར་ཞུགས་ན། དོན་ལ་ཉེ་བར་རྟོག་པ་དང་། གནོད་པ་དང་བྲལ་བར་འགྱུར་རོ།། དེ་ན་འདོད་ན་དོན་ལ་ཡང་དག་པར་འབྲལ་བར ་འགྱུར་ཏེ། རིགས་ཀྱི་བུ་རྣམ་གྲངས་དེས་ཀྱང་ཐོས་པ་མང་པོ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ནི། བདུད་བཞི་ཕམ་པར་བྱེད་ནུས་པར་འགྱུར་བ་དེ་ལྟར་རིག་པར་བྱའོ།། བཞི་གང་ཞེ་ན། ་འདི་ལྟ་སྟེ། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུང་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་ཏེ། བདུད་བཞི་པོ་འདི་དག་ཕམ་པར་བྱེད་ནུས་སོ།། རིགས་ཀྱི་བུ་གཞན་ཡང་ཇི་ལྟར་སྔོན་གྱི ་བྱང་ཆུབ་སེམས་དཔལ་ཆོས་དོན་དུ་གཉེར་བ་དང་། ཆོས་འདོད་པ་རྣམས་ཐོས་པ་ཡོངས་སུ་བཙལ་བ་དེ་ལས་ཅུང་ཟད་ཙམ་ཁྱོད་ལ་བསྟན་པར་བྱའོ།། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས ་བསྐལ་པ་གྲངས་མྱེད་པ་བས་ཀྱང་ཆེས་གྲངས་མྱེད་པ། ཡུན་རིང་པོ་ཚད་མྱེད་བསམ་གྱིས་མྱི་ཁྱབ་པ་འདས་པ་དེའི་ཚེ། དེའི་དུས་ན་དྲང་སྲོང་ཆེན་པོ་མཆོག་ཅེས་བྱ་བ། ནགས་དང་ནགས་འདབ་དང་། རི་ལ་གནས་པ ་མངོན་པར་ཤེས་པ་དང་ལྡན་པ། རྟག་ཏུ་བྱམས་པ་ལ་གནས་པ་དང་། སྙིང་རྗེ་ལ་གནས་པ་ཞིག་བྱུང་སྟེ། དྲང་སྲོང་མཆོག་ཏུ་གྱུར་ཏོ།། དེ་ནགས་ཁུང་དེ་དག་ན་གནས་པ་ན། འདི་སྙམ་དུ་སེམས་ཏེ། བདག་བྱམས་པ་ལ ་གནས་པ་འདི་ནི། སེམས་ཅན་རྣམས་ཀྱི་དགའ་བ་བསྐྱེད་པར་ཡང་མྱི་འགྱུར་ལ།། བྱམས་པ་འདིས་ནི་སེམས་ཅན་རྣམས་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཽཏི་མུག་རྣམས་དང་། བསྐལ་པ་མཐའ་ཡས ་པ་ནས་བསགས་པའི་ཉོན་མོངས་པ་ཐམས་ཅད་ཀྱང་ཉེ་བར་ཞི་བར། བྱེད་མྱི་ནུས་སོ།། བྱམས་པ་འདིས་ནི་འཕགས་པའི་ཡང་དག་པའི་ལྟ་བ་ཡང་བསྐྱེད་པར་མྱི་ནུས་སོ།། སྙམ་མོ་དེ་ཡང་འོདི ་སྙམ་དུ་སེམས་ཏེ། འཕགས་པའི་ལྟ་བ་གང་ལས་སྐྱེ་ཞིག་གུ་སྟ་མ་མོ།། དེ་ལ་རྟོག་པ་འདི་ལྟ་བུ་ཞིག་འབྱུང་སྟེ། འཕགས་པའི་ཡང་དག་པོའི་ལྟ་བ་སྐྱེ་བ་ལ་ནི།། རྒྱུ་གཉིས་དང་རྐྱེན་གཉིས་ཡོད་དོ།། ་གཉིས་གང་ཞེ་ན། འདི་ལྟ་སྟེ། གཞན་གི་སྒྲ་དང་། སོ་སོ་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། འདི་གཉིས་ནི་འཕགས་པའི་ཡང་དག་པའི་ལྟ་བ་སྐྱེ་བའི་རྒྱུ་གཉིས་དང་རྐྱེན་གཉིས་སོ་སྙམ་མོ།། དེ་དེའི་ཚེ་ཆོས་ཡོངས ་སུ་ཚོལ་བ་ལ་བརྩོན་པའི་བློ་སྐྱེ་སྟེ། ལེགས་པར་གསུངས་པ་བདག་བགྱིས་པ་ག་ལ་རྙེད་པར་འགྱུར་སྙམ་མོ།། དེ་ཆོས་ཀྱི་ཕྱིར་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་ནས། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང ་ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་འཕོ་བྲང་དུ་སོང་ནས་ཆོས་བཙལ་ཏོ།། བཙལ་ཀྱང་ཆོས་སྨྲ་བ་འགའ་ཡང་མ་རྙེད་དོ།། དེ་ནས་དེའི་བདུན་དུ་བདུད་ཀྱི་རིས་ཀྱི་ལྷ་ཞིག་བྱུང་སྟེ། དེ་དྲང་སྲོང་དེའི་ཐད་དུ་སོང་ནས། ་འདི་སྐད་ཅེས་སྨྲས་སོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས། སངས་རྒྱས་ཀྱིས་གསུངས་པའི་སངས་རྒྱས་ཀྱི་མཅན་གྱི་ཚོགས་སུ་བཅད་པ་གཅིག་གཟུང་བ་ཕ་ལ་ཡོང་ངོ་།། དྲང་སྲོང་དེས་སྤྲས་པ་སྤྲོས་ཤིག། སྭཱ་དེས། ་སྨྲས་པ་གལ་ཏེ་ཁྱོད་ཀྱིས། རང་གི་ལུས་ལས་པགས་པ་བཤུས་ཏེ་ཉི་མ་ལ་བསྐམས་ནས་ཤོག་བུར་བྱས་ཏེ། རང་གི་ཁྲག་དང་སྦྱར་བས་སྣགས་བྱས་ལ། རང་གི་རུས་པས་བསྟུ་གུ་བྱས་ཏེ། པལ་ཚིགས་སུ་བཅད་པ་དེ་འདྲིན ་དེ་ལྟར་ན་སངས་རྒྱས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་དེ་ངས་ཁྱོད་ལ་སྦྱིན་ནོ།། རིགས་ཀྱི་བུ་དེ་ནས་དྲང་སྲོང་ཆེན་པོ་མཆོག་འདི་སྙམ་དུ་སེམས་ཏེ། བདག་གི་ལུས་འདི་འཁོར་བ་ཐོག་མ་མྱེད་པ་ནས། སྐྱེ་བ་དེ་དང་དེ ་ངག་དང་། སྐྱེ་བའི་གནས་དེ་དང་དེ་དག་ཏུ། བསྐལ་པ་འབུམ་ཕྲག་མང་པོར་ཉེས་པར་བྱས་ནས། དགྲ་དང་། གཤེད་མའི་ལག་ཏུ་སོང་ནས། ཆོས་རྐུམ་དང་། རྒྱལ་པོས་བཀྲབས་པ་ལས་སྩོགས་པས་མཆོད་རྣོན་པོས ་ཡན་ལག་དང་། ཉིང་ལག་ཐམས་ཅད་དུམ་བུ་རུ་མར་བཅད་ཅིང་བརྟུ་བས་ཏེ།། འདོད་པའི་ཕྱིར་དང་། ནོར་གི་ཕྱིར་དང་། གསད་པ་ད། པ། བཅིང་བ་དང་། བརྡེག་པ་དང་། སྡིག་པ་ལས་བསྩོགས་པ ་དཀའ་བ་འབུམ་ཉམས་སུ་མྱོང་མོད་ཀྱི།། འོན་ཀྱང་བདག་ཀྱི་ལུས་དེ་དགེ་དང་། ཚོར་བ་དེ་དག་གིས། སེམས་ཅན་སུ་ལ་ཡང་དོན་གྱི་ཡང་བྱས་པ་སྐྱེ་ན། ད་བདག་གིས་སྙིང་པོ་མྱེད་པའི་ལུས་འདིས་ཆོས་རྙེད་པར་འགྱུར། ་བ་ནི། བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་ནས་དགའ་ཞིང་མགུ་ལ་ཡིད་རངས་ཏེ། ལྷ་དེ་ལ་ཡང་བསློབ་དཔོན་གི་འདུ་ཤེས་བསྐྱེད་ནས། མཚོན་རྣོན་པོས་རང་གི་ལུས་ལ་པགས་པ་བཞུས་ཏེ་ཉི་མ་ལ་སྐམས་ཏེ། ་ཤོག་བུར་བྱས་ཏེ། རང་གི་ལུས་ལས་ཁྲག་གཟགས་ནས། རང་གི་ཁྲག་གིས་སྣགས་སྦྱར་ཏེ། རང་གི་རུས་པས་སྟུག་ཀུ་བྱས་ནས། ལྷ་དེ་ལ་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་སྨྲས་སོ།། ལྷ་སངས་རྒྱས་གསུངས་པའི ་སངས་རྒྱས་ཀྱི་མཚན་བསྡུས་པའི་ཚིགས་སུ་བཅད་པ་དེ་བདག་ལ་གསུངས་ཤིག། ཁྱོད་ཀྱིས་ཇི་སྐད་བསྒོ་བ་བཞིན་དུ་བདག་གིས་བགྱིས་ལགས་ཏེ། བདག་གིས་པགས་པ་བཤུས་ནས་བསྐམས་ཏེ། ཤོག་བུར་བགྱིས་ནས ་རང་གི་ཁྲག་ཀྱིས་སྔག་སར་སྦྱར་ཏེ། རང་གི་ནུས་པས་བསྟུ་གུ་བགྱིས་ལགས་སོ་ཞེས་བྱས་སོ།། རིགས་ཀྱི་བུ་དེ་ནས་བདུད་ཀྱི་རིས་ཀྱི་ལྷ་དེས། དྲང་སྲོང་ཆེན་པོ་མཆོག་དེའི་གུས་པ་དང་། དོན་དུ ་གཉེར་བ་དེ་ལྟ་བུ་མཐོང་ནས། གནོད་གནོད་ལྟར་བྱས་ཏེ། དེ་ཉིད་དུ་མྱི་སྣང་བར་གྱུར་ད་ཏོ།། རིགས་ཀྱི་བུ་དེ་ནས་དྲང་སྲོང་ཆེན་པོ་མཆོག་དེས་དེའི་ཚེ། ལྷ་དེའི་མྱི་སྣང་བར་གྱུར་ད་པར་རིག་ནས། འདི་སྙམ་དུ་སེམས་ཏེ། ་བདག་གིས་ཚིགས་སུ་བཅད་པ་དེ་མ་ཟོས་སུ་ཟིན་ཀྱང་གང་གི་ཕྱིར་བདག་གིས། ཆོས་ལ་གུས་པ་ཆེན་པོས་སྣག་ཅ་འདི་དང་རང་གི་པགས་པ་བཤུས་ཏེ་བསྐམས་ནས། རང་གི་ཁྲག་དང་སྦྱར་བ་དང་། རང་གི་རུས་པ་ཕྱུང་སྟེ། ་སྟུག་གུ་བྱས་པ། བདག་གི་ཆོས་ལ་གུས་པའི་དགེ་བའི་རྩ་བ་འདི་ཆུང་ཟ་བར་མྱི་འགྱུར་རོ།། སླུ་བར་ཡང་མྱི་འགྱུར་རོ།། འོན་ཀྱང་བདག་གིས་ལྷག་པའི་བསམ་པ་དང་། གཡོ་མྱེད་པས་སེམས་ཅན་རྣམས་ལ ་སྙིང་རྗེ་བའི་སེམས་བསྐྱེད་ནས། ལུས་དང་སྲོག་ལ་མྱི་ལྟ་བར། པགས་པ་སྣག་སར་སྦྱར་ཏེ། རང་གི་ཁྲག་གིས་སྦྱར་ནས། རུས། པས་སྙག་གུ་བྱས་པའི་ཆོས་ལ་གུས་པའི་བདེན་པའི་ཚིག་གང་ཡིན ་བའི་བདེན་པ་དང་། ཚིག་དེས་ན། འཇིག་རྟེནད་གི་ཁམས་འདི་དང་། འཇིག་རྟེན་གི་ཁམས་གཞན་དག་ན། ཆོས་གསུང་ཞིང་ཆོས་སྟོན་པ་དང་། བདག་ཉིད་ཆེན་པོ་སུ་བཞུགས་ཀྱང་རུང་སྟེ། དེ་དག་གིས ་བདག་ལ་ཞལ་བསྟནང་པར་གསོལ་ད།། བདག་ལ་ཆོས་ཀྱང་ཐོས་པར་མཛད་དུ་གསོལ་ཞེས་བྱས་སོ།། རིགས་ཀྱི་བུ་དེ་ལྟར་དྲང་སྲོང་ཆེན་པོ་མཆོག་གིས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ། སྐད་ཅིག་དེ་དང་ཐང་ཅིག་དེ་དང་། ་ཡུད་ཙམ་དེ་ཉིད་ལ་འོག་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གསུམ་བཅུ་རྩ་གཉིས་པ་ན། འཇིག་རྟེན་གི་ཁམས་ཀུན་ནས་དྲི་མ་མྱེད་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མྱེད་པར་གྲགས་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་བཞེས་ལ་ཆོས་སྟོན་ཏོ།། དེས་དྲང་སྲོང་ཆེན་པོ་མཆོག་དེའི་ལྷག་པའི་བསམ་པ་ཐུགས་སུ་ཆུད་དེ། འཛམ་བུ། ་གླིང་འདིའི་སེམས་ཅན་ཡོངས་སུ་སྦྱིན་པ་ཡང་གཟིགས་ནས། དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམས་པ་ལས་བརྐྱང་བ་འམ། བརྐྱང་བ་ལས་བསྐུམ་པ་བཞིན་དུ། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་དེ་བཞིན ་གཤེགས་པ་དྲི་མ་མྱེད་པར་གྲགས་པའི་རྒྱལ་པོ་དེ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་ཐབས་གཅིག་དུ་དེ་ནས་ཀྱི་སྡང་བར་གྱུར་ནས།། དྲང་སྲོང་ཆེན་པོ་མཆོག་གི་མདུན་དུ་བཞུགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མྱེད་པར་གྲགས་པའི་རྒྱལ་པོ་དེ་བྱུང་མ་དག་དུ། དེའི་མོད་ལ་ནགས་ཁུང་དེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། མེ་ཏོག་གི་ཆར་ཆེན་པོ་ཡང་བབ་པོ། དེའི་ཚེ ་ནགས་ཁུང་དེ་ན་ཤིང་གི་ཡལ་ག་དང་། ལོ་མ་དང་། མགོ་སྤོགས་དང་མེ་ཏོག་དང་། འབྲས་བུ་ཐམས་ཅད་ལ་ཆོས་སྟོན་པའི་སྒྲ་དག་བྱུང་ངོ་།། དེའི་ཚེ་ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འདུས་པར་གྱུར་ད་ཏོ།། ་དེ་ནས་དྲང་སྲོང་ཆེན་པོ་མཆོག་ལ། བཅོམ་ལྡན་འདས་དེ་བཞིན་གན། གས་པ་དྲི་མ་མྱེད་པར་གྲགས་པའི་རྒྱལ་པོ་རིའི་འོད་ཀྱིས་ཕོག་མ་ཟག། དུ།། དེ་ནས་དེའི་མོད་ལ་ཁ་དོག་དང་། གཟུགས་སྔ་མ་ཁོ་བཞིན ་དུ་གྱུར་ད་ཏེ། རྨ་དང་། སྣད་པ་མྱེད་པར་གྱུར་ད་ཏེ། དེ་ནས་དྲང་སྲོང་ཆེན་པོ་མཆོག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡ་བདག་པར་རྫོགས་པའི་སངས་རྒྱས་དེའི་ཞབས་ལ་མགོ་བོས་ཕྱག ་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། སོར་མོ་བཅུའི་ཐལ་མོ་སྦྱར་བ་སྤྱི་བོར་བཞག་ནས། དེ་བཞིན་གཤེགས་པ་དྲི་མ་མྱེད་པར་གྲགས་པའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་ནི་བདག་གི་སྟོནད་པ་ལགས་སོ།། བདེ་བར་གཤེགས་པ་ནི་བདག་གི་སྟོནད་པ་ལགས་སོ།། བདག་ནི་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ།། ཅི་ནས་བདག་གིས་ཆོས་བོས ་ནས་ལོག་པར་ཞུགས་པའི་སེམས་ཅན་ལྟ་བར་གྱུར་ད་བའི་གླག་ཀླག་པ་སྤྱོད་ཡུལ་བ་རྣམས་ཀྱི་ལོག་པར་ལྟ་བའི་མུན་པ་བསལ་ནས། ཡང་དག་པའི་ལྟ་བ་སྟོན་པར་བཅོམ་ལྡན་འདས་ཀྱིས་ཆོས་སྟན་དུ་གསོལ། བདེ་བར ་གཤེགས་པས་བདག་ལ་ཆོས་བསྟན་དུ་གསོལ།། རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དྲི་མ་མྱེད་པར་གྲགས་པའི་རྒྱལ་པོ་དེས་དྲང་སྲོང་ཆེན་པོ་མཆོག་གཙོ་བོར་མཛད་ནས། ལྷའི་བུ་དེ་དག་དང་། བྱང་ཆུབ ་སེམས་དཔའ་དེ་དག་ལ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཉིད་ལ་བསམས་ཏེ།། ཅི་ནས་ལྷའི་བུ་འཁོར་དེའི་ནང་ནས་སྔོན་དགེ་བའི་རྩ་བ་ཡོངས་སུ་སྦྱངས་པའི་ལྷའི་བུ་བརྒྱད་སྟོང་བླ་ན་མྱེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དང་། དྲང་སྲོང་ཆེན་པོ་མཆོག་དེ་ཡང་དགའ་བ་དང་། དང་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དང་། སྤོབས་པ་མྱི་ཆོད་པ་ཐོབ་པར་འགྱུར་བ་དེ་ལྟ་བུའི་ཆོས ་སྟོནང་ཏོ།། བཅོམ་ལྡན་འདས་དེས་རྡོ་རྗེའི་ཚིག་བརྒྱད་པོ་འདི་དག་ཀྱང་སྟོནང་ཏོ།། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཆོས་མས་ཅད་ནི་ཉོན་མོངས་པ་དང་བྲལ་བཱི་ཕྱི་རང་བཞིན་གྲི་ཡོང་སུ་དག་པའོ།། ཆོས་ཟས་ཅད་ནི་ཟག་པ་ཐོས་ཅད་ཡོངསུ་ཆད་པའི་ཕྱིར་ཟག་པ་མྱེད་པའོ།། ཆོ་བ ་ས་པ་རིག་ན་མས་པད་ལྔ་ཡང་དག་ལྔ་འདས་པའི་ཕྱིར་གན་བྱེད་པ་གཙོ་བ་ཐམས་ཅད་ནི་གཉི་སུ་མྱེད་པའི་ཕྱིར་དོ་མྱེད་པའོ།། ཆོས་ལས་ཅད་ནི་རྣམ་པར་བ.རད་པའི་སྒོ་ཀུན་དུ་སྟོན་པའི་ཕྱི་ཀུན་རབ་བསྒོའོ།། ཆོས་ཐམས་ཅད་ནི་གྲོ་བ་མྱེད་པའི་ཆུས་ཕྱིས་འསོ་བབྱེད་གོ ་ཆོས་ཐམས་ཅད་ནི་འགྲོ་བ་ཐམས་ཅད་ཡང་དག་པར་ཆད་པའི་ཕྱིར་འགྲོ་བ་མྱེད་པའོ།། ཆོས་ཐམས་ཅད་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་གཉིས་སུ་དབྱེར་མྱེད་པའི་ཕྱིར ་ནུས་གསུམ་མཉམ་པ་སྟེ། རྡོ་རྗེའི་ཚིག་བརྒྱང་པོ་འདི་དག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་མ་མྱེད་པར་གྲགས་པའི་རྒྱལ་པོ་དེས། ཆོས་ཐམས་ཅད་ངེས་པར་བྱེད་པའི་ལྕི་བསྟནང་ཏོ།། མཆོས ་གཞམ་ཡ་བཅོས་ཀྱི་སྒོའི་ཚིག་བརྒྱད་པོ་འདི་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་བརྟུལ་བར་མྱི་འགྱུར་བ་སྟེ། བརྐྱང་གང་ཞེ་ན། འདི་ལྟ་སྟེ། མྱིང་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། སྒོ་སྣ་ཚོགས་པར ་གཞན་པའི་ཕྱིར། སྒོ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ངག་ཐ་དད་པ་བརྗོད་པའི་ཕྱིར་རོ།། བརྡ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་ཐམས་ཅད་མངོན་པར་ཞེན་པ་མྱེད་པའི་ཕྱིར། རྣམ་པར་རིག་པ་ནི་ཆོས་ཐམས་ཀྱི་སྒོ་སྟེ། ་གསོབ་དང་། གསོག་དང་། ཡ་མ་མ་ཡིན་པའི་ཕྱིར་རོ།། བདག་གི་ངོ་བོ་ཉིད་ཐམས་ཅད་ཀྱི་སྒོ་སྟེ། བདག་གི་ངོ་བོ་ཉིད་མྱེད་པའི་ཕྱིར་རོ།། ཟག་པ་མྱེད་པའི་ངོ་བོ་ཉིད་མྱེད་པའི་ཕྱིར་རོ།། ཟག་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ་ཡོད་པ་མ་ཡིན་པའི་ཕྱིར་རོ།། གདགས་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གདགས་པ་འབྱུང་བ་མྱེད་པའི་ཕྱིར་རོ།། མཉམ་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། རོ་གཅིག་པའི་ཕྱིར་རོ།། མཆོག་ཆོས་ཀྱི་སྒོའི་ཚིག ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་བརྟུལ་བར་མྱི་འགྱུར་བའོ།། མཆོག་གཞན་ཡང་ས་བོན་གི་ཚིག་བརྒྱད་པོ་འདི་དག་སྤོབས་པ་མྱི་ཟད་པར་འགྱུར་བ་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ་མཆོག་ཨ་ཞེས་བྱ་བ་ས་བོན་གི་ཚིག་ནི་ཆོས་ཐམས་ཅད་བཟོད་མ་ནས་མ་སྐྱེས་པར་སྟོན་ཏོ།། མཆོག་པ་ལ་ས་བོན་གི་ཚིག་ནི་ཆོས་ཐམ། ས་ཅད་དོན་དམ་པར་སྟོནད་ཏོ།། མཆོག་ན་ཞེས་བྱ་བ་ས་བོན ་ནི་ཆོས་ཐམས་ཅད་ཀྱི་མྱིང་དང་གཟུགས་ཡོངས་སུ་ཤེས་པར་སྟོ། ནད་ཏོ།། མཆོག་ད་ཞེས་བྱ་བ་ས་བོན་གི་ཚིག་ཆོས་ཐམས་ཅད་དུ། ལ་བ་དང་ཞི་བར་སྟོནད་ཏོ།། མཆོགས་ཞེས་བྱ་བ་ས་བོན་གི་ཚིག ་ནི་ཆོས་རྣམས་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པར་སྟོན་ཏོ།། མཆོག་ཏ་ཞེས་བྱ་བ་ས་བོན་གི་ཚིག་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་དབྱེར་མྱེད་པར་སྟོནད་ཏོ།། མཆོག་ཀ་ཞེས་བྱ་བ་ས་བོན ་གི་ཚིག་ནི་ཆོས་ཐམས་ཅད་ཟད་པ་ཉིད་དུ་སྟོན་ཏོ།། མཆོག་མ་ཞེས་བྱ་བས་ས་བློན་གི་ཚིག་ནི་ཆོས་ཐམས་ཅད་ནི་དབུས་དང་། མཐའ་ཡོངས་སུ་ཆད་པར་སྟོན་ཏོ།། མཆོག་ས་བོན་གི་ཚིག་བརྒྱད་པོ་དེ་དག་ནི་སྤོབས། ་པ་མྱི་ཟད་པར་འགྱུར་བའོ།། དེ་ལྟ་བས་ན་ས་བོན་ཚིག་འདི་དག་དང་། ཆོས་ཀྱི་སྒོའི་ཚིག་འདི་དག་དང་། རྡོ་རྗེའི་ཚིག་འདི་དག་ལ་དྲན་པ་དང་། ཤེས་བཞིན་དུ་སྤྱོད་པ་མཉམ་པ་ཉིད་ལ་བརྩོན་པར་བྱའོ།། རྟག་ཏུ་འདུ ་འཇི་བྱེད་པར་སྤྱོད་པས་ཚུལ་བཞིན་དུ་སོ་སོར་བརྟགས་པ་ལ་བརྩོན་པར་བྱའོ།། རྟག་ཏུ་དགེ་བ་གང་ཡིན་ཞེས་ཚོལ་ཞིང་འདོད་པ་ལ་བརྩོན་པར་བྱའོ།། རིགས་ཀྱི་བུ་དེ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་དྲི་མ་མྱེད་པར་གྲགས་པའི་རྒྱལ་པོ་དེས་ཆོས་ཀྱི་ཚིག་ཞུས་པ་དེ་དག་གི་ལན་བཏབ་ནས། འཇིག་རྟེན་གི་ཁམས་སྣང་བར་མཛད་ཅིང་རབ་ཏུ་གཡོས་པར་མཛད་ནས། བྱང་ཆུབ་སེམས་དཔའ་དེ་དག་དང་ཐབས་ཅིག ་ཏུ་མྱི་སྣང་བར་གྱུར་ད་ཏེ། སྐད་ཅིག་ཟང་གཅིག་ཡུད་ཙམ་དེ་ལ་རང་གི་སངས་རྒྱས་ཀྱི་ཞིང་དུ་བཞུགས་པར་གྱུར་པ་ཏོ།། སངས་རྒྱས་ཀྱི་ཞིང་དེ་གང་ནས་གང་དུ་ཡང་གཤེགས་པ་འམ། སླར་གཤེགས་པ་མངོན་པ་མྱེད་དོ།། ་རིགས་ཀྱི་བུ་དེ་ནས་དྲང་སྲོང་ཆེན་པོ་མཆོག་དེ་སྤོབས་པ་མྱི་ཆོད་པར་ང་ལྡན་པར་འགྱུར་ཏེ། རྗེས་ངས་པ་མྱེད་པའི་དྲན་པ་དེ་དང་ཡང་ལྡན་པར་གྱུར་ནས། ལྷས་ཡོངས་སུ་བཟུང་བ་ཐོབ་པར་གྱུར་ད་ཏོ།། ལྷས་ཡོངས་སུ་བཟུང ་བ་དེས་ན། བདུད་ཕྱིར་རྒོལ་བ་ཡང་བཅོམ་ནས།། གྲོང་དང་། གྲོང་ཁྱེར་དྲང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དུ་སོང་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། བསོད ་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཉིད་རྒྱས་པར་བ། ཤད་ཅིང་རབ་ཏུ་བསྟནད་ཏོ།། དེས་ལོ་སྟོར་ཐམ་པར་ཆོས་བསྟ། ནད་ཏེ། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི། ཉན་ཐོས་སུ ་ཡོངས་སུ་སྨིན་པར་བྱས་སོ།། སྲོག་ཆགས་བརྒྱ་ཁྲི་བཞི་སྟོང་ནི། རང་སངས་རྒྱས་སུ་ཡོངས་སུ་སྦྱིན་པར་བྱས་སོ།། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་ཡོངས་སུ་སྤྱོན་པར་བྱས་སོ།། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི། འཁོར་ལོས་བསྒྱུར་བར་ཡོངས་སུ་སྨིན་པར་བྱས་སོ།། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི། བརྒྱ་བྱིད་དུ་ཡོངས་སུ་སྨྱིན་པར་བྱས་སོ།། སྲོག་ཆགས ་བརྒྱད་ཁྲི་བཞི་སྟོང་ནི། ཚངས་པར་ཡོངས་སུ་སྦྱིན་པར་བྱས་སོ།། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི། བྱམས་པ་བསྒོམས་པ་ལ་བཀོད་དོ།། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་སྙིང་རྗེ་བསྒོམ་པ་ལ་བཀོད་དོ།། སྲོག་ཆགས ་བརྒྱད་ཁྲི་བཞི་ནི་དགའ་བ་བསྒོམ་པ་ལ་བཀོད་དོ།། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་གཏང་སྙོམས་བསྒོམ་པ་ལ་བཀོད་དོ།། སྲོག་ཆགས་དཔག་ཏུ་མྱེད་པ་ཞིག་ནི་མཐོ་རིས་ཀྱི་འཇིག་རྟེན་དུ་ཉེ་བར་འགྲོ་བར་བྱས་སོ།། དེའི ་འོག་ཏུ་དྲང་སྲོང་ཆེན་པོ་མཆོག་དེ་ཤི་ནས་ལྷའི་བུ་བརྒྱད་ཁྲི་སྟོང་དང་ལྷན་གཅིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མྱེད་པར་གྲགས་པའི་རྒྱལ་པོ་དེ་ཉིད་ཀྱི་སངས་རྒྱས་ཀྱི་ཞིང་ཀུན་ནས། ་དྲི་མ་མྱེད་པའི་འཇིག་རྟེན་གི་ཁམས་སུ་སྐྱེས་སོ།། རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན། དྲང་སྲོང་ཆེན་པོ་མཆོག་དེ་གཞན་ཞིག་ཡིན་པར་ཁྱོད་སོམ་ཉི་འམ། ཡིད་གཉིས་སམ། ཐེ་ཙོམ་ཟ་ན། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་མྱ ་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན། དྲང་སྲོང་ཆེན་པོ་མཆོག་ཏུ་གྱུར་ད་ཏེ། ངས་ཆོས་འདོད་པ་དང་། ཆོས་ལ་གུས་པའི་གནས་པའི་བདེན་པའི་བྱིན་གྱི་རླབས་དེས།། འོག་གི་ཕྱོགས་ནས་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་དྲི་མ་མྱེད་པར་གྲགས་པའི་རྒྱལ་པོ་དེ་སྤྱན་དྲངས་སོ།། དྲི་མ་མྱེད་པའི་གཟི་བརྗིད་རྣམ་གྲངས་དེས་ཀྱང་། ཁྱོད་ཀྱིས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས ་པ་ནི། ནམས་ཀྱང་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པརམྱི་འགྱུར་ལ། དམ་པའི་ཆོས་ཀྱང་ནུབ་པར་མྱི་འགྱུར་བ་དེ་ལྟར་རིགཔར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དྲི་མ་མྱེད་པའི་གཟི་བརྗིད་ཆོས ་འདི་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཕུན་གསུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི། འཇིག་རྟེན་གི་ཁམས་གཞན་དག་ན་འདུག་ཀྱང་། སངས་རྒྱས་བཅོམ་ལྡན་འདས ་རྣམས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛང་ངོ་།། དྲི་མ་མྱེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་གཏེར་རི་དང་། རི་སུལ་དང་། ཤིང་དག་གི་ནང་དུ ་བཅུག་པ་དག་ཡོད་དོ།། གཟུངས་དང་། ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ།། དྲི་མ་མྱེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་རྣམས་ལ་ནི་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་སྤོབས་པར་སྒྲུབ་པར་བྱེད་དོ།། དྲི་མ་མྱེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཚེ་ཟད་ན་ཡང་སངས་རྒྱས་བཅོམ་ལྡན ་འདས་རྣམས་དང་། ལྷ་རྣམས་ཀྱི་ཚེ་དང་སྟོབས་གྲུབ་པར་བྱེད་དོ།། སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། ལྷའི་བྱིན་གྱི་རླབས་ཀྱིས་དེ་དག་འདོད་ན། ལོ་སྟོང་དུ་ཡང་འཁོད་དོ།། ལོ་འབུམ་ཕྲག་གཉིས་སམ། ་གསུམ་འམ། བཞི་འམ། ལྔའི་བར་དུ་ཡང་ཁོད་པ་ནས། བསྐལ་པ་འམ། བསྐལ་པ་ལས་ལྷག་པའམ། ཡང་ན་ཇི་སྲིད་འདོད་པའི་བར་དུ་ཡང་འཁོད་དོ།། དྲི་མ་མྱེད་པའི་གཟི་བརྗིད་ཆོས་ལ་གུས་པ་བསྐྱེད་པའི་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི། སངས་རྒྱས་བཅོམ་ལྡན་འདས་རྗེས་དག་པ་ཡང་སེལ་པར་མཛད་དོ།། ནད་ཀྱང་སེལ་བར་མཛད་དོ།། དྲན་པ་ཡང་བསྒྲུབ་པར་མཛད་དོ།། རྟོགས་པ་དང་། སྤོབས་པ་ཡང་བསྒྲུབ་པར ་མཛད་དོ།། ཆོས་ལ་གུས་པ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམ་ས་དཔའ་ཆེན་པོ་རྣམས་ལ། སངས་རྒྱས་བཅོམ་ལྡན་འདས་ལྟ་བར་གྱུར་པ་རྣམས་ནི་སེལྡ་པར་མཛད་ལ། ཡང་དག་པའི་ལྟ་བ་ནི ་བསྒྲུབ་པར་མཛད་དོ།། དྲི་མ་མྱེད་པའི་གཟི་བརྗིད་ཆོས་ལ་གུས་པ། འི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་གཞན་གཽ་གནོད་པ་ཐམས་ཅད་འབྱུང་བར་མྱི་འགྱུར་རོ།། དྲི་མ་མྱེད་པའི ་གཟི་བརྗིད་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐོས་པའི་ཚོགས་ལ་མཁས་པ་ལ་བརྩོན་པར་བྱའོ།། ཟོས་པའི་ཆོས་ལ་མཁས་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཡོན ་ཏན་གྱི་ཁྱད་པར་དེ་ལྟ་བུ་དག་འབྱུང་བར་འགྱུར་བ་འམ། ཡང་དེ་བས་ཀྱང་གོང་མ་འམ། དེ་བས་ཀྱང་ལྷག་པར་འགྱུར་ཏེ། དྲི་མ་བྱེད་པའི་གཟི་བརྗིད་གསུམ་པོ་འདི་དག་ནི་བསོད་ནམས་ཉེ་བར་རྟོན་པ་དང་། བསོད་ནམས ་ཀྱི་ཚོགས་དང་། བསོད་ནམས་འབྱུང་བ་དང་། བསོད་ནམས་རྒྱས་པ་དང་། བསོད་ནམས་རྒྱུ་མཐུན་པ་དང་། བསོད་ནམས་མྱི་ཟད་པ་དང་། བསོད་ནམས་བསམ་གྱིས་མྱི་ཁྱབ་པ་དང་། བསོད་ནམས་རྒྱ་མཚོ་ཡིན་ཏེ། ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་བསོད་ནམས་ཀྱི་མཐའ་འམ། ཚད་ནི་རྟོག་པར་མྱི་ནུས་སོ།། དྲི་མ་མྱེད་པའི་གཟི་བརྗིད་རྒྱ་མཚོ་ཆེན་པོའི་ཐོགས་པ་རྣམས་ཀྱི་ཚད་དང་མཐའ་ནི ་རྟོགས་པར་ནུས་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། ཐོས་པའི་ཚོགས་བསྩགས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་དང་། མཐའ་ནི་གཏོགས་པར་རྒྱ ་ནུས་སོ།། དྲི་མ་མྱེད་པའི་གཟི་བརྗིད་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་ཀ་ཁམས་ནས་ལ་མི་དང་། ཤིང་ལྗོན་པ་དང་། ནགས་འཚལ་དང་། བརྩ་ཡོད་པ་ཐམས་ཅད་ནི། སྲང་ཚད་ཀྱིས་ཆད་དང་། མཐའ་རྟོགས་པའམ། ་ཤེས་པར་ནུས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱིན་པོའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། ཐོས་པའི་ཚོགས་བསགས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་བཟུང་བར་མྱི་ནུས་སོ་ཞེས ་ང་སྨྲའོ།། དེ་ནས་བཅོམ་ལྡན་འདས་ལ་ཆེན་པོ་ཆེ་ཆེན་པོ།། དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཚོགས་གསུམ་པོའི་སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཆོས ་དང་། ཟོས་པའི་ཚོགས་པ་དེ་དག་གི་ནང་ན་ཚོགས་གང་ཆེས་མཆོག། དང་། ཆེས་མཆོག་གཙོ་བོ་ལགས།། བཅོམ་ལྡན་འདས་ཀྱིས་པ། ཀའ་སྩལ་པ།། དྲི་མ་མྱོད་པའི་གཟི་བརྗིད་ཚོགས་གསུམ་པོ་སྦྱིན ་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། ཐོས་པོའི་ཚོགས་དེ་དག་གི་ནང་ན་ཐོས་པའི་ཚོགས་འབའ་ཤིག་ཅེས་བྱ། རབ་ཅེས་བྱ། རབ་མཆོག་ཅེས་བྱ། གྱ་ནོམ་པ་ཞེས་བྱ། གཙོ་བོ་ཞེས་བྱ། ཁྱད ་བར་དུ་འཕགས་པ་ཞེས་བྱ། བླ་མ་ཞེས་བྱ། བླ་ན་མྱེད་པ་ཞེས་བྱ།། གོང་ན་མྱེད་པ་ཞེས་བྱ།། གོང་མོའི་ཡང་གོང་མ་ཞེས་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་རི་རབ་ཀྱི་མདུན་ན། ཡུངས་འབྲུ ་གཅིག་འདུག་པ་བཞིན་དུ། སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་ཀྱང་དེ་དང་འདྲུ་བར་བལྟའོ།། རིའི་རྒྱལ་པོ་རི་རབ་ཇི་ལྟ་བ་བཞིན་དུ་ནི་ཐོས་པའི་ཚོགས་བལྟ་བར་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ། ་དཔེར་ན། རམ་མཁའ་ལ་བྱའི་རྗེས་ཇི་ལྟ་བ་བཞིན་དུ་སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ།། ། ཕྱོགས་བཅུའི་ནམ་མཁའ་མཐའ་ཡས་པ་ཇི་ལྟ་བ་བཞིན་དུ་ནི་ཐོས་པའི་ཚོགས་སུ། ་བར་བྱའོ།། རིགས་ཀྱི་བུ་སྦྱིན་པའི་ཚོགས་ནི་བྱ་བ་གཉིས་བྱེད་དེ། གཉིས་གང་ཞེ་ན་འདི་ལྟ་སྟེ། དབུལ་བ་སེལ་བ་དང་། ལོངས་སྤྱོད་ཆེན་པོ་བསྒྲུབ་པ་སྟེ། བྱ་བ་འདི་གཉིས་བྱེད་དོ།། ཚུལ་ཁྲིམས་ཀྱི ་ཚོགས་ཀྱང་བྱ་བ་འདི་གཉིས་བྱེད་དེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ངན་འགྲོ་སེལ་པ་དང་། བདེ་འགྲོ་བསྒྲུབ་པ་སྟེ། བྱ་བ་འདི་གཉིས་བྱེད་དོ།། ཤེས་རབ་ཀྱི་ཚོགས་ཀྱང་བྱ་བ་འདི་གཉིས་བྱེད་དེ། གཉིས་གང་ཞེ་ན ་འདི་ལྟ་སྟེ། ལྟ་བར་གྱུར་པ་ཐམས་ཅད་སེལ་པ་དང་། ཤེས་རབ་བསྒྲུབ་པ་སྟེ། བྱ་བ་འདི་གཉིས་བྱེད་དོ།། རིགས་ཀྱི་བུ་སྦྱིན་པའི་ཚོགས་ནི་ཟག་པ་དང་བཅས་པ་དང་། ལེན་པ་དང་བཅས་པ་དང་། ཕུང་པོར་རྣམ ་པར་སྨྱིད་པའོ།། རིགས་ཀྱི་བུ་ཚུལ་ཁྲིམས་ཀྱི་ཚོགས་ནི་ཟག་པ་དང་བཅས་པ་དང་། ལེན་པ་དང་བཅས་པ་དང་། ཕུང་པོར་རྣམ་པར་སྨྱིན་པའོ།། རིགས་ཀྱི་བུ་ཐོས་པའི་ཚོགས་ནི་ཟག་པ་མྱེད་པ་དང་། ལེནད་པ་མྱེད། ་པ་དང་། ཕུང་པོ་རྣམ་པར་སྨིན་པ་མ་ཡིན་པའོ།། རིགས་ཀྱི་བུ་དེ་ལྟ་བས་ན།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོ། ན་འགྲུས་བརྩམས་པ་རྣམས་ཀྱིས་ཐོས་པའི་ཚོགས་ལ་བརྩོན ་པར་བྱའོ།། སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། ཟོས་པའི་ཚོགས་འདི་དག་བསྟན་པ་ན། སྔོན་དགེ་བའི་རྩ་བ་བསྐྱེད་པའི་སྲོག་ཆགས་གསུམ་སྟོང་གིས་བླ་ན་མྱེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ལྷའི་བུ་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མྱིག་རྡུལ་མྱེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ།། ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་ཀྱང་རྗེས་སུ་མཐུན་པའི་ཆོས ་ཀྱིས་བཟོད་པ་ཐོབ་པོ། དེ་ནས་བཅོམ་ལྡན་འདས་ལ་མཚན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན ་མྱེ་སྐྱེ་བའི་ཆོས་ལ་བཟོད་པ་བཟོད་པ་མྱུར་བ་ཐོབ་པ་ལགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དཔ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་མ། མྱི་སྐྱེ་བའི་ཆོས་རྗེས ་ལ་འཟོད་པ་མྱུར་པ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལུས་ལ་གཟུགས་བརྙན་དང་འདྲ་བར་མོས་པ་དང་། ངག་ལ་ཐུག་ཆ་དང་འདྲ་བར་མོས་པ་དང་། སེམས་ལ་སྤྲུ་མ་དང་འདྲ་བར་མོས་པ་དང་། ཆོས་ཐམས ་ཅད་ཀྱི་ཟད་པའི་ཆོས་ཉིད་དུ་མོས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། མྱི་སྐྱེ་བའི་ཚེཆོ་ནས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ ་སེམས་དཔལ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། མྱི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ།། བན་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱད་པར་ཡང་བྱེད་ལ ་སེམས་ཅད་དུ་འདུ་ཤེས་པ་ཡང་མྱེད་པ་དང་། ཆོས་ཐམས་ཅད་ལ་སྟོང་པ་དང་། གྱི་རྟག་པར་ཡང་མོས་པར་བྱེད་ལ་བཞི་པ་ཡང་གྱི་བྱེད་པ་དང་། སངས་རྒྱས་ཐམས་ཅད་ཀྱང་མཐོང་ལ། ཤའི་མྱིག་ལ་ཡཱ ་མངོན་པར་འདད་པ་མྱེད་པ་དང་། སེམས་རབ་ཏུ་རྣམ་པར་འབྱེདཔ་ལ་མཁས་ལ། སེམས་ཀྱང་སེམམས། གཏོང་བར་གྱི་བྱེད་པ་། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། མྱི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་རོ།། རིགས་ཀྱི་བུ་གཞད་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་པ། མྱི་སྐྱེ་མ ་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་སྤངས་པའི་ཕྱིར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་ཟའི་ཕྱིར། ཚུལ་ཁྲིམས ་ཡོངས་སུ་དགྲ་པ་དང་། ཆོས་ཀྱིས་སྐྲག་པའི་ཕྱིར་བཟོད་པའི་སྟོབས་དང་ལྡན་པ་དང་། དབེན་པའི་ཆོས་རྣམས་ཀྱིས་རྔམ་པར་གྲོལ་བའི་ཕྱིར། བརྩོན་འགྲུས་བརྩམས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔལ ་སེམས་དཔའ་ཆེན་པོ་ཚོམ་བཞི་པོ་དག་དང་ལྡན་མ།། གྱི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྒྱུམ་དུ་ཐོབ་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོམ་པཞི་དང་ལྡན་པ། ་མྱི་སྐྱེ་བའི་ཆོས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བསམ་གཏན་ཡང་ཐོབ་ལ་བསམ་གཏན་ལ་ཡང་མྱི་བརྟེན་པ་དང་། ཤེས་རབ་ཀྱིས་ཀྱང་རྣམ་པར་བརྟགས། ་ལ་སྤྲོས་པ་ཡང་མྱེད་པ་དང་། ཐབས་མཁས་པ་ཡང་རབ་ཏུ་འཛིན་ལ་སེམས་ཅན་ཡང་བསྡུད་པ་དང་། སྤྱོད་པ་ཐམས་ཅད་ལ་ཡང་གགག་མྱེད་པ་སྤྱོད་པ་ཡང་ཁོང་དུ་ཆུད་པར་བྱེད་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེཾས ་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན།། མྱི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན ་ན། མྱི་སྐྱེ་བོའི་ཆོས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་སྦྱོང་བ་དང་། སྙིང་རྗེ་ཆེན་པོས་འཁོར་བ་ལས་ཡོངས་སུ ་མྱི་བསྐྱོ་བ་དང་། དགའ་བ་ཆེན་པོས་ཆོས་ལ་དགའ་ཞིང་མཆོག་ཏུདགའ་བ་དང་། བཏང་སྙོམས་ཆེན་པོས་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། མྱི་སྐྱེ་བའི་ཆོས་ནམས་ལ་བཟོད་པ་མྱུར་ཏུ་ཐོབ་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣས་བཞི་པོ་དེ་དག ་དང་ལྡན་ན་། མྱི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ།། བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་ཐ་རད་པོའི་སྒོ་གསུམ་མངོན་གསུམ་དུ་བྱེད་པ་དང་། དུས་གསུམ་ཡོངས་སུ་ཤེས་པ་དང་། ཁམས ་གསུམ་ལས་ཡང་དག་པར་འདའ་བ་དང་། ཆོས་ཐམས་ཅད་རྭ་བཞིན་གིས་མ་སྐྱེས་པ་ལ་ཡིད་ཆེས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། མྱི་སྐྱེ་བའི་ཆོས་ཛས ་ལ་བཟོད་པ་མྱུར་ཏུ་ཐོབ་པར་འགྱུར་རོ།། བཞི་པ་བསྒྲུབ་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། དེ་དཀའ་བ་དང་མཆོག་ཏུ ་དགའ་བ་ཐོབ་པ་དེ་ཁོ་ནས། ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་མངོན་པར་འཕགས་སོ།། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདི་ཡང་རྣམ་པ་དྲུག་དུ་གཡོས་སོ།། ལྷ་དང་མྱིའི་སིལ་བསྟན་འབུམ ་ཡང་འཁྲོལ་ལོ།། པད་མའི་སྤྲིན་གྱི་ཆར་ཆེན་པོ་ཡང་མངོན་པར་བབ་པོ།། འཇིག་རྟེན་འདི་ཡང་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་དེ།། འདི་ནི་དེ་བཞིན ་གཤེགས་པ་རྣམས་ཀྱི་ཆོས་ཉིད་དེ།། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གི་སྒོ་ནས་འོད་གཟེར་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ཀར་པོ་དང་། བཙོད་ཀ ་དང་། ཤེལ་དང་། དངུལ་གཽ་ཁ་དོག་ལྟ་བུ་དག་བྱུང་ངོ་།། དེ་དག་བྱུང་ནས་འཇིག་རྟེན་གི་ཁམས་མཐའ་ཡས་མུ་མྱེད་པ་འོད་ཀྱིས་ཁྱབ་པར་གྱུར། ནས། ཉི་མ་དང་། ཟླ་བ་རྣམས་ཀྱི་འོད་ཀྱང་ཟིལ་གྱིས་མནན་ཏེ། ཚངས། ་པའི་འཇིག་རྟེན་དུ་ཐུག་ནས་ཕྱིར་ལྡོག་སྟེ། བཅོམ་ལྡན་འདས་ཀྱི་སྤྱི་གཙུག་ཏུ་ནུབ་པར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། གླ་གོས་ཕྲག་པ་གཅིག་ཏུ་གཟར ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་མ་མཆིས་པར་འཛུམ་པ་མྱི་མཛད་ན། འཛུམ་པ་མཛད་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ།། ཡེ་ཤེས་མཆོག། ་བརྙེས་ཡོངས་སུ་དག་སྤངས་པའི་སྤྱན་མངའ་བ།། དབང་པོ་ཞིང་ནི་གནས་ཕ་རོལ་ཕྱིན་མཆོག་བརྙེས།། སྐུ་མདོག་གསེར་གེ་རི་བོ་ལྷའི་འོད་འདྲ་བ། ཅིའི་སླད་དུ་བཅོམ་ལྡན་འདས་འཛུམ་པ་འདི་སྟོནད་པར་མཛད། ་གང་གི་བློ་གྲོས་ཅི་འདྲ་དུས་གསུམ་ལྡན་པ་དང་། ལྷ་དང་མྱི་རྣམས་སེམས་ཀྱི་སྤྱོད་པ་མཁྱེན་བཞིན་དུ། འདུ་ཤེས་མྱི་མངའ་རྟག་ཏུ་ཡེ་ཤེས་མཆོག་བརྙེས་པ།། ཞལ་རས་ཟླ་འདྲ་འཛུམ་པའི་དོན་མི་བསྟན་པར་གསོལ། ་འདས་པའི་སངས་རྒྱས་ཇི་སྙེད་གང་དག་མ་འོངས་དུས། གང་དག་གནས་པོའི་རྒྱལ་བ་དེ་དག་མཚུངས་པ་སྟེ།། སེམས་ཅན་གང་དག་དཀར་པོ་སྤྱོད་པ་སྣ་ཚོགས་པ།། སྦྱོར་མཁྱེནད་ལུང་བསྟནད་སླད ་དུ་ཐམས་ཅད་ཡང་དག་གསུངས།། སངས་རྒྱས་ཞིང་འོད་དག་ནི་སྐུ་ཡིས་ཐམས་ཅད་ཁྱབ། ཁྱོད་ཀྱི་གསུང་ནི་སངས་རྒྱས་ཞིང་མང་ཡངས་པར་གྲག། འདིར་ནི་ཐུགས་ཀྱིས་འགྲོ་བ་ཀུན་ལ་བྱམས་པ་བསྐྱེད།། རྒྱལ་བ ་ཡེ་ཤེས་མཐའ་ཡས་ལྡན་པ་གང་དག་གསུངས།། ཆོས་རྣམས་ཡ་མ་རྦ་སྟེ་ཆུ་ཟླ་འདྲ་བ་དང་།། སྒྱུ་མ་ལྟ་བུར་འཇིག་པའི་རྨྱི་ལ་མ་ལྟ་བུ་ངོ་བོ་ཉིད།། སྤྲིན་ལྟར་མྱི་རྟེན་འཇིག་པའི་ཆོས་ཅན་མཁྱེནད་པའོ།། མྱིའི་སེང་གེ་གང་སྤང ་འཛུམ་དོན་བསྟནད་པར་གསོལ།། སྟོང་པ་མཚན་མྱེད་སྨོན་མྱེད་རྟོགས་པར་རྣམ་པར་གྲོལ། རྟག་ཏུ་ཐུགས་དུལ་ཆོས་ཀྱི་ངོ་བོ་ཉིད་ལ་མཁས། རླུང་སྲུབས་མཁའ་ལ་འཚུབ་ཀྱང་སྤྲོས་མྱེད་འདྲ་བ་པོ།། ཅིའི་སླད་དུ ་འཛུམ་མཛད་འདི་ལ་དོན་ནི་ཅི་མཆིས་གསུངས།། གང་གི་སེམ། དེས་དང་སངས་རྒྱས་ཡེ་ཤེས་མཆོག་ལ་བཏུད། གང་གིས་དེ་རིང་ཤིད་རྒྱལ་དྲུང་དུ་བདུད་ཀྱང་བཅོམ།། གང་གིས་རྒྱལ་བ་མཆོག་རྫས ་གདན་ནི་ཡོངས་སུ་གཟུང་། སྐྱེས་བུ་ཁྱུད་མཆོག་གྱིས་ནི་ཅི་ཕྱིརའཛུམ་པ་བསྟན། འདི་ནི་རྒྱལ་བའི་ཉན་ཐོས་དེ་རྣམས་ས་མཆིས།། འདི་ལ་རང་སངས་རྒྱས་ཀྱི་ཡུལ་ཡང་ཙ་མ་མཆིས། འདི་ནི་སངས ་རྒྱས་ཡོན་ཏན་རྒྱ་མཚོ་རྣམས་ཀྱི་ཡུལ།། འཇིག་རྟེན་མཆོག་གི་འཛུམ་པའི་རྒྱུ་ནི་བསྟན་པར་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དཀའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་པ།། ཀུན ་དགའ་བོ་ཁྱོད་ཀྱིས་ཚན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད། ཏ་ལ་བདུད་སྲིད་ཙམ་གོ་སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ།། འདུག་པ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ལགས་སོ། ་བདེ་བར་གཤེགས་པ་མཐོང་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པ་འདི་སྐལ་པ་གྲངས་མྱེད་པ་གསུམ་པ་ཕྲག་འབུམ་གྱིས་བླ་ན་མྱེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཤརང་ཕྱོགས་ཀྱི་འཇིག་རྟེན་གི་ཁམས་རྣམ་པར་དག་པར་བྱེད་པ་ཞེས་བྱ་བར་བསྐལ་པ་ཚངས་པས། བསྟོད་པ་ཞེས་བྱ་བ་ལ་དེ་བཞིན་གཤེགས། ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།། བདེ་བར་གཤེགས་པ།། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མྱེད་པ། ལྷ་དང་མྱི་རྣམས ་ཀྱི་བསྟོན་པ། སངས་རྒྱས་བཅོམ་ལྡན་འདས་བཀོད་པ་མང་པོ་རྒྱལ་པོ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་ངོ་།། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཀོད་པ་ཡ ་པོའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་འབྱེད་པའི་ཇིག་རྟེན་གི་ཁམས་དེ་ཡང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། སྐྱེ་བོ་མང་པོ་དང་། ་མྱི་མང་པོས་གང་བར་འགྱུར་ཏེ། ཀུན་དགའ་བོ་དཔེར་ན། དགའ་ལྡན་གྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱེད་པའི་འཇིག ་རྟེན་གི་ཁམས་གི་སེམས་ཅན་དེ་དག་གི་ལོངས་སྤྱོད་པ་དང་། ཡོངས་སུ་སྤྱད་པ་ཡང་དེ་འདྲ་བར་འགྱུར་རོ།། དེ་བཞིན་གཤེགས་པ་བཀོད་པ་མང་པོའི་རྒྱལ་པོ་དེ་ཡང་གཏམ་གཞན་མྱི་གསུང་བར་བྱང་ཆུབ་སེས ་དཔའ་བསྡུས་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་འབའ་ཤིག་སྟོན་ཏོ།། དེ་ནས་ཉན་ཐོས་དང་རང་སངས་ཀྱི་མྱིང་ཡང་མྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔལ ་དགེའ་འདུན་འབའ་ཤིག་འབྱུང་བར་འགྱུར་རོ།། དེ་བཞིན་གཤེགས་པ་དེའི་ཚེ་ཡང་དཔག་ཏུ་མྱེད་པར་འགྱུར་རོ།། དེའི་སངས་རྒྱས་ཀྱི་ཞིང་དེན་གྱི་ཁོམ་བརྒྱད་མྱེད་དེ། དེ་བདུད་དང་། ཕྱིར་རྒོལ་བ་བཅོམ་པ་དང་། གཞན ་མུ་སྟེགས་ཅན་བྱེད་པ་དང་། བྱེ་དུ་རྱ་ལས་གྲུབ་ལ། འངས་བུའི་སུ་བོའི་གསེར་གི་པད་མས་སྦས་པའི་སངས་རྒྱས་ཀྱི་ཞིང་དུ་འགྱུར་རོ།། དེ་ནས་ཚན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་པར་སྣང་དེ་ལས་ཁབས་ཏེ། ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་རབ་ཏུ་འབྱུང་བར་གསོལ་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ངོ་།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེཾས། ་དཔའ་སེམས་དཔའ་སྲེད་མྱེད་ཀྱི་བུས་འོདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་ཀྱིས་ཆོས་འདུལ་བའི་ལེགས་པར་གསུངས་པ་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ།། བདེ་བར་གཤེགས་པ་ངོ་མཚར ་ལགས་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ལ་བསྐུར་བ་འདེབས་པ་འམ། གླན་ཀ་ཚོལ་བ་འམ། མཐོ་ཙམ་པ་འམ། བསྟིང་བའི་སླད་དུ་མཆི་བ་གང་དག་ལྷགས་པ་དེ་དག་ཀྱང་དེ་བཞིན་གཤེགས་པ་མཐོང་མ་ཐག་དུ ་དགའ་བ་དང་། དང་བ་དང་། མཆོག་ཏུ་དགའ་བ་དྲག་པོ་ཐོབ་པར་འགྱུར་ལ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ངེས་པར་བཅོམ་ནས་དེ་བཞིན་གཤེགས་པ་ཉག་གཅིག་ལ་འདུད་ཅིང་། བཅོམ་ལྡན་འདས ་ཉག་གཅིག་ལ་ཐལ་མོ་སྦྱར་བ་བཏུད་པ་དང་།། བཅོམ་ལྡན་ལ། ངས་འདི་ལྟར་ཚན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་འདི་རྒྱ། ལ་དང་། བརྒྱགས་པ་དང་། དྲེགས་པ་དྲག་པོས་མཆིས་ལ། ་ཆོས་འདི་ལྟ་བུ་འདི་ཐོབ་ནས། བདག་ཉིད་ཆེན་པོ་འདི་ལྟ་བུ་སྟེ། སེམས་ཅན་དཔག་ཏུ་མ་མཆིས་གྲངས་མ་མཆིས་པའི་ང་རྒྱལ་དང་། རྒྱགས་པ་དང་། གྲགས་པ་སྤང་བའི་སླད་དུ་ཆོས་སྟོན་པར་འགྱུར ་ལགས་སོ།། བཅོམ་ལྡན་འདས་སྔོན་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་གཅིག་ལ་ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་ཡང་དག་པར་རྫོགས ་པར་བྱང་ཆུབ་འཚལ་བའི་སླད་དུ།། དགེ་བའི་རྩ་བ་བསྐྱེད་ནས།། དེ་ནས་དེ་ལྟ་བུ་འདི་ལྟ་བུའི་མངོན་པར་ཤེས་པ་མྱུར་བར་ཐོབ་པར་འགྱུར་ལགས།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེཾས ་དཔའ་སེམས་དཔའ་ཆེན་པོ་སྲིད་མྱེད་ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྲིད་མྱེད་ཀྱི་བུ་ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་མི་འདས་པའི་དུས་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར། ་སངས་རྒྱས་བྱེ་བ་ཕྲག་དྲུག་བཅུ་རྩ་གཉིས་ལ་དགེ་བའི་རྩ་བ་བསྐྱེད་དོ།། ད་ཕྱི་ནང་ཅད་ཀྱང་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མྱེད་གྲངས་མྱེད་པ་ལ།། བཀུར་སྟི་བྱེད་རི་མོར་བྱེད་བླ་མར་བྱེད། མཆོད་པ་བྱེད་པར་འགྱུར་ཏེ། ་ཚངས་པར་སྤྱོད་པར་སྤྱད་པར་འགྱུར་རོ།། སྲེད་མྱེད་ཀྱི་བུས་གསོལ་པ།། བཅོམ་ལྡན་འདས་མྱི་དགེ་བའི་རྩ་བ་གང་གིས་ན། དེའི་བྱང་ཆུབ་ཀྱི་སེམས་མ་མཆིས་པར་གྱུར་ནས། དེ་ནས་འདི་ཆད་པའི་བསམ་པས་དེ་བཞིན ་གཤེགས་པའི་སྤྱན་སྔར་མཆིས་ན། འདི་ལྟ་བུའི་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་དང་ལྡན་པར་གྱུར་ལགས།། དེ་སྐད་ཅེས་གསོལ་ད་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད ་སྐྱེད་ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྲེད་བྱེད་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། བྱང་ཆུབ་ཀྱི་སེམས་པ་ང་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་རྒྱལ་ད ་ཆོས་ལ་མ་གུས་པ་དང་། དགེ་བའི་བཤེས་གཉེར་ལ་ཁྱད་དུ་གསོ།། ད་པ་དང་། ལོག་པའི་ཚིག་སྨྲ་བ་སྟེ། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམ། ས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་ཀྱི་སེམས་བརྗེད ་པར་འགྱུར་རོ།། སྲེད་མྱེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དང་། འཆོས་བཞི་དང་ལྡན་ན། བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི ་ཐེག་པ་པའི་རྣལ་འབྱོར་དེ་སྤྱོད་པ་དག་དང་། འདྲིས་པར་བྱེད་པ་དང་། ཐེག་པ་དམན་པ་ལ་མོས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ལ་སྡང་ཞིང་སྐུར་པ་འདེབས་པ་དང་། ཆོས་རྣམས་ལ་སློབ་དཔོན་དཔེའ་ཁྱུད་བྱེད་པ ་སྟེ། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་མ། བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ།། སྲེད་བྱེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ། བྱང་ཆུབ་ཀྱི་སེམས ་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྒྱུ་བྱེད་པ་དང་། སེམས་ཅན་རྣམས་ལ་གཡོ་བསྟེན་པར་བྱེད་པ་དང་། དགེ་བའི་བཤེས་གཉེན་རྣམས་ལ་ལྕེ་གཉིས་བྱེད་པ་དང་། རྙེད་པ་དང་། བཀུར་སྟིར་ལ ་ལྷག་པར་ཞེན་པ་སྟེ། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན།། བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ།། སྲེད་མྱེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན།། ་ན། བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བདུད་ཀྱི་ལས་མ་རྟོགས་པ་དང་། ལས་ཀྱི་ལས་བསྒྲིབ་པས་བསྒྲིབས་པ་དང་། ལྷག་པའི་བསམ་པ་སྟོང་ཆུང་བ་དང་། ཤེས་རབ་དང་ཐབས་མྱེད ་བ་སྟེ། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ།། སྲེད་མྱེད་ཀྱི་བུ་གང་གི་ཕྱིར་ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ཀྱིས། བྱང་ཆུབ་ཀྱི་སེཾས ་བརྗེད་པར་འགྱུར་བ་དེ་ཉོན་ཅིག། སྲེད་མྱེད་ཀྱི་བུ་སྔོན་འབྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས ་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེ། ས་བུ་འདུལ་བ་ཁ་ལོ་བསྒྱུར་བ། བླ་ན་མྱེད་པ། ལྷ་དང་། མྱི་རྣམ་ས་ཀྱི་སྟོནད་པ། སངས་རྒྱས་བཅོམ་ལྡན་འཁོར་བ་འཇིག་ཅེས་བྱ་བ ་འཇིག་རྟེན་དུ་བྱུང་སྟེ། དེའི་བསྟན་པ་གནས་པ་ན། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནོར་བཟངས་ཤེས་བྱ་བ་ཞིག་བྱུང་སྟེ། དེ་བདུད་ཀྱི་ས་བསླུས་ནས། ལྷག་པའི་ང་རྒྱལ་ཅན་དུ་འགྱུར་ཏེ། དེ་བཞིན་གཤེགས ་བའི་ཐད་དུ་མྱི་འགྲོ་བའི་སྟེང་དུ་ང་རྒྱལ་གྱི་ཟིལ་གྱིས་ནོར་ནས། བྲམ་ཟེ་དང་། ཁྱིམ་བདག་ཆོས་སྨྲ་བ་རྣམས་དང་། ལྷན་གཅིག་འཐབ་པ་དང་། བརྩོད་པ་དང་། འབྱེད་པ་ལ་ཞུགས་ཏེ། ཆོས་དང་ཆོས་སྨྲ་བ་རྣམས་ལ ་ཡང་མ་གུས་པ་བསྐྱེད་དོ།། དེའི་ཚེ་དེ་ཉིད་ལ་ཆོས་ལྔ་དང་བྲལ་བར་གྱུར་པ་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་མཐོང་བ་དང་། ཆོས་ཐོས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དག་དང་། འབྲེལ་པའི་གཏམ་སྣ་ཚོགས་འདྲི་བར་བྱ་བ་དང་། དགེ་བའི་རྩེ་བ་ཡོངས་སུ་བསྔོ་བ་དང་། བྱང་ཆུབ་ཀྱི་སེམས་ཀྱི་སེམས་ཤིན་ཏུ་བརྟན་པོར་བྱ་བ་དང་བྲལ་བར་གྱུར་དེ་ནས། ་དེས་མྱི་དགེ་བའི་ཆོས་ནི་ཡོངས་སུ་བཟུང་ལ།། བྱང་ཆུབ་ཀྱི་སེམས་ནི་ཡོངས་སུ་མ་བཟུང་སྟེ། སྲེད་མྱེད་ཀྱི་བུ་ཆོས་ལྔ་པོ་དེ་དག་དང་བྲལ་བར་གྱུར་ཏོ།། སྲེད་མྱེད་ཀྱི་བུ་དེའི་ཚེ་དེའི་དུས་ན། བྲམ་ཟེ་ཤིང་ས་ལ་ཆེན ་པོ་ལྟ་བུ་ནོར་བཟངས་གང་ཡིན་པ་དེ་གཞན་ཞིག་ཡིན་པར་ཁྱོད་སོམ་ཉི་འམ། ཡིད་གཉིས་སམ། ཐེ་ཙོམ་ཟ་ན།། ཁྱོད་ཀྱིས་དེ་ལྟར་མྱི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད ་འདི་ཉིད་དེའི་ཚེ་དེའི་དུས་ན། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནོར་བཟངས་སུ་གྱུར་ད་ཏེ།། ང་རྒྱལ་དེས་ན་དེས་བྱང་ཆུབ་ཀྱི་སེམས་བརྗེད་དོ།། སྔོན་གི་དགེ་བའི་རྩ་བས་ཡོངས་སུ་བསྲུངས་པ་དང་། བྱང་ཆུབ་ཀྱི་སེམས ་ཁོ་ནས་བསྐྱབས་པ་དེས་ནི། ངན་སོང་དག་ཏུ་མ་སྐྱེས་སོ།། དེ་ང་རྒྱལ་གྱིས་ཁེངས་ཏེ་ཆེན་པོ་ཆེ་ཆེན་པོའི་ཤུགས་ཐོབ་ཀྱང་སངས་རྒྱས་མཐོང་བ་དང་བྲལ་ལོ།། སངས་རྒྱས་ཀྱི་མཐུས། དེ་དེ་བཞིན་གཤེགས ་བའི་སྟོབས་ཀྱི་ཤུགས་མ་བཟོད་དེ། འོངས་པ་ལས་དེ་བཞིན། གཤེགས་པ་དང་། བྱང་ཆུབ་སེམས་དཔའི་སྟོབས་ཀྱི་ཤུགས་ཐོས་ན། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཐམས་ཅད ་ཡོངས་སུ་ཆད་དོ།། སྡིག་པ་མ་བྱས་པའི་ཕྱིར་ནི་དེ་བཞིན་གཤེགས་པ་མཐོང་ངོ་།། དེའི་སྔོན་གི་རྒྱུ་ལས་བྱུང་བའི་དགེ་བའིཿབ་མངོན་དུ་བྱུང་སྟེ། དེས་ན་མངོན་པར་ཤེས་པ་མྱུར་བ་ལ་བཟོད་པ ་ཐོབ་པོ། དེ་ནས་བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས་ཚན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་གང་བསྐྱེད་ན། དེས་ཁྱོད་ཀྱིས་བཟོད་པ་ཐོབ་པར་གྱུར། ་དྲི་མ་བྱེད་པའི་ཀཟི་བརྗིད་ཀྱིས་སྨྲས་པ། བདག་གིས་སོ་སོའི་སྐྱེ་བོའི་ཆོས་རྣམས་བསྐྱེད་དོ།། སྲེད་མྱེད་ཀྱི་བུས་སྨྲས་པ། ཁྱོད་ཀྱིས་ཇི་ལྟར་བསྐྱེད། དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་སྨྲས་པ། ཇི་ལྟར་འབྱུང་བ་སྐྱེ། ་པ་དང་། འཇིག་པ་མྱེད་པ་དེ་ལྟར་བསྐྱེད་དོ།། ཇི་ལྟར་མངོན་པར་ཞེནད་པ་མྱེད་པ་དང་། སྐྱེ་བ་མྱེད་པར་དེ་ལྟར་བསྐྱེད་དོ།། སྲེད་མྱེད་ཀྱི་བུས་སྨྲས་པ། རིགས་ཀྱི་བུ་སོ་སོའི་སྐྱེའི་ཆོས་རྣམས་དང་། སངས་རྒྱས་ཀྱི ་ཆོས་རྣམས་ལ་ཁྱད་པར་ཅི་ཞིག་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཞིག་ཡོད། དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་སྨྲས་པ། མྱི་ལ་ཐ་དད་དུ་དབྱེ་བ་ཡོད་ཀྱི། དོན་ལ་ནི་ཐ་དད་དུ་དབྱེ་བ་མྱེད་དོ།། སྲེད་མྱེད་ཀྱི ་བུས་སྨྲས་པ། དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་སྨྲས་པ་པོའི་ཆོས་རྣམས་ཀྱི་དོན་གང་ཡིན། དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་སྨྲས་པ། དེའི་དོན་ནི་མྱེད་པ་ལ་ཡོངས་སུ་བརྟགས་པ་དང་། རྣམ་པར་རྟོག་པ་མྱེད་པའོ།། ་སྲིད་མྱེད་ཀྱི་བུས་སྨྲས་པ།། དྲི་མ་མྱེད་པའི་གཟི་བརྗིད་དོན་གྱིས་ནི་ཅི་ཞིག་སེལྡ་པར་བྱེད། ཅི་ཞིག་ནི་བསྒྲུབ་པར་བྱེད། དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་སྨྲས་པ། སྲིད་མྱེད་ཀྱི་བུ་དོན་ཀྱིས་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས ་སེལ་པར་བྱེད་དོ།། སངས་རྒྱས་ཀྱི་ཆོས་རྣམས་ནི་བསྒྲུབ་པར་བྱེད་དོ།། སྲིད་མྱེད་ཀྱི་བུས་སྨྲས་པ།། དྲི་མ་མྱེད་པའི་གཟི་བརྗིད་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དོན་གང་ཡིན། དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་སྨྲས ་བ། སྲེད་མྱེད་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དོན་ནི་གཉིས། སུ་དབྱེར་མྱེད་པའོ།། སྲེད་མྱེད་ཀྱི་བུས་སྨྲས་པ།། རིགས་ཀྱི་བུ་དོར་ལ་རྟོན་པར་བྱའི། ཚིག་འབྲུ་ལ་རྟོན་པར་མྱི་བྱའོ།། ་ཞེས་དེ་བཞིན་གཤེགས་པས་གསུངས་པ་དང་། ཡང་དགཔའི་ལྟ་བ་སྐྱེ་བ་ན་ནི་རྒྱུ་གཉིས་དང་། རྐྱེན་གཉིས་ཡོད་དོ།། གཉིས་གང་ཞེ་ན། འདི་ལྟ་སྟེ། གཞན་གྱི་སྒྲ་དང་། རང་གྱི་ཚུལ ་བཞིན་ཡིད་ལ་བྱེད་པའོ་ཞེས་གསུངས་ན། ཇི་ལྟར་ཚིག་འབྲུ་ཡང་དེ་ཉིད་ཡིན་ལ་དོན་ཡང་དེ་ཉིད་ཡིན། དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་སྨྲས་པ། སྲེད་མྱེད་ཀྱི་བུ་དོད་ལ་རྟོན་པའི་བྱང་ཆུབ་སེམས་དཔའ་ནི་ཚིག་འབྲུ་ཕྲི་བ་ལ ་བྱེད་དོ།། ཡང་ཚིག་འབྲུ་དམྱིགས་སུ་མྱེད་པ་ནི་ངོར་ཡིན་ལ། དོན་དེ་ཡང་བརྗོད་དུ་མྱེད་པའི་དོན་ཡིན་ནོ།། དོན་ལ་རྟོད་པ་ནི་ཆོས་ཀྱང་ཅི་ཡང་མྱེད་དོ།། དོར་ཀྱང་མི་ཡང་མྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐོས ་ཅད་ནི་བརྗོད་དུ་མྱེད་པའོ།། ཡ་མ་རྦ་དང་། ཡུལ་ན་མྱི་གནས་པ་དང་། ཕྱོགས་ན་མྱི་གནས་པ་དང་། གང་ཁོ་ན་ན་གནས་པ་དེ་ཁོ་ནར་འགགས་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་ཀྱང་དོན་ནི་གཏམ ་ཏུ་འགོག་པའི་མཚན་ཉིད་དོའི་ས་གསུངས་སོ།། མེ་བྱེད་ཀྱི་བུ་དེ་ལྟ་བས། གང་དོན་མཏོན་པ་དེ་མ་ཆོས་གང་ལས་ཀྱང་ཀྱི་འབྱོའོ།། རྣམ་པར་གྱི་འཐོར། གང་ཀྱི་འགྲོ། རྣམ་པར་གྱི་འགྲོ་བར་ན་དོན་ཏུ།། ་སྲེད་མྱེད་ཀྱི་བུས་སྨྲས་པ།། རིགས་ཀྱི་བུ་གང་དོན་ལ་རྟོན་པ་དེ་ཆོས་ཐམས་ཅད་ལ་གཏོན་པའི་རྣམ་གྲངས་ཡོད་དམ།། དྲི་མ་མྱེད་པའི་གཟའ་བརྗིད་ཀྱིས་སྨྲས་པ། སྲེད་མྱེད་ཀྱི་བུ་ཡོད་དེ། འདི་ལྟར་ཆོས་ཐམས་ཅད་མི ་སྟོང་པ། ཆོས་ཐམས་ཅད་ནི་དབེན་པའོ་སྟེ། དེ་དག་ནི་ཆོས་ཐམས་ཅད་ཇི་ལྟར་སྟོང་པ་དེ་ཁོ་ནར་བཞིན་དུ་དེ་ལ་རྟོན་ཏོ།། ཇི་ལྟར་དབེན་པ་དེ་ཁོ་ན་བཞིན་དུ་དེ་ལ་རྟོན་ཏོ།། སྲེད་མྱེད་ཀྱི་བུ་དེ་ལྟར་ན་གང་དོན་ལ་གཏོན་པ་དེ་ནི ་ཆོས་ཐམས་ཅད་ལ་གཏོན་ཏོ།། སྲེད་ཀྱི་བུས་སྨྲས་པ། དྲི་མ་མྱེད། པའི་གཟི་བརྗིད་དེ་ལྟ་བས་ན། ཆོས་ཐམས་ཅད་ཉིད་རྟོན་པ་ཡིན་ནོ།། དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་སྨྲས་པ། སྲེད་མྱེད་ཀྱི་བུ་དེ་ནི་དེ་བཞིན ་མོ།། ཁྱོད་ཇི་སྐད་ཟེར་བ་བཞིན་ནོ།། ཆོས་ཐམས་ཅད་དོན་དམ་པ་ལ་རྟོན་པ་ལ་རྟོན་པ་ཡིན་ནོ།། དོན་དམ་པའ་དེ་དག་གི།། སྒོ་ཡིན་ཏེ། དོན་དམ་པར་དེ་དག་བཙལ་བར་བྱ་བ་ཡིན་ནོ།། ཇི་ལྟར ་ཆོས་ཀྱང་མྱི་བསྒྲུབ་ཆོས་མ་ཡིན་པ་ཡང་མྱི་བསྒྲུབ་པ་དེ་ལྟར་དེ་དག་ཙལ་བར་བྱའོ།། གཉིས་སུ་མྱེད་པའི་བཙལ་བ་ནི་འཕགས་པ་རྣམས་ཀྱི་བཙལ་བ་ཡིན་ནོ།། བཙལ་བ་དེ་ནི་བྱེད་པ་མྱེད་པའོ།། བཙལ ་བ་དེ་ནི་བྱ་བ་མ་ཡིན། རྣམ་པར་བྱ་བ་མ་ཡིན་ནོ།། གང་གི་ཚེ་མྱི་བྱེད་ཅིང་རྔམ་པར་མྱི་བྱེད་པ་དེའི་ཚེ། བཙལ་བ་བྱས་པ། ཡིན་ནོ།། གལ་ཏེ་དོན་དང་འགལ་བར་མྱི་བྱེད་ན། བཙལ་བར་བྱ་བའི་འོས་ཡིན་ནོ།། དེ་ནས ་ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་དོན་འདི་བསྟན་པ་ན། དགེ་སློང་ལྔ་བརྒྱ་ལེན་པ་མྱེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། ལྷའི་བུ་བརྒྱད་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མྱག་རྡུལ་མྱེད ་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མྱེད་ཀྱི་བུས།། བྱང་ཆུབ་སེམས་དཔའ་དྲི་མ་མྱེད་པའི་གཟི་བརྗིད་ལ་གཞན་ཡང་འདི་སྐད་ཅེས་སྨྲས་སོ།། དྲི་མ་མྱེད་པ ་གཟིའ་བརྗིད་དེ་བཞིན་གཤེགས་པས་དོན་ལ་རྟོན་པར་བྱའི།། ཚིག་འབྲུ་ལ་མ་ཡིན་ཞེས་གསུངས་པ་དེ་ནི། སེམས་ཅན་འདི་དག་དོན་ལ་མྱི་མཁས་ཤིང་། གཉིས་ལ་སྤྱོད་པ་དང་། ཚིག་འབྲུ་ལ་ཡང་མྱ ་མཁས་པས། ཚིག་འབྲུ་ལ་སྒྲོ་འདོགས་ཤིང་དོན་མྱི་ཤེས་པའི་ཕྱིར་དེ་དག་ལ་དོན་ལ་རྟོན་པར་བྱའོ།། ཚིག་འབྲུ་ལ་མ་ཡིན་ཞེས་དེ་བཞིན་གཤེགས་པས་གསུངས་ཏེ། དེ་དག་དོན་ལ་རྟོན་པས།། ཚིག་འབྲུའི་རང་བཞིན་མཉམ ་པ་ཉིད་དུ་ཚིག་འབྲུ་ལས་ཡང་དག་པར་འདའ་བར་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཡང་དག་པའི་ལྟ་བ་སྐྱེ་བ་ལ་ནི་རྒྱུ་གཉིས་དང་རྐྱེན་གཉིས་ཡོད་དོ།། ཞེས་དེ་སྐད་གསུངས་པ་དེ་ནི། འདི་ལྟར་ཆོས་འདུས་པ ་མ་བོས་པས། ཏིང་ངེ་འཛིནད་ཙམ་གྱིས་ཆོག་པར་འཛིནད་པ་དེ་དག་འཁོར་བ་ལས་རྣམ་པས་གྲོལ་བ་བཞིན་དུ་རང་བཞིན་གྱིས་མངོན་པར་ང་རྒྱལ་ཅན་དེ་དག་ཐོས་པ་མང་པོ་ལ་བཟུང་བའི་ཕྱིར་ཏེ། དེ་དག་གིས་ཆོས ་ཐོས་ནས་གལ་ཏེ། ཚུལ་བཞིན་དུ་བསྒྲུབ་པ་ནི་དེ་དག་ཀྱང་ལྷག། པར་ང་རྒྱལ་མྱེད་པར་འགྱུར་ཏེ། ལམ་ལ་གནས་པ་དེ་དག་ལ་དགོ། ངས་ནས། བཅོམ་ལྡན་འདས་ཀྱིས་ཐོས་པས་ཆོས་རྣམས་ཤེས ་པཱ་འགྱུར།། ཐོས་པས་སྡིག་པ་བྱེད་མྱི་འགྱུར།། ཟོས་པས་ག་ནོད་པ་སྤོང་བར་འགྱུར། ཐོས་པས་མྱ་ངན་འདའ་བ་ཐོབ།། ཅེས་གསུངས་སོ།། བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས་སྨྲས་པ། ་རིགས་ཀྱི་བུ་ཇི་ལྟར་ན་དགེ་སློང་རྣལ་འབྱོར་སྤྱོད་པ་ཚུལ་བཞིན་དུ་ཆོས་ལ་སྦྱོར་བ་ཡིན།། དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་སྨྲས་པ། གང་དུ་ཡང་སྦྱོར་བ་མྱེད་ལ་འབྲལ་བར་ཡང་མྱི་བྱེད་ལ།། དེ་ལྟར་ན་ཚུལ་བཞིན་དུ་ཆོས ་ལ་སྦྱོར་བ་ཡིན་ནོ།། སྲེད་མྱེད་ཀྱི་བུ་ཚུལ་བཞིན་དུ་སྦྱོར་བ་མྱེད་པའི་ཚིག་བླ་དགས་སོ།། སྲེད་མྱེད་ཀྱི་བུ་གཞན་ཡང་གང་གི་ཚེ། དགེ་སློང་སྦྱོར་བར་མྱི་བྱེད་ན། ཉེས་པ་ཀུན་ནས་སློང་བར་མྱི་བྱེད། བདག་ཀུན་ནས་སློང ་བར་མྱི་བྱེད་དེ། དེ་ནི་དེའི་ཚུལ་བཞིན་དུ་སྦྱོར་བའོ།། གང་གི་ཚེ་སྔོན་གི་མཐའ་དང་ཕྱི་མའི་མཐའ་ལ་སོ་སོར་རྟོག་སྟེ། གང་ལ་སྨྲ་བ་དང་། གང་སྨྲ་བར་བྱ་བ་དང་། གང་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྨྲ་བ་དང་། གང་སྤང ་ཕྱིར་སྨྲ་བ་དང་། གང་རྟོག་པར་བྱ་བའི་ཕྱིར་སྨྲ་བ་དང་། གང་བསྒོམ་པའི་ཕྱིར་སྨྲ་བ་དེ་དག་ཐམས་ཅད་འདས་པའི་རྒྱུས་ཐོབ་པ་མ་ཡིན། མ་འོངས་པའི་རྒྱུས་འཐོབ་པ་ཡིན། ད་ལྟར་བྱུང་བའི་རྒྱུས་འཐོབ་པ་མ་ཡིན་པ་འདི་ནི ་ཚུལ་བཞིན་དུ་སྦྱོར་བ་ཞེས་བྱའོ།། གང་གི་ཚེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་འཕགས་པར་མཐོང་བ་དེའི་ཚེ། ཚུལ་བཞིན་དུ་མཐོང་ངོ་།། གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་ཞི་བ་དང་། རང་བཞིན་གྱིས ་སྙོམས་པར་ཞུགས་པ་མཐོང་བ་དེའི་ཚེ། ཚུལ་བཞིན་དུ་མཐོང་བ་ཡིན་ནོ།། གང་གི་ཚེ་ཆོས་ཐམས་ཅད་གཏན་དུ་མ་སྐྱེས་པར་མཐོང་བ་དེའི་ཚེ། ཚུལ་བཞིན་དུ་མཐོང་བ་ཡིན་ནོ།། གང་གི་ཚེ་ཆོས་ཐམས་ཅད་གཏན་དུ ་མ་སྐྱེས་པ་དང་། གཏན་དུ་མ་བྱུང་བ་དང་། གཏན་དུ་ཡོངས་སུ་མྱ་དྲན་ལས་འདས་པར་མཐོང་བ་དང་། གང་གིས་མཐོང་བ་དང་། གང་མཐོང་བ་དེ་ཡང་མྱི་མཐོང་བ་དང་། ཇི་ལྟར་མྱི་མཐོང་བ་དང་། རྣམ་པར་མྱི ་མཐོང་བ་དེ་ལྟར་མཐོང་ན། ཚུལ་བཞིན་དུ་མཐོང་བ་ཞེས་བྱའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེག ་སོ་ལེགས་སོ།། གལ་ཏེ་བསྟནད་ཏམ་བསྟནད་པ་ན། དེ་ལྟར་བསྟན་པར་བྱའོ།། ཚུལ་བཞིན་དུ་བརྩོན་པ་ནི་ཆོས་གང་ལ་ཡང་རྨོངས་པ་མྱེད་དོ།། ཚུལ་བཞིན་དུ་བརྩོན་པ་ནི་ཆོས་གང་ལ ་བསྒྲིབ་པ་མྱེད་དོ།། ཚུལ་བཞིན་དུ་བརྩོན་པ་ནི་གང་དུ་ཡང་བཅིངས་པ་ཡང་མྱེད་གྲོལ་བ་ཡང་མྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཚུལ་བཞིན་དུ་བརྩོན་པ་ནི་ཆོས་གང་ཡང་སྤང་བ་འམ། བྲལ་བར་བྱ་བའི་ཕྱིར་འབད་པ་མྱེད་དེ། ་གང་ཆོས་ཐམས་ཅད་ཡང་དག་པར་མཐོང་བ་དང་། ཇི་ལྟ་བ་བཞིན་དུ་མཐོང་བ་དེ་ནི་དེའི་ཡང་དག་པར་བལྟ་བ་ཡིན་ནོ།། ཆོས་རྣམས་ལ་ཇི་ལྟ་བ་བཞིན་དུ་མཐོང་བ་གང་ཞེ་ན། འདི་ལྟ་སྟེ། མཐོང་བ་མྱེད་པ་ཁོ་ནའོ།། ་མཐོང་བ་མྱེད་པ་ཞེས་བྱ་བ་དེ་ནི། མ་སྐྱེས་པའི་ཚིག་བླ་དགས་སོ།། མ་སྐྱེས་པ་ཞེས་བྱ་བ་དེ་ནི། མ་བྱུང་བའི་ཚིག་བླ་དགས་སོ།། མ་བྱུང་བ་ཞེས་བྱ་བ་ནི། མ་མཐོང་བའི་ཚིགས་བླ་དགས་སྟེ། ངས་དེ་ལས ་དགོངས་ནས། ཚིག་འདི་སྐད་དུ་ཆོས་ཐམས་ཅད་མ་སྐྱེས་པར་མཐོང་ན། ཡང་དག་པ་ཉིད་སྐྱོན་མྱེད་པ་ལ་འཇུག་པར་འགྱུར་རོ་ཞེས་གསུངས་སོ།། འདི་ནི་ཡང་དག་པའི་ལྟ་བ་སྟེ། འདི་ལྟ་སྟེ། ་ཡང་དག་པའི་ལྟ་བ་ཉིད་སྐྱོན་མྱེད་པར་འཇུག་པའོ།། ཅིའི་ཕྱིར་ཡང་དག་པོའི་ཉིད་སྐྱོན་མྱེད་པ་ལ་འཇུག་པ་ཞེས་བྱ་ཞེན། བདག་མཉམ་པ་ཉིད་གང་ཡིན་པ་དེ་ནི།། བདག་མྱེད་པའི་མཉམ་པའོ།། བདག་མྱེད་པའི་མཉམ ་བ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་མཉམ་པ་སྟེ། དེ་བས་ན་ཡང་དག་པ་ཉིད་སྐྱོན་མྱེད་པ་ལ་འཇུག་པ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མྱེད་ཀྱི་བུས་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་འདི་ལྟ་བུའི་མཚན་ཉིད་དང་། རང་བཞིན་གིས་ཡོངས་སུ་མྱ་ངན་ལས་ཡོངས་སུའི་ཚུལ་དུ་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར ་ཤེས་ཤིང་ཐོས་ལ་ཡིད་ཆེས་ཤིང་མོས་སུ་ལགས་ཀྱང་། བར་མ། དོར་ཡོངས་སུ་མྱ་ངན་ལས་འདས་པར་མྱི་འགྱུར་བ་ནི།། བཅོམ།། ལྡན་འདས་ངོ་མཚར་ལགས་སོ།། བདེ་བར་གཤེགས་པ་ངོ་མཚ ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ། སྲེད་མྱེད་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དེ་དག་ནི་ཐབས་ལ་མཁས་པ་དེ་དག་དང་ལྡན་པས། སེམས ་བསྐྱེད་པ་ཐམས་ཅད་ལ་ཆོས་བཞིས་ཡོངས་སུ་སྒོ་བར་བྱེད་དོ།། བཞི་གང་ཞེ་ན། འདི་ལྟ་སྟེ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཐམས་ཅད་མཁྱེནད་པའི་ཡེ་ཤེས་དང་། སངས་རྒྱས་འབྱུང་བས་ཆོས ་ཀྱི་ཚུལ་རྒྱུན་མྱི་འཆད་པར་བྱ་བ་སྟེ། སྲེད་མྱེད་ཀྱི་བུ་ཆོས་བཞི་པོ་དེ་དག་གིས་ཆོས་ཐམས་ཅད་ཡོངས་སུ་སྒོ་བར་བྱེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་ཤེས་ཤིང་། ཐོས་ལ་ཡིད་ཆེས ་ཤིང་མོས་སུ་ཟིན་ཀྱང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མྱི་འགྱུར་རོ།། དེས་སེམས་ཅན་རྣམས་ཀྱི་དོན་ཀྱི་ཕྱིར་ཆོས་འདུལ་བ་འདུ་ཤེས་ཏེ། ཤེས་ཤིང་མཐོང་ལ་ངེས་པ་ནི་མྱི་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ་དེས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བའི་ཕྱིར་རོ།། དེ་ནས་བཅོམ་ལྡན་འདས་ལ་ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས ་ངེས་པར་ལྟུང་བར་འགྱུར་རོ།། ཞེས་དེ་སྐད་གསུངས་པའི་བྱང་ཆུབ་སེམས་དཔའ་སྐྱོན་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སྐྱོན་གང་ཡིན ་བའི་ལྟ་བར་གྱུར་ད་པ་ཡང་ཅི་ཡང་མྱེད་ལ་རྣམ་པར་རྟོག་པ་ཡང་ཅི་ཡང་མྱེད་མོད་ཀྱི།། འོན་ཀྱང་ཉན་ཐོས་ཀྱི་ཐེག་པ་ལ་དམྱིགས་པ་བྱས་ནས། སེམས་ཅན་ཐམས་ཅད་ལ་མ་དམྱིགས། སངས་རྒྱས་ཀྱི་རིགས་ལ ་མ་དམྱིགས། ཆོས་དང་དགེ་འདུན་གི་རིགས་ལ་མ་དམྱིགས། ཐེག་པ་ཆེན་པོ་ལ་མ་དམྱིགས་ཏེ། ཐམས་ཅད་མཁྱེན་པ་ཡལ་བར་བོར་ནུས་མྱི་ལྟ་བ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ ་མྱི་འདེབས་པ་དང་། འདུས་བྱས་ཐམས་ཅད་ལ་བསྐྱོ་བས་ཉན།། ཐོས་ཀྱི་སྐྱོན་མྱེད་པ་ལ་འདུག་པར་བྱེད་དོ།། བྱང་ཆུབ་སེམས། དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་དམྱིགས ་པ་བྱས་ཏེ། དཀོན་མཆོག་གསུམ་གི་རིགས་ལ་དམྱིགས་པ་བྱས་ནས། ཐེག་པ་ཆེན་པོ་ལ་དམྱིགས་པ་བྱས་ནས། ཐམས་ཅདམཁྱེནད་པའི་ཡེ་ཤེས་ལ་ལྟ་སྟེ། ལུས་དང་སྲོག་ལ་མྱི་ལྟའོ།། ཆོས ་ཐམས་ཅད་མཚན་ཉིད་གཅིག་པར་ཤེས་ཀྱང་སྐྱོན་མྱེད་པ་ལ་འཇུག་པ་མྱི་བྱེད། སེམས་ཅན་ལ་ལྟ་བའི་ཕྱིར་བསམ་གཏན་ལ་ཡང་འདྲིས་པར་བྱེད་ལ། ཉན་ཐོས་ཀྱི་སྐྱོན་མྱེད་པར་ཡང་མྱི་ལྟུང་སྟེ། རིགས་ཀྱི་བུ་རྣམ་གྲངས་དེས ་ཀྱང་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱོན་ཡང་མྱེད་ལ། སྐྱོན་མྱེད་པ་ལ་ཡང་འཇུག་པ་མྱི་བྱེད་པ་དེ་ལྟར་རིག་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་ད་པ། བཅོམ་ལྡན་འདས་ལ་ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་ག ་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་དེ་ལ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མ་མཆིས་པ་ནི་ངོ་མཚར་ལགས། ་དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་པ་ཏེ་འདུག་གོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མྱེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་ད་པ་འདི། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིནད་འདིའི་བསྐབས་སུ་བཀའ་མཆེད་ཀྱི་རྒྱུད་ཅི་ཡང་མ་མཆིས་སོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་ད་པས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མྱེད་ཀྱི་བུ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བསོད་ནམས་འདོད་པའི་ཕྱིར་བྱང་ཆུབ་ཏུ་སྤྱོད་པར་མྱི་བྱེད་དོ།། རྙེད ་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པ་དང་། མཐོའ་རིས་འདོད་པ་དང་། ལོང་སྤྱོད་པ་དང་། འཁོར་བ་འདོད་པ་དང་། གྲགས་པ་དང་། སྙན་པ་དང་། བསྔགས་པ་འདོད་པའི་ཕྱིར་བྱང་ཆུབ་ཏུ་སྤྱོད ་པར་མྱི་བྱེད་དོ།། སྲེད་མྱེད་ཀྱི་བུས་སྨྲས་པ། འཇམ་དཔལ་འོ་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཏུ་སྤྱོད་པར་བྱེད། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བའི་ཕྱིར། བྱང་ཆུབ་ཏུ་སྤྱོད་པར་བྱེད་དོ།། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བར་འདོད་པ་དང་། ཡང་དག་པ ་མ་ཡིན་པའི་ཉོན་མོངས་པ་རབ་ཏུ་ཞི་བར་འདོད་པ་དང་། བདག་གི་སྡུག་བསྔལ་དང་འདྲ་བར་འདོད་པ་དང་། ལན་དུ་ཕན་འདོགས་པ་མྱི་འདོར་བའི་ཕྱིར། བྱང་ཆུབ་ཏུ་སྤྱོད་པར་བྱེད་དོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ ་ལུས་དང་སེམས་ལ་མྱི་ལྟ་བ་དང་། ཡོངས་སུ་འཛིནད་པ་མྱེད་པ་དང་། མྱི་འཕྲོགས་པ་དང་། ལྷག་པར་ཞེནད་པ་མྱེད་པ་དང་། མཚན་མ་མྱེད་པ་དང་། ཡིད་ལ་བྱེད་པ་མྱེད་པ་དང་། མྱི་ལྡོག་པ་དང་། ཕྱིར་མྱི ་ལྡོག་པའི་ཆོས་ཅན་དང་། ཡང་དག་པར་གཏོགས་པར་མྱི་བྱེད་པ་དང་། བསྐྱོད་དུ་མྱེད་པ་དང་། རྗེས་སུ་ཆགས་པ་མྱེད་པ་དང་། ཁོང་ཁྲོ་བ་མྱེད་པ་དང་། གཅིག་ཏུ་དཔའ་བ་དང་། ཐུབ་པ་མྱེད་པ་དང་། ཀོང་བ་མྱེད ་པ་མྱེད་པ་དང་། མྱི་སྐྲག་པ་དང་། མྱི་འཇིགས་པ་དང་། ཀུན་ཏུ་རབ་ཏུ་མྱི་འཇིགས་པ་དང་། མ་ཁེངས་པ་དང་། མ་དུད་པ་དང་། བརྟན་པ་དང་། མྱི་གཡོ་བ་ཐོབ་པ་དང་། དབེན་པ་ལས་སྐྱེས་པ་དང་། དོན་གཅིག་པ་དང་། ་ཚུལ་གཅིག་པ་དང་། གཅིག་ཏུ་ཆད་པ་དང་། ཚུལ་གཅིག་ལ་ཞུགས་པ་དང་། གཅིག་ཏུ་ངེས་པར་བརྩོན་པ་དང་། སེམས་ཅན་ཐམས་ཅད་བསྒྲལ་བར་འདོད་པ་དང་། གཅིག་ཏུ་འདོད་པ་དང་། དེ་ཉིད་འདོད་པ་རྣམས་ནི་བྱང ་ཆུབ་ཏུ་སྤྱོད་པར་བྱེད་དོ།། སྨྲས་པ་འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱོད་པ་ཡིན། སྨྲས་པ་རིགས་ཀྱི་བུ་གང་གི་ཚེ།། བྱང་ཆུབ་སེམས་དཔའ་བྱང་ཆུབ་དེ་ཟད་པའི་ཕྱིར་དང་། སྐྱེ་བའི་ཕྱིར་དང་། ་མྱི་ཟད་པའི་ཕྱིར་དང་། མྱི་སྐྱེ་བའི་ཕྱིར་མྱི་སྤྱོད་དེ། གཏན་དུ་ཟད་པ་དང་། ཟད་པ་མྱེད་པའི་ཕྱིར་རློམ་སེམས་སུ་མྱི་བྱེད་ལ། གཏན་དུ་མྱི་སྐྱེ་བ་ཡང་འཁྲུག་པར་མྱི་བྱེད་དེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ནོ།། སྲེད་མྱེད་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔས་འདས་པའི་སེམས་ཟད་དོ་ཞེས་སྤྱོད་པར་མྱི་བྱེད་དོ།། མ་འོངས་པའི་སེམས་མ་ཕྱིནད་ཏོ་ཞེས ་སྤྱོད་པར་མྱི་བྱེད། ད་ལྟར་བྱུང་བའི་བྱང་ཆུབ་སེམས་མྱེ་གནས་སོ་ཞེས་སྤྱོད་པར་མྱི་བྱེད་ལ། འདས་པ་དང་། མ་འོངས་པ་དང་། དབྱུང་བའི་སེམས་རྣམས་ལ་ཆགས་པར་མྱི་བྱེད་དེ། དེ་ལྟར་སྤྱོད ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེན་པོ་ནི།། བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ།། སྲེད་མྱེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་སྦྱིན་པ་དང་། བྱང་ཆུབ་དང་། སེམས་ཅན་རྣམས ་དང་། དེ་བཞིན་གཤེགས་པ་འདི་ལ་གཉིས་སུ་མྱེད་པར་སྤྱོད་དོ།། ཚུལ་ཁྲིམས་དང་། བྱང་ཆུབ་དང་། སེམས་ཅན་རྣམས་དང་། དེ་བཞིན་གཤེགས་པ་འདི་ལ་གཉིས་སུ་མྱེད་པར་སྤྱོད་དོ།། བཟོད་པ་དང་། བྱང་ཆུབ་དང་། ་སེམས་ཅན་རྣམས་དང་། དེ་བཞིན་གཤེགས་པ་འདི་ལ་གཉིས་སུ་མྱེད་པར་སྤྱོད་དོ།། བརྩོན་འགྲུས་དང་། བྱང་ཆུབ་དང་། སེམས་ཅན་རྣམས་དང་། དེ་བཞིན་གཤེགས་པ་འདི་ལོ་གཉིས་སུ་མྱེད་པར་སྤྱོད་དོ།། ་བསམ་གཏན་དང་། བྱང་ཆུབ་དང་། སེམས་ཅན་རྣམས་དང་། དེ་བཞིན་གཤེགས་པ་འདི་ལ་གཉིས་སུ་མྱེད་པར་སྤྱོད་དོ།། ཤེས་རབ་དང་། བྱང་ཆུབ་དང་། སེམས་ཅན་རྣམས་དང་། དེ་བཞིན་གཤེགས ་པ་འདི་ལ་གཉིས་སུ་མྱེད་པར་སྤྱོད་དོ།། གང་གི་ཚེ་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཕ་རོལ་ཏུ་ཕྱིནད་པ་རྣམས་ལ་སྤྱོད་ལ་སྤྱོད་པའི་མཚན་ཉིད་དང་། ངོ་བོ་ཉིད་ཀྱང་འཁྲུགས་པར་མྱི་བྱེད་ན། དེ་ཙམ་གྱིས་ན་བྱང ་ཆུབ་སེམས་དཔའ་རྣམས།། བྱང་ཆུབ་ཀྱི་སྤྱད་པ་ལ་སྤྱོད་པ་ཞེས་བྱའོ།། སྲེད་མྱེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གཟུགས་སྟོང་ཞེས་མྱི་སྤྱོད་དེ།། གཟུགས་ཉིད་ཀྱང་སྟོང་པ་དང་།། དེ་བཞིན་དུ་ཚོར་བ ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་ཞེས་མྱི་སྤྱོད་དེ།། རྣམ་པར་ཤེས་པ་ཉིད་སྟོང་པའོ།། གཟུགས་ནི་སྟོང་པ་ཉིད་ཀྱིས་ཟད་པར་མྱི་བྱེད་དེ།། གཟུགས་ན་སྟོང་པ་ཉིད་ཀྱང་བ་ཉིད་ཀྱིས ་གཟུགས་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ག། ཏན་དུ་ཟད་པ་ཁོ་ནའོ།། དེ་བཞིན་དུ་སྟོང་པ་ཉིད་ཀྱི་ཚོར་བའོ།། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཟད་པར་མྱི ་བྱེད་དེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་རྣམ་པར་ཤེས་པ་གཏད་ཟད་པ་ཁོ་རའོ།། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་ཟད་པ་ཁོ་ན་པོ་ཟང་པ་ཡིན་ཏེ། གཟུགས་ཟད་པས་ཆོས་ཐམས་ཅད་ཟད་པ་མ་ཡིན་ནོ།། ་ཚོར་བ་ཟད་པ་དང་། འདུ་ཤེས་ཟད་པ་དང་། འདུ་བྱེད་རྣམས་ཟད་པ་དང་། རྣམ་པར་ཤེས་པ་ཟད་པས། ཆོས་ཐམས་ཅད་ཟད་པ་མ་ཡིན་ཏེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི།། བྱང་ཆུབ ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ནོ།། སྲེད་མྱེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སྦྱང་བའི་ཕྱིར་ཡང་འབད་པར་མྱི་བྱེད་ལ། སངས་རྒྱས་ཀྱི་ཆོས་རྣམས་བསྐྱེད་པའི་ཕྱིར་ཡང ་སྤྱོད་པར་མྱི་བྱེད་དེ། འཁོར་བ་ལས་ཡང་དག་པར་འདའ་བའི་ཕྱིར་དང་། མྱ་ངན་ལས་འདས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྤྱོད་པར་མྱི་བྱེད་དོ།། མྱི་དགེ་བའི་ཆོས་ཡོངས་སུ་གྲུབ་པར་ཡང་མྱི་མཐོང་ལ ་དགེ་བའི་ཆོས་ཡང་དག་པར་ཡང་མྱི་མཐོང་ངོ་།། ཤེས་བྱ་ལ་མ་གཏོགས་པར་ཤེས་པ་ཡང་དག་པར་མྱི་མཐོང་སྟེ། བྱང་ཆུབ་སེམས་དང་ཆོས་ཀྱི་ཕྱིས་དབྱེར་མྱེད་པར་སྤྱོད་པ་ལ་མོས་པ་ཡིན་ཏེ། སྲེད་མྱེད་ཀྱི་བུ་དེ་ལྟར ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ནོ།། སྲེད་མྱེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་ཁམས་ཚད་མྱེད་པ་དང་། ཆོས་ཀྱི་དབྱིངས་ཚད་མྱེད་པར་ཡང ་མོས་ལགསེམས་ཅན་གྱི་ཁམས་ཀྱང་ཟད་པར་མྱི་བྱེད་ཅིང་། ཆུང་གཟན་པའི་ཕྱིར་ཡང་སྤྱོད་པར་མྱི་བྱེད་དོ།། དེ་ཅིའི་ཕྱིར་ལེང། སེམས་ཅད་གི་ཁམས་དང་། རོས་ཀྱི་དབྱིངས་དེ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་ཅིང་མན ་ཉིད་མྱེད་པའི་ཕྱིར་རོ།། ཆོས་ཀྱི་དབྱིངས་ཀྱང་འཕེལ་བ་ཡང་ང། ཡོངས་སུ་འགྲིབ་པ་ཡང་མྱེད་ལ།། སེམས་ཅན་གྱི་ཁམས་ཀྱང་འཕེལ་བ་ཡང་མྱེད། འགྲིབ་པ་ཡང་བྱེད་དོ།། ཆོས་ཀྱི་དབྱིང ་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི། སེམས་ཅན་གི་ཁམས་ཀྱི་མ་ཚན་ཉིད་ཀྱང་དེ་ཉིད་ཡིན་ནོ།། སྲེད་མྱེད་ཀྱི་བུ་གཞན་ཡང་བྱ།། ང་ཆུབ་སེམས་དཔས་ཆོས་ཐམས་ཅད་མཚན་ཉིད་མྱེད ་པར་ཤེས་ནས། ཆོས་ཀྱི་དབྱིངས་དང་སེམས་ཅན་གྱི་ཁམས་ཟད་པའི་ཕྱིར་ཡང་མྱི་སྤྱོད་མྱི་འཕེལ་བའི་ཕྱིར་ཡང་མྱི་སྤྱོད་དོ།། འདི་ལ་ཡང་དག་པ་མ་ཡིན་པར་ཡོངས་སུ་རྟག་པ་ལས་བྱུང་བ་དང་། ་ཕྱིན་ཅི་ལོག་ལས་བྱུང་བ་དང་། རྣམ་པར་བསྒྲུབས་པས་ཉེ་བར་གནས་པའི་ཉོན་མོངས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྤྱོད་ཀྱི། འཁོར་བའི་གནོད་པ་གཞིག་པའི་ཕྱིར་དང་། བདག་དང་། སེམས་ཅན་དང་། ་སྲོག་དང་། གང་ཟག་གཞིག་པའི་ཕྱིར་སྤྱོད་པརོ་མྱི་བྱེད་དེ། སྲེད་བྱེད་ཀྱི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི།། བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ།། འཇམ་དཔལ་གཞོན་ནུར་གྱུར་པས་སྤྱོད ་པའི་ལེའུའི་ཆོས་བསྟནང་པ་འདི་བཤད་པོ་ཡ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ལྷའི་བུ་བཅུ་དྲུག་གིས་ཀྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པོ།། དེ་ནས་ཆེན་པོ་ཆེ་ཆེན་པོ་དྲི་མ་མྱེད་པའི་གཟི་བརྗིད་ཀྱིས།། ཆོས་ཀྱི ་རྣམ་གྲངས་འདི་ལ་མཆོད་པའི་ལས་བྱ་བ་དང་། ཡོངས་སུ་གཟུང་བའི་ཕྱིར། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་སེམས་ཅན་གང་དག་ལགས་པ་དེ་དག་གི་དོན་ཐམས་ཅད་འགྲུབ་པར། ་འགྱུར་ལགས་སོ།། ཞེས་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་དོ།། དེ་ནས་ལྷའི་བུ་བདུད་བྲལ་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་གཞོན་ནུར་གྱུར་ད་པ་བདག་ཀྱིས་ཀྱང་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན། བྱང་ཆུབ་སེམས་དཔོའི་སྤྱད་པ་སྤྱོད་པ་ལ་སྤོབས་སོ།། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁྱོད་ཀྱིས་དེའི་དུས་ལ་བབ་པར་ཤེས་ན་སྤོབས་པར་གྱིས་ཤིག། ལྷའི ་བུས་སྨྲས་པ། འཇམ་དཔལ་ཆོས་ཐམས་ཅད་ལ་སྤྱོད་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པའོ།། བདུད་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ།། སེམས་ཅན་ཐམས ་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ།། སློབ་པ་དང་མྱི་སློབ་པ་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པའོ།། རང་སངས་རྒྱས་ཐམས་ཅད་ཀྱི ་སྤྱོད་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པའོ།། སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོས་ཐམས་ཅད་ལ་བསླབ་པ་དགོངས་པའི་ཕྱིར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མྱེད་ཀྱི་བུས།། ལྷའི་བུ་བདུད་བྲལ་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་སྤྱོད་པ་འདི་ཇི་ལྟར་སྤྱད་པར་བྱ།། ལྷའི་བུས་སྨྲས་པ། སྲེད་མྱེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། སེམས་ཅན་གྱི་སྤྱོད་པ་བརྒྱད ་ཁྲི་བཞི་སྟོང་ལ་བསླབ་པར་བྱ་སྟེ། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་པོ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་སྤྱོད་པ་རྣམས་ཀྱི་ཉི་ཁྲི་ཅིག་སྟོང་དང་ཞེ་སྡང་སྤྱོད་པ་རྣམས་ཉི་ཁྲི་ཅིག་སྟོང་དང་། གཏི་མུག་སྤྱོད་པ ་རྣམས་ཀྱི་ཉི་ཁྲི་ཅིག་སྟོང་དང་། མ་མཉམ་པ་སྤྱོད་པ་རྣམས་ཀྱི་ཉི་ཁྲི་ཅིག་སྟོང་ངོ་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅད་དེ་དག་ཐམས་ཅད་ཀྱི་སྤྱོད་པ་དེ་ལ་ཡང་འཇུག་པར་བྱ་སྟེ། དེས་འདོད་ཆགས་སྤྱོད ་པ་ལ་སྤྱད་པར་བྱ་ཞིང་། འདོད་ཆགས་དང་བྲལ་བར་བྱའོ།། ཞེ་སྡང་སྤྱོད་པ་ལ་སྤྱད་པར་བྱ་ཞིང་། ཞེ་སྡང་དང་ཡང་བྲལ་བར་བྱའོ།། གཏི་མུག་སྤྱོད་པ་ལ་སྤྱད་པར་བྱ་ཞིང་། གཏི་མུག་དང་ཡང་བྲལ་བར་བྱའོ།། ཉེས་པ་ཟས ་ཅད་སྤྱོད་པ་ལ་སྤྱད་པར་བྱ་ཞིང་། ཉེས་པ་ཐམས་ཅད་དང་བྲལ་བའོ།། བྱང་ཆུབ་སེམས་དཔའ་གང་སྤྱད་པ་ཐམས་ཅད་ལ་ཡང་སྤྱོད་ལ། སྤྱོད་པ་ཐམས་ཅད་ཀྱིས་མྱི་གོས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྦྱིན ་པར་བྱ་བའི་ཕྱིའོ།། སྤྱོད་པ་ཐམས་ཅད་ཀྱང་འགྲུབ་པར་སྣང་བའི་བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ནའོ།། བྱང་ཆུབ་སེམས་དཔའ་སྲེད་བྱེད་ཀྱི་བུས་སྨྲས་པ ་ལྷའི་བུ་ཇི་ལྟར་ན་བདུད་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན།། ལྷའི་བུས་སྨྲས་པ། བྱང་།། ཆུབ་སེམས་དཔའ་ས་ནི་སེམས་ཀྱིས་འཇུག་པ་རྣམས་ལས། ་བདུད་ཐམས་ཅད་ཀྱིས་སྤྱོད་པར་བལྟ་བར་བྱ་སྟེ། བདུད་ཀྱི་ལས་བྱུང་པོ་ཅོག་གི་དབང་དུ་ཡང་འགྲོ་བར་གྱི་བྱའོ།། བདུད་ཀྱི་ལས་ཀྱི་ཉིང་མ་མས་སྦྱོར་བར་མྱི་བྱའོ།། སྤྱོད་པ་ཐམས་ཅད་ལ་འཇུག་པ་ལ ་ཡང་སྦྱོར་བར་བྱའོ།། བདུད་དུ་གཅིག་ཏུ་ངེས་པའི་ཡང་དག་པར་བསྟནང་པར་བྱ་སྟེ། དེའི་དབང་དུ་ཡང་འགྲོ་བར་མྱི་བྱའོ།། དེས་བདུད་ཀྱི་རྣམ་པར་སྨྱིན་པ་ལ་ཡང་བསླབ་པར་བྱ་སྟེ། བདུད་ཀྱི་ལས་དང་བྲལ་བར ་ཡང་བྱའོ།། སྨྲས་པ་ལྔའི་བུ་ཇི་ལྟར་བསློབ་པ་དང་། མྱི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི།། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་ནོ།། སྨྲས་པ་རིགས་ཀྱི་བུ་འདི་ལྟར་བྱང་ཆུབ ་སེམས་དཔས་སྤྱོད་པ་ཐམས་ཅད་ངོ་བོ་ཉིད་མྱེད་པའི་སྦྱོར་བ་དང་། རྣམ་པར་སྨིན་པ་མྱེད་པའི་སྤྱོད་པ་དང་། གནས་པ་མྱེད་པའི་སྤྱོད་པ་དང་། འཕོ་བ་མྱེད་པའི་སྤྱོད་པ་དང་། སྐྱེ་བ་མྱེད་པའི་སྤྱོད་པ་ལ་མོས་པ་རྣམས་ལ ་སྦྱར་བར་བྱའོ།། དེ་ནས་ལྷའི་བུ་བདུད་བྲལ་གྱིས་བསྟན་པ་འདི་བཤད་ནས།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་བདག་གི་སྤོབས་པ་དེ་ནི་དེ་ཙམ་དུ་ངེས ་ཀྱི་སྤྱོད་པ་འདི་ལས་བརྩམས་ཏེ། རྒྱས་པར་ཁྱོད་སྤོབས་པར་མཛད་གཅིག། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་ད་པས།། ལྷའི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ལྷོའི་བུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཡུལ་ཟས ་ཅད་ལས་ཡང་དག་པར་འདས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སྤྱོད་པ་དེ་ནི་མྱིག་དང་གཟུགས་ཀྱི་ཡུལ་དུ་བགྲང་བ་མ་ཡིན་ནོ།། རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་དང་། ཡོང ་དང་། ཆོས་ཀྱི་ཡུལ་དུ་བགྲང་བ་མ་ཡིན་ཏེ། ལྷའི་བུ་རྣམ་གྲངས་དེས་ཀྱང་ཁྱོད་ཅི་ནས་སྐྱེས་བུ་དམ་པ་དེ་དག་གི་སྤྱོད་ཡུལ་ཐམས་ཅད་ལས་ཡང་ང་གྲ་བར་འདས་པ་ཡིན་པར་དེ་ལྟར་རིག་པར་བྱའོ།། ལྷའི་བུ་གཞན ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ལ་སྤྱོད་ན།། སངས་རྒྱ། ས་བཅོམ་ལྡན་འདས་རྣམས་མྱི་མཉེས་པར་མྱི་བྱེད་པ་དེ་ལྟར་སྤྲོ།། ད་པའི་བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་སེམས་དཔའི ་སྤྱོད་པ་ལ་སྤྱོད་པ་ཡིན་ནོ།། ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའས་ཇི་ལྟར་སྤྱད་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བགྱིད།། འཇམ་དཔལ་གྱིས་སྨྲས ་པ། ལྷའི་བུ་དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་ཡང་དག་པར་སྟོང་པར་མངོན་པར་རྫོག་པཱ་སངས་རྒྱས་ཏེ།། གལ་ཏེ་བྱང་ཆུབ་སེམས་དཔའ་ལྟ་བ་འགའ་ཞིག་ལ་མངོན་པར་ཞེན་ཏེ། ཟ་ན་སངས་རྒྱས་ཀྱི་ཆོས ་དང་། མྱ་ངན་ལས་འདས་པའི་ལྟ་བ་ལ་མངོན་པར་ཞེན་ན་ཡང་། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་སླུ་བ་ཡིན་ནོ།། ལྷའི་བུ་དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་ཡང་དག་པར་མཚན་མ་མྱེད་པར་མངོན ་པར་རྫོགས་པར་སངས་རྒྱས་ཏེ།། གལ་ཏེ་བྱང་ཆུབ་སེམས་དཔའ་ཆོས་འགའ་ཞིག་མཚན་མར་བྱེད་དམ། མཚན་མ་དང་འགྲོགས་པར་བྱེད་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་བསླུ་བ་ཡིན་ནོ།། དེ་བཞིན ་གཤེགས་པ་ནི་ཆོས་ཐམས་ཅད་ཡང་དག་པར་སྦྱིན་པ་མྱེད་པར་རྫོགས་པར་སངས་རྒྱས་སོ།། དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པ་དང་། ཡོད་པ་མ་ཡིན་པ་དང་། མ་བྱུང་བ་དང་། མ་སྐྱེས ་པ་དང་། མ་འཐོན་པ་དང་། མཚན་མ་མྱེད་པ་དང་། མཚན་ཉིད་མྱེད་པ་དང་། མ་འོངས་པ་དང་། མ་སོང་བ་དང་། མྱི་གནས་པ་དང་། རང་བཞིན་གྱིས་ཡོངས་སུ་དག་པ་དང་། རང་གིས་འོད་གསལ་བ་དང་། རང་བཞིན ་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་མངོན་པར་རྫོགས་པར་སངས་རྒྱས་ཏེ།། གལ་ཏེ་བྱང་ཆུབ་སེམས་དཔའ་ཆོས་སམ། ཆོས་ཀྱི་ངོ་བོ་ཉིད་འགའ་ཞིག་ལ་དམྱིགས ་པར་བྱེད་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པརརྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་བསླུ་བ་ཡིན་ནོ།། ལྷའི་བུ་གྲལ་ཏེ་བྱང་ཆུབ་སེམས་དཔས་ལྟ་བར་གྱུར་པ་ཐམས་ཅད་སྟོང། ་པ་ཉིད་དུ་ཡང་དག་པར་འདུ་བ་དང་། ལྟ་བར་གྱུར་པ་ཐམས་ཅ། ད་མཚན་མ་མྱེད་པར་ཡང་དག་པར་འདུ་བ་དང་། ལྟ་བར་གྱུར་པ་པ་ཐམས་ཅད་སྨོན་པ་མྱེད་པར་ཡང་དག་པར་འདུ་བ་དང་། ་ལྟ་བར་གྱུར་པ་ཐམས་ཅད་ཁམས་གསུམ་ལས་ཡང་དག་པར་འདས་པར་ཤེས་ནས། ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པ་དང་། ཡོད་པ་མ་ཡིན་པ་དང་། མ་བྱུང་བ་དང་། མ་སྐྱེས་པ་དང་། ་མ་མཐོན་པ་དང་། མཚན་མ་མྱེད་པ་དང་། མཚན་ཉིད་མྱེད་པ་དང་། མ་འོངས་པ་དང་། མ་སོང་བ་དང་། མྱེ་གནས་པ་དང་། རང་བཞིན་གྱིས་ཡོངས་སུ་དག་པ་དང་། རང་བཞིན་གྱིས་འོད་གསལ་བ་དང་། རང ་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བ་དང་། རང་བཞིན་གྱིས་ཀུན་ནས་ཉོར་མོངས་པ་མྱེད་པར་ཤེས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན ་འདས་ཀྱིས་སྐུ་མྱི་སླུ་བ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་ཚིག་འདི་ལེགས་པར ་སྨྲས་ཏེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ཏེ། ལུང་བསྟན་པ་ཡང་མྱུར་དུ་ཐོབ་པར་འགྱུར་རོ།། འཇམ་དཔལ་ངས་མངོན་པར་ཤེས་ཏེ། དེ་བཞིན ་གཤེགས་པ་མར་མེ་མཛད་ཀྱི་སྔོན་རོལ་དུ་དཀར་པོའི་སྤྱོད་པ་གང་ལ་ངས་མ་སྤྱད་པ་ཅི་ཡང་མྱེད་དེ།། འོན་ཀྱང་ངས་ལུང་བསྟན་པ་མ་ཐོབ་པོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངས་མཚན་མ་དང་བཅས་པར་སྤྱད་པ་དང་། རྩོལ ་བ་དང་བཅས་པར་སྤྱད་པ་དང་། དམྱིགས་པ་དང་བཅས་པར་སྤྱད་པའི་ཕྱིར་རོ།། གང་གི་ཚེ་ངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་མཐོང་བའི་ཚེ།། སྤྱོད་པ་ཐམས ་ཅད་ལས་ཡང་དག་པར་འདས་ཏེ། མཐོང་མ་ཐག་ཏུ་བཅོམ་ལྡན་འདས་དེའི་སྤྱོད་པ་མཐོང་བ་ངས་ཐོབ་པར་གྱུར་པ་ཅིང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་ཡང་རྟོགས་ཏེ། དེ་ནས་གདོད་མ་འོངས་པའི ་དུས་ན་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག། ས་པའི་སངས་རྒྱས་ཤག་ཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་དེས་ལུང ་བསྟནད་ཏོ།། དེ་ཉིད་ཀྱི་ཚེ་ངས་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ཐོབ་པོ།། འཇམ་དཔལ་དེ་ལྟ་བས་ན།། བྱང་ཆུབ་སེམས་དཔའ་སེམ་ས་དཔའ་ཆེན་པོ་མྱུར་ཏུ་མྱི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར ་པར་འདོད་པ་རྣམས་ཀྱིས་སྤྱོད་པའི་ལེའུ་འདི་ལ་དམྱིགས་སུ་མྱེད་པ་དང་། རྩོལ་བ་མྱེད་པའི་ཆོས་ལ་མོས་པ་དང་། རྣམ་པར་གྲོལ་བ་ལ་སྦྱོར་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་གང་ཐོབ་པར་བགྱི་བའི་སླད་དུ་བཟོད་པ་མཉེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐོབ་པར་བྱ་བའི ་ཕྱིར་བཟོད་པ་ཐོབ་སྟེ། དེ་ཡང་ཆོས་ཐམས་ཅད་བཟོད་པ་བྱ་བའི་ཕྱིར་བཟོད་པ་ཐོབ་པོ།། འཇམ་དཔལ་བཟོད་པ་ཐོབ་ཅེས་བྱ་བ་ནི་མྱི་ཟད་པའི་ཆོས་ཉིད་དེ་ཐོབ་པའོ།། འཇམ་དཔལ་དེ་ཐོབ་པོ།། འཇམ་དཔལ་བཟོད་པ ་ཐོབ་ཅེས་བྱ་བ་ནི་ཡང་དག་པ་ཉིད་ཀྱི་ཚིག་བླ་དགས་སོ།། འཇམ་དཔལ་བཟོད་པ་ཐོབ་པ་དེ་ལ་ནི་འཇིག་རྟེན་གི་ཆོས་རྣམས་ཀུན་ཏུ་སྤྱོད་པ་མྱེད་དོ།། སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། བསློབ་པའི་ཆོས་རྣམས་དང་། མྱི་སློབ། ་པའི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀུན་ཏུ་སྤྱོད་པ་མྱེད་དོ།། ཆོས་ཐམས་ཅད་ཀུན་ཏུ་མྱི་སྤྱོད་པས་ན་དེའི་ཕྱིར། དེ་ལ ་བཟོད་པ་ཐོབ་པ་ཞེས་བྱའོ།། བཟོད་པ་དེ་ནི་ཆོས་ཐམས་ཅད་ཀྱི་མཚན་མ་དང་། དམྱིགས་པ་རྣམས་ཀྱི་སྒོ་ནས་སྐད་ཅིག་པ་མ་ཡིན་ཏེ། དེ་བས་ན་བཟོད་པ་ཞེས་བྱའོ།། བཟོད་པ་འདི་ལ་ནི་མྱིག་དང་། རྣ་བ་དང་། སྣ་དང་། ་སྡེ་དང་། ལུས་དང་། ཡིད་དུ་བགྲང་བ་ཅི་ཡང་མྱེད་དོ།། རློམ་ས་དམས་སུ་བྱ་བ་ཡང་མྱེད་དོ།། ཟང་པ་ཡང་མྱེད་དེ་བཟོད་པ་དེ་ལ་ཟང་པ་མྱེད་དོ།། བཟོད་པ་དེ་ལ་ནི་ཡུལ་ཡང་མྱེད་དོ།། བཟོད་པ་དེ་ལ ་ནི་ཡུལ་དང་བྲལ་བ་ཡང་མྱེད་དོ།། དེ་བས་ན་བཟོད་པ་ཞེས་བྱའོ།། བཟོད་པ་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ས་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། ཚིག་འདི་སྐད་དུ་བདག ་ཅག་གིས་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འང་གནས་པར་འགྱུར་བའི་བྱ་བ་བྱས་སོ།། དཔེའ་མྱེད་པའི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱའོ།། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་རྣམས་ཀྱིས་ནི།། ཟབ་མོའི་གནས་ཐམས་ཅད་གུས་པར་མཉན་པར་བྱའོ།། བསྒོམ་པར་བྱའོ་ཞེས་སྨྲས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདྲ། ་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཟབ་མོ་འོད་དག་ལ་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ།། འཇམ་དཔལ་གྱིས་སྨྲས་པ། སྲེད་དེ་མྱེད་ཀྱི་བུ་གང ་གི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཐམས་ཅད་མ་བྱས་པ་དང་། མ་བསྒྱུར་བར་ཤེས་ན་སྲེད་ཀྱི་བུ་དེ་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ།། གང་གི་ཚེ་ཆོས་ཐམས་ཅད ་མངོན་པར་འདུས་མ་བྱས་པར་ཤེས་པ་དང་། བྱ་བ་ལ་མྱི་འགྱོད་པ་དང་། མ་བྱས་པ་ཡང་རྨོངས་པ་མྱེད་ན་དེའི་ཚེ། བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྤྱད་པ་བྱས་པ་ཡིན་ནོ།། བྱ་བ་ལ ་ཡང་སྦྱོར་བ་དང་། བྱས་པ་མྱི་བཟོ་བ་ལས་བྱས་པ་གཟོ་བར་བྱེད་པ་དང་། བཀུར་བསྟིར་བྱས་པ་དང་། བཀུར་སྟི་མ་བྱས་པས་ཀྱང་སྲོ་སོས་པ་དང་། སྲོ་ཤི་བར་མྱི་འགྱུར་བ་དང་། བྱེད་པ་པོ་དང་། ཚོར་བ་པོ་ཡང་མྱི་དམྱིག ་ལ། ཡོངས་སུ་སྦྱང་བ་ཡང་བྱས་པ་དང་། སྦྱིན་པ་ཡང་སྦྱིན་ཞིང་དེ་ཡང་བྱང་ཆུབ་ཏུ་སྔོ་ཡོངས་སུ་བསྔོ་བར་བྱེད་ལ། ཡོངས་སུ་སྦྱང་བ་ཡང་བྱས་པ་དང་། སྦྱིན་པ་དང་། བྱང་ཆུབ་དང་། བདག་དང་། ཕ་རོལ་ཀྱང་མྱི ་དམྱིགས་ལ། ཡོངས་སུ་སྦྱང་བ་ཡང་བྱས་པ་དང་། ཚུལ་ཁྲིམས་ཀྱང་བསྲུང་བར་བྱེད། བཟོད་པ་ཡང་བསྒོམ་པར་བྱེད་བརྩོན་འགྲུས་ཀྱང་བརྩོམ་པར་བྱེད། བསམ་གཏན་ཀྱང་བསྟེན་པར་བྱེད། ཤེས ་ཀྱང་བསྒོམ་པར་བྱེད་ཅིང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེ། དེ་ལ། ཤེས་རབ་དེ་ཡང་དམྱིགས་པར་མྱི་བྱེད། བྱང་ཆུབ་དང་། བདག་དང་། ཕ་རོལ་ཡང་དམྱིགས་པར་མྱི་བྱེད་པའི་བྱང་ཆུབ་སེཾས ་དཔའ་དེ་དག་ནི་ཡོངས་སུ་སྤྱད་པ་བྱས་པ་ཡིན་པར་རིག་པར་བྱའོ།། ལུས་དང་། ངག་དང་། ཡིད་ཀྱི་དགེ་བ་རྣམས་མྱི་དམྱིགས་པ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་སྦྱང་བས་ཡིན་ནོ། ་ལུས་དང་། ངག་དང་། ཡིད་ཀྱི་ཚོགས་ལ་མཁས་པ་མྱི་དམྱིགས་པ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་འགྲུས ་བརྟན་གིས་འཇམ་དཔལ་གཞོན་ནུར་གྱུར་ང་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་བདག་ཀྱང་ཇི་ལྟར་བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པ་ལ་སྤོབས་སོ།། འཇམ་དཔལ་གྱིས་སྨྲས ་རིགས་ཀྱི་བུ་ཁྱོད་ཀྱིས་དེའི་དུས་ལ་དབབ་པར་ཤེས་ན་སྤོབས་པར་གྱིས་ཤིག། བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་གྱིས་སྨྲས་པ། འཇམ་དཔལ་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཐ་ན་སེམས་གཅིག་ཙམ ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱེད་ན་ཡང་། བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ།། གང་གིས་ཟས་ཟ་བ་འམ། གང་ལས་ལེན་པར་བྱེད་པ་འམ། གང་ལ་སྦྱིན་པར་བྱེད་པ་དེ་དག ་བྱང་ཆུབ་ལ་འཛུད་པར་བྱེད་ན། གཉི་ག་ལ་བྱང་ཆུབ་སེམས་དཔའི་ཡོན་དག་པར་འགྱུར་རོ།། ཆོས་བསྒྲུབ་པ་ལ་བཙུད་ན་ཡང་སྦྱིན་པ་པོ་དང་། ལེན་པ་པོ་གཉི་ག་ལ་བྱང་ཆུབ་སེམས་དཔའ་ཡོན་དག་པར ་འགྱུར་རོ།། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་གཞན་དག་ལ་སངས་རྒྱས་ཀྱི་སྒྲ་སྒྲོགས་པར་བྱེད་ཅིང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གི་སྒྲ་སྒྲོགས་པར་བྱེད་ལ་བདག་ཉིད་ཀྱང་སངས་རྒྱས་དང་། ཆོས་དང་། ་དགེ་འདུན་རྗེས་སུ་དྲན་པ་བཞིན་དུ་སྦྱིན་པ་སྦྱིན་པར་བྱེད་པ་དང་། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སུམ། བསམ་གཏན་ནམ། ཤེས་རབ་ཡིད་ལ་བྱེད་དམ། གཞན ་དག་ལ་ཕ་རོལ་ཏུ་ཕྱིནད་པ་དྲུག་སྒྲོགས་པར་བྱེད་ཅིང་། སེམ། ས་ཅན་རྣམས་ལ་སེམས་པར་བྱེད་ལ། དགེ་བའི་རྩ་བ་དེ་ཡང་སེ་མས་ཅན་དེ་དག་དང་ཐུན་མོང་དུ་བྱས་ནས། བྱང་ཆུབ་ཏུ་ཡོངས ་སུ་བསྔོ་བར་བྱེད་ན། བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་ཏེ། དེའི་ཚེ་ཟས་ལོངས་སྤྱོད་པའི་འོས་ཡིན་ནོ།། བྱང་ཆུབ་སེམས་དཔའ་གང་བཟོད་པ་བསྒོམ་པ་ན། ཆོམ་རྐུན་པ་རྣམས ་དང་། རིགས་ངན་ཡན་ཅད་ཀྱིས་སྤྱོས་ཤིང་བརྒྱད་བཀག་ཀྱང་འཁྲུག་པར་མྱི་འགྱུར་གནོད་སེམས་མྱི་བྱེད་དེ།། སེམས་ཅན་དེ་དག་ཉིད་ཀྱི་དགའ་བ་བསྐྱེད་པའི་ཕྱིར་བརྩོན་འགྲུས་བརྩོམ་ཞིང་།། སྟོབས་དང་། ་བརྩོན་འགྲུས་དང་། མཐུ་ཆེན་པོ་བསྐྱེད་པར་བྱེད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པར་རིག་པར་བྱའོ།། གལ་ཏེ་བྱང་ཆུབ་སེམས་དཔའ་དབྱིག ་བྱེ་བ་ཕྲག་བརྒྱ་འམ། གླིང་བཞི་པོའི་འཇིག་རྟེན་གི་ཁམས་དབྱིག་ཐམས་ཅད་ཀྱིས་ཡོངས་སུ་བཀང་བ་བྱིན་ཏེ། བྲིད་ན་ཡང་ཤེས་བཞིན་དུ་བརྫུན་དུ་མྱི་སྨྲ་ལ། གཞན་དག་གྱིས་ཆོས་དྲིས་ན་ཡང་། གཟིང་གཟོད ་བའི་ཚིག་ཀྱི་སྨྲ་ཞིང་། ཆོས་ལ་བསྐུར་བ་བཏབ་ནས། ཆོས་མ་ཡིན་པ་སྨྲབ་མྱི་བྱེད་ན། བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པར་རིག་པར་བྱའོ།། གལ་ཏེ་བྱང་ཆུབ་སེམས་དཔའ་ཞག ་བདུན་གྱི་བར་དུ་ཟན་ཆད་ནས།། ཁ་ཟས་བསྟབས་ན་ཡང་ཐམས་ཅད་མཁྱེནད་པ་ཉིད་ཀྱི་སེམས་འབའ་ཤིག་དེ་ལ་མངོན་དུ་འགྱུར་ཞིང་། སེམས་ཅན་ཐམས་ཅད་རབ་ཏུ་དགྲོལ་བར་བྱ་བའི་ཕྱིར་ཤིག་ཕྱིར། དེ་ལ་བྱང་ཆུབ་ཀྱི ་སེམས་མངོན་དུ་འགྱུར་ན། བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པར་རིག་པར་བྱའོ།། འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཉན་པའི་ཕྱིར་ས་གཞི་མཚོན་ཆ་བཏགས་པ་འམ།། མྱེས ་བཀང་བ་རྒལ་ཏེ་འགྲོ་བར་བྱེད་ལ། ལུས་འཕངས་པ་འམ། སྲོ་དག་འཕངས་པར་མྱི་བྱེད་དེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ནི་བརྙེད་པར་སླའོ།། སངས་རྒྱས་བཅོམ་ལྡན་འདས ་རྣམས་ནི་རྙེད་པར་དཀའོ།། ཆོས་སྟོནད་པ་ནི་རྙེད་པར་དཀའོ།། ཆོས་ལ་གུས་པོའི་སེམས་ཅན་རྣམས་ཀྱང་རྙེད་པར་དཀའོ།། སྙམ་དེ་ལྟར་ཡང་བསློབ་སྟེ། གལ་ཏེ་དེ་ལྟ་བུར་འཛིན་པ་ལ་ཞུགས ་ན། བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པར་རིག་པར་བྱའོ།། འཇམ་དཔལ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་གམ་སྡོམ་པའམ། ཆོས་ཀྱི ་གདམ་ངག་གྱིས་ནི་ཆེས་ཡི་རངས་པར་འགྱུར་ལ། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱིས་ནི། ཡིད་རངས་པར་མྱི་འགྱུར་བ་དང་། སེམས་ཅན་གཅིག་ལ་ཡང་ཚིག་བཞི་པའི་ཚིགས་སུ་བཅད་པ་བསྒྲགས་པས་ནི ་ཆེས་ཡིད་རངས་པར་འགྱུར་ལ། བརྒྱ་བྱིན་དུ་འགྱུར་བའི་ཐོབ་པས་ནི་དེ་ལྟ་མ་ཡིན་ན། བྱང་ཆུབ་སེམས་དཔས་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ།། འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་དུད་འགྲོའི་སྐྱེ་གནས ་སུ་གྱུར་པ་ཁྱི་ལ་སྦྱིན་པ་བྱེད་པས་ནི། ཆེས་ཡིད་རངས་པར་འགྱུར་ལ། ཚངས་པར་འགྱུར་བ་ཐོབ་པས་ནི་མ་ཡིན་ན། བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པར་རིག་པར་བྱའོ།། འཇམ་དཔལ ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ཐོས་པ་ལ་གནས་པའི་རྙེད་པ་གཅིག་གཅིག་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བསྔོས་པས་ནི་ཆེས་ཡིད་རངས་པར་འགྱུར་ལ། ནོར་གྱི་ཕུང་པོ་དཔག་ཏུ་མྱེད་པས་ནི། དེ་ལྟ་མ་ཡིན་པ ་དང་། ཐམས་ཅད་མཁྱེནད་པ་ཉིད་ཀྱི་སེམས་ཀྱིས་ཆེས་ཡིད་རངས་པར་འགྱུར་ལ།། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་བས་ནི།། དེ་ལྟ་མ་ཡིན་པ་དང་། དགེ་བའི ་རྩ་བ་གཅིག་གཅིག་སེམས་ཀྱིས་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ། བྱང་ཆུབ་ཏུ་མྱིགས་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་ཡོངས་སུ་བསྔོས་པས་ནི།། ཆེས་ཡིད་རངས་པར་འགྱུར་ལ། རྙེད་པ་དང་། ་བཀུར་སྟི་དང་། ཚིགས་སུ་བཅད་པ་ཐམས་ཅད་ཀྱིས་ནི་ཡིད་རངས་པར་མྱི་འགྱུར་ཏེ། དེ་ལྟར་སྤྱོད་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པར་རིག་པར་བྱའོ།། འཇམ་དཔལ་གཞན་ཡང་བྱང་ཆུབ་སེཾས ་དཔས་ནི་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་རྟག་ཏུ་བརྩོན་པར་བྱའོ།། བྱང་ཆུབ་སེམས་དཔའ་ནི་ཐོས་པ་མང་པོ་བཙལ་བར་ཕྱིར། མཐུ་རྩལ་བརྟན་པར་བྱའོ།། བྱང་ཆུབ་སེམས་དཔའ ་ནི་ཡན་ལག་དང་ཉིང་ལག་ཡོངས་སུ་བཏང་བས་མཐུ་དང་ལྡན་པར་འགྱུ་ར་རོ།། བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གི་ཆོས་རྫས་དང་དུ་ལེན་པར་སྤྲོ་བར་བྱའོ།། བྱང་ཆུབ་སེམས་དཔའས་ནི་སྲོག་གི་ཕྱིར ་ཡང་བསླབ་པ་ཡོངས་སུ་མྱི་བཏང་བས་སྤྱོད་པ་ལ་བློ་དང་ལྡན་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་ངན་དུ་སྨྲ་བའི་ཚིག་དང་དུ་ལེན་པའི་ངང་ཅན་གྱིས་བཟོད་པའི་སྤོ་དང་ལྡན་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི ་ཞིང་ཡོངས་སུ་དག་པ་ཡོངས་སུ་གཟུང་བས་ལེ་ལོ་མྱེད་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་བྱང་ཆུབ་ཀྱི་སེམས་དང་མྱི་བྲལ་བས་རྩེ་གཅིག་ཏུ་བྱའོ།། བྱང་ཆུབ་སེམས་དཔས་ནི་ཕ་རོལ་ཏུ་ཕྱིནད་པ་དྲུག་ཡོངས་སུ་བཙལ ་ཁས་བྱང་ཆུབ་ཀྱི་སེམས་མྱི་བརྗེད་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་རང་གི་དོན་ལ་བརྩོན་པ་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱི་བཏང་བ་དང་། སེམས་ཅན་ཐམས་ཅད་ཀྱི་བསྐབས་དབྱེ་བའི་ཕྱིར ་མྱི་འཕྲོགས་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི་རིགས་མྱི་འཆད་པར་བྱ་བའི་ཕྱིར་དམ་བཅས་པ་ལ་བརྟན་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་ལུས་དང་ངག་དང་ཡིད་དང་། ་པོས་ཡོངས་སུ་དག་པས།། གཡོ་ཐམས་ཅད་ཡོངས་སུ་སྤང་བར་བྱའོ།། བྱང་ཆུབ་སེམས་དཔས་ནི་སེམས་ཅན་བསྐྱབས་སུ་འོངས་པ་ཡོངས་སུ་བསྐྱབ་པའི་ཕྱིར་ཤིན་ཏུ་དཀར་བའི་ཕྱོགས་གཅིག་ཏུ་ངེས་པར་བྱའོ།། ་བྱང་ཆུབ་སེམས་དཔས་ནི་ལུས་དང་སྲོག་ལ་མ་ཆགས་པས་མྱི་ལྟ་བར་བྱའོ།། བྱང་ཆུབ་སེམས་དཔའ་ནི་ཚུར་ཤོག་འོངས་པ་ལེགས་སོ་ཞེས་སྨྲ་བས་འཇམ་པོར་བྱའོ།། བྱང་ཆུབ་སེམས་དཔས་ནི་ཁྲོ་གཉེར་མྱེད ་བཞིན་གྱིས་ཡོངས་སོང་པོར་སྨྲ་བར་བྱའོ།། བྱང་ཆུབ་སེམས་དཔས་ནི་རྗེས་སུ་ཆགས་པ་དང་།། ཁོང་འཁྲོ་བ་མྱེད་པས་ས་དང་འདྲ་བར་བྱའོ།། བྱང་ཆུབ་སེམས་དཔས་ནི་འགྲོགས་ན་བདེ་བས ་ངེས་པར་བྱའོ།། བྱང་ཆུབ་སེས་དཔས་ནི་མཐུན་པ་འཛིན་པས་བཀའ། བློ་བདེ་བར་བྱའོ།། བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམ། ས་ཅད་ལ་འདུད་པས་ང་རྒྱལ་གཞོམ་པར་བྱའོ།། བྱང་ཆུབ་སེཾས ་དཔས་ནི་ང་རྒྱལ་བཅག་པས་ཁྱི་དང་འདྲ་བར་བྱའོ།། བྱང་ཆུབ་སེ་མས་དཔས་ནི་སྔོན་བཅས་པ་ཉམས་སུ་ལོན་པར་བྱེད་པས་བསླུ་བ་མྱེད་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས ་ཅད་ལ་སེམས་སྙོམས་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་འབྱུང་པོ་ཐམས་ཅད་ལ་བྱམས་པའི་སེམས་སུ་བྱའོ།། བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་མངོན་པར་བརྩོན་པས་སྙིང་རྗེ། ་ཆེན་པོ་དང་ལྡན་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི་ཆོས་དང་། དགེ་བའི་བརྩ་བ་ཐམས་ཅད་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པས་དགའ་བར་བྱའོ།། བྱང་ཆུབ་སེམས་དཔས་ནི་འདོད ་པའི་ཡོན་ཏན་གི་དགའ་བ་དང་། རྩེ་བ་ཐམས་ཅད་ལ་མྱི་ལྟ་བས་གཏང་སྙོམས་དང་ལྡན་པར་བྱའོ།། བྱང་ཆུབ་སེམས་དཔའས་ནི་རང་གི་ལུས་དང་སྲོག་ཡོངས་སུ་གཏང་བས་སེར་སྣ་མྱེད་པར་བྱའོ།། བྱང་ཆུབ ་སེམས་དཔའ་ཡོངས་སུ་གཟུང་བའི་དངོས་པོ་རྣམས་ལ་བདག་གིར་འཛིནད་པ་མྱེད་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་ཡོངས་སུ་རྟོག་པ་དང་ལྟ་བར་གྱུར་པ་མེས་ཅད་དོང་བའི་སེཾས་སུ་བྱའོ།། བྱང་ཆུབ་སེམས་དཔས་ནི ་ནི་ནོར་བདུན་གྱི་ནོར་ཆེན་པོས་ཕྱུག་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་བསྒྲུབ་པ་གནས་པས་བརྟན་པ་དང་ལྡན་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པ་ཚོལ་བས་ཆོག་མྱི་ཤེས་པ ་བྱའོ།། བྱང་ཆུབ་སེམས་དཔས་ནི་ཕ་རོལ་ཏུ་ཕྱིནད་པ་རྣམས་ཀྱིས་ཡོངས་སུ་རྫོགས་པར་བྱའོ།། བྱང་ཆུབ་སེམས་དཔའ་ས་བདུད་བཞི་ལས་རྣམ་པར་རྒྱལ་བས་དཔའ་བར་བྱའོ།། བྱང་ཆུབ་སེམས་དཔས་ནི་སེམས ་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་ཞི་བར་བྱ་བ་ལ་མཁས་པས་སྨན་པའི་རྒྱལ་པོར་བྱའོ།། བྱང་ཆུབ་སེམས་དཔས་ནི་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བར་ཡོན་གནས་བྱའོ།། བྱང་ཆུབ་སེམས ་དཔས་ནི་སེམས་ཅན་ཐམས་ཅད་ལ་ལྟ་བས་བསོད་ནམས་ཀྱི་ཞི་ང་དུ་བྱའོ།། བྱང་ཆུབ་སེམས་དཔས་ནི་འཇིག་རྟེན་གི་ཆོས་ཐམ་ས་ཅད་ཀྱི་འདམ་གྱིས་མྱི་གོས་པས་པད་མ་ལྟ་བུར་བྱའོ།། བྱང ་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་སྒྲོལ་བས་གླུ་དང་འདྲ་བར་བྱའོ།། བྱང་ཆུབ་སེམས་དཔས་ནི་རབ་དང་འབྲིང་དང་། ཐ་མ་ལ་མྱི་བརྙས་པས་ཟམ་པ་ལྟ་བུར་བྱའོ།། བྱང་ཆུབ་སེམས་དཔས་ནི་དམ ་པའི་ཆོས་ཀྱི་ཆུ་མྱི་ཟད་པའི་བསམ་པས་ཆུ་མྱིག་དང་། མཚོ་དང་། མཚེའུ་ལྟ་བུའོ།། བྱང་ཆུབ་སེམས་དཔས་ནི་བོས་པ་ལ་རྩེ་གཅིག་པས་ཆོག་མྱི་ཤེས་པས་བརྒྱ་མཚོ་ལྟ་བུར་བྱའོ།། བྱང་ཆུབ་སེམས་དཔས་ན ་བསྐྱོད་དུ་མྱེད་པས་ལྷུན་པོ་ལྟ་བུར་བྱའོ།། བྱང་ཆུབ་སེམས་དཔས་ནི་སྒོའི་ཐེམ་པའི་རྟེར་ལྟ་བུས་ཤིན་ཏུ་བརྟན་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་ཕུན་གསུམ་ཚོགས་པས་ཐམས་ཅད་ལ་ལྷག་པར་ཆགས་པ ་བྱེད་པར་བྱའོ།། བྱང་ཆུབ་སེམས་རཔས་ནི་སེམས་ཡོངས་སུ་བསྒྱུར་བ་ལ་མཁས་པས་དབང་དང་ལྡན་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་རྒྱ་ཆེན་པོ་ལ་མོས་པས་རྒྱལ་པོ་ལྟ་བུར་བྱའོ།། བྱང་ཆུབ ་སེམས་དཔས་ནི་སེམས་ཅན་ཐམས་ཅད་ཀྱིས་བསྟེན་པའི་འོས་སུ་གྱུར་ད་པས་བརྒྱ་བྱིན་ལྟ་བུར་བྱའོ།། བྱང་ཆུབ་སེམས་དཔས་ནི་ཆོས་ཐམས་ཅད་བདག་པོ་བྱེད་པས་ཚངས་པ་ལྟ་བུར་བྱའོ།། ་བྱང་ཆུབ་སེམས་དཔས་ནི་གཏན་དུ་བདེ་བའི་མྱ་ངན་ལས་འདས་པ་ལ་དགོད་པས་སེམས་ཅན་གྱི་བདེ་བ་བསྒྲུབ་པར་བྱའོ།། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ལ་ཕན་པ་དང་བདེ་བའི་དངོས་པོ་བསྟབས་པས ་ཕ་མ་དང་འདྲ་བར་བྱའོ།། བྱང་ཆུབ་སེམས་དཔའ་ནི་དགེ་བ་དང་མྱི་དགེ་བའི་ཆོས་ཐམས་ཅད་ཀྱིས་མ་ཉམས་མ་སྨྲས་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་མཛའ་བཤེས་དང་དགྲ་རྣམས་ལ་སེམས་སྙོམས ་པས་ཞེས་འགྲས་པ་མྱེད་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་སྐྱེ་བའི་གནས་ཐམས་ཅད་ལ་ཡིད་བརྟན་པར་མྱི་བྱའོ།། བྱང་ཆུབ་སྟེ་མས་དཔས་ནི་ལྷག་པར་གཏོང་བས་ཆོས་ཀྱི་སྦྱིན་བདག་བྱའོ།། ་བྱང་ཆུབ་སེམས་དཔས་ནི་བག་ཡོད་པས་རྒྱགས་པ་དང་། བག་མྱེད་པ་ཐམས་ཅད་དང་བྲལ་བར་བྱའོ།། འཇམ་དཔལ་བྱང་ཆུབ། སེམས་དཔའ་ས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཚོལ་བ་དང ་སྤྱོད་པ་དང་། སྡོམ་པ་དང་། བསླབ་པ་དང་། བརྩོན་འགྲུས་རྣམས་ལ་བག་ཡོད་པས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་སོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་སེམས་དཔའ་རྟག་ཏུ་བརྩོན་པ་བརྟན་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ།། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གནས་པ་ལ་མཁས་པ་འདི་ཁྱོད་ཀྱིས ་ལེགས་པར་སྨྲས་སོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་འདོད་པས་ནི་བསོད་ནམས་མ་ཡིན་པ་ཐམས་ཅད་དང་བྲལ་བར ་བྱ་བ་དང་། བསོད་ནམས་ཐམས་ཅད་ཡོངས་སུ་གཟུང་བ་ལ་བརྩོན་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསོད་ནས ་ཐམས་ཅད་བསྐུས་པ་འ་ཏིང་ངེ་འཛིམ་འདི་ཐོབ་པའི་བྱང་ཆུབ་སེམས་དཔའི་རྣམ་པ་གང་དག་ལགས། རྟགས་ནི་གང་དག་ལགས། མཚན་མ་ནི་གང་དག་ལགས། ཡོན་ཏན་ནི་གང་དག་ལགས། ཕན་ཡོན་ནི་གང་ད། ་ལགས། དྲིནིས་བཅོམ་ལྡང་འདས་ཀྱིས་བྱང་ན་བྱ་སེམས་དཔའ་སྟེད་མྱེད་ཀྱི་ནས་འདི་སྐད་ཅེས་ཤཱ་གྱུསར་ཏོ།། རིགས་ཀྱི་བུ་བསོད་དམས་ཐམས་ཅད་བཀྲུས་པའི་ཏིང་ངེ་འཛིད་འདྲི་ཐོབ་པའི་བྱང་ཆུབ་སེམས ་དཔའ་ནི་མྱི་ཁོམས་བརྒྱད་ལས་ལོག་པས་ན། ངན་སོང་དང་བྲལ་བ་ཡིན་ནོ།། བསམས་པ་ཙམ་གྱིས་ཐམས་ཅད་གྲུབ་པས་ན། དབུལ་བ་ཐམས་ཅད་ཡང་དག་པར་ཆད་པ་ཡང་མ་ཡིན་ནོ།། སྐྱེས་བུ་ཆེན་པོ ་མཚན་སུམ་བཅུ་པ་གཉིས་ལེགས་པར་བརྒྱན་པས་ན། དབང་པོ་ཆུང་བ་ཡང་ཡིན་ནོ།། མྱི་ཟད་པའི་ཆོས་ཉིད་ཀྱིས་ན་སྤོབས་པ་ཐོབ་པྲ་ཡང་ཡིན་ནོ།། བརྗེད་ངས་པ་མྱེད་པས་ན་གཟུངས་ཐོབ་པ ་ཡང་ཡིན་ནོ།། ཆོས་ཀྱི་འཁོར་ལོ་བསྐོར་བས་ན། བསོད་ནམ་ས་ཐམས་ཅད་ཀྱིས་མཐོང་བ་ཡང་ཡིན་ནོ།། བརྒྱ་བྱིན་དང་། ངེས་པ་དང་། འཇིག་རྟེན་བསྐྱོང་བའི་དབང་ཐོ་བ་བས་ན་སེམས ་ཅན་ཐམས་ཅད་ཀྱི་མཆོད་པའི་གནས་ཀྱི་དབང་བསྐུར་བ་ཐོབ་པ་ཡང་ཡིན་ནོ།། མངོན་པར་ཤེས་པ་མ་ཉམས་པས་ན། མངོན་པར་ཤེས་པ་ཐོབ་པ་ཡང་ཡིན་ནོ།། སྐྱེ་བའི་གནས་ཐམས་ཅད་དུ ་དབང་ཐོབ་པ་ཡང་ཡིན་ནོ།། ཆོས་ཀྱི་ནོར་ཐམས་ཅད་རྣམ་པར་འཕེལ་བས་ན། ཐབས་ཀྱིས་མཛོད་མྱི་ཟད་པ་ཡང་མ་ཡིན་ནོ།། སྡུག་པའི་ལྟ་བ་དང་བྲལ་བས་ན། ཤེས་རབ་ཀྱིས་ཀུན་ཏུ་ལྟ་བ་ཡང་ཡིན ་ནོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་འདོད་པ་མྱེད་པ་ཡང་ཡིན་ནོ།། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་འདུལ་བ་པོ་ཡང་ཡིན་ནོ།། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བའི ་ཕྱིར་དབང་པོ་ལ་མཁས་པ་ཡང་ཡིན་ནོ།། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། རྣམ་པར་ཐ་དད་པའི་སྒོ་རྣམས་ལ་རྣམ་པར་རྩེ་བ་ཡང་ཡིན་ནོ།། གཏོང་བ་ལ་མོས་པས ་མམ་བསྟན་པའི་སྦྱིན་པ་དང་ལྡན་པ་ཡང་ཡིན་ནོ།། བསྡོམ་པ་གསུམ་ཡོངས་སུ་དག་པས་ནམ་བསྟནང་པའི་ཚུལ་ཁྲིམས་ཅན་ཡང་ཡིན་ནོ།། སེམས་ཀྱི་རྒྱུད་ལ་བྱམས་པ་མངོན་པར་བསྒྲུབས་པས ་མ། བཟོད་པ་དཔག་ཏུ་མྱེད་པ་དང་ལྡན་པ་ཡང་ཡིན་ནོ།། ཡིད་བསྐྱོ་བ་མྱེད་པས་ན་སེམས་ཅན་ཐམས་ཅད་ལ་བརྩོན་འགྲུས་བརྩོམ་པ་ཡང་ཡིན་ནོ།། དབེན་པ་ལ་མོས་པས་ན་བསམ་གཏན་གི་ཕ་རོལ་ཏུ་སོར་པ ་ཡང་ཡིན་ནོ།། སེཾས་ཅན་ཐམས་ཅད་ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར་འདོད་པའི་ཁམས་སུ་ཡང་སྐྱེ་བར་འགྱུར་རོ།། སྒྲ་དང་སྒྲ་མ་ཡིན་པ་སོ་སོར་བརྟན་པ་ལ་མཁས་པས་ན། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་རྣམ་པར་དག ་བ་དང་ལྡན་པ་ཡང་ཡིན་ནོ།། ཡང་བའི་ལམ་ཡོངས་སུ་སྤངས་པས་ཆུ། མྱིག་དང་ལྡན་པ་ཡང་ཡིན་ནོ།། ཆོས་ཉིད་དང་སངས་རྒྱས་མཐོང་བ་དང་ཡང་བྲལ་བ་ཡིན་ནོ།། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། ་སྨོནད་པ་མྱེད་པ་དང་། མངོན་པར་འདུ་བྱེད་པ་མྱེད་པ་དང་། མ་བྱུབྱ།། ང་བ་དང་། མ་སྐྱེས་པ་དང་། དངོས་པོ་མྱེད་པའི་སྒྲ་དང་ཡང་མ་བྲ།། ལ་བ་ཡིན་ནོ།། སངས་རྒྱས་ཀྱིས་གསུངས་པ་ཐམས་ཅད་འཛིན ་ཏོ།། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་མཐོང་བ་དང་། མྱི་འབྲལ་བ་ཡིན་ནོ།། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ཐམས་ཅད་ཡོངས་སུ་འཛིན་པས་ན་སྒྲིབ་པ་མྱེད་པར་གྲོལ་བ་ཡང ་ཡིན་ནོ།། བདུད་བཞི་སྤངས་པས་ན་བདུད་དང་ཕྱིར་རྒོལ་བ་བཅོམ་པ་ཡང་ཡིན་ནོ།། ཕྱིར་མྱི་ལྡོག་པའི་ཆོས་ཅན་ཡིན་པས་ན། ཟབ་མོ་བཟོད་པ་ཡང་ཡིན་ནོ།། སངས་རྒྱས་ཀྱི་ཆོས་འཕྲུལ་གྱིས་ན་མངོན་པར་ཤེས ་པ་མྱུར་བ་ཡང་ཡིན་ནོ།། དེ་ནི་མ་ཐོས་པའི་ཆོས་ཀྱི་རྒྱུན་ཀྱང་རྣམ་པར་རིག་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ཡོངས་སུ་དག་པ་རྒྱ་ཆེན་པོ་ཐམས་ཅད་ཡོངས་སུ་འཛིནད་པས་ན། བསམ་པ་ཐམས ་ཅད་དང་ལྡན་པ་ཡང་ཡིན་ནོ།། དེའི་བག་ཆགས་ཀྱི་ཉིང་མཚམས་སྦྱོར་བ་ཐམས་ཅད་ཀྱང་ཕྱིར་ལྡོག་པ་ཡིན་ནོ།། ལུས་དང་། གཟུགས་དང་། ལུས་ཀྱི་ངོ་བོ་ཐམས་ཅད་ཀུན་ཏུ་བསྟོནད་པས་ན། ཡིད་ལས་བྱུང་བའི ་གནས་དང་། ལུས་ངེས་པ་ཡང་ཡིན་ནོ།། ཕས་ཀྱིས་རྒོལ་བ་ཐམས་ཅད་ཀྱི་ཀྱི་ཚུགས་པ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་འཛིནད་པ་ཡང་ཡིན་ནོ།། དམ་པའི་ཆོས་ཀུན་ཏུ་སྲུང ་བའི་ཕྱིར་ལུས་དང་སྲོག་ཡོངས་སུ་གཏོང་བ་ཡང་ཡིན་ནོ།། སངས་རྒྱས་ཀྱི་ཡུལ་ཡང་སྟོན་ལ། གཏན་ཏུ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མྱི་བྱེད་དོ།། འཁོར་གིས་བག་ཚ་བ་དང་། འཇིགས་པ་དང་། བྲལ་བས་ན་མྱི ་འཇིགས་པ་ཐོབ་པ་ཡང་ཡིན་ནོ།། བྱ་བ་ཐམས་ཅད་ཀྱང་ཤེས་པས་བྱེད་ཀྱི་ང་རྒྱལ་གྱིས་བྱེད་པ་མ་ཡིན་ནོ།། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་རྣམ་པར་འཕྲུལ་བས་ན། བཀོད་པ་ཆེན་པོ་དང་ལྡན་པ་ཡང་ཡིན་ནོ།། གནོད ་བ་ཐམས་ཅད་དང་བྲལ་བས་ན། མྱི་གཡོ་བའི་ཤུགས་ཐོབ་པ་ཡང་ཡིན་ནོ།། སངས་རྒྱས་ཀྱི་ཞིང་དུ་ཚིག་གིས་ཤིན་ཏུ་གོ་བར་བྱེད་པས་ན་སྒྲའི་ཚིག་ཡོངས་སུ་དག་པ་ཡང་ཡིན་ནོ།། བདུད་ཀྱི་དཔུང་ཐམས ་ཅད་འཇོམས་པས་ན། སེམས་དཔའ་ཡང་ཡིན་ནོ།། སངས་རྒྱ། ས་ཀྱི་ཞིང་ཐམས་ཅད་གཡོ་བར་བྱེད་པས་ན། རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཕ་རོལ་ཏུ་ཕྱིནད་པ་ཡང་ཡིན་ནོ།། དོན་དང་ཆོས ་དང་ངེས་པའི་ཚིག་དང་།། སྤོབས་པ་ཕུན་གསུམ་ཚོགས་པས་ན་སོ་སོ་ཡང་དག་པར་རིག་པ་ཐོབ་པ་ཡང་ཡིན་ནོ།། བག་ཡོད་པས་མ་ཐོགས་པ་མྱེད་པའི་ཡེ་ཤེས་ལ་མོས་པ་ཡང་ཡིན་ནོ།། སེམས་ཅན་ཐམས་ཅད ་ལ་ཐམས་ཅད་མཁྱེན་པོའི་ཡེ་ཤེས་ཡང་དག་པར་བསྟོན་པས་ན། སངས་རྒྱས་ཀྱི་ཕྲིན་ལས་ལ་ཉེ་བར་གནས་པ་ཡང་ཡིན་ནོ།། སྲེད་མྱེད་ཀྱི་བུ་དེ་ལྟ་བས་ར་བྱང་ཆུབ་སེམས་དཔའ་བསོད་ནམས་ཐམས་ཅད་བསྡུས་པ ་ཏིང་ངེ་འཛིན་དུ་འདི་ལ་ངེས་པར་འགྱུར་བ་གང་ཡིན་པ་དེ་དག་གི་རྣམ་པ་དེ་དག་ཡིན་ནོ།། རྟགས་ནི་དེ་དག་ཡིན་ནོ།། མཚན་མེད་དེ་དག་ཡིན་ནོ།། ཡོན་ཏན་དང་། ཕན་ཡོན་ནི་དེ་དག་ཡིན་ནོ།། དེ་ནས་བཅོམ་ལྡན་འདས ་ལ་བྱང་ཆུབ་སེམས་དཔའ་སྲེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་ད་ཅིག། བྱང་ཆུབ་སེམས ་དཔའ་རྣམས་ཀྱང་ཅི་ནས་ཏིང་ངེ་འཛིན་འདི་ཐོབ་ནས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་མ་མཆིས་པའི་ཡོན་ཏན་དང་།། ཕན་ཡོན་གང་དག་ལགས་པ་འདི་དང་ལྡན་པར་གྱུར་ད་གཅིག། བཅོམ ་ལྡན་འདས་སེམས་ཅན་གང་དག་ཏིང་ངེ་འཛིན་རིན་པོ་ཆེ་འདི་རྣ་ལམ་དུ་མྱི་ཐོས་པ་དང་།། ཐོས་ན་ཡང་མོས་པར་མྱི་འགྱུར་བ་དེ་དག་ནི། བདུད་ཀྱིས་བྱིན་གྱིས་རླབས་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། སྲེད་མྱེད་ཀྱི་བུ་དེ་དེ་བཞིན་ཏེ། ཁྱོད་ཚིག་ཇི་སྐད་ཟེར་བ་བཞིན་ནོ།། གཞན་ཡང་བྱང་ཆུབ་སེམས་དཔའ་གང་དག་ཏིང་ངེ་འཛིན་འདིས་ངེས་པར་བྱུང་བ་རྣམས་དང་། ་ངེས་པར་འབྱུང་བར་འགྱུར་བ་དེ་དག་ནི་ཡོན་ཏན་དཔག་ཏུ་མྱེ་དྲ་པ་དང་ལྡན་པ་དང་། ཡོན་ཏན་བསམ་གྱིས་མྱི་ཁྱབ་པ་དང་ལྡན་པ་ཡི་ན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས་འཇམ། ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇ། མ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འ་ཛི་ནད་འདི་ཐོབ་པར་འདོད་པས་ནི།། སོ་སོའི་སྐྱེ་བོའི་ཆོས་རྫས ་ཀྱང་ཆུད་མྱི་གཟན་པ་དང་། སངས་ཀྱི་ཆོས་རྣམས་ཀྱང་ཐོབ་པར་མྱི་བྱའི་ཕྱིར་སྦྱར་བར་བྱའོ།། ཅི་ནས་ཆོས་དང་ཆོས་མ་ཡིན་པ་ལ་སྦྱར་བར་ཡང་མྱི་བྱ། འབྲལ་བར་ཡང་མྱི་བྱ་བ་དེ་ལྟ་དེས་སྦྱོར་བར ་བྱའོ།། ཅི་ན་འཁོར་བའི་ཁོངས་སུ་ཡང་རྟོགས་ལ། འཁོར་བར་བྱ་བའི་ཕྱིར་ཡང་སློབ་པར་མྱི་བྱེད་པ་དང་། འཁོར་བའི་ཉེ་བའི་ཉོན་མོངས་པས་ཀྱང་ཉོན་མོངས་པར་མྱི་འགྱུར་བ་དང་། མྱ་ངན་ལས་འདས་པོའི ་ཕྱིར་ཡང་སློབ་ལ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པས་ཀྱང་ཡོངས་སུ་མྱ་ངན་འདས་པར་མྱི་བྱེད་པ་དེ་ལྟར་དེས་སྦྱོར་བར་བྱའོ།། གཞན་ཡང་སྲེད་མྱེད་ཀྱི་བུ་བྱང་ཆུབ་སེཾས ་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིནད་འདི་འཐོབ་པར་འདོད་པས་ཡེ། བསོད་ནམས་ཐམས་ཅད་ཡང་དག་པར་བྱུང་བ་ལ་བསླབ་པར་བྱ་སྟེ། ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པའི་བསོད་ནམས་གང་དག ་ལ་ཡ་བརྣམ་པར་རྟོག་པར་བསྐྱེད་པར་གྱི་བྱའོ།། ཁར་པ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བསྐྱེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། འཇིག་རྟེན་དང་། འཇིག་རྟེན་ད་ལས་འདས་པའི་བསོད་ནམས་དང ་བསོད་ནམས་མ་ཡིན་པ་དག་ལ་ཡང་རྣམ་པར་རྟོག་པ་བསྐྱེད་པར་མྱི་བྱའོ།། དེས་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་བསོད་ནམས་ཐམས་ཅད་ལ་མོས་པར་བྱའོ།། དེས་བསོད་ནམས་དང་མྱི་གཡོ་བའི་འདུ ་བྱེད་རྣམས་ལ་མཚན་ཉིད་གཅིག་པར་འཇུག་པར་བྱའོ།། དེས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་རྣམས་ཀྱང་འདི་དང་འདྲ་བར་བལྟ་བར་བྱ་སྟེ། འཁོར་བ་མྱེད་པར་ཉམས་སུ་མྱོང་བའི་ཕྱིར་རོ།། སངས་རྒྱས ་གཅིག་གི་བསྐྱོད་དམས་དང་། སངས་རྒྱས་ཐམས་ཅད་ཀྱི་འསོད་ནམས་ཀྱང་འདྲ་བར་བལྟ་བར་བྱའོ།། འོད་ཀྱང་འདྲ་བ་དང་ཕྱི་འདྲ་བ་ཡང་བྱུང་བར་ཀྱང་བསྐ་བར་གྱི་བྱ་སྟེ། ཆོས་ཀྱི་དབྱིངས་ལ་བྱུང་བར་བྱེད་པའི་ཕྱི་མ ་སོ་སོའི་སྐྱེ་བོའི་བསོད་ནམས་གང་དག་ཡིན་པ་དང་། བསློབ་པ་དེའི་བསོད་ནམས་གང་དག་ཡིན་པ་དང་། མྱི་བསློབ་པའི་བསོད་ན། མས་གང་དག་ཡིན་པ་དང་། རང་སངས་རྒྱས་ཀྱི་བསོད་ནམས་གང ་ངག་ཡིན་པ་དང་། བྱང་ཆུབ་སེམས་དཔའི་བསོད་ནམས་གང་དང་ཡིན་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསོད་ནམ་གང་དག་ཡིན་པ་དེ། ཐམས་ཅད་ཀྱང་ཡང་དག་པར་མ་ཡིན་པ ་དངོས་པོ་མྱེད་པ། ཡུལ་ན་མྱི་གནས་པ་དང་། ཕྱོགས་ན་མྱི་གནས་པ་ཡིན་པར་མོས་པར་བྱའོ།། བསོད་ནམས་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་དང་འབྲེལ་བར་མོས་པར་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ། ་དཔེར་ན། གཟུགས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞི་པོ་དག་དང་། འབྱུང་བ་ཆེན་པོ་བའི་པོ་རྒྱུར་བྱས་པའི་གཟུགས་ཤེས་བྱའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན། ་བོས། བསོད་ནམས་ཀྱིས་ཐམས་ཅད་འབྲེལ་བར་མོས་པར་བྱའོ།། བསོད་ནམས་ཀྱིས་རྒྱགས་པར་ཡང་མྱི་བྱ་སྟེ། རྟག་ཏུ་མྱི་ཟད་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ།། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་རིན་པོ་ཆེ་འདི་ཐོབ་པར་འདོད་པས་ནི། བསོད་ནམས་མྱི་ཟད་པ་དང་། ཚད་མྱེད་པ་རྣམ་པ་བཞིས་སྐྲག་པར་མྱི་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཚད་མྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཚད་མྱེད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཚད་མྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཚད་མྱེད་པ་སྟེ། སྲེད་མྱེད་ཀྱི ་བུ་བཞི་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སྐྲག་པར་མྱི་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསམ་གྱིས་མྱི་ཁྱབ་པ་བཞི་ལ་མོས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལས་རྣམས་ཀྱི ་རྣམ་པར་སྨྱིན་པ་བསམ་གྱིས་མྱི་ཁྱབ་པ་དང་། སེམས་ཅན་རྣམས་ཀྱི་སྤྱོད་པའི་ཡུལ་ཐ་དད་པ་བསམ་གྱིས་མྱི་ཁྱབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་པར་ཐ་དད་པ་བསམ་གྱིས ་མྱི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བར་སྐྱེ་བ་ཡོངས་སུ་དག་པའི་ཡུལ་བསམ་གྱིས་མྱི་ཁྱབ་པ་སྟེ། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསམ ་གྱིས་མྱི་ཁྱབ་པ་བཞི་པོ་དེ་དག་ལ་མོས་པར་བྱའོ།། རིགས་ཀྱི་བུ་དེ་ལྟར་མོས་པའི་བྱང་ཆུབ་སེམས་དཔའ་ནི་མྱི་ཟད་པ་བཞི་ཐོ་བ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་མྱི ་ཟད་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པར་མྱི་ཟད་པ་དང་། ཐོགས་པ་མྱེད་པའི་སྤོབས་པ་མྱི་ཟད་པ་དང་། བསོད་ནམས་དང་། ཡེ་ཤེས་མྱི་ཟད་པ་སྟེ། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའས་མྱི་ཟད ་པ་བཞི་པོ་དེ་དག་ཐོབ་པར་གྱུར་ད་ཏོ།། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའས་ཆོས་བཞི་ལ་སྦྱོར་བར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་རྩ་བ་ཚོགས་ཀྱིས་ཆོག་མྱི་ཤེས་པ་དང་། ཆོས་སྟོན ་པས་ཆོག་མྱི་ཤེས་པ་དང་། ཡོངས་སུ་བསྔོ་བ་ཤིན་ཏུ་རྫོགས་པ་ལ་མཁས་པས་ཆོག་མྱི་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་ཡོན་ཏན་ཐམས་ཅད་བདག་གི་ཞིང་དུ་འཇུག་པར་བྱ་བ་ཆོག་མྱི་ཤེས་པ་སྟེ། ་སྲེད་མྱེད་ཀྱི་བུ་བཞི་པོ་དེ་དག་ལ་སྦྱོར་བར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས། འཇམ་དཔལ་གཞོ་ནུར་གྱུརྡ་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་བསོད་ནམས་ཐམས་ཅད་བསྡུས ་བའི་ཏིང་ངེ་འཛིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་འམ་རབ་ཏུ་བྱུང་བ་ཇི་ལྟ་བུ་དག་གི་ལག་དུ་འོང་བར་འགྱུར། གླེགས་བམ་དུ་བྱེད་པའམ། ཁ་ཏོན་དུ་བྱེད་པའམ། ངེས་པར་སེམས་དཔའ ་བཟོད་པ་དང་ལྡན་པར་འགྱུར།། འཇམ་དཔལ་གྱིས་སྨྲས་པ། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གི་རྣ་ལམ་དུ་ཐ་ན་ཏིང་ངེ་འཛིན་འདི་གྲག་པར་འགྱུར་བ་འམ། ལག་དུ་འོང་བ་འམ ་གླེགས་བམ་དུ་བྱེད་པ་འམ། ཁ་ཏོན་དུ་བྱེད་ལ་དེ་ཡང་སྤོང་བར་མྱི་བྱེད་པ་དེ་དག་ནི་ཁྱིམ་ན་གནས་པ་ཞེས་ང་མྱི་སྨྲ་སྟེ། དེ་དག་ནི་རབ་ཏུ་བྱུང་བ་ཁོ་ན་ཡིན་པར་བརྗོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ་འདི་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ཁོང་དུ་ཆུད་པར་བྱ་བའི་ཕྱིར། བརྩོམ་འགྲུས་ཀྱིས་ནི་འདུ་ཤེས་ཐམས་ཅད་དང་བྲ། ལ་བར་འགྱུར་ཏེ། གནས་པ་གང་དང་གང་གྱིས་གནས་པ་དེ་དང ་དེས་བསོད་ནམས་དང་། ཡེ་ཤེས་མྱི་ཟད་པ་ཐམས་ཅད་མྱི་སྤོང་ངོ་།། སྲེད་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཡོངས་སུ་སྐྱེ་ན་བར་བྱ་བའི་ཕྱིར་ཁ་དོག་དང་། གཟུགས་སྣ་ཚོགས་སྟོདང་ཏོ།། ་སྲེད་མྱེད་ཀྱི་བུ་གཞན་ཡང་དེ་དག་ནི་ཐམས་ཅད་དུ་འབྲེལ་ལ། ཐམས་ཅད་དུ་ཡང་མ་གཏོགས་ཏེ། སྲེད་མྱེད་ཀྱི་བུ་འདི་ལྟ་སྟེ། དཔེར་ན། ཟླ་བ་དང་། ཉི་མ་འདི་གཉིས་ནི་ཐམས་ཅད་དུ་འབྲེལ་ཏེ། གླིང་བཞི་པོ་དག་དུ་ཡང ་རྒྱུ་ལ། ཐམས་ཅད་དུ་ཡང་མ་གཏོགས་པ་དེ་བཞིན་དུ། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་དག་ནི། སྤྱོད་པ་ཐམས་ཅད་ལ་མྱི་རྟེན་ལ། ཁྱིམ་གྱིས་ན་གནས་པ་ཡང་མ་ཡིན། ཁྱིམ་གྱི་ཆོས་ལ་ཡང་མྱི་རྟེན ་རབ་ཏུ་བྱུང་བ་ཡང་མ་ཡིན། རབ་ཏུ་བྱུང་བ་ལ་ཡང་མྱི་གནས། དགེ་སྦྱོང་གི་ཆོས་ལ་མྱི་རྟེན་ཏེ། དེ་དག་ནི་གཉི་གའི་ཕྱོགས་སུ་བརྗོད་དུ་མྱེད་པའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་དག་ནི་སྐྱེ་བའི་གནས ་ཐམས་ཅད་ལ་མྱི་རྟེན་པར་བལྟ་བར་བྱ་བའི་ཕྱིར་རོ།། སྲེད་མྱེད་ཀྱི་བུ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་བྱེ་དུ་རྱ་ནི་སྣོད་གང་དང་གང་ན་གནས་ཀྱང་རུང་སྟེ། དེ་དང་དེ་ཉིད་ན་ནོར་བུ་རིན་པོ་ཆེའི་རང་བཞིན་མྱི ་འདོར་བ་དེ་བཞིན་དུ། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་གནས་པ་རྣམས་ནི། ཁྱིམ་གྱིས་ན་གནས་པ་དེ་དག་ཀྱང་རབ་ཏུ་བྱུང་བ་ཞེས་བརྗོད་པར་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དེ་ཡོང་མྱི་འདོར་རོ། ་དེ་སྐད་ཅེས་སྨྲས་ནས། བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས་འཇམ་དཔལ་གཞོན་ནུར་གྱུར་ད་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པ་གང་གིས་གནས་ན།། ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིནད་ཀྱི་འདི་ལས་ཉམ་ས་པར་མྱི་འགྱུར་ལ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་མྱི་ཟད་པ་ཡང་འཐོབ་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། སྲེད ་མྱེད་ཀྱི་བུ་བཞི་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་གི་ཀ། ནས་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་དང་སྲོག་ལ་ལྷག་པར་ཞེན་པ་མྱེད་པར་གནས་པ ་ཡིན་ཏེ། དེ་དག་རྙེད་པ་དང་། བཀུ་སྟི་དང་། ཚིགས་སུ་བཅད་པ་མ་ཡཾ་ན་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོནད་པ་མྱེད་པ་ལ་གནས་པ་ཡིན་ཏེ། ཉན་ཐོས ་དང་། རང་སངས་རྒྱས་ཀྱི་ངེས་པ་ལ་འཇུག་པས་གནས་པ་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་ཡེ་ཤེས་དང་། སོ་སོ་ཡང་དག་པར་རིག་པ་འདོད་པ་སྟེ། གཡོ་བ་དང་རློམ་སེམས་དང་། ཀུན་ཏུ ་རྟོག་པ་དང་། རྣམ་པར་རྟོག་པར་མྱི་འཛིན་པར་གནས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སེམས་ཅན་ཐམས་ཅད་འདྲ་བར་ཐར་པ་ལ་གནས་པ་ཡིན་ཏེ། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ ་དང་། སྐྱེས་བུ་དང་། གང་ཟག་ལ་མྱི་དམྱིགས་པར་གནས་པའོ།། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་བཞི་པོ་དེ་དག་ནི་གནས་པའི་མཆོག་དང་། རབ་དང་རང་རབ་མཆོག་ཡིན་ཏེ། བསོད་ནས་ཀྱི ་ཚོགས་མྱི་ཟད་པ་དང་། ཡེ་ཤེས་ཀྱི་ཚོགས་མྱི་ཟད་པར་འགྱུར་བ་ནས། ལྟ་བའི་རྣམ་པ་ཐམས་ཅད་སྤོང་བར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་གཏོགས་པར་འགྱུར་བའོ།། བྱང་ཆུབ་སེམས་དཔའ ་མེད་མྱེད་ཀྱི་བུས་སྨྲས་པ།། འདས་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་འདི་དག་འཇོབ་པར་འགྱུར་ཞིང་།། ཁྱིམ་གྱི་གནས་ནས་ཀྱང་མངོན་པར་འབྱུང་བར་འགྱུར། འཇས་དཔལ་གྱིས་སྨྲས ་སྲེད་མྱེད་ཀྱི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཡིན་ཏེ། བའི་གང་ཞེ་ན། འདི་ལྟ་སྟེ། བྱམས་པ་ལ་གནས་པ་དང་། སྙིང་རྗེ་ལ་གནས་པ་དང་། དགའ་བ་ལ་གནས་པ་དང་། བཏང་སྙོམས ་ལ་གནས་པ་སྟེ། སྲེད་མྱེད་ཀྱི་བུ་བཞི་པོ་དེར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་ཡིན་ནོ།། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དང་། འགང་ཡང་རུང་སྟེ། གྲོང་ངས་དགོན་པ་ར་གནས་ཀྱང་རུང་། གནས ་བཞི་པོ་དེ་དག་གི་གནས་པ་དེ་ནི། གནས་པ་ལ་གནས་པ་ཞེས་བརྗོད་པར་བྱའོ།། གལ་ཏེ་རྣམ་པར་རྒྱལ་བྱེད་དང་འདྲ་བའི་ཁྱམ་ས་དང་། ཁང་པ་རྩེགས་པ་དག་ནཱ་གནས་སུ་ཟིན་ཀྱང་གནས་ན ་གནས་པ་ཞེས་བརྗོད་པར་མྱི་བྱའོ།། སྲེད་མྱེད་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་ཚངས་པའི་གནས་བཞི་དང་བྲལ་བ་བཞིན་དུ་བདག་ཉིད་གནས་པ་ལ་གནས་སོ་སྙམ་དུ་འཛིན་ན།། དེ་ནི་བདག་དང་། ་ལྔ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་བསླུ་བ་ཡིན་ཏེ། ཡུལ་འཁོར་གྱི་བསོད་ནམས་ཟླ་བ་ཡང་དོན་མྱེད་པར་འགྱུར་རོ།། སྲེད་བྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཚངས་པར་སྤྱད་པ་སྤྱོད་པ ་གང་དྲག་སུ་ཡང་རུང་བ་དེ་དག་ཐམས་ཅད་ནི་ཚངས་པའི་གནས་པ་ཆེན་པོ་བཞིས་ངེས་པར་འབྱུང་ངོ་།། སྲེད་མྱེད་ཀྱི་བུ་དེ་བས་ན་ཚངས་པའི་གནས་པ་བཞི་པོ་རྣམས་དང་། འཕགས་པའི་བསམ་གཏན་འཐོབ་པ ་ལ་མྱི་སྡང་བ་གང་དག་ཡིན་པ་དེ་དག་ནི་ཚངས་པར་སྤྱོད་པ་ལ་གནས་པ་ལས་ཟག་རིང་ལ་ང་རྒྱལ་མ་སྤངས་པའི་ཕྱིར་འཇིག་རྟེན་པའི་འཇིག་ཚོགས་ལ་ལྟ་བས། རློམ་སེམས་སུ་བྱེད་པར་འགྱུར་རོ།། བྱང་ཆུབ ་སེམས་དཔའ་སྲེད་མྱེད་ཀྱི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བྱམས་པ་ལ་གནས་པ་ཡིན། ཇི་ལྟར་ན་སྙིང་རྗེ་ལ་གནས་པ་ཡིན། ཇི་ལྟར་ན་དགའ་བ་ལ་གནས་པ ་ཡིན། ཇི་ལྟར་ན་བཏང་སྙོམས་ལ་གནས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། སྲེད་མྱེད་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་འདི་ལྟར་གནས་པར་བྱེད་དོ།། བདག་གིས་སེམས་ཅན་ཐམས་ཅད་བསྒྲལ་བར་བྱའོ་སྟེ ་དུ་སེམས་ན་བྱམས་པ་ལ་གནས་པ་ཡིན་ནོ།། བདག་གིས་སེམས་ཅན་ཐམས་ཅད་དགྲོལ་བར་བྱའོ་སྙམ་དུ་སེམས་ན་སྙིང་རྗེ་ལ་གནས་པ་ཡིན་ནོ།། བདག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣཾས ་ལ་དགོད་པར་བྱའོ་སྙམ་དུ་སེམས་ན་དགའ་བ་ལ་གནས་པ་ཡིན་ནོ།། བདག་ཀྱིས་སེམས་ཅན་ཐམས་ཅད་འཇིག་རྟེན་གི་ཆོས་རྣམས་ལས་རྣམ་པར་གྲོལ་བར་བྱའོ་སྙམ་དུ་སེམས་ཏེ། གལ་ཏེ་བྱང་ཆུབ་སེམས ་དཔའ་དེ་ལྟར་གནས་ན། བཏང་སྙོམས་པ་ཡིན་ནོ།། སྲེད་མྱེ། ད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གི་ཚེ། ཆོས་ཀྱི་དབྱིངས་སྟོང་པ་ལ་མོས་པ་དེའི་ཚེ། བྱམས་པ་ལ་གནས་པ ་ཡིན་ནོ།། གང་གི་ཚེ་ཆོས་ཐམས་ཅད་ལ་དབེན་པ་ལ་མོས་པ་དེའི་ཚེ། སྙིང་རྗེ་ལ་གནས་པ་ཡིན་ནོ།། གང་གི་ཚེ་ཆོས་ཐམས་ཅད་ཆགས་པ་མྱེད་པ་དང་། བཅིངས་པ་མྱེད་པ་དང་། གྲོལ་བ་མྱེད ་པར་མོས་པ་དེའི་ཚེ། དགའ་བ་ལ་གནས་པ་ཡིན་ནོ།། གང་གི་ཚེ་ཆོས་ཐམས་ཅད་སོང་བ་མྱེད་པ་དང་། འོངས་པ་མྱེད་པ་ལ་མོས་པ་དེའི་ཚེ། གཏང་སྙོམས་ལ་གནས་པ་ཡིན་ཏེ། སྲེད་མྱེད་ཀྱི་བུ་དེ་ལྟར་ན། ་བྱང་ཆུབ་སེམས་དཔའ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པ་ཡིན་ནོ།། སྲེད་མྱེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གི་ཚེ། ཆོས་བདག་མྱེད་པས་མྱི་སྐྲག་པ་དེའི ་ཚེ། བྱམས་པ་ལ་གནས་པ་ཡིན་ནོ།། གང་གི་ཚེ་སེམས་ཅན་ཐམས་ཅད་དབེན་པས་མྱི་སྐྲག་པ་དེའི་ཚེ། སྙིང་རྗེ་ལ་གནས་པའོ།། གང་གི་ཚེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པའི་ཆོས་ཉིད་ཀྱིས ་ཀྱི་སྐྲག་པ་དེའི་ཚེ། དགའ་བ་ལ་གནས་པ་ཡིན་ནོ།། གང་གི་ཚེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་མྱི་ཟད་པའི་ཆོས་ཉིད་ཀྱི་སྐྲག་པ་དེའི་ཚེ། གཏང་སྙོམས་ལ་གནས་པ་ཡིན་ནོ།། སྲེད་མྱེད་ཀྱི་བུ་གཞན་ཡང་བྱམས་པའི། ་ཞེ་འགྲས་པ་མྱེད་པའི་མཚན་ཉིད་དོ།། སྙིང་རྗེ་ནི་ཀུན་ཏུ་སྤྱོད་པ་མྱེད་པའི་མཚན་ཉིད་དོ།། དགའ་བ་ནི་གནོད་སེམས་མྱེད་པའི་མཚན་ཉིད་དོ།། གཏང་སྙོམས་ནི་མ་ཁེངས་མ་དུད་པོའི་མཚན་ཉིད་དོ།། སྲེད་མྱེད་ཀྱི། ་བུ་གཞན་ཡང་བྱམས་པ་དང་། སྙིང་རྗེ་ཡིན་ལ་བྱམས་པ་ཆེན་པོ་ཡང་ཡིན། སྙིང་རྗེ་ཆེན་པོ་ཡང་མ་ཡིན་པ་ཡང་ཡོད་དེ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་གང་ཡིན་པ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐོས ་ཅད་ལ་མྱེད་དོ།། ཉན་ཐོས་དང་རང་སངས་རྒྱས་ལ་ཡོད་པ་གང་ཡིན་པ་དེ་ནི། བྱམས་པ་དང་སྙིང་རྗེ་ཡིན་ཏེ། སེམས་ཅན་ཐམས་ཅུད་བདེ་བར་གྱུར་ད་ཅིག་ཅེས་བྱ་བ་འདི་ནི། བྱམས་པ་དང་སྙིང་རྗེ་ཡིན ་གྱི། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་མ་ཡིན་ནོ།། འོན་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་གང་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ལ་སེམས་བསྙོམས་པ་གང་ཡིན་པ་དེ་ནི་བྱམས ་པ་ཆེན་པོའོ།། སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བྱེད་པ་གང་ཡིན་པ་དེ་ནི་སྙིང་རྗེ་ཆེན་པོའོ།། བདག་གི་བདེ་བ་སྤངས་ནས།། འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་རྣས ་ཀྱི་ནང་དུ་བསམས་བཞིན་དུ་སྲེད་པར་འགྲོ་བ་ལེན་པ་གང་ཡིན་པ་དེ་ནི་བྱམས་པ་ཆེན་པོ་ཞེས་བྱའོ།། བདག་གིས་སེམས་ཅན་འདི་དག་འཁོར་བའི་ལམ་ངན་པ་ལས་བསྒྲལ་ཏེ། ལམ་བཟང་པོར་དགོད་པར་བྱའོ།། ་སྙམ་པ་གང་ཡིན་པ་དེ་ནི་སྙིང་རྗེ་ཆེན་པོ་ཞེས་བྱའོ།། སྲེད་མྱེད་ཀྱི་བུ་དེ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་བྱམས་པ་དང་། སྙིང་རྗེ་ཡིན་ལ།། བྱམས་པ་ཆེན་པོ་དང་། ་སྙིང་རྗེ་ཆེན་པོ་ནི་མ་ཡིན་པར་ཡང་ཡོད་པ་དེ་ལྟར་རིག་པར་བྱའོ།། སྲེད་མྱེད་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པར་བྱའོ། ་བསྟནད་པ་འདི་བཤད་པ་ན། སྲོག་ཆགས་བརྒྱད་སྟོང་གིས་ཐ་ར་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཚིག་འདི་སྐད་དུ་བཅོམ་ལྡན་འདས་བདག་གརྒྱས་ས་དཔལ་རྒན ་ནུར་གྱུར་ད་པ་འདིས་བཤད་པ་གང་ལགས་པའི་གནས་འདི་དག་གིས་གནས་པར་བགྱིའོ།། ཞེས་ཀྱང་གསོལ་ཏོ།། བྱང་ཆུབ་སེམས་དཔའ་བརྒྱད་ཁྲིས་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིནད་འདི་ཐོག ་པོ།། སྲོག་ཆགས་བརྒྱད་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མྱིག་རྡུལ་མྱེད་ཅིང་དྲི་མ་དང་བྲལ་བར་རྣམ་པ་དག་གོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསོད་ནམས་བརྒྱའི་མཚན་དང་ལྡན་པ་ཞེས་བགྱི་བ་དེ་ལ་བསོད་ནམས་ཇི་ལྟ་བུ་དག་གིས་དེ་བཞིན་གཤེགས་པའི་བསོད་ནམས ་བརྒྱའི་མཚན་རྣམས་མངོན་པར་འགྲུབ་པ་ལགས།། དེ་སྐད་ཅེས་གསོ་ལད་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྲེད་མྱེད། ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྲེད་མྱེད་ཀྱི་བུ་འཇིག ་རྟེན་གི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅན་དུ་བསྡུ་བར་འདུས་པ་དེ་དག་ཐམས་ཅད་འཁོར་ལོས་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ད་ལ། སེམས ་ཅན་དེ་དག་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་གཅིག་ཏུ་བསྡོམས་པ་ནི། ལྷའི་དབང་པོ་བརྒྱ་བྱིན་གཅིག་ལ་ཡོད་དོ།། སྲེད་མྱེད་ཀྱི་བུ་འཇིག་རྟེན་གི ་ཁམས་གང་འགའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ། སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་བརྒྱ་བྱིན་གྱིས་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་པ་ལ། སེམས་ཅན་དེ་དག་ཐམས་ཅད ་ཀྱི་བརྒྱ་བྱིན་གི་བསོད་ནམས་གི་ཕུང་པོ་གང་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་བསྡོམས་པའི་ཚངས་པའི་གཅིག་ཡོར་ལ། སྲེད་མྱེད་ཀྱི་བུ་འཇིག་རྟེན་ཀི་ཁམས་གང་འགའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད ་ཡོད་པ། སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ད་ལ།། སེམས་ཅད་དེ་དག་ཐམས་ཅད་ཀྱི་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བསོད་ནམས་ཀྱི་ཕུང ་པོ་དེ་དག་གཅིག་དུ་བསྡོམས་པ་ནི་ཉན་ཐོས་གཅིག་ལ་ཡོད་དོ།། སྲེད་མྱེད་ཀྱི་བུ་འཇིག་རྟེན་གི་ཁམས་གང་འགའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་ནི་ཉན ་ཐོས་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ང་ལ།། སེམས་ཅན་དེ་དག་ཐམས་ཅད་ཀྱི་ཉན་ཐོས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བསོད་དམས་ཀྱི་ཕུང་པོ་དེ་དག་གཅིག་ཏུ་བསྟིམས་པ་ནི་རེང་སངས་རྒྱས་གཅིག་ལ་ཡོད་དོ། ་སྲེད་མྱེད་ཀྱི་བུ་འཇིག་རྟེན་གི་ཁམས་གང་འགའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ། སེམས་ཅད་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་རང་སངས་རྒྱས་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་ལ། ་ཉན་ཐོས་དང་། རང་སངས་རྒྱས་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་། ཕུང་པོ་དེ་དག་རིལ་གྱིས་བསྡོམས་པ་དེ་ལྟ་བུའི་བསོད་ནམས་ཀྱི་ཕུངཔོ་དང་ལྡན་པའི། བྱང་ཆུབ་སེམས་དཔའ་ནི་བསོད་ནམས་ཐམས ་ཅད་བསྡུས་པའི་ཏིང་ངེ་འཛིནད་ཅེས་བྱ་བ་འདི་འཐོབ་པར་འགྱུར་རོ།། སྲེད་མྱེད་ཀྱི་བུ་འཇིག་རྟེན་གི་ཁམས་གང་འགའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ།། སེམས་ཅན་དུ་བསྡུ་བར་བསྡུས ་པ་དེ་དག་ཐམས་ཅད་ཀྱིས་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་གྱུར་པ་ལ། སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་བསྡོམས་པས ་ནི་ནན་ཏན་གྱིས་དཔེར་བྱ་ན། གཏན་པ་མྱེད་པའི་མཆོད་སྦྱིན་གཅིག་འགྲུབ་པར་འགྱུར་རོ།། སྲེད་མྱེད་ཀྱི་བུ་དེ་ལྟ་བུའི་མཆོད་སྦྱིན་དང་། མཆོད་སྦྱིན་གི་འབྲས་བུའི་བསོད་ནམས་ཀྱི་ཕུང་པོ་དེ་དག་བརྒྱ་འགྱུར་དུ་བསྒྲེས་པས་ཡ~ཾ།། ་དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཅིག་མངོན་པར་འགྲུབ་པར་འགྱུར་ཏེ། དེས་ན་དེ་བཞིན་གཤེགས་པ་བསོད་ནམས་བརྒྱའི་མཚན་དང་ལྡན་པ་ཞེས་བྱའོ།། ཐབས་དེ་ལྟ་བུས་དེ་བཞིན་གཤེགས ་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱི་བར་དུ་མངོན་པར་འགྲུབ་སྟེ།། དེ་དག་ནི་སེམས་ཅན་ཐམས་ཅད་ཀྱིས་བསམ་པར་མྱི་ནུས་སོ།། དེས་ན་དེ་བཞིན་གཤེགས་པ་བསོད་ནམས། ་བསམ་གྱིས་མྱི་ཁྱབ་པའི་མཚན་དང་ལྡན་པ་ཞེས་བྱའོ།། བསོད་ནམས་བརྒྱའི་མཚན་བསྟན་པ་འདི་བཤད་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདི་རྣམ་པ་དྲུག་དུ་གཡོས་ཏེ། སྣང་བ་ཆེན་པོས ་ཁྱབ་པར་གྱུར་ཏོ།། སིལ་བསྟན་འབུམ་ཡང་མ་བརྡུངས་པར་འཁྲོལ་བར་གྱུར་ཏོ།། མེ་ཏོག་གི་ཆར་ཆེན་པོ་ཡང་མངོན་པར་བབ་པོ།། ལྷ་དང་བཅས་པའི་འཇིག་རྟེན་ཡང་ངོ་མཚར་དུ་གྱུར་ད་ཏེ། ཅམོ་དང་ཀ་ཞ་སྒྲ་གཏོད ་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས།། ཚིག་འདི་སྐད་དུ་སེམས་ཅན་གང་དག་གིས།། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ལེགས་པར་བརྙེད་པ་ལེགས ་བསོད་ནམས་བརྒྱའི་མཚན་འདི་ལྟ་བུ་དང་ལྡན་པར་གྱུར་ད་པ་དེ་དག། གིས་ནི། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་ད་ག་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད ་ཀྱང་ཟིལ་ཀྱིས་ནོན་ལགས་སོ།། ཏིང་ངེ་འཛིན་རིན་པོ་ཆེ་འདི་སེ་མས་ཅན་གང་དག་གི་རྣ་ལམ་དུ་གྲག་པ་འམ།། ཐོས་ནས་ཀྱང་མ་ནོར་བར་བསྒྲུབ་པ་དེ་དག་ཀྱང་རྙེད་པར་ལེགས་པར་རྙེད་པ་ལེགས་སོ། ་ས་ཕྱོགས་གང་ན་ཏིང་ངེ་འཛིན་འདི་སྤྱོད་པ་དེ་དག་ཀྱང་བསྐལ་བ་དང་ལྡན་པ་ལགས་སོ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཏིང་ངེ་འཛིན་རིན་པོ་ཆེ་འདི་རྒྱས་པར་ཡང་དག་པར་སྟོནད་པ་དེ་དག་ནི། དེ་བཞིན ་གཤེགས་པས་བྱིན་གྱིས་བརླབས་པར་རིག་པར་བྱའོ།། གང་དུ་ཏིང་ངེ་འཛིན་གི་ཆོས་ཀྱི་རྣམ་གྲངས་འདི་རྣ་ལམ་དུ་གྲག་པར་འགྱུར་བ་དེར་ནི།། འཇིག་རྟེན་གི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཞུགས་ཀྱིས་བལྟམ ་པ་ཡང་འབོགས་སོ།། ཏིང་ངེ་འཛིན་འདི་མཉན་པའི་སླད་དུ་མཆི་བར་བགྱིའོ་ཞེས་ཀྱང་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་ནི་དེ་བཞིན་གཤེགས་ཏེ། ཁྱོད་ཇི་སྐད ་ཟེར་བ་དེ་བཞིན་ནོ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཏིང་ངེ་འཛིན་འདི་མྱི་ཉན་པ་དང་། གྱི་འཆང་བ་དང་། མྱི་ཀློག་པ་དང་། ཀུན་ཆུབ་པ་ཀྱི་བྱེད་པ་དང་། གཞན་དགས་ཡང་རྒྱས་པར་ཡང་དག་པར་གྱི་སྟོན་དཔ། ་དེ་དག་ནི།། བདུད་ཀྱིས་བྱིན་གྱིས་བརླབས་པར་རིག་པར་བྱའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་དག་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་གཞན་ལ། རྒྱས་པར་ཡང་དག་པར་མྱི་སྟོན་དག ་དེ་དག་ལ་ནི་མང་དུ་ཐོས་པ་ཞེས་ང་མྱི་སྨྲའོ།། དེ་ནས་ལྷའི་བུ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་གྱིས་མཐུན་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསོད་ནམས་ཐོས ་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་རྣམ་གྲངས་འདི་ཅི་ནས་སླང་མའི་དུས་ན། སྤྱོད་པ་དང་།། རྒྱས་པར་འགྱུར་བར་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས ་དེའི་ཚེ། སྦྱིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཕྱུང་སྟེ། འོད་དེས། འཇིག་རྟེན་གི་ཁམས་མཐའ་ཡས་མུ་མྱེད་པ་སྣང་བར་བྱས་སོ།། འོད་དེ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་སོ་ཞེས་སྒྲ་ཡང་བྱུང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་ད་པ། ཀུན་དགའ་བོ་དེ་བཞིན་གཤེགས ་པ་ནི་རིང་པོར་མྱི་ཐོགས་པར་ཟླ་བ་གསུམ་འདས་པ་ན་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། གཞན་དག་ས་ཡང་རྒྱས་པར་ཡང་དག་པར་བསྟན་པའི་བར་གྱི་ཕྱིར ་ཁྱོད་ལ་གཏད་དོ།། ཀུན་དགའ་བོ་སེམས་ཅན་གང་དག་སུ་ཡང་རུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་འཆང་བར་བྱེད་པ་དེ་དག་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་མྱི་འགྱུར་རོ།། ་ཆོས་ཀྱང་ནུབ་པར་མྱི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གལ་ཏེ་ཆོས་ཀྱི་རྣམ་གྲངས་འདི་ལ་བསྒྲུབ་པར་བྱེད་ན། དེ་ནི་སངས་རྒྱས་མཐོང་བ་ཡིན་ལ། གཞན་དག་ལ་བརྗོད་ཅིང་སྟོན་པ་དེ་ནི་དམ་པའི་ཆོས ་ཡོངས་སུ་འཛིནད་པ་ཡིན་པའི་ཕྱིར་རོ།། དེ་ནས་ཚེ་དང་ལྡན་པ་ཀུན་དཀའོ་དུས་ཏེ་མཆི་མ་ཕྱིས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་རྩེ་བ་དང་། སྐྱེ་བོའི་ཚོགས་ཆེན་པོ་དང་། ལྷ་དང་མྱི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་བསྐལ་པ་འམ།། བསྐལ་པ་ལས་ལྷག་པརཱ་ཞུགས་སུ་གསོལ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལྡ་པ།། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་ཅིག། སྨེ་སྔགས་མ་འདོན་ཅིག། ཀུན ་དགའ་བོ་ཁྱོད་ཡུན་ཇི་སྲིད་དུ་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། སྟོནད་པར་བྱེད་པ་དེ་སྲིད་དུ་སངས་རྒྱས་མཐོང་བ་དང་། བྲལ་བར་མྱི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན ་གཤེགས་པ་ནི་གཟུགས་དང་། མཚན་དང་། དཔེ་བྱད་དུ་བལྟ་བ། མ་ཡིན་ཏེ། ཀུན་དགའ་བོ་ཇི་སྲིད་དུ་ཇི་སྐད་བསྟན་པའི་ཆོས་ཀྱི་རྣ།། མ་གྲངས་འདི་ལྟ་བུ་འདི་དག་མཐོང་པ་དེ་ཉིད་སངས་རྒྱས་མཐོང ་བ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་འོདི་སྐད་ཅེས་བཀའ་སྩལ་ནས།། འཇམ་དཔལ་གཞོ་ནུར་གྱུར་ད་པ་དང་། བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུ་དང་། ཚན་པོ་ཆེ་ཆེན་པོ ་དྲི་མ་མྱེད་པའི་གཟི་བརྗིད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་འདུན་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷའི་བུ་མང་པོ་དེ་དག་དང་། ལྷ་དང་མྱི་དང ་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྲེད་ཀྱི་བུས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།། ་རྒྱ་གར་གི་མཁན་པོ་པྲད་ཉ་བར་མ་དང་། ཤི་ལེན་དྲ་བོ་དེ་དང་། ཞུ་ཆེན་གི་ལོ་ཙ་བ་བན་ཏེ་ཡེ་ཤེས་སྡེ་ལས་བསྩོགས་པ། བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ་