CLOSE WINDOW

Ng6.3: 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

བར་མ་དང་། ཞུ་ཆེན་གི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལས་སྩོགས་པས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པོ།། @#། རྒྱ་གར་སྐད་དུ། ཨཱརྱ་བི་ཤེ་ཙི་ན་ཏི་པྲ་མྦ་པ་རི་པྲདེ་ཙ་ནཱ་མ་མ་ཧཱ་ཡ་ན་སུཏྲ ་བོད་སྐད་དུ། འཕགས་པ་ཚངས་པ་ཀྱང་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐིག་པ་ཆེན་པོའི་མདོན། བམ་མོ་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐབས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད ་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལར་བཱ་ཀ་གནས་པའི་འོད་མའི་ཚལ་མ།། དགེ་སློང་ཕྲག་དྲུག་བཅུ་རྩ་བཞི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོར ་ཟག་བདུན་བཅུ་རྩ་གཉིས་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་མངོན་པར་ཤེས་པས་མངོན་པར་ཤེས་པ། གཟུངས་ཐོབ་པ། སྤོབས་པ་ཐོབས་པ་མྱེད་པ།། ཏིང་ངེ་འཛིརང་ཐོབ་པ། མངོན་པར་ཤེས་པས ་རྣམ་པར་རོལ་ཅིང་སྤོབས་པ་མྱི་འཇིགས་པ་དང་ལྡན་པ།། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོནང་པ་ལ་མཁས་པ། མྱི་སྐྱེ་བའི་ཆོས་ལ་བཟོད་པ་རྣམས་འདི་ལྟ་སྟེ། གཞོན་ནུར་གྱུ་རད་པ་འཇམ་དཔལ ་དང་། གཞོན་ནུར་གྱུ་ར་པ་ལག་ར་རིང་པོ་ཆེ་དང་། གཞོན་ནུར་གྱུར་པ་ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་། གཞོན་ནུར་གྱུར་ང་པ་རིན་པོ་མེ་དཔལ་དང་། གཞོན་ནུར་གྱུར་པ་དམ་མཁའ་མཛོད་དང་། གཞོན་ནུར་གྱུར་ད་པ་མས ་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གནོད་དུར་གྱུ་རང་པ་དྲ་བ་ཅང་གི་འོད་དང་། གཞོན་ནུར་གྱུར་པ་རྣམ་པར་བསྒྱིངས་པ་དང་། གཞོན་དུང་གྱུ་རང་པ་དཔལ་གི་སྙིང་པོ་དང་། གནོར་ནུར་གྱུར་བ་བདོག་པ ་ཐམས་ཅད་ཡོངས་སུ་གཏོང་བ་དང་། གཞོན་ནུར་གྱུར་ད་པ་པད་མ་བཀོད་པ་དང་། གཞོན་ནུར་གྱུར་པ་སེང་གེ་དང་། གཞོན་ནུར་གྱུར་པ་ཟླ་འོད་དང་། གྲཞོན་ནུར་གྱུར་ད་པ་ཟླ་བའི་གཟེར་གྱི་འོད་དང་། གཞོན་ནུར་གྱུར་ད ་པ་བློ་གྲོས་མཆོག་དང་། གཞོན་ནུར་གྱུར་པ་རྒྱན་ཐམས་ཅད་པ། ཀློད་པ་དང་། བཟང་སྐྱོང་ལས་སྩོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་འདི་ལྟ་སྟེ། བཟང་སྐྱོང་དང་། དཀོན་མཆོག་འབྱུང་གནས་དང་། ་དེད་དཔོན་མཆོག་དང་། མྱིས་བྱིན་དང་། ཕུག་སྦས་དང་། ཆུས་བྱིན་དང་། དབང་པོས་བྱིན་དང་། བླ་མའི་བློ་གྲོས་དང་། ཁྱད་པར་བློ་གྲོས་དང་། བློ་གྲོས་འཕེལ་བ་དང་། མཐོང་བ་དོན་ཡོད་དང་། ་ཤིནད་ཏུ་ཡང་དག་བཞུགས་དང་། རབ་ཀྱི་རྩལ་གྱིས་རྔམ་པར་གནོད་པ་དང་། བློ་གྲོས་མཐའ་ཡས་དང་། གཅོན་པ་མྱི་གཏོང་བ་དང་། ཉི་མའི་སྙིང་པོ་དང་། ས་འཛིནད་དང་། དེ་ལྟ་བུ་ལས་སྩོགས་པ་བྱང་ཆུབ་སེམས ་དཔའ་སྟོང་ཕྲག་བདུན་བཅུ་རྩ་གཉིས་དང་། རྒྱལ་པོ་ཆེན་པོ་བཞི་དང་། བརྒྱ་བྱིར་ལྷའི་དབང་པོ་ལ་སྩོགས་པ་གསུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན ་འཕྲུལ་དབང་བྱེད་ཀི་ལྷ་དང་། ཚངས་པ་ལས་སྩོགས་པ་ཚངས་རིས་ཀྱི་ལྷ་བརྒྱད་སྟོང་དང་། དེ་མ་ཡིན་གཞན་གཟི་བརྗིད་ཆེ་བ། གཟི་བརྗིད་ཆེ་བའི་ལྷ་དང་། ཀླུ་དང་། གནོད་སྦྱིར་དང་། དྲི་ཟ་དང་། ལྷ་མ་ཡིན་དང ་རམ་པཔའ་ལྡིང་དང་། རྩིའམ་ཅི་དང་། སོབ་རྒྱ་ཆེར་པོ་དང་། མྱི་དང་། གྱིས་སི་མཇམ་ས་དཔས་ཟབ་པ་གཅིག་སྟེ། དེད་བཅོམ་ལྡན་འདས་འཁོར་བརྐྱང་སྟོང་སུམས་བསྐོར་ཅིང་མདུར་དུ་བ་མངས་ཆོས་སྟོ་དང་ཏོ།། ་དེརས་བྱང་ཆུབ་སེམས་དཔའ་གཞོར་ནུར་གྱུར་པ་འདྲ་བ་ཅད་གི་འོང་། ཐ་གོས་ཟག་པ་གཅིག་ཏུ་གཀར་ཏེ། པུས་མོ་གཡས་པའི་ལྷང་མ་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་བས་མོ་སྦྱར་། ་བཏུད་དེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེར་གི་ཁམས་རབ་ཏུ་གཡོ་བར་བྱས་རས།། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེ་ནང་གི་ཁམས་ཀུན་གྱི་སེམས་ཅད་ཐམས་ཅད་ལ་བལྟས་ནས། བཅོམ་ལྡན་འདས་ལ། ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པོའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། མ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ ་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་།། ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས། དཔའ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དྲ་བ ་ཅར་གྱི་འོད་ཁྱོད་ཅི་དང་ཅི་འདོད་པ།། དེ་བཞིན་གཤེགས་པ་ལ་དྲིས་ག་དང་། དྲིས་པ་དེ་དང་དེ་ཉིད་ལུང་བསྟན་པས།། ངས་ཁྱོད་ཀྱིས་མས་རངས་པར་བྱའོ།། དེ་སྐད་ཅེས་བཀའ་སྩལང་བ་དང ་བཅོམ་ལྡན་འདས་ལ་བྱང་ཆུབ་སེཾས་དང་ཁྲབ་ཅན་གི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་སྐུ་ནི་བསྟ་བས་ཆོག་ཕྱི་ཞེས་པ་ཁ་དོག་ཉིས་བྱེ་བ་ཁྲག་ཚིག་བརྒྱ་སྟོང་པས་ལྷག་པ་ལགས་ཏེ། བཅོམ་ལྡ། ་འདས་བདག་ནི་གང་དེ་བཞིན་གཤེགས་པའི་སྐུ་བལྟ་བ་འམ་བརྟག་པར་མྱི་ནུས་པ་འདི་པོ་མཚརང་ཏོ་སྙམ་བསྐྱེད་དོ།། བཅོམ་ལྡན་འདས་ཡང་བདག་ནི་དེ་བཞིན་གཤེགས་པའི་སྐུ་ལྟ་བ་འམ། རྟོག་པ་དེ་དག་པས ་ཅང་དེ་སངས་རྒྱས་ཀྱི་མཐུའོ་སྙམ་བགྱིད་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲ་བ་ཅན་གི་འོད་ཇི་སྐད་ཟེར་བ་དེ་བཞིན་ཏེ་དེ་བཞིན་གཤེགས་པས་སྐབས་མ་ཕྱེ་བར་དེ་བཞི་གཤེགས་པའི་སྐུ་བཎྜ ་བ་འམ་རྟག་པར་མྱི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། དྲ་བ་ཅན་གྱི་འོད། དེ་བཞིན་གཤེགས་པ་ལ་རབ་ཏུ་ཞི་བའི་རྣམ་པ་བཀོད་པ་ཞེས་བྱ་བའི་འོད་གཟེར་ཡོད་དེ། འོད་ཟེར་དེས་རེག་པའི་སེམས་ཅན ་རྣམས་དེ་བཞིན་གཤེགས་པའི་སྐུ་ལ་ཡང་ལྟ་ཞིང་རྟོག་ལ་དེ་དག་གི་མྱིག་གི་དབང་པོ་ཡང་ཉམས་པར་མྱི་འགྱུར་རོ།། དྲ་པ་ཅན་གྱི་འོད། དེ་བཞིན་གཤེགས་པ་ལ་མྱི་འཇིགས་པའི་སྤོབས་པ་ཞེས་བྱ་བའི་འོད་གཟེར་ཡོད ་དེ་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ཀུན་འདྲི་ཞིང་ཕྱིར་འདྲི་བར་ཡང་བྱེད་དོ།། དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ། དགེ་བའི་རྩ་བ་སྩགས་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ ་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་འཁོར་ལོས་བསྐུར་བའི། རྒྱལ་པོའི་སྲིད་ཐོབ་པར་བྱ་བའི་ཕྱིར།། དེ་བཞིན་གཤེགས་པ་ལ་ཀུ་ན་འདྲིའོ།། དེ་བཞིན་དུ་སྦྱར་ཏེ། འོད་ཟེར་དགེ་བའི་རྩ་བའི་རྣམ ་པར་བཀོད་པལ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་བརྒྱ་བྱིན་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ཀུ། ན་འདྲིའོ།། འོད་ཟེར་བདག་པོ་ཐོབ་པ་ཞེས་བྱ་བའི་འོད་ཟེར ་དེས་རེག་པའི་སེམས་ཅན་རྣམས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་ཀུན་འདྲིའོ།། འོད་ཟེར་ཉོན་མོ་ངས་པ་མྱེད་པར་གྱུར་ད་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས ་ཅན་རྣམས་དེ་བཞིན་གཤེགས་པ་ལ་ཉན་ཐོས་ཀྱི་ཐེག་པ་ལ་ཀུན་འདྲིའོ།། འོད་ཟེར་རྩེ་གཅིག་པ་དབེན་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་རེག་པའི་སེམས་ཅན་རྣམས།། དེ་བཞིན་གཤེགས་པ་ལ། རང་སངས་རྒྱས་ཀྱི ་ཐེག་བ་ཀུར་འདྲིའོ། འོད་ཟེར་ཐམས་ཅད་བཁྱེ་དང་བའི་ཡེ་ཤེས་སུ་དབང་སྐུར་བ་ཐོབ་པ་ཞེས་བྱ་བའི་འོད་ཟེར་དྲིས་རེག་པའི་སེམས་ཅན་རྣམས།། དེ་བཞིན་གཤེགས་པ་ལ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཐེགས་པ་ཀུར ་འདྲིའོ།། འོད་ཟེར་ཁྱད་པར་དུ་འགྲོ་བ་ཞེས་བྱ་བའི་འོད་ཟེར་དེས་དེ་བཞིན་གཤེགས་པ་བྱོན་པ་འམ། བཞུད་པའི་ཞབས་ཀྱི་ཟིལ་གྱིས་སེམས་ཅན་གང་ལ་རེག་པ་དེ་དག་འཆི་འཕོས་མ་ཐག་དུ་བདེ་འགྲོ་མཐོ་རིས་ཀྱི ་འཇིག་རྟེན་དུ་སྐྱེའོ།། རྒྱད་ཐམས་ཅད་བཀོད་པ་ཞེས་བྱ་བའི་འོད་ཟེར་དེ།། དེ་བཞིན་གཤེགས་པ་གྲོང་དུ་གཤེགས་པ་ན་འབྱིན་ཏེ། དེར་དེ་བཞིན་གཤེགས་པའི་འོད་དེས།། སེམས་ཅན་སུ་དག་ལ་རེག་པ་དེ་དག་ཐམས་ཅད། ་བདེ་བའི་མཆོག་དང་ལྡན་པར་འགྱུར་རོ།། རྒྱན་ཐམས་ཅད་བཀོད་པ་ཡང་གྲོང་ཁྱེར་དེར་འབྱུང་བར་འགྱུར་རོ།། རྣམ་པར་འཐོར་བ་ཞེས་བྱ་བའི་འོད་ཟེར་དེས་ནི་དེ་བཞིན་གཤེགས་པ་འཇིག་རྟེནང་གི་ཁམས་མཐའ་ཡས ་སུ་མྱེད་པར་རབ་ཏུ་གཡོས་པར་བྱེད་དོ།། བདེ་བ་སྟོནད་པ་ཞེས་བྱ་བའི་འོད་ཟེར་དེས་དེས་ནི། སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱེད་པར་བྱེད་དོ།། འོད་ཟེར་བྱམས ་པས་འཕགས་པ་ཞེས་བྱ་བ་དེས་ནི་བྱོལ་སོང་གི་སྐྱེ་གནས་སུ་སོང་ང་བའི་སེམས་ཅན་རྣམས་གཅིག་ལ་གཅིག་ཟ་བ་མྱེད་པར་བྱེད་དོ།། འོད་གཟེར་རབ་ཏུ་སིམ་པར་བྱེད་པ་ཞེ་བྱ་བ་དེས་བྱ་བ་དེས་ནི་གཤིན ་རྗེའི་འཇིག་རྟེནད་པའི་སེམས་ཅན་རྣམས་ཀྱི་གཤིན་རྗེའི་འཇིག་རྟེནང་གི་སྡུག་བསྔལ་མྱེད་པར་བྱེད་དོ།། དྲི་མ་མྱེད་པ་ཞེས་བྱ་བའི་འོ།། ད་ཟེར་དེས་ནི་སེམས་ཅན་མདོངས་པ་རྣམས་མྱིག་ཐོབ་པར་འགྱུར། ་རོ།། རྣ་བ་རྗེས་སུ་མཐུན་པ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅ་ན་འོན་པ་རྣམས་རྔ་བ་ཐོབ་པར་འགྱུར་རོ།། རྣམ་པར་སྤོང་བ་ཞེས་བྱཔའི་འོད་ཟེར་དེས་ནི། སེམས་ཅན་མྱི་དགེ་བ་བཅུའི་ལས་ཀྱི་ལམ ་ལ་གནས་པ་རྣམས་དགེ་བའི་བཅུའི་ལས་ཀྱི་ལམ་ཐོབ་པར་འགྱུར་རོ།། ངོ་ཚ་ཤེས་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་མྱོས་པ་རྣམས་དྲན་པ་ཐོབ་པར་འགྱུར་རོ།། མྱེད་པར་འགྱུར་བ་ཞེས་བྱ་བའི་འོད་ཟེར་དེས་ནི ་སེམས་ཅན་ལོག་པར་ལྟ་བཅནྡ་རྣམས་ཡང་དག་པར་ལྟ་བ་ཐོབ་པར་འགྱུར་རོ།། རབ་ཏུ་གཏོང་བ་ཞེས་བྱ་བའི་འོད་ཟེར་ངེས་དྲི། སེམས་ཅན་སེར་སྔ་ནམ་རྣམས་གཏོང་བ་ཐོབ་པར་འགྱུར་རོ།། ཡོངས་སུ་གདུང་བ་མྱེད ་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ངན་པའི་ངང་ཚུལ་ཅན་རྣམས་ཚུལ་ཁྲིམས་ཐོབ་པར་འགྱུར་རོ།། ཕན་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་གནོད་པར་སེམས་པ་རྣམས་བཟོད་པ ་དང་ངེས་པ་ཐོབ་པར་འགྱུར་རོ།། འབར་བ་ཅན་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ལེ་ལོ་ཅན་རྣམས་བརྩོན་འགྲུས་ཐོབ་པར་འགྱུར་རོ།། རྩེ་གཅིག་པ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན ་དྲན་པ་ཉམས་པ་རྣམས་བསམ་གཏན་ཐོབ་པར་འགྱུར་རོ།། ཡེ་ཤེས་ཤེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་འཆལ་པའོ་ཤེས་རབ་ཅན་རྣམས་ཤེས་རབ་ཐོབ་པར་འགྱུར་རོ།། རྙོག་པ་མྱེད་པ་ཞེས་བྱ་བའི་འོད་ཟེར ་དེས་ནི་སེམས་ཅན་མ་དད་པ་རྣམས་དད་པར་ཐོབ་པར་འགྱུར་རོ།། ཀུན་འཛིནད་པ་ཞེས་བྱ་བའི་འོད་ཟེར་དེས་ནི།། སེམས་ཅན་ཐོས་པ་ཉུང་བ་རྣམས་ཐོས་པ་ཐོབ་པར་འགྱུར་རོ།། སྤྱོད་པ་དང་ལྡན་པ་ཞེས་བྱ་བར ་འོད་ཟེར་དེས་ནི། སེམས་ཅན་ངོ་ཆེ་བ་དང་། འཛེམ་པ་མྱེད་པ་རྣམ་ས། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་འཐོབ་པར་འགྱུར་རོ།། སྐྱོ་བ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་འདོད་ཆགས་སྤྱོད་པ་རྣས ་ཀྱི་འདོད་ཆགས་འཇོམས་པར་འགྱུར་རོ།། དགའ་བ་ཞེས་བྱ་བའི། འོད་ཟེར་དེས་ནི་སེམས་ཅན་ཞེ་སྡང་སྤྱོད་པ་རྣམས་ཞེ་སྡང་འཇོམ། ས་པར་འགྱུར་རོ།། སྣང་བ་ཅན་ཞེས་བྱ་བའི་འོད་ཟེར་དེས་ནི་ག ་སེམས་ཅན་གཏི་མུག་སྤྱོད་པ་རྣམས་རྟེན་ཅིང་འབྲེལ་པར་འབྱུངཔ་ཁོང་དུ་ཆུད་པར་འགྱུར་རོ།། ཀུན་ཏུ་འགྲོ་བ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅནད་ཆ་མཉམ་པར་སྤྱོད་པ་རྣམས་ཆ་མ ་པ་སྤྱོད་པ་སྤྱོང་བར་འགྱུར་རོ།། དྲ་བ་ཅན་གི་འོད་དེ་བཞིན་གཤེགས་པ་ལ་གཟུགས་ཐམས་ཅད་སྟོ་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ། འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྐུ་ཁ་དོག་སྣ ་ཚོགས་ཁ་དོག་དྷ་མ་ཁ་དོག་བརྒྱ་སྟོང་དུ་མ་བས་ལྷག་པར་འོང་བར་འགྱུར་རོ།། དྲ་བ་ཅང་གི་འོང་ངས་དེ་བཞིན་གཤེགས་པའི་འོད་ཟེར་ལ་བཐམས་ཏེ། བསྐལ་པ་འམ། བསྐལ་པ་ལས་ལྷག་པར་བཤད་ཀྱང་། དེ་བཞིན ་གཤེགས་པའི་འོད་ཟེར་གྱི་རྣམ་པ་དང་ལྡན་པའི་ཆོས་བསྟནད་པ་ཡོངས་སུ་ཟད་པར་མྱི་འགྱུར་ཏེ། དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། འོད་ཟེར་གི་ཡོན་ཏན་མཐའ་ཡས ་མུ་མྱེད་པ་དང་ལྡན་པ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པའི།། ་སྐུ་ལ་བཀོད་པ་ཚད་མ་མཆིས་པར་བསྟནད་པ་འདི་དང་། ཐབས་མཁས་པ་བསམ་གྱིས་མྱི་ཁྱབ་པ་དང་ལྡན་པའི་ཆོས་བསྟན་པ་ངོ་མཚརང་ཏོ།། བཅོམ་ལྡན་འདས་འོད་ཟེར་འདི་དག་ནི་བདག་ཅག་གིས་སྔོན་མ་ཐོས་ཏེ། ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཤད་པའི་ངོར་བདག་འཚལ་བར་བལྟར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལ་ལ་འོད་ཟེར་འདི་དག་གི་མྱིང་ཐོས་ནས་དད་པ་སྙེད་པར་འགྱུར་བ་དེ་དག་ཐམས་ཅད་ཡང་དག་པར ་རྫོགས་པའི་སངས་རྒྱས་ཀྱི་འོད་ཟེར་འདི་ལྟ་བུས་རབ་ཏུ་སྣང་བར་བགྱིད་པའི་སྐུ་དང་ལྡན་པར་འགྱུར་རོ།། ཡང་བཅོམ་ལྡན་འདས་དེ་བཞི་ན་གཤེགས་པས་འོད་ཟེར་གང་གིས་སངས་རྒྱས་ཀྱི་ཞིང་གཞན་གྱི ་བྱང་ཆུབ་སེམས་དཔའ་རྣམས་བསྐུལ་མ་ཐག་ཏུ་མྱི་མཇེད་གི་འཛི།། གརྟེན་གི་ཁམས་འདིར་མཆི་བར་འགྱུར་བ་དང་། བྱང་ཆུབ་སེམས། དཔའ་སུ་དག་འདྲི་བ་དང་། ལུང་བསྟན་པ་དང་། བཤད་པ་ལ་མཿ ་ཕྱི་ནད་པ་རྣམས་མཆིས་ནས་དེ་བཞིན་གཤེགས་པ་ལ་ཀུན་ཞུཞིང་བསྙེན་བཀུར་བགྱིད་པ་དང་། སླར་ཞུ་བར་འགྱུར་བའི་འོད་ཟེར་བྱངཆུབ་སེམས་དཔའ་བསྐུལ་བ་ཞེས་བགྱི་བ་བཏང་དུ་གསོལ་པ་དེ་ནཱ། ་བཅོམ་ལྡན་འདས་ཀྱིས་དེའི་ཚེ་། འོད་གང་གིས་འཇིག་རྟེ་རང་གི་ཁམས་མཐའ་ཡས་མུ་མྱེད་པ་སྡང་བར་འགྱུར་བའི་འོད་ཟེར་དེ་ལྟ་བུ་སྐུ་ལས་ཕྱུང་སྟེ། བྱང་ཆུབ་སེམས་དཔའ་རྔམས་འོད་དེས་བསྐུལ་མ་ཐག་ཏུ་མྱི་མཇེད། ་ཀྱི་འཇིག་རྟེ་རང་གི་ཁམས་འདིར་ཕྱི་ནད་པར་གྱུར་ཏོ།། དེ་ནས་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་གང་ཀའི་ཀླུང་བདུར་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན། ཡོངས་སུ ་དག་པ་ཞེས་བྱ་བའི་འཇིག་རྟེན་གི་ཁམས་ཡོད་དེ། དེ་ན་ཟླ་བ་པའི་འོད་ཅེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་པ་འཚོ་ཞིང་བཞེས་ཏེ། བྱང་ཆུབ་སེས ་དཔལ་འབའ་ཞིག་ལ་ཆོས་ཀྱང་འཆད་པའི་སངས་རྒྱས་ཀྱི་ཞིང་དེ་ནས་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚངས་པ་ཁྱད་པར་སེམས་ཤེས་བྱ་བ་དེ་འོད་དེས་བསྐུལ་མ་ཐག་ཏུ ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བའི་འོད་ཀ་ལ་བ་དེར་སོང་སྟེ་ཕྱིནད་པ་དང་། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ ་ལྡན་འདས་འཇིག་རྟེན་དུ་སྣང་བ་ཆེན་པོ་འདི་འབྱུང་བའི་རྒྱུ་གང་ལགས།། རྐྱེནང་གང་ལགས་བཅོམ་ལྡན་འདས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་སངས་རྒྱས་ཀྱི་ཞིང་འདི་ནས། ནུབ ་ཕྱོགས་ན་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་གང་འགའི་ཀླུང་དབདུན་བཅུ་རྩ་གཉིས་ཀྱི་ཕྱེ་མ་འདས་པ་ན། མྱི་མཇེད་ཅེས་བྱ་བའི་འཇིག་གི་ཁམས་ཡོད་དེ། དེ་ན་ཤག་ཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངསརྒྱས་ད་ལྟར་བཞུགས་ཏེ། འཚོ་ཞིང་བཞེས་པ་ཆོས་ཀྱང་སྟོདང་ཏོ།། དེ་བཞིན་གཤེགས་པ་དེས་འདི་ལྟ་སྟེ། ཕྱོགས་བཅུའི་བྱང་ཆུབ ་སེམས་དཔའ་རྣམས་བསྡུ་བའི་ཕྱིར་སྐུ་ལས་འོད་འདི་བཏང་ངོ་།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེ་ས་གསོལ་ད་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ ་བདག་གཟིགས་པར་བཞེད་ན་། མྱི་མཇེད་ཀྱི་འཇིག་རྟེནང་གི་ཁམས་དེར། བཅོམ་ལྡན་འདས་ཤག་ཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བགྱི་བ་དང་། ཀུན་ཞུ་བ་དང་སླར་ཞུ་བའི ་སླད་དུ་བདག་མཆིའོ།། བཅོམ་ལྡན་འདས་དེས་བཀའ་སྩལ་པ། ཚངས་པ་ད་ལྟར་མྱི་མཇེད་ཀྱི་འཇིག་རྟེནད་གྱི་ཁམས་དེར། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ་ཡང་ཕྱིན་གྱིས།། དེའི་དུས་ལ་དབབ་པར ་ཤེས་ན་ཁྱོད་སོང་ཤིག། ཚངས་པ་སངས་རྒྱས་ཀྱི་ཞིང་དེར་ལྷག་པའི་བསམ་པ་བཅུ་རྣམས་ཀྱིས་གནས་པར་བྱའོ།། བཅུ་གང་ཞེ་ན། སྙན་པར་སྨྲ་བ་དང། ངན་དུ་སྨྲ་བ་རྣམས་ལ་ཁོང་ཁྲོ་བ་མྱེད་པའི་སེམས ་དང་ས་མ་ཐོམ་པ་དང་། ཀྱི་སན་པ་ཐོས་པ་ས་བྱམས་པ་སེམས་དང་། རྒྱས་བམས་པད་དུ་སེམམ་པ་མརྣམས་པ་སྙིང་རྗེ་བའི་སེམས་དང་། སེམས་ཅན་རབ་འཛིང་བ་མ་རྣམས་ལ་སང་ན་པ་། ་བྱེད་པ་དང་བརྙས་པར་བྱེད་པ་རྣམས་ལ་སེམས་མཉམ་པ་དང་། གཞང་གི་ལྟུང་བའི་ཕྲུལ་ལ་ཐམས་ཅད་ས་ཉེས་པར་གྱི་བལྟ་བ་དང་། ཐེག་པ་ལྔ་ཚོགམས་ཆོགཅིག་པ་དང་། ངན་སོང་གི་སྟུག་བུཾ་ལ་མས་ན། ་ཀྱི་སྒྲས་མྱི་སྐྲག་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོར་པར་འདུ་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་སྙིགས་པ་ལྔ་ཅན་ན་དེ་བཞིན་གཤེགས་པ་མཐོང་བ་ལ།། རོ་མཆ་རང་དུ་འདུ་ཤེས་པ་སྟེ། ཚངས་པའི ་ལྷག་པའི་བསམ་པ་བཅུ་པོ་དེ་དག་གིས་སངས་རྒྱས་ཀྱི་ཞིང་དེར་གནས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་སྤྱོ་བར་བདག ་སེང་གེའི་སྒྲ་མྱི་སྒྲོགས་ཏེ། འོད་ཀྱང་བདག་གི་སྤྱོད་པ་གང་ལ། གས་པའི་སྤྱོད་པ་འདི་ལ། བཅོམ་ལྡན་འདས་ཉིད་མངོན་གསུམ། དུ་གྱུར་པས།། བཅོམ་ལྡན་འདས་བདག་ཀྱིས་ལྷག་པའི་བས། ་པ་དེ་དག་ཀྱང་རྣམ་པར་སྦྱང་ཞིང་མཉམ་པར་གཞག་པའི་བྱེ་བྲཀ་ཀྱིས་ཀྱང་སངས་རྒྱས་ཀྱི་ཞིང་དེས་གནས་པར་བགྱིའོ།། དེས་ས་བཅོམ་ལྡན་འདས་དེ་བཞིར་གཤེགས་པ་ཟླ་འོད་ཀྱིས ་སངས་རྒྱས་ཀྱི་ཞིང་དེའི་བྱང་ཆུབ་སེམས་དཔའ་གཞན་གིས་ཀྱང་།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དྲི་ལྟར་སེམས་ཅད་མ་ཚུངས་པ་རྣམས་ཚོགས་པའི་སངས་རྒྱས ་མྱི་ཞིང་དང་བདག་ཅག་སྐྱེས་པའི་བརྙེད་པ་ལེགས་པར་རྙེད་དོ།། བཅོམ་ལྡན་འདས་དེས་འདི་སྐད་ཅེས་བཀའ་སྩཡ་ཏོ།། རིགས་ཀྱི་བུ་ཁྱེད་རྣམས་དེ་སྐད་མ་མང་དངག་ཀྱི། རབྱང་བྱོར་ཞེན། རིགས ་ཀྱི་བུ་དག་སངས་རྒྱས་ཀྱི་ནོང་འཛིན།། གས་པ་བ་པ་བརྒྱ་སྟོང་དུ་ཚངས་པར་སྤྱོད་པ་ལ་གནས་པས། ཀྱི་མང་གི་འཇིག་རྟེན་གི་ཁམས་པར་སྔ་དྲོའི་དུས་གཅིག་སེམས་ཅན་ཞེ་སྡང་བྱེད་པ་གནས་པ་དེ་བས ་འདིའི་ཤི་ནང་ཏུ་མཆོག་གོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེ་རང་གི་ཁམས་དེ་ནི་དེ་ཙམ་དུ་ཀུན་ནས་ཉོན་མོངས་པར་གྱུར་པ་སྟེ། སེམས་ཅན་དེ་དག་ཀྱང་དེ་ཙམ་དུ་འཚེ་བ་མང་ཞིང་ཀུན་ནས་ཉོར། ་མོངས་པ་མང་བ་ཡིན་ནོ།། དེ་ནས་སངས་རྒྱས་ཀྱི་ཞིང་དེ་ནས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་ཚངས་པ་ཁྱད་པར་སེམས་དང་ལྷན་གཅིག་ཏུ་ཆས་ཏེ། ཚངས་པ་བདག་ཅག་ཀྱང་མྱི་མཇེད་གི་ཁམས ་དེར་མཆིའོ།། བསམ་པ་འདི་དག་ཀྱང་རྣམ་པར་སྦྱང་ངོ་།། བཅོམ་ལྡན་འདས་ཤག་ཀྱ་ཐུབ་པ་དེ་ལ་ཡང་ལྟའོ།། ཕྱག་བགྱིའོ།། བསྙེན་བཀུར་བགྱིའོ།། མཉམ་པར་གཞག་པའི་བྱེ་བྲག་གིས་ཀྱང་། སངས་རྒྱས་ཀྱི ་ཞིང་དེར་གནས་པར་བགྱིའོ།། དེ་ནས་ཚངས་པ་ཁྱད་པར་སེམངསུ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་དང་ལྷན་གཅིག་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་འོད་གི་ཞབས་ལ་མགོ་བོས ་ཕྱག་འཚལ་ནས། འདི་ལྟ་སྟེ། སྐྱེས་བུ་སྟོབས་དང་ལྡན་པའི། ལག་པ་སྐམ་པ་ལས་བརྐྱང་བ་འམ། བརྐྱང་བ་ལས་བསྐུམཔའི་སྐད་གཅིག་ཡུད་ཙམ་ཐང་ཅིག་དེ་ཙམ་གྱིས། སངས་རྒྱས ་ཀྱི་ཞིང་དེར་མྱི་སྣང་བར་གྱུར་ད་ནས། བཅོམ་ལྡན་འདས་ཤག་ཀྱི་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་འདིར་ཕྱི་ནང་ཏོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་བྱང་ཆུབ་སེམས་དཔའ་དྲ་བ་ཅང་གི་འོད་ལ་བཀའ་སྩལ་པ། དྲ་བ་ཅང་གི་འོད་ཁྱོད་ཀྱིས་ཚངས་པ་ཁྱད་པར་སེམས་འོང་བར་མཐོང་དམ།། གསོལ་པ་བཅོམ་ལྡན་འདས་མཐོང་ངོ་།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ།། དྲ་བ་ཅན་གི་འོད་ཚངས་པ་ཁྱད་པར་སེམས་འདི་ནི། བྱང་ཆུབ་སེམས་དཔའ་ཚུལ་བཞིན་དྲི་མ་ཀུན་དྲི་བ་ལ་མཁས་པ་རྣམས་ཀྱི་ནང་ན་མཆོག་གོ།། ཚིག་གཟུང་བ་རྣམས་ཀྱི་ནང་ན་མཆོག ་མ་ས་དེས་ཀྱི་པ་གཆོག་གོ། ང་སྨྲ་ཀྱི་བ་ཆོག་གོ་ནི་མ་ཆོང་པ་རྣམས་ཀྱི་དང་མམཆོག་གོ།། ཚིག་ཐོགས་པ་མྱེད་པ་རྣམས་ཀྱི་དབང་མཆོག་གོ།། ལྡེམ་པོ་ངག་ཏུ་སྨྲ་བ་རྣམས་ཀྱི་དཔར་མཆོག་གོ།། སེམས་ཁོང། ་ཆོབ་མྱེད་པའི་ངམ་ག་སོ།། ཁྱམས་པ་སས་མརྣམས་ཀྱི་ང་དུ་ཆོག་སོ།། ཏིང་དེས་གངས་པརྣམས་ཀྱི་མ་ས་ས་གས་གྱི་མཚན་། ་མས་ཀྱི་དང་མཆོག་གོ།། བྱང་ཆུབ་སེམས་དཔའ་ག་ཆོས་ཐམས་ཅད་གཅོད་པ་དང་། དྲན་འདྲིག་ལ་མམས་པརྣམས་ཀྱི་མན་སོ།། དེངས་ཡོངས་པཀྱང་པ་མི་མ་མས་དཔའ་དོད་ན ་བཅུ་གཅིམ་པོ་དག་ལྷར་གཅིག་ཏུ་ག་བཅོམ་ལྡན་འདས་ཀཱ་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་འམས་ལ་མགོཐོས་བྱུག་འཚལ་ཏེ། ཡང་གསུམ་པ་ནོར་བ་བྱས་ནས། བཅོམ་ལྡན་འདས་ཞལ་བ་དེ་འོ། ་སུ་བལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་རྣམ་པ་མང་པོས་མངོན་པར་བསྟོད་དོ།། རྣམ་པམ་སྐྲག་པ་སྔགས་སྲིད་པ་གསུང་དུ་གྲགས།། བསྔགས་པའི ་འཕྲེང་བ་འཇིག་རྟེན་ད་ཀུན་དུ་རྒྱུ།། བདག་གིས་སེམས་ཅན་མཆོ་ག་རྣམས་ཞིང་མཐོང་ན། དེ་དག་ཀུན་ཀྱང་ཁྱོད་ཀྱི་ཡོན་ཏན་གསུ་པ།། འདི་ནི་ཡོངས་སུ་དག་བའི་ཞིང་མཆིས་ཏེ། དྲི་མ་མཆིས ་ངན་སོང་གསུམ་སྤངས་པ།། དེ་འདྲའི་ཞིང་རྣམས་དེ་དག་རྣམས་སྤུ་ངས་ནས།། ཁྱོད་ཀྱི་ཐུགས་རྗེས་ངན་པ་ཡོངས་སུ་གཟུང་།། འཇིག་རྟེནད་འགོན་ཁྱོད་ཡེ་ཤེས་དམན་མ་མཆིས།། མ་ལུས་བདེ་བར ་གཤེགས་དང་ཁྱོད་དུ་མཚུངསཤི་ནད་ཏུ་རྣམ་དག་བསམ་པ་སྔོན་མཛད་པ།། འདི་འདྲའི་ཞིང་འདིར་ཁྱོད་ཀྱིས་གཟུང་།། ཚུལ་ཁྲིམས་ཐམས་ཅད་རྣམ་དག་འདོད་སྤངས་ནས།། གང་ཞིག་བསྐལ་པར་གཞན་ན་སྤྱོད ་བ་བས། སུ་དག་བྱམས་པའི་སེམས་ཀྱིས་ཤིནད་ཏུ་འདིར།། སྐད་གཅིག་སྤྱོད་ན་ཡང་འདི་ནི་ཁྱད་པར་འཕགས།། ལུས་དང་ངག་དང་འོན་ཏེ་ཡིད་ཀྱིས་ཀྱང་།། གང་ལ་ཉེས་བགྱིས་རྣམ་པ་གསུམ་མཆིས་ཏེ། ་ངར་སོང་གསུམ་དུ་མྱོང་བར་གང་འགྱུར་བའི།། དེའི་ཚེ་འདི་ཉིད་ལ་འབྱང་བར་འགྱུར།། བྱང་ཆུབ་སེམས་དཔའ་འདི་ན་གང་མཆིས་པ།། དེ་དག་རྟག་ཏུ་གདུང་བར་མྱི་བགྱི་སྟེ། དེའི་ལས་གག་ལོག་ལྟུང་མཆི་བ་དང ་དེ་དག་འདིར་ནི་ཀླད་པ་རབས་འབྱང་། འདི་ན་བྱང་ཆུབ་སེམས་དཔའ་སྐྱོན་མྱེད་ཀག། དམ་པའི་ཆོས་སྲུང་ཆོས་མཆོག་འཛིན་པ་རྣམས།། དེ་དག་འདི་ལས་ཕྱིན་ཆད་རྣམ་དུ་ཡང་།། དྲན་པ ་མྱི་འཁྲུག་བློ་ཡང་ཉམས་མྱི་འགྱུར།། གང་ཞིག་བདུད་ཀྱིས་བཅིངས་པ་བཅད་པ་དང་།། དེ་བཞིན་ཉོན་མོངས་ལས་བྱས་སྤྱོང་འཚལ་བ།། དེ་ནི་ཞིང་འདིར་དམ་པའི་ཆོས་ཉིད་སྲུང་། འདི་ལ་ཡེ་ཤེས་ལྡན་པའི་མཆོག ་ཏུ་འགྱུར།། གང་ཞིག་བསྐལ་ད་བ་བྱེ་བར་ཞིང་གཞན་དུ།། སེམས་ལྡན་དམ་ཆོས་འཛིནད་པར་འགྱུར་བ་བས།། སུ་དག་སྔ་དྲོ་གཅིག་ཙམ་མྱི་མཇེད་དུ།། འདི་ནི་དེ་བས་མཆོག་ཏུ་མཁས་པས་དགོངས།། བདག ་གིས་མངོན་པར་དགའ་བའི་འཇིག་རྟེནང་དང་། དེ་བཞིན་ཚེ་དཔག་མྱེད་ཀྱི་བདེ་ཅན་མངོན།། དེ་ནས་སྡུག་བསྔལ་སྡུག་བསྔལ་སྒྲ་མ་མཆིས།། དེར་ནི་ཡོན་ཏན་བགྱི་བ་སྨང་གི་ཚེ།། ཉོན་མོངས་འབྱུང་གནས ་འཇིག་རྟེནང་ཉེས་གང་འདིར།། ཞེ་སྡང་ཅན་གྱི་རབ་ཏུ་ཉེས་བཟོད་ལ།། ། ཆོས་འདི་ལ་ཡང་གཞན་དག་མཛུད་པ་ནི།། འོདི་ནི་དེ་བས་ད།། ཀའ་བོའི་མཆོག་དུ་འགྱུར།། སྙིང་རྗེས་བརླན་སེམས་སྡུག ་བསྔལ་མང་ལས་གྲོལ།། བླ་མྱེད་བླ་མ་ཁྱོད་ལ་བདག་ཕྱག་འཚ་ལ།། གཏུམ་སེམས་ཅན་ལ་ཆོས་གག་འཆད་པ་ནི།། བདག་པོ་འཇིག་རྟེནད་ན་ཡང་དེ་སྤྱད་དཀའ།། ཤ་ནད་ཏུ་རྒྱ་ཆེ་བའི་འཁོར་འདི ་དང་།། ཕྱོགས་བཅུ་རྣམ་པར་གྲགས་པའི་སངས་རྒྱས་སྲས།། ཆོས་ཀྱིས་མྱི་ངོམས་རྒྱ་མཚོ་འདྲ་བ་ཚོགས།། དེ་དག་ལ་ནི་རྒྱལ་བའི་བྱང་ཆུབ་གསུངས།། ཚངས་པ་དབང་པོ་འཇིག་རྟེནང་སྐྱོང་བ་དང་།། ལྷ་ཀླུ་ལྷ་མྱིར། ་ཀྱིའམ་ཅིར་མཆིས་པ།། ཆོས་ཉིད་འཚལ་བ་མང་པོ་ཚོགས་པ་ལ།། ཇི་ལྟར་མོས་པ་བཞིན་དུ་ཆོས་ཉིད་གསུངས།། དགེ་བསྙེན་དགེ་བསྙེདན་པ་དང་དགེ་སློང་དང་།། དགེ་སློང་མ་དང་འཁོར་བཞི་འདི་དག་ཚོགས ་ཇི་ལྟར་ཐོས་ནས་ནོར་གྲུབ་རབ་འདོང་པར།། དེ་ལྟར་དེ་དག་ལ་ཡང་ཆོས་བསྟནད་གསོལ།། གང་རྣམས་སངས་རྒྱས་ཐེག་ལ་རྟག་མོས་དང་།། དེ་བཞིན་རང་རྒྱལ་ཐེག་དང་ཉན་ཐོས་ཐེག། ཐུབ་པ་གང་གི་སེམས ་བསམ་གང་མཁྱེ་དང་པ།། དེ་ལ་སྨན་པའི་སླད་དུ་དེ་གསུངས་ཤིག། སངས་རྒྱས་རིགས་ལ་གནས་ཕྱིར་གང་ཞུགས་པ།། དཀོན་མཆོག་གསུམ་པོ་གང་ལས་བྱུང་བའི།། བྱང་ཆུབ་ངེས་སེམས་དག་ལ་སྨན་སླད་དུ། ་ཆོས་ཀྱི་རྒྱལ་པོ་ཁྱོད་ལ་བདག་གསོལ་ལོ།། ཁྱོད་ཀྱིས་བསྔགས་པའི་འཕྲེང་བའི་གྲངས་ཐོས་ནས།། ཤེས་རབ་ཡངས་པ་འདི་རྣམས་བདེ་བར་ལྷགས།། སེམས་ཅན་གཙོ་བ་དེ་དག་མཁྱེ་རང་བ་བཞིན།། དེ་དག་ལ ་ཟ་མྱེད་སྤྱོད་པ་ཤོག། འདི་ལྟར་བདེ་གཤེགས་མཁྱེནད་པ་བསམ་མྱི་ཁྱབ།། དགྲ་བཅོམ་བདག་ཉིད་ཆེན་པོ་ས་འདི་མྱིན།། འདི་ནི་རང་རྒྱལ་གྱི་ཡང་ཡུལ་མ་ལགས།། བདག་ཀྱང་འདྲེན་ལ་དད་པའི་རྗེས་སུ་འབྲང་།། ་བདག་གིས་གང་ཁྱོད་ཀྱིས་དོན་ཆེན་འདི་འདྲིས་པ།། འཇིག་རྟེན་རྣམ་འདྲེན་ཁྱོད་ལ་བདག་བཟོད་གསོལ།། གང་ཕྱིར་ཁྱོད་ཀྱི་ཐུགས་ནི་སྐྱོ་མྱ་མངལ།། དེ་ཕྱིར་བྱང་ཆུབ་ལམ་མཆོག་སྟནད་དུ་གསོལ། ་དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན།། ཚངས་པ་ཁྱད་པར་སེ།། མས་ཀྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས།། བཅོམ་ལྔ་ན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ངག་ལྷག་པའི་བསམ་པ་བརྟན་ཞིང་ཡིད་མྱི་སྐྱོ་བ་རྣམས་ལགས།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དག་མགོ་གཅིག་ཏུ་སྨྲ་ཞིང་ཚིག་གདུང་བ་མ་མཆིས ་བཇམས་ལགས། ཇི་ལྟར་ན་དགེ་བའི་རྩ་བ་རྣམས་མངོན་པར་འཕགས་པ་རྣམས་ལེགས།། ཇི་ལྟར་ན་བསླད་པ་མ་མཆིས་ཤིང་། སྤྱོད་ལམ་ཡང་མྱི་འཁྲུགས་པ་ལགས།། ཇི་ལྟར་ན་ཆོས་དཀར་པོ་རྣམས་རྣམ་པ ་འཕེལ་བར་བགྱིད་པ་རྣམས་ལགས།། ཇི་ལྟར་མས་ནས་འསར་ཕར་བར་བགྱི་བ་ལགས།། ཇི་ལྟར་ན་སེམས་ཅན་ཡོངས་སུ་སྨྱིད་པར་བགྱི་བ་ལ་ཐབས་མཁས་པ་རྣམས་ལགས། ་ཇི་ལྟར་ན་སེམས་ཅན་རྣམས་ལ་ཉེ་བར་སྤྱོད་པ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་སྲུང་བ་རྣམས་ལགས། ཇི་ལྟར ་སེམས་རྩེ་གཅིག་ཅིང་། ཡིད་རྣམ་པར་མ་འདྲེས་པ་རྣམས་ལགས། ཇི་ལྟར་ན་ཆོས་རྣམས་ཡོངས་སུ་ཚོལ་བ་ལ་མཁས་པ་རྣམས་ལགས།། ཇི་ལྟར་ན་ལྟུང་བ་ལས་བྱུང་བ་ལ་མཁས་པ་རྣམས་ལགས།། ་ཇི་ལྟར་ན་ཉོན་མོངས་པ་རྣམས་འདུལ་བ་ལ་མཁས་པ་རྣམས་ལག། ཇི་ལྟར་ན་འཁོར་གྱི་ནང་དུ་མཆི་བ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་ཆོས་རྣམ་པར་འབྱེད་པ་ལ་མཁས་པ་རྣམས་ལགས།། ཇི་ལྟར་ན་རྒྱུའོ ་སྟོབས་དང་ལྡན་ཞིང་། དགེ་བའི་རྩ་བ་ཚ་བ་མྱི་འཚལ་བ་རྣམས་ལགས། ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱི་ནད་པ་ལ་བསྟནད་པར་སྦྱིན་པ་དང་། དེ་བཞིན་དུ་ཤེས་རབ་ཀྱི་བར་དུ་མ་བསྟནད་པ་རྣམས་ལགས། ཇི ་ལྟར་ན་བསམ་གཏན་རྣམས་ཀྱི་བདེ་བ་ལས་ལྡོག་པ་ལ་མཁས། དཔ་རྣམས་ལོགས།། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མྱི་ལྡོག་པ་རྣམས་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་རིགས། ་མྱི་གཅོད་པ་ལགས།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ལེགས་སོ་ལེགས་སོ།། ཡང་ཚངས ་པ་ཁྱོད་དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་དོན་དྲི་བར་སེམས་དཔའ་ལེགས་སོ།། ཚངས་པ་དེའི་ཕྱིར་ཤི་ནད་ཏུ་ལེགས་པ་ཉོན་ལ་ཟུག་ཤིག། བཤད་དོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལར ་ནས། ཚངས་པ་ཁྱད་པར་སེམས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་དག་ལྷག་པའི་བསམ་པ་བརྟན་ཞིང་ཡིད་མྱི་སྐྱོ་བ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་། མྱི་སྐྱོ་བའི་བརྩོན་འགྲུས་དང་། འཁོར་བ་ལ་རྨྱི་ལམ་ལྟ་བུར་མོས་པ་དང་། སངས་རྒྱས ་ཀྱི་ཡེ་ཤེས་ལ་མྱི་མཉམ་པ་དང་མཉམ་པར་ཡོངས་སུ་འཇལ་ཏེ། ཚངས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལྷག་པ་བསམ་པ་བརྟན་ཅིང་ཡིད་མྱི་སྐྱོ་བ་རྣམས་ཡིན་ནོ།། ་ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མགོ་གཅིག་དུ་སྨྲ་ཞིང་ཚིག་གདུང་བ་མྱེད་པ་རྣམས་ཡིན་ཏེ།། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ལ་ཟག་པ་མྱེད ་པར་འགྲོ་གཅིག་དུ་སྨྲའོ།། བྱང་ཆུབ་སེམས་དཔའ་རྣམས་སྐྱེ་གནས་ཐམས་ཅད་ལ་དཀའ་བར་མྱེད་པར་མགོ་གཅིག་དུ་སྨྲའོ།། བྱང་ཆུབ་མོས་དཔའ་རྣམས་ཐེག་པ་ཆེན་པོའི་བསྔགས་པ་མགོ་གཅིག་དུ་སྨྲའོ།། བྱང་ཆུབ་སེམས ་དཔའ་རྣམས་དགེ་བ་དང་མྱི་དགེ་བའི་ལས་རྣམས་ཅུད་མྱི་ཟོ་བར་མགོ་གཅིག་ཏུ་སྨྲའོ།། ཚངས་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚིག་མགོ་གཅིག་པ་བཞིའོ།། ཚངས་པ་ཆོས་བཞི་པོ་འདི་དག། ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་རྩ་བ་མངོན་པར་འཕགས་པར་གྱུར་པ་སྟེ། བཞི་གང་ཞེ་ན། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། འབྱུང་བ་སྟེ་བཞི་པོ་འདི་དག་གོ།། ་ཚངས་པའི་ཆོས་བཞི་དང་ལྡན་ན།། བྱང་ཆུབ་སེམས་དཔའ་རྣམས་མྱི་བསླབ་ཅིང་སྤྱོད་ལམ་རྣམ་པར་འཁྲུག་པར་མྱི་འགྱུར་ཏེ། བཞིག་ང་ཞེ་ན། རྙེད་པ་མྱེད་པ་དང་། སྨད་པ་མྱེད་པ་དང་། གྲགས་པ ་མྱེད་པ་དང་། སྡུག་བསྔལ་བ་སྟེ། ཚངས་པ་ཆོས་བཞི་པོ་དེ་དག་དང་། ལྡན་ན།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱི་བསླ་བ་ཅིང་སྤྱོད་ལམ་རྣམ་པར་མྱི་འཁྲུག་པར་འགྱུར་རོ།། ཚངས་པ ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དགེ་བའི་རྩ་བ་འཕེལ་བར་བྱེད་དེ། བཞི་གང་ཞེ་ན། སེམས་ཅན་རྣམས་བྱང་ཆུབ་ལ་ཡོང་དག་པར་འཛུད་པ་དང་། སྦྱིན་པ་བྱིན་ནས་རྣམ་པར ་སྦྱིད་པ་ལ་མྱི་རེ་བ་དང་། དམ་པའི་ཆོས་ཡོངས་སུ་འཛིནད་པ་དང་། བྱང་ཆུབ་སེམས་དཔའ་རྗེས་ལ་ཤེས་རབ་སྟོནད་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དང་། ་ཆེར་པོ་རྣམས་ས་ནས་སར་འཕར་ཏེ། བཞི་གང་ལེམ། དགེ་བའི་རྩ་བ་བསྩགས་པ་དང་། ཉེས་པ་ཐམས་ཅད་རྣམ་པར་སྤོང་བ་དང་། སྡོམ་པ་ལ་མཁས་པ་དང་། བརྩོན་འགྲུས་ཤི་ནང་ཏུ་འབར་བ་དང་། བཞི་པོ་འདི་ངས ་ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བ་ལ་ཐབས་མཁས་པ་རྣམས་ཡིན་ཏེ། བ་རི་གང་ཞེན། སེམས་ཅན་གི་རྗེ། ་སུ་འཇུག་པ་དང་། གཞན་གི་བསོད་ནམས་ལ་རྗེས་སུ་ཡིད་རང་བ་དང་། ཉེས་པ་འཆགས་པ་དང་། སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པ་སྟེ།། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་རྣམས་ལ་ཉེ་བར་སྤྱོད་པ་ལ་མཁས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པའི་དངོས་པོ་དང་། བདག་བདེ་བ་ལ ་མ་ཆགས་པ་དང་། བཟོད་ཅིང་ངེས་པ་དང་། ང་རྒྱལ་བཅོམ་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱ། ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བྱང་ཆུབ་ཀྱི་སེ ་ཆུད་མྱི་བཟོ་ནད་ཏེ། བཞི་གང་ཞེ་ན། སངས་རྒྱས་རྗེས་སུ། དྲན་པ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ལ། བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་དང་། དགེ་བའི་བཤེས་གཉེན ་ལ་བསྟེནད་པ་དང་། ཐེག་པ་ཆེན་པོ་ཡང་དག་པར་བསྔགས་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཆེ་གཅིག་ཅིང་ཡིད་རྣམ་པར ་མ་འདྲེས་པ་རྣམས་སུ་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཉན་ཐོས་ཀྱི་སེམས་རྣམ་པར་སྤོང་བ་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་གཏོང་བ་དང་། ཆོས་ཡོངས་སུ་ཚོལ་བས་མྱི་ངོམས་པ་དང་།། ཇི་ལྟར ་ཐོས་པ་བཞིན་དུ་ཆོས་སྟོནད་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཡངསུ་ཚོལ་ཏེ།། བཞི་གང་ཞེ་ན། རྙེད་པར་དཀའ་བའི་ཕྱིར། ་རིན་པོ་ཆེར་འདུ་ཤེས་པ་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར། རྩིར་འདུ་ཤེས་པ་དང་། ཆུང་མྱི་ཟ་བའི་ཕྱིར་དོན་དུ་འདུ་ཤེས་པ་དང་། མྱ་ངན་ལས་འདའ་བའི་ཕྱིར་སྡུག་བསྔལ་ཐམས་ཅད་ཞི་བར་འདུ་ཤེས ་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལྟུང་བ་ལས་འབྱུང་བ་ལ་མཁས་པ་རྣམས་ཡིན་ཏེ།། བཞི་གང་ཞེ་ན། ནང་ནས་མྱི་སྐྱེ་བའི་ཆོས་ལ ་བཟོད་པ་དང་། མྱི་འཕོ་བས་མྱི་འགག་པ་ལ་བཟོད་པ་དང་། རྒྱུ་ལ་སོ་སོར་རྟོག་པས།། རྟེནད་ཅིང་འབྲེལ་པར་འབྱུང་བ་ལ་བཟོད་པ་དང་། གཅིག་ནས་གཅིག་ཏུ་སེམས་ཕན་ཚུན་དུ་གྱུར་ད་པ་སྟེ། བཞི་པོ་འདི་དག་གོ།། ་ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཉོན་མོངས་པ་རྣམ་པར་སྦྱོང་སྟེ།། བཞི་གང་ཞེ་ན། ཚུལ་བཞིན་དུ་སོ་སོར་རྟོག་པ་དང་།། མ་འོངས་པ་ན་སྡོམ་པ་དང་། དཀར་པོའི་ཆོས ་ཀྱི་སྟོབས་བསྐྱེད་པ་དང་། རབ་ཏུ་དབེན་པར་གནས་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འཁོར་གྱི་ནང་དུ་འགྲོ་སྟེ། བཞི་གང་ཞེ ་ན། ཆོས་འདོད་པའི་ཕྱིར་ཏེ།། ཀླན་ཀ་ཚོལ་བའི་བསམ་པས་མ།། ཡིན་པ་དང་། རི་མོ་དང་བཅས་པའི་ཕྱིར་ཏེ། ང་རྒྱལ་དང་བྱིངས་པས།། མ་ཡིན་པ་དང་། དགེ་བ་གང་ཡིན་པ་ཚོལ་བའི་ཕྱིར་ཏེ། བདག་སྤྱོས ་པས་མ་ཡིན་པ་དང་། སེམས་ཅན་རྣམས་དགེ་བའི་རྩ་བ་ལ་གཟུ་ང་བའི་ཕྱིར་ཏེ།། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པོའི་ཕྱིར་མ་ཡིན་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང ་ལྔར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་དེ། བཞི་གང་ཞེ་ན། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། བདག་ཉིད་ཀྱི་ཤེས་རབ་གསལ་བར་བྱེད་པ་དང་། སྐྱེས་བུ་དམ་པའོ། ་ལས་བྱེད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་སྟོནད་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པའི་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྒྱུའི་སྟོབས་དང་ལྡན་ཞིང་། ་དགེ་བའི་རྩ་བ་ཆུང་མྱི་ཟ་བ་ཡིན་ཏེ། བཞི་གང་ཞེ་ན། གཞན་གི་འཁྲུལ་པ་ལ་ཉེས་པར་མྱི་ལྟུང་བ་དང་། ཁྲོས་པ་རྣམས་ལ་བྱམས་པ་སྒོམ་པ་དང་། ཆོས་རྣམས་ཀྱི་རྒྱུ་སྟོནང་པ་དང་། བྱང་ཆུབ་ཀྱི་སེམས་མྱི་གཏོང་བ་སྟེ། ་བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕ་རོལྡ་ཏུ་ཕྱིནད་པ་དྲུག་ལ་མ་བསྟནད་པར་ཤེས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སྦྱིན་བདག་ལ་སྔོན ་དུ་འགྲོ་བ་རྣམས་ཡིན།། ལྟུང་བ་རྣམས་ཀྱིས་ཕ་རོལ་ལ་བརྩོན་པར་མྱི་བྱེད། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་བསྡུ་བའི་དངོས་པོ་ལ་མཁས་པ་ཡིན། ཆོས་རྣམས་ལ་ཟབ་མོར་མོས་པ་རྣམས་ཡིན་ཏེ། བཞི་པོ་འདི། ་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་གཏན་ལ་གནས་ནས་འདོད་པའི་ཁམས་སུ་སྐྱེའོ།། བཞི་གང་ཞེ་ན། སེམས་ལས་སུ་རུང་བ་དང་། དགེ་བའི་རྩ་བ ་རྣམས་ཀྱི་སྟོབས་བསྙེད་པ་དང་། སེམས་ཅན་རྣམས་ཡོངས་སུ་མྱི་གཏོང་བ་དང་། ཐབས་དང་ཤེས་རབ་བསྒོམ་པ་སྟེ།། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མྱི་ལྡོག་པ། ཡིན་ཏེ། བཞི་གང་ཞེ་ན། འཁོར་བ་དཔག་ཏུ་མྱེད་པ་ཡོངས་སུ།། འཛིན་པ་དང་། སངས་རྒྱས་དཔག་ཏུ་མྱེད་པ་ལ་མཆོད་ཅིང་རིམ ་འགྲོ་བྱེད་པ་དང་། བྱམས་པ་དཔག་ཏུ་མྱེད་པ་བསྒོམ་པ་དང་། སྙིང་རྗེ་དཔག་ཏུ་མྱེད་པ་བསྒོམ་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་རིགས་མྱི་གཅོད་དེ། བཞི་གང་ཞེ་ན། སྔར་དམའ་བཅས་པ་ལས་མྱི་འགྱུར་བ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། དགེ་བའི་རྩ་བ་རྣམས་ལ་ཤི་ནད་ཏུ་མོས་པ་དང་། བསམ་པོའི ་ནན་ཏན་ལ་གནས་པ་སྟེ། ཚངས་པ་ཆོས་བཞི་པོ་འདི་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་རིགས་མྱི་གཅོད་དོ།། བཅོམ་ལྡན་འདས་ཀྱིས་བཞི་པ་མངོན་པར་བསྒྲུབ་པ་འོད ་བཤད་པ་ར། ལྷ་དང་མྱུར་བཅས་པའི་སྐྱེ་དགུ་རྣམས་ལས་སྲོག་ཆགས་སྟོང་ཕྲག་གསུམ་བཅུ་རྩ་གཉིས།། བླ་མ་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སོ།། བྱང་ཆུབ་སེམས་དཔའ་ལྔ་སྟོང་ཡང་མྱི་སྐྱེ ་པའི་ཆོས་ལ་བཟོད་པ་སྐྱེས་སོ།། སངས་རྒྱས་ཀྱི་ཞིང་སྣ་ཚོགས་རས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་། བཅོམ་ལྡན་འདས་ས་མཆོད་པར་བྱ་བའི་ཕྱིར། སྟོང་གསུམ་གི་སྟོང་ཆེར་པོའི་འཇིག་རྟེ་རང་གི ་འདི་ལྷའི་མེ་ཏོག་རྣམས་ཀྱིས་པུས་ནུབ་ཙམ་དུ་ཁེབས་པར་བྱས་སོ།། དེ་ནས་གནོད་དུར་གྱུ་རང་པ་དྲ་བ་ཅན་གྱི་འོད་ཀྱིས།། ཚངས་པ་ཁྱད་པར་སེམས་ཀྱི་འདི་སྐད་ཅེས་སྨྲས་སོ།། ཚངས་པ་ཁྱོད་བཅོམ་ལྡན་འདས་ཀྱིས། ་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དྲི་བ་དྲི་བ་ལ་མཁས་པ་རྣམས་ཀྱི་མཆོག་ཏུ་གསུངས་ན་ཇི་ལྟར་དྲིས་མ། བྱང་ཆུབ་སེམས་དཔའ་ཚུལ་བཞིན་དྲི་བ་ཡིན། ཁྱད་པར་སེམས་ཀྱིས་སྨྲས་པ།། རིགས་ཀྱི་བུ་བདག་ཏུ་སྒྲོ་འདོགས ་པས་དྲི་ན་ཚུལ་བཞིན་མ་ཡིན་པར་འདྲིའོ།། གཞན་དུ་སྒྲོ་འདོགས་དཔས་འདྲིན་ཚུལ་བཞིན་མ་ཡིན་པར་འདྲིའོ།། ཆོས་སུ་སྒྲོ་འདོགས་དཔས་འདྲི་ན།། ཚུལ་བཞིན་མ་ཡིན་པར་འདྲིའོ།། དྲ་བ་ཅན་གི་འོད ་གང་ལ་བདག་ཏུ་སྒྲོ་འདོགས་པ་མྱེད་པ་དང་།། གཞན་དུ་སྒོ་འདོག། ས་པ་མྱེད་པ་དང་། ཆོས་སུ་སྒྲོ་འདོགས་པ་མྱེད་པ་འདི་ནི་ཚུལ་བཞི།། ན་འདྲི་བའོ།། གཞན་ཡང་དྲ་བ་ཅན་གི་འོད་བསྐྱེད་པའི་ཕྱིར་འདྲི་ནི ་ཚུལ་བཞིན་མ་ཡིན་པར་འདྲིའོ།། འགག་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། གནས་དང་གནས་མ་ཡིན་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། དྲ་བ་ཅན་གྱི་འོད་གང་ལ་ཆོས་གང་ཡང་སྐྱེ་བའི། ་ཕྱིར་རམ།། འགག་པའི་ཕྱིར་རམ་གནས་དང་གནས་མ་ཡིན་པའི་ཕྱིར་དྲི་བ་མྱེད་པ་དེ་ནི་ཚུལ་བཞིར་དྲི་བའོ།། གཞམ་ཡང་དྲ་བཅང་གི་འོད་ཀུན་རས་ཉོན་མོངས་པའི་ཕྱིར་འདྲིན། དེ་ནི་ཚུལ་བཞིན་མ་ཡིན་པའོ།། རྣམ ་བར་བྱང་བའི་ཕྱིར་འདྲིན། དེ་ནི་ཚུལ་བཞིན་མ་ཡིན་པའོ།། འཁོར་བའི་ཕྱིར་འདྲིན། དེ་ནི་ཚུལ་བཞིན་མ་ཡིན་པའོ།། འཁོར་བ་ལས་ཤི་ནད་ཏུ་བཟླ་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། ཡོངས་སུ་མྱ་ངན ་ལས་འདའ་བའི་ཕྱིར་འདྲི་ན། དེ་ནི་ཚུལ་མ་ཡིན་པའོ།། དྲ་བ་ཅན་གི་འོད་ཀ་ཀུན་ནས་ཉོན་མོངས་པའི་ཕྱིར་མ་ཡིན། རྣམ་པར་བྱང་བའི་ཕྱིར་མ་ཡིན། འཁོར་བའི་ཕྱིར་མ་ཡིན། འཁོར་བ་ལས་ཤི་ནད་ཏུ་ཟླ་བའི་ཕྱིར་མ་སྟེ ་ཡོངས་སུ་མྱ་ངམ་ལས་འདའ་བའི་ཕྱིར་འདྲི་བ་མྱེད་པ་དེའི་ཚུལ་པའི་མཐིལའོ།། དེ་ཅིའི་ཕྱིར་མེད། ཆོས་ཀྱི་འགྱུར་བ་ཉིད་ནི་ཀུ་སྲངས་ཉོརན་གྱི་ཡོངས་རྔམ་པར་བྱང་བར་གྱི་འགྱུར།། རྨྱི་འཁོར་ནི་། ་སུ་མྱ་ངན་ལས་མྱི་འདའོ།། གཞན་ཡང་དྲ་བ་ཅན་གི་འོད་འཐོབ་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། མངོན་དུ་བྱ་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། མངོན་པར་ཤེས་པའི་ཕྱིར་འདྲི་ན་དོ་ནི ་ཚུལ་བཞིན་མ་ཡིན་པའོ།། ཡོངས་སུ་ཤེས་པ་དང་། སྒོམ་པའི་ཕྱིར་འདྲི་ན། དེ་ནི་ཚུལ་བཞིན་མ་ཡིན་པའོ།། བྲལ་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། དྲ་བ་ཅན་གི་འོད་གང་ལ་ཐོབ་པ་མྱེད་པ་དང་། འཛིནད། ་པ་མྱེད་པ་དང་། མངོན་དུ་བྱ་བ་མྱེད་པ་དང་། ཀུན་ཏུ་རྟོགས་པ་མྱེད་པྲ་དང་། མངོན་པར་ཤེས་པ་མྱེད་པ་དང་། གནས་པ་མྱེད་པ་དང་། སྒོམ་པ་མྱེད་པ་དང་། སྒོམ་པར་ལྟ་བ་མྱེད་པ་དེ་ནི་ཚུལ་བཞིན་འདྲི ་བའོ།། གཞན་ཡང་དྲ་བ་ཅན་གི་འོད་འདི་མི་དགེ་བའོ།། འདི་ནི་མྱི་དགེ་བའོ།། འདི་ནི་ཟག་པ་དང་བཅས་པའོ།། འདི་ནི་ཐེག་པ་མྱེད་པའོ།། དི་ནི་ཁན་མ་ཐོབ་དང་བཅས་པའོ།། འདི་ནི་ཁ་ན་མ་ཐོ་བ་མྱེད་པའོ།། འདི་ནི་འདུས་བྱས ་སོ། འདི་ནི་འདུས་མ་བྱས་སོ།། འདི་ནི་འཇིག་རྟེན་པའོ།། འདི་ནི་འཇིག་རྟེན་ལས་འདས་པའོ།། ཞེས་འདྲིན་དེ་ནི་ཚུལ་བཞིན་མ་ཡིན་པ་སྟེ། དྲ་བ་ཅན་གྱི་འོད་ཅི་ཙམ་དུ་གཉིས་སུ་འཇུག་པས་འདྲི་བ་དེ་ཙམ ་དུ་ཚུལ་བཞིན་མ་ཡིན་པའོ།། དྲ་བ་ཅན་གི་འོད་གྲང་ལ་གཉིས་མྱེད་པ་དང་། གཉིས་མ་ཡིན་པ་མྱེད་པ་དང་། འདུ་ཤེས་མྱེད་པ་དང་། མྱིར་མྱེད་པ་དང་། སྤྱི་མྱི་འཇུག་པ་དེ་ནི་ཚུལ་བཞིན་དྲི་བའོ།། གཞན་ཡང་དྲ་བ་ཅན་གྱི་འོད ་སངས་རྒྱས་ཐ་དད་དུ་བྱེད་པ་དང་། ཆོས་ཐ་དད་དུ་བྱེད་པ་དང་། དགེ་འདུན་ལ་ཐ་དད་དུ་བྱེད་པ་དང་། ཞིང་ཐ་དད་དུ་བྱེད་པ་དང་། སེམས་ཅན་ཐ་དད་དུ་བྱེད་པ་དང་། ཐེག་པ་ཐ་དད་དུ་བྱེད་པ་དེ་ནི་ཚུལ་བཞིན་མ་ཡིན ་པའོ།། དྲ་བ་ཅན་གྱི་འོད་གང་ལ་ཆོས་གང་ཡང་ཐ་དད་པ་འམ། གཅིག་པར་མྱི་འདྲི་བ་དེ་ནི་ཚུལ་བཞིན་འདྲིའོ།། གཞན་ཡང་དྲ་བ་ཅན་གྱི་འོད་ཆོས་ཐམས་ཅད་ནི་ཚུལ་བཞིན་ནོ།། ཆོས་ཐམས་ཅད་ནི་ཚུལ་བཞིན ་མ་ཡིན་པའོ།། སྨྲས་པ་ཚངས་པ་ཇི་ལྟར་ན་ཆོས་ཐམས་ཅད་ཚུལ་བཞིན་ཆོས་ཐམས་ཅད་ནི་ཚུལ་བཞིན་མ་ཡིན།། སྨྲས་པ་ཆོས་ཐམས་ཅད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། ཆོས་ཐམས་ཅད་ནི་ཚུལ་བཞིན་མོ།། ཆོས་ཐམས ་ཅད་བསམ་གྱིས་མྱི་ཁྱབ་པ་ལ་སེམས་པར་ཞུགས་པ་དེ་དག་གྱིས་ཚུལ་བཞིན་མ་ཡིན་པའོ།། ཆོས་ཐམས་ཅད་ནི་དབེན་པའི་མཚན་ཉིད་དེ་དེ་ནི་དེ་བཞིན་ནོ།། གང་དབེན་པ་ལ་མ་མོས་པ་དེ་དག་ནི་ལྷག་པར་བྱེད་པ་ལ་ཞུག། ་པའོ།། གང་ལྷག་པར་བྱེད་པ་ལ་ཞུགས་པ་དེ་དག་ནི། ལྷག་པར་བྱེད་པ་ལ་བརྩོན་པའོ།། གང་ལྷག་པར་བྱང་བ་ལ་བརྩོན་པ་དེ་དག་ཅི་ཙམ་དུ་ལྷག་པར་བྱེད་པ་དེ་ཙམ་དུ་ཚུལ་བཞིན་མ་ཡིན་པའོ།། སྨྲས་པ་ཚངས་པ ་ཆོས་རྣམས་ཀྱི་ཚུལ་གང་ཡིན་སྨྲས་པ།། རིགས་ཀྱི་བུ་རང་གི་ཡུལ་དབེན་པ་འདོད་ཆགས་དང་བྲལ་བའི་མཐའ་ནི་ཆོས་རྣམས་ཀྱི་ཚུལ་ལོ།། སྨྲས་པ་ཚངས་པ་གང་ཆོས་རྣམས་ཀྱི་ཚུལ་འདི་ཁོང་དུ་ཆུད་པའི་སེམས ་ཅན་དེ་དག་ནི་ཉུང་ཞིག་འབྱུང་བར་འགྱུར་རོ།། སྨྲས་པ་རིགས་ཀྱི།། བུ་འདོད་ཆགས་དང་བྲལ་བའི་མཐའ་ནི་གཅིག་པ་ཡང་མ་ཡིན།། མང་པོ་ཡང་མ་ཡིན་ཏེ། དྲ་བ་ཅན་གི་འོད་རིགས་ཀྱི་བུ་འམ། ་རིགས་ཀྱི་བུ་མོ་གང་ཆོས་རྣམས་ཀྱི་ཚུལ་བཞིན་འདི་དག་གི་རྗེས་སུ་སོང་བ་འམ། རྗེས་སུ་འགྲོ་བའམ། རྗེས་སུ་འགྲོ་བར་འགྱུར་བ་དེ་ངག་གིས་ཆོས་གང་ཡང་མ་རྟོགས། མྱི་རྟོགས་པར་མྱི་འགྱུར་རོ།། ་དེ་ཅིའི་ཕྱིར་ཞེ་ན། ཁོང་དུ་ཆུད་བ་མྱེད་པར་བཅོམ་ལྡན་འདས་ཀྱིས་ཀུན་ཤེས་པ་དང་། ལུང་བསྟན་ང་པ་གསུངས་སོ།། གང་རྣམས་ཚུལ་བཞིན་དུ་ཆོས་བསྟནད་པ་དང་། འདི་ཐོས་ནས་མོས་པར་བྱེད་པ་དེ་དག་མི།། ཇི་ལྟར ་བསྟན་པ་དེ་བཞིན་དུ་སྦྱོར་བ་ཡིན་ཏེ། དེ་དག་ནི་ཆོས་གང་ལ་ཡང་སྤྲོ་བར་མྱི་བྱེད་པར་འགྱུར་རོ།། སུ་ཆོས་གང་ལ་ཡང་སྤྲོས་པར་བྱེད་པར་མྱི་འགྱུར་བ་དེ་དག་ནི་ཆོས་གང་ཡང་ཁུང་དུ་ཆུད་པར་མྱི་འགྱུར་རོ།། སུ་ཆོས་གང ་ལ་ཡང་ཁོང་དུ་ཆུད་པར་མྱི་འགྱུར་བ་དེ་དག་མི། འཁོར་བར་འགྲོ་བ་ཡང་མ་ཡིན། མྱ་ངན་ལས་འདས་པའི་ཆོས་ཅན་ཡང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་འཁོར་བར་ཡང་མ་དམྱིགས། ཡོངས་སུ ་མྱ་ངན་ལས་འདས་པ་ཡང་མ་དམྱིགས་པའི་ཕྱིར་རོ།། སྨྲས་པ་བཅོམ་ལྡན་འདས་ཀྱིས་འཁོར་བ་ལས་ཟླ་བའི་ཕྱིར་ཆོས་མ་བཤད་དམ།། སྨྲས་པ་ཅོ་ལྡན་ཀྱིས་གའགྲོ་བ་ལས་འད་པའི་ཆོས་གང་ལྔ་བསྟན་ཏུམ་ཟླས་པ་དེ་རིག ་ཡིན་ནོ།། རིགས་ཀྱི་བུ་དེ་ལྟ་བས་ན།། བཅོ་ལྡན་འདས་ཀྱིས་འཁོར་བ་ཡཱ་མྱི་སེལ།། མྱ་ངན་ལས་འདྲ་བ་ལྔ་འཐོབ་པར་མྱི་བྱེད་མོད་ཀྱི།། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་འདུ་ཤེས་པ་ལས་འདའ་བར་སྟོནང་ཏེ། འདི་ལ་གང་ཡང་འཁོར་བ་ལས་འདའ་བར་ཡང ་མྱི་བྱེད་ཡོངས་སུ་མྱ་ངན་ལས་འདས་པ་ཡང་ཐོབ་པར་མྱི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་ནི་མྱི་འཁོར་མྱ་ངན་ལས་མྱི་འདའ་ཀུན་ནས་ཉོན་མོངས་པ་རྣམ་པར་དག་པར་མྱི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་ཚངས་པ་ཁྱད་པར་སེམས་ལ། ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཚངས་པ་ལེགས་སོ་ལེགས་སོ་ཚངས་པ་ཇི་ལྟར་བཤད་པར་བྱ་ན་དེ་སྐད་བཤད་པར་བྱའོ།། ཚུལ་བཞིན་དུ་ཆོས་བསྟནད་པ་འདི་བསྟནད་པ་དང་། ་དགེ་སློང་ཉི་སྟོང་རྣམས་ཟག་པ་ལས་ལེནད་པ་མྱེད་པར་སེམས་ན། མ་པར་གྲོལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད།། པར་སེམས་ལ།། འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ ་ངས་འཁོར་བ་དང་མྱ་ངན་ལས་འདས་པ་ཡང་མ་དམྱིགས་སོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་འཁོར་བར་འདོགས་ཀྱང་འདི་ལ་གང་ཡེ་ང་འཁོར་བ་མྱེད་དོ།། མྱ་ངན་ལས་འདས་པར་སྟོན་ཀྱང་། འདི་ལ ་གང་ཡང་ཡོངས་སུ་མྱ་ངན་ལས་མྱི་འདའོ།། ཚངས་པ་གང་རྣམས་ཚུལ་འདི་ལ་ཞུགས་པ་དེ་དག་ནི་འཁོར་བའི་ཆོས་ཅན་ཡང་ཡིན། ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཡང་མ་ཡིན་ནོ།། དེ་ནས་འཁོར་དེའི་ནང་ནས ་དགེ་སློང་ལྔ་བརྒྱ་བསྟནད་པ་འདི་ཐོས་པ་དང་།། སྟན་ལས་ལངས་ཏེ་དོང་ངོ་།། ཚིག་འདི་སྐད་ཅེས་ཀྱང་སྨྲས་ཏེ། གལ་ཏེ་འདི་ལ་གང་ཡང་མྱི་འཁོར།། གལ་ཏེ་གང་ཡང་ཡོངས་སུ་མྱ་ངན་ལས་མྱི་འདའ་ན། བདག་ཅག་ཚངས་པར ་སྤྱོད་པ་ལ་གནས་པ་ཡང་དོན་མྱེད་དོ།། བདག་ཅག་ལམ་བསྒོམ་པ་དང་། བསམ་གཏན་དང་། ཏིང་ངེ་འཛིནད་དང་། སྙོམས་པར་འཇུག་པ་ཡང་ཅི་དགོས་ཞེས་ཟེར་རོ།། དེ་ནས་བཅོམ་ལྡན་འདས་ལ་གཞོན་ནུར་གྱུར་ད་པ ་དྲ་བ་ཅད་གི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱང་དགུ་ཆོས་གང་ལ་སྐྱེ་བ་འམ། འགག་པར་འཇམང་བ་དེ་དག་ལ་སངས་རྒྱས་འབྱུང་བ་མ་མཆིས་སོ།། བཅོམ་ལྡན་འདས་གང་དག་བྱ་ངན་ལས་འདས། ་པ་དངོས་པོར་ཚོལ་བ་དེ་དག་ལ་ཡང་འཁོར་བ་ལས་འདའ་བ་མ་མཆིས་སོ།། དེ་ཅིའི་སྲད་དུ་ཞེ་ན། བཅོམ་ལྡན་འདས་མྱ་ངན་ལྔ་འདྲ་བ་ཞེས་བགྱི་མ་དི།། གང་མཚན་མ་ཐམས་ཅད་རབ་ཏུ་ཞི་བ་དང་། གཡོལ་བ་ཐམས་ཅད་མ་མཆིས ་པར་གྱུར་པ་ལགས་ན། བཅོམ་ལྡན་འདས་སྐྱེས་བུ་བླུན་པོ་འདི་དག་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས། མུ་སྟེགས་ཅན་གྱི་ལྟ་བར་ལྟུང་སྟེ། མྱ་ངན་སྦ་འདས་པར་དངོས་པོར་འཚལ་ལོ།། འདི་ལྟ་སྟེ་བཅོམ་ལྡན་འདས ་ཏིམ་ཨས་ཏིལ་མར་དང་། འོ་མ་ལས་མར་བཞིན་དུ་ཆོས་ཐམས་ཅད་ཤཾ་ནད་ཏུ་མྱ་ངན་ལས་འདས་པ་ལ་གང་རྣམས་མྱ་ངན་ལས་འདས་པར་དངོས་པོར་ཚོལ་བ་དེ་དག་ནི་ཉན་ཐོས་མུ་སྟེགས་ཅན་ང་རྒྱལ་ཅན་ཞེས། ་བདག་མཆིའོ།། བཅོམ་ལྡན་འདས་རྣལ་འབྱོར་དེ་སྤྱོད་པ་ཡང་ད།། ག་པར་ཞུགས་པ་ནི། ཆོས་གང་ལ་སྐྱེ་བ་འམ་འགག་པར་མྱི་མཐོང་། ཆོས་གང་ལ་ཡང་ཐོབ་པ་འམ། མངོན་པར་རྟོགས ་པར་མྱི་འཚལ་ལོ།། དེ་རས་གཞོན་ནུར་གྱུར་བ་དྲ་བ་ཅན་གྱི་འོད་ཀྱིས།། ཚངས་པ་ཁྱང་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ།། ཚངས་པ་དགེ་སློང་ལྔ་བརྒྱ་འཁོར་འདི་ནས་སྟནད་ལས་ལངས་ཏེ། ་དོང་འདི་དག་ཅི་ནས་ཀྱང་ཆོས་འདུལ་བ་ལ་འཇུག་པ་དང་མོས་པར་འགྱུར་བ་དང་། སྡིག་པའི་ལྟ་བར་གྱུརང་བ་དེ་ལས་རྣམ་པར་གྲོལ་བར་སྟོན་གཅིག། སྨྲས་པ་རིགས་ཀྱི་བུ་འདོད་ལ་རག་གོ།། འདོད་ལ་རག་གོ། ་གལ་ཏེ་སངས་རྒྱས་ཀྱི་ཞིང་གང་གའི་ཀླུང་གི་བྱེ་མ་སྙེད་དུ་དོང་ཡང་བསྟནད་པ་འདི་ལས་མྱི་ཐ་རད་ཏོ།། རིགས་ཀྱི་བུ་འདི་ལྟ་སྟེ་སྐྱེས་བུ་བྱིས་པའི་རང་བཞིན་ཅན།། ནམ་མཁའ་འཇིགས་ཤིང་སྨག་སྟེ་ཟོས་ཀྱང་དེ་ག་ལས ་ཀར་སོང་། དེ་དང་དེ་དག་ཏུ་ནམ་མཁའ་མཐོང་ངོ་།། དེ་བཞིན་དུ་དགེ་སློང་འདི་དག་ཀྱང་ཇི་སྲིད་རིང་དུ་སོང་ཡང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་མཚན་ཉིད་ལས་མ་འདས་སོ།། འདི་ལྟ། ་སྟེ་དཔེར་ན་སྐྱེས་བུ་ཀཞམ་ཞིག་ནམ་མཁའ་རྙེད་པར་བྱའོ་ཞེས་ནམ་མཁའ་ཚོལ་ཏེ།། ཕྱོགས་དང་ཕྱོགས་མཚམས་སུ་རྒྱུག་ཅིང་། མི་ཙམ་དུ་ནམ་མཁའ་མྱིང་ནས་བརྗོད་ཀྱང་ནམ་མཁའ་ཀ་མྱི་རྙེད། ་དོ།། དེ་ནས་ནམ་མཁའ་དེ་ཉིད་ཀྱི་ནང་ནས་འགྲོ་ཡང་དེ་མྱི་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། གང་ནམ་མཁའ་ཞེས་བྱ་བ་དེ་ནི་མྱིང་ཙམ་མོ།། རིགས་ཀྱི་བུ་དེ་བཞིན་དུ་དགེ་སློང་འདི་དག་ཀྱང་མྱ་ངན་ལས་འདས་པ་དངོས་པོར ་ཚོལ་ཏེ། མྱ་ངན་ལས་འདས་པ་དེ་ཉིད་ལ་རྣམ་པར་སྤྱོད་ཀྱང་དེ་མྱི་མཐོང་ངོ་།། ཁོང་དུ་མྱི་ཆུད་དོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ནི་མྱིང་ཙམ་མོ།། ཇི་ལྟར་ནམ་མཁན་ཀ་ཞེས་བརྗོད་ཀྱང ་དེ་གཟུང་དུ་མྱེད་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་མྱ་ངན་ལས་དངས་པ་ཞེས་བརྗོད་པ་ཡང་གཟུང་དུ་མྱེད་པའོ།། དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་བཤད་པ་འདི་ཐོས་ནས།། ཟག་པ་ལས་ལེ་ནད་པ ་མྱེད་པར་སེམས་རྣམ་པར་གྲོལ་ཏེ།། མངོན་པར་ཤེས་པ་ཐོབ་པ་དེ། ངག་གིས་ཚིག་སྨྲས་པ། བཅོམ་ལྡན་འདས་གང་རྣམས་ཆོས་ཐམ། ས་ཅད་ཤི་ནད་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མྱ་ངན་ལས ་འདས་པ་དངོས་པོར་ཚོལ་བ་དེ་དག་ལ་སངས་རྒྱས་འབྱུང་བ་མ་མཆིས་སོ།། བཅོམ་ལྡན་འདས་བདག་ཅག་ནི་སོ་སོའི་སྐྱེ་བོ་ཡང་མ་ལགས།། བསྒོ་བ་པ་ཡང་མ་ལགས།། དགྲ་བཅོམ་པ་ཡང་མ་ལགས། འཁོར་བའི ་ཆོས་ཅན་ཡང་མ་ལགས། མྱ་ངན་ལས་འདས་པའི་ཆོས་ཅན་ཡང་མ་ལགས་ཏེ། དེ་ཅིའི་སྲད་དུ་ཞེ་ན། བཅོམ་ལྡན་འདས་སངས་རྒྱས་འབྱུང་བ་ནི་བྱེད་པ་དང་། སེམས་པ་དང་། གཡོ་བ་དང་། སྤྲོས་པ་ཐམས་ཅད་མ་མཆིས ་པའོ།། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག་གྱིས་དགེ་སྦྱོང་ཉིད་ཁོང་དུ་ཆུད་དོ།། རང་གི་དོན་བྱས་སོ།། དེ་དག་གིས་སྨྲས་པ། བཙུན་པ་ཤ་རིའི་བུ་བདག་ཅག ་གྱིས་ཀུན་ནས་ཉོན་མོངས་པ་ཁོང་དུ་ཆུད་དོ།། མྱི་བྱ་བ་བྱས་སོ།། ཤ་རིའི་བུས་སྨྲས་པ།། ཚེ་དང་ལྡན་པ་བདག་ཅི་ལས་བསམས་ཏེ་དེ་སྐད་སྟོན་།། དེ་དག་གིས་སྨྲས་པ། བཙུན་པ་ཤ་རིའི་བུ་ཀུན་ནས་ཉོན་མོངས་པ ་ཡོངས་སུ་ཤེས་པའི་ཕྱིར་དགེ་སྦྱོང་ཉིད་དོ།། བཙུན་པ་ཤ་རིའི་བུ་མྱི་བྱ་བ་ནི་མྱ་ངན་འདས་པ་ཡིན་ཏེ། འདི་ལ་བསམས་ནས་བདག་ཅག་གིས་ཀུན་ནས་ཉོན་མོངས་པ་ཁོང་དུ་ཆུད་དོ།། མྱི་བྱ་བ་བྱས་སོ།། ཞེས་སྟོན་ཏོ།། ཤ་རིའི ་བུས་སྨྲས་པ།། ཚེ་དང་ལྡན་པ་རྣམས་ལེགས་སོ་ལེགས་སོ།། ཚེ་དང་ལྡན་པ་རྣམས་ནི་སྦྱིན་གནས་ཀྱི་སར་གནས་པ་ཡིན་ནོ།། དེ་དག་གིས་སྨྲས་པ། བཙུན་པ་ཤ་རིའི་བུ་སྟོནད་པ་གང་ཡིན་པ་འདི་ཉིད་ཀྱང་སྦྱོར་བ་ཀྱི་སྦྱོང་མ། ་བདག་ཅག་གིས་ལྟ་ཅི་ལྟར་སྤྱད། སྨྲས་པ། ཅིའི་ཕྱིར་སྨྲས་པ། བཙུན་པ་ཤ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་ཡོངས་སུ་དག་པ་ཡོངས་སུ་མཁྱེནད་པའི་ཕྱིར་རོ།། དེ་ནས་བཅོམ་ལྡན་འདས་ལ ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་ན་གང་དག་སྦྱིན་གནས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཚངས་པ་གང་དག་འཇིག་རྟེན་གོ་ཆོས ་རྣམས་ཀྱིས་མྱི་འཕྲོགས་པ་རྣམས་སོ།། གསོལ་པ་འཇིག། རྟེན་ན་སྦྱིན་པ་སྦྱོང་བ་གང་དག་ལགས།། བཀའ་སྩལ་དཔ།། གང་།། དག་ཆོས་གང་ཡང་ཡོངས་སུ་མྱི་འཛིནད་པ་རྣམས་སོ།། ་གསོལ་པ།། འཇིག་རྟེན་ད་ན་བསོད་ནམས་ཀྱི་ཞིང་གང་དག་ལ་གས། བཀའ་སྩལ་པ།། གང་དག་བྱང་ཆུབ་ཀྱི་སེམས་ཆུད་མྱི་གཟོ་ན་པ་རྣམས་སོ།། གསོལ་པ་དགེ་བའི་བཤེས་གཉེན་གང ་ངག་ལགས།། བཀའ་སྩལ་པ།། གང་གིས་སེམས་ཅན་ཐམས་ཅད་ལ་བྱམས་པ་ཡོངས་སུ་མ་བཏང་བ་རྣམས་སོ།། ། གསོལ་པ་དེ་བཞིན་གཤེགས་པ་ལ་བགྱིས་པ་གཟོའ་བ་གང་དག་ལགས།། བཀའ་སྩལ ་པ། གང་དག་སངས་རྒྱས་ཀྱི་རིགས་མྱི་གཅོད་པ་རྣམས་སོ།། གསོལ་བ་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད་པ་གང་དག་ལགས། བཀའ་སྩལང་པ། གང་དག་མྱི་སྐྱེ་བའི་མཐའ་རྟོགས་པ་རྔམས་སོ།། གསོལང ་པ་དེ་བཞིན་གཤེགས་པ་དང་ཉེ་བར་གནས་པ་གང་དག་ལགས།། བཀའ་སྩལ་པ་གང་དག་སྲོག་གི་ཕྱིར་ཡང་བསླབ་པ་མྱི་འདྲལ་བ་རྣམས་སོ།། གསོལ་པ།། དེ་བཞིན་གཤེགས་པ་ལ་རི་མོ་དང་བཅས་པ་གང་དག་ལགས ་བཀའ་སྩལ་པ།། གང་དབང་པོ་རབ་ཏུ་སྡམས་ཏེ་གནས་པ་རྣམས་སོ།། གསོལ་པ་འཇིག་རྟེན་ན་ནོར་ཆེ་བ་གང་དག་ལགས། བཀའ་སྩལྡ་པ། གང་དག་ནོར་བདུན་དང་ལྡན་པ་རྣམས་སོ།། གསོལ་པ། ་པ་འཇིག་རྟེན་ན་ཆོས་འཚལ་པ་གང་དག་ལགས། བཀའ་སྩལ་པ། འཇིག་རྟེན་ན་གང་དག་ལ་ཤེས་རབ་བླ་ན་མྱེད་པ་ཡོད་པ་རྣམས་སོ།། གསོལ་པ། རབ་ཏུ་དབེན་པ་གང་དག་ལགས།། བཀའ་སྩལ་པ། གང་དག ་ཁམས་གསུམ་དུ་སྨོ་ནད་པ་མྱེད་པ་རྣམས་སོ།། གསོལྡ་པ། འཇིག་རྟེན་ན་ཤི་ནད་ཏུ་བསྡམས་པ་གང་དག་ལགས།། བཀའ་སྩལ་པ། གང་ཀུན་ཏུ་སྦྱོར་བ་ཐམས་ཅད་ཤི་ནད་ཏུ་བྱང་བ་རྣམས་སོ།། གསོལ་པ། འཇིག ་རྟེནད་ན་བདེ་བ་རྣམས་གང་དག་ལགས།། བཀའ་སྩལ་ད་པ། གང་རྣམས་ལ་ཡོངས་སུ་འཛིནད་པ་མྱེད་པའོ།། གསོལ་པ།། ཡོངས་སུ་མྱི་འཛིནད་པ་གང་དག་ལགས།། བཀའ་སྩལ་པ།། གང་དག་གྱིས་ཕུང ་པོ་ཡོངས་སུ་ཤེས་པའོ།། གསོལ་ད་པ། ཕ་རོལ་ཏུ་ཕྱིནད་པ།། གང་དག་ལགས། བཀའ་སྩལ་པ། གང་གིས་སྐྱེ་མཆེད་དྲུག་སྤ།། ངེས་པ་རྣམས་སོ།། གསོལ་པ།། བཅོམ་ལྡན་འདས་འགྲམ་དུ ་ཕྱི་ནད་པ་རྣམས་གང་དག་ལགས།། བཀའ་སྩལྡ་པ།། ཚངས་པ་གང་གིས་མཉམ་པ་ཉིད་ཐོབ་པ་རྣམས་སོ།། གསོལྡ་པ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་བརྒྱས ་པ་ལགས། བཀའ་སྩལ་པ། རྣམ་སེམས་ཅན་རྣམས་ཐམས་ཅད་མཁྱེར་ད་པའི་སེམས་ལ་མོས་པར་བྱེད་པའོ།། གསོལ་པ་ཇི་ལྟར་ཚུལ་ཁྲིམས་དང་ལྡན་པ་རྣམས་ལགས། བཀའ་སྩལ་པ། ནམ་སེམས་ཅད ་མབྱེ་ནད་པའི་སེམས་མྱི་འདོར་བའོ།། གསོལ་པ་ཇི་ལྟར་ན་བཟོད་པ་དང་ལྡན་པ་རྣམས་ལགས། བཀའ་སྩལ་པ།། ནམ་ཐམས་ཅད་མཁྱེནང་པའི་སེམས་མྱི་ཟད་པར་མཐོང་བ་རྣམས་སོ།། གསོལ་པ་ཇི་ལྟར་ན ་བརྩོན་འགྲུས་དང་ལྡན་པ་རྣམས་ལགས།། བཀའ་སྩལ་པ།། ནམ་ཐམས་ཅད་མཁྱེ་ད་པའི་སེམས་ལ་བརྟགས་ནས་མྱི་དམྱིགས་པའོ།། གསོལ་པ། ཇི་ལྟར་ན་བསམ་གཏན་པ་རྣམས་ལགས། བཀའ་སྩ་ལ་པ ་ནམ་ཐམས་ཅད་མཁྱེནད་པའི་སེམས་རང་བཞིན་གྱིས་ཞིབས་ཏུ་གཏོགས་པའོ།། གསོལ་པ་ཇི་ལྟར་ན་ཀེ་ལ་དང་ལྡན་པ་རྣམས་ལགས།། བཀའ་སྩལ་པ།། ནམ་ཆོས་ཐམས་ཅད་ལ་སྤྲོས་པར་མྱི་བྱེད་པའོ།། གསོལ ་པ་ཇི་ལྟར་ན་བྱམས་པ་ལ་གནས་པ་རྣམས་ལགས།། བཀའ་སྩལ་པ།། ནམ་སེམས་ཅན་དུ་འདུ་ཤེས་འཇུག་པར་མྱི་བྱེད་པའོ།། གསོལ་པ་ཇི་ལྟར་སྙིང་རྗེ་ལ་གནས་པ་རྣམས་ལགས།། བཀའ་སྩལ་པ། ནམ་ཆོས་ཐོས།། ་ཅད་ལ་འདུ་ཤེས་འཇུག་པར་མྱི་བྱེད་པའོ།། གསོལ་པ་ཇི་ལྟར་ན་དགའ་བ་ལ་གནས་པ་རྣམས་ལགས།། བཀའ་སྩལ་པ། ནམ་བདག་དུ་འདུ་ཤེས་འཇུག་པར་མྱི་བྱེད་པའོ།། གསོལ་པ་ཇི་ལྟར་ན་གཏང་སྙོམས་ལ་གནས ་པ་རྣམས་ལགས།། བཀའ་སྩལ་ད་པ།། ནམ་བདག་དང་གཞན་དུ་འདུ་ཤེས་འཇུག་པར་མྱི་བྱེད་པའོ།། གསོལ་པ་ཇི་ལྟར་ན་དད་པ་ལ་གནས་པ་རྣམས་ལགས། བཀའ་སྩལ་པ་སནམ་ཆོས་ཐམས་ཅད་བརྗོད་དུ ་མྱེད་པར་མོས་པའོ།། གསོལ་པ། ཇི་ལྟར་ན་ཐོས་པ་གནས་ལ། རྣམས་ལགས།། བཀའ་སྩལ་ད་བ།། ནམ་སྒྲ་ཐམས་ཅད་ལ་མངོན་པར་མྱི་ཚོགས་པའོ།། གསོལ་པ། ཇི་ལྟར་ན་ངོ་ཚ་འཚལ ་པ་དང་ལྡན་པ་རྣམས་ལགས། བཀའ་སྩལ་ད་པ། ནམ་ཡོངས་སུ་ཤེས་པས་སོ།། གསོལ་པ། ཇི་ལྟར་ན་ཁྲེལ་མཆིས་པ་ཕུན་ཀ། སུམ་ཚོགས་པ་རྣམས་ལགས། བཀའ་སྩལྡ་པ། ཕྱི་རོལ་གྱི་སྐྱེ ་མཆེད་འདོར་བས་སོ།། གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ན་ཡོན་ཏན་ཐམས་ཅད་ཚོགས་ཤིང་ཀུན་ཏུ་འགྲོ་བ་རྣམས་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལུས་དང་ང། ་དང་ཡིད་ཀྱི་ལས་ཡོངས་སུ་དག་པས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། ལུས་ནི་རྣམ་པར་དག་ཅིང་སྡིག་པ་མྱི་བྱེད་དེ། ངག་ཀྱང་རྣམ་པར་དག་པས་རྟག་ཏུ་རྫུན་རྗེས། ་སྤོང་།། ཡིད་ཀྱང་གརྩང་བས་རྟག་ཏུ་བསམ་པ་དྲི་མ་མྱེད།། དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་གསུངས།། མྱི་སྡུག་བསྒོམ་ཞིང་འདོད་ཆགས་ཀྱིས་ཀྱང་ཆགས་པ་མྱེད།། བྱམས་ལ་གནས་ཤིང་ཞེ ་སྡང་གིས་གཏུམ་པ་མྱེད།། ཤེས་རབ་དག་ལ་གནས་ཤིང་གཏི་མུག་བླུན་མ་ཡིན།། མཁས་པ་རྣམས་ནི་དེ་ལ་ཀུན་ཏུ་འགྲོ་བར་གསུངས།། དེ་ནི་གྲོང་དུ་ཇི་བཞིན་དེ་བཞིན་དགོན་པར་ཡང་།། ་དགོན་པ་དང་ནི་གྲོང་དང་འཁོར་དུ་དེ་འདྲ་བར།། དེ་ནི་སྤྱོད་ལམ་རྣམ་པར་འགྱུར་བ་མྱི་བྱེད་དེ།། དེ་ཕྱིར་རྒྱལ་བས་དེ་ལ་ཀུན་ཏུ་འགྲོ་བར་སྤྱོད།། རྒྱལ་བ་ཀུན་གྱི་ཆོས་ཉིད་ལ་ནི་དེ་མོས་ཏེ།། མཁས་པ་ཆོས་ཉིད་ལ ་ཡང་འདོད་ཆགས་དང་བྲལ་བ་དང་།། དགེ་འདུན་ལ་ཡང་འདུས་མ་བྱས་པར་ཤི་ནད་ཏུ་མོས།། དེ་ཕྱིར་རྒྱལ་བ་རྣམས་ཀྱིས་ཀུན་ཏུ་འགྲོ་བར་གསུངས།། འདོད་ཆགས་མོས་པ་དག་གི་སྤྱོད་པར་རབ་ཏུ་ཤེས།། ཞེ་སྡང་མོས ་པ་རྣམས་དང་དེ་བཞིན་གཏི་མུག་དང་།། སྤྱོད་པ་རྣམ་པར་འགྱུར། བུ་ལ་ཡང་དེ་མཁས་ཏེ།། དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་བསྟན་འདོད་པའི་ཁམས་ལ་ཤི་ནད་ཏུ་གནས་པར་མྱི་བྱེད་དེ། གཟུགས ་ཀྱི་ཁམས་ལ་ཡང་ནི་གནས་པར་མྱི་འགྱུར་རོ།། དེ་ནི་གཟུགས་མྱེད་པའི་ཁམས་ལ་མྱི་གནས་ཏེ། དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་བརྗོད།། རྟག་ཏུ་མཚན་མ་དང་ནི་སྤོ་དད་པས་གསོག ་གྱུར་དུ་དང་།། དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་དེ་མོས་ཤིང་།། ཟག་པ་རྣམས་ནི་བར་དུ་ཟད་པར་མྱི་བྱེད་དེ།། དེའི་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་བསྟན་ང།། དེ་ནི་རང་རྒྱལ་ཐེག་པ་ལ་ཡང ་མཁས་པ་ཡིན།། སྨྲ་ཕྱིར་འབྲང་བ་ཉན་ཐོས་འགྱུར་བ་ཡང་དེའི་ཤེས།། རྫོགས་པའི་སངས་རྒྱས་ཐེག་པའི་ཕ་རོལ་སོང་བ་ཡིན།། དེ་ཕྱིར་བདེ་བར་གཤེགས་པས་ཀུན་ཏུ་འགྲོ་བར་བརྗོད།། དེ་དག་རྟག་པར་ཀུན ་ཏུ་བློ་གྲོས་དྲི་མ་མྱེད།། དེ་དག་ཚུལ་དང་ཚུལ་མ་ཡིན་ལ་མྱི་རྨོངས་ཏེ།། འཛའ་བ་དང་ནི་མྱི་འཛའ་བ་ལ་ཡང་མཉམ་པའི་ཡིད་དེ་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་འགྲོ་བ་ཡིན།། འདས་པ་དག་གི་ཆོས་ལ་ཡང་རྣམ ་བར་མྱི་རྟོག་ཅིང།། མ་འོངས་པ་དང་ད་ལྟར་གི་ཡང་དེ་བཞིན་ཏེ།། ཐམས་ཅད་དུ་ཡང་དཔའ་བོ་རྣམ་པར་མྱི་རྟོག་སྤྱོད།། དེ་ཕྱིར་སེམས་ཅན་དག་པ་ཀུན་ཏུ་འགྲོལ་བའོ།། ་བམ་པོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་འཇིག་རྟེནད་ཆོས་རྣམས་ཝ་ཤི་ནད་ཏུ་འདའ།། འཇིག་རྟེནད་ཀྱི་ཆོས་ཀྱི་ནང་ན་ཡང་གདའ་ལ།། འཇིག་རྟེནད་ཀྱི་ཆོས་རྣམས་ཀྱིས་ཀྱང་མྱི་གོས།། འཇིག་རྟེནད་ཀྱི་ཆོས་ཀྱི་འཇུག་པར་ཡང་རབ་ཏུ་འཚལ་ལ།། ་འཇིག་རྟེནང་ཆོས་ཀྱི་འཇུག་པར་མྱི་མཆི།། འཇིག་རྟེནད་ཀྱི་ཆོས་ཀྱི་འཇུག་པས་ཀྱང་།། སེམས་ཅན་རྣམས་འཇིག་རྟེནད་ཀྱི་ཆོས་ལས་ཡོངས་སུ་ཐ་རད་པར་བགྱིད།། འཇིག་རྟེནད་གྱི་ཆོས་ཀྱི་མཉམ་པ་ཉིད་ཀྱང་། ་ཐོབ་ལ།། འཇིག་རྟེནང་ན་ཡང་རྣམ་པར་སྤྱོད་ཅིང་།། འཇིག་རྟེ་ནང་གི་ཆོས་རྣམས་ཀྱང་རྣམ་པར་འཇིག་པར་མྱི་བགྱིད་པ་ལགས།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་ཚིགས ་སུ་བཅད་པ་དག་གིས་སླར་བཀའ་སྩལ་པ།། འཇིག་རྟེནང་ཕུ་ང་པོར་རངས་བཤད་དེ།། འཇིག་རྟེནད་དག་ནི་འདི་ལ་གནས།། འདི་ལ་གནས་པར་མ་བྱས་ན།། འཇིག་རྟེན་དུ་ཆོས་ལས་རྣམ་པ ་གྲོལ།། བྱང་ཆུབ་སེམས་དཔའ་མཁས་པ་དེར། འཇིག་རྟེན་རང་བཞིན་ཉིད་ཤེས་ནས།། ཕུང་པོ་རྣམས་དང་རབ་ལྡན་ཡང་།། འཇིག་རྟེ་ནང་ཆོས་དང་ལྡན་མ་ཡིན།། རྙེད་པ་དང་ནི་མ་རྙེད་དང་།། དེ་བཞིན ་གྲགས་དང་མ་གྲགས་དང་། སྟོང་སྤང་བདེ་དང་སྡུག་བསྔལ་དང་།། དེ་དག་གིས་མི་འཇིག་རྟེནད་བསྐྱོད།། ཤེས་རབ་ཆེན་པོ་བརྟནད་དེ་རྣམས།། འཇིག་རྟེ་དང་ཆོས་རྣམས་རབ་གཏོགས་ཤིང་།། འཇིག་རྟེནད་འཇིག་པ་མཐོང ་ནས་མི།། འདི་དག་ལ་ཡང་མྱི་གཡོལ་འགྱུར། རྙེད་པས་མཐོའ་བར་མྱི་སེམས་ཏེ། མ་རྙེད་པས་ཀྱང་དམས་པ་མྱེད། རི་རབ་བཞིན་དུ་མཐུའ་བརྟན་པ།། རྣམ་པ་ཀུན་ཏུ་གནོད་མྱི་འགྱུར།། དེ་བཞིན་གྲགས་དང་མ ་གྲགས་ཀྱང་།། རྟག་ཏུ་མཚུངས་པར་འགྱུར་བ་ཡིན།། བདེ་བ་སྡུག་བསྔལ་བསྟོད་སྤང་ལ། མཉམ་པ་ཉིད་དུ་གནས་པར་འགྱུར།། འཇིག་རྟེནད་འདི་ནི་གཉིས་ལས་བྱུང་།། ཕྱི་ནདང་ཅི་ལོག་ལས་ཀུན་ནས་ལངས།། ་དེ་ཕྱིར་འཇིག་རྟེནད་འགྲོ་རྟོགས་ནས།། མཁས་པ་རྣམས་ནི་འགྲོ་བྱེར་འགྲོ།། འཇིག་རྟེནད་འཇིག་རྟེན་ང་འདི་འགྲོ་ཀག་ཡིན་པ།། འགྲོ་བ་དེ་ནི་དེ་དག་ཤེས།། དེ་ཕྱིར་འཇིག་རྟེན་འགྲོར་ཞུགས་ནས། ་མྱི་བདེ་བ་ལས་སྐྱེ་བོ་འགྲོལ།། དཔའ་བོ་དེ་དག་འཇིག་རྟེནད་སྤྱོད།། པད་མོ་བཞིན་དུ་ཆགས་པ་མྱེད།། ཆོས་ཀྱི་དབྱིངས་ལ་རབ་གནས་ནས།། འཇིག་རྟེནང་དག་ཀྱང་འཇིག་མྱི་བྱེད།། འཇིག་རྟེན་ཆོས་ཉིད་མྱི་ཤེས་པར།། ། ་འཇིག་རྟེནད་གང་ལ་སྤྱོད་པར་ཡང་།། འཇིག་རྟེནང་མཚན་ཉིད་ཤེས་ནས་ནི།། མཁས་པ་དེ་དག་ཉིད་ན་སྤྱོད།། འཇིག་རྟེནད་ནམ་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མྱེད།། དེ་དག་དེའི་འགྲོ་རག་ནས།། ་འཇིག་རྟེན་ད་ཆོས་ཀྱིས་གོས་པ་མྱེད།། ཇི་ལྟར་འཇིག་རྟེནད་རབ་ཤེས་པ།། དེ་བཞིན་སྲོག་ཆགས་རྣམས་ལ་སྨྲ།། ཆོས་ཀྱི་རང་བཞིན་ཤེས་ནས་ནི།། འཇིག་རྟེ་དང་དག་ཀྱང་འཇིག་མྱི་བྱེད། ་ཕུང་པོ་རྣམས་ལ་རང་བཞིན་མྱེད།། འདི་ནི་འཇིག་རྟེན་ཆོས་ཉ་ད་དོ།། གང་རྣམས་དེ་ལྟར་མྱི་ཤེས་པ།། དེ་དག་རྟག་ཏུ་འཇིག་རྟེ་ནད་གནས།། མ་སྐྱེས་པ་དང་མ་བྱུང་བར།། གང་གིས་ཕུང ་པོ་ཀུན་ཤེས་པ།། དེ་དག་འཇིག་རྟེན་སྤྱོད་འགྱུར་ཡང་།། འཇིག་རྟེནད་འདི་ལ་ཡང་མྱི་གནས་སོ།། འཇིག་རྟེན་ཆོས་རྣམས་མྱི་ཤེས་ཤིང་།། འདུ་ཤེས་གཉིས་ལ་གང་གནས་པ།། འདི་དབེན་འདི་ནི་བརྫུན་ནོ་ཞེས།། ་མྱི་མཁས་དེ་དག་བརྩོད་པར་འགྱུར།། འདི་ལྟར་འཇིག་རྟེནད་ཆོས་རྣམས་ཀྱི།། ཡང་དག་ཆོས་ཉིད་ངས་ཤེས་པས།། ང་ནི་འཇིག་རྟེནད་རྣམས་དང་ཡང་།། ནམས་ཀྱང་བརྩོད་པར་མྱི་བྱེད་དོ།། བརྩོད་པ་མྱེད་པའི ་ཆོས་འདི་ནི།། སངས་རྒྱས་ཀུན་ཀྱིས་བཤད་པ་སྟེ།། འཇིག་རྟེན་མཉམ་པ་ཉིད་ཤེས་མ།། འདི་ལ་བདེར་པ་འམ་བརྫུན་པ་མྱེད།། བརྫུན་པ་འམ་ཡང་བདེར་པ་ཞིག། བསྟན་པ་ལ་ནི་རྙེད་གྱུར་ད་ར། མཐ ་འཛི་དད་པར་ནི་ང་འགྱུར་ཏེ།། མུ་སྟེགས་ཅན་དང་ཁྱད་པར་བྱེད།། གང་ཕྱིར་ཆོས་རྣམས་ཡང་དག་མྱིན།། བདེན་པ་དང་ནི་བརྫུན་པ་མྱེད།། དེ་ཕྱིར་འཇིག་རྟེན་འདས་པའི་ཆོས།། ངས་ནི་གཉིས་སུ་མྱེད་པར་བཤད།། ་འཇིག་རྟེནད་ཆོས་ཉིད་ཇི་ལྟ་བར།། གང་གིས་འཇིག་རྟེན་འདི་ཤེས་པ།། མཁས་པ་དེ་དག་བདེན་པ་འམ།། བརྫུན་པའི་ལྟ་བ་ཡང་མྱི་འཛིནད་ཏོ།། ནམ་མཁའ་ལྟ་བུ་མཇམ་དག་པར།། གང་གིས་འཇིག་རྟེ་ང་འདི་ཤེས་པ།། ་གྲགས་པ་ཆེན་པོ་འཇིག་རྟེནད་ཀྱི།། སྣང་བ་ལྟ་བུར་གྱུར་པ་ཡིན།། ང་ཉིད་ཀྱིས་མི་མཐོང་བ་ལྟར།། དེ་ལྟར་གང་ཀྱིས་འཇིག་རྟེན་མཐོང་།། ཕྱོགས་དང་ཕྱོགས་མཚམས་གང་བཞུགས་པ།། རྫོགས་པའི་སངས་རྒྱས་དེ་དག ་གཟིགས།། ཆོས་རྣམས་ངོ་བོ་ཉིད་མྱེད་པར།། བརྟེནད་པའི་ཆོས་རྣམས་རབ་ཏུ་ཤེས།། གང་རྣམས་བརྟན་པ་ཤེས་པ་ནི།། དེ་དག་ཆོས་ཉིད་ཤེས་པ་ཡིན།། གང་རྣམས་ཆོས་ཉིད་རབ་ཤེས་པ།། དེ་དག་སྟོང་པ་ཉིད་དེ ་ཤེས།། གང་རྣམས་སྟོང་ཉིད་རབ་ཤེས་པ།། དེའི་ས་འདྲེན་པ་དེ་རྣམས་མཐོང་།། གང་རྣམས་འཇིག་རྟེན་བསྟནད་པ་འདི།། རྣ་ལམ་གྲག་པར་འ་གྱུར་བྱ་ནི།། དེ་དག་འཇིག་རྟེན་སྤྱོད་མོད་ཀྱི།། འཇིག་རྟེནད་འདི་ལ ་གནས་མ་ཡིན།། ལྷ་ལ་གནས་པ་གང་སུ་དག། གཞན་གིས་ནི་འདི་མ་ཡིན།། འཇིག་རྟེན་དུ་ནི་སྤྱོད་བྱེད་ཀྱང་།། འཇིག་རྟེནད་། འདི་ལ་གནས་པ་མྱེད།། སངས་རྒྱས་མྱ་ངན་འདས་ནས་ཀྱང་།། ་གང་རྣམས་བཟོད་པ་འདིར་མོས་པ།། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ།། རྫོགས་པའི་སངས་རྒྱས་དེ་ལ་བཞུགས།། གང་གིས་ཆུ་ལ་འདི་ཤེས་པ་ནི།། དེས་ནི་ངའི་ཆོས་གཟུང་སྟེ།། དེ་ཡིས་པ ་ལ་རྟག་ཏུ་མཆོད།། དེ་དག་འཇིག་རྟེནད་སྟོནད་པའོ།། གང་ཞིག་འཇིག་རྟེན་བསྟནད་པ་འདི།། རྣ་ལམ་གྲག་པར་གྱུར་པ་ནི།། སྡིག་ཅན་བདུད་ཀྱིས་དེ་དག་ལ།། གླགས་ཀྱང་རྙེད་པར་མྱི་འགྱུར་རོ།། གང་གིས་རྣམ་པ ་འདི་ཤེས་པ།། དེ་དག་ཕྱུག་ཅིང་ལོངས་སྤྱོད་ཆེ།། དེ་དག་སྦྱིན་ལ་བརྟག་པར་དགའ།། དེ་དག་ཚུལ་ཁྲིམས་ཕུན་གསུམ་ཚོགས།། གང་གིས་འཇིག་བརྟེན་འདི་ཤེས་པ།། དེ་དག་བཟོད་པའི་སྟོབས་དང་ལྡན།། དེ་དག་བཅཝོ ་འགྲུས་རྟོགས་པར་རིག། མཁས་པ་དེ་དག་བསམ་གཏན་དགལ།། གང་གིས་རྣམ་པ་འདི་ཤེས་པ།། དེ་དག་ཏིང་འཛིན་ཕུན་གསུམ་ཚོགས།། དེ་དག་ཉེ་བར་ཞི་ལ་དགའ།། བརྟན་པ་དེ་དག་ཤེས་རབ་འཕགས། ་གང་ན་འདི་འདྲ་གྲག་པོའི།། ཕྱོགས་དེ་སངས་རྒྱས་སྟོངས་མ་ཡིན།། སེམས་དཔའ་ཆེན་པོ་རིང་མྱི་ཐོགས།། བྱང་ཆུབ་སྙིང་པོར་འགྲོ་བར་འགྱུར།། གང་རྣམས་འཇིག་རྟེན་བསྟནད་པ་འདི།། རྣ་ལམ། ་རྣམས་གྲག་པར་གྱུར་ད་པ་དག། གཡོ་ཅན་བདུད་རྣམས་བཅོམ་ནས་ནི།། བྱང་ཆུབ་མཆོག་ཏུ་རྫོགས་འཚང་རྒྱ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ད་ཏོ།། ཚངས་པ ་དེ་བཞིན་གཤེགས་པ་འཇིག་རྟེན་གི་ཡུལ་ལས་འདས་པས།། འཇིག་རྟེནད་དང་འཇིག་རྟེན་ཀུན་ཏུ་འབྱུང་བ་དང་།། འཇིག་རྟེ་ནད་འགོག་པ་དང་འཇིག་རྟེནད་འགོག་པར་འགྲོ་བའི་ལམ་དུ་ཡང་འདོགས་སོ།། ཚངས་པ་དེ་ལ། ་འཇིག་རྟེན་ད་ཞེས་བྱ་བ་ནི་ཕུང་པོ་ལྔ་རྣམས་སོ།། གང་དེ་ལ་ཆགས་པ་དེ་ནི་འཇིག་རྟེན་ཀུན་ཏུ་འབྱུང་བའོ།། གང་ཕུང་པོ་རྣམས་ཀྱི་ཟད་པ་དང་།། འགག་པ་དེ་ནི་འཇིག་རྟེན་འགག་པའོ།། གང་ཕུང་པ་རྣམས་ཀྱི་ཟད ་པ་དང་། འགག་པ་དན་འཇིག་རྟེན་འགག་པ་ལ།། གང་ཕུང་པོ། རྣམས་ཚོལ་བ་དང་། མྱི་ཚོལ་བ་གཉིས་སུ་མྱེད་པ་དེ་ནི་ལམ་མོ།། གཞན་ཡང་ཚངས་པ་ཕུང་པོ་རྣམས་ཕུང་པོ་རྣམས་ཤེས་ཐ་སྙད་དུ ་འདོགས་པ་ལ་གང་སྨྲ་བ་དང་། སྨྲ་བར་བལྟ་བ་འདི་ནི་འཇིག་རྟེན་ནོ།། གང་བལྟ་བ་དེ་ནི་རྗེས་སུ་འབྲང་བ་འདི་ནི་འཇིག་རྟེན་ཀུན་འབྱུང་བའོ།། གང་ལྟ་བ་དེ་ཇི་ལྟ་བ་བཞིན་དུ་མཚན་ཉིད་འགག་པ་དེ་མི།། འཇིག ་རྟེན་འགག་པ་ཞེས་བྱའོ།། ལམ་གང་གིས་ལྟ་བ་དེ་དག་མྱི་འཛིནད་པ་དེ་ནི་འཇིག་རྟེནད་འགག་པར་འགྲོ་བའི་ལམ་སྟེ། ཚངས་པ་ངས་འདི་ལ་བསམས་ནས།། པ་ནི་ལུས་འདོམ་གང་བ་འདི་ལ།། འཇིག་རྟེནད་དང ་འཇིག་རྟེན་དཀུན་བྱུང་བ་དང་། འཇིག་རྟེནད་འགག་པ་དང་། འཇིག་རྟེན་འགྲག་པར་འགྲོ་བའི་ལམ་དུ་འདོགས་སོ་ཞེས་ཚིག་དེ་སྐད་བཤང་ངོ་།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གང་འདི་འཕགས་པའི་བདེན་པ་བཞི་བསྟནད་པ།། བཅོམ་ལྡན་འདས་འཕགས་པ་རྣམས་ཀྱི་བདེན་པ་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ་ཚངས་པ་འདི་ནི་སྡུག་བསྔལ་བའོ།། ཞེས་བྱ་བ་དེ་ནི་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་ནོ།། ཚངས་པ་འདི་ནི་སྡུག་བསྔལ་ཀུམ་འབྱུང་བའོ།། འདི་ནི་སྡུག་བསྔལ་འགོག་པའོ།། འདི་ནི་སྡུག་བསྔལ་འགོག་པར། ་འགྲོ་བའི་ལམ་མོ།། ཞེས་བྱ་བ་དེ་ནི་འཕགས་པའི་རྣམས་ཀྱི་བདེན་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པོ་འདི་ནི་སྡུག་བསྔལ་བའོ་ཞེས་བྱ་བ་དེ་ཇི་སྟེ།། འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན། དེ་ནི་བྱོས། ་སོང་བ་ལང་དང་།། བུང་བུ་དང་། སེམས་ཅན་དམྱལ་བ་པ་ཐམས་ཅད་ཀྱི་འཕགས་པ་བདེན་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་སྡུག་བསྔལ་བའི་ཚོར་བ་རྣམས་མྱོང་བའོ།། ཚངས་པ་འདི་ནི་སྡུག ་བསྔལ་ཀུན་འབྱུང་བ་ཞེས་བྱ་བ་དེ་ཇི་སྟེ།། འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན། དེ་ནི་གང་འགྲོ་བ་རྣམས་སུ་འབྱུང་བའི་འགྲོ་བ་ཐམས་ཅད་དུ་སྐྱེས་པོའི་སེམས་ཅན་རྣམས་ཀྱི་ཡང་འཕགས་པ ་བདེན་པར་འགྱུར་རོ།། འདི་ནི་འགོག་པའོ་ཞེས་བྱ་བ་དེ་ཇི་སྟེ། འཕགས་པའི་བདེད་པ་ཡིན་དུ་ཟིན་ན། དེ་ནི་གང་རྣམས་དངོས་པོ།། བཤིགས་པས་མྱ་ངན་ལས་འདས་པ་ཚོལ་བ་འགོག་པར་ལྟ་བར ་ལྟུང་བ་ཆད་པར་སྨྲ་བ། ཐམས་ཅད་ལ་ཡང་འཕགས་པའི་བདེད་པར་འགྱུར་རོ།། འདི་ནི་ལམ་མོ།། ཞེས་བྱ་བ་ཇི་སྟེ།། འཕགས་ལ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན།། དེ་ནི་འདུས་བྱས་ཀྱིས། འདུས ་བྱས་ལས་བྱུང་བར་ཚོལ་བ།། འདུས་བྱས་ལམ་དུ་དམྱིགས་པ་ཐམས་ཅད་ལ་ཡང་འཕགས་པའི་བདེན་པར་འགྱུར་ཏེ། དེ་བས་ན་ཚངས་པའི་རྣམ་གྲངས་འདིས་ཇི་ལྟར་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགེག། ་བ་དང་། ལམ་རྣམས་འཕགས་པ་རྣམས་ཀྱི་བདེར་པ་མ་ཡིན་པར་ཁྱོད་ཀྱིས་རིག་པར་བྱའོ།། དེ་ལྟར་མོད་ཀྱི་ཚངས་པ་གང་སྡུག་བསྔལ་མྱི་སྐྱེ་བ་དེ་ནི་འཕགས་པ་རྣམས་ཀྱི་བདེར་པའོ།། གང་ཀུན་འབྱུང་བ་མྱི་འཇུག ་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། གང་ཆོས་ཐམས་ཅད་ཤིནད་ཏུ་འགགས་པ་ལ། མྱི་སྐྱེ་མྱི་འགོག་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། གང་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དང་། གཉིས་སུ ་མྱེད་པའི་ལམ་བསྒོམ་པ་འདི་མི་འཕགས་པ་རྣམས་ཀྱི་བདེན་པའོ།། ཚངས་པ་གང་བདེད་པ་བདེན་པ་ཞེས་བྱ་བ་ནི། གང་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་པའོ།། བརྫུན་པ་གང་ཞེམ།། བངག། ་ཏུ་འདི་དད་པ་དང་། སེམས་ཅན་དུ་འཛིནད་པ་དང་། སྲོག་དུ་འཛིནད་པ་དང་། གང་ཟག་དུ་འཛིནད་པ་དང་། ཆང་པར་འཛིནད་པ་དང་། བརྟག་པར་འཛིནད་པ་དང་། འབྱུང་བར་འཛིནང་པ་དང་། འཇིག་པར་འཛིད་པ་དང་། སྐྱེ་བར ་འཇིདད་པ་དང་། འགག་པར་འཛིནད་པ་དང་། འཁོར་བར་འཛིནད་པ་དང་། མྱ་ངན་ལས་འདས་པར་འཛིནད་པ་དེ་དག་ནི་བརྫུན་ཞེས་བྱའོ།། གང་འཛིནད་པ་འདི་དག་ལ་མྱི་འཛིནད་ཅིང་མཆོག་དུ་མྱི་སྙེམས་པ་འདི་ནི་བདེར་བ་ཞེས ་བྱའོ།། སྡུག་བསྔལ་ཡོངས་སུ་ཤྭེ་སོ་བྱ་བ་ནི་བརྫུན་ནོ།། ཀུན་འབྱུང་བ་རབ་ཏུ་སྤོང་ངོ་།། ཞེས་བྱ་བ་ནི་རྫུན་ནོ།། འགོག་པ་མངོན་དུ་བྱའོ།། ཞེས་བྱ་བ་ནི་རྫུན་ནོ།། ལམ་སྒོམ་མོ་ཞེས་བྱ་བ་བརྫུན་ནོ།། དེ་ཅིའི་ཕྱིར་ཞེ་ན། ་དེ་དག་ནི་སངས་རྒྱས་ཀྱིས་བཀའ་སྩལ་པའི་དྲན་པ་ལས་ཉམ། ས་པ་ཡིན་ཏེ། དེའི་ཕྱིར་བརྫུན་ཞེས་བྱའོ།། སངས་རྒྱས་ཀྱིས་བཀའ། སྩལ་པ་དྲན་པ་ཞེས་བྱ་བ་གང་ཞེ་ན།། གང་ཆོས་ཐམས་ཅད་ལ ་མྱི་དྲན་ཞིང་ཡིད་ལ་མྱི་བྱེད་པ་འདི་ནི། སངས་རྒྱས་ཀྱིས་བཀའ་སྩལ་པའི་དྲན་པ་ཞེས་བྱ་སྟེ།། གང་དྲན་པ་དེ་ལ་གནས་པ་དོ་ན་མཚན་མ་ཐམས་ཅད་ལ་མྱི་གནས་པའོ།། གང་མཚན་མ་ཐམས་ཅད ་ལ་མྱི་གནས་པ་དེ་ནི་ཡང་དག་པའི་མཐའ་ལ་གནས་པའོ།། གང་ཡང་དག་པའི་མཐའ་ལ་གནས་པ་དེ་ནི་ཡིད་མྱི་གནས་པའོ།། གྲང་ཡིད་མྱི་གནས་པ་དེ་ནི་བདེན་པར་སྨྲ་བ་ཡང་མ་ཡིན། བརྫུན་དུ་སྨྲ་བ་ཡང་མ་ཡིན ་ཏེ། དེའི་ཕྱིར་ཚངས་པ་རྣམ་གྲངས་འདིས་གང་ལ་ཡང་བདེན་པ་ཡང་མྱེད། བརྫུན་པ་ཡང་མྱེད་པ་དེ་ནི། འཕགས་པ་རྣམས་ཀྱི་བདེན་པ་ཡིན་པར་རིག་པར་བྱའོ།། ཚངས་པའི་བདེན་པ་ཞེས་བྱ་བ་དེ་ནི། ནམ་ཡང ་ཕྱི་བདེན་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་སྐྱེས་ཀྱང་རུང་། མ་སྐྱེས་ཀྱང་རུང་། ཆོས་ཉིད་ཆོས་ཀྱི་དབྱིངས་འདི་ནི་གནས་པའོ།། དེ་བཞིན་དུ་འཁོར་བ་དང་། དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་རྟག ་ཏུ་མྱི་ཆང་པར་འཕགས་པ་རྣམས་ཀྱི་བདེན་པའོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འཁོར་བའི་སྤང་བའི་ཕྱིར། འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་བྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཡང་འཕགས་པ་རྣམས།། ་ཀྱི་བདེན་པ་མ་ཡིན་ཏེ། ཚངས་པ་གང་དག་གིས་འཕགས་པའི་བདེན་པ་བཞི་པོ་རྣམས།། དེ་ལྟར་མངོན་པར་རྟོགས་པ་མངོན་དུ་བྱ་བ་དེ་དག་ནི། བདེན་པར་སྨྲ་བ་ཡིན་ནོ།། ཡང་ཚངས་པ་མ་འོངས་པའི་དུས་ན་དགེ ་སློང་ལུས་མ་བསྒོམས་པ། སེམས་མ་བསྒོམས་པ།། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ་ཁ་གཅིག་འབྱུང་སྟེ།། དེ་དག་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་སྨྲ་བར་འགྱུར་རོ།། ཀུན ་འབྱུང་བའི་ཕྱིར་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་སྨྲ་འགྱུར་རོ།། དངོས་པོ་འཇིག་པའི་ཕྱིར་འགོག་པ་འཕགས་པའི་བན་པ་ཞེས་སྨྲ་བར་འགྱུར་རོ།། ལམ་གི་འབྱུང་བའི་ཕྱིར་ལམ་འཕགས ་པའི་བདེན་པ་གཉིས་སུ་སྨྲ་བར་འགྱུར་ཏེ།། སྐྱེས་བུ་བླུན་པོ། དེ་དག་ནི་ཉན་ཐོས་མུ་སྟེགས་ཅན་ཞེས་ངས་བཤད་དོ།། ཀང་རྔ། མས་དངོས་པོ་འཇིག་པས་འགོག་པ་འཕགས་པའི་བདེན་པའོ།། ་ཞེས་སྨྲ་བར་འགྱུར་བ་དེ་དག་ནི་ལམ་ལོག་པར་ཞུགས་པ་ཡིན་ཏེ། ང་ཡང་དེ་དག་གི་སྟོནད་པ་མ་ཡིན། དེ་དག་ཀྱང་ངའི་ཉན་ཐོས་མ་ཡི་ན་མོ།། ཚངས་པ་ལྟོས་ཤིག། ང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུས་ནས ་བདེན་པ་འམ་བརྫུན་པ་ཞེས་བྱ་བ་ཁོང་དུ་མ་ཆུང་ངོ་།། ཆོས་གངངས་ཁོང་དུ་མ་ཆུད་པའི་ཆོས་དེ་དེ་བཞིན་གཤེགས་པ་གཞན་ལ་སྟོནང་བར་མཛད་དམ།། འཆད་པར་མཛད་དམ།། གསོལ་པ་བཅོམ་ལྡན་འདས ་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལང་བ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་མྱི་དམྱིགས་པ་སྟེ།། མ་ཟིན་པའི་སྲིད་པའི་འགྲོ་བ་ཐམས་ཅད་དང་བྲལ་བའོ།། དེ་ནས་བཅོམ་ལྡན་འདས་ལ ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་སྟེ་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས།། ཆོས་གང་ཡང་མ་དམྱིགས་ན་ཅི་མངོན་པར་རྟོགས་པས།། དེ་བཞིན ་གཤེགས་པ་བྱང་ཆུབ་བརྙེས་ཤིང་།། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཚངས་པ་འདི་ཇི་སྙམ་དུ་སེམས།། གང་ངས་འདུས་བྱས་སམ། ་འདུས་མ་བྱས་ཀྱི་ཆོས་བཤད་པ་འདི་དག་དེ་བཞིན་ནམ། དེ་ལྟ་མ་ཡིན།། གསོལ་པ་བཅོམ་ལྡན་འདས་མ་མཆིས་པ་ལགས་སོ།། བདེ་བར་གཤེགས་པ་མ་མཆིས་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ། ་པ། ཚངས་པ་ཆོས་གང་རྣམས་མྱེད་པ་དེ་དག་ཡོད་པ་འམ། འོན་ཏེ་མྱེད་པ། གསོལ་པ་བཅོམ་ལྡན་འདས་གང་མ་མཆིས་པ་དེ་ནི། མཆིས་པ་འམ་མ་མཆིས་པ་ཞེས་མྱི་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད ་པ། ཆོས་གང་ཡོད་པ་ཡང་མ་ཡིན། མྱེད་པ་ཡང་མ་ཡིན་པ་དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་གང་ཡང་ཡོད་དམ།། གསོལ་པ་བཅོམ་ལྡན་འདས་དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ཡང་མ་མཆིས་སོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་དེ་ལྟར་དེ་བ། ཞིན་གཤེགས་པས་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས།། མྱེད་པ། ཕྱི་ནད་ཅི་ལོག་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་ཤི་ནད་ཏུ་རང ་བཞིན་གྱིས་མྱི་སྐྱེ་བའི་ངོ་བོ་ཉིད་དུ་མཁྱེ་རང་ཏེ།། ཇི་ལྟར་ཤི་ནང་ཏུ་མྱི་མཁྱེནད་པ་དང་། ཤི་ནང་ཏུ་རྣམ་པར་མྱི་རིག་པ་དེ་ལྟར་མཁྱེནད་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་ངས་འདི་ལྟར་ཆོས་གང་མངོན་པར་སངས། ་རྒྱས་པ་དེ་ནི་མཐོང་། མ་ཐོས་མྱི་དྲན་མ་རྟོགས། རྣམ་པར་མྱི་རིག་ཅིང་གཟུང་བ་ཡང་མྱེད་སྦྱང་བ་ཡང་མྱེད། བརྗོད་དུ་ཡང་མྱེད། རྗེས་སུ་སྦྱོར་བ་ཡང་མྱེད། ཡུལ་ཐམས་ཅད་ལས་འདས་པ། སྨྲར་མྱེད་པ། རབ་ཏུ་སྤར་མྱེད ་པ། སྤྱོད་པ་མྱེད་པ། རྟོགས་པར་མྱི་རུང་བ། ཡི་གེ་མྱེད་པ། ཚིག་གི་ལམ་མྱེད་པ། རྣམ་པར་རིག་པ་མྱེད་པ་ཡིན་ཏེ། ཚངས་པ་དེ་ལྟར་ཆོས་གང་ནམ་མཁའ་དང་འདྲ་བའི་ཆོས་དེ་མངོན་པར་རྟོགས་པར་འདོད་དམ། ་གསོལ་པ་བཅོམ་ལྡན་འདས་དེ་མི་ལེགས་སོ།། བཅོམ་ལྡན་འདས་སངས་རྒྱས་བཅོ་ལྡན་འདྲ་ས་ཀྱི་ཐུགས་རྗེ་ཆེན་པོ་བསམ་གྱིས་མྱི་ཁྱབ་པའི་ཆོས་དང་ལྡན་ཏེ། དེ་ལྟར་རབ་ཏུ་ཞི་བའི་ཆོས་མངོན་པར་སངས་རྒྱས་ནས། ་ཡི་གེ་དང་ངེས་པའི་ཚིག་གིས་གཞན་དག་ལ་གོ་བར་མཛད་པ་ངོ་མཚ་རད་ཏོ།། བཅོམ་ལྡན་འདས་གང་དེ་བཞིན་གཤེགས་པས་བསྟནད་པའི་ཆོས་ལ་མངོན་པར་དད་པའི་སེམས་ཅན་དེ་དག་ནི་དགེ་བའི་རྩ་བ་ངམ་ངོན་དང་ལྡན ་བ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་འདི་ནི་འཇིག་རྟེནད་ཐམས་ཅད་དང་མྱི་མཐུན་པའོ།། བཀའ་སྩལྡ་པ།། ཚངས་པ་ཇི་ལྟར་འཇིག་རྟེནད་ཐམས་ཅད་དང་མྱི་མཐུན་པ་ཡིན།། གསོས་པ ་བཅོ་ལྡན་འདྲ་འདི་ལྟར་འཇིག་རྟེན་ནི་བདེན་པ་ལ་མངོན་པར་ཆགས་ན།། ཆོས་འདི་ནི་བདེན་པ་ཡང་མ་ལགས།། བརྫུན་པ་ཡང་མ་ལགས་སོ།། འཇིག་རྟེནད་ནི་ཆོས་ལ་མངོན་པར་ཆགས་ན་ཆོས་འདི་ནི་ཆོས་ཀྱང་མ་ལགས།། ་ཆོས་མ་ལགས་པ་ཡང་མ་ལགས་སོ།། འཇིག་རྟེན་ང་ནི་མྱ་ངན་ལས་འདས་པ་ལ་ཆགས་ན། ཆོས་འདི་ས་མི་འཁོར་བ་ཡང་མ་མ་ཆིས།། མྱ་ངན་ལས་འདས་པ་ཡང་མ་མཆིས་སོ།། འཇིག ་རྟེནང་ནི་དགེ་བ་ལ་མངོན་པར་ཆགས་མ། འདི་ལ་ནི་དགེ་བ་ཡང་མ་མཆིས།། མྱི་དགེ་བ་ཡང་མ་མཆིས་སོ།། འཇིག་རྟེནང་ནི་བདེ་བ་ལ་མངོན་པར་ཆགས་ན། འདི་ལ་ནི་བདེ་བ་ཡང་མ་མཆིས། ་སྡུག་བསྔལ་བ་ཡང་མ་མཆིས་སོ།། འཇིག་རྟེན་ད་ནི་སངས་རྒྱས་འབྱུང་བ་ལ་མངོན་པར་ཆགས་ན།། འདི་ལ་ནི་སངས་རྒྱས་འབྱུང་བ་ཡང་མ་མཆིས།། མྱ་ངན་ལས་འདས་པ་ཡང་མ་མཆིས་སོ།། ཆོས ་བསྟནད་ཀྱང་དེ་བརྗོད་དུ་མ་མཆིས་པའོ།། དགེ་འདུན་བསྟརང་ཀྱང་དེ་བརྗོད་དུ་མ་མཆིས་པའོ།། དགེ་འདུན་བསྟནད་ཀྱང་དེ་འདུས་མ་བགྱིས་པའོ།། དེའི་སླད་དུ་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མྱི་མ ་པ་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་མྱེ་དང་ཆུའམ་ཆུ་དང་མྱེའི་གནས་འདི་ནི་མྱི་མཐུན་པའོ།། དེ་བཞིན་དུ་ཉོན་མོངས་པ་དང་། བྱང་ཆུབ་འམ། བྱང་ཆུབ་དང་ཉོན་མོངས་པ་ནི་མྱི་མཐུན་པའོ།། ་དེ་ཅིའི་སླད་དུ་ཞེ་ན། ཉོན་མོངས་པ་མ་མཆིས་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ།། བཤད་ཀྱང་སྡང་བའི་གཟུགས་མ་ལགས།། ཀུན་མཁྱེར་ད་ཀྱང་རྣམ་པར་མཁྱེདད་པ་མ་མཆིས། ་བསྒོམས་ཀྱང་གཉིས་སུ་མ་བགྱིས། མངོན་དུ་བགྱིས་ཀྱང་ཐོབ་པ་མ་མཆིས། མྱ་ངན་ལས་ཟླས་ཀྱང་ཞི་བ་ཡང་མ་མཆིས་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་རྣམས་ཆོས་ཀྱི་ཚུལ་གྱི ་རྣམ་པ་འདི་ལ་མོས་པ་དེ་དག་ནི་ལྟ་བར་གྱུར་བ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ།། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བགྱིས་ཤིང་། སྔོན་གྱི་རྒྱལ་བ་ལ་ལྷག་པར་བགྱི་བ་བགྱིས་པ་ལགས་སོ།། དེ་དག་ད ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ལགས་སོ།། དེ་དག་དགེ་བའི་རྩ་བ་འབར་བའི་སླད་དུ། རྒྱ་ཆེན་པོ་ལ་མོས་པར་འགྱུར་རོ།། དེ་དག་དེ་བཞིན་གཤེགས་པའི་མཛོད་འཆང་བ་སླད་གཏེར་རབ་ཏུ་རྙེད་པར་འགྱུར་རོ།། དེ་དག ་ལེགས་པར་བགྱི་བའི་ལས་བགྱིས་པའི་སླད་དུ།། ལས་ཀྱི་མཐའ་ཤི་ནད་ཏུ་མཐུན་པར་འགྱུར་རོ།། དེ་དག་སངས་རྒྱས་ཀྱི་རིགས་འཛིན་པའི་སླད་དུ་རིགས་བཙུན་པར་འགྱུར་རོ།། དེ་དག་ཉོན་མོངས་པ་ཟས ་ཅད་ཡོངས་སུ་གཏང་བའི་སླད་དུ། གཏོང་བ་ཆེན་པོ་དང་ལྡན་པར་འགྱུ། ར་རོ།། དེ་དག་ཚུལ་ཁྲིམས་ཀྱི་སྟོབས་དང་ལྡན་པར་འགྱུར་ཏེ། ཉོན་མོངས་པའི་སྟོབས་ཅན་མ་ལགས།། ལུས་དང་སྲོག་བོར་བ ་སླད་དུ་དེ་དག་བཟོད་པའི་སྟོབས་ཅན་དུ་འགྱུར་རོ།། དེ་དག་ཡིད་ཡོངས་སུ་བསྐྱོབ་པ་མ་མཆིས་པའི་སླད་དུ། བརྩོན་འགྲུས་ཀྱི་སྟོབས་ཅན་དུ་འགྱུར་རོ།། དེ་དག་སྡིག་པའི་ལས་སྲེགས་པའི་སླད་དུ།། བསམ ་གཏན་གི་སྟོབས་ཅན་དུ་འགྱུར་རོ།། དེ་དག་སྡིག་པར་ལྟ་བ་རྣམས་དང་བྲལ་བའི་སླད་དུ། ཤེས་རབ་ཀྱི་སྟོབས་ཅན་དུ་འགྱུར་རོ།། དེ་དག་བདུད་རྣམས་ཀྱིས་རབ་ཏུ་ཐུབ་པར་དཀའ་བར་འགྱུར་རོ།། དེ་དག་ཕྱིར་རྒོལ་བ་རྔས ་མྱི་རྫི་བར་འགྱུར་རོ།། དེ་དག་དེ་བཞིན་གཤེགས་པ་རྣམས་ལ་མྱི་སྨྲ་བར་འགྱུར་རོ།། དེ་དག་ཆོས་ཀྱི་རང་བཞིན་སྟོནད་པ་ལ་མཁས་པའི་སླད་དུ་ཡང་དག་པར་སྨྲ་བར་འགྱུར་རོ།། དེ་དག་དོན་དམ་པའི་ཆོས་སྟོན་པན ་སླད་དུ། བདེར་པ་སྨྲ་བར་འགྱུར་རོ།། དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་བཟུང་བར་འགྱུར་རོ།། དེ་དག་འགྲོགས་ན་བདེ་བའི་སླད་དུ་ངེས་པར་འགྱུར་རོ།། དེ་དག་འཕགས་པའི་ནོར་རྣམས་ཀྱི་ནོར་དང་ལྡན་པར ་འགྱུར་རོ།། དེ་དག་འཕགས་པའི་རིགས་རྣམས་ཀྱིས་ཆོག་འཚལ་བར་འགྱུར་རོ།། གསོའ་སླ་ཞིང་དགང་སླ་བར་འགྱུར་རོ།། དེ་དག་ཕ་རོལ་ཏུ་མཆི་བའི་སླད་དུ་དབུགས་འབྱེད། ཐོབ་པར་འགྱུར་རོ།། དེ་དག་མ་རྒལ་བ་རྣམས ་གྲོལ་བར་འགྱུར་རོ།། དེ་དག་མ་གྲོལ་བ་རྣམས་གྲོལ་བར་བགྱིད་པར་འགྱུར་རོ།། དེ་དག་དབུགས་འབྱི་དད་པ་མ་མཆིས་པ་རྣམས་དབྱིན་པར་འགྱུར་རོ།། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན ་ལས་ཟླ་བར་འགྱུར་རོ།། དེ་དག་ལམ་སྟོནད་པར་འགྱུར་རོ།། དེ་དག་མྱ་ངན་ལས་འདས་པ་སྟོནད་པར་འགྱུར་རོ།། དེ་དག་སྨན་ཐམས་ཅད་ཡོངས་སུ་འཚལ་བའི་སླད་དུ་སྨད་པ་རྣམས་ཀྱི་རྒྱལ་པོར་འགྱུར་རོ།། དེ་དག ་ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པའི་སླད་དུ། སྨན་ལྟ་བུར་འ། གྱུར་རོ།། དེ་དག་ཡེ་ཤེས་ཀྱི་སྟོབས་དང་ལྡན་པར་འགྱུར་རོ།། དེ་དག་མཐུས་སྤྲོ་བ་དང་ལྡན་པར་འགྱུར་རོ།། དེ་དག་གཞན་། ་དྲིང་མྱི་འཇོག་པའི་སླད་དུ། རྩ་ལང་དང་ལྡན་པར་འགྱུར་རོ།། དེ་དག་འཇིགས་པས་སྤུ་ལྡང་བ་མ་མཆིས་པའི་སླད་དུ། སེང་གེ་ལྟ་བུར་འགྱུར་རོ།། དེ་དག་ཅང་ཤེས་པའི་སླད་དུ་བ་ཡང་ལྟ་བུར ་འགྱུར་རོ།། དེ་དག་སེམས་རབ་ཏུ་དུལ་བའི་སླད་དུ་གླང་པོ་ཆེར་འགྱུར་རོ།། དེ་དག་འཁོར་མང་པོ་ཡོངས་སུ་སྡུད་པའི་སླད་དུ། ཁྱུད་མཆོག་དུ་འགྱུར་རོ།། དེ་དག་བདུད་དང་ཕྱིར་རྒོལ་བ་རྣམས་རབ་ཏུ་བཅོམ་པའི་སླད་དུ། ་དཔའ་བོར་འགྱུར་རོ།། དེ་དག་འཁོར་གིས་འཇིགས་པས་མ་མཆིས་པའི་སྲད་དུ་བརྟན་པར་འགྱུར་རོ།། དེ་དག་ཀྱི་འཇིགས་པ་ཐོབ་པའི་སླད་དུ་གྱི་ཐུབ་པར་འགྱུར་རོ།། དེ་དག་བདེན་པ་བསྟན་པ་རྣམས་ལ་འཇིགས ་པ་མ་མཆིས་པར་འགྱུར་རོ།། དེ་དག་དཀར་པོའི་ཕྱོགས་ཡོངས་སུ་རྒྱས་པའི་སླད་དུ་ཟླ་བ་དང་མཚུངས་པར་འགྱུར་རོ།། དེ་དག་ཤེས་རབ་ཀྱིས་སྣང་བར་བགྱིད་པས་ཉི་མ་ལྟ་བུར་འགྱུར་རོ།། དེ་དག་མུན་པ་ཆེན་པོ ་དང་བྲལ་བའི་སླད་དུ། སྒྲོན་མ་ལྟ་བུར་འགྱུར་རོ།། དེ་དག་མཛའ་བ་དང་། ཁོང་འཁྲོ་བ་མ་མཆིས་པའི་སླད་དུ། གཞི་རྟེན་ལྟ་བུར་འགྱུར་རོ།། དེ་དག་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་སླད་དུ་ས་དང་མཚུངས ་པར་འགྱུར་རོ།། དེ་དག་ཆོས་ཐམས་ཅད་ལ་མྱི་གནས་པའི་སླད་དུ། རླུང་དང་མཚུངས་པར་འགྱུར་རོ།། དེ་དག་ཉོན་མོངས་པའི་དྲིམ་ཐམས་ཅད་འབྲུ་བའི་སླད་དུ། ཆུ་དང་མཚུངས་པར་འགྱུར་རོ།། ་དེ་དག་རློམ་སེམས་ཐམས་ཅད་ཡང་དག་པར་འཇོམ་པའི་སླད་དུ། མྱེ་དང་མཚུངས་པར་འགྱུར་རོ།། དེ་དག་སྐྱོང་མྱི་ནུས་པའི་སླད་དུ། རི་རབ་དང་མཚུངས་པར་འགྱུར་རོ།། དེ་དག་ལྷག་པའི་བསམ་པ་བརྟན་ཞིང ་མྱི་ཕྱེད་པའི་སླད་དུ།། རྡོ་རྗེ་ལྟར་སྲ་བའི་འཁོར་ཡུག་ཀི་རི་ལྟ་བུར་འགྱུར་རོ།། དེ་དག་ཕས་ཀྱིས་རྒོལ་བ་ཐམས་ཅད་ཀྱིས་གདུལ་བར་དཀའ་བར་འགྱུར་རོ།། དེ་དག་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས ་གཏིང་དཔག་དཀའ་བར་འགྱུར་རོ།། དེ་དག་ཆོས་རིན་པོ་ཆེ་ཐམ་ས་ཅད་འདུལ་བའི་སླད་དུ་རྒྱ་མཚོ་ལྟ་བུར་འགྱུར་རོ།། དེ་དག་ཉོན་མོངས་པ་ཐམས་ཅད་བས་པའི་སླད་དུ་གཏིང་དང་འདྲ་བར་འགྱུར་རོ།། ་དེ་དག་ཆོས་ཡོངས་སུ་ཚོལ་བས་ཆོག་མྱི་ཤེས་པར་འགྱུར་རོ།། དེ་དག་ཤེས་རབ་ཀྱིས་ངོམས་པར་འགྱུར་རོ།། དེ་དག་ཆོས་ཀྱི་འཁོ། ར་ལོ་རབ་ཏུ་བསྐོར་བས། རྒྱལ་པོ་དང་མཚུངས་པར་འགྱུར་རོ།། ་དེ་དག་གཟུགས་འཛིན་པའི་སླད་དུ། རྒྱ་བྱིན་དང་མཚུངས་པར་འགྱུར་རོ།། དེ་དག་དབང་བསྒྱུར་བའི་སླད་དུ་ཚངས་པ་དང་མཚུངས་པར་འགྱུར་རོ།། དེ་དག་ཆོས་མངོན་པར་སྒྲོག་པོའི་སླད་དུ། སྤྲིན་དང་འདྲ་བར་འགྱུར་རོ།། ་དེ་དག་བདུད་རྩིའི་ཆར་རབ་ཏུ་འབེབས་པའི་སླད་དུ་ཆར་དང་འདྲ་བར་འགྱུར་རོ།། དེ་དག་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་རྣམ་པར་འཕེལ་བར་བགྱིད་པར་འགྱུར་རོ།། དེ་དག་འཁོར་བའི་འདམ་ལ་རྒལ ་བར་འགྱུར་རོ།། དེ་དག་སངས་རྒྱས་ཀྱི་ཡེ་ཤེས་ལ་ཞུགས་པར་འགྱུར་རོ།། དེ་དག་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་འགྱུར་རོ།། དེ་དག་བློས་མཉམ་པ་མ་མཆིས་པར་འགྱུར་རོ།། དེ་དག་ཐོས་པས་མྱི་མཉམ་པ་དང ་མཉམ་པར་འགྱུར་རོ།། དེ་དག་གཞལ་བ་སྲ་འདས་པའི་སླད་དུ། མཚུངས་པ་མ་མཆིས་པའི་སླད་དུ། མཚུངས་པ་མ་མཆིས་པར་འགྱུར་རོ།། དེ་དག་སྤོབས་པས་ཐོགས་པ་མ་མཆིས་པར་འགྱུར་རོ།། དེ་དག་གཟུངས ་རབ་ཏུ་ཐོབ་པའི་སླད་དུ་དྲན་པ་དང་ལྡན་པར་འགྱུར་རོ།། དེ་དག་དོན་རྟོགས་པའི་སླད་དུ་འབྲང་བས་རྟོགས་པ་དང་ལྡན་པར་འགྱུར་རོ།། དེ་དག་ཆོས་ལ་ཚུལ་བཞིན་དུ་སོ་སོར་རྟོགས་པའི་སླད་དུ་གློ་གྲོས་དང་ལྡན་པར་འགྱུར་རོ།། ་དེ་དགསེཾས་ཅན་གི་བསམ་པ་རྣམས་ལ་མཁས་པར་འགྱུར་རོ།། དེ་དག་འཇིག་རྟེན་ལ་ཕན་པར་བགྱི་བའི་སླད་དུ་བརྩོན་པར་འགྱུར་རོ།། དེ་དག་འཇིག་རྟེན་ལས་འཕགས་པར་འགྱུར་རོ།། དེ་དག་པད་མོ་ལྟ་བུར་མྱི་ཆགས་པར། ་འགྱུར་རོ།། དེ་དག་འཇིག་རྟེན་གི་ཆོས་རྣམས་ཀྱིས་ཡོངས་སུ་མ་ཟིན་པར་འགྱུར་རོ།། དེ་དག་མཁས་པ་རྣམས་དགའ་བར་འགྱུར་རོ།། དེ་དག་མང་དུ་ཐོས་པ་རྣམས་ཀྱིས་ཆེར་བཀུར་བར་འགྱུར་རོ།། དེ་དག་རིག་པ་རྫས ་ཀྱིས་རི་མོར་བགྱི་བར་འགྱུར་རོ།། དེ་དག་ལྔ་དང་མྱི་རྣམས་ཀྱིས་མ་ཆོད་པར་འགྱུར་རོ།། དེ་དག་འཇིག་རྟེན་རྣམས་ཀྱིས་ཕྱག་བགྱི་བར་འ་གྱུར་རོ།། དེ་དག་འཛག་རྟེནད་རྣམས་ཀྱིས་ཕྱག་བབྱ་བར་འགྱུར་བ། ་དེ་དག་འཕགས་པ་རྣམས་ཀྱིས་བཀུར་བསྟི་བགྱི་བར་འགྱུར་རོ།། དེ་དག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་སྨོན་པར་བགྱི་བ། ར་འགྱུར་རོ།། དེ་དག་ཉི་ཚེར་སྤྱོད་པ་ལ་རེ་བ་མ་མཆིས་པར་འགྱུར ་རོ།། དེ་དག་ཆགས་པ་མ་མཆིས་པའི་སླད་དུ།། ཚུལ་མྱི་ཆོས་པར་འགྱུར་རོ།། དེ་དག་སྤྱོད་ལམ་མཛེས་པར་འགྱུར་རོ།། དེ་དག་གཟུག། ས་བལྟ་ན་སྡུག་པར་འགྱུར་རོ།། དེ་དག་གཟི་བརྗིད་ཀྱིས་ཡིད་ཆེས ་པར་འགྱུར་རོ།། དེ་དག་མཚན་རྣམས་ཀྱིས་བརྒྱད་པར་འགྱུར་རོ།། དེ་དག་དཔེའ་བྱང་བཟང་པོ་རྣམས་ཀྱིས་རྣམ་པར་སྦས་པར་འགྱུར་རོ།། དེ་དག་སངས་རྒྱས་ཀྱི་རིགས་ཡང་དག་པར་འཛིན་པར་འགྱུར་རོ།། དེ་དག་ཆོས ་ཀྱི་རིགས་ཡོངས་སུ་སྲུང་བར་འགྱུར་རོ།། དེ་དག་དགེ་འདུན་གི་རིགས་ཀུན་ཏུ་སྲུང་བར་འགྱུར་རོ།། དེ་དག་ནི་སངས་རྒྱས་ཐམས་ཅད་ཀྱིས་གཟིགས་སོ།། དེ་དག་གིས་སྤྱོད་ཀྱི་སྤྱར་རབ་ཏུ་ཐོབ་པོ།། དེ་དག་སངས་རྒྱས་ཀྱི ་ཡེ་ཤེས་སུ་ལུང་བསྟན་པར་འགྱུར་རོ།། དེ་དག་གི་བཟོད་པ་གསུམ་ཡོངས་སུ་རྫོགས་པར་བགྱིས་སོ།། དེ་དག་བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་རྫོགས་པ་ལ་གནས་སོ།། དེ་དག་གིས་བདུད་ཀྱི་སྡེ་རབ་ཏུ་བཅོམ་མོ།། དེ་དག། ་གིས་མཁྱེནད་པ་ཉིད་ཐོབ་པོ།། དེ་དག་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འགྱུར་རོ།། དེ་དག་བཅོམ་ལྡན་འདས་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་ཏེ། བཅོམ་ལྡན་འདས་གང་ཆོས་ཀྱི་ཚུལ་ཟབ་མོ་འདི་ཐོས ་རས་མྱི་སྐྲག་མྱི་དངང་ཤི་ནང་ཏུ་དངང་བར་མྱི་འགྱུར་བ་དང་། གང་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འདི་ལྟར་ཟབ་པ། འདི་ལྟར་ཤེས་བཀའ་བ། འདི་ལྟར་བལྟ་བཀའ་བ།། འདི་ལྟར་ཁོང་དུ་ཆུད་པར་དཀའ་བ། འདི་ཐོས ་ནས་མོས་པར་འགྱུར་བ་དང་། འཛིནད་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། གཞན་ལ་ཡང་རྒྱས་པར་བགྱིད་པར་འགྱུར་བ་དང་། ཆོས་འདི་ལ་རབ་ཏུ་ཞུགས་ཤིང་།། གཞན་ཡང་ནན་ཏན་ལ་འགོད་པར་བགྱིད་པའི་སྐྱེས་བུ ་དམ་པ་དེ་དག་གིས་བསྔགས་པ་བསྐལ་པའམ་བསྐལ་ད་པ་ལས་ལྷག་པར་བརྗོད་ཅིང་།། ཡོན་ཏན་ཡོངས་སུ་བསྒྲགས་ཀྱང་བཅོམ་ལྡན་འདས་བདག་གི་སྐྱེས་བུ་དམ་པ་དེ་དག་གི་ཡོན་ཏན་མཐར་མྱི་ཕྱིན་ཏོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཁྱོད་ཀྱིས་སྐྱེས་བུ་དམ་པ་དེ་དག་གི་བསྔགས་པའམ་ཡོན་ཏན་ཅི་ཙམ་དུ་ཤེས།། ཚངས་པས་གསོལྡ་པ། དེ་བཞིན་གཤེགས་པས་ཐོགས་པ་མ་མཆི ་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཇི་སྙེད་མཁྱེནད་པ་དང་། དེ་དག་གི་ཡོན་ཏན་དེ་དག་དང་། དེ་ལས་ལྷག་པར་ཡང་འཚལ་བར་བགྱི་སྟེ།། གང་དེ་བཞིན་གཤེགས་པས་བཤད་པའི་དོན་དང་ཚིག་དང་ཡི་གེ ་ཟབ་མོ་རྣམས་རྟོགས་པར་རིག་པ་དང་། ལྡེམ་པོ་ངག་འཚལ་བ་དང་། མཐུན་པར་བགྱིད་ཅིང་། འགལ་བར་མྱི་བགྱིད་པ་དང་། ཡང་དག་པར་སྦྱོར་ཞིང་སུན་འབྱིན་པར་མྱི་བགྱིད་པ་དང་། དོན་རྟོགས་པར་རིག་ཅིང་། ཡི་གེ། ་ཕྱིར་མྱི་སྟེགས་པ་དེ་དག་ནི་བརྗོད་པ་གང་གིས་དེ་བཞིན་གཤེགས་པ་རྣམས་ཆོས་གསུང་བ་དང་། ལྡེམ་པོ་དག་གང་གྱིས་དེ་བཞིན་གཤེགས་པ་ཆོས་གསུང་བ་དང་། ཐབས་གག་དང་།། ཚུལ་ཀག་དང་། སྙིང་རྗེ་ཆེན་པོ་གས ་གིས་དེ་བཞིན་གཤེགས་པ་ཆོས་བསྟོན་པའི་ངེས་པའི་ཚིག་བརྗོད་པ་རབ་ཏུ་འཚལ་ལོ།། ཚངས་པ་བྱང་ཆུབ་སེམས་དཔའ་གང་ལ་ལ་དེ་བཞིན་གཤེགས་པའི་སྟོབས་ལྔའི་སྦྱོར་བ་འདི་ཤེས་ན། བྱང་ཆུབ་སེམས་དཔའ་དེ་ནི ་སངས་རྒྱས་ཀྱི་མཛད་པས་སེམས་ཅན་རྣམས་ལ་ཉེ་བར་གནས་པ་ཞེས་བྱའོ།། གསོལ་དཔ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་ལྔའི་སྦྱོར་བ་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས ་སྨྲ་བ་དང་། སྡེམ་པོ་ངག་དུ་སྨྲ་བ་བསྟནང་པ་དང་།། ཐབས་ཀྱི་ཆོས་ལ་མོས་པར་བྱེད་པ་དང་། ཚུལ་ཉེ་བར་བསྟནད་པ་དང་། སྙིང་རྗེ་ཆེན་པོའི་རྗེས་སུ་འདུག་པ་སྟེ། ཚངས་པ་འདི་དག་ནི་གང་ཉན་ཐོས་དང་རང་སངས་རྒྱས་ཐམས ་ཅད་ཀྱིས་མ་ཡིན་པ།། དེ་བཞིན་གཤེགས་པའི་སྟོབས་ལྔའི་སྦྱོར་བའོ།། གསོལ་པ་བཅོམ་ལྡན་འདས་གསུང་བ་གང་གིས་དེ་བཞིན་གཤེགས་པའི་ཆོས་རྣམས་གསུང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས ་པ་འདས་པ་སྨྲ་བ་དང་། མ་འོངས་པ་སྨྲ་བ་དང་། ད་ལྟར་བྱུང་བ་སྨྲ་བ་དང་། ཀུན་ནས་ཉོན་མོངས་པ་སྨྲ་བ་དང་། རྣམ་པར་བྱང་བ་སྨྲ་བ་དང་། དགེ་བ་དང་མྱི་དགེ་བ་སྨྲ་བ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས ་བ་སྨྲ་བ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པར་སྨྲ་བ། དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མྱེད་པར་སྨྲ།། བ་དང་། འདུས་བྱས་དང་འདུས་མ་བྱས་སྨྲ་བ་དང་། བདག་དང་སེཾས ་ཅན་དང་། སྲོག་དང་། གསོའ་བ་དང་། སྐྱེས་བུ་དང་། གང་ཟག་སྨྲ། བ་དང་། ཐོབ་པ་མངོན་དུ་བྱེད་པ་སྨྲ་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་སྨྲ་བ་དང་། ཚངས་པ་སྨྲ་བ་དེ་དག་ཀྱང་ཡོངས་སུ་མ་གྲུབ ་པའི་ཚུལ་གྱིས་སྨྲ་བ་སྒྱུ་མ་ལྟ་བུར་བལྟའོ།། མྱེད་པ་མཐོང་བའི་ཚུལ་གྱིས་སྨྲ་བ་རྨྱི་ལམ་ལྟ་བུར་བལྟའོ།། རཔ་ཀའི་སྒྲ་སྐད་ཀྱི་ཚུལ་གྱི་སྨྲ་བ་བྲག་ཆ་ལྟ་བུར་བལྟའོ།། རྐྱེ་དང་འདུས་པའི་ཚུལ་གྱིས་སྨྲ་བ་མྱི་གཡོར་ལྟ་བུར་བལྟའོ།། ་རྒྱུ་མྱི་འཕོ་བའི་ཚུལ་གྱིས་སྨྲ་བ་གཟུགས་བརྙ་ལྟ་བུར་བལྟའོ།། ཕྱི་ནང་ཅི་ལོག་ཏུ་མཐོང་བའི་ཚུལ་གྱིས་སྨྲ་བ་སྤྱིག་རྒྱུ་ལྟ་བུར་བསྡུའོ།། མྱི་འབྱུང་མྱ་འཇིག་པའི་ཚུལ་གྱིས་སྨྲ་བ་ནས་ཀ་ལྟ། ཁུར་བལྟའོ།། བརྗོད་དུ་མྱེད་པའི ་ཚུལ་གྱིས་སྨྲ་བ་སྨྲར་མྱེད་པར་བལྟའོ།། ཚངས་པ་བྱང་ཆུབ་སེམས་དཔའ་གང་ཆོས་སྨྲ་བ་འདི་ཤེས་ན། བྱང་ཆུབ་སེམས་དཔའ་དེ་དག་ནི་སྨྲ་བ་ཐམས་ཅད་སྨྲ་བ་ཡང་། ཆོས་གང་ལ་ཡང་མངོན་པར་མྱི་ཆགས་སོ།། ་དེ་མངོན་པར་མ་ཆགས་པས་ཡེ་ཤེས་ཐོགས་པ་མྱེད་པའི་སྤོབས་པ་གང་གིས་བསྐལ་པ་གང་འགའི་ཀླུང་གི་བྱེ་མ་སྙེད་དུ་ཆོས་བཤད་ཅིང་། རྒྱུན་མྱི་ཆད་པ་དང་སྨྲ་བ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་དང་ཐ་མྱི་དང ་བར་སྨྲ་བ་དང་། ཆོས་རྣམས་ཀྱི་ཐ་མྱི་དད་པ་ལ་ཡང་མངོན་པར་ཆགས་པར་མྱི་འགྱུར་བའི་ཡེ་ཤེས་ཐོགས་པ་མྱེད་པའི་སྤོབས་པ་འཐོབ་པོ།། ཚངས་པ་དེ་བཞིན་གཤེགས་པས་དེ་ལྟར་གསུང་བར་ཆོས་བརྗོད་དོ།། ཚངས་པ་དེ་ལ ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལྡེམ་པོ་ངག་ལ་མཁས་པ་ཁོང་དུ་ཆུད་ཅེ་ན།། ཚངས་པ་འདི་དེ་བཞིན་གཤེགས་པ་ཀུན་ནས་ཉོན་མོངས་པ་ཡང་རྣམ་པར་བྱང་བར་སྟོནང་། རྣམ་པར་བྱང་བ་ཡང་ཀུན་ནས། ་ཉོན་མོངས་པར་སྟོནད་ཏེ། དེ་ལ་བྱང་ཆུབ་སེམས་དཔས་ལྡེམ་པོ་ངག་དུ་ཤེས་པར་བྱའོ།། ཚངས་པ་དེ་བཞིན་གཤེགས་པ་ཀུན་ནས་ཉོན་མོངས་པ་ལ་རྣམ་པར་བྱང་བར་ཇི་ལྟར་སྟོན་ཅེ་ན། ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་རློམ ་སེམས་མྱེད་པའི་ཕྱིར། ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བར་སྷོ།། ནད་ཏོ།། རྣམ་པར་བྱང་བ་ཀུན་ནས་ཉོན་མོངས་པ་ཇི་ལྟར་སྟོནད་ཅེ།། ན། རྣམ་པར་བྱང་བའི་ངོ་བོ་ཉིད་རློམ་སེམས་མྱེད་པའི་ཕྱིར་ཏེ། ་དེ་ལྟར་རྣམ་པར་བྱང་བ་ཀུན་ནས་ཉོན་མོངས་པར་སྟོན་ཏོ།། ཚང་ས་པ་ང་སྦྱིན་བླ་མྱ་ངན་ལས་འདས་པར་སྟོནང་ཏེ། དེ་ནི་བྱིས་པ་དག་ཀྱིས་མྱི་ཤེས་ཀྱི་དེ་ལ་བྱང་ཆུབ་སེམས་དཔའ་ལྡེམ་པོ་ངག་ལ་མཁས ་བོ་ནི། སྦྱིན་པ་ཡང་ཕྱི་མའི་ཚེ་སྐྱེད་པ་ཆེན་པོར་འགྱུར་ཡང་། འདི་ལ་ཆོས་གང་ཡང་འཕོའ་བ་མྱེད་དོ།། མྱི་འཕོ་བས་ན་མྱ་ངན་ལས་འདས་པའོ།། མངོན་པར་འདུ་མྱི་བྱེད་པའི་ཚུལ་གྱིས་ཚུལ་ཁྲིམས་ཀྱིས་མྱ་ངན་ལས ་འདས་པའོ།། སྐད་གཅིག་པའི་ཚུལ་གྱིས་བཟོད་པས་མྱ་ངན་ལས་འདས་པའོ།། བླང་བ་དང་དོར་བ་མྱེད་པའི་ཚུལ་གྱིས་བརྩོར་འགྲུས་ཀྱིས་མྱ་ངན་ལས་འདས་པའོ།། རྣམ་པར་མྱི་རྟོག་པའི་ཚུལ་གྱིས་བསམ་གཏན་གི ་མྱ་ངན་ལས་འདས་པའོ།། ཐོབ་པ་མྱེད་པའི་མཚན་ཉིད་ཀྱིས་ཤེས་རབ་ཀྱིས་མྱ་ངན་ལས་འདས་པའོ།། ཆོས་ཀྱི་དབྱིངས་འདོད་ཆགས་དང་བྲལ་བས་ན། འདོད་ཆགས་ནི་འདོད་ཆགས་དང་བྲལ་བའི་མཐའོ།། ཆོས་ཀྱི ་དབྱིངས་ལ་གཏུམ་པ་མྱེད་པས་ཞེ་སྡང་ནི་ཡང་དག་པའི་མཐའོ།། ཆོས་རྣམས་ལ་རྨོངས་པ་མྱེད་པའི་ཕྱིར། གཏི་མུག་ནི་གཏི་མུག་མྱེད་པའི་མཐའོ།། འཆི་འཕོ་མྱེད་པ་དང་། སྐྱེ་བ་མྱེད་པོའི་ཚུལ་གྱིས་འཁོར་བ་ཡང་མྱ ་ངན་ལས་འདས་པའོ།། མངོན་པར་ཆགས་པའི་ཚུལ་གྱིས་མྱ་ངན་ལས་འདས་པ་ཡང་འཁོར་བའོ།། ཐ་སྙད་དུ་འདོགས་པའི་ལྟ་བས་བདེན་པ་ཡང་བརྫུན་པའོ།། མངོན་པོའི་ང་རྒྱལ་ཅན་རྣམས་ལ་ནི།། བརྫུན་པ་ཡང ་བདེན་པའོ།། ཞེས་དེ་ལྟར་ཤེས་སོ།། གཞན་ཡང་ཚངས་པའི་དེ་བཞིན་གཤེགས་པ་ནི་ལྡེམ་པོ་ངག་གིས་རྣམ་གྲངས་ཀྱིས་བདག་ཉིད་རྟག་པར་སྨྲ་བར་ཞལ་གིས་བཞེས་སོ།། བདག་ཉིད་ཀུན་ནས་ཉོན་མོངས་པར་སྨྲ་བ ་དང་། ཆད་པར་སྨྲ་བ་དང་། བྱ་བ་མྱེད་པར་སྨྲ་བ་དང་། ལོག་པར་བལྟ་བུ་དང་། མ་དད་པ་དང་། བྱས་པ་མྱི་གཟོའ་བ་དང་། ཚམས་གཅོད་པ་དང་། སྐྱུགས་པ་ཟ་བ་དང་། ཀོ་སྐབས་མྱི་ཕྱེད་པར་ཞལ་གྱིས་བཞེས་ཀྱང ་དེ་བཞིན་གཤེགས་པ་ནི་བཤད་པ་འདི་དག་ལ་མྱི་འབྱུང་བ་སྣང་ངོ་པོ།། ལྡེམ་པོ་དག་གང་གིས་སེཾས་ཅན་རྣམས་ལྷག་པོའི་ང་རྒྱལ་འཛིན་ད་པར་འདོར་བར་འགྱུར་བའི་ལྡེམ་པོ་ངག་དེ་དེ་བཞིན་གཤེགས་པ ་སྟོར་ང་ཏེ།། དེ་ནི་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་གོ།། ཚངས་པ་དེ་ལྟར་ན་དེ་བཞིན་གཤེགས་པ་ལྡེམ་པོ་དག་ཏུ་ཆོས་སྟོནད་ཏོ།། དེ་ལ་བྱང་ཆུབ་སེམས་དཔའས་སྤྱོད་པ་ལ་མཁས་པར་བློ་སྤྱད་པར ་བྱའོ།། དེ་དེ་ལྟར་མཐར་ཕྱི་རད་པས་བསྟནད་པ་ཐམས་ཅད་ལ་མཁས་པར་འགྱུར་རོ།། དེ་སེམས་ཅན་རྣམས་ལ་གཟུགས་ཀྱིས་སྐུ་སྟོནད་པས་སངས་རྒྱས་འབྱུང་ངོ་སྙམ་དུ་མོས་པར་འགྱུར་རོ།། ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི ་ཕྱིར་དེ་བཞིན་གཤེགས་པ་མ་བྱུང་བའོ།། ཞེས་མོས་པར་འགྱུར་རོ།། ཡི་གེ་རྣམ་པར་རིག་པ་ལྷུར་བྱེད་པའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པས་ཆོས་བསྟན་ཏོ།། ཞེས་མོས་པར་འགྱུར་རོ།། ཆོས་ཉིད་བརྗོད་དུ ་མྱེད་པར་ངེས་པར་བྱས་ནས། ཆོས་བསྟན་པ་མྱེད་དོ་ཞེས་མོས་པར་འགྱུར་རོ།། ཕྱི་ནོད་ཅི་ལོ་ཀ་ལས་བྱུང་བའི་ཉོན་མོངས་པ་ཡོངས་སུ་མྱ་ངན་ལས་ཟླ་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཡོད་དོ་ཞེས་མོས་པར། ་འགྱུར་རོ།། མ་སྐྱེས་པའི་ཆོས་རྣམས་མྱི་འཇིག་པའི་ཕྱིར་མྱ་ངན་ལས་འདས་པ་མྱེད་དོ་ཞེས་མོས་པར་འགྱུར་རོ།། ཀུན་རྫོབ་ལ་འཇུག་པས་སེམས་ཅན་ཡོད་དོ་ཞེས་མོས་པར་འགྱུར་རོ།། དོན ་དམ་པ་བསྟནད་པས་སེམས་ཅན་མྱེད་དོ་ཞེས་མོས་པར་འགྱུར་ཏེ།། ཚངས་པ་དེ་ལྟར་དེ་བཞིན་གཤེགས་པ་ལྡེམ་པོ་ངག་བསྟནད་ཏོ།། དེ་ལ་བྱང་ཆུབ་སེམས་དཔས་བསྟནད་པ་ཐམས་ཅད་ལ་མྱི་སྐྲག་པར་བྱའོ།། ་དེ་ལ་ཚངས་པ་དེ་བཞིན་གཤེགས་པ་ཐབས་གང་གིས་སེམས་ཅན་རྣམས་ལ་ཆོས་སྟོན་ཅེ་ན། སྦྱིན་པས་ལོངས་སྤྱོད་འཐོབ་པ་དང་། ཚུལ་ཁྲིམས་ཀྱིས་མཐོའ་རིས་སུ་སྐྱེ་བ་དང་། བཟོད་པས་གཟུགས་བཟང་པོ་ཐོབ་པ་དང་། ་བརྩོན་འགྲུས་ཀྱིས་ཡེ་ཤེས་ཐོབ་པ་དང་། བསམ་གཏན་གྱིས་རབ་ཏུ་དབེན་པ་ཐོབ་པ་དང་། ཤེས་རབ་ཀྱིས་ཉོན་མོངས་པ་འདོར་བ་དང་། ཐོས་བུས་ཤེས་རབ་ཐོབ་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་གྱིས། མྱེ ་དང་ལྷོའི་ཕུན་གསུམ་ཚོགས་པ་རྣམས་ཐོབ་པ་དང་། བྱམས་པ། དང་སྙིང་རྗེ་དང་དགའ་བ་དང་། གཏང་སྙོམས་ཀྱིས་ཚངས་པའི་འཇིག། རྟེན་དུ་སྐྱེ་བ་ཐོབ་པ་དང་། ཞི་གནས་ཀྱིས་ལྷག་མཐོ་བ་འཐོབ་པ་དང ་སློབ་པོའི་སས་མྱི་སློབ་པའི་ས་འཐོབ་པ་དང་། རང་སངས་རྒྱས་ཀྱི་སས་སྦྱིན་པ་ཡོངས་སུ་སྦྱོང་བ་དང་། སངས་རྒྱས་ཀྱི་སས་ཚད་མྱེད་པ་ལ་ཡེ་ཤེས་མཐོང་བ་དང་། མྱ་ངན་ལས་འདས་པ་སྡུག་བསྔལ་ཐམས ་ཅད་ཉེ་བར་ཞི་བ་ཐོབ་པར་འགྱུར་རོ།། ཞེས་ཚངས་པ་ང་ནི་ཐབས་ཀྱིས་སེམས་ཅན་རྣམས་ཆོས་འདི་ལ་མོས་པར་བྱེད་དེ།། དེ་བཞིན་གཤེགས་པ་ནི་བདག་གམ། སེམས་ཅན་ནམ། སྲོག་གམ།། གང་ཟག་དུ་མྱི་དམྱིགསོ།། ་དེ་བཞིན་གཤེགས་པ་ནི་སྦྱིན་པ་ཡང་མྱི་དམྱིགས། སྦྱིན་པའི་འབྲས་བུ་ཡང་མྱི་དམྱིགས། སེར་སྣ་ཡང་མྱི་དམྱིགས། སེར་སྣའི་འབྲས་བུ་ཡང་མྱི་དམྱིགས། ཚུལ་ཁྲིམས་ཀྱང་མྱི་དམྱིགས།། ཚུལ་ཁྲིམས་ཀྱི་འབྲས་བུ ་ཡང་མྱི་དམྱིགས། ངང་ཚུལ་ངན་པ་ཡང་མྱི་དམྱིགས། ངང་ཚུལ་ངན་པའི་འབྲས་བུ་ཡང་མྱི་དམྱིགས། བཟོད་པ་ཡང་མྱི་དམྱིགས། བཟོད་པའི་འབྲས་བུ་ཡང་མྱི་དམྱིགས། གནོད་སེམས་ཀྱང་མྱི་དམྱིགས། གནོད ་སེམས་ཀྱི་འབྲས་བུ་ཡང་མྱི་དམྱིགས། བརྩོར་འགྲུས་ཀྱང་མྱི་དམྱིགས། བརྩོན་འགྲུས་ཀྱི་འབྲས་བུ་ཡང་མྱི་དམྱིགས།། ལེ་ལོ་འང་མྱི་དམྱིགས། ལེ་ལོའི་འབྲས་བུ་ཡང་མྱི་དམྱིགས། བསམ་གཏན་ཀྱང་མྱི་དམྱིགས།། ་བསམ་གཏན་གི་འབྲས་བུ་ཡང་མྱི་དམྱིགས། གཡེང་བ་ཡང་མྱི་དམྱིགས། གཡེང་བའི་འབྲས་བུ་ཡང་མྱི་དམྱིགས། ཤེས་རབ་ཀྱང་མྱི་དམྱིགས། ཤེས་རབ་ཀྱི་འབྲས་བུ་ཡང་མྱི་དམྱིགས། འཆལ་པའི་ཤེས་རབ་ཀྱང་མྱི ་མྱི་དམྱིགས། འཆལ་པའི་ཤེས་རབ་ཀྱི་འབྲས་བུ་ཡང་མྱི་དམྱིགས། བདེ་བ་ཡང་མྱི་དམྱིགས། སྡུག་བསྔལ་བ་ཡང་མྱི་དམྱིགས། རྒྱུ་ནང་ཏུ་ཞུགས་པའི་འབྲས་བུ་ཡང་མྱི་དམྱིགས་ན། བྱང་ཆུབ་ཀྱི་བར་དུ་ཡང་མྱི་དམྱིགས ་ཡོངས་སུ་མྱ་ངན་ལས་འདས་པའ་ཡང་མྱི་དམྱིགས་ཏེ། ཚངས་པ་སེམས་ཅན་དེ་དག་དེ་ལྟར་བསྟནད་པས།། སྦྱོར་ཞིང་བརྩོལ་ཏེ། འབད་ཀྱང་གང་གི་ཕྱིར་སྦྱོར་བ་དང་། ཚོལ་བ་དང་། འབད་པའི་ཆོས་དེ་དག་ཁོང་དུ་མྱི་ཆུད་ཅིང་། ་བྱི་ཐོབ་སྟེ། གང་འདི་རྒྱུ་རང་ཏུ་ཞུགས་པའི་འབྲས་བུ་ནས།། དགྲ་བཅོམ་པ་ཉིད་ཀྱི་བར་དང་། རང་བྱང་ཆུབ་དང་། བླ་ར་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནས།། མྱ་ངན་ལས་འདས་པའི་བར་དུ ་ཁོང་དུ་ཀྱི་ཧུང་ཀྱི་ཐོབ་མོ།། སངས་པ་འབོར་དྲི་བ་ནིང་གཤེགས་པའི་འབས་ཀྱིས་ཆོས་བསྟ་པ་ཡིད་ཏོ།། སེམས་ཅད་རྣམས་དཔ་པའི་ས་ཡོངས་སུ་འཛི་རང་དུ་འུག་པའི་ཕྱིར་བྱང་ཆུབ་སེམས་དཔས་ཐབས ་ས་མཁས་པ་ལ་སྦྱོར་བར་བྱའོ།། ཚངས་པ་དེ་ལ་དེ་བཞི་གཤེགས་པའི་ཚུལ་བསྟ་རང་བ་གང་ཞེ། མྱིག་ནི་བར་པའི་ཚུལ་ལོ།། དེ་བཞི་དཱུ་བ་དང་། སྣ་དང་། སྐྱེ་དང་། སུས་དང་། ཡོད་རྣམས་དེ་བ་རང་བའི་ཚུས་སོ།། དེ་ཅིའི་ཕྱིར ་ནེན། མྱིག་ནི་བདག་གམ་བདག་གིས་སྟོང་སྟེ། དེའི་རང་བཞིན་འདི་ཡིན་ནོ།། དེ་བཞིན་དུ་ཡིད་ཀྱི་བར་དུ་ཡང་བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་འདི་ཡིན་ནོ།། ཚངས་པ་མྱི་སླུ་བའི་ཕྱིར། སྐྱེ་མཆེད་ཐམས ་ཅང་མི་སེམས་ཅན་རྣམས་ཀྱི་བ་རང་པོའི་ཚུལ་དུ་རིག་པར་བྱའོ།། འདི་ནི་སེམས་ཅན་རྣམས་ཀྱི་བ་རད་པ་ལ་བརྩོད་པར་གྱི་སླུ་བ་སྟེ།། གཟུགས་དང་། སྒྲ་དང་།། དྲི་དང་། རོ་དང་། རེག་དང་། ཆོས་རྣམས་ཀྱང་དེ་བའི ་རོ།། ཆོས་ཐམས་ཅད་ཀྱི་ཚུལ་འདི་ཡིན་ཏེ། གང་འདི་སྟོང་པ་ཉིད་ཀྱི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་དང་། སྨོན་པ་མྱེད་པའི་ཚུལ་དང་། མངོན་པར་འདུ་མྱི་བྱེད་པའི་ཚུལ་དང་། མྱི་སྐྱེ་བའི་ཚུལ་དང་། ་མྱི་འགག་པའི་ཚུལ་དང་།། འགྲོ་བ་མྱེད་ཅིང་འོང་བ་མྱེད་པའི་ཚུལ་དང་།། འཆི་འཕོ་མྱེད་ཅིང་སྐྱེ་བ་མྱེད་པའི་ཚུལ་དང་། རང་བཞིན་གིས་འོད་གསལ་བའི་ཚུལ་དང་། དབེན་པའི་ཚུལ་ལོ།། རང་བཞིན་གིས་བེམས་པོ་ཡིན་པའི ་ཕྱིར། ཕན་ཚུན་མྱི་འཕྲད་པས་ན།། དེ་བཞིན་གཤེགས་པས་ཡི་གེ་ཐམས་ཅད་ལས་ཐ་རད་པའི་སྒོའི་ཚུལ་སྨོས་སོ་ཚངས་པ་ཡི་གེ་ཐམས་ཅད་ལ་བདེན་པའི་གཏམ་དུ་བལྟ་སྟེ།། གཏམ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཐརང ་པའི་ཚུལ་བསྟན་པ་བསྟན་ཏོ།། དེ་བཞིན་གཤེགས་པའི་ཆོས་པ་སྟནད་པ་གང་ཀུན་ནས་ཉོན་མོངས་པར་འགྱུར་བ་དེ་གང་ཡང་མྱེད་དོ།། ཆོས་སྟོན་ད་ཏོ་ཚིག་དུ་ཐ་རད་པར་འདྲེན་ཅིང་མྱ་ངན་ལས་འདས་པ་སྟོན་ཏོ།། ། ་ཚངས་པ་འདི་ནི་དེ་བཞིན་གཤེགས་པའི་ཚུལ་བསྟནད་པ་ཡིན་ཏེ།། དེ་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ།། ཚངས་པ་དེ་ལ་དེ།། བཞིན་གཤེགས་པ་སྙིང་རྗེ་ཇི་ལྟ་བུས་སེམས་ཅན་རྣམས་ལ་ཆོས ་སྟོནད་ཅེ་ན། སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་རྣམ་པ་སུམ་བཅུ་རྩ་གཉིས་དང་ལྡན་པ་སྐྱེའོ།། སུམ་བཅུ་རྩ་གཉིས་གང་ཞེ་ན།། ཆོས་ཐམས་ཅད་བདག་མྱེད་པ་ཡིན་ན།། སེམས ་རྣམས་ནི་བདག་མྱེད་པར་མ་མོས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་སེམས་ཅན་མྱེད་པ་ཡིན་ན། སེམས་ཅན་རྣམས་ནི་སེམས་ཅད་དུ་སྨྲ་སྟེ།། དེའི་ཕྱིར་སེམ ་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་རི་སྲོག་མྱེད་པ་ཡིན་ན།། སེམས་ཅན་རྣམས་སྲོག་ཏུ་སྨྲའོ་ཞེས།། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ་ཆོས་ཐམས་ཅད་གང་ཟག་མྱེད་པ་ཡིན་ན། སེམས་ཅན་རྣམས་ནི་གང་ཟག་ལ་གནས་ཏེ།། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་ངོ་བོ་མྱེད་པོ་ཡིན་ན། སེམས་ཅན་རྗེས ་རི་ངོ་བོར་ལྟ་སྟེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་གནས་མྱེད་པ་ཡིན་ན། སེམས་ཅན་རྣམས་ནི་གནས་ལ་རྟེནད་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན ་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་ཀུན་གཞི་མྱེད་པ་ཡིན་ན། སེམས་ཅན་རྣམས་ནི་ཀུན་གཞི་ལ་མངོན་པར་དགའ་སྟེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ་ཆོས་ཐམས་ཅད་རི་དེའིར་བྱ་བ་མྱེད་པ་ཡིན་ན། སེམས་ཅན་རྣམས་ནི་ངའིར་འཛིནད་པ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་བདག་པོར་མྱེད་པ་ཡིན་ན ་སེམས་ཅན་རྣམས་ནི་ཡོངས་སུ་འཛི་དད་པ་ལ་བརྩོན་ཏེ། དེའི་ཕྱིར་སེམས་ཅད་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་དངོས་པོ་མྱེད་པ་ཡིན་ལ། སེམས་ཅན་རྣམས་ནི་དངོས་པོ་ལ་བརྟེན ་ཏེ།། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་། སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་མ་སྐྱེས་པ་ཡིན་ན།། སེམས་ཅན་རྣམས་ནི་སྐྱེ་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣཾས ་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་མེ་འཕོ་མ་བྱུང་བ་ཡིན་ན།། སེམས་ཅན་རྣམས་ནི་འཆི་འཕོ་བ་དང་སྐྱེ་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས ་བའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པར་གྱུར་ད་པ་མྱེད་པ་ཡིན་ན། སེམས་ཅན་རྣམས་ནི་ཀུན་ནས་ཉོན་མོངས་ཏེ།། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ།། ་སྐྱེའོ།། ཆོས་ཐམས་ཅད་ནི་འདོད་ཆགས་དང་བྲལ་བ་ཡིན་པ། སེམས་ཅམ་ཐམས་ནི་ཆགས་པར་བྱེད་དེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་ཞེ་སྡང་དང་བྲལ ་བོ་ཡིན་ན། སེམས་ཅན་རྣམས་ནི་ཞེ་སྡང་བར་བྱེད་དེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་གཏི་མུག་དང་བྲལ་བ་ཡིན་ན། སེམས་ཅན་རྣམས་ནི་གཏི་མུག་པར་གྱུར་ཏེ། ་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་འོང་བ་མྱེད་པ་ཡིན་ན།། སེམས་ཅན་རྣམས་ནི་འོང་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་འགྲོ་བ་མྱེད་པ་ཡིན་ན། སེམས་ཅན་རྣམས་ནི་སྐྱེ་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས ་ཐམས་ཅད་མངོན་པར་འདུ་མྱིར་བྱེད་པ་ཡིན་ན། སེམས་ཅན་རྣམས་ནི་མངོན་པར་འདུ་བྱེད་པས་སྤྱོད་དེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་སྤྲོས་པ་མྱེད་པ ་ཡིན་ན། སེམས་ཅན་རྣམས་ནི་སྤྲོས་པ་ལ་དགའ་བ་སྟེ། དེའི་ཕྱི་ར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་སྟོང་པ་ཡིན་ན།། སེམས་ཅན་རྣམས་ནི་ལྟ་བར ་ཞུགས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པ། འི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་མཚན་མ་མྱེད་པ་ཡིན་ན། སེམས་ཅན་རྣམས་ནི་མཚན་མ་ལ་སྤྱོད་ཡུལ་བར་གྱུར་ད་ཏེ། དེའི་ཕྱིར། ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་སྨོནད་པ་མྱེད་པ་ཡིན་ན། སེམས་ཅན་རྣམས་ནི་སྨོན་ལམ་ལ་སྤྱོད་དེ། དེའི་ཕྱིར་སེཾས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན ་པོ་སྐྱེའོ།། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཕན་ཚུན་རྩོད་པས་ཡོངས་སུ་ཟིནད་ཅིང་། གནོད་སེམས་ཀྱི་ཐ་བའི་སྐྱོན་ལ་ཞུགས་པར་གཟིགས་ནས། དེ་དག་ལ་གནོད་སེམས་ཀྱི་ཐ་བའི་སྐྱོན་སྤང་བའི་ཕྱིར། ཆོས་སྟོནད་ཏོ། ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཕྱིན་ཅི་ལོག་དང་ལྡན་ཞིང་ལམ་ཉམ་ང་བར་ཞུགས་པ་ལམ་གོལ་བ་ལ་གནས་པ་ཡིན་ཏེ། དེ་དག་ཡང་དག་པོའི ་ལམ་དུ་གཟུད་པར་བྱའོ།། ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་རྐམ་ཞིང་ཆགས་པའི་ཟི་ལེད་ཀྱིས་ནོན་པ།། ཆོ་ག་མྱི་ཤེས་ཤིང་གཞན་གོ་ནོར་འཕྲོག་པ ་ཡིན་ཏེ། དེ་དག་འཕགས་པའི་ནོར་དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་གཏོང་བ་དང་། ཤེས་རབ་དང་།། པོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་ནོར་ལ་དགོད་པོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ་ཀྱེ་མའོ་སེམས་ཅན་འདི་དག་ནོར་དང་འབྲུ་དང་། ཁྱིམ་དང་། བུ་དང་། ཆུང་མ་ལ་སྲེད་པས་ཁོལ་ཅིང་སྙིང་པོ་མྱེད་པ་ལ་སྙིང་པོར་འཛི་ནད་ཏེ། དེ་དག་ལ་ཤི་ནད་ཏུ་མྱི་རྟག་པ་ཉིད་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན ་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་མྱི་རིགས་པས་འཚོ་ཞིང་གཅིག་ལ་གཅིག་འདྲིད་པ་ལ་གནས་ཏེ། དེ་དག་འཚོ་བ་ཡོངས་སུ་དག་པའི་ཕྱིར་ཆོས་བསྟནད་ཏོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས ་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་མྱི་མཛའ་བ་ཡིན་ན། ཁྱེ་དང་བཀུར་བསྟིས་རྒྱས་ནས། བདག་ཅག་མཛའོ་སྙམ་དུ་སེམས་ཏེ།། དེ་དག་གང་སྡུག་བསྔལ་རྣམ་པར་ཞི་བོའི་བདེ་བ་མྱ་ངན་ལས་འདས ་པ་ལས་ཤི་ནང་ཏུ་ཡང་དག་པའི་དགེ་བའི་བཤེས་གཉེར་བྱའོ་ཞེས། སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་ནི་ཤི་ནད་ཏུ་ཉོན་མོངས་པར་གྱུར་ད་ཅིང ་སྡུག་བསྔལ་གྱི་ཆོས་ཡང་བའི་ཁྱིམ་གྱི་གནས་ལ་མངོན་པར་དགའ་བ་དེ་དག་ཁམས་གསུམ་ལས་བཟའ་བའི་ཕྱིར་འབྱུང་བའི་ཆོས་བསྟན་ཏོ།། ཞེས་སེམས་ཅད་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་རྒྱུས་ཉེ་བར་འགྲོ་བ་རྣམ་པར་བསྒྲུབས་པས། ཉེ་བར་གནས་པའི་མཚན་ཉིད་དེ། འཕགས་པའི་རྣམ་པར་གྲོལ་བ་དེ་ལ་ལེ་ལོ་བྱེད་དོ།། ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས ་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། སེམས་ཅན་རྣམས་ནི་ཆགས་པ་མྱེད་པའོ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཁྱད་པ་དུ་འཕགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་འདི་བཏང་ཞིང་གང་ཐེག་པ་དམན་པ་ཉན་ཐོས་དང་རང་སངས་རྒྱས ་ཀྱི་ཐེག་པ་ཚོལ་ཏེ། དེ་དག་གང་འདི་སངས་རྒྱས་ཀྱི་ཡེ་ཤེས་ལ་དམྱིགས་པར་བྱ་བའི་ཕྱིར་རྒྱ་ཆེན་པོ་ལ་སེམས་མོས་པར་བྱའོ།། ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཚངས་པ་སེམས ་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་རྣམ་པ་སུམ་བཅུ་རྩ་གཉིས་པོ་དེ་དག་དང་ལྡན་པར་སྐྱེ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོ་ལ་གནས་པ་ཞེས་བྱའོ།། ཚངས་པ་བྱང་ཆུབ་སེཾས། ་དཔའ་གང་ལ་ལ་སྙིང་རྗེ་ཆེན་པོ་རྣམ་པ་སུམ་བཅུ་རྩ་གཉིས་པོ་དེ་དག་དང་ལྡན་པར་སེམས་ཅན་རྣམས་ལ་འཇུག་ན། ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བསོད་ནམས་ཀྱི་ཞིང་གཟི་བརྗིད་ཆེན་པོ་ཡོངས ་སུ་རྒྱས་པའི་ཕྱིར་མྱ་ལྡོག་པ་སེམས་ཅན་གི་དོན་ལ་བརྩོད་པ་ཤེས་པ་བྱའོ་ཡང་སྙིང་རྗེ་ཆེན་པོའི་ཆོས་ཀྱི་སྒོའི་ལེའུ་བཤད་པ་ན།། སྲོག་ཆགས་སྟོང་ཕྲག་སུམ་བཅུ་རྩ་གཉིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས ་སྐྱེས་སོ།། སྲོག་ཆགས་བརྒྱད་སྟོང་གིས་ནི་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ།། ལྷའི་བུ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ནི། ཆོས་རྣམས་ལ་རྡུལ་མྱེད་ཅིང་། དྲི་མ་དང་བྲལ་བའི་ཆོས་ཀྱི་མྱིག་རྣམ་པར་དག་གོ། ་དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་། ཀྱིས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་ཚངས་པ་ཁྱད།། པར་སེམས་འདི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང་ལྡན ་པའི་ཆོས་བསྟན་པའི་འདི་ཐོས་ན་དགའ་བར་མྱི་བགྱིད་རངས་པར་མྱི་འགྱུར་རོ།། ཁྱད་པར་སེམས་ཀྱིས་སྨྲས་པ། རིགས་ཀྱི་བུ་གང་གི་རྣ་མ་པར་ཤེས་པ་གཉིས་དང་ལྡན་པ་དེ་དག་ལ་ནི་དགའ་བ་འམ ་རངས་པར་ཡང་འགྱུར་གྱི།། གཉིས་སུ་མྱེད་པ་ཡང་དག་པའི་མཐའ་ལ་གནས་པ་ལ་ནི་དགའ་བ་ཡང་མྱེད་དོ།། རངས་པ་ཡང་མྱེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། སྒྱུ་མས་སྤྲུལ་པོའི་སྐྱེས་བུ་ནི།། སྒྱུ་མ་ཀ ་བྱེད་པ་ཞུགས་པ་ལ།། དཀའ་བ་ཡང་མྱེད། རངས་པ་ཡང་མྱེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དང་ལྡན་པའི་ཕྱིར། དེ་བཞིན་གཤེགས་པའི་ཆོ་འཕྲུལ་ལ་དགའ་བ་ཡང་མྱི་སྐྱེ། ་རངས་པར་ཡང་མྱི་འགྱུར་རོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པས་དེ་བཞིན་གཤེགས་པའི་སྤོབས་པ་ཐོས་ན་དགའ་བར་མྱི་བྱེད། རངས་པར་མྱི་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་ཆོས ་རྣམས་སྤྲུལང་བའི་རང་བཞིན་དུ་ཤེས་ནས། དེ་བཞི་བལྟག་པ་དགའ་བ་ཡང་མྱི་སྐྱེའོ།། སེམས་ཅན་གཞན་དག་ལ་ཡང་དམན་པར་གྱི་འཛི་རང་ཏོ།། དྲ་བ་ཅན་གི་འོད་ཀྱིས་སྨྲས་པ། ཚངས་པ་ཁྱོད་ཀྱིས་ཆོས་ཐམས། ་ཅད་སྒྱུ་མས་སྤྲུལ་པའི་རང་བཞིན་དུ་ཤེས་སམ།། སྨྲས་པ་རིགས་ཀྱི་བུ་གང་རྣམ་པ་གཉིས་སུ་རྣམ་པར་གཞག་པ་སྤྱོད་པ་དེ་དག་ལ་དྲིས་ཤིག། སྨྲས་པ་ཚངས་པ་ཁྱོད་གང་ལ་སྤྱོད། སྨྲས་པ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐས ་ཅད་སྤྱོད་པ་དེ་ང་ཡང་སྤྱོད་དོ།། སྨྲས་པ་ཚངས་པ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི། འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་རྣམས་ལ་སྤྱོད་དོ།། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག ་ཏུ་འཛིནད་པ་དང་། ཐེ་ཙོམ་དང་ངར་འཛིནད་པ་དང་། པའི་ར་འཛིན་པ་དང་། འདོད་པ་དང་། འདོད་ཆེན་པོ་དང་། ལོག་པར་སྦྱོར་བ་རྣམས་ལ་སྤྱོད་ན་ཅི་ཁྱོད་ཀྱང་དེ་དག་ལ་སྤྱོད་དམ། རིགས་ཀྱི་བུ་ཁྱོད་སོ་སོ་ལ། ་སྐྱེ་བོའི་ཆོས་ཡོངས་སུ་གྲུབ་པར་འདོད་དམ།། སྨྲས་པ་སོ་སོའི་། སྐྱེ་བོ་ཉིད་ཀྱང་ང་མྱི་འདོད་ན། དེ་དག་གི་ཆོས་ཡོངས་སུ་གྲུབ་པར་ག་ལ།། འདོད། སྨྲས་པ་རིགས་ཀྱི་བུ་གང་འདི་ཆོས་ཡོངས་སུ་མ་གྲུབ་པའི ་ཆོས་དེ་ལ། ཆགས་པའམ། ཞེ་སྡང་བ་འམ། གཏི་མུག་པར་བྱ་བ་ཁྱོད་འདོད་དམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་རིགས་ཀྱི་བུ་ཐམས་ཅད་འདོད་དང་བྲལ་བ་ཞེ་སྡང་དང་བྲལ་བ།། གཏི་མུག་དང་བྲ ་བའི་སྤྱོད་པ་ཡང་དེའི་མཚན་ཉིད་དོ།། རིགས་ཀྱི་བུ་དེ་ལྟར་སྤྱོད་པ་གཉིས་སུ་མྱེད་པའི་ཕྱིར།། སོ་སོའི་སྐྱེ་བོ་སྤྱོད་པ་གང་ཡིན་པ་དེ་ཉིད་འཕགས་པ་རྣམས་ཀྱི་སྤྱོད་པའོ།། རིགས་ཀྱི་བུ་ཡང་སྤྱོད་པ་ཐམས་ཅད་ནི་སྤྱོད་པ་མ་ཡིན ་མོ།། འདོགས་པ་ཐམས་ཅད་མི་འདོགས་པ་མ་ཡིན་ནོ།། འགྲོ་བ་ཐམས་ཅད་ནི་འགྲོ་བ་མ་ཡིན་ནོ།། སྨྲས་པ་ཚངས་པ་དེ་ཇི་ལྟར་ན་སྤྱོད་པ་ཐམས་ཅད་སྤྱོད་པ་མ་ཡིན། སྨྲས་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་དུ་སྤྱད ་ཀྱང་ཆོས་ཀྱི་དབྱིངས་ལ་བྲི་བ་འམ། གང་བར་མྱི་དམྱིགས་སྟེ། དེའི་ཕྱིར་སྤྱོད་པ་ཐམས་ཅད་སྤྱོད་པ་མ་ཡིན་ནོ།། སྨྲས་པ་ཚངས་པ་དེ་ཇི་ལྟར་ན་འདོག་པ་ཐམས་ཅད་འདོགས་པ་མ་ཡིན་ཞེ་ན། སྨྲས་པ་རིགས་ཀྱི་བུ་ཆོས་ཐམས ་ཅང་འཇོགས་པ་མ་མིན་པས་བཏགས་པ་སྟེ། རྣམ་བྱ་ཆོས་ཐམས་ཅད་དུ་འདོགས་པ་དྲིམ་ཡིན་ནོ།། སྙམ་པ་སངས་པ་དེཇིས་མ་འགྲོ་མ་ཐམས་ཅད་འགྲོ་བ་པ་ཡིན་ལེན། སྨྲས་པ་ཀླས་ཐུང་གྱི ་འགྲོ་བའི་ཕྱིར་འགྲོ་བ་ཐམས་ཅད་འགྲོ་བ་མ་ཡིན་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ།། ཚངས་པ་ལེགས་སོ་ལེགས་སོ།། གལ་ཏེ་བཤད་པར་བྱ་ན།། དེ་ལྟར་བཤད་པར་བྱའོ་ཞེས་ལེགས། ་སོ་ཞེས་བྱ་བ་བྱིན་ནོ།། དེ་ནས་གཞོན་ནུར་གྱུར་ད་པ་དྲ་བ་ཅན་གི་འོད་ཀྱིས།། ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ།། ཚངས་པ་ཁྱོད་གང་འདི་སྐད་དུ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་སྤྱོད་པ་དེ་ཉིད་ལ ་བདག་སྤྱོད་དོ་ཞེས་ཟེར་ན་སྤྱོད་པ་དེ་ཁྱོད་ཀྱིས་ཐོབ་པ་ཡིན་ནོ།། སྨྲས་པ་རིགས་ཀྱི་བུ་གལ་ཏེ་བདག་ལ་སྐྱེ་བའི་རྒྱུ་ཡོད་ར་མི། བདག་གིས་སྤྱོད་པ་ཡང་ཐོབ་པར་འགྱུར་རོ།། སྨྲས་པ་ཚངས་པ་དེ་ཀལ་ཏེ་མྱི་སྐྱེ་མ ་ཇི་ལྟར་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད། སྨྲས་པའོ།། གས་ཀྱི་བུ་དེ་བཞིན་གཤེགས་པོའི་སྤྲུལ་པའི་སྐྱེ་བ་ཇི་ལྟ་བ་བད་ཀ་གི་སྐྱེ་བ་ཡང་དེ་དང་འདྲའོ།། སྨྲས་པ་དེ་ནི་དེ་བོ་འོན་གཤེས། ་པས་སྤྲུལ་པ་ལ་སྐྱེ་བ་གང་ཡང་མྱེད་དོ།། སྨྲས་པ་ཛ་དེ་དོ་ནི་ན་གཤེགས་པས་སྤྲུལ་བ་སྡང་ངམ། སྨྲས་པ་སངས་རྒྱས་ཁྱུང་མཆོག་ལྟ་བུར་གྱུར་ང་པོའི་ཕྱིར་སྣང་ངོ་།། སྨྲས་པ་རིགས་ཀྱི་བུས ་ཁྲུང་མཆོག་ལྟ་བུར་གྱུར་པའི་ཕྱིར།། བདག་གི་སྐྱེ་བ་ཡང་དེ་བཞིན་དུ་བལྟའོ།། སྨྲས་པ་ཚངས་པ་ཅི་ལས་མངོན་པར་འདུ་བྱེད་པ་ལ་སྤྱོད་དམ།། སྨྲས་པ་རིགས་ཀྱི་བུ་བདག་ནི་ལས་མངོན་པར་འདུ་བྱེད་པ ་ལ་མྱི་སྤྱོད་དོ།། སྨྲས་པ་ལས་མྱེད་པ་ལ་དེ་ཇི་ལྟར་ལས་ཁྱུད་མཆོག་ལྟ་བུར་འགྱུར།། སྨྲས་པ་ལས་ཇི་ལྟ་བ་བཞིན་དུ་དེའི་ཁྱུང་མཆོག་ཀྱང་དེ་བཞིན་ཉིད་ལས་མྱི་འདའོ།། དེ་ནས་བཅོམ་ལྡན་འདས་ལ ་གརས་བམས་པའ་ས་འདི་མ་པོ་གས་ཙོ། འཆོས་ལྡད་འདས་མ་མི་ཆེས་དག་པ་སྦོམ་པོ་དག་ས་གང་འདུག་པར་འགྱུར་བ་རེངས་མི་འཐོང་རམས་ཡང་དུ་སྐྱེ་བར་འགྱུར་རོ།། འི་ཕྱིར་ཞེ ་ལྡན་འདས་སྐྱེས་བུ་དམ་པ་དེ་དག་མྱིང་ཙམ་ཐོབ་པ་ཡང་ལེགས་པར་ཐོས་པ་ལགས་མ་ཆོས་བསྟ་རད་པ་ལྟ་སྤོས་ཀྱང་ཅི་འཚལ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་མ། ཤིང་སྡོམ་པ་ས་ཆེན་པོ་ལ་མ་བརྟག་པར། རྫ2། ་དང་སྡོང་པོ་དང་། ཡལ་ཀ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་སྟོ་པ་ལྟར་བཅོམ་ལྡན་འདས་སྐྱེས་བུ་དམ་པ་འདི་དག་གི་སྤྱོད་པའི་མཚན་ཉིད་ཀྱང་དེ་བཞིན་དུ་བལྟའོ།། འདི་ལྟར་ཆོས་ཐམས་ཅད་ལ་རྒྱ ་གནས་ཤིང་སྤྱོད་པ་དང་། སྐྱེ་བ་དང་། འབྱུང་བ་དང་། འཕོ་བ་དང་། འཆི་བ་ཡང་སྟོན་ལ་སངས་རྒྱས་ཀྱི་ཞིང་དག་ན་ཡང་དགའ་བ་དེ་དག་ལ་ལྷག་པར་ཤེས་རབ་ཀྱི་སྤོབས་པ་འདི་ལྟ་བུ་ཡང་སྤོབས་པར་གྱུར་ཏོ།། ་བཅོམ་ལྡན་འདས་ཤེས་རབ་ཀྱི་སྤོབས་པས་རྣམ་པར་འཕྲུལ་པའདི་ལྟ་བུ་མཐོང་ན།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་སུ་ཞིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མྱི་སྐྱེད ་བམ་པོ་གསུམ་པའོ།། ། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་མེ་ཏོག་ཅེས་བྱ་བ ་འཁོར་དེར་འདུས་ཤིང་འདུག་པར་གྱུར་ད་ཏོ།། དེས་གནས་བརྟན་ཤ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། བསམ་གཏན་ནི་དེ་བཞིན་གཤེག། ས་པས།། ཤེས་རབ་ཅན་གི་མཆོག་ཏུ་གསུངས་ན།། འདི་ལྟར་ཤེ་རབ ་ཀྱི་སྤོབས་པས་རྣམ་པར་འཕྲུལ་པ་འདི་ལྟ་བུས་རྣམ་པར་འཕྲུལ་མྱི་ནུས་པ། ཅི་གནས་བརྟན་གྱིས་ཆོས་ཀྱི་དབྱིངས་ཁོང་དུ་མ་ཆུང་ངམ།། གནས་བརྟན་གྱིས་སྨྲས་པ། ཀུན་ཏུ་མེ་ཏོག་བཅོམ་ལྡན་འདས་ཀྱིས་ཉན་ཐོས ་རྣམས་ནི་ཡུལ་ཇི་ལྟ་བ་བཞིན་དུ་སྟོནད་ཏོ།། སྨྲས་པ་བཙུན་པ་ཤ་རིའི་བུ་ཅི་ཆོས་ཀྱི་དབྱིངས་ཡུལ་དུ་བགྲང་ངམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་འོ་ན་ཇི་ལྟར་གནས་བརྟན་ཤ་རིའི་བུ་ཡུལ་ཇི་ལྟ་བ་བཞིན་དུ་སྟོན། ་སྨྲས་པ་ཉན་ཐོས་ཀྱི་ཁོང་དུ་ཆུད་པ་ཅི་ཙམ་པར་བསྟན་པ་དེ་ཙམ་མོ།། སྨྲས་པ་ཅི་གནས་བརྟན་གྱིས་ཆོས་ཀྱི་དབྱིངས་ཀྱིས་ཡུལ་རྣམ་པ་ཚད་མྱེད་པ་ཁོང་དུ་ཆུད་ངམ།། སྨྲས་པ་རིགས་ཀྱི་བུ་དེ་དེ་བཞིན་ནོ།། སྨྲས་པ ་ཆོས་ཀྱི་དབྱིངས་ལ་ཚང་ཡོད་པ་མ་ཡིན་པས་མ། ཆོས་ཀྱི་དབྱིངས་ནི་ཚད་མྱེད་པ་ཡིན་ཏེ། བཙུན་པ་ཤ་རིའི་བུ་ཇི་ལྟར་ཚད་མྱེད་པར་ཁོང་དུ་ཆུད་པ་དེ་བཞིན་དུ་ཚད་མྱེད་པར་བསྟནང་བ་ཡིན་ན། དེ་ཇི་ལྟར་གང་གི་ཁོང ་དུ་ཆུད་པ་ཅི་འདྲ་བ་དེའི་བསྟནད་པ་ཡང་དེ་འདྲ་བར་འགྱུར། སྨྲས་པ་ཀུན་ཏུ་མེ་ཏོག་ཆོས་ཀྱི་དབྱིངས་ནི་ཁོང་དུ་ཆུད་པའི་མཚན་ཉིད་མ་ཡིན་ནོ།། སྨྲས་པ་བཙུན་པ་ཤ་རིའི་བུ་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པའི་མཚན་ཉིད་མ་ཡིན་ན།། ་ཅི་ཁྱོད་ཀྱིས་ཆོས་ཀྱི་དབྱིངས་དང་། ཐ་དད་དུ་རྣམ་པར་གྲོལ་ལམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་ཅིའི་ཕྱིར་སྨྲས་པ་ཆོས་ཀྱི་དབྱིངས་པ་དད་པར་འགྱུར་བའི་ཕྱིར་རོ།། སྨྲས་པ་བཙུན་པ་ཤ་རིའི་བུ་དེའི་ཕྱིར་ཁོང་དུ་ཆུད ་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱང་དེ་བཞིན་ནོ།། སྤྲས་པ་ཀུན་ཏུ་མེ་ཏོག་བདག་ནི་སྟོན་འདོད་པ་མ་ཡིན་གྱི། བདག་ནི་ཉེན་དུ་འདོད་པའོ།། སྨྲས་པ་བཙུན་པ་ཤ་རིའི་བུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་མྱི་འགྱུར ་བར་ངེས་པ་ལ་ཅི་བཤད་པར་བྱ་བའམ། ཉན་པར་བྱ་བ་འམ། སྨྲ། ས་པ་དེ་མ་ཡིན་ནོ།། སྨྲས་པ་འོ་ན་ཅིའི་ཕྱིར་ཁྱོད་བདག་ནི་ཉན་འོད།། ད་པ་ཡིན་གྱི། སྟོན་འདོད་པ་མ་ཡིན་སྙམ་དུ་སེམས་སྨྲས་པ། ་རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཀྱང་། གང་གུས་པར་ཆོས་སྟོན་པ་དང་། གང་གུས་པར་ཆོས་ཉན་པའི་གང་ཟག་གཉིས་ནི་བསོད་ནམས་མང་དུ་བསྐྱེད་དོ།། ཞེས་གསུངས་ཀྱིས། དེའི་ཕྱིར་ཁྱོད་ཀྱིས་ཤོད ་ཅིག། བདག་གིས་མཉན་ནོ།། སྨྲས་པ་གནས་བརྟན་ཤ་རིའི་བུ་འདུ་ཤེས་དང་ཚོར་བ་ཐམས་ཅད་ལ། འགོག་པར་སྙོམས་པར་ཞུགས་ལ་ཆོས་ཉན་ནུས་སམ།། སྨྲས་པ་རིགས་ཀྱི་བུ་གང་གིས་མཉན་པར་བྱ་བའི་གཉིས་ལ ་འཇུག་པ་འགོག་པ་ལ་མྱེད་དོ།། སྨྲས་པ་གནས་བརྟན་ཤ་རིའི་བུ། ཆོས་ཐམས་ཅད་རང་བཞིན་གྱིས་འགག་པར་འདོད་དམ། སྨྲས་པ་རིགས་ཀྱི་བུ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་ཤི་ནང་ཏུ་འགགས་པའོ།། སྨྲས་པ་དེའི་ཕྱིར་གནས། ་བརྟན་ཤ་རིའི་བུ་རྟག་ཏུ་མྱི་ཆད་པར་མཉན་པའི་སྐལ་བ་མྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་བཞིན་གྱིས་འགགས་པའི་ཕྱིར་རོ།། སྨྲས་པ་རིགས་ཀྱི་བུ་ཁྱོད་ཏིང་ངེ་འཛིན་ལས་མ་ལངདྲ་བ་ཆོས་སྟོན་ནུས་སམ།། སྨྲས་པ།། ་གནས་བརྟན་ཤ་རིའི་བུ་གང་རྟག་ཏུ་མཉམ་པར་མ་བཞག་པའི་ཆོས་གང་ཡང་དམྱིགས་སམ།། སྨྲས་པ་དེ་མ་ཡིན་ནོ།། སྨྲས་པ་འོ་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་མཉམ་པར་གཞག་པར་འགྱུར་རོ།། སྨྲས་པ ་རིགས་ཀྱི་བུ་ཏིང་ངེ་འཛིནད་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མཉམ་པར་གཞག་པ་ཡིན། སྨྲས་པ་ཆོས་ཀྱི་དབྱིངས་མྱི་ཁྲུགས་པའི་ཏིང་ངེ་འཛིན་ལའོ།། སྨྲས་པ་ཀུན་ཏུ་མྱེ་ཏོག་དེ་ལྟར་ཡིན་དུ་ཟིན་ན།། སོ་སོའི་སྐྱེ་བོ་རྣས ་དང་། འཕགས་པ་རྣམས་སུ་བྱེ་བྲག་མྱེད་པར་འགྱུར་རོ།། སྨྲས་པ་བཙུན་པ་ཤ་རིའི་བུ། དེ་དེ་བཞིན་ཏེ།། ང་ནི་འཕགས་པ་དང་སོ་སོའི་སྐྱེ་བོ་རྣམས་པ་དང་དུ་དབྱེ་བར་མྱི་འདོད་དོ།། དེ་ཅིའི་ཕྱིར་ཞེ་ན། འཕགས་པ་རྣམས་ཀྱིས ་ཀྱང་ཆོས་གང་ཡང་མ་འགགས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་། ཆོས་གང་ཡང་མ་བསྐྱེད་དེ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་དེ་དག་གང་ཡིན་པ་དེ་ཉིད་ལས་ཀྱང་མྱི་འདའོ།། སྨྲས་པ་རིགས་ཀྱི་བུ་ཆོས ་རྣམས་ཀྱི་མཉམ་པ་ཉིད་གང་ཡིན། སྨྲས་པ་གང་གནས་བརྟན་གི། ས་ཡོངས་སུ་ཤེས་པ་དེ་ཡིན་ཏེ། གནས་བརྟན་གྱིས་ཀྱང་འཕག། ས་པའི་ཆོས་རྣམས་བསྐྱེད་དམ། སྨྲས་པ་དེ་ནི་མ་ཡིན་ནོ། ་སྨྲས་པ་ཅི་ཁྱོད་ཀྱིས་སོ་སོའི་སྐྱེ་བོ་རྣམས་འགགས་པར་བྱས་སམ་སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་འོ་ན་ཇི་ཁྱོད་འཕགས་པའི་ཆོས་ས་རྣམས་ཐོབ་བམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་འོ་ན་ཅི ་ཁྱོད་ཀྱིས་སོ་སོའི་སྐྱེ་བོའི་ཆོས་རྣམས་ཡོངས་སུ་ཤེས་ཨམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་ལོན་གནས་བརྟན་གྱིས་ཡོངས་སུ་ཤེས་སམ།། ཅི་མངོན་པར་རྟོགས།། སྨྲས་པ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མྱ་ལྡན་པ་རྫས ་ཀྱི་དེ་བཞིན་ཉིད་གང་ཡིན་པ་རྣམ་པར་གྲོལ་མ་ཟག་པའི་དེ་བཞིན་ཉིད་ཀྱང་དེ་ཡིན། ཡོངས་སུ་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་ཀྱང་དེ་ཡིན་ནོ།། སྨྲས་པ་བཙུན་པག་རིའི་བུ་དེ་བཞིན་ཉིད་དེ་ནི་མོ་ལོག་པ་དེ་བཞིན་ཉིད་དང་། ་གཞན་མ་ཡིན་པ་དེ་བཞིན་ཉིད་དང་། མྱི་འགྱུར་བ་དེ་བཞིན་ཉིད་དང་། མྱི་འཁྲུགས་པ་དེ་བཞིན་ཉིད་དེ། བཙུན་པ་ཤཱ་རིའི་བུ་དེ་བཞིན་ཉིད་འདིས།། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས། ་ཨལ་ཙེ་དང་ལྡན་པཤ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། མྱེའི་ཕུང་པོ་རབ་ཏུ་འབར་བའི་སྐྱེ་ཐེ་ཤེས་ཅད་ནི། སྲེག་པར་ཉེ་བར་གནས་པ་ལགས་སོ།། བཅོབ་ལྡན་འདས ་དེ་བཞིན་དུ་རིགས་ཀྱི་བུ་འདི་དག་གྱིས་བསྟནད་པ་ཐམས་ཅད་ཆོས་ཀྱི་དབྱིངས་བསྟནད་པ་སྟེ། ཆོས་བསྟནད་པ་ཐམས་ཅད་ཀྱང་ཉོན་མོངས་པ་ཐམས་ཅད་སྲེག་པར་ཉེ་བར་གནས་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་ད་པ།། ཤ་རིའི་བུ་དེ་དེ་བཞིན་ནོ།། དེ་ནི་ཇི་སྐད་སྟོནད་པ་དེ་བཞིན་ཏེ། རིགས་ཀྱི་བུ་པོ་འདི་དག་ཀྱིས་བསྟནད་པ་ཐམས་ཅད་ཆོས་ཀྱི་དབྱིངས་བསྟནད་པ་སྟེ།། ཆོས་བསྟུནད་པ་ཐམས་ཅད་ཀྱང་ཉོན་མོངས ་པ་ཐམས་ཅད་སྲེག་པར་ཉེ་བར་གནས་པ་ཡིན་ནོ།། དེ་ནས་གཞོ་ན་ནུར་གྱུ་རད་པ་དྲ་བ་ཅན་གི་འོད་ཀྱིས། གནས་བརྟན་ཤ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། གནས་བརྟན་ཤ་རིའི་བུ་བཅོམ་ལྡན་འདས་ཀྱིས་ཤེ་རབ་དང་ལྡན ་བནས་ཀྱི་དང་མཆོག་ཏུ་གསུངས་ན།། གནས་བརྟན་ཤ་རིའི་བུ་ཤེས། རབ་གང་གིས་ཤེས་རབ་དང་ལྡན་པའི་མཆོག་དུ་གསུངས་པའི་ཧཾ། ས་རབ་གང་ཡིན་སྨྲས་པ། དྲ་བ་ཅན་གི་འོད་གང་ཉན་ཐོས་སྨྲའི་རྗེས ་སུ་འབྱུང་བ་རང་གི་རྒྱུད་སྣང་བའི་མཚན་ཉིད། ཉི་ཚེ་བའི་ཡེ་ཤེས་ཀྱི་ས་རྣམ་པར་གྲོལ་བ་རྣམས་ཀྱི་རེབ་སྟེ། ཤེས་རབ་དེས་བདག་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་དུ་གསུངས་ཀྱི་བྱང་ཆུབ་སེམས ་དཔའི་ཤེས་རབ་ཀྱིས་ནི་མ་ཡིན་ནོ།། སྨྲས་པ་ཅི་ཤེས་རབ་སྤྲོས་པའི་མཚན་ཉིད་དམ།། སྨྲས་པ་དེ་མ་ཡིན་ནོ།། སྨྲས་པ་འོ་ན་ཤེས་རབ་མཉམ་པ་ཉིད་རྗེས་སུ་སྤྱོད་པ་འམ།། སྨྲས་པ་རིགས་ཀྱི་བུ་དེ་དེ་བཞིན་ནོ།། ་སྨྲས་པ་གནས་བརྟན་ཤ་རིའི་དྲིམཉམ་པ་ཉིད་རྗེས་སུ་སྤྱོད་པའི་ཤེས་རབ་ཀྱིས།། ཇི་ལྟར་ཤེས་རབ་ཚད་ཅན་དུ་བཤང་། སྨྲས་པ་རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ཀྱི་རྒྱུས་ནི་ཤེས་རབ་ཚད་མྱེད་དོ།། ཡུལ་ཇི་ལྟ་བཞིན་དུ་ཡེ་ཤེས་འཇུག ་བས་ནི་ཆད་ཟིན་པའོ།། སྨྲས་པ་བཅུད་པ་ཤ་རིའི་བུ་ཡེ་ཤེས་ཚད་མྱེད་པ་འམ། འོན་ཏེ་ཚང་ཡོད་པ་ཡིན།། སྨྲས་པ་རིགས་ཀྱི་བུ་ཡེ་ཤེས་ཚད་མྱེད་པའོ།། སྤྲས་པ་འོ་མཚད་མྱེད་པ་ཇི་ལྟར་ཚད་མྱེད་པར་སྟོནང་།། དེ་ནས ་གནས་བརྟན་ཤ་རིའི་བུ་ཅང་མྱི་ཟེར་བར་གྱུར་ཏོ།། དེ་ནས་སངས་རྒྱས་ཀྱི་མཐུས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཞོན་ནུར་གྱུར་པ་དྲ་བ་ཅན ་གི་འོད་ཅིའི་སྐད་དུ་དྲ་བ་ཅན་གི་འོད་ཅེས་བགྱི།། དེ་ནས་བཅོམ་ལྡན་འདས་ཀྱིས།། དྲ་བ་ཅན་གི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་གང་གིས་ལྷག་མ་བཅས་པའི་འཇིག་རྟེན་འདི་དགའ་བར་གྱུར་ནས།། དགེ ་བའི་རྩ་བ་ཡོངས་སུ་སྨིན་ཅིང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བའི་འོད། རང་གི་དགེ་བའི་རྩ་བས་ཡོངས་སུ་སྦྱངས་པ་ཁྱོད་ཀྱིས་བསྟོན་ད་ཅིག། དེ་ནས་གཞོན་ནུར་གྱུར་ད་པ་དྲ་བ་ཅན ་གི་འོད་ཀྱིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏོ།། དཉན་ནས་བླ་གོས་ཕྲག་པ་གཅིག་ཏུ་ཟེར་ཏེ། པུས་མོ་གཡས་པའི་ལྷ་དུ་ས་ལ་བཙུགས་ནས།། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐ ་མོ་སྦྱར་ནས། ལག་པ་གཡས་པ་དྲ་བ་ཅན་སེར་མོ་ཟངས་ལྟ་བུ་ལས་འོད་ཟེར་ཕྱུང་ནས། འོད་ཟེར་དེས་ཚད་མྱེད་མུ་མྱེད་པའི་འཇིག་རྟེ་ན་གི་ཁམས་ཐལ་ནས།། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མྱེ ་པ་རྣམས་འོད་ཀྱིས་ཁྱབ་པར་བྱས་ཏེ། འོད་དེས་ཕྱོགས་བཅུའི་འཇིག་རྟེན་གི་ཁམས་ཚད་མྱེད་གྲངས་མྱེད་པ་ན། སེམས་ཅན་དམྱལ་བའི་སེམས་ཅན་ནམ།། བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་པ་འམ།། གཤིན་རྗེའི་འཇིག ་རྟེན་པའི་ལོང་བ་འམ། འོན་པ་འམ། ཐེང་པོ་འམ། ལག་ཞ་འམ། ནད་བུ་ཅན་ནམ། ཆགས་པ་འམ།། བརྟུམ་པ་འམ།། རྨོངས་པ་འམ། གཅུར་བུ་འམ། ལྟོགས་པ་འམ། སྐོམ་པ་འམ། བཅིངས་པ་འམ། བཟུང་བ་འམ ་དབུལ་པོ་འམ། རིད་པ་འམ། རྒས་པ་འམ། འཆི་བའི་ཆོས་ཅན་ནམ། སེར་སྣ་ཅན་ནམ།། གནོད་པར་སེམས་པ་འམ། ངང་ཚུལ་ངན་པ་ཅན་ནམ། འཇུངས་པ་འམ། དྲན་པ་ཉམས་པ་འམ། འཆལ་བའི་ཤེས་རབ་ཅན་ནམ ་མ་དང་པ་འམ། བོས་པ་ཉུང་བ་འམ། བསོད་ནམས་ཆུང་བའམ།། པོ་ཆེ་མྱི་ཤེས་པ་འམ། ཁྲེལ་མྱེད་པ་འམ་ལྟ་བའི་ཐིབས་བོར་གྱུར་བ།། ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འོད་དེས་རེག་མ་ཟག་ཏུ་བདེ་བ་ཐམས་ཅད་དང ་ལྡན་པར་འགྱུར་རོ།། སེམས་ཅན་ཀང་འདོད་ཆགས་དང། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། འཆབ་པ་དང་། འཕྲ་རོག་དང་། འགྲོ་བའི་ཡོངས་སུ་གདུང་བས་ཉམ་ང་བར་གྱུར་ད་པ་མྱེད་དོ།། ་སེམས་ཅན་ཐམས་ཅད་ཀྱང་དཀགའ་བ་དང་བདེ་བ་དང་ལྡན་པར་གྱུར་ཏོ།། གང་སངས་རྒྱས་ཀྱི་སྦྱང་མ་བྱང་ཆུབ་སེམས་དཔའི་འཁོར་རམ།། ཉན་ཐོས་ཀྱི་འཁོར་ཏམ། སྭ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་མ་དང་། ལྷ་མ་ས ་དང་། ནམ་ཀ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མྱི་དང་མྱི་ཡིན་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་དེ་དག་ཐམས་ཅད་འདི་ལྟ་སྟེ། ཁ་དོག་གཅིག་དུ་གསེར་ཀི་ཁ་དོག ་ལྟ་བུར་སྣང་པོ།། ཐམས་ཅད་ཁ་དོག་ཀནྡིག་ཏུ་འདི་ལྟ་སྟེ། དེ་བཞི་ན་གཤེགས་པའི་ཁ་དོག་དང་། མཚན་དང་། གཟུགས་འཆང་བར་སྣང་།། ཐམས་ཅད་སྤྱི་གཙུག་བ་ལྟར་མྱི་སྣང་ཞིང་ལུས་མཆོག་གི ་གཟུགས་སུ་སྡང་ངོ་།། ཐམས་ཅད་ཀྱང་པད་མོའི་སྟན་ད་ལ་འགོད་ཅིང་ག་རིན་པོ་ཆེའི་དྲ་བས་ཁྱེབས་པར་སྣང་ངོ་།། དེ་དག་ཐམས་ཅད་ཀྱངའདི་ལྟ་སྟེ། སངས་རྒྱས་མཐོང་བའི་རང་བཞིན་དུ། རང་བཞིན ་གཅིག་ཏུ་སྣང་ངོ་།། དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། དཔེར་ན་དག་འ་བའི་རྣམ་པ་བཀོད་པའི་ཏིང་ངེ་འཛིནད་ཐོབ་པོའི་བྱང་ཆུབ་སེམས་དཔའ་བཞིན་དུ་འདི་ལྟ་བུ་བདེ་བ་སྐྱེས་པར་གྱུར་པ་ཏོ།། དེ་ནས་འཁོར་དེ ་ཐམས་ཅད་ངོ་མཚ་རང་དུ་གྱུར་ད་ཅིང་། ཕན་ཚུན་དབྱེར་མྱེད་དེ།། སྟོན་པ་ཡང་ལྷག་པར་མྱི་སེམས། བདག་ཉིད་ཀྱང་དམན་པར་མྱི་སེམས་སོ།། འོད་དེ་དག་བཏང་མ་ཐག་དུ་འོག་གི་ཕྱོགས་ནས།། བྱང་ཆུབ་སེམས ་དཔའ་བཞི་བྱུང་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་ཡང་དག་པར་འཕགས་ཤེས་བྱ་བ་དང་། ཁྱད་པར་བཟང་ཞེས་བྱ་བ་དང་།། ཡེ་ཤེས་ཟླ་བ་ཞེས་བྱ་བ་དང་། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱིས་མྱི་ཐུབ་རྒྱལ་མཚན་ཞེས་བྱ་བ་སྟེ།། དེ་དག་ཐལ་མོ་སྦྱར་ནས། གང་ལ་ཕྱག་བྱ་བའི་དེ་བཞིན་གཤེགས་པ་ཡང་དག་པ་འདིའི་ནང་ན་གང་ཡིན་སྙམ་སྟེ།། ཕྱག་བཙལ་ཞེས ་འཁོད་པ་དང་། དེ་དག་གི་བར་སྣང་ལས་འདི་ལྟར་འཁོར་འདི་ཐམས་ཅད་འདི་ལྟ་སྟེ།། རེ་བཞིན་གཤེགས་པའི་ཁ་རོག་ཏུ་ཁ་དོག་གཅིག་ཏུ་སྣང་བ་ནི།། གཞོན་ནུར་གྱུར་པ་དྲ་བ་ཅན་ཀི་འོད་གྱི་བྱེ་བྲག་ཀོ་ཞེས་སྒྲས་ཟོས་སོ།། ་དེ་ནས་བྱང་ཆུབ་སེམས་དཔའ་དེ་བཞི་འདི་སྐད་ཅེས་འཛེ་རད་ཏོ།། བདེན་པ་དང་བདེན་པོའི་ཚིག་གང་གིས་ཇི་ལྟར་འཁོར་འདི་ཁ་དོག་དང་གཟུགས་གཅིག་སྟེ།། བྱེ་བྲག་མྱེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་བྱེ་བྲག་མྱེད་ཅེ་ན ་བདེན་པ་དང་བདེན་པའི་ཚིག་དེས། བཅོམ་ལྡན་འདས་ཤག་ཀྱ་ཐུབ་པ་ལ་ཐ་དད་དུ་དབྱེ་བ་ལྷག་པ་གང་མཐོང་བས། དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པར་འགྱུར་བ་འགའ་ཞིག་མཐོང་བར་ཤོག་ཤིག་ཅེས་བྱ་བ་དང་། དེ ་ནས་དེའི་མོད་ལ་བཅོམ་ལྡན་འདས་སེང་གེའི་ཁྲི་པད་མ་ཅན་དང་བཅས་ཏེ། ཏ་ལ་གང་ཙམ་དུ་མངོན་པར་འཕགས་པར་གྱུར་ད་ཏོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བཞི་པོ་འདི་དག་གིས་འགོ་བས་ཕྱག ་ནས་འདི་སྐད་ཅེས་གསོལ་པ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་བསམ། ཀྱིས་མྱི་ཁྱབ་པོ།། འདི་ལྟར་སེམས་ཅན་རྣམས་ལ་བདེ་བར ་བསྟ་དང་བས་བྱང་ཆུབ་སེམས་དཔའ་དྲ་བཅད་གི་འོད་ཀྱི་བསོད་ནམས་དང་སྨོང་ལམ་འདི་ཡང་བསམ་གྱིས་མྱི་ཁྱབ་པོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོདས ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཁྱོད་ཀྱིས་སངས་རྒྱས་ཀྱི་བྱ་བ་བྱས་ཏེ། སེམས་ཅད་ཚད་མྱེད་པ་རྣམས་ཁྱོད་ཀྱིས་བྱང་ཆུབ་ལ་བཀོད་ཀྱིས།། རྫུ་འཕྲུལ་འདི་ཕྱིར་རྟུལ་གཅིག། དེ་ནས་གཞོན་ནུར་གྱུར་པ་དྲ་བཅད ་ཀྱི་འོད་ཀྱིས་འོད་དེ་དག་ཕྱིར་རྟུལང་ཏོ།། འོད་དེ་ཕྱིར་བརྟུལ་མ་ཐག་ཏུ་འཁོར་དེ་ཐམས་ཅད་སྤྱོད་ལམ་སྔ་མ་ཇི་ལྟ་བ་བཞིན་དུ་སྡང་ངོ་པོ།། བཅོམ་ལྡན་འདས་ཀྱང་སྔ་མ་ཁོ་བཞིན་དུ་སེང་གེའི་ཁྲི་པད་མོ་ཅན་ལ་ཞུགས་པར ་སྡང་ངོ་།། བེངས་བཅོམ་ལྡན་འདས་ལ་གངས་བཏང་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོསོང་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་བའི་གང་ནས་མཆིས།། བྱང་ཆུབ་སེམས་དཔའ་དེ་བཞིས་སྨྲས་པ། ཁོ་བོ་ཅག ་འོག་གི་འཇིག་རྟེན་གི་ཁམས་ནས་འོངས་སོ།། སྨྲས་པ་འཇིག་རྟེནང་གི་ཁམས་དེ་ཅི་མྱིང་། སྨྲས་པ་འཇིག་རྟེན་གི་ཁམས་དེ་ནི་རིན་པོ་ཆེ་ཐམས་ཅད་སྟོན་པ་ཞེས་བྱའོ།། སྨྲས་པ་དེ་ན་དེ་བཞིན་གཤེགས་པ་མཚན་ཅེ ་ཞེས་བྱ་བ་ཞིག་ཆོས་བཤད།། སྨྲས་པ་དེ་བཞིན་གཤེགས་པ་དེའི་མཚན་ནི། རིན་པོ་ཆེ་གདུགས་གཅིག་པ་ཞེས་བྱའོ།། སྨྲས་པ། འཇིག་རྟེ་ནང་གི་ཁམས་དེ་འདི་ནས་ཇི་སྲིད་གཅིག་ཡོད་སྨྲས་པ། བཅོམ་ལྡན་འདས་མཁྱེནད་པས ་མཁྱེནད་ཏོ།། སྨྲས་པ།། ཁྱེད་རྣམས་འདིར་ཅི་ལ་འོངས།། སྨྲས་པ།། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འོད་བཏང་ནས།། འོད་དེས་ཁོ་བོ་ཅག་ལ་རེག་སྟེ།། རེག་མ་ཐག་ཏུ་བཅོམ་ལྡན་འདས་ཤག་ཀྱ་ཐུབ་པའི་མཚན ་དཔ། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གི་འོད་ཀྱི་མྱོང་ཐོས་ནས། བཅོམ་ད་ལྡན་འདས་དང་། སྐྱེས་བུ་དམ་པ་འདི་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བདག་ཅག་འདིར་འོངས་སོ།། དེ་ནས་བཅོམ ་ལྡན་འདས་ལ་གནས་བརྟན་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ། ད་ཏོ།། བཅོམ་ལྡན་འདས་འཇིག་རྟེན་གི་ཁམས་རིན་པོ་ཆེ་ཐམས། ཅད་བསྟོནད་པ་ཞེས་བགྱིག། བཅོམ་ལྡན་འདས་རིན་པོ་ཆེ་གདུགས ་གཅིག་པ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་དེ་ཇི་སྲིད་གཅིག་ནི་མཆོས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལྡ་པ།། འཇིག་རྟེན་ཀི་ཁེ་མས་འདི་ནས་འོག་དུ།། སངས་རྒྱས་ཀྱི་ཞིང་ཀང་འགའི་ཀླུང་བདུན ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་མ། བྱང་ཆུབ་སེམས་དཔའ་འདི་བཞི་གང་ནས་འདིར་འོངས་པའི་འཇིག་རྟེནང་གི་ཁམས་རིན་པོ་ཆེ་ཐམས་ཅད་སྟོན་པ། བཅོམ་ལྡན་འདས་རིན་པོ་ཆེ་གདུགས་གཅིག་པ་དེ་བཞིན་གཤེགས། ་པའི་སངས་རྒྱས་ཀྱི་ཞིང་ཡོད་དོ།། གསོལ་པ། དེ་དག་དེ་ནས་ཇི་སྲིད་འདིར་མཆིས། བཀའ་སྩལ་པ།། སེམས་ཀྱི་སྐད་གཅིག་པ་གཅིག་གིས་ངེས་མྱི་སྣང་བར་གྱུར་ད་ཏེ་འདིར་ཕྱི་ནང་ཏོ།། གསོལ་པ།། བཅོམ་ལྡན ་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་དྲ་བ་ཅན་ཀི་འོད་ཀྱིས་འོད་ཟེར་དེ་སྲིད་དུ་མཆིས་པ་དང་། རིགས་ཀྱི་བུ་འདི་དག་དེ་ལྟར་མྱུར་དུ་ཕྱི་རང་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འོད་གཟེར་གཏོང་བ་དང་། རྫུ་འཕྲུལ་གྱི ་སྟོབས་ནི་ངོ་མཚར་པོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་དེ་བཞིན་ཏེ། ཇི་སྐད་ཟེར་བ་དེ་བཞིན་ནོ།། གང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མ་ཡིན་པ།། བྱང་ཆུབ་སེམས་དཔལ། ་རྣམས་ཀྱི་སྤྱོད་པ་ནི་བསམ་གྱིས་མྱི་ཁྱབ་པའོ།། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་གཞོན་ནུ་གྱུ་ལ་དྲ་བ་ཅན་གྱིས་འོད་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཀྱི་འོད་ཀྱིས་འཁོར་འདི་དག་རེག་ནས་ཁ་དོག་གཅིག། ་པ་འདི་ལྟ་སྟེ། གསེར་གྱི་ཁ་དོག་དུ་གྱུར་ད་ན་འདི་གང་གི་མཐུ། སྨྲས་པ་བཅོམ་ལྡན་འདས་ཉིད་ལ་འོད་སྲུང་ཆེན་པོ་ཁྱོད་ཀྱིས་གསོལ་དོ་ཅིག། དེ་ཉིད་ཁྱོད་ལ་སྟོནད་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྟས་སྔར་བྱུང་བ་འོད་སུའི་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དྲ་བ་ཅན་ཀྱི་འོད་བྱང་ཆུབ་ཐོབ་པའི་འཁོར་ཁ་དོག་གཅིག་ཏུ་འདིས། ་སྟེ།། གསེར་གི་ཁ་དོག་དུ་འགྱུར་རོ།། འཁོར་རྣམས་གཅིག་ལ་མོ།། ས་པ་འདི་ལྟ་སྟེ། ཐམས་ཅད་མཁྱེདད་པའི་སེམས་ལ་མོས་པར་འ་གྱུར་རོ།། དེ་ནས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་མྱིང་ཡང ་མྱེད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་བོ་ཤ་སྟག་གི་དགེ་འདུན་དུ་འགྱུར་རོ།། འོད་སྲུངས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི ་ཞིང་དེར་སྐྱེ་བར་འགྱུར་བ་དེ་མིང་བཞིན་གཤེགས་པ་ཉིད་དུ་གཟུང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཆེན་པོས་ཇི་སྐད་ཟེར་བ་དེ་བཞིན་ཏེ།། དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར ་བྱའོ།། དེ་ན་འཁོར་དེའི་ནང་ནས་སྲོག་ཆགས་སྟོང་ཕྲག་པའི་བཅུས་བཞི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སངས་རྒྱས་ཀྱི་ཞིང་དེར་སྨོན་ལམ་འདེབས་ཤིང་འདི་སྐད་དུ། བཅོམ་ལྡན་འང ་ནམ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་བྱང་ཆུབ་ཐོབ་པར་གྱུར་པ་དེའི་ཚེ། བདག་ཅག་རྣམས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ཤོག་ཤིག་ཅེས་སྨྲས་སོ།། དེ་རས་བཅོམ་ལྡན་འདས་ལ་གནས་བརྟར་འོད་སྲུང་ཆེར་པོ་། ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཡུན་ཇི་སྲིད་ཀྱིས་བྲ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཁྱོད་ཀྱིས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ།། རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར ་འགྱུར་ཞེས་དྲིས་ཤིག། དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར ་རྫོགས་པར་འཚང་རྒྱ་བར་འགྱུར།། དྲ་བ་ཅན་གི་འོད་ཀྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ལ་ལ་ཞིག་གི་སྒྱུ་མས་སྤྲུལ་པའི་སྐྱེས་བུ་ལ། རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང ་ཏུ་མངོན་པར་རྫོགས་པར་འཚང་རྒྱུ་བར་འགྱུར། ཞེས་དྲིས་ན། དེ། སྐད་ལུང་སྟོན་པ། སྨྲས་པ་རིགས་ཀྱི་བུ། སྒྱུ་མས་སྤྲུལ་པ་ལ་ཡང་། དག་པར་ཡོངས་སུ་གྲུབ་པ་མྱེད་ན། དེ་ཅི་ཞིག་ལུང་སྟོནད་པར་འགྱུར།། ་སྨྲས་པ་བཙུན་པ་འོད་སྲུང་ཆེན་པོ་དེ་དེ་བཞིན་ཏེ།། སྒྱུ་མས་སྤྲུལ་པ་བཞིན་དུ་ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་པ་ཡིན་ན། སུ་ལ་ཁྱོད་ཡུ་ན་ཇི་ཙམ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པོའི་བྱང་ཆུབ་མངོན ་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་འབྲི།། སྨྲས་པ་རིགས་ཀྱི་བུ་ཇི་ལྟར་སྒྱུ་མས་སྤྲུལ་པ་དབེན་ཞིང་འགྱུར་བ་མྱེད་པ། ཡོངས་སུ་རྟོག་པ་མྱེད་པ།། བྱེད་པ་མྱེད་པ།། དེ་བཞིན་དུ་ཁྱོད་ཀྱང་གལ་ཏེ། དེ་འདྲ་ན་ཁྱོད་ཚད་མྱེད ་པའི་སེམས་ཅན་རྣམས་ཀྱི་དོན་ཇི་ལྟར་བྱེད་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་སྒྱུ་མའི་རང་བཞིན་གང་ཡིན་པ་དེ་བྱང་ཆུབ་ཀྱང་དེའི་རང་བཞིན་ནོ།། བྱང་ཆུབ་ཀྱི་རང་བཞིན་གང་ཡིན་པ་དེ། སེམས་ཅན་རྣམས་ཀྱང་དེའི་རང་བཞེད ་རོ།། སྨྲས་དང་། བྱང་ཆུབ་དབ་སེམས་ཅད་གི་རང་བཞི་གང་ཡིན་བརྗེ་། ཆོས་ཐམས་ཅད་ཀྱང་དེའི་རང་བཞིནད་ཏེ། བཙུར་པ་འོད་སྲུངས་ཆེན་པོ་ཁ་ཐོས་དེ་གང་གི་ཡང་དོར་དང་ངོམ་མ་ཡིན་པར་མ་མཐོང་པོ།། སྤང་། ་རིགས་ཀྱི་བུ་ཁྱོད་སངས་རྒྱས་སུ་འགྱུར་བར་མ་ཞུགས་པས།། སྨྲས་པ་བཅུར་པ་འོད་སྲུངས་ཆེར་པོ་ཅི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འདུག་པའི་མཚད་ཉིད་དམ།། སྨྲས་པ་དེ་ནི་ལ་ཡིན་ནོ།། སྨྲས་པ་དེ་བས་ཁོ་བོས་སངས། ་རྒྱས་སུ་འགྱུར་བ་དང་། ཉན་ཐོས་སུ་འགྱུར་བ་དང་། རང་སངས་སུ་འགྱུར་བའི་ཕྱིར་མ་ཞུགས་སོ།། སྤྲས་པ་རིགས་ཀྱི་བུ་ཁྱོད་ཅོལ་ཞུགས།། སྤྲས་པ་དེ་བཞིན་ཉིད་གང་ལ་ཞུགས་པ་དེ་ལ་བདག་ཞུགས་སོ།། སྨྲས་པ་རིགས་ཀྱི། ་བུ་དེ་བཞིན་ཉིད་ནི་ཞུགས་པ་ཡང་མྱེད་ལྡོག་པ་ཡང་མྱེད་དོ།། སྨྲས་པ་བཙུན་པ་འོད་སྲུངས་ཆེན་པོ་ཇི་ལྟར་དེ་བཞིན་ཉིད་མ་ཞུགས་ཤིང་མྱི་ལྡོག་པ་དེ་བཞིན་དུ། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་འཇུག་པར་ཞུགས་པ་ལ་མྱི་འཇུག་མྱི ་ལྡོག་གོ།། སྨྲས་པ་དྲ་བ་ཅན་གི་འོད་གལ་ཏེ་ཁྱོད་མྱི་འཇུག་མྱི་ལྡོག་ན། སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད།། སྨྲས་པ་བཙུན་པའོ། དུ་སྲུང་ཆེན་པོ་གང་སྨོན་ལམ་འདེབས་པ་དེ་དག་ནི།། སེམས་ཅན ་ཡོངས་སུ་སྨྱིན་པར་བྱེད་པ་ལ་བརྩོན་པ་མ་ཡིན་ནོ།། གང་ཆོས་གང་ལས་ཀྱང་མྱི་ལྡོག་པ་དེ་དག་སེམས་ཅན་ཡོངས་སུ་སྨྱིནད་པར་བྱེད་པ། ལ་བརྩོན་པ་མ་ཡིན་ནོ།། སྨྲས་པ་རིགས་ཀྱི་བུ་ཁྱོད་སེམས་ཅན་རྗེས ་འཁོར་བ་ལས་མྱི་ཟློག་གམ།། སྨྲས་པ་བདག་ཅག་འཁོར་བ་ཉིད་མྱི་དམྱི་གས་མ། ཇི་ལྟར་སེམས་ཅན་རྣམས་འཁོར་བ་ལས་ཟློག་པར་བྱ། སྨྲས་པ་རིགས་ཀྱི་བུ་ཁྱོད་སེམས་ཅན་རྣམས་མྱ་ངན་ལས་འདས་པ་ལ་མྱི ་འཛུད་དམ། སྨྲས་པ་མྱ་ངན་ལས་འདས་པ་ཉིད་བདག་གིས་མ་མཐོང་ན།། ཇི་ལྟར་སེམས་ཅན་རྣམས་ཇི་ལྟར་དེ་ལ་གཟུང་བར་བྱ།། སྨྲས་པ་རིགས་ཀྱི་བུ་དེས་སྟེ།། འདི་ལ་འཁོར་བ་ཡང་མྱེད་མྱ་ངན་ལས་འདས་པ་ཡང་མྱེད་ན། འོ་ན ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་མྱ་ངན་ལས་ཟླ་བའི་ཕྱིར་བྱང་ཆུབ་ཏུ་སྤྱོད།། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་གང་འཁོར་བར་དམྱིགས་པ་དང་། མྱ་ངན་ལས་འདས་པར་ཡོངས་སུ་རྟོག་པ་དང་། སེམས་ཅན་དུ་འདུ ་ཤེས་པ་ལ་གནས་པས་བྱང་ཆུབ་ཏུ་སྤྱོད་ན།། དེ་དག་བྱང་ཆུབ་སེམས་དཔའ་ཞེས་མྱི་བྱའོ།། སྨྲས་པ་རིགས་ཀྱི་བུ་ཁྱོད་ཅི་ལ་སྤྱོད།། སྨྲས་པ་བཙུན་པ་འོད་སྲུང་ཆེན་པོ་ཁོ་བོ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དང་། སེམས་ཅན་དུ་འདུ་ཤེས ་པས་ཀྱི་སྤྱོང་སོད་ཀྱི།། བཙུད་པ་འོད་སྲུང་ཆེན་པོ་ཁྱོད་ཅི་ལ་སྤྱོད་ཅེས་དེ་སྐད་དྲི་ན།། བཙུན་པ་འོད་སྲུང་ཆེན་པོ་ཁོ་བོ་མི་དེ་བཞིན་གཤེགས་པས་སྤྲུལང་བ་གང་ལ་སྤྱོད་པ་དེ་ཉིད་ལ་སྤྱོད་དོ།། སྨྲས་པ། རིགས་ཀྱི་ཆུ། ་དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཅི་ལ་ཡང་མྱི་སྤྱོད་དོ།། སྨྲས་པ།། བཙུན་པ་འོད་སྲུང་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་ཀྱང་དེ་ལྟ་བུར་བལྟའོ།། སྤྲས་པོ་རིགས་ཀྱི་བུ་རེ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ ་མཚན་ཉིད་དེ་ལྟ་བུ་ཡིན་དུ་ཟིན་དེ་བཞིན་གཤེགས་པའི་སྤྲུལ་པ་རྣམས་ནི་ཆགས་པར་མྱི་འགྱུར།། ཞེ་སྡང་བར་མྱི་འགྱུར། རྨོངས་པར་མྱི་འགྱུར་ན། ཕྱིར་སེམས་ཅན་རྣམས་ལ་འདོད་ཆགས་དང་ཞེ་སྡང་དང་། ་གཏི་མུག་འབྱུང་། སྨྲས་པ།། དེ་བས་ན་གནས་བརྟན་ཉིད་ལ་འདི་དྲིས། ཁྱོད་ཀྱི་མོས་པ་ཇི་ལྟ་བ་བཞིན་འདི་ལུང་སྟོནད་ཅིག། གནས་བརྟམ་འོད་སྲུང་ཆེན་པོ་ལ་ང་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཛས ་ཡོད་དམ།། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་འོ་ན་ཁྱོད་ཀྱི་འདོད།། ཆགས་དང་། ཞེ་སྡང་དང་། གཽཏི་མུག་ཟད་དམ། མྱེད་པར་གྱུར་ང་ཏེ།། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་གལ་ཏེ་གནས་བརྟན་འདོད་ཆགས ་དང་། ཞེ་སྡང་དང་། གཏི་མུག་ཀྱང་མྱེད་ལ། ཟད་པ་འམ། མྱེད་པར་གྱུར་པ་ཡང་མ་ཡིན་པ། ཅི་ཁྱོད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། ག་ཏི་མུག་རྣམས་འདུག་གམ། སྨྲས་པ་རིགས་ཀྱི་བུ་བྱིས་པ་སེ་སོའི་སྐྱེ་བོ ་ཕྱི་ནང་ཅི་ལོག་དང་ལྡན་པ་རྣམས་ཀྱི་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པའི་གནས་ལ་འདོད་ཆག་ད། ཞེ་སྡང་དང་། གཏི་མུག་རྣམས་འབྱུང་གྱི། འཕགས་པ་ཆོས་འདུལ་བ་ལ་ཕྱིར་ཅི་ལོག་ཁོང་དུ་ཆུད་པས་རྟོག་པ་དང་། ་རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་མྱི་འབྱུང་སྟེ། དེ་ལ་འདོད་ཆགས་ཀྱང་མྱེད། ཞེ་སྡང་ཀྱང་མྱེད། གཏི་མུག་ཀྱང་མྱེད་དོ།། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་འདི་ཇི་སྙམ་དུ་སེམས།། གང་ཕྱིན་ཅི་ལོག་ལས་བྱུང་བའི་ཉོན་མོངས་པ ་དེ་ཡང་དག་པ་ཡིན་ནམ།། སྨྲས་པ་དེ་མ་ཡིན་ཏེ།། དེ་ནི་ཡང་དག་པ་མ་ཡིན་ནོ།། སྨྲས་པ་ད་མ་ཡིན་ཏེ།། ད་ན་ཡང་དག་པ་མ་ཡན་ན།། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་འདི་ཇི་སྙམ་དུ་སེམས། གང་ཡང་དག་པ་མ་ཡིན་པ་དེ་ནམ་ཡང ་ཡང་དག་པར་འགྱུར་རམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་གནས་བརྟན་ཡང་དག་པ་མ་ཡཱི་བག་ཡི་དཔ་ལྔ་དག་པ་པ་མཱི་བདེ་ས།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བར་འདོད་དམ།། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་བཙུན་པ་འོད་སྲུང ་ཆེན་པོ་དེ་ལྟ་ཡིན་དུ་ཟིན་ན།། གང་དག་གིས་སེམས་ཅན་རྣམས།། ཀུན་ཆས་ཉོན་མོངས་པར་འགྱུར་བའི་འདོད་ཆགས་དང་།། ཞེ་སྡང་དང་། གཏི་མུག་གང་ཡོན་སྨྲས་པ།། རིགས་ཀྱི་བུ་དེ་ལྟ་མཆོས་ཐམས་ཅད་རང་བཞིན་གྱི ་འདོད་ཆགས་དང་བྲལ་བ། ཞེ་སྡང་བྲལ་བའོ།། གཏི་མུག་དང་བྲལ་བའོ།། སྒྲམ་ཙུན་པ་འོད་སྲུང་ཆེན་པོ་འདི་ལ་བསམས་ཏེ། འདི་སྐད་དུ་ཆོས་ཐམས་ཅད་ནི་སྒྱུ་མས་སྤྲུལ་པའི་རང་བཞིན་ནོ་ཞེས་སྨྲའོ།། ཡང་བསྟན་པ ་འདི་བཤད་པའང། བྱང་ཆུབ་སེམས་དཔའ་སྟོང་ཕྲག་པའི་བཅུ་མ་ན་རྗེས་སུ་མཐུན་པའི་བཟོད་པ་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་སུ་དག་གི་མྱིག་གིས། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གིའོ།། ང་མཐོང་བར་གྱུར་པའི་སེམས་ཅན་དེ་དག་ལ་ངན་སོང་ངན་འགྲོ་ལོག། པར་ལྟུང་བའི་འཇིགས་པར་འཚལ་བར་མྱི་བགྱིའོ།། སུ་ངག་འདིའི ་ཆོས་བསྟནད་པ་ཐོས་པར་འགྱུར་བའི་སེམས་ཅན་དེ་དག་ལ་ཡང་བདུད་ཀྱི་ལས་ཀྱི་བར་དུ་གཅོད་པར་འཚལ་བར་མྱི་བགྱིའོ།། འདིས་སུ་དག་བྱང་ཆུབ་ལ་ཡོངས་སུ་སྨྱི་དད་པར་བགྱིས་པའི་སེམས་ཅན་དེ་དག་ཀྱང་ཉན ་ཐོས་དང་། རང་སངས་རྒྱས་ཀྱི་སར་འཚལ་བར་མྱི་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་འོད་སྲུང་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གི་འོད་སངས་རྒྱས་ཀྱི་ཞིང་གང་དང་གང་གནས་པ་དེ་དང་དེང་། སེམས་ཅན་ཚད་མྱེད་པ་རྣམས་ཀྱི་དོད་བྱེད་པོ།། འོད་སྲུང་རིགས་ཀྱི་བུ་འདི་འོ་ཕྱུང་བ། ཁྱོད་ཀྱིས་མཐོང་ངམ།། གསོལ་དཔ ་བཅོམ་ལྡན་འདས་བདག་གིས་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འོད་སྲུང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཡུངས་ཀར་གིས་གང་བ་ནི་བགྲང་བའི་ཚུལ་གྱིས་མཐ་ཕྱིནད་པར་ནུས་ཀྱི།། ་འོད་སྲུང་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གི་འོད་ཀྱིས་འོད་བསྟནད་པས། སུ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་བའི་སེམས་ཅན་དེ་དག་གི་མཐར་ཕྱིནད་པར་མྱི་ནུས་སོ།། ་འོད་སྲུང་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་གྱིས་འོད་བསྟནང་བས་ཀྱང་། སེམས་ཅན་རྣམས་ཀྱི་དོན་བྱེད་ན། ཆོས་བསྟན་པ་ལྟ་ཅི་སྨོས། འོད་སྲུང་རིགས་ཀྱི་བུ་འདིའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་བྱེ་བྲག ་གི་ཕྱོགས་ཙམ་ཞིག་བརྗོད་ཀྱིས་ཉོན་ཅིག། འོད་སྲུང་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གི་འོད། བསྐལ་པ་གྲངས་མྱེད་པ་བརྒྱད་སྟོང་ཕྲག་བདུན་བཅུ་རྩ་དྲུག་ན། འཇིག་རྟེན་གི་ཁམས་ཁྱད་པར་གྱི་ཡོན་ཏན་བསྡུས་པ་ཞེས་བྱ་བར ་ཀུན་ཏུ་འོད་རྣམ་པར་འཕྲུལ་བའི་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ། དེ་བཞི་ན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་སྟེ། དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཉེ་བར་སོང་བ་དང་། འཇིག ་རྟེན་གི་ཁམས་དེའི་བདུད་དམ།། བདུད་ཀྱི་རིས་ཀྱི་ལྷ་ཇི་སྙེད་ཡོད་པ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ངེས། པར་འགྱུར་རོ།། སྦྱིན་པ་དང་གཏོང་བ་རྒྱ་ཆེར་འགྱུར་རོ།། འོད ་སྲུང་འཇིག་རྟེན་ཀཾ་ཁམས་དེ་ལག་ཟིལ་ལྟར་མཉམ་པར་འགྱུར་རོ།། ཀོས་ཀ་མ་ལ་འདི་ཀ་ལྟར་འཇམ་ཞིང་རེག་ན་བདེ་བ་ལ་རིང་པོ་ཆེ་ཐམ་ས་ཅད་ཀྱིས་སྨྲས་པར་འགྱུར་རོ།། འཇིག་རྟེན་དགི་ཁམས་དེན ་ངན་སོང་མྱེད། མྱི་ཁོམ་པ་མྱེད། སྡོང་དུམ་དང་ཚེར་མ་ཡང་མྱེད་པར་འགྱུར་རོ།། འཇིག་རྟེན་ཀ་ཁམས་དེར་པད་མ་བཀྲོ་བ་དག་ཀྱང་འབྱུང་བར་འགྱུར་རོ།། རིན་པོ་ཆེའི་པད་མ་ཆེན་པོ་དྲི་དང་ལྡན་པ་དག་ཀྱང་འབྱུང་བར ་འགྱུར་རོ།། འཇིག་རྟེན་གི་ཁམས་དེ་དྲི་མ་མྱེད་ཅིང་རྒྱ་ཆེ་བར་འགྱུར་རོ།། ཡང་འོད་སྲུང་འཇིག་རྟེན་གི་ཁམས་ཁྱད་པར་ཡོན་ཏན་བསྡུས་པ་དེ་ན། བཅོམ་ལྡན་འདས་ཀུན་ཏུ་འོད་རྣམ་པར་འཕྲུལ་པ། འོད་ཟེར་གྱི་རྒྱལ་པོ ་དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་མཐའ་ཡས་པར་བསྒྲུབ་པའི་ཆོས་འགྲོ་བ་ལ་མཁས་པ། རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ། འོད་ཀྱིས་ཀུན་ཏུ་བརྒྱད་པ། གཟུངས་ཀྱི་གཏེར་ཐོབ་པ། ཏིང་ངེ ་འཛིན་ཐོབ་པ།། ཐོགས་པ་མྱེད་པའི་སྤོབས་པ་དང་། ཡེ་ཤེས་སྟོནང་པ་ལ་མཁས་པ།། མངོན་པར་ཤེས་པ་དང་། རིག་པ་དང་། མྱི་འཇིགས་པ་ཐོབ་པ། བདུད་དང་ཕྱིར་རྒོལ་བརྡམས་བཅོམ་པ།། དྲང་བ་དང་བློ་གྲོས་དང་། རྟོགས ་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། ཤེས་རབ་སྦྱངས་པའི་ཡེ་ཤེས་ཀྱིས་ཡོངས་སུ་བསྒོམས་པ་དཔག་ཏུ་མྱེད་པར་འགྱུར་རོ།། ཡང་འོད་སྲུང་སངས་རྒྱས་ཀྱི་ཞིང་དེ་ན། བུད་མྱེད་སྐྱེ་བར་མྱི་འགྱུར་ཏེ།། བྱང་ཆུབ ་སེམས་དཔའ་དེ་དག་ཐམས་ཅད་པད་མ་ལ་བསྐྱིལ་མོ་ཀྲུང་བཅས་ཤིང་འདུག་པར་ཞུས་ཏེ་སྐྱེ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་དེ་དག་བསམ་གཏང་གི་དགའ་བའི་ཟས་དང་ལྡན་པར་འབྱོར་རོ།། བསམས་པ་ཙམ་གྱི ་བཟའ་བ་པ་། བཏུང་བ་དང་། གཞོན་པ་དང་། གོས་དང་། འཆགས་ས་དང་། སྐྱེད་མོས་འཚལ་དང་། ཁང་པ་རྩེགས་པ་དང་། འབབ་ཆུ་དང་། ཆུ་མྱིག་དང་། མཚོ་དང་། རྫིང་དང་། ལྟེང་ཀའི་ཡོངས་སུ་ལོངས་སྤྱོད་པ ་ཐམས་ཅད་འབྱུང་བར་འགྱུར་རོ།། འོད་སྲུང་ཀུན་ཏུ་འོད་རྣམ་པར་འ། ཕུལ་པ། འོད་ཟེར་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ལ་བདག་པར་རྫོགས་པའི་སངས་རྒྱས་དེ། ཡི་གེ་དང་ངེས་པའི་ཚིག ་གྱིས་ཆོས་མྱི་སྟོནང་ཏོ།། གཞན་དུ་ན་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པའི་འོད་དེ་རེག་མ་ཐག་ཏུ་མྱི་སྐྱེ་བའི་ཆོས་ལ་བཟོད་པ་སོ་སོར་ཐོབ་པར་འགྱུར་རོ།། འོད་དེས་སངས་རྒྱས་ཀྱི་ཞིང་གཞན ་དུ་འགྲོ་བ་ལ་ཐོགས་པ་མྱེད་པར་འགྱུར་རོ།། འོད་དེ་སེམས་ཅན་གི་ཉོན་མོངས་པ་བསལ་བ་ལ།། ཉོན་མོངས་པ་དང་བྲལ་བར་འགྱུར་རོ།། ཡང་འོད་སྲུང་དེ་བཞིན་གཤེགས་པའི་འོད་ལས།། ཆོས་ཀྱི་ཚུལ་རབ་ཏུ་དབྱེ་བའི་སྒྲ་གསུམ ་བཅུ་རྩ་གཉིས་འབྱུང་བར་འགྱུར་ཏེ། གསུམ་བཅུ་རྩ་གཉིས་གང་ཞེ་ན།། ལྟ་བར་གྱུར་པ་ཡོངས་སུ་དག་པས།། ཆོས་ཐམས་ཅད་སྟོང་པའོ།། རྟོག་པ་དང་། རྣམ་པར་རྟོག་པ་དང་བྲལ་བས། ཆོས་ཐམས་ཅད་མཚན་མ་བྱེད ་བའོ།། ཁམས་གསུམ་ལས་ཡང་དག་པས།། ཆོས་ཐམས་ཅད་སྤོ་དང་པ་བྱེད་པའོ།། རང་བཞིན་གྱིས་ཉེ་བར་ཞི་བས་ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བའོ།། སྤོ་ང་བ་མྱེད་པའི་མཚན་ཉིད་ཀྱིས།། ཆོས་ཐམས་ཅད ་ཞེ་སྡང་དང་བྲལ་བའོ།། མུན་པ་མུན་ནག་དང་བྲལ་བས་ཆོས་ཐམས་ཅད་གཏི་མུག་དང་བྲལ་བའོ།། ཐོག་མ་ནས་མ་སྐྱེས་པའི་ཆོས་ཐམས་ཅད་འོང་བ་མྱེད་པའོ།། འཕོ་བ་མྱེད་པོའི་ཚུལ་གྱིས།། ཆོས་ཐམས། ་ཅད་འགྲོ་བ་མྱེད་པའོ།། རབ་ཏུ་མྱི་བརྟེན་པོའི་ཕྱིར་ཆོས་ཐམས་ཅད་མྱི་གནས་པའོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་བྲལ་བའི་ཕྱིར། ཆོས་ཐམས་ཅད་དུས་གསུམ་ལས་འདས་པའོ།། རང་བཞིན་གཅིག ་ཕྱིར་ཆོས་ཐམས་ཅད་བྱེ་བྲག་མྱེད་པའོ།། ལས་ཀྱི་རྣམ་པར་སྦྱིན་པ་དང་བྲལ་བའི་ཕྱིར།། ཆོས་ཐམས་ཅད་མ་སྐྱེས་པའོ།། བྱེད་པ་པོ་མྱི་དམྱིགས་པའི་ཕྱིར། ཆོས་ཐམས་ཅད་ལས་དང་རྣམ་པར་སྦྱིད་པ་མྱེད་པའོ།། མངོན ་པར་འདུ་མྱི་བྱེད་པའི་ཚུལ་གྱིས། ཆོས་ཐམས་ཅད་མ་བྱས་པའོ།། མངོན་པར་འདུས་བྱས་པས་རབ་ཏུ་ཕྱེ་བའི་ཕྱིར། ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པའོ།། སྐྱེ་བ་དང་འཇིག་པ་དང་བྲལ་བའི་ཕྱིར། ཆོས་ཐམས ་ཅད་འདུས་མ་བྱས་པའོ།། ཡང་དག་པར་མ་བྱུང་བའི་ཕྱིར། ཆོས།། ཐམས་ཅད་ཡང་དག་པ་མ་ཡིན་པའོ།། ཅིག་ཆར་མངོན་པར་རྟོགས།། པའི་ཚུལ་གྱིས་ཆོས་ཐམས་ཅད་དབེན་པའོ།། སེམས་ཅན་མྱི ་དམྱིགས་པའི་ཕྱིར། ཆོས་ཐམས་ཅད་བདག་མྱེད་པའོ།། དོད་དམ། པའི་ཕྱིར་ཆོས་ཐམས་ཅད་གང་ཟག་མྱེད་པའོ།། ཤེས་པ་མྱི་བྱེད་པའི་ཕྱིར། ཆོས་ཐམས་ཅད་བེམས་པའོ།། མཛའ་བ་དང་ཁོང་ཁྲོ་བ ་མྱེད་བའི་ཕྱིར། ཆོས་ཐམས་ཅད་བཏང་སྙོམས་པའོ།། ཡོངས་སུ་གཟུང་བ་མྱེད་པའི་ཕྱིར། ཆོས་ཐམས་ཅད་ཅི་ཡང་མྱེད་པའོ།། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མྱེད་པའི་ཕྱིར། ཆོས་ཐམས་ཅད་ཉེ་བའི་ཉོན་མོངས། ་པ་མྱེད་པའོ།། དབེན་པའི་མཐའ་ཡིན་པའི་ཕྱིར།། ཆོས་ཐམས་ཅད་ཚུལ་གཅིག་པའོ།། དབེན་པའི་ཕུན་གསུམ་ཚོགས་པས་ཆོས་ཐམས་ཅད་དབེན་པའོ།། མྱི་འཁྲུགས་པའི་ཕྱིར། ཆོས་ཐམས་ཅད་ཡང་དག་པའི་མཐའ ་ལ་གནས་པའོ།། ཤི་ནང་ཏུ་བ་མྱི་དད་པའི་ཕྱིར་ཆོས་ཐམས་ཅད་དེ་བཞིན་ཉིད་ལ་གནས་པའོ།། ཆོས་ཐམས་ཅད་དུ་རྗེས་སུ་སོང་བའི་ཕྱིར། ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའོ།། ཕན་ཚུ་ར་མྱ ་འདུ་བའི་ཕྱིར་ཆོས་ཐམས་ཅད་རྐྱེར་ང་བྱེད་པའོ།། མཉམ་པ་ཉིད་ཀྱིས་ཡོངས་སུ་རྒྱས་པའི་ཕྱིར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའོ།། ཇི་ལྟ་བ་བཞིན་དུ་མཐོང་བས་ཕྱེ་བའི་ཕྱིར། ཆོས་ཐམས་ཅད་བྱང་ཆུབ་བོ།། ཡོངས ་སུ་མ་གྲུབ་པའི་ཚུལ་གྱིས། ཆོས་ཐམས་ཅད་མྱ་ངན་ལས་འདས་པའོ།། ཞེས་འོད་སྲུང་དེ་ལྟར།། བཅོམ་ལྡན་འདས་ཀུན་ཏུ་འོང་རྣམ་པར་འཕྲུལ་པ་འོད་ཟེར་གི་རྒྱལ་པོས་དེ་བཞིན་གཤེགས་པའི་འོད་དེ་ལས།། ། འདི་ལྟ་བུའི་ཆོས ་ཀྱི་ཚུལ་རབ་ཏུ་དབེ་བའི་སྒྲ་སུམ་བཅུ་རྩ་གཉིས་འབྱུང་བར་འགྱུར་རོ།། གནས་བརྟན་འོད་སྲུང་ཆེན་པོས་གསོལ་དབ།། བཅོམ་ལྡན་འདས་འོད་ཟེར་དེ་སངས་རྒྱས་ཀྱི་མཛད་པ་བགྱིང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། འོད་སྲུང་དེ་བཞིན་གཤེགས་པ་དེ་ཚེ་དཔག་ཏུ་མྱེད་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་དེ་ན་བདུད་ཀྱི་ལས་ཀྱིས་རབ་ཏུ་གཅོད་པར་མྱེད་པར་འགྱུར་རོ།། འོད་སྲུང་ཆེན་པོས་གསོལ་པ། བཅོམ་ལྡན་འདས ་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་གཟུང་བར་འཚལ་བས། རིགས་ཀྱི་བུ་འདིའི་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་ཅི་འདྲ་བ་དེ་ལྟ་བུར་ཡོངས་སུ་དག་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་གཟུང་བར། ་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འོད་སྲུང་འདི་ལྟ་ར་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ། སྨོན་ལམ་ཡོངས་སུ་སྦྱངས་ཏེ། ་དེའི་ཕྱིར་འདིས་སངས་རྒྱས་ཀྱི་ཞིང་དེ་ལྟ་བུའི་ཡོན་ཏན་ཕུན་གསུམ་ཚོགས་པ་ཡོངས་སུ་གཟུང་ངོ་།། འོད་སྲུང་དེ་བས་ན་སངས་རྒྱས་ཀྱི་ཞིང་དེ་ལྟ་བུ་ཡོངས་སུ་གཟུང་བར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཀྱང་བྱང ་ཆུབ་སེམས་དཔའ་དྲ་བ་ཅན་གི་འོད་གི་རྗེས་སུ་བསླབ་པར་བྱའོ།། དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས།། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གི་འོད་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པས ་ལུང་བསྟནད་ཏོ།། སྨྲས་པ།། ཚངས་པ་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱང་ལུང་བསྟནད་ཏོ།། སྨྲས་པ་ཅིར་ལུང་བསྟནད་པའོ།། སྨྲས་པ་ལས་ཀྱི་རྣམ་པར་སྦྱི་ནད་པ་ཇི་ལྟ་བ་བཞིན་དུ་ལུང་བསྟནད་ཏོ། ་སྨྲས་པ་རིགས་ཀྱི་བུ་ཁྱོད་ཀྱིས་ལས་ཇི་ལྟ་བུ་ཞིག་བྱས་ན། ཁྱོད་འདི་ལྟར་ལུང་བསྟན་ད། སྨྲས་པ་ཚངས་པ་ལས་གང་ལུས་དང་ངག་དང་ཡིད་ཀྱིས་མ་བྱས་པ་དེ་ལས་དེ་ནི་འདི་ཞེས་བསྟནད་དུ་རུང་ངམ།། སྨྲས་པ་ཅིའི ་ཕྱིར། སྨྲས་པ་ཅི་བྱང་ཆུབ་མངོན་པར་འདུ་བྱེད་པའི་མཚན་ཉིད་དམ། སྨྲས་པ་དེ་མ་ཡིན་ནོ།། སྨྲས་པ་བྱང་ཆུབ་མངོན་པར་འདུ་མྱི་བྱེད་པའི་མཚན་ཉིད་དེ། བྱང་ཆུབ་ནི་མངོན་པར་འདུ་མྱི་བྱེད་པའི་མཚན་མ་ཡིན་ནོ།། སྨྲས་པ ་མངོན་པར་འདུ་བྱེད་པས་བྱང་ཆུབ་འདུས་མ་བྱས་པ་ཐོས་པར་ནུས་སམ།། སྨྲས་པ་ཚངས་པ་དེ་ལྟ་བས་ན། འདི་ལ་རྣམ་གྲངས་འདིས་གང་ལ་ལས་ཀྱང་མྱེད།། ལས་ཀྱི་འབྲས་བུ་ཡང་མྱེད། མངོན་པར་འདུ་བྱེད་པའི་འཇུག་པ་ཡང ་མྱེད་པ་དེ་ནི་བྱང་ཆུབ་པོ།། བྱང་ཆུབ་ཇི་ལྟ་བར་འཐོབ་པ་ཡང་དེ་བཞི་ན་དུ་ལུང་བསྟནད་པ་ཡང་དེ་བཞིན་ཏེ།། མངོན་པར་འདུ་བྱེད་པས་ལུང་བ་སྙན་པར་མྱི་འགྱུར་བར་རིག་པར་བྱའོ།། སྨྲས་པ་རིགས་ཀྱི་བུ་ཕ་རོལ ་ཏུ་ཕྱིནད་པ་དྲུག་ལ་སྤྱད་ནས། ཕྱིས་ལུང་བསྟན་པར་འགྱུར་རམ།། སྨྲས་པ་ཚངས་པ་དེ་བཞིན་ཏེ། ཕ་རོལ་ཏུ་ཕྱིནད་པ་དྲུག་ལ་སྤྱད་ནས། ཕྱིས་ལུང་བསྟན་པར་འགྱུར་ཏེ། ཚངས་པ་གང་ཉོན་མོངས་པ་ཞེས ་ཅད་ཡོངས་སུ་བཏང་བ་འདི་ནི་སྦྱིན་པའོ།། གང་མངོན་པར་འདུ་མྱི་བྱེ་ད་པ་འདི་ནི་ཚུལ་ཁྲིམས་སོ།། གང་མ་མྱི་མཐོང་བ་དེ་ནི་བཟོད་པའོ།། གང་དབེན་པ་དེ་ནི་བརྩོན་འགྲུས་སོ།། གང་རབ་ཏུ་མྱི་གནས་པ་དེ ་ནི་བསམ་གཏན་ནོ།། ཀང་སྤྲོས་པ་མྱེད་པ་དེ་ནི་ཤེས་རབ་སྟེ། ཚངས་པ་བྱང་ཆུབ་སེམས་དཔའ་གང་ཕ་རོལ་ཏུ་ཕྱིནད་པ་དྲུག་ལ་སྤྱོད་པ་དེ་དག་ཅི་ལ་སྤྱོད།། སྨྲས་པ་ཅི་ལ་ཡང་མྱི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། སྤྱོད་པ ་ཅི་ཙམ་པ་དེ་ཙམ་དུ་སྤྱོད་པ་མ་ཡིན་ནོ།། གང་སྤྱོད་པ་དེ་མྱི་སྤྱོད་པའོ།། ཀང་མྱི་སྤྱོད་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྱོད་པ་སྟེ།། ཚངས་པ་རྣམ་གྲངས་འདིས་ཇི་ལྟར་སྤྱོད་པ་མ་ཡིན་པ་ནི།། ་བྱང་ཆུབ་ཀྱི་སྤྱོང་པ་ཡིན་པར་རིག་པར་བྱའོ།། ཚངས་པ་བྱང་ཆུབ་དུ་ལུང་བསྟ་དང་བྷྱོ།། ཞེས་དེ་སྐད་ཟེར་བ་རི་དེ་བཞིན་ཉིད་དང་།། ཆོས་ཀྱི་དབྱིངས་ཇི་ལྟ་བུརལུང་བསྟ་རང་པ། དེ་ལྟ་བུ་པ་ཡང་ལུང ་བསྟནད་ཏོ།། སྨྲས་པ།། རིགས་ཀྱི་བུ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ནི་ལུང་མྱི་བསྟོན་ཏོ།། སྨྲས་པ་འོ་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ། ལུང་བསྟན་པོའི་འདི་མཚན་ཉིད་ཀྱང་དེ་བཞིན་ཏོ།། ་དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་སྤྱད་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་ལུང་བསྟནད་པར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་བ། ཚངས་པ་ནམ་བྱང་ཆུབ་སེམས་དཔའ་སྐྱེ་བ་ལ་ཡང་མྱི་སྤྱོད། འགག་པ་ལ་ཡང་མྱི་སྤྱོད། དགེ་བ་ལ་ཡང་མྱི་སྤྱོད། མྱི་དགེ་བ་ལ་ཡང་མྱི་སྤྱོད། འཇིག་བརྟེན་པ་ལ་ལྔ ་མྱི་སྤྱོད། འཇིག་རྟེན་ལས་འདས་པ་ཡང་མྱི་སྤྱོད། ཟག་པ་དང་བཅས་པ་ལ་ཡང་མྱི་སྤྱོད། ཟག་པ་མྱེད་པ་ལ་ཡང་མྱི་སྤྱོད། ཁ་ན་མ་ཐོ་བ་དང་། བཅས་པ་ལ་ཡང་མྱི་སྤྱོད། ཁ་ར་མ་ཐོ་བ་མྱེད་པ་ལ་ཡང་མྱི་སྤྱོད ་འདུས་བྱས་ལ་ཡང་མྱི་སྤྱོད། འདུས་མ་བྱས་ལ་ཡང་མྱི་སྤྱོད། རྣལ་འབྱོར་པ་ལ་ཡང་མྱི་སྤྱོད།། རྣལ་འབྱོར་མ་ཡིན་པ་ལ་ཡང་། མྱི་སྤྱོད།། སྤོང་བ་ལ་ཡང་མྱི་སྤྱོད། སྤོང་བ་མ་ཡིན་པ་ལ་ཡང ་མྱི་སྤྱོད།། འཁོར་བ་ལ་ཡང་མྱི་སྤྱོད།། མྱ་ངན་ལས་འདས་པ་ལ་ཡང་མྱི་སྤྱོད།། མཐོང་བ་ལ་ཡང་མྱི་སྤྱོད། ཐོས་པ་ལ་ཡང་མྱི་སྤྱོད། དྲན་པ་ལ་ཡང་མྱི་སྤྱོད། རྣམ་པར་ཤེས་པ་ལ་ཡང་མྱི་སྤྱོད ་སྦྱིན་པ་ལ་ཡང་མྱི་སྤྱོད། གཏོང་བ་ལ་ཡང་མྱི་སྤྱོད། ཚུལ་ཁྲིམས་ལ་ཡང་མྱི་སྤྱོད། སྡོམ་པ་ལ་ཡང་མྱི་སྤྱོད། བཟོད་པ་ལ་ཡང་མྱི་སྤྱོད། མྱི་འགྱུར་བ་ལ་ཡང་མྱི་སྤྱོད། བརྩོན་འགྲུས་བརྩོམ་པ་ལ་ཡང་མྱི་སྤྱོད། བསམ་གཏན ་ལ་ཡང་མྱི་སྤྱོད། ཏིང་ངེ་འཛིན་རྣམས་ལ་ཡང་མྱི་སྤྱོད། ཤེས་རབ་ལ་ཡང་མྱི་སྤྱོད། ནན་ཏན་དག་ལ་ཡང་མྱི་སྤྱོད། ཡེ་ཤེས་ལ་ཡང་མྱི་སྤྱོད། ཁོང་དུ་ཆུད་པ་ལ་ཡང་མྱི་སྤྱོད་དེ། བྱང་ཆུབ་སེམས་དཔའ་དེ་ལྟར་སྤྱོད་ན། ་དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟནང་ངོ་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་སྤྱོད་པ་ཅི་ཙམ་པ་དེ་ཙམ་དུ་ལྷག་པར་བྱེད་པ་སྟེ། བྱང་ཆུབ་ནི་སྒེག་པར་བྱེད་པ་མ་ཡིན་ནོ།། ་སྤྱོད་པ་ཅི་ཙམ་པ་དེ་ཙམ་དུ་ཡོངས་སུ་གརྟོགས་པ་སྟེ། བྱང་ཆུབ་ནི་ཡོངས་སུ་རྟོག་པ་མྱེད་པའོ།། སྤྱོད་པ་ཅི་ཙམ་པ་དེ་ཙམ་དུ་མངོན་པར་འདུ་བྱེད་པ་སྟེ། བྱང་ཆུབ་ནི་མངོན་པར་འདུ་བྱེད་པ་མྱེད་པའོ།། སྤྱོད་པ། ་ཅི་ཙམ་པ་དེ་ཙམ་དུ་སྤྲོས་པ་སྟེ། བྱང་ཆུབ་ནི་སྤྲོས་པ་མྱེད་པའོ།། ཚངས་པ་དེ་བས་ན་རྣམ་གྲངས་འདིས་ཅི་ནས་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལུང་བསྟནད་པར་འགྱུར་བ ་དེ་ལྟར་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལུང་བསྟནད་པ་ལུང་བསྟནད་པ་ཞེས་བགྱི་བ།། སུང་བསྟནང་པ་དེ་གང་གི་ཚིག་ཐ ་རགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།། ཆོས་ཐམས་ཅད་ལ་གཉིས་དང་བྲལ་བ་སྟེ། དེ་འི་ཕྱིར་ལུང་བསྟན་པ་ཞེས་བྱའོ།། སྐྱེ་བ་དང་། འཇིག་པར་སྒྲོ་མྱི་འདོགས་སྟེ། དེའི་ཕྱིར་ལུང་། ་བསྟནད་པ་ཞེས་བྱའོ།། ལུས་དང་ངག་དང་ཡིད་ཀྱི་ལས་རྣམས།། ཀྱིས་དབེན་པ་སྟེ།། དེའི་ཕྱིར་ལུང་བསྟནད་པ་ཞེས་བྱའོ།། ཚངས་པ་ངས་མངོན་པར་ཤེས་པ་འདས་པའི་དུས་ན་བསྐལ་པ་མཛེས ་པར་སྣང་བ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་ཁྲག་ཝཱི་ག་ཕྲག་བདུན་བཅུ་རྩ་གཉིས་བྱུང་ངོ་།། དེ་བཞིན་གཤེགས་པ་དེ་དག་ཐམ་ས་ཅད་ལ་ངས་བཀུར་སྟིར་བྱས། བཙུན་པར་བྱས།། རི་བོར་བྱས ་མཆོད་པར་བྱས་ཀྱང་དེ་བཞིན་གཤེགས་པའི་དེ་དག་གིས་ལུང་བསྟནད་ཏོ།། དེའི་ཕ་རོལ་ད་ཏུ་བསྐལ་པ་ཤི་ནད་ཏུ་སྤྲུལ་པ་ཞེས་བྱ་བ་བྱུང་སྟེ།། དེ་ལ་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བདུན་བཅུ་རྩ་གཉིས་ལ། ངས་བཀུར་སྟི ་བྱས། བཙུན་པར་བྱས།། རིམ་འགྲོར་བྱས། མཆོད་པ་བྱས་ཀྱང་། དེ་བཞིན་གཤེགས་པ་དེ་དག་གིས་པ་ལུང་མ་སྟན་ཏོ།། ཚངས་པ་དེའི་ཡང་ཕ་རོལ་ན་ཚངས་པས་བསྟོད་པ་ཞེས་བྱ་བའི་བསྐལ་བ་བྱུང་སྟེ། དེ་ལ་དེ་བཞིན ་གཤེགས་པ་སྟོང་ཕྲག་བཅཝོ་བརྒྱད་ལ་ངས་བཀུར་བསྟི་བྱས།། བཙུན་པར་བྱས།། རིམ་འགྲོར་བྱས།། མཆོད་པར་བྱས་ཀྱང་དེ་བཞིན་གཤེགས་པ་དེ་དག་ཀྱིས་ང་ལུང་མ་བསྟནད་ཏོ།། ཚངས་པ་དེའི་ཡང་ཕ་རོལ་ན། བསྐལ་པ ་ལེགས་པར་དྲངས་པ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་སྟོང་ཕྲག་གསུམ་བཅུ་རྩ་གཉིས་ལ་བཀུར་སྟི་བྱས།། བཙུན་པར་བྱས།། རི་མོར་བྱས། མཆོད་པར་བྱས་ཀྱང་དེ་བཞིན་གཤེགས་པའི་དེ་དག་གིས་ང་ལུང་མ་བསྟན། ་ཏོ།། དེའི་ཡང་ཕ་རོལ་ན་ཚངས་པ་བསྐལ་ད་པ་བཀོད་པ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་སྟོང་ཕྲག་བརྒྱ་ཅུ་རྩ་བཞི་ལ་ངས་བཀུར་སྟིར་བྱས། བཙུན་པར་བྱས།། རི་མོར་བྱས།། མཆོད་པར་བྱས་ཀྱང་། དེ་བཞིན་གཤེགས ་པ་དེ་དག་གིས་ང་ལུང་མ་བསྟནད་ཏོ།། ཚངས་པ་ངས་གང་རྣམས་ལ་རི་མོར་བྱས་པ་དང་། མཆོད་པར་བྱས་པ་དང་། བཀུར་སྟིར་བྱས་པ་དང་། བཙུན་པར་བྱས་པ་དང་། གང་ལས་ངས་ཚངས་པར་སྤྱོད་པ་སྤྱད་པ་དང་། ངས་བདོག་པ ་ཐམས་ཅད་ཡོངས་སུ་བཏང་བར་བྱས་པ་དང་།། ཚུལ་ཁྲིམས་དང་སྦྱངས་པའི་ཡོན་ཏན་ཡང་དག་པར་གཟུང་བས་ངས་བླངས་པ་དང་། དཁྲོ་བའི་ཟ་བ་དང་། ཕྲ་དོག་དང་། ང་རྒྱལ་དང་། འཆབ་པ་མྱེད་པར་བྱས་ནས། ངས་བཟོད་པ་དང་། ་བྱམས་པ་དང་། བསྒོམས་པ་དང་། བསམ་གཏན་དང་། རབ་ཏུ་དབེན་པར་སྤྱོད་པ་དང་། དབེན་པར་གནས་མལ་ཚ་བ་དང་། ཟས་དང་སྒྲའི་རྗེས་སུ་འགྲོ་བའི་དྲི་བ་ཡོངས་སུ་དྲི་བ་དང་། དེ་བྱེད་པའི་བརྩོན ་འགྲུས་ཀྱིས། ཐོས་པ་ཐམས་ཅད་ཁོང་དུ་ཆུད་པར་བྱས་པའི་དེ་བཞིན་གཤེགས་པ་དེ་དག་གི་མྱིང་ཡང་བསྐལ་པ་འམ་བསྐལ་པ་ལས་ལྷག་པ་ར་བརྗོད་དུ་ཡོད་ཀྱང་།། དེ་བཞིན་གཤེགས་པ་དེ་དག་གིས་བླ་ན་མྱེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ། འདི་ལྟར་སྤྱོད་པ་ལ་གནས་པར་འགྱུར་ཏེ། དེ་བས་ན་ཚངས་པ་རྣམ་གྲངས་འདིས་ཀྱང་། ཇི་ནས་བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད ་ལས་འདས་པ་རྣམས་ལ་ལུང་བསྟནད་པ་ཡིན་པར་དེ་ལྟར་རིག་པར་བྱའོ།། ཚངས་པ་གང་གི་ཚེ་ངས་དེ་བཞིན་གཤེགས་པ་མར་མེ་མཛད་མཐོང་མ་ཐག་དུ་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ།། དེ་ནས་གདོད་དེ་བཞིན ་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་ཁྱོད་མ་འོངས་པའི་དུས་མ།། བསྐལ་པ་གྲངས་མྱེད་པ་ཡ། ག་ཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས ་སུང་བསྟན་ཏོ།། དེ་མང་སྤྱོད་པ་ཐམས་ཅད་ལས་འདས་སོ།། དེ་ན་ངའི་ཕ་རོལ་ཏུ་ཕྱིནད་པ་དྲུག་ཡོངས་སུ་རྫོགས་སོ།། དེ་ཅིའི་ཕྱིར་ཞེ་མ། གང་མཚན་མ་ཐམས་ཅད་ཡོངས་སུ་གཏོང་བ་དོན ་སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པའོ།། གང་དམྱིགས་པ་ཐམས་ཅད་རབ་ཏུ་ཞི་བ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱི་རང་པའོ།། གང་ཡུལ་རྣམས་ལ་སྦས་པར་མྱི་འགྱུར་བ་དེ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིནང་པའོ།། ་གང་ཆོས་ཐམས་ཅད་དབེན་པ་དེ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིནད་པའོ།། གང་ཡིད་ལ་བྱེད་པ་ཐམས་ཅད་ལ་མྱི་འཇུག་པ་དེ་ནི་བསམ་གཏན་གི་ཕ་རོལ་ཏུ་ཕྱིནད་པའོ།། གང་རང་བཞིན་གྱིས་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ ་པ་དེ་ནི།། ཤེས་རབ་ཀྱི་ཕ་རོལྡ་ཏུ་ཕྱིནད་པ་སྟེ།། ཚངས་པ་དེ་ལྟར་དེ་བཞིན་གཤེགས་པ་མར་མེ་མཛད་ལས་ཕ་རོལ་ཏུ་ཕྱིནད་པ་རྣམས་ཡོངས་སུ་རྫོགས་པར་བྱས་སོ།། ཚངས་པ་གང་སེམས་དང་པོ་བསྐྱེད་པ་ཚུན ་ཆད་ཀྱི་སྦྱིན་པ་ཡོངས་སུ་གཏོང་བ་དེ་ནི་ཕྱིས་མྱི་དམྱིགས་པས། སྦྱིན་པ་ཡོངས་སུ་གཏོང་བ་དེ་ལ། བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོ་བ་ནས།། དཔེའི་བར་དུ་ཡཱ་ཉེ་བར་མྱི་འགྲོའོ།། གང་དང་པོའི་ཚུལ་ཁྲིམས་བསླབ ་པ་དང་། སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པའི་ཚུལ་ཁྲིམ་ས་དེ་ནི། ཤིན་ཏུ་སྦྱངས་པའི་ཚུལ་ཁྲིམས་དེ་ལ་དཔེའི་བར་ཏུ་ཡང་ཉེ་བམྱི་འགྲོའོ།། གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ཀྱི། བཟོད་པ ་དང་། ངེས་པ་དེ་ནི། ཤིན་ཏུ་བཟོད་པའི་ཆོས་ཉིད་དེ་ལ།། རྒྱུ་ཡང་ཉེ་བར་མྱི་འགྲོའོ།། གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ནས་གཟུང་སྟེ། བརྩོན་འགྲུས་བརྩམས་པ་དེ་ནི་བླང་བ་མྱེད་པ་དང་། དོར་བ་མྱེད་པའི་བརྩོན་འགྲུས ་དེ་ལ་དཔེའི་བར་དུ་ཡང་ཉེ་བར་མྱི་འགྲོའོ།། གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ཀྱི་བསམ་གཏན་རབ་ཏུ་དབེན་པར་གནས་པ་དེ་ནི། རབ་ཏུ་ཞི་བའི་མཚན་མ་མྱེད་པ་དེ་ལ། དཔེའི་བར་དུ་ཡང་ཉེ་བར་མྱི་འགྲོའོ།། ཚངས་པ་གང ་སེམས་དང་པོ་བསྐྱེད་པ་ཚུར་ཆད་ཀྱི་ཤེས་རབ་ཀྱིས་སོ་སོར་རྟོག་པ་དེ་ནི། སྤྲོས་པ་མྱེད་པའི་ཤེས་རབ་དེ་ལ། དཔེའི་བར་དུ་ཡང་ཉེ་བར་མྱི་འགྲོ་སྟེ།། དེ་བས་མཚངས་པ་རྣམ་གྲངས་འདིས།། འདི་ལྟར་ངས་དེའི་ཚེ་ཕ་རོལ་ཏུ ་ཕྱི་ནད་པ་དྲུག་ཡོངས་སུ་རྫོགས་པར་བྱས་སོ།། ཞེས་དེ་ལྟར་རིག་པར་བྱའོ།། གསོལ་བ། བཅོམ་ལྡན་འདས་ཇི་ལྟར་ན་ཕ་རོལ་ཏུ་ཕྱི་རང་པ་དྲུག་ཡོངས་སུ་རྫོགས་པ་ལགས།། བཀའ་སྩལ་དཔ། གང་གཏོང་བ་ལ་རློམ་སས ་བྱེད་པ་དང་། ཚུལ་ཁྲིམས་ལ་གྱི་གནས་པ་དང་། བཟོད་པ་ལ་རྣམ་པར་མྱི་རྟོག་པ་དང་། བརྩོན་འགྲུས་ལ་བླང་བ་བྱེད་པ་དང་། བསམ་གཏན་ལ་མྱི་གནས་པ་དང་། ཤེས་རབ་ལ་གཉིས་སུ་མྱེད་པ་འདི་ན་ཚངས་པ་རོ་ས་ཏུ་ཕྱིན་པ ་དྲུག་ཡོངས་སུ་རྫོགས་པ་ཡིན་ནོ།། གསོལང་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིནད་པ་དྲུག་ཡོངས་སུ་རྫོགས་ནས་ཀྱི་ཡོངས་སུ་རྫོགས་པར་བགྱིད། བཀའ་སྩལ་བ། ཚངས་པ་ཕ་རོལ་ཏུ་ཕྱིནད་པ་དྲུག་ཡོངས་སུ་རྫོགས ་ནས།། ཐམས་ཅད་མཁྱེ་ད་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ།། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་ཕ་རོལྡ་ཏུ་ཕྱི་ནང་པ་དྲུག་རྫོགས་ནས། ཐམས་ཅད་མཁྱེནད་པ་ཉིད་ཡོངས་སུ་རྫོགས་པར་བགྱིད། བཀའ་སྩལ། ་པ། ཚངས་པ་སྦྱིན་པའི་ཕ་རོལྡ་ཏུ་ཕྱིརྡ་པའི་མཉམ་པ་ཉིད།། གང་ཡིན་པ་དེ་ནི། ཐམས་ཅད་མཁྱེ་པ་ཉིད་ཀྱི་མཉམ་པ་ཉིད་དོ།། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པའི་མཉམ་པ་ཉིད་གང་ཡིན་པ་དང་། ་བཟོད་པའི་ཕ་རོལ་ཏུ་ཕྱིནད་པའི་མཉམ་པ་ཉིད་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིནང་པའི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེནད་པ་ཉིད་ཀྱི་མཉམ་པ་ཉིད་དོ།། ཚུལ་ཁྲིམས ་ཀྱི་ཕ་རོལ་ཏུ་ཕྱི་ནང་པའི་མཉམ་པ་ཉིད་གང་ཡིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིནང་པའི་མཉམ་པ་ཉིད་གང་ཡིན་པ་དང་།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱི་རང་བའི་མཉམ་པ་ཉིད་གང་ཡིན་པ་དང་། བསམ་གཏན་གི་ཕ་རོལ ་ཏུ་ཕྱིནད་པའི་མཉམ་པ་ཉིད་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནང་པའི་མཉམ་པ་ཉིད་གང་ཡིན་པ་དེ་ནི།། ཐམས་ཅད་མཁྱེནད་པ་ཉིད་ཀྱང་མཉམ་པ་ཉིད་དོ།། དེ་བས་ན་མཉམ་པ་ཉིད་འདིས་ཆོས་ཐམས་ཅད ་མཉམ་པ་ཉིད་དེ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེནད་པ་ཉིད་ཀྱི་མཉམ་པ་ཉིད་དོ།། གཞན་ཡང་ཚངས་པ་སྦྱིར་པའི་འདུ་ཤེས་ཡོངས་སུ་རྫོགས་པ་དང་། ཚུལ་ཁྲིམས་ཀྱི་འདུ་ཤེས་རང་།། ་བཟོད་པ་དང་། བཅོམ་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་འདུ་ཤེས་ཡོངས་སུ་རྫོགས་ནས།། ཐམས་ཅད་མཁྱེནད་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ།། ཐམས་ཅད་པཁྱེདད་པ་ཉིད་ནི་འདུ་ཤེས་ཟས། ་ཅད་དང་བྲལ་བ་སྟེ། དེ་ལྟར་ན་ཚངས་པ་ཕ་རོལ་ཏུ་ཕྱིནང་པ་དྲུག་ཡོངས་སུ་རྫོགས་པས། ཐམས་ཅད་མཁྱེནད་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ།། གསོལ་པ་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས ་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གང་མྱིག་མྱི་ལེན་གཟུགས་མྱི་ལེན་པ་ནས། ཡིད་དང་ཆོས་ཀྱི་བར་དུ་མྱི་ལེན་ཏེ། ཚངས་པ་གང་ཕྱི་དང་ནང་གི་སྐྱེ་མཆེད་དྲུག་པོ་འདི་རྣམས་མྱི་ལེནད་པ་འདི་ནི། ཐམས་ཅད ་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའོ།། ཚངས་པ་དེ་ལྟར་ཐམས་ཅ་ད་མཁྱེནད་པ་ཉིད་ཡོངས་སུ་རྫོགས་པར་བྱས་ན།། མྱིག་ལ་མྱི་ཆགས། རྣ་བ་ལ་མྱི་ཆགས།། སྣ་ལ་མྱི་ཆགས། ལྕེ་ལ་མྱི་ཆགས།། ལུས་ལ ་མྱི་ཆགས། ཡིད་ལ་མྱི་ཆགས་ཏེ།། དེ་བས་ན་དེ་བཞིན་གཤེགས།། པའི་ཐམས་ཅད་མཁྱེནད་པའི་ཡེ་ཤེས་ཆགས་པ་མྱེད་ཅིང་བསྒྲིབ་པ། མྱེད་པ་ཡིན་ནོ།། ཚངས་པ་ཐམས་ཅད་མཁྱེནད་པ་ཉིད་ནི་ཆོས ་གང་ལ་ཡང་མྱི་ལེན་ཏོ།། ཚངས་པ་འདི་ལྟར་ཐམས་ཅད་མཁྱེནད་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྣོད་དུ་མ་གྱུར་པ་ཡིན་ཏེ། ཚངས་པ་སྣོད་མ་ཡིན་པ་ཞེས་བྱ་བ་ནི་དངོས་པོ་མྱེད་པའི་ཚིག་བླ་དགས་སོ།། དངོས ་བོ་མྱེད་པ་ཞེས་བྱ་བ་ནི་བྲ་ཀ་བ་མྱེད་པའི་ཚིག་བླ་དྭགས་སོ།། ཐམས་ཅད་མཁྱེར་པ་ཉིད་ནི་བླ་གབ་མྱེད་པ་དང་མཚུངས་སྟེ། དེ་བས་མདོ་ཆོས་གང་ཡང་མྱི་ལེནད་ཏོ།། ཚངས་པ་འདི་ལྟ་སྟེ་དཔེར་ན། ནམ་ཀ་ལ་གནས་ཏེ། བྱ་བ ་ཐམས་ཅད་བྱེད་ཀྱང་། ནམ་ཀ་མཁའ་དེ་ནི་མྱི་གནས་པའོ།། དེ་བཞིན་དུ་ཐམས་ཅད་མཁྱེནད་པ་ཉིད་ལ་ཡེ་ཤེས་ཐམས་ཅད་རྣམ་པར་གཞག་ཀྱང་། ཐམས་ཅད་མཁྱེན་པོ་ཉིད་ནི་མྱི་གནས་སོ།། གསོལ་པ་བཅོམ ་ལྡན་འདས་ཐམས་ཅད་མཁྱེནད་པ་ཉིད་ཐམས་ཅད་མཁྱེནད་པ་ཉིད་ཅེས་བགྱི་བ།། བཅོམ་ལྡན་འདས་ཅིའི་སླད་དུ། ཐམས་ཅད་མཁྱེནད་པ་ཉིད་ཅེས་བགྱི། བཀའ་སྩལྡ་པ།། ཚངས་པ་ཉན་ཐོས་རྣམས་དང་། རང ་སངས་རྒྱས་རྣམས་ཀྱི་ཐམས་ཅད་དེས་ཤེས་ཏེ། དེའི་ཕྱིར་ཐམས་ཅད་མཁྱེནད་པ་ཉིད་ཅེས་བྱའོ།། དེ་དག་གི་བསམ་པ་ཐམས་ཅད་ཀུན་ཤེས་པ་དང་། སྦྱོར་བ་ཀུན་ཤེས་པ་དང་། སྙིང་རྗེ་ཀུན་ཤེས་པ་དང་། བསླབ་པ་ཀུན ་ཤེས་པ་དང་། ཡང་དག་པར་འཛིནད་པ་ཀུན་ཤེས་པས་དེའི་ཕྱིར་ཐམས་ཅད་མཁྱེནད་པ་ཉིད་ཅེས་བྱའོ།། རྒྱུ་བ་ཐམས་ཅད་རྣམ་པར་སྤངས་པ་དང་། རློམ་སེམས་ཐམས་ཅད་བཅོམ་པ་དེ་ནི། ཐམས་ཅད་མཁྱེནད་པ་ཉིད་དོ།། ་ཐོབ་པ་མྱེད་ཅིང་རྣམ་པར་རིག་པ་མྱེད་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དེ་ལས་ཤེས་པར་འགྱུར་བས་ན། དེའི་ཕྱིར་ཐམས་ཅད་མཁྱེནད་པ་ཉིད་ཅེས་བྱའོ།། ཡེ་ཤེས་ཐམས་ཅད་མངོན་པར་རྟོགས་པ་དང་། ་བསློབ་པའི་ཡེ་ཤེས་དང་། མྱི་བསློབ་པའི་ཡེ་ཤེས་དང་། རང་སངས་རྒྱས་ཀྱི་ཡེ་ཤེས་དང་། ཐམས་ཅད་མཁྱེནད་པའི་ཡེ་ཤེས་དང་། འདི་ལྟར་རྣམ་པར་གཞག་པས་ན། ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། ་ཡང་དག་པར་སྦྱོར་བས་འདི་ལས་ཡེ་ཤེས་འདུག་པས་མ། དེའི་ཕྱིར་ཐམས་ཅད་མཁྱེདད་པ་ཉིད་ཅེས་བྱའོ།། སྨན་ཐམས་ཅད་སོ། ངས་སུ་ཤེས་པས།། དེའི་ཕྱིར་ཐམས་ཅད་མཁྱེནད་པ་ཉིད་ཅེས་བྱའོ།། ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱས་པས།། དེའི་ཕྱིར་ཐམས་ཅད་མཁྱེདད་པ་ཉིད་ཅེས་བྱའོ།། བཅིངས་པ་ཐམས་ཅད་བཅོམ་པས། དེའི་ཕྱིར་ཐམས་ཅད་མཁྱེནད་པ་ཉིད་ཅེས་བྱའོ།། བག་ཆགས་ཀྱི་མཚམས་སྦྱོར ་བ་ཐམས་ཅད་བཅོམ་པས།། དེའི་ཕྱིར་ཐམས་ཅད་མཁྱེ་པ་ཉིད་ཅེས་བྱའོ།། རྟག་ཏུ་མཉམ་པར་གཞག་པས་དེའི་ཕྱིར་ཐམས་ཅད་མཁྱེ་དད་པ་ཉིད་ཅེས་བྱའོ།། ཆོས་ཐམས་ཅད་ལ་ཐེ་ཚོམ་མྱེད་པས་དེའི་ཕྱིར་ཐམས་ཅད ་མཁྱེནད་པ་ཉིད་ཅེས་བྱའོ།། ཆོས་ཐམས་ཅད་ལ་ཐ་ཙམ་མྱད་པས་རའི་ཕྱིར་ཐམས་ཅད་མཁྱེནད་པ་ཉིད་ཅེས་བྱ་ལ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམས་ཀྱང་མཁྱེནད་པ་ཉིད་ལས་རྣམ་པར ་གཞག་པས་ན། དེའི་ཕྱིར་ཐམས་ཅད་མཁྱེནད་པ་ཉིད་ཅེས་བྱའོ།། ཚངས་པ། དེའི་ཕྱིར་ཐམས་ཅད་མཁྱེནད་པ་ཞེས་བྱ་བ་ནི།། ཐམས་ཅད་མཁྱེནད་པའི་ཡེ་ཤེས་ལ་མཁས་པའི་ཚིག་བླ་དགས་སོ།། དེ་ནས་བཅོམ ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པས།། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཐམས་ཅད་ཀྱང་བསྐྱེད་དམ། ་སེམས་ཀྱི་དམྱིགས་པ་ལ་ཡང་འཇུག་པ་མྱི་མངའ་བ་ན། སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མྱི་ཁྱབ་སྟེ། ངོ་མཚརྡ་ཏོ།། བཅོམ་ལྡན་འདས་དེ་ལ་ཡོན་ཏན་གྱི་བྱེ་བྲག་ཚད་མ་མཆིས་པ་འདི་ལྟ་བུ་འདི་དག་གདའ་ན། རིགས ་ཀྱི་བུ་པོ་འམ། རིགས་ཀྱི་བུ་མོ་སུ་ཞིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མྱི་བསྐྱེད། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་བྱང་ཆུབ་སེམས་དཔའ་སུ་དག་ཡོན་ཏན་རེ་བའི་སླད་དུ་བྱང་ཆུབ་ལ་འཇུག་ན། དེ་དག་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ལགས་པར་རིག་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རེ ་བར་བགྱི་བ་མ་མཆིས་པའི་སླད་དུ།། ཆོས་ཐམས་ཅད་ནི་ཡོན་ཏན་དང་། བྲལ་ཞིང་ཡོན་ཏན་མ་མཆིས་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ། རྣམས་ཀྱི་ཡོན་ཏན་གི་སླད་དུ་འམ། ལེགས་པའི་སླད་དུ་བྱང་ཆུབ ་ལ་འཇུག་པར་མྱི་བགྱིའོ།། གཞན་དུ་ན་སྙིང་རྗེ་ཆེན་པོའི་རྒྱུས་བདག་གི་སྡུག་བསྔལ་བས་ཡོངས་སུ་མྱེ་སྐྲག་པའི་སླད་དུ། དགེ་བའི་བའ་ཆོས་བསྐྱེད་པར་བགྱི་བའི་སླད་དུ། བལྟ་བ་ལས་རྣམ་པར་ཐ་རད་པ ་བགྱི་བའི་སླད་དུ། ནང་ཐམས་ཅད་བསལ་བའི་སླད་དུ། ཡོངས་སུ་འཛིན་པ་གཏོང་བའི་སྐད་དུ། མཛལ་བ་དང་མྱེ་མཇལ་བ་ལ་མྱི་ལྟ་བའི་སླད་དུ། འཇིག་རྟེརང་གི་ཆོས་རྣམས་ཀྱིས་མྱི་གོས་པའི་སླད་དུ། འདུས་བྱས་ལ ་སྐྱོ་བའི་སླད་དུ།། མྱ་ངན་ལས་འདས་པ་ལ་བདེ་བར་དགོད་པའི་སླད་དུ། དམ་པའི་ཆོས་ཡོངས་སུ་བཟུང་བའི་སླད་དུ།། སེམས་ཅན་རྣམས་ཡོངས་སུ་སྨྱིད་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ ་རོ་བ་མ་མཆིས་པར་བགྱི་སྟེ། ཕ་རོལ་ལ་མྱི་རེ་བར་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བགྱིས་པ་དང་། མ་བགྱིས་པ་ལ་འགྱོད་པ་མ་མཆིས་པར་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའོ་ན ་xxx ་སྦྱར་བའི་རྒྱལ་པོའི་སྲིད་ནི། དགེ་བའི་རྩ་བ་ཡོངས་སུ་དག་པར་མྱི་སྨྲའོ།། བརྒྱ་བྱིད་དུ་འགྱུར་བའི་ཡང་མ་ཡིན་ནོ།། ཚངས་པར་འགྱུར་བ་ཡང་མ་ཡིན་ཏེ། གང་ལ་སྐྱེ་བ་དང་སྐྱེ་གནས་མྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི། ་དས་པའི་རྩ་བ་ཡོངས་སུ་དག་པ་མོ།། རམ་བདག་ཀྱང་དགེ་བའི་རྩ་བ་ཡོངས་སུ་མྱི་འབྲིལ། ཆུང་ངུ་བྱོལ་སོང་གི་སྐུ་གན་སུ་སོང་བ་ཡན་ཅད་སེམས་ཅད་གནར་གི་དགེ་བའི་རྩ་བ་རྣམས་བསྐྱེད་པ་འདི་མི།། བྱང་ཆུབ་སེམས་དཔའ་ཛས ་ཀྱི་དགེ་བའི་རྩ་བ་ཡོངས་སུ་དག་པའོ།། དངོས་པོ་ཐམས་ཅད་ལ་གྱི་བ་ལྟ་བའི་ཕྱིར་གཏོང་བ་ནི།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ཡོངས་སུ་གདུང་བ་མྱེད་པོའི་ཕྱིར་ཚུས་ཁྲིམས་ཏེ། བྱང་ཆུབ་སེམས་དཔའ ་རྣམས་ཀྱི་དགེ་བའི་རྩ་བའོ།། གནོད་སེམས་མྱེད་པའི་ཕྱིར་བཟོད་པ་མི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ལེ་ལོ་མྱེད་པའི་ཕྱིར་བརྩོར་འགྲུས་མི་བྱང་ཆུབ་སེམས་དཔའ་རྔམས་ཀྱི་དགེ་བའི། ་ཟ་བའོ།། རྩེ་གཅིག་པའི་ཕྱིར་བསམ་གཏན་ནི་བྱང་ཆུབ་སེམས་དཔ་འརྣམས་ཀྱི་དགེ་བའི་རྩ་བའོ།། བལྟ་བ་དང་བྲལ་བའི་ཕྱིར་ཤེས་རབ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། སེམས་སྨོས ་པའི་ཕྱིར་བྱམས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ལྷག་པའི་བསམ་པ་ཡོངས་སུ་དག་པའི་ཕྱིར་སྙིང་རྗེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ཆོས་ལ་མོས་པ་བསྐྱེད་པའི་དགའ་བ་ནི ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། མཛའ་བ་དང་སྡང་བ་མྱེད་པའི་ཕྱིར་བཏང་སྙོམས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་མྱི་འདོད་པའི་ཕྱིར། བྱང་ཆུབ་ཀྱི་སེས ་མྱི་གཏོང་བ་མི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། བམ་པོ། ་དེ་ནས་འདས་དཔལ་གཞོན་ནུར་གྱུ་ད་པ་འཁོར་དེར་འདུས་ཏེ། ཅད་ཀྱི་ཟེར་བར་འདུག་གོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་འཇམ་དཔལ་གཞོན་ནུར་གྱུར་པ་འདི་འཁོར་འདིར་མཆིས་ཏེ། འདི་ལྟར་ཡང་དག་པར་བརྗོད་པའི་གཏམ་ཆུང་ཟད་ཀྱང་མྱི་སྟོན་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ ་སྩལ་ཏོ།། འཇམ་དཔལ་ཆོས་བསྟནད་པ་འདི་ལ་ཁྱོད་གཏམ་གྱི་རྒྱུད་འགའ་ཞིག་སྤོབས་པར་གྱིས་ཤིག། འཇམ་དཔལ་གྱིས་གསོལ་པ། ཆོས་གང་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ ་ལ་གདགས་པ་གང་ཡང་མཆིས་སམ། བཀའ་སྩལ་པ། འཇམ་དཔལ་ཆོས་དེ་ལ་གདགས་པ་གང་ཡང་མྱེད་དོ།། གསོལ་པ། བཅོམ་ལྔ་ན་འདས་ཆོས་དེ་བརྗོད་པར་བགྱི་བ་ལགས་སམ། སྨྲས་པར་བགྱི་བ ་ལགས་སམ།། བསྟནད་པར་བགྱི་བ་ལགས་སམ། བཀའ་སྩལ།། ད་པ། འཇམ་དཔལ་ཆོས་དེ་བརྗོད་པར་བྱ་བ་མ་ཡིན། སྨྲས་པར་བྱ།། བ་མ་ཡིན། བསྟནད་པར་བྱ་བ་མ་ཡིན་ནོ།། གསོལ་པ། ་བཅོམ་ལྡན་འདས་ཆོས་གང་ཡང་མ་བརྗོད་མ་སྨྲས་མ་བསྟན་པ་དེ་ཤད་པར་ནུས་སམ། ཁྱད་པར་སེམས་ཀྱིས་སྨྲས་པ།། འཇམ་དཔལ་ཁྱོད་སེམས་ཅད་གཞན་དང་གང་ཟག་གཞན་དག་ལ་ཆོས་མྱི་སྟོན ་ཏམ། སྨྲས་པ་ཚངས་པ་ཅི་ཆོས་ཀྱི་དབྱིངས་གཉིས་སུ་རབ་ཏུ་ཕྱེ་བ་ཡིན་ནམ།། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ངེས་པ་མ་ཡིན་ནམ། སྨྲས་པ་ངེས་པ་ཡིན་ནོ།། སྨྲས་པ་ཚངས་པ་གལ་ཏེ། ་ཆོས་ཀྱི་དབྱིངས་ཀྱང་གཉིས་སུ་མྱེད་པ་ཡིན་ལ།། ཆོས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་སུ་ངེས་ན། སེམས་ཅན་གཞན་དང་། གང་ཟག་གཞམ་དག་ལ། ཇི་ལྟར་ཆོས་བསྟན་པར་བྱ།། སྨྲས་པ་འཇམ་དཔལ་གཉིས་ཀྱང་མ ་ཡིན་ལ། ཆོས་བསྟནད་པ་ཡོད་དམ། སྨྲས་པ། ཚངས་པ་ཀ་ལ་ཏེ། སྟོནང་པ་འམ། ཉན་པ་འགའ་ཞིག་རྙེད་ན་ཡོད་དོ།། སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་ཆོས་མ་བསྟན་ཏམ། སྤྲས་པ་ཚངས་པ ་སྟོན་མོད་ཀྱི་གཉིས་སུ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་གཉིས་སུ་མྱེད་པར་ཆོས་སྟོ་ང་ཏེ། གཉིས་སུ་མྱི་མཛད་དོ།། སྨྲས་པ་འཇམ་དཔལ་གལ་ཏེ། ཆོས་ཐམས་ཅད་གཉིས་སུ་མྱེད་པ་ཡིན་མ། ་དེ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས།། གཉིས་སུ་མྱེད་པ་གཉིས་སུ་བྱེད། སྨྲས་པ་བདག་གི་རྒྱུད་ལ་བདག་ཏུ་འཛིནད་པས།། བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཉིས་སུ་བྱེད་དེ།། གཉིས་སུ་མྱེད་པ་ནི་ནམ་ཡང་གཉིས་སུ་མྱི ་འགྱུར་རོ།། ཇི་ཙམ་དུ་མང་གཉིས་སུ་བྱས་ཀྱང་གཉིས་སུ་མྱེད་པའི་མཐའ་ལ་གཉིས་སུ་མྱེད་དོ།། སྤྲས་པ་འཇམ་དཔལ་གཉིས་སུ་མྱེད་པ་ཅི་རྣམ་པར་རིག་པར་བྱེད།། གལ་ཏེ་རྣམ་པར་རིག་པར་བྱེད་ན། གཉིས་སུ་མྱེད ་པར་མ་ཡིན་པར་འགྱུར་ཏེ།། གཉིས་སུ་མྱེད་པ་ནི་རྣམ་པར་རིག་པ་མྱེད་པའོ།། ཚངས་པ་གཉིས་ཤེས་བྱ་བ་ནི་རྣམ་པར་རིག་པའོ།། དེ་བཞིན་གཤེགས་པས་ནི་རྣམ་པར་རིག་པ་མྱེད་པར་ཆོས་བསྟན་ཏེ། ཆོས ་དེ་ཡང་ཇི་ལྟར་བསྟནད་པ་དེ་བཞིན་དུ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ། ན། ཆོས་དེ་ཡི་གེ་མྱེད་པའི་ཕྱིར་རོ།། སྨྲས་པ་འཇམ་དཔལ་དེ་བཞིན་གཤེགས་པས་ཆོས་བསྟནད་པ་གང་དུ་འགྲོ།། སྨྲས་པ ་ཚངས་པ་དེ་བཞིན་གཤེགས་པས།། ཆོས་བསྟནད་པ་ནི་འགྲོ་བ་མྱེད་པར་འགྲོའོ།། སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས། མྱ་ངན་ལས་འདས་པར་འགྲོ་བའི་ཆོས་མ་བསྟན་ད་ཏམ། ་སྨྲས་པ་ཅི་མྱ་ངན་ལས་འདས་པ་ལ་འགྲོ་བ་འམ་འོང་བར་དམྱིགས་སམ། སྨྲས་པ་མྱ་ངན་ལས་འདས་པ་ལ་འོང་བ་འང་མྱེད། འགྲོ་བ་ཡང་མྱེད་དོ།། སྨྲས་པ་ཚངས་པ་དེ་ལྟ་བས་ན་དེ་བཞིན་གཤེགས་པས་འགྲོ་བ་མྱེད ་བར་འགྲོ་བའི་ཆོས་སྟནང་ཏོ།། སྨྲས་པ་ཇི་ལྟར་ཐོས། སྨྲས་པ་ཇི་ལྟར་བརྗོད་པ་དེ་བཞིན་དུའོ།། སྨྲས་པ་ཇི་ལྟ་བུ་བརྗོད། སྨྲས་པ་ཇི་ལྟར་རྣམ་པར་རིག་པ་མྱེད་པ་དང་། ཐོས་པ་མྱེད་པ་བཞིན་ནོ།། སྨྲས་པ། དེ་བཞིན ་གཤེགས་པའི་ཆོས་ཉན་པ་གང་ཡིན། སྨྲས་པ། གང་ཡུལ་ལ་ཟག་པ་མྱེད་པ་རྣམས་སོ།། སྨྲས་པ་ཆོས་འདི་སུས་ཤེས་པར་འགྱུར། གང་རྩོད་པར་མྱི་འགྱུར་བ་དང་། ཤེས་པར་མྱི་འགྱུར་བ་དང་། རྗེས་སུ་ཤེས་པར ་མི་འགྱུར་བ་མསའོ།། རྣས་པ་འདུས་དཔས་དྲི་ལྟ་དུ་ན་སློང་མངས་སྨང་བ་མེད། སྨྲས་པ། འདུའི་དས་འབདུ་རིག་ས་སྷོ་ཞེས་བྱ་བ་བ་འདྲུབ། བའི་དུ་གྱུས་། ་བའོ།། འདི་ནི་མ་འབྲེལ་པ་ཞེས་བྱ་བ་དང་། འདི་ནི་ཉོན་མོངས་པའོ།། འདི་ནི་རྣམ་པར་བྱུང་བའོ་ཞེས་བྱ་བ་དང་། འདི་མི་དགེ་བའོ།། འདི་ནི་གྱི་དགེ་བའོ་ཞེས་བྱ་བ་དང་། འདི་ནི་ཁ་ར་མ་ཁྲོ་བ་དང་བཅས་པའོ།། འདྲི་མ་ཁམས ་ཐོ་བ་མྱེད་པའོ་ཞེས་བྱ་བ་དང་། འདི་ནི་ཟག་པ་དང་བཅས་པའོ།། འདི་ནི་ཟག་པ་མྱེད་པའོ་ཞེས་བྱ་བ་དང་། འདི་ནི་འཇིག་རྟེནད་པའོ།། འདི་ནི་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་དང་། འདི་ནི་འདུས་བྱས་སོ།། འདི་ནི་འདུས་མ ་བྱས་སོ་ཞེས་བྱ་བ་དང་། འདི་ནི་ཚུལ་ཁྲིམས་སོ།། འདི་ནི་ཚུལ་ཁྲིམས་ངན་པ་ཞེས་བྱ་བ་དང་། འདི་ནི་བྱ་བའོ།། འདི་ནི་བྱ་བ་མ་ཡིན་པའོ།། ཞེས་བྱ་བ་དང་། འདིས་ནི་ཐོབ་པར་འགྱུར་རོ།། འདིས་ནི་ཐོབ་པ་མ་ཡིན་པར་འགྱུར ་རོ།། ཞེས་བྱ་བ་འདི་ནི་རྩོད་པའོ།། ཚངས་པ་ཅི་ཙམ་དུ་ཁེངས་པ་ད་། པ། འདུད་པ་དང་། ལེནད་པ་དང་། དོར་བ་དེ་ཙམ་དུ་བརྩོད་པ་སྟེ། དེ་བཞིན་གཤེགས་པས། བརྩོད་པ་མྱེད་པར་ཆོས་སྟོན་ཏོ།། ་སྤྲོས་པ་ལ་དགའ་བ་ལ་ནི་མྱི་བརྩོད་པ་མྱེད་དོ།། བརྩོད་པ་མང་བ་ལ་ནི་དགེ་སྦྱོང་དུ་གྱུར་པ་མྱེད་དོ།། དགེ་སྦྱོང་འདོད་པ་ལ་ནི་འཐབ་པ་མྱེ་ང་པའོ།། སྨྲས་པ་འཇམ་དཔལ་ཇི་ལྟར་དགེ་སློང་དེ་བཞིན་གཤེགས ་པའི་བསྟནད་པ་བྱེད་པ་དང་། བཀའ་བཞིན་དུ་བྱེད་པར་འགྱུར། སྨྲས་པ། ཚངས་པ་རྣམ་དགེ་སློང་བསྟོད་པ་དང་། སྤང་པ་བྱས་ཀྱང་། གནོད་པ་མྱེད་པ།། དེ་ལྟར་བསྟན་པ་བཞིན་དུ་བྱེད་པ་ཡིན་ནོ།། གང་ཡི་གེས ་རྗེས་སུ་མྱི་བསྙེགས་ན། དེ་ལྟར་ན་བཀའ་བཞིན་དུ་བྱེད་པ་ཡིན་ནོ།། གང་མཚན་མ་ཐམས་ཅད་ལས་ཞི་བར་གྱུར་པ་ན། དེ་ལྟར་ན་བསྟནད་པ་བཞིན་བྱེད་པ་ཡིན་ནོ།། གང་དོན་དང་འགལ་བར་མྱི་བྱེད་ན། དེ་ལྟར་ན་བཀ ་བཞིན་བྱེད་པ་ཡིན་ནོ།། གང་ཆོས་ཡོངས་སུ་སྲུང་ན་དེ་ལྟར་བསྟན་པ་བཞིན་བྱེད་པ་ཡིན་ནོ།། གང་ཚིག་རྣམས་དང་མཐུན་པར་མྱི་བྱེད་པ། དེ་ལྟར་ན་བཀའ་བཞིན་བྱེད་པ་ཡིན་ནོ།། སྨྲས་པ་འཇམ་དཔལ་ཇི་ལྟར་ན་དགེ ་སྲོང་ངམ་པའི་ཆོས་ཡོངས་སུ་སྦྱང་བ་ཡིན། སྤྲས་པ། གང་མཉམ་པ་ཉིད་ལས་འགལ་བར་མྱི་བྱེད་ཅིང་། ཆོས་ཀྱི་དབྱིངས་རྣམ་པར་འཁྲུགས་པར་མྱི་བྱེད་ན། དེ་ལྟར་ན་དམ་པའི་ཆོས་ཡོངས་སུ་བསྲུང་བ་ཡིན་ནོ།། སྨྲས་པ། ་འཇམ་དཔལ་ཇི་ལྟར་ན་དགེ་སློང་དེ་བཞིན་གཤེགས་པ་ལ་ཉེ་བར་གནས་པ་ཡིན། སྨྲས་པ་ཚངས་པ་གང་ཆོས་གང་ལ་ཡང་ཉེ་བ་འམ། རིང་བ་མྱེད་པར་མཐོང་བའི་དགེ་སློང་དེ་ནི་དེ་བཞིན་གཤེགས་པ་ལ་ཉེ་བར་གནས་པ་ཡིན་ནོ།། ་སྨྲས་པ་ཇི་ལྟར་ན་འཇམ་དཔལ་དགེ་སློང་དེ་བཞིན་གཤེགས་པ་ལ་རིམ་འགྲོ་དང་། བསྙེན་བཀུར་བྱས་པ་ཡིན། སྨྲས་པ་ཚངས་པ་དགེ་སློང་གང་ལུས་དང་ངག་དང་ཡིད་ཀྱིས་བརྟུལ་བར་མྱི་བྱེད་པའི་དགེ་སློང་དེ་ནི་དེ་བཞིན་གཤེགས ་པ་ལ་རིམ་འགྲོ་དང་། བསྙེན་བཀུར་བྱེད་པའོ།། སྨྲས་པ་འཇམ་དཔལ་སུས་དེ་བཞིན་གཤེགས་པ་ལ་མཆོད་པར་འགྱུར་རོ།། སྨྲས་པ། ཚངས་པ་གང་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མྱེ་གཡོལ ་བར་ཉེ་བར་འགྲོ་བའི་འདུ་བྱེད་ཐམས་ཅད་མངོན་པར་འདུ་མྱི་བྱེད་པའོ།། སྨྲས་པ་འཇམ་དཔལ་སུས་དེ་བཞིན་གཤེགས་པ་མཐོང་། སྤྲས་པ། གང་ཤའི་སྤྱད་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས ་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ལ་ཡང་མངོན་པར་མ་ཆགས་པ། དེས།། དེ་བཞིན་གཤེགས་པ་མཐོང་ངོ་།། སྨྲས་པ་འཇམ་དཔལ་སུ་ས་ཆོས་མཐོང་སྨྲས་པ། གང་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང ་ཞིང་འགལ་བར་མྱི་བྱེད་པ་རྣམས་ཀྱིས་སོ།། སྨྲས་པ། སུས་རྟེནད་ཅིང་འབྲེལ་པར་འབྱུང་བ་མཐོང་། སྨྲས་པ་གང་མཉམ་པ་ཉིད་མྱི་བསྐྱེད་ཅིང་། འགལ་བར་མྱི་བྱེད་པས་སོ།། སྨྲས་པ་འཇམ་དཔལ་སུ་དག་མངོན་པར་ཤེས ་བ་ཐོབ། སྨྲས་པ། གང་ཟག་པ་མ་སྐྱེད་ཅིང་མྱི་འགོག་པ་རྣམས་སོ།། སྨྲས་པ། འཇམ་དཔལ་སུ་དེ་བཞིན་གཤེགས་པའི་སླབ་པ་ལ་སློབ། སྨྲས་པ་གང་མངོན་པར་འདུ་མྱི་བྱེད་པ་དང་། མྱོང་བར་མྱི་བྱེད་པ་དང་། ་མྱི་བསྐྱེད་པ་དང་། སོ་སོར་མྱི་སྤོང་བ་རྣམས་སོ།། སྨྲས་པ་འཇམ་དཔལ་སུ་ཡང་དག་པར་ཞུགས། སྨྲས་པ་གང་ཁམས་གསུམ་པ་ལ་མ་ཞུགས་པའོ།། སྨྲས་པ་འཇམ་དཔལ་གང་ཤིན་ཏུ་རུལ་བ་ཡིན། སྨྲས་པ་གང་ཡང ་སྲིད་པ་མྱི་ལེན་པའོ།། སྨྲས་པ་འཇམ་དཔལ་གང་བདེ་བར་གྱུར་ད་པ་ཡིན། སྨྲས་པ་གང་ང་ཡིར་བྱ་བ་མྱེད་པ་རྣམས་སོ།། སྨྲས་པ་འཇམ་དཔལ་སུ་དག་འགྲོ་བ་ཡིན། སྨྲས་པ་གང་དམྱིགས་པར་འཁྲུགས་པ། ་མྱི་བྱེད་པ་རྣམས་སོ།། སྨྲས་པ་འཇམ་དཔལ་སུ་དག་རྒལ་བ་ཡིན་སྨྲས་པ། གང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མྱི་གནས་པ་རྣམས་སོ།། སྨྲས་པ་འཇམ་དཔལ་ཟག་པ་ཟད་པའི་དགེ་སློང་མི་ཟད། སྨྲས་པ་ཚངས་པ ་གལ་ཏེ་ཟད་པར་འགྱུར་བ་ནི། ཟག་པ་ཟད་པ་མྱི་འགྱུར་ཏེ། ཟད་པ་དེ་དག་ནི་སྐད་གཅིག་པ་ཡིན་པས། དེས་དེ་བཞིན་གཤེགས་པས་ན། དེའི་ཕྱིར་ཟག་པ་ཟད་པ་ཞེས་བྱའོ།། སྨྲས་པ་འཇམ་དཔལ་སུ་དག་བདེན་པར་སྨྲ་བ་ཡིན། ་སྤྲས་པ་གང་ཆོད་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་རྣམས་སོ།། སྨྲས་པ་འཇམ་དཔལ་སུ་ལམ་དུ་ཞུགས་པ་ཡིན། སྨྲས་པ་ཚངས་པ་བྱི། ས་པ་སོ་སོའི་སྐྱེ་བོ་རྣམས་ལམ་དུ་ཞུགས་པའོ།། སྨྲས་པ། འཇམ ་དཔལ་སུ་ལམ་ངན་པར་ཞུགས་པ་ཡིན། སྨྲས་པ་གང་གིས་ཆོས་ཐམས། ཅད་གང་ནས་ཀྱང་མ་འོངས་པ་དང་། གང་དུ་ཡང་མྱི་འགྲོ་བར་ཤེས་།། པའི་འཕགས་པ་རྣམས་སོ།། སྨྲས་པ་འཇམ་དཔལ་བདེན་པ་མཐོང ་བ་གང་ཡིན་སྨྲས་པ།། ཆོས་གང་ཡང་མྱི་མཐོང་བའོ།། དེ་ཅིའི་ཕྱིར་ཞེ་8། ཇི་ཙམ་དུ་མཐོང་བ་དེ་ཙམ་དུ་བརྫུན་ཏེ། མཐོང་བ་མྱེད་པ་ནི། བདེན་པ་མཐོང་བའོ།། སྨྲས་པ་གང་མཐོང་བས་བདེན་པ་མཐོང་། སྨྲས་པ ་ལྟ་བར་གྱུར་ད་པ་ཐམས་ཅད་མ་མཐོང་བས་བདེན་པ་མཐོང་བའོ།། སྨྲས་པ་དེ་གང་དུ་བཙལ་བར་བྱ། སྤྲས་པ་ཕྱིར་ད་ཅི་ལོག་བཞི་དག་ལས་བདེར་པ་བཙལ་བར་བྱའོ།། སྨྲས་པ་འཇམ་དཔལ་ཇི་ལ་བསམས་ཏེ་དེ་སྐད་སྟོམ། ་སྨྲས་པ། ཕྱི་རང་མི་ལོག་བཞི་ཚོལ་བ་གང་ཡིན་པ་དེ་ལ་རྟག་པ་ཡང་མྱེད། བདེ་བ་ཡང་མྱེད། བདག་ཀྱང་མྱེད། གཙང་བ་ཡང་མྱེད་དེ།། གང་ལ་རྟག་པ་མྱེད་པ་དེ་ནི་མྱི་རྟག་པའོ།། གང་ལ་བདེ་བ་མྱེད་པ་དེ་ནི་སྡུག་སྔལ ་བའོ།། གང་ལ་བདག་མྱེད་པ་དེ་ནི་བདག་མྱེད་པའོ།། གང་ལ་གཙང་བ་མྱེད་པ་དེ་ནི་གཙང་བའོ།། ཚངས་པ་ཆོས་ཐམས་ཅད་ལ་བདག་མྱེད་པ་དེ་ནི་འཕགས་པའི་བདེན་པ་ཚོལ་བ་སྟེ། གང་བདེན་པ་ཚོལ་བ་དེན་སྡུག ་སྤོང་དམ་པའི་ཆོས་ཡོངས་སུ་སྲུང་བ་ཡིན། སྨྲས་པ། གང་མཉམ་པ་ཉིད་ལས་འགལ་བར་མྱི་བྱེད་ཅིང་། ཆོས་ཀྱི་དབྱིངས་རྣམ་པར་འཁྲུགས་པར་མྱི་བྱེད་ན། དེ་ལྟར་བར་དམ་པའི་ཆོས་ཡོངས་སུ་བསྲུང་བ་ཡིན་ནོ།། སྨྲས་པ། ་འཇམ་དཔལ་ཇི་ལྟར་ན་དགེ་སློང་དེ་བཞིན་གཤེགས་པ་ལ་ཉེ་བར་གནས་པ་ཡིན། སྨྲས་པ་ཚངས་པ་གང་ཆོས་གང་ལ་ཡང་ཉེ་བ་འམ། རིང་བ་མྱེད་པར་མཐོང་བའི་དགེ་སློང་དེ་ནི་དེ་བཞིན་གཤེགས་པ་ལ་ཉེ་བར་གནས་པ་ཡིན་ནོ།། ་སྨྲས་པ་ཇི་ལྟར་ན་འཇམ་དཔལ་དགེ་སློང་དེ་བཞིན་གཤེགས་པ་ལ་རིམ་འགྲོ་དང་། བསྙེན་བཀུར་བྱས་པ་ཡིན། སྨྲས་པ་ཚངས་པ་དགེ་སློང་གང་ལུས་དང་ངག་དང་ཡིད་ཀྱིས་བརྟུལ་བར་མྱི་བྱེད་པའི་དགེ་སློང་དེ་ནི་དེ་བཞིན་གཤེགས ་པ་ལ་རིམ་འགྲོ་དང་། བསྙེན་བཀུར་བྱེད་པའོ།། སྨྲས་པ་འཇམ་དཔལ་སུས་དེ་བཞིན་གཤེགས་པ་ལ་མཆོད་པར་འགྱུར་རོ།། སྨྲས་པ། ཚངས་པ་གང་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མྱ་གཡོལ ་བར་ཉེ་བར་འགྲོ་བའི་འདུ་བྱེད་ཐམས་ཅད་མངོན་པར་འདུ་མྱི་བྱེད་པའོ།། སྨྲས་པ་འཇམ་དཔལ་སུས་དེ་བཞིན་གཤེགས་པ་མཐོང་། སྤྲས་པ། གང་ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས ་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ལ་ཡང་མངོན་པར་མ་ཆགས་པ། དེས། དེ་བཞིན་གཤེགས་པ་མཐོང་ངོ་།། སྨྲས་པ་འཇམ་དཔལ་སུ་ས་ཆོས་མཐོང་སྨྲས་པ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང ་ཞིང་འགལ་བར་མྱི་བྱེད་པ་རྣམས་ཀྱིས་སོ།། སྨྲས་པ། སུས་རྟེནད་ཅིང་འབྲེལ་པར་འབྱུང་བ་མཐོང་། སྨྲས་པ་གང་མཉམ་པ་ཉིད་མྱི་བསྐྱེད་ཅིང་། འགལ་བར་མྱི་བྱེད་པས་སོ།། སྨྲས་པ་འཇམ་དཔལ་སུ་དག་མངོན་པར་ཤེས ་འཐོབ།། སྨྲས་པ། གང་ཟག་པ་མ་སྐྱེད་ཅིང་མྱི་འགོག་པ་རྣམས་སོ།། སྨྲས་པ། འཇམ་དཔལ་སུ་དེ་བཞིན་གཤེགས་པའི་སླབ་པ་ལ་སློབ། སྨྲས་པ་གང་མངོན་པར་འདུ་མྱི་བྱེད་པ་དང་། མྱོང་བར་མྱི་བྱེད་པ་དང ་མྱི་བསྐྱེད་པ་དང་། སོ་སོར་མྱི་སྤོང་བ་རྣམས་སོ།། སྨྲས་པ་འཇམ་དཔལ་སུ་ཡང་དག་པར་ཞུགས།། སྨྲས་པ་གང་ཁམས་གསུམ་པ་ལ་མ་ཞུགས་པའོ།། སྨྲས་པ་འཇམ་དཔལ་གང་ཤིན་ཏུ་དུལ་བ་ཡིན། སྤྲས་པ་གང་ཡ ་སྲིད་པ་མྱི་ལེན་པའོ།། སྨྲས་པ་འཇམ་དཔལ་གང་བདེ་བར་གྱུར་པ་ཡིན། སྨྲས་པ་གང་ང་ཡིར་བྱ་བ་མྱེད་པ་རྣམས་སོ།། སྨྲས་པ་འཇམ་དཔལ་སུ་དག་འགྲོ་བ་ཡིན། སྨྲས་པ་གང་དམྱིགས་པར་འཁྲུགས་པ། ་མྱི་བྱེད་པ་རྣམས་སོ།། སྨྲས་པ་འཇམ་དཔལ་སུ་དག་རྒལ་བ་ཡིན་སྨྲས་པ། གང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མྱི་གནས་པ་རྣམས་སོ།། སྨྲས་པ་འཇམ་དཔལ་ཟག་པ་ཟད་པའི་དགེ་སློང་ཅི་ཟད། སྨྲས་པ་ཚངས་པ ་གལ་ཏེ་ཟད་པར་འགྱུར་བ་ནི། ཟག་པ་ཟད་པ་མྱི་འགྱུར་ཏེ། ཟད་པ་དེ་དག་ནི་སྐད་གཅིག་པ་ཡིན་པས། དེས་དེ་བཞིན་གཤེགས་པས་ན། དེའི་ཕྱིར་ཟག་པ་ཟད་པ་ཞེས་བྱའོ།། སྨྲས་པ་འཇམ་དཔལ་སུ་དག་བདེན་པར་སྨྲ་བ་ཡིན། ་སྤྲས་པ་གང་ཡོད་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་རྣམས་སོ།། སྨྲས་པ་འཇམ་དཔལ་སུ་ལམ་དུ་ཞུགས་པ་ཡིན། སྨྲས་པ་ཚངས་པ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལམ་དུ་ཞུགས་པའོ།། སྨྲས་པ། འཇམ ་དཔལ་སུ་ལམ་ངན་པར་ཞུགས་པ་ཡིན། སྨྲས་པ་གང་གིས་ཆོས་ཐམས། ཅད་གང་ནས་ཀྱང་མ་འོངས་པ་དང་། གང་དུ་ཡང་མྱི་འགྲོ་བར་ཤེས་།། པའི་འཕགས་པ་རྣམས་སོ།། སྨྲས་པ་འཇམ་དཔལ་བདེན་པ་མཐོང ་པ་གང་ཡིན་སྨྲས་པ།། ཆོས་གང་ཡང་མྱི་མཐོང་བའོ།། དེ་ཅིའི་ཕྱིར་ཞེ་ན།། ཇི་ཙམ་དུ་མཐོང་བ་དེ་ཙམ་དུ་བསྐུར་ཏེ། མཐོང་བ་མྱེད་པ་ནི། བདེན་པ་མཐོང་བའོ།། སྨྲས་པ་གང་མཐོང་བས་བདེན་པ་མཐོང་། སྨྲས་པ ་ལྟ་བར་གྱུར་ད་པ་ཐམས་ཅད་མ་མཐོང་བས་བདེན་པ་མཐོང་བའོ།། སྨྲས་པ་དེ་གང་དུ་བཙལ་བར་བྱ། སྨྲས་པ་ཕྱི་ནང་ཅི་ལོག་བཞི་དག་ལས་བདེར་བ་བཙལ་བར་བྱའོ།། སྨྲས་པ་འཇམ་དཔལ་ཇི་ལ་བསམས་ཏེ་དེ་སྐད་སྟོན། ་སྨྲས་པ། ཕྱི་རང་ཅི་ལོག་བཞི་ཚོལ་བ་གང་ཡིན་པ་དེ་ལ་རྟག་པ་ཡང་མྱེད། བདེ་བ་ཡང་མྱེད། བདག་ཀྱང་མྱེད། གཙང་བ་ཡང་མྱེད་དེ།། གང་ལ་རྟག་པ་མྱེད་པ་དེ་ནི་མྱི་རྟག་པའོ།། གང་ལ་བདེ་བ་མྱེད་པ་དེ་ནི་སྡུག་སྔལ ་བའོ།། གང་ལ་བདག་མྱེད་པ་དེ་ནི་བདག་མྱེད་པའོ།། གང་ལ་གཙང་བ་མྱེད་པ་དེ་ནི་གཙང་བའོ།། ཚངས་པ་ཆོས་ཐམས་ཅད་ལ་བདག་མྱེད་པ་དེ་ནི་འཕགས་པའི་བདེན་པ་ཚོལ་བ་སྟེ། གང་བདེན་པ་ཚོལ་བ་དེ་ནི་སྡུག ་བསྔལ་ཡོངས་སུ་མྱི་ཤེས་པས་ན། ལམ་གྱི་བར་དུ་མྱི་བསྒོམ་པའོ།། སྨྲས་པ་འཇམ་དཔལ་ཇི་ལྟར་ན་ལམ་ལ་བསྒོམ་པ་ཡིན། སྨྲས་པ། བསྒོམ་པ་ན་ཇི་ལྟར་དངོས་པོར་ཡང་མྱི་ལྟར་དངོས་པོ་མྱེད་པར་ཡང་མྱི་ལྟུང་ཞིང ་ཆོས་གང་ཡང་དངོས་པོར་ཡང་མྱི་བྱེད། དངོས་པོ་མྱེད་པར་ཡང་མྱི་བྱེད་དེ།། ཚངས་པ་གཉིས་དང་བྲལ་བ་ནི་ལམ་མོ།། ལམ་གང་གིས་བཙལ་བས་ཆོས་ཐམས་ཅད་མྱི་དམྱིགས་པ་འདི་ནི་ལམ་མོ།། ལམ་གང་དུ་ཡང་ཕྲ ་པར་ཡང་མྱི་བྱེད། འདོར་བར་ཡང་མྱི་བྱེད་ཅིང་། འཁོར་བ་ཡང་མྱེད། མྱ་ངན་ལས་འདས་པ་ཡང་མྱེད་པའོ།། དེ་ཅིའི་ཕྱིར་ཞེ་ན། ཕྲད་པར་བྱེད་པ་ཡང་མྱེད། འདོར་བ་ཡང་མྱེད་པ་ནི། འཕགས་པ་རྣམས་ཀྱི་ལམ་མོ།། ་དེ་ནས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་མཉམ་པར་གན་པ་ཞེས་བྱ་བས་འཇམ་དཔལ་གཞོན་དུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཇི་ལྟར་ན་དགེ་བསྙེན་སངས་རྒྱས་ལ།། སྐྱབས་སུ་སོང་བ་ཡིམ། ་ཇི་ལྟར་ན་ཆོས་ལ་སྐྱབས་སུ་སོང་བ་ཡིན། ཇི་ལྟར་ན་དགེ་འདུན་ལ། སྐྱབས་སུ་སོང་བ་ཡིན།། སྨྲས་པ།། རིགས་ཀྱི་བུ་ནམ་དགེ་བསྙེན། བལྟ་བ་གཉིས་ཉེ་བར་མྱི་ལེན་པ་སྟེ། གཉིས་གང་ཞེ་ན། བདག་ཏུ ་བལྟ་བ་མྱི་ལེནད། ཕ་རོལ་ཏུ་ལྟ་བ་མྱི་ལེན། བདག་ཏུ་ལྟ་བ་མྱི་ལེན། སངས་རྒྱས་སུ་བལྟ་བ་མྱི་ལེན། བདག་ཏུ་བལྟ་བ་མྱི་ལེན། ཆོས་སུ་བལྟ་བ་མྱི་ལེན། བདག་ཏུ་ལྟ་བ་མྱི་ལེན། དགེ་འདུན་དུ་ལྟ་བ་མྱི་ལེན། དེ་ཙམ ་བྱིས་དགེ་བསྙེན་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ།། གཞན་ཡང་རིགས་ཀྱི་བུ་དམ་དགེ་བསྙེན་དེ་བཞིན་གཤེགས་པ་གཟུགས་སུ་ཁས་མྱི་ལེན། ཚོར་བར་མ་ཡིན།། འདུ་ཤེས་སུ་མ་ཡིན། ་འདུ་བྱེད་དུ་མ་ཡིན། དེ་བཞིན་གཤེགས་པ་རྣམ་པར་ཤེས་པར་ཡང་ཁས་མྱི་ལེན་ན། དེ་ལྟར་ན་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ།། ནམ་ཆོས་གང་ལ་ཡང་རྣམ་པར་མྱི་རྟོག་ཅིང་སྤྲོ་མྱི་འདོགས་ན། དེ་ལྟར་ན་ཆོས་ལ་སྐྱབས། ་སུ་སོང་བ་ཡིན་ནོ།། ནམ་དགེ་འདུན་འདུས་མ་བྱས་སུ་ཡང་མོས་ལ། འདུས་བྱས་ལས་གུད་ན་འདུས་མ་བྱས་སུ་མོས་པར་ཡང་མྱི་བྱེད་ན། དེ་ལྟར་ན་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ།། གཞན་ཡང་རིགས་ཀྱི་བུ་ནམ ་དགེ་བསྙེན་སངས་རྒྱས་སུ་ཡང་མྱི་དམྱིགས། ཆོས་སུ་ཡང་མྱི་དམྱིགས། དགེ་འདུན་དུ་ཡང་མྱི་དམྱིགས་ན། དེ་ལྟར་ན། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་སོང་བ ་ཡིན་ནོ།། མཉམ་པར་གནས་པས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔལ་གང་འདི་དག། བྱང་ཆུབ་དུ་རབ་ཏུ་ཞུགས་པ་དེ་དག་གང་དུ་རབ་ཏུ་ཞུགས་པ་ཡིན། སྨྲས་པ། བླ་གབ་མྱེད་པ་ལ་རབ་ཏུ་ཞུགས ་སོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་མི་ཐེ་གབ་བྱེད་པ་དང་མཚུངས་སོ།། སྨྲས་པ་འཇམ་དཔལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་རབ་ཏུ་ཞུགས་པ་ཞེས་བརྗོད་པར་བྱ། སྨྲས་པ་རིགས་ཀྱི་བུ་དམ་བྱང་ཆུབ ་སེམས་དཔའ་རབ་ཏུ་འཇུག་པ་ཐམས་ཅད་རབ་ཏུ་འཇུག་པ་མ་ཡིན། པར་རབ་ཏུ་ཤེས་པ་དང་། ཆོས་ཐམས་ཅད་ཆོས་མ་ཡིན་པར་རབ་ཏུ་ཤེ་ས་པ་དང་། སེམས་ཅན་ཐམས་ཅད་སེམས་ཅན་མ་ཡིན་པར་རབ ་ཏུ་ཤེས་པ་སྟེ། དེ་ལྟར་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་རབ་ཏུ་ཞུགས་པ་ཞེས་བརྗོད་པར་བྱའོ།། དེ་ནས་བཅོ།། མ་ལྡན་འདས་ལ། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་མཉམ་པར ་གནས་པས་འདི་སྐད་ཅེས་གསོལར་ཏོ།། བཅོམ་ལྡན་འདས་ཛཾ་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ནམ་བྱང ་ཆུབ་སེམས་དཔའ་ལོག་པར་ངེས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ཅིང་ཡང་དག་པར་ངེས་པའི་སེམས་ཅན་རྣམས་ལ། ལྷག་པར་གུས་པའི་མྱི་བསྐྱེད་པའི་ཚིག་བླ་དགས་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། ་དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི།། ངེས་པ་དང་མ་ངེས་པའི་སེམས་ཅན་རྣམས་ཀྱི་ཕྱིར་བྱང་ཆུབ་ཏུ་སྨོན་ལམ་མྱི་འདེབས་ཀྱི། གཞན་དུ་ན་ལོག་པར་ངེས་པའི་སེམས་ཅན་རྣམས་ཀྱི་ཕྱིར་བྱང་ཆུབ་ཏུ ་སྨོན་ལམ་འདེབས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་བས་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ལོག་པར་ངེས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བར་བྱས་ནས། བྱང་ཆུབ་ཏུ་སྨོན་ལམ་འདེབས་ཏེ། ་དེ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཅེས་བྱ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གི་སྲད་དུ་བྱང་ཆུབ་སེམས་དཔལ། ་ཞེས་བགྱི་བ་བདག་ཀྱང་སྤོབས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བྱང་ཆུབ་སེམས་དཔའ་ཁྱོད་སྤོབས་པར་གྱིས་ཤིག། བྱང་ཆུབ་ཀྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། སྐྱེས ་པ་འམ། བུད་མྱེད་ཇི་ལྟ་བུར་བསྟནད་པའི་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་མ་ར་ལ་མ་ཞིག་པར་ཉེ་བར་གནས་མ།། དེ་ཡན་ལག་བརྒྱད་ཀྱི་གསོ་སྦྱིན་ཡང་དག་པར་བླངས་པ་ཞེས་བགྱི་བའི་གྲངས་སུ་མཆི། ་བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་གཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་བྱང་ཆུབ་ཀྱི་སེམས་ལས་མ་གཡོས་པ་ལགས་ཏེ། དེ་ནི་དེའི་སླད་དུ་བྱང ་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་ཟློ་གྲོས་བརྟན་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམ་ས་དཔའ་གང་ལྷག་པར་བསམ་པ་བརྟན་པས་སེཾས་ཅན་ལ་མྱི་དམྱིས ་པའི་བྱམས་པ་དང་ལྡན་པ་ལགས་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་སེམས་ཅད་སྒྲོལ་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། གླུ་འམ ་ཟམ་པ་ནི་སེམས་ཅན་ལ་རྒལ་བ་ལ་བསྐྱོ་བ་མ་མཆིས་ཤིང་། རྣམ་པར་མྱི་རྟོག་པ་དེ་བཞིན་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལ་སེམས་ཅན་ཐམས་ཅད་བསྒྲལ་པའི་སླད་དུ་དེ་ལྟ་བུའི་སེམས་མཆིས་པ་དེ་ནི ་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་ངན་སོང་སེལ་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཞིང་གང་དུ་སུག་པ་བཞག་མ་ཐག་ཏུ་ངན་སོང་ཐམས ་ཅད་རབ་དུ་ཞི་བར་གྱུར་པ་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་མཐོང་བ་ཙམ་གྱིས་སེམས ་ཅད་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དང་། མྱིང་ཐོས་པས་ཀྱང་འཇིག་རྟེན་ཐམས་ཅད་ལས་ཐ་རད་པར་འགྱུར་ཏེ།། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་མཐུའ་ཆེར ་ཐོབ་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔལ་ཀང་གོམ་པ་འདོར་ཞིང་མཆི་ན། སྟོང་གསུམ་གྱི་སྟོང་ཆེན་པོ་ལ་འཇིག་རྟེན་གི་ཁམས་ཀྱི། བདུད་ཀྱི་ཁམས་ཐམས་ཅད་རབ་ཏུ་གཡོའ་བར་འགྱུར་ཏེ། དེ་ནི ་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱི་བསྐྱོ་པས་གསོལ་པ།། བཅོམ་ལྡན་འདས་གལ་ཏེ་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་ཉིན་ཞག་གཅིག་ཏུ་གྱུར་པ་ལ། དེ ་ཉིན་ཞག་བགྲང་བ་དེ་ལྟ་བུའི་ཚུལ་གྱིས་ཞག་བཅོ་ལྔ་ལ། ཟླ་བ་ཕྱེད་ཞག་གསུམ་བཅུ་ལ་ཟླ་བ་ཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་པའི་ལོ་བྱེ་བ་བརྒྱད་སྟོང་ལ་སངས་རྒྱས་གཅིག་བྱུང་ནས་མཉེས་པར ་བྱེད་དེ། རྣམ་གྲངས་འདི་ལྟ་བུས། གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ན། ཚངས་པ་སྤྱོད་པ་སྤྱད་ནས། ཕྱིས། ལུང་བསྟན་ཀྱང་ཡོངས་སུ་མྱི་སྐྱོ་བ་སྟེ། དེ་ནི་དེའི་སླད་དུ་བྱང་ཆུབ ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་དེད་དཔོན་བཟང་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལམ་ངན་པར་ཞུགས་པའི་སེམས་ཅན་ལ་མ་ངན་པར་ཞུགས ་པ་རྣམས་ལ་ལམ་བཟང་པོ་ལ་བཀོད་པའི་སླད་དུ།། སྙིང་རྗེ་ཆེན་པོ་བསྐྱེད་ཅིང་དེ་ལ་ལན་རེ་བ་མ་མཆིས། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་རི་རབ་ཆེན་པོས་གསོལ་པ། ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་རི་རབ་དང་མཚུངས་ཤིང་། རྣམ་པར་མྱི་རྟོག་པར་རབ་ཏུ་འཚལ་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་མཐུ་བོ ་ཆེས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཉོན་མོངས་པ་ཐམས་ཅད་ཀྱིས་མྱི་མཆོམས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་སེམས་ཀྱིས་གསོལ ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཀྱིས་ཆོས་ཐམས་ཅད་ལ་སེམས་ཀྱང་། དེ་ལ་མ་སྨྲས་ཤིང་མཉེས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བཀྱེའོ།། བྱང་ཆུབ་སེམས་དཔའ་སེང་གེའི་འགྲོས་སུ ་འགྲོ་བས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་། ཆོས་ཟབ་མོ་ལ་བཟོད་ཅིང་མྱི་འཇིགས་མྱི་སྐྲག་སྟེ། ཕ་རོལ་ཀཽ་མུ་སྟེ་གཅ་ཐམས་ཅད་སྐྲག་པར་བགྱིད་པ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས ་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བསམ་གྱིས་མྱི་ཁྱབ་པས་གསོལ་པ། བཅོམ་ལྡན་འདས་གང་སེམས་ལུས་བསམ་གྱིས་མྱི་ཁྱབ་པར་འཇུག་ཅིང་། མྱི་སེམས་རྣམ་པར་མྱི་སེམས་དཔའ་དེ་ནི་དེའི་སླད ་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ལྷའི་བུ་མཚམས་བཟངས་ཀྱིས་གསོལ་པ། གང་ལྔའི་གནས་ཐམས་ཅད་དུ་ཡང་སྐྱེ་ལ། ཅི་ལ་ཡང་ཆགས་པར་མྱི་བགྱིད། འདོད་ཆགས་དང་བྲལ ་བའི་ཆོས་ཉིད་ཀྱི་ཁོང་དུ་ཆུད་པར་མྱི་བགྱིད་པ་དེ་ནི་དེའི་སླད་དུ་བྱང་།། ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བདེ།། ན་པར་སྨྲ་བས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས ་དཔའ་གང་གི་ངག་བདེན་པའི་རྗེས་སུ་འཇུག་ཅིང་།། རྨྱི་ལམ་མ་ཡང་སྦུན་གྱི་ཚིག་ཀྱི་སྨྲ་བ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་མཐོང་ན་དགས་གསོལ ་པ། གཟུགས་ཐམས་ཅད་སངས་རྒྱས་ཀྱི་གཟུགས་མཐོང་བ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་རྟག་ཏུ་སྙིང་རྩེ་བས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས ་དཔའ་གཔ་འཁོར་བར་ཞུགས་པའི་སེམས་ཅན་སྡུག་བསྔལ་བ་རྣམས་མཐོང་ནས། ཆོས་ལ་དཔའ་བ་མ་རྟོགས་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བགྱི་བ་མ་རྟོགས་པར། དཀའ་བ་ཐམས་ཅད་ལས་དགའ་བར་མྱི ་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་ཐོགས་པ་མྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཉོན་མོངས་པ་ཐམས་ཅད ་དང་། བདུད་ཐམས་ཅད་ལ་ཡང་ཐོགས་པ་མ་མཆིས་པར་འགྱུར་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་རྟག་ཏུ་དགའ་དགོད་དབང་པོས་གསོལ་པ། བཅོམ་ལྡན་འདས ་བྱང་ཆུབ་སེམས་དཔའ་གང་རྟག་ཏུ་དགོད་པ་དང་།། རབ་ཏུ་དགའ་བའི་དབང་པོ་དག་གིས་བདག་གི་བསམ་པ་ཡོངས་སུ་རྫོགས་ཤིང་བགྱི་བ་བགྱིས་པ། བགྱིད་པ་བགྱིས་པ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ ་ཞེས་བགྱིའོ།། སྲིང་མོ་ཡིད་གཉིས་རྣམ་པར་འཇོམ་མས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོ་ས་ཐམས་ཅད་ལ་ཡིད་གཉིས་མ་མཆིས་ཤིང་།། ཐེ་ཙོམ་མ ་མཆིས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། གཞོ་མུ་མ་སེང་གེས་གསོལ་པ། བཅོམ་ལྡན་འདས་ག་ལ་བུད་མྱེད་ཀྱི་ཆོས་ཀྱང་མ་མཆིས། སྐྱེས་པའི་ཆོས་ཀྱང་མ་མཆིས ་ལ། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ། གཟུགས་སྣ་ཚོགས་ཀྱང་སྟོནད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བུ་མོ་རན་ཅེན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་གང་སངས་རྒྱས་དང་། ཆོས་དང་། དགེ་འདུན་རིན་པོ་ཆེ་མ་རྟོགས་པའི་རིན་པོ་ཆེ་གཞན་ལ་དགའ་བ་མྱི་བསྐྱེད་པ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། དགེ་བསྙེན་མས ་གས་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དམྱིགས་པ་ཅན་ལ་ནི་ཡང་བྱང་ཆུབ་མ་མཆིས་ཏེ། གང་ཆོས་ཐམས་ཅད་མྱི་དམྱིགས་པ་དང་། མྱི་སྐྱེ་མྱི་འགོག་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ ་ཞེས་བགྱིའོ།། ཁྱིམ་བདག་བཟང་སྤྱོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གི་མྱིང་ཙམ་བཟུང་བས།། སེམས་ཅན་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ ་ཞེས་པགྱིའོ།། གཞོ་ནུར་གྱུ་རང་པ་རོམ་ཅེམཐ་བས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་རྟག་ཏུ་རྒྱུན་མྱི་འཆད་པར་གཞོ་ནུར་ཚངས་པའི་སྤྱོད་པ་དང་ལྡན་ཞིང་འདོད་པ་ལ་རྟོག་པས་ཀྱང་ལོངས ་སུ་མྱི་སྤྱོད་ན། གཉིས་ཀྱི་དབང་པོ་གཉིས་མཇལ་བ་ལྟ་ཅི་སྨོས་ཏེ། པོདི་དེའི་སླང་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ལྷའི་བུ་མན་འདའ་རའི་དྲིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང ་ཚུལ་ཁྲིམས་ཀྱི་དྲིས་ཡོངས་སུ་བསྒོས་པས།། གང་ཚུལ་ཁྲིམས་ད་ཀྱི་དྲི་ལས་དྲི་གཞན་གི་ངང་མྱི་ལྡང་བ་དེ་ནི། བྱང་ཆུབ་སེམས་དང་འ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་དགའ་བྱེད་གིས་གསོལ ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱ། ས་ལ་བསྙེན་བཀུར་བགྱི་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། སེམས་ཅན་ཡོངས་སུ་སྨྱིད་པར་བགྱི་བ་དང་། ཆོས་གསུ ་གྱིས་དགའ་བར་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ཚངས་པ་ཁྱད་པར་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཆོས་མ་ལགས་པའི་ཆོས ་གང་ཡང་མ་མཆིས་སོ།། ཞེ་སྡང་བར་འགྱུར་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་མཐོང ་མ་ཐག་ཏུ། སེམས་ཅན་དག་བྱམས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། འཇམ་དཔལ་གཞོ་ནུར་གྱུར་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེཾས ་རྣམ་མས་ས་ས་མ་ཐོ་ཡས་ཡོ་མམ་པ་མས་ཁྱེན་གྱི་བྱ་ས་མས་ཁན་བྱ་མ་མ་ཁྱེམ་ས་མས་མན ་དཔའ་གང་ཆོས་སྟོནད་པ་ཐམས་ཅད་ཀྱང་སྟོན་ལ། ཆོས་སུ་འདུ་ཤེས་པ་ཡང་མ་མཆིས། ཆོས་མ་ལགས་པར་འདུ་ཤེས་པ་ཡང་མ་མཆིས། བདག་ཏུ་འདུ་ཤེས་པ་ཡང་མ་མཆིས། ཕ་རོལ་ཏུ་འདུ ་ཤེས་པར་མྱི་བགྱིད་དེ།། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གི་འོད་ཀྱིས། སེམས་ཅན་རྣམས ་ཀྱི་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་མེ་ཏོག་གིས་གསོལ་པ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཕྱོགས ་བཅུའི་འཇིག་རྟེན་ན། སངས་རྒྱས་ཀྱི་ཞིང་ཐམས་ཅད་དེ་བཞིན་གཤེ་དགས་པ་རྣམས་ཀྱི་མེ་ཏོག་རྒྱས་པ་ལྟ་བུར་མཐོང་བ་དེ་ནི། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། དེ་ལྟར་བྱང་ཆུབ་སེམས ་དཔའ་དེ་དག་གིས་རང་རང་གི་སྤོབས་པ་རྣམས་བཤད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་བུ། མཉམ་པར་གནས་པ་ལ་བཀའ་སྩལ་པ།། བྱང་ཆུབ་སེམས་དཔའ ་གང་སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་ཐ་རད་པར་བྱ་བ་སྤྲོ་ཞིང་།། དགེ་བའི་རྩ་བ་ཐམས་ཅད་ཀྱང་། སེམས་ཅན་ཐམས་ཅད་ལ་གཏོང་བ་དེ་ནི། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ནས་ཚངས་པ ་ཁྱད་པར་སེམས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་གནས་པ་ཇི་ལྟ་བུས་གནས་པར་བྱེད། སྨྲས་པ་གནས་གང་གིས་འདུས་བྱས་ཐམས་ཅད་ལ་ཞུགས་པའི་སེས་ཅན་ཐབས ་གནས་པའོ།། སྨྲས་པ་གནས་པ་ནི་འདུས་བྱས་ཐམས་ཅད་ལ་ཞུགས་པའི་སེམས་ཅན་ཐམས་ཅད་གནས་པ་གང་གིས་གནས།། སྨྲས་པ་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གནས་པ་གང་གིས་གནས་པའོ།། སྨྲས་པ་དེ ་བཞིན་གཤེགས་པ་ཐམས་ཅད་གནས་པ་གང་གིས་གནས་པར་མཛད། སྨྲས་པ། དོན་དམ་པའི་སྟོང་པ་ཉིད་ལ་གནས་པས་སོ།། སྨྲས་པ་གལ་ཏེ། རིགས་ཀྱི་བུ་གནས་པ་གང་གིས་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་གནས་པ་དེས ་དེ་བཞིན་གཤེགས་པ་ཐམས་ཅད་གནས་པར་མཛད་ན། དེ་བཞིན་གཤེགས་པ་རྣམས་ལ་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད། སྨྲས་པ། ཚངས་པ་དེ་སྟོང་པ་ཉིད་ལ་ཁྱད་པར་ཡོད་པར་འདོད་དམ།། སྨྲས་པ་འཇམ་དཔལ་དེ་མ ་ནོ།། འཇམ་དཔལ་གྱིས་སྨྲས་པ།། ཅི་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཞེས་བཤད་དམ། སྨྲས་པ་དེ་བཞིན་ནོ།། སྨྲས་པ་ཚངས་པ་དེའི་ཕྱིར་ཆོས་ཐམས་ཅད་བྱེ་བྲག་མྱེད་དེ།། དེ་དག་གི་གནས་པ་ཡང་དེའི།། ་མཚན་ཉིད་དོ།། ཚངས་པ་དེ་བཞིན་གཤེགས་པ་ཆོས་ཐ་དང་། དུ་མྱི་འདོགས་སོ།། སྨྲས་པ། འཇམ་དཔལ་གནས་པ་ཞེས་བྱ་བའི་གནས་པ་དེ་གང་ཡིན། སྨྲས་པ།། ཚངས་པ་གང་ལ ་ཚངས་པའི་གནས་བཞི་ཡོད་པ་དེ་ནི་གནས་ཤེས་བྱ་སྟེ། གང་ཚངས་པའི་ཚངས་པའི་གནས་བཞི་དང་བྲལ་བ་དེ་ནི་གནས་ལ་ཀ། ནས་པ་མ་ཡིན་ནོ།། གནས་གང་ལ་གནས་པས་ཚངས་པའི ་གནས་བཞི་རྫོགས་པར་བྱ་སྟེ། གནས་པ་དེ་དག་ནི་གནས་ལ་གནས་སོ།། ཚངས་པ་དགོན་པ་འམ། བླ་གབ་མྱེད་པ་ན་གནས་ཀྱང་ཚངས་པོའི་གནས་བཞི་དང་བྲལ་ན། དེ་གནས་ལ་གནས་པ་མ་ཡིན་ནོ།། གནས་ལ ་མཁས་པ་མ་ཡིན་ནོ།། སྨྲས་པ་དེ་སྟེ་ཡང་ཐོག་དང་ཁང་པ་བརྩེགས་པར་གསེར་གི་ཁྲི་ལ་གདིང་བ་དང་། དགབ་པ་བཤམས་པའི་གནས་ན་གནས་ཀྱང་། ཚངས་པའི་གནས་བཞི་དང་ལྡན་ན། དེ་དག་གནས་ལ་གནས་ཤིང་། ་གནས་ལ་མཁས་པ་ཡིན་ནོ།། སྨྲས་པ་གནས་གང་གིས་གནས་མ། ཡེ་ཤེས་མཐོང་བར་འགྱུར། སྨྲས་པ་གནས་པ་གང་གིས་གནས་ན། བདག་མཐོང་བ་རྣམ་པར་དག་པར་འགྱུར་བའོ།། སྨྲས་པ་ཅི་འཇམ་དཔལ ་གང་དག་མཐོང་བའི་ཡེ་ཤེས་མཐོང་བའམ། སྨྲས་པ་ཚངས་པ་དེ་དེ་བཞིན་ཏེ། གང་བདག་མཐོང་བ་དེ་ཡེ་ཤེས་མཐོང་བའོ།། ཚངས་པ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་གསེར་ལ་མཁས་པ་ནི་ངན་པ་ལྟ་ཤེས ་པས་བཟང་པོ་ལྟ་ཤེས་པ་ཡང་ངེས་པར་འབྱུང་ངོ་།། དེ་བཞིན་དུ་བདག་མཐོང་བས་ཡེ་ཤེས་མཐོང་བ་རྣམ་པར་དག་པར་འགྱུར་རོ།། སྨྲས་པ་འཇམ་དཔལ་བདག་མཐོང་བ་གང་ཡིན། སྨྲས་པ་གང་བདག་མྱེད་པའི་ཆོས ་ཉིད་དེ། ཚངས་པ་བདག་ནི་ཤིན་ཏུ་དངོས་པོ་མྱེད་པ། མ་གྲུབ་པ་གང་དེ་ལྟར་མགོ་གཅིག་ཏུ་གྱུར་པ་དེ་ནི་བདག་མཐོང་བ་ཞེས་བྱའོ།། སྨྲས་པ་འཇམ་དཔལ་ཁྱོད་ཀྱིས་ཇི་ལྟར་བཤད་པའི་དོན་ངས་ཤེས་ཏེ། བདག་མཐོང་བས ་སངས་རྒྱས་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། བདག་གི་ངོ་བོ་ཉིད་ཀྱིས་ས་ངས་རྒྱས་ཀྱི་ངོ་བོ་ཉིད་དོ།། སྤྲས་པ་ཚངས་པ་དེ་དེ་བཞིན་ནོ།། སྨྲས་པ་འཇ་མ་དཔལ་གང་གིས་དེ་བཞིན་གཤེགས་པ་མཐོང་། སྨྲས་པ་གང་བདག ་ཏུ་ལྟ་བ་འཁྲུགས་པར་མྱི་བྱེད་པས་སོ།། དེ་ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བ་ནི་ཆོས་སུ་ལྟ་བ་སྟེ། ཆོས་མཐོང་བས་སངས་རྒྱས་མཐོང་དོ་སྨྲས་པ་འཇམ་དཔལ་རྣམ་གྲངས་གང་གིས་གང་མ་ཞུགས་པ ་དེ་དག་ཡང་དག་པར་ཞུགས་པར་གྱུར་པ་ཡོད་དམ། སྨྲས་པ་ཚངས་པ་གང་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་མ་ཞུགས་པ་དེ་ཡང་དག་པ་ར་ཞུགས་པ་ཡིན་ནོ།། སྤྲས་པ་ཇི་ལྟ་བུ་ལ་ཞུགས་ན་ཡང་དག ་པར་ཞུགས་ཞེས་བྱ་སྨྲས་པ་གང་སྤོང་བའི་ཕྱིར་ཡང་དག་པ་མ་ཡིན། མངོན་དུ་བྱ་བའི་ཕྱིར་ཡང་དག་པར་མ་ཡིན་པ་ལ་འཇུག་པ་དེ་ནི་ཡང་དག་པར་ཞུགས་པ་ཞེས་བྱའོ།། སྨྲས་པ་འཇམ་དཔལ་གང་དག་གིས་དེ་བཞིན ་གཤེགས་པ་མ་མཐོང་ལ། འཕགས་པ་ཤེས་རབ་ཀྱི་མྱིག་རྣམ་པར་སྦྱངས་པར་འགྱུར་བའི་རྣམ་གྲངས་ཡོད་དམ། སྦས་པ་ཚངས་པ་གང་དེ་བཞིན་གཤེགས་པ་ལ་གཉིས་སུ་མྱི་ལྟ་བ་དེ་དག་གི་འཕགས་པའི་ཤེས་རབ་ཀྱི ་མྱིག་རྣམ་པར་དག་པར་འགྱུར་རོ།། སྨྲས་པ་འཇམ་དཔལ་ཤེས་རབ་ཀྱི་མྱིག་གིས་ཅི་མཐོང་།། སྨྲས་པ་ཚངས་པ་གལ་ཏེ་ཆོས་གང་ཡང་མཐོང་བར་གྱུར་པ་ན། ཤེས་རབ་ཀྱི་མྱིག་མ་ཡིན་པར་འགྱུར་རོ།། ཚངས་པ ་ཤེས་རབ་ཀྱི་བྱིག་ནི་འདུས་བྱས་ཀྱང་ཀྱི་མཐོང་། འདུས་མ་བྱས་ཀྱང་ཀྱི་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ནི་རྣམ་པར་གྱི་ཏོན་པ་སྟེ། དེ་ནི་འདུས་རྒྱམ་མཐོང་བར་ཆུང་བ་མ་ཡིན་ནོ།། འདུམ་མ་བྱས་ཀྱི་མྱིག་ཞི་ལམ་སས། ་འདས་པས་དེ་ཡང་མྱི་མཐོང་ངོ་།། སྨྲས་པ་འཇམ་དཔལ་ཡང་དག་པར་ཞུགས་པའི་དགེ་སློང་འབྲས་བུ་ཐོབ་པར་མྱི་འགྱུར་བའི་རྣམ་གྲངས་ཡོད་དམ། སྨྲས་པ་ཚངས་པ་ཡང་དག་པར་སྦྱོར་བ་ལ་འབྲས་བུ་ཐོབ་པ་མྱེད་པ་ཡང ་ཡོད་དོ།། ཡང་དག་པའི་སྦྱོར་བ་གང་ལ་ཡང་མྱི་སྦྱོར་བའོ།། དེ་ལ་འབྲས་བུ་འཐོབ་པའི་རྣམ་པར་རྟོག་པ་ཡང་བྱེད་དེ། ཚངས་པ་འཐོབ་པ་མྱེད་པ་ལས་འཐོབ་པར་བལྟའོ།། གང་འཐོབ་པ་དེ་ནི་མངོན་པའི་ང་རྒྱལ་དང་བཅས་པའོ།། ་ཡང་དག་པའི་སྦྱོར་བ་ལ་ནི་མངོན་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་མྱེད་པ་ཡང་བྱེད། ཐོབ་པ་ཡང་བྱེད། མངོན་པར་རྟོགས་པ་ཡང་མྱེད་དོ།། སྨྲས་པ་འཇམ་དཔལ་ཆོས་གང་དག་མངོན་དུ་གརྟོགས་པར་བྱ་བའི ་ཕྱིར། ཁོང་དུ་ཆུད་པ་ཞེས་བསྟནང་། སྤྲས་པ་ཚངས་པ་ཆོས་གང་མ། སྐྱེས་མ་བསྐྱེད་སྐྱེད་པར་མྱི་འགྱུར་བའི་ཆོས་དེ་དག་མངོན་པར་རྟོགས་པའི་ཕྱིར། ཁོང་དུ་ཆུད་པོ་ཞེས་བསྟནང་ཏོ།། སྨྲས་པ་འཇམ་དཔལ ་མ་སྐྱེས་པའི་ཆོས་ལ་མངོན་པར་རྟོགས་པ་གང་ཡིན། སྨྲས་པ་གང་མྱི་སྐྱེ་བ་དེ་ཉིད་མངོན་པར་རྟོགས་པ་ཡིན་ཏེ། དེའི་ཕྱིར་འདུས་བྱས་ཐམ་ས་ཅད་མ་སྐྱེས་པར་མཐོང་ཞིང་ཡང་དག་པ་ཉིད་དུ་ངེས་པར་འཇུག ་པ་ཞེས་བྱའོ།། སྨྲས་པ་འཇས་དཔལ་ཡང་དག་པ་ཉིད་དུ་ངེས་པ་ཞེས་བྱ་བ་དེ་གཔ་ལ་བྱ། སྨྲས་པ་བདག་དང་མྱ་ངན་ལས་འདས་པ་མཚུངས་ཏེ། འདི་ནི་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ།། དེ་བས་ན་ཡང་དག་པ ་ཉིད་དུ་ངེས་པ་ཞེས་བྱའོ།། ཡང་དག་པ་ཉིད་དུ་ཞུགས་པས་ལ། དེའི་ཕྱིར་ཡང་དག་པ་ངེས་པ་ཞེས་བྱའོ།། མཉམ་པ་ཉིད་ཀྱིས་མཉམ་པ་ཉིད་ལ་ངེས་པར་འབྱུང་བས་ན། དེའི་ཕྱིར་ཡང་དག་པར་ངེས་པ་ཞེས་བྱའོ།། ངེས་པའི ་ངོས་ལ་འོན་འདྲེན་པས་མ། དེའི་ཕྱིར་ཡང་དག་པར་ངེས་པ་ཞེས་བྱའོ།། ཏིང་ངེ་འཛིདང་ཐམས་ཅད་ལ་སྤྲོ་བརྟགས་པ་མྱེད་པའི་ཕྱིར། དེ་ནི་ཡང་དག་པར་ངེས་པ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གནོ། ་ཅུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ།། འཇམ་དཔལ་ཁྱོད་ཀྱི་ཚིག་ནི་ལེགས་པར་སྨྲས་ཏེ། ཇི་ལྟར་སྟོན་པ་དེ་དེ་བཞིན་ནོ།། ཁྱོད་ཀྱིས་བསྟནད་པ་འདི་བཤད་པ་ན། དགེ་སློང་བདུན་སྟོང་ལེ་ནང་པ་མྱེད་པར། ་ཟག་པ་མྱེད་པ་ལས་སེམས་རྣམ་པར་གྲོལ་ལོ།། ལྷའི་བུ་སྟོང་ཕྲག་གསུམ་བཅུ་རྩ་གཉིས་ཆོས་རྣམས་ལ་ཚུལ་མྱེད་ཅིང་རྡུལ་དང་བྲལ་བའི་ཆོས་ཀྱི་མྱིག་སྐྱེས་སོ།། སྲོག་ཆགས་སྟོང་ཕྲག་བཅུ་འདོད་ཆགས་དང་བྲལ་བ་ཐོབ་བོ། ་སྲོག་ཆགས་གཉིས་བརྒྱ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། བྱང་ཆུབ་སེམས་དཔའ་ལྔ་སྟོང་གྱིས་མྱི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར ་སེམས་ཀྱིས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་འཇམ་ད་པལ་གཞོ་ནུར་གྱུརྡ་པས་སངས་རྒྱས་ཀྱི་བགྱི་བ་བགྱིས་སོ།། འཇམ་དང་། ལ་གྱིས་སྨྲས་པ། ཚངས་པ་སངས་རྒྱས་འབྱུང་བ་གང་ལ་འཕན་པ ་འམ་གནོད་པར་ཉེ་བར་མྱི་གནས་སོ།། སྨྲས་པ་འཇམ་དཔལ་བཅོམ་ལྔ།། ན་འདས་ཀྱིས་ཚད་མྱེད་པའི་སེམས་ཅན་ཡོངས་སུ་མྱ་ངན་ལས་ཟློ་སྟེ། ཁྱོད་ཀྱང་ཚད་མྱེད་པའི་སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བར ་བྱེད་པ་མ་ཡིན་ནམ། སྨྲས་པ་ཚངས་པ་སེམས་ཅན་མྱེད་པ་ལ་སེམས་ཅན་དུ་རབ་ཏུ་འབྱེད་པ་འདོད་དམ། སྨྲས་པ་དེ་མ་ཡིན་ནོ།། སྨྲས་པ་ཚངས་པ་སེམས་ཅན་མྱེད་པ་ལ་སེམས་ཅན་དུ་བསྟན་པ་འམ། སེམས་ཅན ་མྱེད་པ་ལ་སེམས་ཅན་ཡོངས་སུ་གྲུབ་པར་འདོད་དམ། སྨྲས་པ་དེ་མ་ཡིན་ནོ།། སྨྲས་པ་ཚངས་པ་དེ་བཞིན་གཤེགས་པ་འབྱུང་བ་འམ། འགག་པར་འདོད་དམ། སྨྲས་པ་མ་ཡིན་ནོ།། སྨྲས་པ་དེ་བཞིན་གཤེགས་པས་ཡོངས་སུ་མྱ་ངན ་ལས་ཟླས་པའི་སེམས་ཅན་དེ་དག་གང་ཡིན། སྨྲས་པ་འཇམ་དཔལ་གཞོ་ནུར་གྱུར་པ་ཆོས་ཀྱི་ཚུལ་གྱི་རྣམ་པ་གང་གིས་སྟོན་པ་ལྟར་ན་འདི་ལ་འཁོར་བ་ཡང་མྱེད། མྱ་ངན་ལས་འདས་པ་ཡང་མྱེད་དོ།། སྨྲས་པ་ཚངས་པ་དེ་དེ་བཞིན་ཏེ། ་དེ་བཞིན་གཤེགས་པས་འཁོར་བ་ཡང་མ་དམྱིགས། ཡོངས་སུ་མྱ་ངན་ལས་འདས་པ་ཡང་མྱི་དམྱིགས་སོ།། ཚངས་པ་བཅོམ་ལྡན་འདས་ཀྱིས་གང་ཉན་ཐོས་བརྟུལ་བ་དེ་དག་གིས་ཀྱང་འཁོར་བ་ཡང་མ་དམྱིགས་མྱ་ངན་ལས་འདས ་མརའང་གྱི་དམྱིགས་སོ།། ཚངས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི་བཏགས་པའི་ཚིག་པ་སྙད་ཙམ་སྟེ།། འདི་ལ་གང་ཡང་འཁོར་བ་ཡང་མྱེད་ཡོངས་སུ་མྱ་ངན་ལས་འདས་པ་ཡང་མྱེད་དོ།། སྦས་པ་འཇས ་དཔལ་འདི་ལ་སུ་དག་དད་པར་འགྱུར། སྤྲས་པ་གང་ཆོས་གང་ལ་ཡང་མངོན་པར་ཆགས་པར་མྱི་འགྱུར་བ་རྣམས་སོ།། སྤྲས་པ་འཇམ་དཔལ་མངོན་པར་ཆགས་པ་ཞེས་བྱ་བ་ནི་དེ་ཅི་ལ་མངོན་པར་ཆགས་སྤྲས་པ། ཚངས་པ ་མངོན་པར་ཆགས་པ་ཞེས་བྱ་བ་ནི་མྱེད་པ་ལ་མངོན་པར་ཆགས་སོ།། གལ་ཏེ་ཚངས་པ་ཡོད་པ་ལ་མངོན་པར་ཆགས་པར་གྱུར་ན།། འདི་ལྟར་ཤིན་ཏུ་མངོན་པའི་ང་རྒྱལ་དང་བྲལ་བར་གྱུར་པ་མ་ཡིན་ནོ།། འདི་ལྟར་མྱེད ་པ་ལ་མངོན་པར་ཆགས་པ་སྟེ། དེ་བས་ན་མྱེད་པའོ་ཞེས་རྟོགས་ནས། མངོན་པར་ཆགས་པར་མྱི་བྱེད་དེ། གང་མངོན་པར་ཆགས་པར་མྱི་བྱེད་པ་དེ་མྱི་འཁོར་རོ།། གང་མྱི་འཁོར་བ་དེ་ནི་རྣམ་པར་མྱི་འགྲོ་བའོ།། གང ་རྣམ་པར་མྱི་འགྲོ་བ་དེ་མྱ་ངན་ལས་འདས་པ་ཞེས་བྱའོ།། སྨྲས་པ། འཇམ་དཔལ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ། ཅིའི་གཉེན་པོ་ཡིན་པའི་ཕྱིར་མྱ་ངན་ལས་འདས་ཞེས་བྱ། སྨྲས་པ་ཚངས་པ ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། ཕན་ཚུན་རྐྱེན་ལ་སྤྲོ་མྱི་འདོགས་པའི་ཕྱིར་རོ།། མ་རིག་པ་མངོན་པར་འདུ་མྱི་བྱེད་པ་དང་། འདུ་བྱེད་མྱི་འཇུག་པས་ཀྱང་ཉེ་བར་མྱི་སྦྱོར་ཏེ། གང་ཉེ་བར་མྱི་སྦྱོར་བ ་དེ་ནི་ཀུན་ནས་མྱི་སྤོང་ངོ་།། གང་ཀུན་ནས་ཀྱི་སྤོང་བ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ།། ཀུན་ནས་མྱི་སྤོང་བར་སྤྱོད་པ་དེ་ནི་ཤིན་ཏུ་འགོག་པའོ།། དེའི་ལམ་མངོན་པར་རྟོགས་པ་ནི་ཤིན་ཏུ་མྱི་སྐྱེ་བ་ཡིན་ཏེ། འདི། ་ནི་འཕགས་པའི་བདེན་པ་བཞི་ཞེས་བྱའོ།། དེ་ནས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་མཉམ་པར་གནས་པས། འཇམ་དཔལ་གཞོ་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཁྱོད་ཀྱིས་བསྟན་པ་ཐམས་ཅད་ནི་ཡང ་དག་པར་བསྟན་པའོ།། སྨྲས་པ་རིགས་ཀྱི་བུ་ཚིག་ཐམས་ཅད་ནི་ཡང་དག་པའོ།། སྨྲས་པ་འཇམ་དཔལ་གང་བརྫུན་གྱི་ཚིག་ཡོད་པ་མ་ཡིན་པ་ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ཡང་ཡང་དག་པ་འམ། སྨྲས་པ་རིགས་ཀྱི ་བུ་དེ་ཡང་ཡང་དག་པའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངག་ཐམས་ཅད་ནི་དབང་དུ་གྱུར་པ་སྟེ། ཡུལ་ལ་གནས་པ་ཡ་མ་ཡིན། ཕྱོགས་ན་གནས་པ་ཡང་མ་ཡིན་ནོ།། གང་དབང་དུ་གྱུར་ད་ཅིང་ཡུལ་ལ་ཡང་གྱི ་གནས། ཕྱོགས་ལ་ཡང་མྱི་གནས་པ་དེ་ནི་མྱེད་པའི་ཕྱིར་ཡང་དག་པ་སྟེ། དེའི་ཕྱིར་ཚིག་ཐམས་ཅད་ཡང་དག་པ་ཞེས་བྱའོ།། གང་ཡང་ལྷས་བྱིན་གྱིས་ཚིག་སྨྲས་པ་དང་། གང་དེ་བཞིན་གཤེགས་པས་ཚིག་སྨྲས་པའི་ཚིག་དེ་གཉིས ་ཐ་དད་པ་མ་ལགས་སོ།། དེ་ཅིའི་ཕྱིར་ཞེ་ན། ཚིག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཚིག་སྟེ། ཚིག་ཐམས་ཅད་ནི་དེ་བཞིན་ཉིད་ལས་མྱི་འདའོ།། གང་ཚིག་གིས་རྣམ་པར་རིག་པར་བྱས་པ་དེ་ཐམས་ཅད་ནི་རྣམ་པར་རིག་པ་མྱེད ་པས། རྣམ་པར་རིག་པར་བྱས་སྟེ། དེ་བས་ན་ཚིག་ཐམས་ཅད་ཡི་གེ་མཉམ་པའི་ཕྱིར་ཡི་གེ་མཚུངས་པའི་ཕྱིར། ཡི་གེ་སྟོང་པའི་ཕྱིར། ཚིག་ཐམས་ཅད་ནི་མཚུངས་པའོ།། མཉམ་པར་གནས་པས་སྨྲས་པ།། འཇམ ་དཔལ་དེ་བཞིན་གཤེགས་པས་འཕགས་པའི་ཐ་སྙད་དུ་འདོགས་པ་དང་། འཕགས་པ་མ་ཡིན་པའི་ཐ་སྙད་དུ་འདོགས་པ་ཞེས་མ་ཀ། སུངས་སམ། སྨྲས་པ་རིགས་ཀྱི་བུ་ཡི་གེ་གང་དག་གིས་འཕགས ་པ་རྣམས་ཐ་སྙད་དུ་འདོགས་པའི་ཡི་གེ་དེ་དག་ཉིད་ཀྱིས་འཕགས་པ་མ་ཡིན་པ་རྣམས་ཀྱང་ཐ་སྙད་དུ་འདོགས་སོ།། སྨྲས་པ་འཇམ་དཔལ་དེ་དེ་བཞིན་ནོ།། སྨྲས་པ་ཅི་ཡི་གེ་དེ་དག་འཕགས་པ་འམ། འཕགས ་པ་མ་ཡིན་པ་ཞེས་རྟོག་གམ། སྨྲས་པ་དེ་མ་ཡིན་ནོ།། སྨྲས་པ་ཇི་ལྟར་ཡི་གེ་དེ་དག་མྱི་རྟོག་རྣམ་པར་མྱི་རྟོག་པ་དེ་བཞིན་དུ། འཕགས་པ་རྣམས་ནི་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ།། དེ་དག་ལ་ཐ ་སྙད་མྱེད་དེ།། འཕགས་པ་རྣམས་ནི་ཡི་གེར་འདུ་ཤེས་པས་ཐ་སྙད་དུ་མྱི་འདོགས་སོ།། ཆོས་སུ་འདུ་ཤེས་པས་མ་ཡིན། ཆོས་མ་ཡིན་པར་འདུ་ཤེས་པས་མ་ཡིན། བདག་ཏུ་འདུ་ཤེས་པས་མ་ཡིན་ཕ་རོལ་ཏུ་འདུ་ཤེས ་པས་མ་ཡིན་ནོ།། འདི་ལྟ་སྟེ། དཔེར་ན། སིལ་སྙན་དང་། རྔ་བོ་ཆེ་དང་། རྫ་རྔ་དང་། དུང་དག་ནི་རྐྱེན་ཀྱིས་སྒྲ་འབྱུང་ཡང་། དེ་དག་རྣམ་པར་མྱི་རྟོག་པ་དེ་བཞིན་དུ་འཕགས་པ་རྣམས་རྟེན་འབྲེལ་མཐོང་བའི་ཕྱིར་ཐ་སྙད་འདོག ་པས་ཆགས་པར་མྱི་བྱེད་དེ།། མངོན་པར་ཆགས་པར་མྱི་བྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་མཉམ་པར་གནས་ཀྱིས། འཇས་དཔལ་གཞོ་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་བཅོམ་ལྡན་འ་རྒྱ་འདི་ལྟར ་དགེ་སློང་དག་འདུས་ཏེ། འཁོད་པས་བྱ་བ་གཉིས་ཡོད་དོ།། ཆོས་ཀྱི་གཏམ་བྱ་བ་དང་། འཕགས་པ་མྱི་སྨྲ་བར་གྱུར་པས་གནས་པར་བྱའོ།། ཞེས་གསུངས་ནས་དེ་ལ་འཇམ་དཔལ་ཆོས་ཀྱི་གཏམ་ནི་གང་། འཕགས་པ་མྱི་སྨྲ། ་པར་གྱུར་པ་ནི་གང་། སྨྲས་པ་གཏམ་གང་གིས་སངས་རྒྱས་འཁྲུགས་པར་མྱི་བྱེད། ཆོས་འཁྲུགས་པར་མྱི་བྱེད། དགེ་འདུན་འཁྲུགས་པར་མྱི་བྱེད་པ་འདི་ནི་ཆོས་ཀྱི་གཏམ་མོ།། སངས་རྒྱས་ལ་ཆོས་ཉིད་དུ་མོས་པ་དང་། ཆོས ་ལ་འདོད་ཆགས་དང་བྲལ་བར་མོས་པ་དང་། དགེ་འདུན་ལ་འདུས་མ་བྱས་སུ་མོས་པ་འདི་ནི།། འཕགས་པ་མྱི་སྨྲ་བར་གྱུར་པའོ།། གཞན་ཡ་ང་རིགས་ཀྱི་བུ་དྲན་པ་ཉེ་བར་གཞག་པ་བཞི་ལ་བརྩམས་ཏེ། གཏམ ་བརྗོད་པ་འདི་ནི་ཆོས་ཀྱི་གཏམ་མོ།། ཡང་ཆོས་ཐམས་ཅད་ལ་མྱི། དྲན་ཞིང་ཡིད་ལ་མྱི་བྱེད་པ་འདི་ནི་འཕགས་པ་མྱི་སྨྲ་བར་གྱུར་པའོ།། གང་ཡང་དག་པར་སྤོང་བ་བཞི་ལ་བརྩམས་ཏེ། གཏམ་བརྗོད་པ་ནི་ཆོས ་ཀྱི་གཏམ་མོ།། གང་མཉམ་པ་ཉིད་ཀྱིས་མཚུངས་པར་ཡང་གྱི་བྱེད། ཀྱི་མཚུངས་པར་ཡང་མྱི་བྱེད་པ་འདི་མི་འཕགས་པ་ཀྱི་སྨྲ་བར་གྱུར་པའོ།། གང་རྫུ་འཕྲུལྡ་ཀྱི་རྐང་པ་བཞི་ལ་བརྩམས་ཏེ། གཏམ ་བརྗོད་པ་འདི་ནི་ཆོས་ཀྱི་གཏམ་མོ།། གང་ལུས་དང་ངག་དང་ཡིད་ཀྱིས་བརྩོམ་པར་མྱི་བྱེད་པ་འདོ་ན་འཕགས་པ་མྱི་སྨྲ་བར་གྱུར་ད་པའོ།། གང་དབང་པོ་ལྔ་དང་སྟོབས་ལྔ་ལ་བརྩམས་ཏེ། གཏམ་བརྗོད་པ་འདི་ནི་ཆོས་ཀྱི ་གཏམ་མོ།། གང་སུ་ལ་ཡང་དད་པས་ཆོས་གང་ལ་ཡང་དད་པར་མྱི་བྱེད་ཅིང་།། ཆོས་ཐམས་ཅད་ལ་ཡང་བླང་བ་མྱེད་པ་དང་། དོར་བ་མྱེད་པར་རབ་ཏུ་རྣམ་པར་འབྱེད་པ་འདི་ནི། འཕགས་པ་མྱི་སྨྲ་བར་གྱུར་པའོ།། དྲན ་ཁ་དང་རྩེགཅིག་པ་དང་། རློམ་སེམས་བྱེད་པ་ལ་གནས་ཤིང་། ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་གཞག་པར་མོས་པ་དང་། སྨོས་པའི་གནས་ཐམས་ཅད་ལ་གྱི་རྟེན་པའི་རྐྱེན་དུ་གྱུར་པ་འདི་ནི། འཕགས་པ་མྱི་སྨྲ་བར་གྱུར་པན ་གང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བརྩམས་ཏེ། གཏམ་བརྗོད་པ་འདི་ནི་ཆོས་ཀྱི་གཏམ་མོ།། གང་གཏང་སྙོམས་པས་སྒྲོ་བཏགས་པ་མྱེད་ཅིང་འཐོབ་ཅིང་བསལ་བ་ཡང་མྱེད། བཞག་པ་ཡང་མྱེད་པར་གནས་པ ་པ་འདི་ནི། འཕགས་པ་མྱི་སྨྲ་བར་གྱུར་ད་པའོ།། གང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བརྩམས་ཏེ། གཏམ་བརྗོད་པར་བྱེད་པ་འདི་ནི་ཆོས་ཀྱི་གཏམ་མོ།། གང་གཟིངས་ལྟ་བུར་རྟོགས་ནས་ཆོས་ལ་ཡང་མྱི་རྟེན ་ཆོས་མ་ཡིན་པ་ལ་ཡང་མྱི་རྟེན་པར་གནས་པ་འདི་ནི། འཕགས་པ་མྱི་སྨྲ་བར་གྱུར་པའོ།། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱི་ཆོས་འདི་དག་སྨྲ་བ་དང་། འཆད་པ་དང་། བསྟོནད་པ ་དང་། འདོགས་པ་དང་། འཇུག་པར་བྱེད་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་ཅིང་། ཡང་དག་པ་ཇི་ལྟ་བར་སྟོན་པ་གང་ཡིན་པ་འདི་ནི་ཆོས་ཀྱི་གཏམ་མོ།། གང་འདི་ལྟར་ཆོས་ཀྱིས་མངོན ་གསུམ་དུ་གྱུར་ད་ལ། ལུས་ལས་ལོག་ཤིག་ན་ཡང་ཆོས་མྱི་མཐོང་། ཆོས་ལས་ལོག་ཤིག་ན་ཡང་ལུས་མྱི་མཐོང་ངོ་།། ཇི་ནས་གཉིས་སུ་མྱི་མཐོང་། གཉིས་སུ་མྱེད་པར་ཡང་མྱི་མཐོང་བ་དེ་ལྟར་མཐོང ་སྟེ། དེ་ལྟར་མཐོང་ན་མངོན་གསུམ་དུ་ཡེ་ཤེས་མཐོང་བ་ཡང་མྱི་མཐོང་སྟེ། གང་མྱི་མཐོང་བ་འདི་ནི་འཕགས་པའི་མྱི་སྨྲ་བར་གྱུར་པའོ།། གཞན་ཡང་རིགས་ཀྱི་བུ་གང་ཡང་བདག་ཏུ་སྒྲོ་འདོགས་པ་དང ་ཕ་རོལ་ཏུ་སྒྲོ་འདོགས་པ་དང་། ཆོས་སུ་སྒྲོ་འདོགས་པ་དང་། ཆོས་མ་ཡིན་པར་སྒྲོ་འདོགས་པས། གཏམ་མྱི་བརྗོད་པ་འདི་ནི་ཆོས་ཀྱི་གཏམ་མོ།། གང་བརྗོད་དུ་མྱེད་པའི་ཆོས་ཉིད་ཐོག་པས་ཡི་གེ་དང་། སྐད་དང་། སྨྲ ་དང་། དབྱངས་ཐམས་ཅད་དང་བྲལ་བའི་མྱི་གཡོ་བ་ཐོབ་པ་འདི་ནི་རང་བཞིན་གྱིས་སེམས་ཀྱིས་ཉེ་བར་བསྒྲུབ་པ་ལ་གནས་པ་འདི་ནི་འཕགས་པ་མྱི་བསྒྲུབ་པར་གྱུར་པའོ།། རིགས་ཀྱི་བུ་གང་སུ་དག་སེམས་ཅན་ཐམས ་ཅད་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཤེས་པས་བརྟམ་བརྗོད་པ་དེ་དག་ནི་ཆོས་ཀྱི་གཏམ་བརྗོད་པའི།། གང་ལ་ལ་མཉམ་པར་མ་བཞག་ཅིང་མ་ཡེངས་པ་དེ་དག་ནི་འཕགས་པ་མྱི་སྨྲ་བར་གྱུར་བ་ལ་གནས་པན ་དེ་ནས་འདས་དཔལ་གཞོ་ནུར་གྱུར་པ་ལ། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཇི་ལྟར་འཇམ་དཔལ་ཁྱོད་ཀྱིས་བཤད་པའི་དོན་ཁོ་བོས་ཤེས་པ་ལྟར་ན་ཉན་ཐོས ་དང་། རང་སངས་རྒྱས་རྣམས་ལ་ཆོས་ཀྱི་གཏམ་དང་། འཕགས་པ་མྱི་སྨྲ་བར་གྱུར་པ་མྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་དབང་པོ་མཆོག་དང་། མཆོག་མ་ཡིན་པར་ཤེས་པ་ལ་མཁས་པ་ཡང་མྱེད། རྟག་ཏུ་མཉམ་པར་བཞག ་པ་ཡང་མ་ཡིན་ནོ།། འཇམ་དཔལ་སུ་དག་ཆོས་སྨྲ་བ་ཡིན། སུ་དག་འཕགས་པ་མྱི་སྨྲ་བར་གྱུར་པ་ལ། གནས་པ་ཡིན་ཞེས་གང་ཡང་དག་པར་སྨྲ་བས་སྨྲ་ན།། འཇམ་དཔལ་དེ་བཞིན་གཤེགས་པའོ་ཞེས་ཡང་དག་པར ་སྤབས་སླའོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་སེམས་ཅདན་ཐམས་ཅད་ལ་དབང་པོ་ལ་མཁས་ཤིང་རྟག་ཏུ་མཉམ་པ་བཞག་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ཀན ་ནུར་གྱུར་ད་པ་ལ་བཀའ་སྩ་ལད་པ། འཇམ་དཔལ་རིགས་ཀྱི་བུ་མཉམ་པར་གནས་པས་ཇི་ལྟར་བཤད་པ་དེ་དེ་བཞིན་ཏེ། འདི་ལྟར་སང་། ས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགོངས་པའོ།། དེ་ནས ་བཅོམ་ལྡན་འདས་ལ་གནས་བརྟན་རབ་འབྱོར་ད་ཀྱིས་འདི་སྐད་ཅེས་གསོ་ལད་ཏོ།། བཅོམ་ལྡན་འདས་ལས་བདག་གིས་མངོན་གསུམ་དུ་ཐོས་ཤིང་མངོན་གསུམ་དུ་གཟུང་སྟེ།། དགེ་སློང་འདུས་ཏེ་འཁོད་པ་རྣམས ་ཀྱིས་བྱ་བ་གཉིས་ཡོད་དེ། ཆོས་ཀྱི་གཏམ་བརྗོད་པར་བྱ། འཕགས་པ་མྱི་སྨྲ་བར་གྱུར་པ་ལ་གནས་པར་བྱའོ་ཞེས་གསུངས་ན། བཅོམ་ལྡན་འདས་གལ་ཏེ་གནས་འདི་ལ་ཉན་ཐོས་རྣམས་མྱི་ནུས་ན།། དེ་ཇི་ལྟར་དེ་བཞིན་གཤེགས། ་པས་ཉན་ཐོས་རྣམས་ལ་ཆོས་ཀྱི་གཏམ་བརྗོད་ཅིང་། ཡང་ན་འཕགས་པ་ཀྱི་གྱུར་པས་གནས་པར་བྱོས་ཤིག་ཅེས་དོན་ཉེ་བར་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལད་པ། རབ་འབྱོར་ད་དེ་ཇི་སྙམ་དུ་སེམས་ཉམ། ་ཐོས་རྣམས་མ་ཐོས་པར་ཆོས་ཀྱི་གཏམ་བརྗོད་དམ། འཕགས་པ་མྱི་སྨྲ་བར་གྱུརྡ་པ་རྩེ་གཅིག་པར་གནས་པས། སྨྲས་པ་དེ་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་རྣམ་གྲངས་འདིས ་འདི་ལྟར་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཆོས་ཀྱི་གཏམ་ཡང་མྱེད། འཕགས་པ་མྱི་སྨྲ་བར་གྱུར་ད་པ་ཡང་མྱེད་པར་རིག་པར་བྱའོ།། དེ་ནས་འཇམ་དཔལ་གཞོ་ནུར་གྱུར་ད་པས། ཚེ་དང་ལྡན་པ་རབ ་འབྱོར་དེ་ལ་འདི་སྐད་ཅེས་སྨྲས་སོ།། རབ་འབྱོར་དེ་སེམས་ཅན་རྣམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གང་དེ་བཞིན་གཤེགས་པས་མཁྱེནད་པ་དེ་དག་གནས་བརྟན་གྱིས་ཤེས་སམ། གང་དག་ལ་དེ་ལྟ་བུའི་གཏམ་བརྗོད ་པར་བྱ་བ་དེ་དག་ལ་རྗེས་སུ་མཐུན་པའི་གཏམ་བསྟན་པར་བྱ་བ་དེ་ལ་གནས་བརྟན་གྱི་ཡེ་ཤེས་འཇུག་གམ། སྨྲས་པ་འཇམ་དཔལ་དེ་མ་ཡིན་ནོ།། འཇམ་དཔལ་གྱིས་སྨྲས་པ། གནས་བརྟན་རབ་འབྱོར་ད་ཏིང་ངེ་འཛིནད ་གང་ལ་གནས་ནས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་ལྟ་ཞིང་། བདག་གི་སེམས་དང་ཕ་རོལ་གི་སེམས་སུ་བསྒྲིབ་པར་མྱི་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་བལྟ་བའི་ཏིང་ངེ་འཛིན ་ལ་མཉམ་པར་བཞོག་གོ།། སྨྲས་པ་འཇམ་དཔལ་དེ་མ་ཡིན་ནོ།། 2། རྔམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར་ད་དེ་བཞིན་གཤེགས། པ་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་སོ་སོ་ན་རིགས་པར ་སྨན་སྟོན་པས། ཆོས་ཀྱི་གཏམ་བརྗོད་དོ།། ཏིང་ངེ་འཛིན་མཉམ་པ་ཉིད་ལས་ཀྱང་མྱི་གཡོ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཡ་ང་རབ་ཏུ་མཁྱེནད་ཏོ།། བཙུན་པ་རབ་འབྱོར་དེ་རྣམ་གྲངས་འདིས་ཀྱང་། ་འདི་ལྟར་འདི་ལ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཡུལ་མ་ཡིན་པར་རིག་པར་བྱའོ།། བཙུན་པ་རབ་འབྱོར་དེ་སེམས་ཅན་འདོད་ཆགས་སྤྱོད་པ་གང་དག་སྡུག་པའི་རྣམ་པ་ཉིད་ཀྱིས་རྣམ་པར་གྲོལ་ཞིང་མྱི་སྡུག་པའི་རྣམ ་པས། རྣམ་པར་མྱི་གྲོལ་བ་ཡང་ཡོད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེནད་ཏོ།། སེམས་ཅན་ཞེ་སྡང་ལ་སྤྱོད་པ་གང་དག་སྐྱོན་མཐོང་བས་རྣམ་པར་གྲོལ་བར་འགྱུར་ལ། བྱམས་པས་རྣམ་པར་གྲོལ་བར ་མྱི་འགྱུར་བ་ཡོད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེནད་ཏོ།། སེམས་ཅན་གཏི་མུག་སྤྱོད་པ་གང་དག་སྤད་པས་རྣམ་པར་གྲོལ་བར་འགྱུར་ལ། ཆོས་བསྟན་པས་རྣམ་པར་གྲོལ་བར་མྱི་འགྱུར་བ་ཡོད་དེ། དེ ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེནད་ཏོ།། སེམས་ཅན་ཆ་མཉམ་པར་སྤྱོད་པ་སྡུག་པའི་རྣམ་པས་ཀྱང་། རྣམ་པར་མྱི་གྲོལ་མྱི་སྡུག་པའི་རྣམ་པས་ཀྱང་མྱི་གྲོལ། བྱམས་པས་ཀྱང་མྱི་གྲོལ། སྐྱོན་ཀྱིས་ཀྱང་མྱི་འགྲོལ། ་ཆོས་བསྟན་པས་ཀྱང་ཀྱི་འགྲོལ། སྤང་བས་ཀྱང་རྣམ་པར་གྲོལ་བར་མྱི་འགྱུར་བ་ཡོད་དེ།། དེ་དག་ལ་དེ་བཞིན་གཤེགས་པ་ཅི་ནས་ཀྱང་མཉམ་པ་ཉིད་ཀྱིས་དབང་པོའི་ཁམས་ལས་རྣམ་པར་གྲོལ་བ་དེ་ལྟ་དེ་ལྟ་བུར་ཆོས་སྟོར་ཏེ། ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེནང་ཏོ།། རབ་འབྱོར་དེ་རྣམ་གྲངས་འདིས་འདི་ལྟར་དེ་བཞིན་གཤེགས་པ་ནི་ཆོས་སྨྲ་བའི་མཆོག་ཡིན་པ་དང་། བསམ་གཏན་པའི་མཆོག་ཡིན་པ་དང་། ཀྱི་སྦ་བར་གྱུར་པ་ལ་དགའ ་བའི་མཆོག་ཡིན་པ་དེ་ལྟར་རིག་པར་བྱའོ།། དེ་ནས་ཚེ་དང་ལྡན་པདརབ་འབྱོར་ད་ཀྱིས་འཇམ་དཔལ་གཞོ་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་གལ་ཏེ་ཉན་ཐོས་དང་། རང་སངས་རྒྱས ་ཀྱིས་ཆོས་བརྗོད་པས་མྱི་ནུས། འཕགས་པ་མྱི་སྨྲ་བར་གྱུར་པ་ལ། གནས་པར་མྱི་ནུས་ན། བྱང་ཆུབ་སེམས་དཔའ་གང་ལ་ལ་ཡོན་ཏན། འདི་ལྟ་བུ་དང་ལྡན་པ་གང་ཅི་ལྟར་ཆོས་ཀྱི་གཏམ་བརྗོད་པར་བྱེད་ཅིང་། ་འཕགས་པ་མྱི་སྨྲ་བར་གྱུར་པ་ལ་གནས་པ་ཡོད་དམ།། འཇམ་དཔལ་གྱིས་སྨོས་པ། བཙུན་པ་རབ་འབྱོར་དེ་དེ་བཞིན་གཤེགས་པ་འདི་མངོན་དུ་བཞུགས་ནི། མཁྱེན་ང་ན་དེ་བཞིན་གཤེགས་པས་མཁྱེདད་ཀྱིས་འདི་ལ་ཞུས་ཤིག། ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ད་ལ་འདི་སྐད་ཅེས་བཀའ་སྩ་ལ་ཏོ།། རབ་འབྱོར་ད་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རྗེས་སུ་འདུག་པ། གཡེང་བ་མྱེད་པའི་སེམས་ཤེས་བྱ་བའི་ཏིང་ངེ་འཛིན་ཡོད། ་དེ། བྱང་ཆུབ་སེམས་དཔའ་གང་དག་གིས་ཏིང་ངེ་འཛིནད་དེ་ཐོབ་པ་དེ་དག་ཐམས་ཅད་ཡོན་ཏན་འདི་དག་དང་ལྡན་པར་འགྱུར་རོ།། དེ་ནས་འཇམ་དཔལ་ཀུཞོ་ནུར་གྱུར་པས། བྱང་ཆུབ་སེམས་དཔའ་མཉམ་པར་གནས་ལ ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་གང་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་འདི་ནི་ཆོས་ཀྱི་གཏམ་ཞེས་བྱའོ།། གང་འདུ་ཤེས་དང་། ཚོར་བ་ཐམས་ཅད་འགོག་པའི་སྙོམས་པར ་འཇུག་པ་འདི་ནི་འཕགས་པ་མྱི་སྨྲ་བར་གྱུར་པའོ།། རིགས་ཀྱི་བུ་ངས་བསྐལ་བར་འམ། བསྐལ་པ་ལས་ལྷག་པར་ཡང་ཆོས་ཀྱི་གཏམ་དང་། འཕགས་པ་ཀྱི་སྨྲ་བར་གྱུར་པ་ལ་བརྩམས་ཏེ། ལུང་བསྟནད་ཀྱང་། ་ངའི་སྤོབས་པ་ཟད་པར་མྱི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཤིང་ས་ལྷ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྔོན་འདས་པའི་དུས་ན། བྱུང་བ་བསྐལ་པ་གྲངས་མྱེད ་བས་ཀྱང་ཆེས་གྲངས་མྱེད་པ་རྒྱ་ཆེ་བ་ཚད་མྱེད་པས་། བསྐལ་པ་སྙན་པ་རྣམ་པར་གྲགས་པ་ཞེས་བྱ་བ་བྱུང་སྟེ། དེའི་ཚེ་དེའི་དུས་ན་མཐོང་བ་ན་དགའ་བའི་འཇིག་རྟེན་གི་ཁམས་སུ། ཀུན་ཏུ་འོད་ཟེར་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེནད་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ་སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ།། བླ་ན་མྱེད་པ་ལྷ་དང་མྱི་རྣམས་ཀྱི་བསྟོན ་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་ངོ་།། བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པའི་འཇིག་རྟེ། ན་གི་ཁམས་མཐོང་ན་དགའ་བ་རིན་པོ་ཆེ་ཐམས་ཅད་རབ་ཏུ་བཀྲམ་པ། ་འབྱོར་ད་པ་རྒྱས་པ་བདེ་བ་ཤིན་ཏུ་ལོ་ལེགས་པ།། ཉམས་དགའ་བ་ལྷ་དང་མྱིས་ཀུན་ཏུ་གང་བར་གྱུར་ཏོ།། འཇིག་རྟེན་གི་ཁམས་དེ་སྤྲོས་ཐམ་ས་ཅད་ཀྱིས་ཡོངས་སུ་བསྒོས་པ། རེག་ན་ཤིང་བལ་ལྟར་འཇམ་པ། ་གོས་ཀ་ཎ་ལིན་ད་ལྟར་རེག་མ་བདེ་བ་རིན་པོ་ཆེ་སྣ་བདུན་གྱིས་མཉམ་པར་བརྒྱད་པར་འགྱུར་རོ།། མཐོང་ན་དགའ་བའི་འཇིག་རྟེན་གི་ཁམས་དེ་མ། གླིང་བཞི་པ་བྱེ་བྲག་བཞི་ཡོད་དེ།། རེ་རེ་ལ་ཡང་གླིང་ཆེན་པོ་དཔག་ཚད་བརྒྱད ་ཁྲི་བཞི་སྟོང་བ་ཡོད་དོ།། གྲོང་ཁྱེར་ཆེན་པོ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ། དཔག་ཚད་ཀྱི་ཚད་ཙམ་དུ་བྱས་པ་ཡིན་ཏེ། གྲོང་ཁྱེར་ཆེན་པོ་རེ་རེ་ལ་ཡང་གྲོང་དང་། རི་གྲོང་དང་། ཡུལ་འཁོར་དང་། གྲོང ་རྡལ་ལྔ་བརྒྱས་བསྐོར་བར་གྱུར་པ་ཏོ།། གྲོང་དང་གྲོང་ཁྱེར་དང་། གྲོལ་རྡལ་དང་། གཞོངས་ཐམས་ཅད་ན་ཡང་སྲོག་ཆགས་མང་པོ་བརྒྱད་སྟོང་གནས་ཏེ།། གྱི་དེ་དག་གི་མྱིག་སྔར་ཅི་སྣང་བ་དེ་ཐམས་ཅད་ཀྱང་སྡུག་ཅིང་ཡིད་དུ་འོང ་བསྡང་སྟེ། ཡིད་དུ་མྱི་འོང་བ་མྱི་སྣང་ངོ་།། མྱི་དག་ཀྱང་སངས་རྒྱས་རྗེས་སུ་དྲང་པའི་ཏིང་ངེ་འཛིནད་ཐོབ་པར་གྱུར་པ་ཏོ།། དེའི་ཕྱིར་འཇིག་རྟེན་གི་ཁམས་དེ་མཐོང་ན་དཀའ་བ་ཞེས་བྱའོ།། སངས་རྒྱས་ཀྱི་ཞིང་གཞན་ནས། ་བྱང་ཆུབ་སེམས་དཔའ་འཇིག་ཉེར་གི་ཁམས་དེར་འོངས་པ་དེ་དག་ཐམས་ཅད་ཀྱང་། འཇིག་ཏེ་རང་གི་ཁམས་མཐོང་ན་དགའ་བ་བཞིན་དུ། འཇིག་རྟེན་གི་ཁམས་གཞན་ལ་དེ་ཙམ་དུ་དགའ་བར་མྱི་འཛིན་ཏོ།། ཡང་དེ་བཞིན་གཞེསས ་པ་ཀུན་ཏུ་འོད་ཟེར་འདི་དེ་ཐེག་པ་གསུམ་ལ་བསླབས་ཏེ། སེམས་ཅན་རྣམས་ལ་ཆོས་སྟོནང་ཏོ།། ཕལ་ཆེར་ནི་རིགས་ཀྱི་བུ་ཁྱེད་འདི་ལྟར་གནས་ལ་གཉིས་ཀྱིས་གནས་པར་བྱོས་ཤིག། ཆོས་ཀྱི་གཏམ་བརྗོད་གཅིག། ཡང་འཕགས ་པ་མྱི་སྨྲ་བར་གྱུར་པ་ཉེ་བར་ཞི་བ་ལ་གནས་པར་གྱིས་ཤིག་ཅེས་རྒྱས་པར་ཡང་དག་པར་རབ་ཏུ་སྟོན་ཏོ།། ་བམ་པོ་། རིགས་ཀྱི་བུ་ཡང་དེའི་ཚེ་སྟེང་གི་སྐྱོ། གས་ནས། དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོ་ལ་སངས་རྒྱས་ཀྱི ་ཞིང་ནས། བྱང་ཆུབ་སེམས་དཔའ་བློ་གྲོས་ཀྱི་ཁང་པ་དང་། ཁྱད་པར་བློ་གྲོས་གཉིས་འོངས་། དེ་གཉིས་བཅོམ་ལྡན་འདས་ཀུན་ཏུ་འོད་གསེར་དེ་བཞིན་གཤེགས་པ་ཀ་ལ་བ་དེར་ཕྱི་ནང་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བས ་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་གཅིག་དུ་ཁོང་དོ།། དེ་གཉིས་ལ་དེ་བཞིན་གཤེགས་པ་དེས་སྡང་བ་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛི་རང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ།། ཅིའི་ཕྱིར་སྣང་བ་ཡོངས ་སུ་དག་པ་ཞེས་བྱ་བ་ན།། བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་དེ་ཐོབ་པ་དེ་མཚན་མ་དང་ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་འགྱུར་ཏེ། དེའི་ཕྱིར་སྣང་བ་ཡོངས ་སུ་དག་པ་ཞེས་བྱའོ།། ཆོས་ཐམས་ཅད་སྔོན་གི་མཐའ་ནས་ཡོངས་སུ་དག་པའོ།། ཆོས་ཐམས་ཅད་ཕྱི་མའི་མཐའ་ནས་ཡོངས་སུ་དག་པའོ།། ཆོས་ཐམས་ཅད་ད་ལྟར་བྱུང་བའི་མཐའ་ནས་ཡོངས་སུ་དག་པ་སྟེ། འདི་ནི་དུས ་སུམ་ཡོངས་སུ་དག་པ་ཞེས་བྱའོ།། གང་ཡོངས་སུ་དག་པ་ཞེས་བྱ་བ་དེ་ནི་ནམ་དུ་ཡང་ཡོངས་སུ་མ་དག་པར་མྱི་འགྱུར་ཏེ། ཡོངས་སུ་དག་པ་གང་གིས་རང་བཞིན་གིས་ཡོངས་སུ་དག་པ་དེ་ནི། ཤིན་ཏུ་ཡོངས། ་སུ་དག་པ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ།། ཆོས་རྣམས་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ། དམྱིགས་པ་དང་བྲལ་བའོ།། ཆོས་ཐམས་ཅད ་ནི་མཚན་མ་མྱེད་པའི་རང་བཞིན་ཅན་ཏེ། རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ།། ཆོས་ཐམས་ཅད་ནི་སྨོནད་པ་མྱེད་པའི་རང་བཞིན་ཅན་ཏེ། བླང་བ་མྱེད་པ་དོར་བ་མྱེད་པ་དང་། བསམ་དུ་བྱེད་པ་ནུས་པ་མྱེད་པ། ཤིནང་ཏུ་ངོ ་ཉིད་དང་བྲལ་བ་ཡིན་ཏེ། དེ་ནི་རང་བཞིན་གྱིས་འོད་གསལ་བའོ།། འཁོར་བའི་རང་བཞིན་གང་ཡིན་པ་དེ་ནི། མྱ་ངན་ལས་འདས་པའི་རང་བཞི་ན་ནོ།། མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་དེ་ཆོས་ཐོས ་ཅད་ཀྱི་རང་བཞིན་ཡིན་ཏེ། དེའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན།། ནམ་མཁའ་བླ་ཀབ་མྱེད་པ་ཀུན་ནས་ཉོན་མོངས་པར་འགྱུར་བ་ནི་གནས ་མ་ཡིན་ཞིང་སྐབས་མྱེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་སེམས་ཀྱི་རང་བཞིན་ཡང་ཀུན་ནས་ཉོན་མོངས་པར་རུང་བ་ནི་གནས་ཡིན་ཞིང་བསྐབ་ས་མྱེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་སྤྲོན ་གྱི་ཕུང་པོ་འམ། དུ་བ་འམ་རྟུལ་དག་སྣང་སྟེ།། དེས་ནམ་མཁའ་མྱི་མཛེས་ཤིང་ལྷམ་མེ་ལྷང་དེར་མྱི་འགྱུར་མོད་ཀྱི།། དེ་དག་གིས་ནམ་ཀའི་རང་བཞིན་ཀུན་ནས་ཉོན་མོངས་པར་མྱི་འགྱུར་རོ།། གལ་ཏེ་ནམ་ཀ་ཀུན་ནས ་ཉོན་མོངས་སུ་ཟིན་ན།། ཤིན་ཏུ་རྣམ་པར་དག་པར་མྱི་འགྱུར་ཏེ།། འདི་ལྟར་ཀུན་ནས་ཉོན་མོངས་པར་མྱི་འགྱུར་བས་ན། དེའི་ཕྱིར་ནམ་མཁའ་ཞེས་རབ་ཏུ་དབྱེའོ།། རིགས་ཀྱི་བུ་དེ་བཞིན་དུ་བྱིས་པ་སོ་སོ་སྐྱེ་བོའི་ཚུལ ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པ་རྣམས་ཀྱི་ཉོན་མོངས་པ་སྐྱེ་མོད་ཀྱི། དེ་དག་གིས་སེམས་ཀྱི་རང་བཞིན་ཀུན་ནས་ཉོན་མོངས་པར་མྱི་འགྱུར་རོ།། གལ་ཏེ་ཀུན་ནས་ཉོན་མོངས་པར་འགྱུར་ན་ནི།། ཤི་ན་ཏུ་རྣམ ་པར་དག་པར་མྱི་འགྱུར་ཏེ།། འདི་ལྟར་ཀུན་ནས་ཉོན་མོངས་པར་མྱི་འགྱུར་བས་ན། དེའི་ཕྱིར་རང་བཞིན་གྱིས་རྣམ་པར་གྲོལ་བས་རྣམ་པར་གྲོལ་ལོ།། རིགས་ཀྱི་བུ་འདི་ནི་སྣང་བ་ཡོངས་སུ་དག་པོའི་ཏིང་ངེ་འཛིན་ལ་འཇུག་པའོ། ་ཞེས་དེ་ལྟར་དེ་བཞིན་གཤེགས་པ་དེས། བྱང་ཆུབ་སེམས་དཔའ་དེ་གཉིས་ལ་རབ་ཏུ་བསྟན་ཏེ། དེ་གཉིས་ཀྱིས་ཏིང་ངེ་འཛིནད་འདི་ཐོས་ནས། བསམ་གྱིས་མྱི་ཁྱབ་པོའི་ཆོས་ལ་ཆོས་ཀྱི་སྣང་བ་ཐོབ་པོ།། དེ་ནས་བཅོམ་ལྡན ་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་མྱི་ཟད་པས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་བདག་ཅག་གི་ཏིང་ངེ་འཛིནད་འདི་ལ་འཇུག་པ་འདི་ཐོས་ན།། བཅོམ་ལྡན་འདས་བདག ་ཅག་གནས་པ་གང་གིས་གནས་པར་བགྱི།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ངེས་རིགས་ཀྱི་བུ་དེ་གཉིས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་འདི་ལ་ཁྱེད་ཆོས་ཀྱི་གཏམ་ཡང་དག་པར་སྟོན ་གཅིག། ཡང་ན་འཕགས་པ་མྱི་སྨྲ་བར་གྱུར་ད་པ་ལ་གནས་པ།། ར་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ལས།། བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་ལེགས་སོ་ཞེས་བྱ་བ་ཐོས་ཏེ། བཅོམ་ལྡན ་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས།། ལན་གསུཾ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས། སྐྱེད་མོས་ཚ་ལ་ཞིག་གང་ན་ཡོད་པ་དེར་སོང་སྟེ། དེར་ཕྱི་ནད་ནས་རང་གི་སྤྲུལ་ད ་པའི་ཁང་བུ་བརྩེགས་པའི་ནང་དུ་འདུག་གོ།། དེ་གཉིས་དེ་ན་འདུག་པ་དེར་ཚངས་པ་ཆེན་པོ་འོད་ཟེར་བཟང་པོ་ཞེས་བྱ་བ། ཚངས་པ་བརྒྱ་ཕྲག་བདུན་བཅུ་རྩ་གཉིས་དང་། བྱང་ཆུབ་སེམས་དཔའ་དེ་གཉིས་ག་ལ་བ་དེར་སོར ་ཏེ་ཕྱི་ནང་ནས།། བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས། ལན་གསུམ་བསྐོར་བ་བྱས་ཏེ། བྱང་ཆུབ་སེམས་དཔའ་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་བཅོམ་ལྡན་འདས ་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པ་དེས། འདི་སྐད་དུ་འདུས་ཤིང་འཁོད་པ་རྣམས་ཀྱིས་བྱ་བ་གཉིས་ཡོད་དེ།། ཆོས་ཀྱི་གཏམ་བསྟན་པར་བྱའོ།། ཡང་ན་འཕགས་པ་མྱི་སྨྲ་བར་གྱུར་པས་གནས་པར་བྱའོ་ཞེས། ་གསུངས་ནས།། དེ་ལ་ཆོས་ཀྱི་གཏམ་གང་ཡིན། འཕགས་པ་མྱི་སྨྲ་བར་གྱུར་ད་པ་ནི་གང་ཡིན།། དེ་སྐད་ཅེས་སྨྲས་པ་དང་།། བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་ཚངས་པ་འོད་ཟེར་བཟང་པོ་ལ་འདི ་སྐད་ཅེས་སྨྲས་སོ།། ཚངས་པ་དེའི་ཕྱིར་དྲིས་པ་ལུང་བསྟནད་པ་འདི་ལས་ཅུང་ཟད་གཅིག་བཤད་ཀྱིས།། ཉོན་གཅིག་དང་འདི་ལ་དེ་བཞིན་གཤེགས་པ་ནི་མངོན་གསུམ་སྟེ། ཕ་རོལ་གྱི་མཆོག་བརྙེས་པའོ།། རིགས་ཀྱི་བུ་དེ་ལྟར། ་བྱང་ཆུབ་སེམས་དཔའ་དེ་གཉིས་འཁོར་དེའི་ནང་ན་འདི་ལྟ་སྟེ། ཆོས་ཀྱི་གཏམ་དང་། འཕགས་པ་མྱི་སྨྲ་བར་གྱུར་པ་ལས་བཐམས་ནས། དོན་གི་ཚིག་འོད་གཉིས་རྒྱས་པར་བསྟནད་ཏེ། དེའི་ཚེ་ཚངས་པ་བརྒྱད་སྟོང་ཕྲག་བདུན་བཅུ ་རྩ་གཉིས་པོ་དེ་དག་མྱི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ།། ཚངས་པ་འོད་གཟེར་བཟང་པོས་ཀྱང་ཏིང་ངེ་འཛིན་ཀུན་ཏུ་སྣང་བ་མངོན་དུ་གྱུརཔ་ཏེ་རབ་ཏུ་ཐོབ་པོ།། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སྤོབས ་པ་རྒྱུད་མྱི་འཆད་པ་དེ་གཉིས་དྲིས་པ་འདི་ལྟ་སྟེ།། ཆོས་ཀྱི་གཏམ། དང་། འཕགས་པ་མྱི་སྨྲ་བར་གྱུར་ད་པ་ཡང་དག་པར་སྟོན་ཅིང་འདུག། སྟེ། དེ་གཉིས་ལོ་ཕྲག་བདུན་བཅུ་རྩ་དྲུག་གི་བར་དུ་དོན་གི་ཚིག་འདི ་གཉིས་གཏམ་ལ་འབེབས་ཤིང་།། ལན་ལྗོན་པར་གྱུར་ད་ཏེ། གཅིག་གི་ཡང་མཐར་མ་ཕྱིན། གཉིས་པོའི་ཡང་མཐར་མ་ཕྱི་ནད་ཏོ།། དེ་ནས་དེ་བཞིན་གཤེགས་པ་དེ་སྟེང་གི་ནམ་ཀ་ལ་བཞུགས་ཏེ།། དེ་གཉིས ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་མཆོག་གོ།། སྨྲ་བས་རྩོད་པར་མ་བྱེད་གཅིག། སྨྲ་བས་རྩད་པར་མ་བྱད་གཅག། སྨྲ་བས་ཆོད་པར་མ་བསྐྱེད་གཅིག། སྨྲ་བ་ཐམས་ཅད་ནི་བྲག་ཆ་དང་མཚུངས་ཏེ ་སྒྲ་ཅི་འདྲ་བ་དེ་བཞིན་དུ་སྨྲ་ཡང་དེ་བཞིན་ནོ།། ཁྱེད་ཀྱིས་སྤོབས་པ་སོ་སོ་ཡང་དག་པར་རིག་པ་མྱི་ཟད་པ་མངོན་པར་བསྒྲུབ་པ་ཁོང་དུ་ཆུད་དོ།། ཁྱོད་འདོད་ན་དྲིས་པ་འདིའི་དོན་བསྐལ་པ་འམ། བསྐལ་པ་ལས་ལྷག་པ ་ཡང་ལན་ལྗོན་ཞིང་ཁྱེད་ཀྱི་སྤོབས་པའི་མཐར་ཕྱི་ནད་པར་ཡང་མྱི་འགྱུར་མོད་ཀྱི།། སངས་རྒྱས་ཀྱི་ཚིག་ནི་ཉེ་བར་ཞི་བ་ཡིན་ཏེ། ཞི་བ་རབ་ཏུ་ཞི་བ་ཉེ་བར་ཞི་བ་ཡི་གེ་མྱེད་པའི་དོན་ཏོ།། དོན་ནི་བརྗོད་དུ་མྱེད་པ་སྟེ། ཇི་ཙམ ་དུ་བརྗོད་པ་དེ་ཙམ་དུ་དོན་མྱེད་དོ།། དོན་ལ་རྟོན་ལ་ཡི་གེ་ལ་མ་རྟོན་གཅིག་ཅེས་དེ་གཉིས་དེ་བཞིན་གཤེགས་པ་དེས་བསྐུལ་བར་རིག་ནས་ཅད་མྱི་སྨྲ་བར་གྱུར་ཏོ།། རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་འདོད་ན།། བྱང ་ཆུབ་སེམས་དཔའ་བསྐལ་པ་བརྒྱ་སྟོང་ངམ། དེ་ལས་ལྷག་པར་ཡང་སྤྲོས་པས་བསྟན་པས་སྟོནད་པར་རིག་པར་བྱའོ།། རིགས་ཀྱི་བུ་དེའི་དུས་དེའི་ཚེ་ན།། བྱང་ཆུབ་སེམས་དཔའ་གཉིས་བྱུང་བ་གཞན་ཡིན་པར་འཛིན་ན། ཁྱོད ་ཀྱིས་དེ་ལྟར་མྱི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པ་འདི་དེའི་ཚེ། བྱང་ཆུབ་སེམས་དཔའ་བློ་གྲོས་ཀྱི་ཟད་པ་ཞེས་བྱ་བར་གྱུར་ཏོ།། མཉམ་པར་གནས་པ་ཁྱོད་ཀྱང་དེའི་ཚེ། དེའི་དུས་ན། བྱང་ཆུབ་སེས ་དཔའ་ཁྱད་པར་བློ་གྲོས་ཤེས་བྱ་བར་གྱུར་ཏོ།། དེའི་ཚེ་དེའི་དུས་ན་ཚངས་པ་ཆེན་པོ་ཁྱད་པར་སེམས་འདི་ནི་ཚངས་པ་འོད་ཟེར་བཟང་པོ་ཞེས་བྱ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་ཤིང་ས་ལ་ཆེན་པོ ་བུའི་བུ་མཉམ་པར་གནས་པས་འདི་སྐད་ཅེས་གསོལ་ཏོ།། བཅོ། མ་ལྡན་འདས་གང་འདི་མངོན་པར་བཟོད་པ་དེ་བགྱིད་པའི་བརྩོན་འགྲུ་ས་བརྩམས་པ་རྣམས་ལ།། དེ་བཞིན་གཤེགས་པའ་རྣམས་ཀྱི་བྱང ་ཆུབ་ནི་དོན་ཆེན་པོ་ཐོབ་པར་འགྱུར་ཏེ། མངོན་པར་མྱི་བརྩོམ་པ་མས་ལ་ནི། སངས་རྒྱས་བཅོམ་ལྡན་འདས་བརྒྱ་སྟོང་ཀྱིས་ཀྱང་ཙྪ་ཞིག་བགྱི།། བཅོམ་ལྡན་འདས་མངོན་པར་བརྩོན་པ་ནི། བྱང་ཆུབ ་ལགས་སོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ་ལ་འདི་སྐད་ཅེས་སོ།། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མངོན་པར་བརྩོན་པ་ཞེས་བྱ།། སྨྲས་པ ་བྱང་ཆུབ་སེམས་དཔས་ཇི་ལྟར་བརྩོན་པར་བྱས་པས། མངོན་པར་རྟོགས་པ་ཐོབ་པར་གྱུར་པ་དེ་འདི་ནི་མངོན་པར་བཚོན་པའོ།། སྨྲས་པ་ཡང་ཇི་ལྟར་མངོན་པར་བརྩོན་པ་མངོན་པར་རྟོགས་པ་ཐོབ་པར་འགྱུར། ་སྨྲས་པ། གང་ཆོས་གང་ལ་ཡང་རྣམ་པར་མྱི་རྟོག་ན། དེ་ལྟར་བརྩོན་པས་མངོན་པར་རྟོགས་པ་ཐོབ་པར་འགྱུར་རོ།། སྨྲས་པ་ཅི་ལྟར་ན་མངོན་པར་རྟོགས་པས་མངོན་པར་རྟོགས་པ་ཡིན། སྨྲས་པ་མཉམ་པ་ཉིད ་གང་གིས་ཆོས་ཐམས་ཅད་མཉམ་པར་མཐོང་བ་ནི་དེ་ལྟར་ན་མངོན་པར་རྟོགས་པ།། མངོན་པར་རྟོགས་པ་ཡིན་ནོ།། སྨྲས་པ་རིགས་ཀྱི་བུ་མཉམ་པ་ཉིད་མཐོང་བར་རུང་ངམ།། སྨྲས་པ་མྱི་རུང་ངོ་།། ་སྨྲས་པ་གལ་ཏེ་མྱི་རུང་ན་མྱི་མཉམ་པར་འགྱུར་ཏེ། མཉམ་པར་རུང་ངོ་།། ཁྱད་པར་སེམས་ཀྱིས་སྨྲས་པ། འཇམ་དཔལ་གང་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མྱི་མཐོང་བ་འདི་ནི་མངོན་པར་རྟོགས་པ་ཞེས་བྱའོ།། ། ་འཇམ་དཔལ་གྱིས་སྨྲས་པ།། ཚངས་པ་ཅིའི་ཕྱིར་མྱི་མཐོང་། སྨྲས་པ་གཉིས་དང་བྲལ་བའི་ཕྱིར་མྱི་མཐོང་ངོ་།། འཇམ་དཔལ་མྱི་མཐོང་བ་ནི་ཡང་དག་པར་མཐོང་བ་ཡིན་ནོ།། སྨྲས་པ་ཚངས་པ་སུས་འཇིག་རྟེན་ང་གི་མཉམ ་པ་ཉིད་མཐོང་། སྨྲས་པ་དེ་བཞིན་གཤེགས་པས་སོ།། སྨྲས་པ་ཇི་ལྟར་གཟིགས།། སྨྲས་པ། ཇི་ལྟར་གཟུགས་ཀྱི་དེ་བཞིན་ཉིད་ལས་ག་ཞན་དུ་མ་མཛད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་དུ་མ་མཛད་དེ། འཇམ་དཔལ་ཕུང་པོ་ལྔའི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ག་ཟིགས་པ་འདི་ནི་འཇིག་རྟེན་ལ་ཡང་དག་པར་གཟིགས་པའོ།། ་སྨྲས་པ་ཚངས་པ་འཇིག་རྟེན་གང་གིས་རབ་ཏུ་ཕྱེ། སྨྲས་པ་ཟད་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེའོ།། སྨྲས་པ་གལ་ཏེ་འཇིག་རྟེན་ཟད་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ན། ཚངས་པ་འཇིག་རྟེན་ཀྱི ་མཚན་ཉིད་དེ་ཟད་པར་འགྱུར་རམ། སྨྲས་པ་འཇམ་དཔལ་འཇིག་རྟེན་གི་མཚན་ཉིད་ཟད་པར་མྱི་འགྱུར་རོ།། སྨྲས་པ་འོ་མཇི་ང་ལྟར་འཇིག་རྟེན་ཟད་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན། སྨྲས་པ་འཇམ་དཔལ་གང་ཤིན་ཏུ་ཟད ་པ་དེ་ནི་ཟད་པར་མྱི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། གང་ཟད་པ་དེ་ནི་ཟད་པར་མྱི་འགྱུར་བའི་ཕྱིར་རོ།། སྨྲས་པ།། ཚངས་པ་དེ་བཞིན་གཤེགས་པས་འདུས་བྱས་ཟད་པའི་ཆོས་ཅན་དུ་མ་གསུངས་སམ།། སྨྲས་པ་འཇམ་དཔལ ་ཟད་པའི་ཆོས་ཉིད་གང་ཡིན་པ་དེ། ནམ་ཡང་ཟད་པར་མྱི་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པས་འདུས་བྱས་ཟད་པའི་ཆོས་ཅན་ནོ་ཞེས་གཟུངས་སོ།། སྨྲས་པ་ཚངས་པ་གང་གིས་འདུས་བྱས་ཀྱི་གྲངས་སུ་འགྲོའོ།། ་སྨྲས་པ་འཇམ་དཔལ་ཟད་པའི་ཆོས་ཉིད་ཀྱིས་འདུས་བྱས་སོ་ཞེས་བྱ་བའི་གྲངས་སུ་འགྲོའོ།། སྨྲས་པ་ཚངས་པ་འདུས་བྱས་ཅི་ལ་གནས།། སྨྲས་པ་འདུས་མ་བྱས་ཀྱི་རང་བཞིན་ལ་གནས་སོ།། སྤྲས་པ་ཚངས་པ་འདུས་བྱས ་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཐ་དད་དུ་བྱ་བ་ཅི་ཡོད།། སྨྲས་པ་འཇམ་དཔལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཐ་དད་དུ་བྱ་བ་ནི་ཐ་སྙད་དོ།། དེ་ཅིའི་ཕྱིར་ཞེ་ན། ཐ་སྙད་ཀྱིས་འདི་ནི་འདུས་བྱས་སོ།། འོད ་འདི་ནི་འདུས་མ་བྱས་སོ་ཞེས་བསྟན་ཏོ།། ཡང་འདུས་བྱས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་ཆོས་ཉིད་ཀྱང་དེ་ཡིན་ཏེ།། ཆོས་ཉིད་ལ་ཐ་དད་པ་མྱེད་དོ།། སྨྲས་པ་ཚངས་པ་ཆོས་ཉིད་ཅེས་བྱ་བ་འདི་གང་གི་ཚིགས ་དགས་ཡིན། སྨྲས་པ་འཇམ་དཔལ་ཆོས་ཉིད་ཅེས་བྱ་བ་ནི་འདུས་མ་བྱས་དང་། བྱེ་བྲག་མྱེད་པར་གྱུར་པའི་ཆོས་རྣམས་ཀྱི་ཚིག་བླ་དགས་སོ།། སྤྲས་པ་ཚིག་བླ་དགས་ཤེས་བྱ་བའི་ཆོས་དོན་ཅི་སྨྲས་པ།། ཕ་རོལ་རྣམ། ་པར་རིག་པར་བྱ་བའི་ཆེད་དུ་བསྟནད་པས་ན། འདི་ནི་དེའི་ཕྱིར་ཚིག། བླ་དགས་ཤེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཚིག་བླ་དགས་ཐམསཅད་ནི་ལྷག་པར་བྱེད་པས་སྒྲོ་འདོག་པ་ཡིན་ཏེ། དེའི་ཕྱིར་དེ་བཞིན ་གཤེགས་པ་སྤྲོ་མྱི་འདོགས་ཤིང་ལྷག་པར་ཡང་མྱི་འཛིན་ལ། སྟོན་དེ་པས་དེ་ནི་ལྷག་པའི་ཚིག་ཅེས་བྱའོ།། ཡང་འཇམ་དཔལ་ཚིག་ཐམ་ས་ཅད་ནི་ཚིག་མ་ཡིན་པ་ན། དེའི་ཕྱིར་སངས་རྒྱས་ཀྱི་ཚིག་ནི་བརྗོད ་དུ་མྱེད་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི།། བརྗོད་པས་རབ་ཏུ་དབྱེ་བ་མ་ཡིན་ནོ།། སྤྲས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ལྟར་རབ་ཏུ་དབྱེ། སྨྲས་པ་གཟུགས ་སུ་ཡང་མ་ཡིན། མཚན་དུ་ཡང་མ་ཡིན། ཆོས་ཉིད་དུ་ཡང་རབ་ཏུ་མྱི་དབྱེ་བའོ།། སྨྲས་པ་ཅི་གཟུགས་ཀྱི་མཚན་ཉིད་ཀྱིས་ཆོས་ལྭ་བ་དང་བུ་རབ་ཏུ་བྱེ་འམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་གཟུགས་ཀྱི་མཚན་ཉིད་ཀྱི་ཆོས ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་མི། དེ་ལས་ཀྱང་མ་ཡིན་གཞན་ལས་ཀྱང་མ་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པ་རྣམས་རབ་ཏུ་དབྱེའོ།། འདི་ལྟར་དེ་བཞིན་ཉིད་ཀྱིས་རབ་ཏུ་བསྟན་ཅིང་། ཆུང་ཟ་བར་ཡང་མྱི་འགྱུར་བ་དེ ་ལྟར་རབ་ཏུ་དབྱེའོ།། སྨྲས་པ་དེ་ལྟར་ན་དེ་བཞིན་གཤེགས་པ་ཅི་ཞིག་མངོན་པར་རྫོགས་པར་སངས་རྒྱས།། སྨྲས་པ་འཇམ་དཔལ་དེ་ལྟར་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་དང་ངོ་བོ་ཉིད ་ཀྱིས་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། མངོན་པར་རྟོགས་ཏེ། དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་བུ་མཉམ ་པར་གནས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་བགྱི།། དེ་ནས་བཅོམ་ལྡན་འདས་ཀྱིས། དེའི་ཚེ་ཚིགས་སུ་བཅད་པ ་འདི་དག་གསུངས་སོ།། མཁས་པ་དེ་དག་གཟུགས་གཞིག་ཕྱིར། བྱང་ཆུབ་ཏུ་ནི་མ་ཞུགས་ཏེ། གཟུགས་བཞིན་བྱང་ཆུབ་དེ་བཞིན་ཞེས།། མཁས་པ་དག་ནི་དེ་ལྟར་འཇུག། དེ་བཞིན་ཉིད་ཀྱིས་ཕྱེ་བས་ན།། གཟུགས ་ལྟར་བྱང་ཆུབ་དེ་བཞིན་ཏེ། མཁས་མཆོག་དེ་དག་བྱང་ཆུབ་ལ། ཡོངས་སུ་དབྱེ་བར་མྱི་འཇུག་སྟེ།། བྱང་ཆུབ་དོན་ནི་དབྱེར་མྱེད་དེ། དོན་ལ་བྱང་ཆུབ་མྱི་དམྱིགས་སོ།། དོན་དམ་འདི་ལ་གང་བརྩོན ་བ།། དེ་དག་བྱང་ཆུབ་ཉིད་ལ་ཞུགས།། ཕུང་པོ་དང་ནི་ཁམས་རྣ་མས་དང་།། སྐྱེ་མཆེད་དག་ལ་བྱང་ཆུབ་ཚོལ།། བྱང་ཆུབ་དེའི་རང་བ་ཞིན་ཏེ།། དེ་ལས་གུད་ན་བྱང་ཆུབ་མྱེད།། ཆོས་རྣམས་རབ་དང ་ཕ་མ་དང་།། བར་མ་ནམ་ཞིག་མྱི་འཛིནད་ཅིང་།། གང་ཡང་འདོར་བར་མྱི་བྱེད་པ།། དེ་ཚེ་བྱང་ཆུབ་ཡང་དག་ཞུགས།། ནམ་ཞིག་ཆོས་དང་ཆོས་མ་ཡིན།། གཉིས་སུ་དེ་དག་ཁས་མྱི་ལེན།། གཉིས་སུ་གྱུརྡ་པ་ཡང་མ ་ཡིན། དེ་དག་བྱང་ཆུབ་རབ་ཏུ་ཞུགས།། འདུས་མ་བྱས་ནི་གཉིས་སུ་མྱེད།། འདུས་བྱས་དག་ནི་གཉིས་མྱེད་ན།། འདི་གཉིས་མཐའ་སྟེ་རྣམ་པར་སྤངས།། བྱང་ཆུབ་སྤྱད་པ་དེ་དག་སྤྱོད།། སོ་སོའི་སྐྱེལས་རབ ་འདས་ལ།། མྱི་འགྱུར་བ་ལ་མྱི་གནས་ཤིང་།། འབྲས་བུ་མ་ཐོས་འཕགས་པ་རྣམས།། དེ་དག་འཇིག་རྟེན་སྦྱིན་འོས་ཡིན།། འཇིག་རྟེན་ཆོས་རྣམས་ཀུན་བལྟ་ཞིང་།། འཇིག་རྟེན་ན་ཡང་པད་མ་བཞིན།། ་སྤྱོད་པ་མཆོག་ལ་སྤྱོད་པ་དང་།། དེ་དག་བྱང་ཆུབ་ཞུགས་པ་ཡིན།། གང་ལ་འཇིག་རྟེན་སྐྱོང་པ་དེམ།། དེ་དག་སྤྱོད་པ་བྱེད་མོད་ཀྱི།། གང་ལ་འཇིག་རྟེན་མོངས་གྱུར་ང་བ།། དེ་དག་མཁས་པ་དེ་དག་གྲོལ།། ་དེ་དག་འཁོར་བར་ཉོན་གྱི་མོངས།། བྱང་ཆུབ་སེམས་དཔའ་འཇིགས་མྱེད་པ།། ཞན་པ་མྱེད་ཅིང་ཞུམ་མྱེད་པ།། དེ་དག་བྱང་ཆུབ་སྤྱད་པ་སྤྱོད།། ཇི་བཞིན་མཁས་ཤིང་རྟག་པར་ནི།། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཡང ་ཏོགས།། དེ་དག་ཆོས་དང་ཆོས་མྱིན་དུ།། འདི་ལ་མཁས་པ་མྱི་རྟོག་གོ།། བྱང་ཆུབ་སྤྱོད་པ་རབ་སྤྱོད་ཅིང་།། དེ་དག་ཆོས་རྣམས་འཇིག་མྱི་བྱེད།། གང་ཡང་སྐྱེ་བར་མྱི་བྱེད་དེ།། འདི་ནི་བྱང་ཆུབ་མཚན་ཉིད་དོ།། ། ་ཆོས་རྣམས་ཐམས་ཅད་མཚན་ཉིད་མྱེད།། ནམ་མཁའ་མཚུངས་ཤིང་མཉམ་པ་སྟེ།། མཁས་པ་དེ་དག་ནམ་དུ་ཡང་།། མཚན་གཞི་མཚན་གཞི་མྱེད་མྱི་སྙོམས།། སྤྱོད་ལ་མཁས་པར་གྱུར་པ་ཡིན། ་ཐབས་ཀྱི་ཕ་རོལ་རབ་སོང་ཞིང་།། སེམས་ཅན་རྣམས་ཀྱི་བས། མ་པ་ཡང་།། མཁས་པ་དག་ནི་རྫོགས་པར་བྱེད།། རྟག་ཏུ་དམ།། པའི་ཆོས་འཛིནད་ཅིང་།། མངོན་པར་ཉིད་ལ་རབ་ཏུ་གནས།། ་ཆོས་ལ་རློམ་སེམས་མྱི་བྱེད་པ།། འདི་ནི་ངའི་ཆོས་ཡིན་ཏེ། སངས་རྒྱས་དང་ནི་སྐྱེས་ཀྱང་རུང་།། འོན་ཏེ་འདྲེན་པ་མ་སྐྱེས་ཀྱང་། ཆོས་རྣམས་ཐམས་ཅད་སྟོང་པ་སྟེ།། དེ་དག་ཆོས་ཉིད་དེ་མྱི་འདོ། ་ཆོས་རྣམས་ཀུན་ལ་མངོན་གསུམ་སྟེ།། ཆོས་ཀྱི་ཆོས་ཉིད་གང་ཡིན་པ།། དེ་བཞིན་ཉིད་ལ་རབ་གནས་ཤིང་།། དེ་དག་བརྟན་པར་ཤིན་ཏུ་སྟོན།། བདུད་ཀྱི་ཟབ་མོའི་སྤྱོད་པའི།། གཏིང་ཡང་རྟག་ཏུ་རིག་མྱི་འགྱུར། ་འདི་ལྟར་དེ་དག་ཆོས་རྣམས་ལ།། མ་ལུས་པར་ནི་མྱི་འཛིན་ཏོ།། སངས་རྒྱས་ཡེ་ཤེས་རབ་ཚོལ་ལ།། ཡང་དག་ཞུགས་པའི་སྤྱོད་ཡུལ་མྱིན།། ཡེ་ཤེས་དེ་ཡང་ཡུལ་གནས་དང་།། ཕྱོགས་ལ་གནས་པ་མྱི ་འཐོབ་པོ།། སངས་རྒྱས་ཡེ་ཤེས་ཆགས་མྱེད་དེ།། ཆོས་དང་ཆོས་ལ་ཆགས་མྱི་བྱེད།། བྱང་ཆུབ་ཏུ་ནི་གང་གཞོལ་བ།། དེ་བཞིན་དེ་དག་ཆགས་མྱི་བྱེད།། སྦྱིན་པས་མངོན་པར་རྟག་ཏུ་འཕགས།། སེམས་དུལ་དུས། ་ལ་རབ་ཏུ་དཀའ།། དེ་དག་མ་ལུས་གཏོང་བ་མ།། ཞན་པའི་སེམས་ནི་ཡོད་མྱེད་དོ།། ཆོས་ནི་བཏང་བར་མྱི་ནུས་ཏེ།། གཟུང་བར་ཡང་ནི་མྱི་ནུས་སོ།། དེ་ལྟར་ཆོས་རྣམས་ཐམས་ཅད་ཀ་བདག། ་གི་དངོས་པོ་ཡོད་མ་ཡིན།། ཆོས་རྣམས་ཐམས་ཅད་མ་མཆིས་ཤིང་།། གྲོལ་བར་ཡང་བྱེད་པ་གང་གིས་ཤེས།། གང་ལ་ལྟ་བ་མྱེད་པ་སྟེ།། དེ་ནི་སྦྱི་བདག་ཆེན་པོ་ཡིན།། པདང་ངའི་ལྟ་བ་ཀཱང་།། དེ་ལ་དེ་དག་ལ་ཡོ ་མྱེད་དེ།། དེ་ཕྱིར་དེ་དག་གཏོང་བ་ན།། དངོས་པོ་ཙ་ལ་རྟེན་མྱི་འགྱུར།། སྦྱིན་པ་གཏོང་པ་ཐམས་ཅད་ཀྱང་།། བྱང་ཆུབ་ལ་ནི་སྔོན་པར་བྱེད།། བྱང་ཆུབ་ལ་ནི་སྦྱིན་པའི་ས།། གཉིས་སུ་འདུ་ཤེས་མྱི་བསྐྱེད་དོ།། ་འདུ་བྱེད་མྱེད་པའི་ཚུལ་ཁྲིམས་ལ།། རྟག་པ་ཤིན་ཏུ་གནས་པར་འགྱུར།། ཚུལ་ཁྲིམས་ལ་ཡང་བདག་གནས་ཤེས།། དེ་དག་ལ་ནི་རློམ་སེམས་མྱེད།། ཚུལ་ཁྲིམས་དག་ནི་མ་བྱས་ཤིང་།། མ ་སྐྱེས་པར་ཡང་མཁས་པར་ཤེས།། དེ་ཕྱིར་དེའི་ཚུལ་ཁྲིམས་ནི། རབ་དག་དྲི་མྱེད་ནམ་ཀ་བཞིན།། ལུས་ནི་གཟུགས་བརྙན་ཉིད་དང་། འདྲ།། ངག་ནི་བྲག་ཆ་ཇི་བཞིན་ཏེ།། སེམས་ཀྱང་སྒྱུ་མ་འདྲ ་རིག་ནས།། དེ་དག་ཚུལ་ཁྲིམས་མྱི་སྙེམས་སོ།། དེ་དག་ཞི་ཞིང་རབ་ཏུ་ཞི།། ཉེ་བར་ཞི་ཞིང་མཉམ་པར་གཞག། སྡིག་པ་ཐམས་ཅད་ཞི་བྱེད་ཅིང་།། རབ་ཏུ་ཞི་བའི་ཕ་རོལ་སོང་།། ངང་ཚུལ་ངན་དང་ཚུལ་ཁྲིམས ་ནི།། གཉིས་སུ་བྱ་བ་དེ་ལ་མྱེད།། ཆོས་ཀྱི་དབྱིངས་ནི་ཡོངས་ཤེས་ན།། དེའི་ཚུལ་ཁྲིམས་ཟག་པ་མྱེད།། བཟོད་པའི་ཕ་རོལ་རབ་ཕྱི་ནད་ཅིང་།། ཉེས་བྱས་ཐམས་ཅད་བཟོད་པར་བྱེད།། དེ་ལྟར་སེམས་ཅན་ཐམས ་ཅད་ལ།། དེའི་འདུ་ཤེས་མཉམ་པར་འཇུག། ཆོས་རྣམས་ཐམས་ཅད་མྱི་གནས་ཏེ།། སྐད་གཅིག་འཇོམས་པས་འཇིག་པར་འགྱུར།། འདི་ལ་གང་ཡང་གཤེ་བ་མྱེད།། འདི་ལ་གང་ཡང་ཕྱག་འཚལ་མྱེད།། ་ལུས་རྣམས་བཤགས་ཤིང་བཅད་ན་ཡང་།། དེའི་སེམས་ལ་འཁྲུག་མྱི་འབྱུང་།། ལུས་ཀྱི་ནང་ངམ་ཕྱི་རོལ་མ།། སེམས་ནི་ཤིན་ཏུ་མྱི་གནས་སོ།། ཁམས་བཞི་ལས་ནི་བྱུང་བའི།། ལུས་འདི་ཉིད་ནི་དགྲ་དང་མཚུངས ་ཡང་དག་ཡོངས་སུ་རྟོག་པའི།། མཁས་པ་དེ་དག་བདག་མྱི་སྙེམས།། དེ་ལྟར་མངོན་གསུམ་གྱུར་པས་ན།། དེ་དག་བཟོད་པར་སྨྲ་བ་ཡིན།། དེའི་སེམས་ནི་སུམ་དབྱུང་བ།། མ་ལུས་སྐྱེ་བོས་མྱི་ནུས་སོ།། དེ། ་དག་བརྩོན་འགྲུས་ཆེ་བརྩོམ་སྟེ།། མཐུ་བརྟད་འཇིག་པ་མྱེད་པ་དག། ལུས་དང་སེམས་རྣམས་རིག་ནས་ནི།། དེ་དག་ལ་ནི་གནས་མྱི་འགྱུར།། འཁོར་བའི་ནི་ཐོག་མའི།། མཐའ་རས་བཟུང་སྟེ་མ་སྐྱེས་སོ།། ་སེམས་ཅན་གཅིག་གི་དོན་ཕྱིར་ཡང་།། སྟོབས་པོ་ཆེ་དག་གོ་ཆ་བྱོན།། ཆོས་ནི་གང་ཡང་མྱི་སྐེ་སྟེ།། འབྱུང་བར་འགྱུར་བ་མྱེད་མོད་ཀྱི།། བྱིས་པ་ཕྱིན་ཅི་ལོག་པའི་ཕྱིར།། སྔོན་གི་མཐའ་ནི་མྱི་རྟོགས་སོ།། དབྱིངས ་འདི་རྟག་ཏུ་གནས་པ་སྟེ།། ཆོས་ཀྱི་དབྱིངས་ནི་བསམ་མྱི་ཁྱབ།། དེ་ལྟར་ཡང་དག་རབ་ཤེས་ན།། འདི་ལ་སྐྱེད་མྱེད་འཇིག་པ་མྱེད།། ཆོས་ཀྱི་ཆོས་ཉིད་འདི་རྣམས་ནི།། སེམས་ཅན་འདི་དག་མྱི་ཤེས་ཏེ།། དེ་ཕྱིར་དེའི ་ཕྱི་ནང་ཅི་ལོག། སྤང་བའི་ཕྱིར་ནི་དེ་དག་བརྩོན།། སེམས་ཅན་རྫོགས་པའི་སངས་རྒྱས་ཀྱིས།། ཇི་ལྟ་བུར་ཡང་ཡོད་མ་བསྙེས།། གོ་ཆ་དག་ཀྱང་མྱི་འདོར་ཏེ།། བརྩོན་འགྲུས་དག་གི་ཁྱད་པར་རྟོགས ་ཇི་ལྟར་སྒྱུ་མ་སྨྱིག་རྒྱུ་ལྟར།། ཆོས་རྣམས་ལ་ནི་རབ་ཏུ་དབྱེ།། འདི་ལ། སྙིང་པོ་མྱི་རྙེད་དེ།། ནམ་ཀ་ལ་ནི་ལྟ་བ་བཞིན།། མྱེད་པའི་ཡོངས་སུ་རྟ་ག་པ་ཡིས།། སྐྱེ་བོ་མྱ་མཁས་ཉོན་མོངས་འགྱུར།། གང་གི་རྒྱ ་ངན་འདའ་བའོ།། རིགས་པ་དག་ནི་དེ་ལ་བཤད།། དེའི་བརྩོན་འགྲུས་དེའི་ཕྱིར་ཏེ།། དངོས་པོ་གཞིག་ཕྱིར་མ་ཡིན་ནོ།། དངོས་དང་དངོས་མྱེད་མྱི་རྟག་ཕྱིར།། དེ་དག་གི་ནི་བརྩོན་འགྲུས་བསྐྱེད།། བདེན་པ་དག་ཏུ་རྟག་གནས་ཤིང་། ་ཉོན་མོངས་མྱེད་པར་རྟོགས་པར་རིག། འཁོར་བ་ལ་ནི་སྐྲག་པའི་ཡིད།། འདྲིས་པ་མྱེད་ཅིང་ཡིད་མྱི་རྟོག། དགོན་པར་སྤོད་པ་བརྟན་པ་དག། མཁས་པ་རྟག་ཏུ་བསེ་རུ་བཞིན།། ཤེས་རབ་བཆེན་པ་རིག་པ་དག། དེ་དག། ་མངོན་ཤེས་རྟོགས་པར་རིག། དགོན་པ་བཞིན་དུ་གྲོང་དེ་བཞིན།། མཉམ་པ་ཉིད་ལ་རབ་གནས་པས།། སྤྱོད་དང་སྤྱོད་ལམ་མྱི་རྟོགས་ཏེ།། དེ་དག་རྟག་ཏུ་མཉམ་པར་གཞག། ནམ་ཞིག་མཉམ་པར་གཞག་པའི་ཆོས་། ་ཉེ་བར་ཞི་བ་ཟག་མྱེད་ལ།། མོས་ཤིང་རྣམ་པར་གྲོལ་བ་ན།། དེ་ཕྱིར་མཉམ་པར་གཞག་ཅེས་གསུངས།། མཉམ་པར་བྱེད་ཅིང་མཉམ་པར་འགྲོ།། མཉམ་པ་ཉིད་ལ་རབ་གནས་ནས།། མཉམ་པ་ཉིད། ་དང་འགལ་མྱི་བྱེད།། དེ་ཕྱིར་མཉམ་པར་གཞག་ཅེས་གསུངས།། བྱང་ཆུབ་སེམས་ལས་རྣམ་པ་ཀུན།། སེམས་ལས་དེ་དག་རྨོངས་མྱི་འགྱུ།། སེམས་ཅན་དག་ཀྱང་ཡོངས་སུ་སྨྱིན།། དེ་ཕྱིར་མཉམ་པར་གཞག་ཅེས་གསུངས།། ། ་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ།། དེ་བཞིན་གཤེགས་པ་རྟག་ཏུ་དྲན།། གཟུགས་ལ་འདོད་ཆགས་བྲལ་བ་འཐོབ།། དེ་ཕྱིར་མཉམ་པར་གཞག་ཅེས་གསུངས།། ཆོས་ཀྱི་ཆོས་ཉིད་ཇི་ལྟ་བར།། དེ་དག་ཆོས་རྣམས ་བསྒོམ་མོད་ཀྱི།། དྲན་པས་ཡིད་ལ་བྱེད་པས་མྱིན།། དེ་ཕྱིར་མཉམ་པར་གཞག་ཅེས་གསུངས།། དགེ་འདུན་དྲན་པ་བསྒོམ་བྱེད་དེ།། དགེ་འདུན་ཉིད་ཀྱང་འདུས་མ་བྱས།། ཚད་དང་བྲལ་བ་ཞི་བའི།། མཁས ་མཁས་པ་དག་ནི་བསམ་གཏན་བསྒོམ།། ལུས་ཅན་དག་གིས་ཕྱོ། གས་བཅུ་ན།། ཞིང་དང་སངས་རྒྱས་རྣམས་མཐོང་སྟེ།། དེ་དག་མྱིག་དང་གཟུགས་ལ་ཡང་།། གཉིས་སུ་འདུ་ཤེས་མྱི་འཇུག་གོ།། ་སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ།། ཇི་སྙེད་ཡོད་པ་ཉན་མོད་ཀྱི། དེ་དག་སྒྲ་དང་རྣ་བ་ལ།། གཉིས་སུ་འདུ་ཤེས་མྱི་འཇུག་གོ།། དེ་དག་སེམས་ཅན་ཀུན་གྱི་སེམས།། སེམས་གཅིག་གིས་ནི་རབ་ཤེས་ཀྱང ་དེ་དག་སེམས་སམ་སེམས་ཅན་ལ།། རྣམ་པར་རྟོག་པར་མྱི་འགྱུར་རོ།། བསྐལ་པ་གང་འགའི་བྱེ་མ་སྙེད།། བྱེ་བ་ལྟ་བུ་དྲན་གྱུར་ཀྱང་།། དེ་དག་སྔོན་ནམ་ཕྱི་མ་ཞེས་སྨོས་པ་འདི་ཡང་མྱི་འབྱུང་ངོ་།། ཞིང ་རྣམས་བྱེ་བ་ཕྲག་སྟོང་དང་།། བསམ་མྱི་ཁྱབ་པར་འཕྲུལ་གྱིས་འགྲོ།། ལུས་ལ་མྱེད་ཅིང་སེམས་ལ་མྱེད།། དེ་ལས་གུད་ན་ཡོད་མ་ཡིན།། ཆོས་རྣམས་རབ་ཏུ་དབྱེ་བ་ཤེས།། སྤོབས་པ་དག་ལ་རྟོག་པར་རིག།། ཆོས་ཀྱི ་དབྱིངས་རྣམས་བསྟནད་པ་དག། བསྐལ་པ་བྱེ་བར་སྨྲ་བར་བྱེད།། ཤེས་རབ་ཀྱིས་ཀྱང་ཕ་རོལ་དུ་ཕྱི་ནང་།། ཕུང་པོ་དག་ལ་མཁས་པར་བསླབས།། བླ་མྱེད་སྤྲོས་པ་མྱེད་པའོ།། ཆོས་མཆོག་དག་ནི་བརྗོད་པར་བྱེད།། ་དེ་དག་རྐྱེད་ལ་མཁས་པ་སྟེ།། མཐའ་གཉིས་དག་ནི་སྤངས་པ་ཡིན།། དེ་དག་ཉོན་མོངས་རྒྱུ་རྣམས་ཀྱང་།། སྡིག་པ་མྱེད་པ་དག་པར་ཤེས།། རྐྱེན་ལ་ལྷག་བཱ་མོས་པ་ལ།། ལྟ་བ་དག་ནི་ཡོད་མ་ཡིན།། འདི་ལྟར་ཆོས ་རྣམས་ཐམས་ཅད་ནི།། རྐྱེན་ལ་རག་ལས་དངོས་པོ་མྱེད།། བདག་ཏུ་ལྟ་དང་སངས་རྒྱས་ལྟ།། སྟོང་པར་ལྟ་བ་གང་ཡིན་དང་།། མྱ་ངན་འདས་དང་འཁོར་བར་ལྟ། ཐམས་ཅད་དེ་ལ་ཡོད་མྱེད་དོ།། ཤེས་རབ་རང ་བཞིན་ཤེས་ནས་ནི།། སྣང་བར་གྱུར་མ་ཐག་ཏུ་ཡང་།། དེ་དག་མུན་བྲལ་ཆགས་མྱེད་ཅིང་།། བྱང་ཆུབ་སྤྱོད་ལ་སྤྱོད་པར་འགྱུར།། ཐེག་པ་ཆེན་པོའི་ཐེག་པ་འདི།། སངས་རྒྱས་ཐེག་པ་བསམ་མྱི་ཁྱབ།། སེམས་ཅན་ཀུན ་ཀྱི་ཀོ་སྐབས་དབྱེ།། ཐེག་པ་ཆེན་པོ་བླ་ན་མྱེད།། ཐེག་པ་ཇི་སྙེད་རྗེ་ཡོད་པ།། འདི་ནི་དེའི་མཆོག་ཏུ་དགོངས།། དེ་ཕྱིར་ཐེག་པ་ཆེན་པོ་ལས་ཐེག་པ་ཆེན་པོ་རྟག་ཏུ་དབྱེ།། ཐེག་པ་གཞན་ནི་ཆུ་དུ་སྟེ། ཐམས་ཅ ་ཀྱི་ནིགོ་སྐབས་མྱེད།། ཐེག་པ་ཆེན་པོ་འདི་ལ་ནི།། ལུས་ཅན་ཀུན་གྱི་སྐབས་གོང་།། ཐེག་པ་ཆེན་པོ་ནམ་ཀ་ལྟར།། དྲི་མ་མྱེད་ལ་གང་། ཞུགས་པ།། དེ་དག་ལུས་ཅན་ཐམས་ཅད་ལ།། སེར་སྣ་མྱེད ་པ་ཡོད་མྱེད་དོ།། ཇི་ལྟར་ནམ་མཁའ་ཚད་མྱེད་ཅིང་།། གཟུགས་མྱེད་བསྟནད་དུ་མྱེད་པ་བལྟར།། དེ་བཞིན་ཐེག་པ་ཆེན་པོ་འདི།། ཚད་མྱེད་བསྒྲིབས་པ་མྱེད་པའོ།། གལ་ཏེ་སེམས་ཅན་ཐམས་ཅད ་ཀྱང་།། ཐེག་པ་དམ་པ་འདོད་འགྱུར་ན།། ཐམས་ཅད་ཀྱི་ཡང་གོ་སྐབས་ཡོད།། ཐེག་པའི་ཁྱད་པར་དག་ལ་ལྟོས།། ཐེག་པ་ཆེན་པོའི་ཡོན་ཏན་དང་།། དེ་ལ་གང་རྣམས་གནས་པའི།། དེ་དག་གི་ནི་བསྔགས་པའི། ་མཐལ།། བསྐལ་པ་བྱེ་བར་བཤད་གྱི་དུས།། ཚིག་བཞི་པའི་ཚོགས་བཅད་ཙམ།། མདོ་མཆོག་འདི་ལས་གང་འཛིནད་པ།། དེ་དག་གིས་ནི་མྱི་ཁོམ་སྤངས།། མཁས་པ་དེ་དག་དལ་བ་ཐོབ།། གང་དག་མདོ་སྡེ ་འདིར་དགའ་བ།། དེ་དག་ཕྱི་ནང་ཅང་ངན་སོང་དུ།། འགྲོ་བར་འགྱུར་བ་མ་ཡིན་ཏེ།། དེ་དག་ལྷ་དང་མྱིར་འགྱུར་རོ།། ཕྱིས་དུས་འཇིག་པ་ཆེན་པོའི་ཚེ།། མདོ་སྡེ་འདི་ནི་གང་ཉན་པ།། དེ་དག་ཐམས་ཅད་བྱང་ཆུབ་ཏུ ་ཤིན་ཏུ་གཞོལ་བ་ངས་ལུང་བསྟན།། དེའི་ལག་ན་དམ་ཆོས་ཡོད།། དེ་དག་དམ་པའི་ཆོས་ལ་གནས།། ཆོས་འདི་ལ་ནི་གནས་ནས་ཀྱང་།། དེ་དག་ཆོས་ཀྱི་འཁོར་ལོ་བསྐོར།། གང་གིས་མདོ་སྡེ་འདི། ་བཟུང་བ།། དེ་དག་རྫོགས་པའི་བྱང་ཆུབ་ཉེ།། བསྐལ་བ་བསམ་ཡས་འཁོར་བ་ལས།། བདག་ཉིད་ཆེན་པོ་དེ་དག་སྤོང་།། གང་གིས་ཚུལ་འདི་བཟུང་བ་དག། དེ་དག་དཔའ་བོ་ནུས་པ་སྟེ།། བདུད་ཀྱི་སྡེ་རྣམས་རབ་ཏུ ་འཇོམས།། བརྩོན་འགྲུས་ཆེ་ཞིང་ཤེས་རབ་ཆེ།། མདོ་སྡེ་འདི་ལ་གང་དགའ་བ།། ང་ནི་བཟོད་ལ་གནས་པའི་ཚེ།། མར་མེ་མཛད་ཀྱིས་ལུང་བསྟན་ལྟར།། དེ་ཚེ་དེ་དག་ལུང་བསྟན་ཏོ།། མདོ་སྡེ་འདི་ནི་གང་སྨྲ་བ།། ་དེ་ནི་སངས་རྒྱས་སྐྱོབ་པ་ཡིན།། འཇིག་རྟེན་སྒྲོལ་བ་མ་བྱུང་ཚེ།། སངས་རྒྱས་མཛད་པ་བྱེད་པར་འགྱུར།། ཡང་ཚིགས་སུ་བཅད་པ་མངོན་པར་བསྒྲུབས་པ་འདི་བཤད་པ་ན།། ལྷའི་བུ་ལྔ་སྟོང་བྱང ་ཆུབ་ཏུ་སེམས་སྐྱེས་སོ།། བྱང་ཆུབ་སེམས་དཔའ་གཉིས་སྟོང་མྱི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ།། དགེ་སློང་སྟོང་ལྷག་ཙམ་ལེ་ན་པ་མྱེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ།། སྲོག ་ཆགས་སུམོ་ཁྲོ་གཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མྱིག་རྟུལ་མྱེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ།། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་ད་པས་འདི་སྐད་ཅེས་གསོལ་ཏོ།། ཇི་ལྟར་བཅོ ་འདས་ཀྱིས་བཤད་པའི་དོན་བདག་གིས་འཚལ་བ་ལྟར་ན།། གང་བྱང་ཆུབ་ཀྱི་ཕྱིར་སྨོན་པ་ནི། ལོག་པར་ལྟ་བ་ལ་སྨོན་པ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དམྱིགས་པ་ནི་ལོག་པ་ལགས་ཏེ། དེ་བ ་ན་བྱང་ཆུབ་ལ་དམྱིགས་པར་བགྱིད་ཅིང་།། དམྱིགས་པ་ལ་སྨོན་པ་དེ་དག་གི་འབད་པ་ནི་ལོག་པ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་ནི་འདོད་པའི་ཁམས་ལ་མྱི་གནས།། གཟུགས་ཀྱི་ཁམ ་ས་གྱི་གནས།། གཟུགས་མ་མཆིས་པའི་ཁམས་ལ་གྱི་གནས་ཏེ། བཅོམ་ལྡན་འདས་བྱང་ཆུབ་ནི་དམིགས་གནས་པ་ལགས་པས།། དེ་ལ་སྨོན་པར་བགྱི་ས་མ་མཆིས་སོ། ་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། སྐྱེས་པ་ལ་ལ་ཞིག་བདག་གིས་ནམ་ཀ་ཐོབ་པར་བགྱིའོ་ཞེས་ནམ་ཀ་ལ་སྨོན་ན།། དེས་ནམ་ཀ་ཐོབ་པར་འགྱུར་རམ།། བཀའ་སྩལ་པ། དེ་འཇམ་དཔལ་དེ་མ་ཡིན་ནོ།། འཇམ་དཔལ ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་དུ་གང་བྱང་ཆུབ་ནམ་ཀ་དང་མཚུངས་པ་ལ། སྨོནད་པ་དེ་དག་ནི་ནམ་མཁའ་ལ་སྨོནད་པ་ལགས་སོ།། བཅོམ་ལྡན་འདས་བྱང་ཆུབ་ནི་སྨོན་པ་མ་མཆིས་པ།། དུས་གསུམ་ལས ་འདས་ཉེ་བར་མྱི་མཆི་བ་ལགས་ཏེ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འདུ་ཤེས་གཉིས་སུ་བགྱིས་ནས།། བྱང་ཆུབ་ཀྱང་གཞན་ལ། འཁོར་བ་ཡང་གཞན་ནོ།། བྱང་ཆུབ་ཀྱང་གཞན་ལ།། ལྟ་བར་གྱུར་ད་པ་ཡ ་གཞན་ནོ།། བྱང་ཆུབ་ཀྱང་གཞན་ལ།། མྱ་ངན་ལས་འདས་པ་ཡང་གཞན་ནོ།། ཞེས་སྨོནད་པར་བགྱིད་ན། བྱང་ཆུབ་སེམས་དཔའ་དེ་དག་ནི། བྱང་ཆུབ་ལ་སྤྱོད་པ་མ་ལགས་སོ།། དེ་ནས་ཚངས་པ་ཁྱད་པར་སེས ་ཀྱིས། འཇམ་དཔལ་གཞོ་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཇི་ལྟར་སྤྱོད་ན།། བྱང་ཆུབ་ལ། སྤྱོད་པ་ཡིན། སྨྲས་པ་ཚངས་པ་བྱང་ཆུབ་སེམས་དཔའ་གང་ཆོས ་ཐམས་ཅད་ལ་ཡང་སྤྱོད་ལ་ཆོས་གང་ལ་ཡང་མྱི་སྤྱོད་ན། བྱང་ཆུབ་སེ་མས་དཔའ་དེ་བྱང་ཆུབ་ལ་སྤྱོད་དེ་ཚངས་པ་སྤྱད་པའི་ཡུལ་ལས་འདས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཏུ་སྤྱོད་དོ།། སྨྲས་པ ་འཇམ་དཔལ་ཇི་ལྟར་མ། བྱང་ཆུབ་སེམས་དཔའ་སྤྱད་པའི་ཡུལ་ལས་འདས་པའི་བྱང་ཆུབ་ལ་སྤྱོད་སྨྲས་པ།། དམྱིགས་པའི་མཚན་མ་ཐམས་ཅད་དང་བྲལ་ཞིང་།། མྱིག་དང་། རྣ་བ་དང་། སྔ་དང་། ལྕེ་དང་། ལུས་དང་། ་ཡིད་དང་བྲལ་བ་དེ་ལྟར་ན། སྤྱད་པའི་ཡུལ་ཐམས་ཅད་ལས་ཤི་ནང་ཏུ་འདས་པ་ཡིན་ནོ།། སྨྲས་པ་འཇམ་དཔལ་ཡང་དག་པར་འདས་པ་ཞེས་བྱ་བ་ཅི་ལ་བསམས།། སྨྲས་པ་མཉམ་པ་ཉིད་ལས་མྱི་འདའ་བའོ།། ་དེ་ཅིའི་ཕྱིར་ཞེ་ན། ཚངས་པ་བྱང་ཆུབ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དོ།། སྨྲས་པ་འཇམ་དཔལ་བྱང་ཆུབ་སེམས་དཔས་ཇི་ལྟར་བྱང་ཆུབ་ཏུ་འཇུག་པར་བྱ།། སྨྲས་པ།། བྱང་ཆུབ་ཇི་ལྟ་བ་བཞིན་དུའོ།། སྨྲས་པ་བྱང་ཆུབ ་ཇི་ལྟ་བུ་ཡིན།། སྨྲས་པ་ཚད་པ་བྱང་ཆུབ་དེ་མི་འདས་པ་ཡང་མ་ཡིན།། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་དུས་གསུམ་ཡོངས་སུ་དག་པའི ་རྣམ་པ་དང་། འཁོར་གསུམ་ཡོངས་སུ་དག་པས། བྱང་ཆུབ་ཏུ་ཡང་དག་པར་འཇུག་པར་བྱའོ།། འདས་པ་ཇི་ལྟ་བ་དང་། མ་འོངས་པ་ཇི་ལྟ་བ་དང་། ད་ལྟར་བྱུང་བ་ཇི་ལྟ་བ་དང་། མ་བྱུང་བ་ཇི་ལྟ་བ་དང་། མ་བྱུང་བ་གང་ཡིན་པ ་དེ་ལ་ཡང་རབ་ཏུ་དབྱེ་བ་མྱེད་དོ།། གང་དེ་ལྟར་རབ་ཏུ་ཞུགས་པ་དེ་གང་ལ་ཡང་ཞུགས་པ་མྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་འཇུག་པ་འདིས་ཐམས་ཅད་མཁྱེནད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ།། སྨྲས་པ་འཇམ་དཔལ་ཅིའི ་ཕྱིར་ཐམས་ཅད་མཁྱེནད་པའི་ཡེ་ཤེས་ཞེས་བྱ།། སྨྲས་པ་ཐམས་ཅད་ཤེས་པར་གྱུར་ད་པའི་ཡེ་ཤེས་དེ་ནི་ཐམས་ཅད་མཁྱེནད་པའི་ཡེ་ཤེས་ཞེས་བྱའོ།། སྨྲས་པ་ཐམས་ཅད་ཤེས་པར་གྱུར་དཔའ་ཡཡེ་ཤས་དན་ཐམས་ཅད་མཁྱེན ་པའི་ཡེ་ཤེས་ཞེས་བྱའོ།། སྨྲས་པ་འཇམ་དཔལ་ཀུན་ཤེས་པ་ཀ། ང་ཡིན། སྨྲས་པ་ཚངས་པ་ཀུན་ཤེས་པ་གང་ལ་དངོས་པོ་མྱེད་ཅིང་། ཀུན་ཤེས་པ་ལ་ཀུན་ཤེས་པ་མྱེད་པ་དེ་ནི་ཀུན་ཤེས་པ་སྟེ།། དངོས་པོ ་ཇི་ལྟ་བ་དེ་བཞིན་དུ་དེའི་ཀུན་ཤེས་པ་ཡང་མྱེད་དོ།། སྨྲས་པ་ཅིའི་ཕྱིར་དངོས་པོ་མྱེད།། སྨྲས་པ་དངོས་པོ་ནི་མྱིག་གི་རང་བཞིན་གྱིས་དབེན་ཏེ། དེའི་མྱིང་དང་རང་བཞིན་དབེན་པ་ལ་དངོས་པོ་ཡང་གཞན་མ་ཡིན། ་བྱང་ཆུབ་ཀྱང་གཞན་མ་ཡིན་ནོ།། གལ་ཏེ་དངོས་པོ་ཡང་གཞན་ལ། བྱང་ཆུབ་ཀྱང་གཞན་དུ་ཟིན།། ཇི་ལྟར་འདི་ལ་བྱང་ཆུབ་ཇི་ལྟ་བར་དངོས་པོ་ཡང་དེ་བཞིན་ནོ།། དེ་བས་ནའདི་ལ་སེམས་ཅན་ཡང་གུད་ན་མྱེད་ལ།། དེ་རྣམ་པ ་གཞན་དུ་ཡང་རྟོགས་པར་མྱི་འགྱུར་ཏེ།། གཞན་དུ་ན་བདག་གི་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དང་། བྱང་ཆུབ་ཀྱི་མཉམ་པ་ཉིད་ཀྱིས་བདག་གི་མཉམ་པ་ཉིད་རིག་པར་བྱེད་དེ་དེ་ལྟར་ན་བྱང་ཆུབ་རྟོགས་པར་གྱུར་པ་ཏེ། ་གཞན་དུ་མ་ཡིན་པས་ན་དེའི་ཕྱིར་དེ་ལ་གཞན་དུ་འགྱུར་བ་མྱེད་དོ།། བདག་ནི་བརྟག་ཏུ་བདག་མྱེད་པ་ཡིན་ཏེ།། དེའི་ཕྱིར་དེ་ལ་རྣམ་པ་གཞན་དུ་འགྱུར་བ་མྱེད་དོ།། ཇི་ལྟར་ནམ་མཁའ་ལ་རྣམ་པར་གཞན་དུ་འགྱུར་བ་མྱེད་པ ་དེ་བཞིན་དུ།། ཆོས་ཐམས་ཅད་ལ་ཡང་གཞན་དུ་འགྱུར་བ་མྱེད་དོ།། དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས་འཇམ་དཔལ་གཞོ་ནུར་གྱུརྡ་པ་ལ་འདི་སྐད་ཅེས་སྨྲས་སོ།། འདི་ལྟར་ཆོས་འདི་དག་རབ་ཏུ་ཕྱེ་བ་ལས་ན།། དེ་བཞིན ་གཤེགས་པ་ནི་བདེན་པར་གསུང་བའོ།། ། སྨྲས་པ་ཚངས་པ་དེ་བཞིན་གཤེགས་པས་ནི།། ཆོས་གང་ཡང་རབ་ཏུ་མ་ཕྱེ་བའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཆོས་ཉིད་ཀྱང་མ་དམྱིགས་ན། གང་བར་དུ་དབྱེ་བ་ལྟ་ཅི ་སྨོས།། སྨྲས་པ་འཇམ་དཔལ་ཅི་དེ་བཞིན་གཤེགས་པས།། ཆོས་འདི་དག་ནི་འདུས་བྱས་སོ།། ཆོས་འདི་དག་ནི་འདུས་མ་བྱས་སོ།། ཆོས་འདི་དག་ནི་འཇིག་རྟེན་པའོ།། ཆོས་འདི་དག་ནི་འཇིག་རྟེན་ལས་འདས་པའོ།། ་ཞེས་རྣམ་པར་མྱི་མཁྱེནད་ཏམ།། སྨྲས་པ་ཚངས་པ་འདི་ཇིག་སྙམ་དུ་སེམས།། སུས་ཀྱང་ནམ་མཁའ་འདི་རབ་ཏུ་ཕྱེ་བ་འམ།། ཤེས་པ་ར་གྱུར་པ་ཡོད་དམ།། སྨྲས་པ་འཇམ་དཔལ་དེ་མ་ཡིན་ནོ།། འཇམ ་དཔལ་གྱིས་སྨྲས་པ། གང་ནམ་མཁའ་ཞེས་བྱ་བ་དེ་སྐྱེ་བའམ། འག་ག་པར་འགྱུར་རམ།། སྨྲས་པ་དེ་མ་ཡིན་ནོ།། སྨྲས་པ་ཚངས་པ་དེ་བཞིན་དུ། ཆོས་གང་ཡང་རུང་བའི་རྣམ་པར་རིག་པར་བྱེད་པ། ་དེ་ཡང་ནམ་མཁའི་རྣམ་པར་རིག་པར་བྱེད་པའོ།། ཆོས་ནི་སྐྱེ་བ་འམ་འགག་པར་མྱི་འགྱུར་ཏེ།། ཆོས་ཐམས་ཅད་ཀྱི་རྣམ་པར་བྱེད་པ་ནི།། རྣམ་པར་རིག་པར་བྱེད་པ་མྱེད་པའོ།། ཆོས་དེས་གང་ཀུན་ཤེས་པར་བྱས་པ ་དེ་དག་ཀྱང་གཞན་དུ་མྱི་འགྱུར་བས་ན།། རྣམ་པར་རིག་པར་བྱེད་པ་མྱེད་པས་ཀུན་ཤེས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམ་པར་རིག་པར་བྱེད་པ་དེ་ཇི་འདྲ་བ་དེ་བཞིན་དུ། དེའི་ཀུན་ཤེས་པ་ཡང་དེ་འདྲ་སྟེ། དེའི་ཕྱིར་ཆོས ་ཐམས་ཅད་དེ་བཞིན་ཉིད་ལ་གནས་ཤེས་བྱ་སྟེ།། དེ་བཞིན་ཉིད་ནི་མྱི་གནས་པའོ།། དེ་ནས་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མྱི་མཇེད་ཀྱི་བདག་པོ་ཚངས་པ་ཡང་འཁོར་དེ་ཉིད་དུ་ཚོགས་ནས་འདུག ་པར་གྱུར་ད་ཏེ།། དེ་དག་ལྷའི་མེ་ཏོག་དག་གིས་དེ་བཞིན་གཤེགས་པ་ལ་གཏོར་ནས། ཚིག་འདི་སྐད་འཛེར་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་འཇམ་དཔལ་གཞོ་ནུར་གྱུར་ད་པས། ་བསྟནད་པ་འདི་ལ་མོས་པ་དེ་དག་ནི་བདད་དང་ཕྱིར་རྒོལ་བ་བཅོམ་པ། ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འཇམ་གཞོ་ནུར་གྱུར་ད་པས་བསྟནད་པ་འདི་ནི་འདུ་ཤེས་ཐམས་ཅད་དང ་བྲལ་བ་ལགས་ཏེ།། གང་ཆོས་ཟབ་མོ་བསྟན་པ་འདི་ལ་མྱི་སྐྲག་མྱི་དངང་ཞིང་ཤི་ནང་ཏུ་དངང་བར་མྱི་འགྱུར་བའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་དགེ་བོའི་རྩ་བ་ངན་དོན་དང་ལྡན་པ་མ་ལགས་སོ།། བཅོམ ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིས་ཕྱོགས་གང་དུ་བྱུང་བ་དེ་སངས་རྒྱས་ཀྱི་བྱེད་ཀྱིས་བརླབས་པ་ལགས་སོ།། གང་དུ་ཆོས་ཀྱི་ཚུལ་ཟབ་མོ་འདི་ཐོས་པར་འགྱུར་བའི་ས་ཕྱོགས་དེ་དག་དེ་བཞིན་གཤེགས་པས་ཡོངས ་སུ་ལོངས་སྤྱོད་པའོ།། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། གཙུག་ལག་ཁང་ངམ། ཆགས་གང་དུ་ཆོས་ཀྱི་རྣམ་གྲངས་འདི་བྱུང་བ་དེར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བལྟའོ་དེར་བདུད ་རྣམས་རྒྱུ་བ་མ་མཆིས། དམྱིགས་པ་ལ་མངོན་པར་ཆགས་པ་རྣམས་ཀྱི་རྒྱུ་བ་མ་མཆིས་ཏེ།། བཅོམ་ལྡན་འདས་སེམས་ཅན་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བགྱི་བ་བགྱིས་པ་རྣམས ་ཀྱི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་རོ།། བཅོམ་ལྡན་འདས་འདི་ལྟར་བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཆོ་ས་ཀྱི་སྣང་བ་ཐོབ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་དང་། འཇམ་དཔལ་གཞོ་ནུར་གྱུར་པ་དང་། ཚངས་པ་འདི་ལ་བདག་ཅག་ཀི་ཤ་དང་ཁྲག་གིས་ཀྱང་ལན་མྱི་ལོན་ནོ།། བཅོམ་ལྡན་འདས་གང་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་བའི་ཆོས་སྨྲ་བ་དེ་ལ་བདག ་ཅག་སྟོདད་པར་འདུ་ཤེས་བསྐྱེད་པར་བགྱིའོ།། བཅོམ་ལྡན་འདས་ཆོས་སྨྲ་བ་དེའི་དྲུང་དུ་བདག་ཅག་རྟག་ཏུ་མྱི་འཆད་པར་མཆེ་སྟེ། རིགས་ཀྱི་བུ་ལྔ་དག་གིས་ཡོངས་སུ་གཟུང་བར་འགྱུར་རོ།། ཆོས་ཀྱི་རྣམ ་གྲངས་འདི་ཡི་གེར་འདྲི་འམ། ཀློག་གམ་སྟོན་ཏམ། ཁ་ཏོན་བྱེད་ན། ལྷའི་བུ་བརྒྱ་སྟོང་ཕྲག་དུ་མས་ཆོས་ཉན་དུ་མཆིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ ་མྱི་མཇེད་ཀྱི་བདག་པོ་ལ། འདི་སྐད་ཅེས་བཀའ་སྩལ་ཏོ།། ལེགས་སོ་ལེགས་སོ་སྐྱེས་བུ་དམ་པ་ཁྱེད་ཇི་སྐད་ཟེར་བ་དེ་བཞིན་ནོ།། གྲོགས་པོ་དག་གལ་ཏེ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་རིན་པོ་ཆེ ་ཐམས་ཅད་ཀྱིས་ཡོངས་སུ་བཀང་བའི་ཆ་གཅིག་བཞག་པ་དང་།། ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་དགེ་བའི་རྩ་བའི་ཆ་གཅིག་གཞག་པ་དང་།། དེ་གཉིས་ནི་གང་འདི་ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་དགེ་བའི་རྩ་བའི་ཆ་འོདདི ་མཆོག་གོ།། སྟོང་གསུམ་གི་སྟོང་ཆེན་པོ་ལ་འཇིག་རྟེན་གི་ཁམས་ལྟ་ཞོག་གི་གལ་ཏེ་ཆུ་བོ་གང་ཀའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་བཀའ་བའི་ཆ་གཅིག་བཞག་པ་དང་། ་ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་དགེ་ཆ་བའི་གཞག་པ་དང་། དེ་གཉས་ནི་ཀཱང་འདི་ཆོས་ཀྱི་རྣམ་གྲངས་འོད་ཉན་པའི་དགེ་བའི་རྩ་བའི་ཆ་འདི་མཆོག་གོ།། གྲོགས་པོ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ ་མོ་བསོད་ནམས་འདོད་པས་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་བྱ། འོ།། རྙེད་པ་འདོད་པ་དང་། ཆོས་འདོད་པ་དང་། གཟུགས་འདོད་པ། དང་། ལོངས་སྤྱོད་འདོད་པ་དང་། གཡོག་འདོད་པ་དང་། ཆོས ་ཀྱི་དབང་ཕྱུག་འདོད་པ་དང་། ལྷའི་ཕུན་གསུམ་ཚོགས་པ་འདོད་པ་དང་། མྱིའི་ཕུན་གསུམ་ཚོགས་པ་འདོད་པ་དང་། གྲགས་པ་འདོད་པ་དང་། བརྗོད་པ་འདོད་པ་དང་། ཐོས་པ་འདོད་པ་དང་། ཟས་པ་འདད་པ་དང་། ་དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། བརྟན་པ་དང་། ཤེས་རབ་འདོད་པ་དང་། སྤོབས་པ་འདོད་པ་དང་། གཟུགས་འདོད་པ་དང་། དགེ་བའི་བཤེས་གཉེན་རྙེད་པར་འདོད་པ་དང་། མངོན་པར་ཤེས་པ་དང་། རིག ་པ་དང་། ཡེ་ཤེས་འདོད་པ་དང་། བྱང་ཆུབ་འདོད་པ་དང་། དགེ་བའི་ཆོས་ཐམས་ཅད་འདོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་འདོད་པ་དང་། ཚིག་འདོད་པ་དང་། སེམས་ཅན་ཐམས་ཅད་བདེ་བ་ཐོབ་པར་བྱ་བར་འདོད་པ་དང ་མྱ་ངན་ལས་འདས་པ་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་བྱ།། མོས་པར་བྱ། གཟུང་བར་བྱ།། ཀུན་ཆུབ་པར་བྱ། བཅང་བར་བྱ།། ཀླག་པར་བྱའོ། གཞན་ལ་ཡང ་རྒྱ་ཆེར་རབ་ཏུ་བསྟནད་པར་བྱའོ།། གྲོགས་པོ་དག་ཆོས་ཀྱི་རྣམ་གྲངས་འདི་ཆུང་ངུ་ན་མཉན་པ་ཙམ་གྱིས་ཀྱང་གང་དེས་ཡོངས་སུ་མ་བཟུང་བར་གྱུར་ད་པའི་ཕུན་གསུམ་ཚོགས་པ་དེ་ངས་མ་མཐོང་ངོ་།། གྲོགས ་པོ་དག་མོས་པར་བྱ་བ་གོ་བར་བྱས་སྟེ། སློབ་དཔོན་ནམ་མཁན་པོ་གང་ལས་ཆོས་ཀྱི་རྣམ་གྲངས་འདི་མཉན་ཏམ་བཟུང་ན། འཇིག་རྟེན་གི་ཟང་ཟིང་གང་གིས་དེ་ལ་ལན་གླན་པར་བསླ་བ། དེ་ལྟ་བུ་ངས་མ་མཐོང་ངོ་།། དེ་ཅིའི ་ཕྱིར་ཞེ་ན།། འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཏེ།། འཇིག་རྟེན་གི་ཟད་ཟིང་གིས་དེ་སྦྱང་བར་བསླ་བ་མ་ཡིན་ནོ།། ཆོས་འདི་ནི་འཇིག་རྟེནད་གིས་མ་གོས་པ་སྟེ། འཇིག་རྟེན་གི་ཟང་ཟེད་གྱིས་སྦྱང་བར་སླ་བ་མ་ཡིན་ནོ།། ་ཆོས་འདི་ནི་ཟང་ཟིང་གིས་སྦྱང་བར་སླ་བ་མ་ཡིན་ནོ།། ཆོས་གི་རྣམ་གྲངས་འདི་ལ་ལན་གླན་པ་ནི།། ཆོས་ཀྱི་ཡོན་ཏན་མ་རྟོགས་པར་གཞན་མྱེད་དེ།། ལོག་པའི་ཡོན་ཏན་གྱིས་མ་ཡིན་ནོ།། གང་འདི་ལ་ཞུགས ་པ་དེ་དག་གིས་མཁན་པོ་དང་། བསློབ་དཔོན་ལ་གུས་པར་བྱས་སོ།། དེ་དག་གིས་ལན་ཀླན་པ་དག་པར་བྱས་སོ།། དེ་དང་དེ་དག་ནི་བུ་ལོན། མྱེད་པར་ཡུལ་འཁོར་གིས་བསོད་སྙོམས་ཟའོ།། དེ་དང་དེ་དག ་ནོ་དེ་བཞིན་གཤེགས་པའི་ཚིག་ལ་ནན་ཏན་དུ་བྱེད་པའོ།། དེ་དང་དེ་དག་ནཽ་ཆུ་བོ་ལས་རྒལ་བའོ།། དེ་དང་དེ་དག་ནི་ཤིན་ཏུ་དགོན་པ་ལས་ཤིན་ཏུ་རྒལ་བའོ།། དེ་དང་དེ་དག་ནི་གདུགས་དང་།། རྒྱལ་མཚན་དང་། བ་དན་བསྒྲེང ་བའོ།། དེ་དང་དེ་དག་ནི་དགྲ་བོའི་གཡུལ་ལས་རྒྱལ་བའོ།། དེ་དང་དེ་དག་ནི་སེང་གེ་ལྟར་འཇིགས་ཤིང་སྨག་པ་དང་བྲལ་བའོ།། དེ་དང་དེ་དག་ནི་བན་གླང་ལྟར་ཅང་ཤེས་པ་དང་། དེ་དང་དེ་དག་ནི་གླང་པོ་ཆེ་ལྟར་སེམས་རབ་ཏུ་ཞི ་བའོ།། དེ་དང་དེ་དག་ནི་ཁྱུང་མཆོག་ལྟར་ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མྱི་ནོན་པའོ།། དེ་དང་དེ་དག་ནི་སྨན་པ་སྟེ། སེམས་ཅན་ཐམས་ཅད་ནད་ཐམས་ཅད་ལས་རབ་ཏུ་ཐ་རད་པར་བྱེད་པའོ།། དེ་དང་དེ་དག ་ནི་ཆོས་ཟབ་མོ་ལ་བསྟནད་པ་ལ་མྱི་དངབ་བའོ།། དེ་དང་དེ་དག་ནི་སྦྱིན་པ་ཕུན་གསུམ་ཚོགས་ཤིང་ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏོང་བའོ།། དེ་དང་དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་ནིང་ཞི་བ་དང་།། ཞི་གནས ་དམ་པའི་ཕ་རོལ་ཏུ་ཕྱིནད་པའོ།། དེ་དང་དེ་དག་ནི་བཟོད་པའི་སྟོབས་དང་ལྡན་ཞིང་ངར་འཛིན་པ་དང་ངའདི་འཛིན་པ་དང་བྲས་སོ།། དེ་དང་དེ་དག་བརྩོན་འགྲུས་ཆེ་ཞིང་བསྐལ་པ་གྲངས་མྱེད་པར་ཚོགས་མུ་མྱེད་པའི་མཐར་གཏུགས་པའོ། ་དེ་དང་དེ་དག་ནི་བསམ་གཏན་ཕུན་གསུམ་ཚོགས་ཤིང་།། དྲན་པ་དང་ལྡན་ཞིང་སེམས་རྩེ་གཅིག་པའོ།། དེ་དང་དེ་དག་ནི་ཤེས་རབ་ཆེན་པོ་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བའི་ཡེ་ཤེས་སྟོན་པ་ལ་མཁས་པའོ།། དེ་དང ་དེ་དག་ནི་བསོད་ནམས་ཆེན་པོ་སྟེ། བསོད་ནམས་བརྒྱ་པའི་མཚན་གྱིས་ལེགས་པར་བརྒྱད་པའོ།། དེ་དང་དེ་དག་ནི་གཟི་བརྗིད་ཆེན་པོ་སྟེ། ཉི་མ་དང་ཟླ་བའི་ཟིལ་གྱིས་གནོནད་པར་བྱེད་པ་ཐོབ་པའོ།། དེ་དང་དེ་དག་ནི་མཐུ་ཆེན ་པོ་ཐོབ་ཅིང་སྟོབས་བཅུའི་ཤུགས་འཛིན་པའོ།། དེ་དང་དེ་དག་ནི་སྤྲིན་ཆེན་པོ་ལྟར་ཆོས་མངོན་པར་སྒྲོག་པའོ།། དེ་དང་དེ་དག་ནི་ཆོས་ཀྱི་ཆར་ཆེན་པོ་རབ་ཏུ་འབེབས་པ་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ།། ་རེ་དང་དེ་དག་ནི་གནས་ཏེ། མྱ་ངན་ལས་འདས་པའི་གྲོང་དུ་ཞུགས་པ། འོ།། དེ་དང་དེ་དག་ནི་འཁོར་བའི་འཇིགས་པས་གཙེས་པ་རྣམས་ཀྱི། འགོན་ནོ།། དེ་དང་དེ་དག་ནི་སྒྲོན་མ་སྟེ། མུན་པ་དང་མུན་ནག་དང ་ཐལ་བའོ།། དེ་དང་དེ་དག་ནི་བདྨད་ཀྱི་སྐྲག་པ་རྣམས་ཀྱི་བསྐྱབས་སོ།། དེ་དང་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་བརྟེན་ནོ།། དེ་དང་དེ་དག་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་དབང་བསྐུར་བའོ།། དེ་དག་གིས་ཆོས་ཀྱི་མྱོན ་ཐོབ་པོ།། དེ་དག་ཀྱིས་ཆོས་ཀྱི་དེ་བཞིན་ཉིད་མཐོང་ངོ་།། དེ་དག་ཀྱིས་ཆོས་ཐམས་ཅད་སྟོང་པར་ཤེས་སོ།། དེ་དག་གི་མི་སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་པའོ།། དེ་དག་ནི་བྱམས་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའོ།། དེ ་ངག་ནི་སེམས་ཅན་ཐམས་ཅད་མྱི་གཏོང་བའོ།། དེ་དག་ནི་ཐེག་པ་དམན་པ་བརྒྱབ་ཀྱིས་ཕྱོགས་པའོ།། དེ་དག་ནི་ཐེག་པ་ཆེན་པོ་ལ་མངོན་དུ་ཕྱོགས་པའོ།། དེ་དག་ཀྱིས་ནི་ཕྱིན་ཅི་ལོག་སྤངས་སོ།། དེ་དག་མཉམ་པ་ཉིད་ལ་ཉེ ་བའོ།། དེ་དག་ནི་བྱང་ཆུབ་སེམས་དཔའི་ངེས་པ་ལ་ཞུགས་པའོ།། དེ་དག་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པའོ།། དེ་དག་ནི་བདུད་ཀྱི་སྡེ་རྣམས་བཏུལ་ལོ།། དེ་དག་གིས་ཐམས་ཅད་མཁྱེནད་པ་ཉིད་ཁོང་དུ་ཆུད་དོ།། དེ་དག་ནི ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འགྱུར་རོ།། དེ་དག་ནི་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ།། གྲོགས་པོ་དག་ཀང་ཆོས་འདི་ལ་ནན་ཏན་དུ་བྱེད་པའི་སྐྱེས་བུ་དམ་པ་དེ་དག་གིས་བསྔགས་པ།། ངས་བསྐལ། ་པ་འམ་བསྐལ་པ་ལས་འདས་པར་བཤད་ཀྱང་། ཆོས་འདི་ལ་ནན་ཏན་བྱེད་པའི་སྐྱེས་བུ་དམ་པ་དེ་དག་གི་བསྔགས་པའི་མཐར་མྱི་ཕྱིན་ཏེ།། དེ་བཞིན་གཤེགས་པ་བལྟར་སྤོབས་པ་ཕུན་གསུམ་ཚོགས་པར ་འགྱུར་རོ།། དེ་ནས་འཁོར་དེ་ཉིད་དུ་ལྷའི་བུ་ཕྱིར་མྱི་ལྡོག་པ་ཞེས་བྱ་བར་འདུས་པར་འགྱུར་ཏེ་འདུག་གོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཕྱིར་མྱི་ལྡོག་པས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་ནན ་ཏན་ཆོས་ཀྱི་ནན་ཏན་ཞེས་བགྱི་བ།། བཅོམ་ལྡན་འདས་ཇི་ཙམ་གྱིས་ནི་ཆོས་ཀྱི་ནན་ཏན་ཞེས་བགྱི་བ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལྷའི་བུ་ཆོས་ཀྱི་ནན་ཏན་ཞེས་བྱ་བ་ནི། གང་ཆོས་ཐམས་ཅད་ལ ་ནན་ཏན་བྱེད་པ་འདི་ནི་ཆོས་ཀྱི་ནན་ཏན་ནོ།། དེ་ཅིའི་ཕྱིར་ཞེ་ན། གང་ཆོས་རྣམས་ལ་ནན་ཏན་མྱི་བྱེད་དེ། དེ་ཆོས་ཐམས་ཅད་མྱི་བྱེད། རྣམ་པར་མྱི་བྱེད་དོ།། གང་མྱི་བྱེད་རྣམ་པར་མྱི་བྱེད་དོ།། ་ཀར་མྱི་བྱེད་རྣམ་པར་མྱི་བྱེད་པ་འདི་ནི་ཆོས་ཀྱི་ནན་ཏན་ནོ།། གང་དེ་གེ་བ་ལ་ཡང་མྱི་འཇུག་མྱི་དགེ་བ་ལ་མྱི་འཇུག་པ་འདི་ནི་ཆོས་ཀྱི་ནན་ཏན་ནོ།། དེ་བཞིན་དུ་བསྡུས་ཏེ། འཇིག་རྟེན་པ་ལ་མ་ཡིན།། འཇིག ་རྟེན་ལས་འདས་པ་ལ་མ་ཡིན།། ཟག་པ་དང་བཅས་པ་ལ་མ་ཡིན། ཟག་པ་མྱེད་པ་ལ་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ལ་མ་ཡིན། ཁ་ན་མ་ཐོ་བ་མྱེད་པ་ལ་མ་ཡིན། འདུས་བྱས་ལ་མ་ཡིན། འདུས་པ་བྱས་ལ ་མ་ཡིན། འཁོར་བ་ལ་མ་ཡིན། མྱ་ངན་ལས་འདས་པ་ལ་མྱི་འཇུག་པ་འདི་ནི། ཆོས་ཀྱི་ནན་ཏན་ཞེས་བྱ་སྟེ། ཆོས་ཐམས་ཅད་ལ་ནན་ཏན་དུ་བྱ་བ་མྱེད་པ་འདི་ནི་ཆོས་ཀྱི་ནན་ཏན་ནོ།། ཆོས་སུ་འདུ་ཤེས་པ་ལ་ཆོས་ཀྱི་ནན ་ཏམ?། ཆོས་འདི་ལ་ནན་ཏན་བྱའོ་ཞེས་སྤྲོ་བར་བྱེད། ནན་ཏན་མྱི་བྱའོ་ཞེས་སྤྲོ་བར་བྱེད་ན་མ་ཞུགས་པའོ།། ཆོས་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་ནན་ཏན་འདི་ནི་ཆོས་ཀྱི་ནན་ཏན་ནོ།། སྤྲོས་པ་མྱེད་པས་གཉེན་པོ ་མྱེད་པ་ནི་ཆོས་ཀྱི་ནན་ཏ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལྷའི་བུ་ཕྱིར་གྱི་ལྡོག་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་ཡང་དག་པའི་ནན་ཏན་འདི་ལ་ཞུགས་པ་དང་། འཇུག་པར་འགྱུར་བ་དེ་དག ་ཤིནད་ཏུ་ལོག་པའི་ནན་ཏན་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན།། བཅོམ་ལྡན་འདས་ཤི་ནད་ཏུ་ཡང་དག་པའི་ནན་ཏན་འདི་ལགས་ཏེ།། ལོག་པའི་ལམ་དུ་ཞུགས་པ་རྣམས་ནི་ནན་ཏན་གང་ཡང་མ་མཆིས་སོ།། ཡང་དག ་པོའི་ལམ་ལ་གནས་པ་རྣམས་ལ་ཆོས་ཀྱི་ནན་ཏན་མཆིས་སོ།། ཡང་དག་པར་ཞུགས་པ་རྣམས་ལ་ནི་མྱི་མཉམ་པའི་ཆོས་གང་ཡང་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ ་པ་ཁྱད་པར་མ་མཆིས་པའོ།། དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས།། ལྷའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ་ཁྱོད་ནན་ཏན་འདི་ལ་ཞུགས་སམ།། སྨྲས་པ་ཚངས་པ་གལ་ཏེ་བཅོམ་ལྡན་འདྲ། ་ཀྱིས་ནན་ཏན་ལ་གཉིས་སུ་བཤད་པར་གྱུར་ད་ན།། བདག་ཀྱང་ན། ནཏན་འདི་ལ་ནན་ཏན་དུ་བྱེད་དོ།། ནན་ཏན་ནི་གཉིས་སུ་མྱེད་པ་སྟེ། དེ་ལ་གང་ནན་ཏན་བྱེད་པ་དང་། གང་ལ་ནན་ཏན་བྱེད་པ་དེ་ཡང ་མྱེད་དོ།། གང་ཡང་ནན་ཏན་དུ་བྱེད་པ་མྱེད་དོ།། འོན་ཀྱང་ཚངས་པ་བདེ་ཀ་ནི་ལྷག་པར་མྱི་བྱེད་པ་དང་། སྒོ་མྱི་འདོགས་པའི་ཕྱིར་རོ།། ནན་ཏན་འདི་ལ་ཞུགས་སོ།། ཆོས་ཉིད་ཇི་ལྟ་བར་ཆོས་ཀྱི་ནན་ཏན་ཡཱ ་དེ་བཞིན་ཏེ།། འདི་ནི་དེ་བཞིན་ཉིད་ལ་དེ་ལྟར་ཞུགས་ན། ཞུགས་པ་ཞེས་བྱའོ།། ཚངས་པས་སྨྲས་པ་ལྷའི་བུ་ཁྱོད་སངས་རྒྱས་ཀྱི་ཞིང་འདི་ནི་སྔོན་ངས་མ་མཐོང་ངོ་།། སྤྲས་པ་སངས་རྒྱས་ཀྱི་ཞིང་འདིས་ཀྱང་སྔོན ་བདག་མ་མཐོང་ངོ་།། སྨྲས་པ་ཚངས་པ་སངས་རྒྱས་ཀྱི་ཞིང་འདི་ནི་བལྟ་བའོ་ཞེ་འམ། མྱི་བལྟའོ་ཞེས་རྟོག་པ་འམ། རྣམ་པར་མྱ་རྟོག་པ་མྱེད་དོ།། སྨྲས་པ་ཚངས་བདག་སྔོདན་མཐོང་ངོ་།། ཞེ་འམ་སྔོན་མ ་མཐོང་ངོ་ཞེས་བདག་ཀྱང་མྱི་རྟོག་རྣམ་པར་མྱི་རྟོག་གོ།། སྤྲས་པ་ལྷའི་བུ་སྔོན་མ་མཐོང་བ་མཐོང་བ་སུ།། སྨྲས་པ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ནི། འཕགས་པའི་ངེས་པར་འཇུག་པ་སྔོན་མ་མཐོང་ངོ་།། ་ཚངས་པ་ནམ་ཡང་དག་པར་ངེས་པར་ཞུགས་པ་དེ་ནི། སྔོན་མ་མཐོང་བ་མཐོང་ངོ་།། ངེས་པ་དེ་ནི་མྱིག་གི་རྣམ་པར་ཤེས་པ་ཤེས་པ་མ་ཡིན་ནོ།། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི ་རྣམ་པར་ཤེས་པས་ཤེས་པར་བྱ་བ་མ་ཡིན་ཏེ། དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ།། མྱིག་གི་དེ་བཞིན་ཉིད་ཇི་ལྟ་བ་དང་། རྣ་བའི་དེ་བཞིན་ཉིད་ཇི་ལྟ་བ་དང་། སྣའི་དེ་བཞིན་ཉིད་ཇི་ལྟ་བ་དང་། ལྕེའི་དེ་བཞིན་ཉིད ་ཇི་ལྟ་བ་དང་། ལུས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དང་། ཡིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བལྟ་སྟེ། གང་དེ་ལྟར་མཐོང་བ་དེ་དག་ནི་ཡང་དག་པར་མཐོང་བའོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་ཀྱིས ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་དེད་དཔོན་ནོར་བུ་རིན་པོ་ཆེའི་གླིང་དུ་ཕྱི་ནད་པའི་མྱིག་སྔར་ནི། ནོར་བུ་རིན་པོ་འབའ་ཞི་ཀུ་གདའོ།། དེ་བཞིན་དུ་བཅོམ་ལྡན་འདས་སྐྱེས་བུ་དམ་པ་བསམ ་ཀྱིས་མྱི་ཁྱབ་པའི་ཆོས་རིན་པོ་ཆེ་དང་ལྡན་པ་རྣམས་ཅི་དང་ཅི་སྤོབས་པ་དེ་དག་གི་དེ་ཐམས་ཅད་ཆོས་རིན་པོ་ཉིད་དུ་སྤོབས་སོ།། དེ་ཉིད་ཡང་དག་པའི་མཐའ་ཡོངས་སུ་གསལ་བར་བགྱིད་པར་སྤོབས ་སོ།། འདི་ལྟར་དེ་དག་ལ་བདག་ཏུ་བལྟ་བ་མངོན་པར་ཆགས་པ་མ་མཆིས།། ཆོས་སུ་མངོན་པར་ཆགས་པ་མ་མཆིས། སེམས་ཅན་དུ་མངོན་པར་ཆགས་པ་མ་མཆིས་པའི་སླད་དུའོ།། དེའི་སླད་དུ་ཇི ་ལྟར་མ་ལོག་པ་དང་། ཕྱི་ནད་ཅི་མ་ལོག་པར་སྤོབས་པ་དེ་ལྟར་སྤོབས་སོ།། ཇི་ལྟར་སྔོན་གི་མཐའ་ཡང་སྤྱོད་པ་དང་། ཕྱི་མའི་མཐའ་ཡང་མྱི་དམྱིགས་པ་དང་། ད་ལྟར་བྱུང་བ་ཡང་དེ་ལྟར་མ་མཆིས་པ་དེ་ལྟར་སྤོབས་སོ།། ་ཇི་ལྟར་མ་མོས་པ་རྣམས་ཀྱང་མོས་པར་བགྱིད་ལ། མོས་པ་རྣམས་ཀྱང་རྣམ་པར་གྲོལ་བ་དེ་དེ་ལྟར་སྤོབས་སོ།། མངོན་པའི་ང་རྒྱལ་ཅན་རྣམས་ཀྱང་ཚར་གཅོད་པར་འགྱུར་ལ། ང་རྒྱལ་མ་མཆིས་པར་ཀུན་འཚལ་བ་ལན ་ལྗོན་པ་དེ་ལྟར་སྤོབས་སོ།། ཇི་ལྟར་བདུད་ཀྱིས་གླགས་རྙེད་པ་དེ་ལྟར་སྤོབས་སོ།། གང་དེ་ལྟར་ཉན་པ་དེ་དག་ཀྱང་བདུད་ཀྱི་ལས་ལས་འདས་པར་འགྱུར་རོ།། ཇི་ལྟར་དགེ་བའི་རྩ་བ་མ་སྐྱེས་པ་རྣམས་སྐྱེས་པ་དང་། ་དགེ་བའི་རྩ་བ་སྐྱེས་པ་རྣམས་ཅབ་མྱི་འཆལ་བ་དང་། ཉོན་མོངས་པ་སྐྱེས་པ་རྣམས་སྤོང་བ་དང་། མ་སྐྱེས་པ་རྣམས་ཀྱི་བསྐྱེད་པ་དེ་ལྟར་སྤོབས་སོ།། ཇི་ལྟར་བྱང་ཆུབ་སེམས་དཔའ་གོ་ཆ་མ་བགོས་པ་རྣམས་གོ་ཆ་འཚལ ་དང་། གོ་ཆ་བགོས་པ་རྣམས་ཕྱིར་མྱི་ལྡོག་པར་འགྱུར་བ་དེ་ལྟར་སྤོབས་སོ།། ཇི་ལྟར་དམ་པའི་ཆོས་མྱ་འཆད་ཅིང་། དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིད་པ་དེ་ལྟར་སྤོབས་སོ།། ཇི་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས ་སུ་རྫོགས་པར་འགྱུར་བ་དེ་ལྟར་སྤོབས་སོ།། བཅོམ་ལྡན་འདས་དེ་ལྟ་བུའི་སྤོབས་པས་ནི་མུ་སྟེགས་ཀྱི་གནས་ཐམས་ཅད་གཞོམ་པར་ནུས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཟ་ན་སེང་གེའི་སྒྲ་བརྗོད་པར་མྱི་ནུས། ་ན་རབ་ཏུ་སྒྲོགས་པར་ལྟ་ག་ལ་ནུས་ཏེ། བཅོམ་ལྡན་འདས་དེ་བཞིན་དུ་ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་བླ་ན་མྱེད་པའི་སེང་གེའི་སྒྲས་བཟོད་པར་མྱི་ནུས་སོ།། དེ་ནས་ལྷའི་བུ་ཕྱིར་མྱི་ལྡོག་པས་ལྷའི་དབང ་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཀེའུ་ཤི་ཀི་སེང་གེའི་སྒྲ་སེང་གེའི་སྒྲ་ཞེས་བྱ་བ་ཇིཙམ་གྱིས་མ་སེང་གེའི་སྒྲ་ཞེས་བྱ། སྤྲམ། བ་ལྷའི་བུ་ཆོས་གང་ལ་ཡང་མངོན་པར་མ་ཆགས་པར་བརྗོད་པ་དེ ་དག་ནི་སེང་གེའི་སྒྲ་ཡིན་ནོ།། གང་ལྟ་བ་ལྔ་མངོན་པར་ཆགས་པར་བརྗོད་པ་དེ་དག་སེང་གེའི་སྒྲ་མ་ཡིད་ཏེ། ཞྭའི་སྒྲའོ།། གང་ལྟ་བ་ཀུན་ཏུ་སྤོང་བ་སྟོན་པ་དེ་དག་ལ་སེང་གེའི་སྒྲ་མྱེད་དོ།། སྭའི་དབང་པོ་བརྒྱ ་བྱིན་གྱིས་སྨྲས་པ། ལྷའི་བུ་ཁྱོད་སེང་གེའི་སྒྲ་ཇི་ལྟ་བུ་ཡིན་པ་སྤོབས་པར་གྱིས་ཤིག། སྨྲས་པ་ཀོའུ་ཤི་ཀ་གང་དེ་བཞིན་གཤེགས་པ་ལ་ཡང་མངོན་པར་མ་ཆགས་པར་སྟོང་པ་ན་ཆོས་ངན་པ་གཞན་ལྟ་ཅི་སྨོས་ཏེ། དེའི་ཕྱིར ་སེང་གེའི་སྒྲ་ཞེས་བྱའོ།། ཡང་དག་པའི་ནན་ཏན་ནི་སེང་གེའི་སྒྲ་སྟེ། དེའི་ཕྱིར་སེང་གེའི་སྒྲ་ཞེས་བྱའོ།། འདི་ནི་འགྲོ་གཅིག་དུ་སྟན་པ་ཡིན་ཏེ། དེའི་ཕྱིར་སེང་གེའི་སྒྲ་ཞེས་བྱའོ།། འདི་ནི་མ་སྨག་པཱ་བསྟན་པ་སྟེ། དེའི་ཕྱིར་སེང་གེའི་སྒྲ་ཞེ་བྱའོ།། ཀཽ་\ུ྅་ཤི་ཀ་ག་ཆོས་ཐས ་མྱི་སྐྱེ་བ་དང་། མྱི་འགོག་པར་མྱི་འཐོབ་པར་བསྒོམ་པའི་ཕྱིར་ཆོས་སྟོན་པ་དེ་དག་ནི་སེང་གེའི་སྒྲ་ཡིན་ཏེ། གང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ཀུན་ཏུ་སྦྱོར་བ་དང་བྲལ་བར་བྱ་བའི་ཕྱིར་ཆོས་སྟོནད་པ་དེ་དག་ལ་སེང་གེ ་སྒྲ་མྱེད་དོ།། ཀོའུ་ཤི་ཀ་སེང་གེའི་སྒྲ་ཞེས་བྱ་བ་ནི་འདི་ལྟ་སྟེ། མགོ་གཅིག་ཏུ་བསྟནད་པ་ཆོས་ཐམས་ཅད་གང་ཟག་མྱེད་པ། བདག་མྱེད་པ་ཡིན་ནོ།། ཀེའུ་ཤི་ཀ་སེང་གེའི་སྒྲ་སེང་གེའི་སྒྲ་ཞེས་བྱ་བ་ནི་འདི་ལྟ་སྟེ། ་མགོ་གཅིག་ཏུ་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོནད་པ་མྱེད་པ་ཡོངས་སུ་བསྟན་པ་ནི།། སེང་གེའི་སྒྲའོ།། དམ་པའི་ཆོས་བསྲུང་བའི་ཕྱིར་ཚིག་སྨྲ་བ་ནི་སེང་གེའི་སྒྲའོ།། འདི་ལྟ་སྟེ་སེམས་ཅན་ཐམས ་ཅད་རབ་ཏུ་ཐར་ད་པར་བྱ་བའི་ཕྱིར་སངས་རྒྱས་སུ་གྱུར་ད་ཅིག་ཅེས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚིག་སྨྲ་བ་ནི་སེང་གེའི་སྒྲའོ།། ལོངས་སྤྱོད་རུང་བ་ལ་ཆོག་ཤེས་པར་སྨྲ་བ་ནི་སེང་གེའི་སྒྲའོ།། ཀོའུ་ཤཾ་ཀ་སེང་གེའི་སྒྲ་སེང་གེའི ་སྒྲ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགོན་པར་གནས་པ་དང་། ཡང་དག་པར་ལེ་ནད་པ་དང་། གཏོང་བ་སྔོན་དུ་འགྲོ་བ་ནི་སེང་གེའི་སྒྲའོ།། ཚུལ་ཁྲིམ་ས་ཡང་དག་པར་བླངས་པ་མྱ་འདོར་བ་ནི་སེང་གེའི་སྒྲའོ།། མཛའ ་བ་དང་མྱི་མཛའ་བ་ལ་སེམས་མཉམ་པ་ནི་སེང་གེའི་སྒྲའོ།། བརྩོན། བ་མྱི་འདོར་བ་ནི་སེང་གེའི་སྒྲའོ།། ཉོན་མོངས་པ་སྤོང་བ་ནི་སེང་གེ། འི་སྒྲའོ།། ཤེས་རབ་ཀྱིས་ཤིན་ཏུ་བརྟགས་པ་ནི་སེང་གེའི་སྒྲའོ།། ་སེང་གེའི་སྒྲ་བསྟནད་པ་འདི་བཤད་པོའི་ཚེ།། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་རྣམ་པ་དྲུག་དུ་གཡོས་སོ།། སིལ་བསྟན་བརྒྱ་སྟོང་མ་བརྡུངས་པར་སྒྲ་འབྱིན་ནོ།། འཇིག་རྟེན་རྣམས་སྣང་བ ་ཆེན་པོས་ཁྱབ་པར་གྱུར་ཏོ།། ལྷའི་བུ་བརྒྱ་སྟོང་ཨ་ལ་ལ་ཞེས་སྒྲ་འབྱིན་ཅིང་།། ཚིག་འདི་སྐད་ཅེས་སྨྲའོ།། ཨེ་མ་འོ་དེང་འདིར་ལྷའི་བུས་སེང་གེའི་སྒྲ་འདི་བསྒྲགས་པས། འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ ་ལན་གཉིས་བྱུང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ།། འཛུམ་པ་མཛད་པ་དང་།། ཆོས་ཉིད་ཀྱིས་འདི་ལྟར་གྱུར་ད་ཏེ།། ནམ་སངས་རྒྱས་བཅོམ་ལྡན་འཛུམ་པ་མཛད་པ་དེའི་ཚེ།། འོད་ཟེར་ཁ་དོག་སྣ་ཚོགས་འདི་ལྟ་སྟེ།། ཐར ་ཀ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་དང་། དངུལ་གི་ཁ་དོག་ལྟ་བུ་ཞལ་ནས་བྱུང་སྟེ། འཇིག་རྟེན་གི་ཁམས་མཐའ་ཡས་པ་ཁྱབ་པར་བྱས་ནས། ཚངས་པའི་འཇིག་རྟེན་གི་བར་དུ ་མངོན་པར་འཕགས་ཏེ། ཕྱིར་ལོག་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བར་བྱས་ནས།། བཅོམ་ལྡན་འདས་ཀྱི་སྤྱི་བོར་མྱི་སྡང་བར་གྱུར་པ་ཏོ།། ། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད ་བར་སེམས་ཀྱིས། ཚིགས་སུ་བཅད་པ་འོདདི་དག་གིས་མངོན་པར་སྟོང་ངོ་དོ།། ཡེ་ཤེས་ཀུན་མཆོག་ཕ་རོལ་དུ་ཕྱི་ནད་ཅིང་ཐུབ་པ་ཀུན་མཁྱེན་ཀུན་ཟིལ་གནོན་།། འདི་ལ་དུས་གསུམ་སེམས་ཅན་སྤྱོད་པ་སྣ་ཚོགས་ཅི་མཆིས ་ཁྱོད་ཀྱིས་མཁྱེནད།། གང་དེ་ཤིན་ཏུ་གྲོལ་བའི་གློ་ཡུལ་གང་ཡང་དེ་དག་བསམ་པ་རྣམས།། ལྷའི་གཙོ་བོ་ཀུན་མཁྱེན་འཛུམ་པ་མཛད་འདིའི་རྒྱུ་ནི་ལུང་བསྟན་གསོལ།། ཉན་ཐོས་ང་རྒྱལ་དགྲ་བཅོམ་དྲི་མྱེད་དེ་དག་གི་ཡང ་སྤྱོད་ཡུལ་མྱིན།། སངས་རྒྱས་ཡེ་ཤེས་བསམ་མྱི་ཁྱབ་ཅིང་མཐའ་དཔྲལ་ཁྱོད་ལ་ཆགས་པ་མྱེད།། ཁྱོད་ཀྱིས་སེམས་ཅན་གཞན་གི་སྤོང་སེམས་ག་ལ་ཅི་འདྲ་གཏམ་བརྗོད་མཁྱེན།། སྨྲ་མཆོག་ཐུབ ་དཀའ་ཚིག་དབང་འཛུམ་པ་མཛད་པའི་རྒྱུ་ནི་བསྟནད་པར་གསོལ།། འོད་འདི་ཤི་ནད་ཏུ་ཡིད་འོང་སྡུག་པ་དྲི་མྱེད་རབ་ཏུ་རྣམ་པར་མཛེས་ཉི་ཟླའི་འོད་དང་དེ་བཞིན་ཚངས་པ་དབང་པོའི་གཟི་ཡང་ཟིལ་གྱིས ་གནོནད།། དེ་བཞིན་འཁོར་ཡུལ་ཁྲག་ཁྲིག་རི་རབ་དག་ཀྱང་ཤིན་ཏུ་སྣང་བ་གྱིས་ན།། ཅི་སླད་ཁྱོད་ཀྱིས་མཛུམ་པ་མཛད་དེའི་རྒྱུ་ནི་རབ་ཏུ་བསྟནད་པར་གསོལ།། འདོད་ཆགས་ཞེ་སྡང་དྲེགས་ལས་བསྩོགས་པ་ཟུག་རྔུ ་བྲལ་ཞིང་རབ་ཏུ་ཞི།། འཇིག་རྟེན་ལྷ་མྱི་ལྟོ་ཕྱེའི་ཚོགས་བྱམས་བདག་པོ་ཁྱོད་ཞལ་ལྟ།། བདེ་གཤེགས་བལྟས་ཀྱང་མྱི་ངོམས་ལུས་ནི་རབ་ཏུ་སིམ་ཞིང་བདེ་བར་འགྱུར།། གང་གི་སླད་དུ་འཛུམ་པ་འདི་བསྟན་དུ་ཐུབ་པ་བདག ་ཅག་རྣམས་ལ་གསུངས།། ཁྱོད་ཀྱི་ཆོས་རྣམས་ནམ་མཁས་བུ་རྟག་ཏུ་བྱེད་མྱེད་གསོག་ཉིད་དང་། སྲོག་དང་སྤྲིན་འདྲ་སྒྱུ་མ་ལྟ་བུར་གསོབ་ཉིད་ལྦུ་བ་འདྲ་བ་དང་། རྨྱི་ལམ་མཐོང་དང་ཆང་བ་སྟོང་འདྲ་ནམ་མཁའ་ཆུ་ཟླ་ལྟ་བུར ་མཁྱེནད།། དགེ་བ་འཛུམ་མཛད་འདི་རྒྱུ་ནར་སྙན་གསུང་ནི་རབ་ཏུ་བརྗོད་པར་གསོལ།། འཛིན་དང་། རྟོག་དང་། རྣམ་རྟོག་ཀུན་དང་བྲལ་བས་སྟོང་པ་ཉིད་ལ་མོས།། བདག་པོ་ཤེས་བྱ་ཀུན་ལ་རྟོག་བྲལ་རྟག་ཏུ་མཚན ་མ་མྱེད་ལ་དགེས།། ཁྱོད་ནི་སྲིད་པ་གསུམ་འདིར་གང་ལ་ཡང་མྱི་སྨོན་བསམ་གཏན་ཏིང་འཛིན་དགྱེས།། གང་གི་སླད་དུ་འཛུམ་པ་བསྟན་མཛད་འདྲེན་པ་འདི་ནི་ལུང་བསྟནད་གསོལ།། སྐད་ལ་མྱི་ཆགས ་སྒྲ་དང་དབྱངས་དང་ཡི་གེ་དག་ལ་ཡང་དེ་བཞིན་ཏེ། འཇིག་རྟེནད་དུ་ཡང་ཆོས་སྟོན་བློ་གཙང་བདག་དང་ཆོས་ལ་ཡང་གནས་མྱི་མཛད།། འདུས་པ་སོ་སོར་གཤེགས་བདག་ཐ་དད་ཆོས་སྟོནད་སྙམ་དུ་འཛིན་།། ཡེ་ཤེས ་རྫུ་འཕྲུལ་དབང་པོ་སྟོབས་མཆོག་རྒྱས་པར་ཤེས་རབ་མཚུམས་མྱེད་གསུངས།། ཁྱོད་ནི་སྡུག་བསྔལ་ཀུན་སེལ་ནརྒ་ཤི་འཇོམ་སྨན་པའི་མཆོག་ལགས་ཏེ།། ཁྱོད་ནི་དཔའོ་བདུད་ཀྱི་སྟོབས་འཇོམས་མཐུ་བོ་ཆེའི་མཐུ་དང ་ལྡན།། ཁྱོད་ནི་སྐྱོབ་པ་དཔུང་གཉེན་འཇིག་རྟེན་དགོན་སྐྱབས་སྒྲོན་མ་སྣང་མཛད་པ།། ལྷ་མྱིན་ལྷ་དང་ཀླུས་མཆོད་མཛུམ་པ་མཛ་དྲ་བའི་རྒྱུ་གང་འདིར་བསྟན་གསོལ།། དེ་སྐད་ཅེས་གསོལ་པ་དང་། ་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐ། ད་ཅེས་བཀའ་སྩལ་ཏོ།། ཚངས་པ་ཁྱོད་ཀྱིས་ཕྱིར་མྱི་ལྡོག་པའི་ལྷའི་བུ་འདི་མཐོང་ངམ།། གསོལ་པ་བཅོམ་ལྡན་འདས་མཐོང་ངོ་། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཕྱིར་མྱི་ལྟོ་ག་པའི་ལྷའི་བུ་འདི་བསྐལ་པ་བརྒྱ་སྟོང་ཕྲག་སུམ་བཅུ་རྩ་གཉིས་ན། འཇིག་རྟེན་གི་ཁམས་ལེགས་པར་སྤྲུལ་ད་པ་ཞེས་བྱ་བར་བསྐལ་ར ་པ་ཚངས་པ་སྟོང་པ་ལ།། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པའི་སངས་རྒྱས་རིག་པ་དང་ཞབས་སུ ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེནད་པ།། བླ་ན་མྱེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མྱི་རྣམས་ཀྱི་སྟོནད་པ།། སངས་རྒྱས་བཅོམ་ལྡན་འདས་རི་རབ་སྒྲོན་མའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན ་དུ་འབྱུང་བར་འགྱུར་ཏེ།། དེའི་སངས་རྒྱས་ཀྱི་ཞིང་དེ་ཡང་བྱེ་དུ་རྒྱ་དང་།། འཛམ་བུའི་ཆུ་བོའི་གསེར་དང་། རིན་པོ་ཆེ་གཉིས་ཀྱི་གཞིར་འགྱུར་རོ།། དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་འབའ་ཞིག་འབྱུང་ངོ་།། བདུད ་དང་ཕྱིར་རྒོལ་བ་བཅོམ་ཞིང་དཔའོ་ཤ་དག་གོ།། སངས་རྒྱས་ཀྱི་ཞིང་དེ་ན་བཟའ་བ་དང་། བཏུང་བ་བསམས་པ་ཙམ་གྱིས་འབྱོར་ད་ཅིང་།། དགའ་ལྡན་གི་ལོངས་སྤྱོད་དང་འདྲ་བར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་ཚེ ་དཔག་ཏུ་མྱེད་ཅིང་ལྟུང་བའི་མྱེད་པའི་ཆོས་སྟོནད་པར་འགྱུར་རོ།། ཁྱད་པར་སེམས་ཀྱིས་སྨྲས་པ། ལྷའི་བུ་ཁྱོད་དེ་བཞིན་གཤེགས་པས་ལུང་བསྟན་ཏོ།། སྨྲས་པ་ཚངས་པ་བདག་ནི་དེ་བཞིན་ཉིད་དང་།། ཆོས་ཀྱི་དབྱིས ་ཇི་ལྟ་བ་བཞིན་དུ་ལུང་བསྟན་ཏོ།། སྨྲས་པ་ལྷའི་བུ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ནི་ལུང་མྱི་བསྟན་ཏོ།། སྨྲས་པ་ཇི་ལྟར་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ལུང་མྱི་བསྟནད་པ་བཞིན་དུ། བྱང་ཆུབ་སེམས་དཔ ་ཐམས་ཅད་ལ་ལུང་བསྟན་པ་ཡང་དེ་ལྟར་བལྟའོ།། སྨྲས་པ་ལྷའི་བུ་དེ་ལྟར་ཁྱོད་དེ་བཞིན་གཤེགས་པས་ལུང་བསྟན་པས་ན་ཁྱོད་སྔོན་གི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དྲུང ་དུ།། ཚངས་པར་སྤྱད་པ་ལ་གནས་པ་ནི་དོན་མྱེད་པ་མ་ཡིན་ནོ།། སྨྲས་པ་ཚངས་པ་གང་གནས་པ་མྱེད་པ་དེ་ནི་ཚངས་པར་སྤྱོད་པ་ལ། གནས་པའོ།། ལྷའི་བུ་ཇི་ལྟར་གང་ལ་གནས་པ་མྱེད་པ་དེ་ཚངས་པ ་སྤྱད་པ་ལ་གནས་པ་ཡཽན།། སྨྲས་པ་གང་ཁམས་སུམ་ལ་མྱི་གནས་པ་དེ་ནི་ཚངས་པར་སྤྱད་པ་ལ་གན་སོ།། བཏྤ་ལ་གང་ལྔ་ལས་གསུམ་གནཔ་དེ་མངས་ས་སུ་པ་ལ་གན་པ་ཡི་དོ།། གཞན་ལྔ་མངས་པ་བདག་ལ་ཀྱི་གངྒཱ་སེཾམ་ཅན་དག་ཐོག་དང་། གང་བཀ་ལ། མྱི་གནས་པ་དེ་ནི ་ཚངས་པར་སྤྱད་པ་ལ་གནས་པ་ཡིན་ཏེ། ཚངས་པ་མདོ་པར་གང་ཆོས་ཐམས་ཅད་ལ་མྱི་གནས་པ་དེ་ནི།། དེ་ནི་ཚངས་པར་སྤྱོད་པ་ལ་གྲངས་པའོ།། སྨྲས་པ་ལྔའི་བུ་ཚངས་པར་སྤྱད་པ་ལ་གནས་པ་ཞེས་བྱ་བ་དེ་གས ་གི་ཚིག་བླ་དགས་ཡིན། སྨྲས་པ་ཚངས་པར་སྤྱོད་པ་གནས་ཤེས་བྱ་བ་ནི།། ཚངས་པ་གཉིས་སུ་མྱེད་པའི་ལམ་ལ་རབ་ཏུ་གནས་པའི་ཚིག་བླ་དགས་སོ།། སྨྲས་པ་ལྷའི་བུ་ལམ་ལ་རབ་ཏུ་གནས་པ་ཡང་ནི་ལ་རབ་ཏུ ་གནས་པ་ཡིན། སྨྲས་པ་ཚངས་པ་ལམ་ལ་རབ་ཏུ་གནས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་རབ་ཏུ་གནས་པ་མྱེད་པའི་ཚིག་བླ་དགས་སོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་གནས་པ་མྱེད་པ་དང་། ལེན་པ་མྱེད་པ་དེ་ནི་རབ་ཏུ ་གནས་པའོ།། སྨྲས་པ་ལྷའི་བུ་ཇི་ལྟར་བསྒོམས་ན་ལམ་བསྒོམ་པ་ཡིན། སྨྲས་པ་ཚངས་པ་ཇི་ནས་ཀྱང་དངོས་པོ་དང་། དངོས་པོ་མྱེད་པར་མྱི་ལྟུང་བ་དང་། ཆོས་གང་ཡང་དངོས་པོར་ཡང་མྱི་བྱེད། དངོས ་པོ་མྱེད་པར་མྱི་བྱེད་པར་བསྒོམ་པ་སྟེ། དེ་ལྟར་བསྒོམ་ན་ལམ་བསྒོམ་པ་ལ་བརྩོན་པ་ཡིན་ནོ།། སྨྲས་པ་ལྷའི་བུ་གང་གྱིས་ལམ་བསྒོམ་པར་བྱ།། སྨྲས་པ་ཚངས་པ་མཐོང་བས་མ་ཡིན། ཐོས་པས་མ་ཡིན། དྲན་པས ་མ་ཡིན།། རྣམ་པར་རིག་པས་མ་ཡིན། ཐོབ་པས་མ་ཡིན།། མངོན་དུ་བྱ་བས་མ་ཡིན་ཏེ།། གང་ཆོས་ཐམས་ཅད་ལ་མྱི་བསྒོམ་པ་དེ་ནི་ལམ་བསྒོམ་པའོ།། སྨྲས་པ་ལྷའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་བརྩོན ་འགྲུས་ཀྱི་གོ་ཆ་སྲ་བ་བགོས་པ་ཞེས་བྱ།། སྨྲས་པ་ཚངས་པ་བྱང་ཆུབ་སེམས་དཔའ་གང་ལ་ཡང་གཅིག་པ་འམ། ཐ་དད་པར་ཡང་དག་པར་རྗེས་སུ་མྱི་མཐོང་བ་འདི་ནི།། བྱང་ཆུབ་སེམས་དཔ་བཅཝོ་འགྲུས ་ཀྱི་གོ་ཆ་སྲ་བ་བགོས་ཞེས་བྱའོ།། གང་ཆོས་ཀྱི་དབྱིངས་མའ། དྲིས་པའི་ཆོས་གང་ལ་ཡང་འབྱེད་པར་མྱི་བྱེད། སྦྱོར་བར་མྱི་བྱེད། དེ་ཆོས་ཀྱི་དབྱིངས་མ་གཏོགས་པར་ཀུན་ནས་ཉོན་མོངས་པ་དང་། ་རྣམ་པར་བྱང་བ་མྱི་མཐོང་བ་འདི་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་བརྩོམ་པའི་མཆོག་གོ།། གང་ཆོས་ཐམས་ཅད་ལ་བསལྡ་པ་དང་། གཞག་པ་མྱེད་པ་འདི་ནི་བརྩོན་འགྲུས་བརྩོམ་པའོ།། ཚངས་པ་གང་ལ་ལུས ་དང་ངག་དང་ཡིད་ཀྱིས་བརྩོན་པ་མྱེད་པ་འདི་ནི་བརྩོན་འགྲུས་བརྩོམ་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཕྱིར་མྱི་ལྡོག་པ་ལེགས་སོ་ཞེས་བྱ་བ་བྱིན་ནས།། ཚངས་པ་ཁྱད་པར་སེམས་ལ་བཀའ་སྩལ་པ།། ་ཚངས་པ་ལྷའི་བུ་འདི་ཇི་སྐད་སྟོན་པ་དེ་བཞིན་ནོ།། འདི་ནི་དེའི་བརྩོན་འགྲུས་བརྩོམ་པའི་མཆོག་སྟེ། གང་ལ་ལུས་ཀྱི་བརྩོམ་པ་ཡང་མྱེད། ངག་གི་བརྩོམ་པ་ཡང་མྱེད། ཡིད་ཀྱི་བརྩོམ་པ་ཡང་མྱེད་པ་འདི་ནི་བརྩོན་འགྲུས ་བརྩོམ་པའི་མཆོག་གོ།། ཚངས་པ་ངས་མངོན་པར་ཤེས་པ་འདས་པའི་དུས་ན།། སྦྱངས་པའི་ཡོན་ཏན་ཡོ་བྱད་སྦྱངས་པ་ཐམས་ཅད་ཡང་དག་པར་བླང་བའི་བརྩོན་འགྲུས་བརྩམས་ཀྱང་།། ང་དེ་བཞིན་གཤེགས་པ་དེ ་ངག་གིས།། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ།། དེ་བཞིན་དུ་བླ་མ་རྣམས་ལ་ལྟུང་བ་དང་། རིམ་གྲོ་བྱ་བ་དང་། དཀོན་པར་གནས་པ་དང་། མང་དུ་ཐོས་པ་དང་། སེམས་ཅན་རྣམས་ཀྱི་བྱབ། ་ཅི་ཡོད་ཅེས།། བྱ་བ་ལ་ཀུན་ཏུ་འགྲོ་བའི་བརྩོན་འགྲུས་བརྩམས་ཀྱང་དསུངས་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལུས་དང་། ངག་དང་། སེམས་ཀྱི་རྩོན་པ་ལ་རབ་ཏུ་གནས་པའི་ཕྱིར་རོ།། ཚངས་པ་ནམ་ང་ལྔའི ་བུ་འདིས་ཇི་སྐད་དུ་བསྟན་པའི་བརྩོན་འགྲུས་རྩོམ་པ་དེ་ལྟ་བུ་དང་ལྡན་པར་འགྱུར་བ་དེའི་འོག་ཏུ།། ང་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་མ། ཤག་ཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟནང་ཏོ།། ཚངས་པ་དེ་ལྟ་བས་ན་བྱང་ཆུབ་སེ། མས་དཔའ་ལུང་བསྟ་དད་པས་མྱུར་དུ་ཐོབ་པར་འདོད་པས།། བཅོམ ་འགྲུས་བརྩོམ་པ་འདི་ལྟ་བུ་འདི་ལྟ་སྟེ། ཆོས་ཐམས་ཅད་ལ་བརྩམ་པ་མྱེད་པའི་བརྩོན་འགྲུས་འདི་ལ་བརྩོམ་པར་བྱའོ།། གསོལ་། པ་བཅོམ་ལྡན་འདས་བཅོམ་པ་མ་མཆིས་པའི་བརྩོར་འགྲུས་དེ ་གང་ལགས། བཀའ་སྩལ་པ་ཚངས་པ་གང་དུས་གསུམ་མཉམ་པ་ཉིད་དང་ལྡན་པའི་བརྩོན་འགྲུས་བརྩོམ་པའོ།། གསོལ་པ། བཅོམ་ལྡ་ན་འདས་དུས་གསུམ་མཉམ་པ་ཉིད་དང་ལྡན་པའི་བརྩོན་འགྲུས་བཅོམ ་པ་གང་ལགས། བཀའ་སྩལ་པ། འདི་ལྟ་སྟེ། འདས་པའི་སེམས་ནི་ཟད། མ་འོངས་པ་ནི་མ་ཕྱིན། ད་ལྟར་བྱུང་བ་ལ་ནི་གནས་པ་མྱེད་ཅིང་མྱི་དམྱིགས་ཏེ། གང་ཟག་དེ་ནི་དམྱིགས་སུ་མྱེད་དོ།། གང་མ་ཕྱིན་པ་དེ་ནི་མྱི་སྐྱེ་བོའི ་མཚན་ཉིད་དོ།། དེ་བཞིན་དུ་གང་ད་ལྟར་བྱུང་བ་དེ་ཡང་ཆོས་ཉིད་ཀྱིས་མྱི་གནས་སོ།། ཆོས་ཉིད་གང་ཡིན་པ་དེ་ཡང་མ་སྐྱེས་པའོ།། གང་མ་སྐྱེས་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ ་ཡང་མ་ཡིན་ནོ།། གང་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་རང་བཞིན་ནོ།། རང་བཞིན་གང་ཡིན་པ་དེ་ནི་མ་སྐྱེས་པའོ།། ཚངས་པ་དུས་གསུམ་མཉམ་པ་ཉིད་དང་ལྡན་པ ་བརྩོན་འགྲུས་བརྩོམ་པ་དེ་ལྟ་བུ་འདི་ནི་ལུང་བསྟན་པ་མྱུར་ཏུ་ཐོབ་པར་བྱེད་དོ།། ཚངས་པ་བྱང་ཆུབ་སེམས་དཔའ་བཟོད་པ་དེ་ལྟ་བུ་དང་ལྡན་པ་ནི།། ཆོས་ཐམས་ཅད་གཏོང་བ་མྱེད་པའི་སྦྱིན་པ་ལ་མོས་སོ།། ་ཆོས་ཐམས་ཅད་སྲུང་བ་མྱེད་པའི་ཚུལ་ཁྲིམས་ལ་མོས་སོ།། ཆོས་པ་ཐམས་ཅད་རློམ་སེམས་མྱེད་པའི་བཟོད་པ་ལ་མོས་སོ།། ཆོས་ཐམས་ཅད་བརྩོམ་པ་མྱེད་པའི་བརྩོན་འགྲུས་ལ་མོས་སོ།། ཆོས་ཐམས་ཅད་མཉམ་པ ་ཉིད་ཀྱི་ཏིང་ངེ་འཛིན་ལ་མོས་སོ།། ཆོས་ཐམས་ཅད་རྣམ་པར་མྱི་རྟོག་པའོ་ཞེས་ཤེས་རབ་ལ་མོས་སོ།། དེ་དེ་ལྟར་མོས་པས་ལྷག་པར་མྱི་བྱེད། བྲི་བར་མྱི་བྱེད། བྱེད་པ་མ་ཡིན། རྣམ་པར་བྱེད་པ་མ་ཡིན་ནོ།། སྦྱིན་པ་ལྔ ་སྦྱིན་པར་བྱེད་ལ། དེ་ཡང་རྣམ་པར་སྨིན་པ་ལས་མྱི་རེ་བས་སོ།། ཚུལ་ཁྲིམས་ཀྱང་སྲུང་ལ།། དེ་ཡང་སྒྲོ་བཏགས་པ་མྱེད་པས་སོ།། བཟོད་པ་བསྒོམ་ལ་དེ་ཡང་ཕྱི་ནང་སྟོང་པ་ཉིད་ཀྱིས་སོ།། བརྩོན་འགྲུས ་ཀྱང་བརྩོམ་ལ། དེ་ཡང་ཡོངས་སུ་གྲུབ་པ་མྱེད་པས་སོ།། བསམ་ཀ། ཏན་ཡང་མཉམ་པར་གཞོལ་ལ། དེ་ཡང་གནས་པ་མྱེད་པས་སོ།། ། ཤེས་རབ་ཀྱང་བསྒོམ་ལ། དེ་ཡང་མཚན་མ་མྱེད་པས་སོ།། ཚངས ་པ་བྱང་ཆུབ་སེམས་དཔའ་བཟོད་པ་དེ་ལྟ་བུ་དང་ལྡན་པའོ།། བྱ་བ་ཐམས་ཅད་ཀྱང་སྟོན་ལ་བྱ་བས་ཀྱང་མྱི་གོས་སོ།། དེ་མྱི་གོས་པས་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཐོབ་ཅིང་། རྙེད་པས་ཀྱང་མྱི་འཕྲོགས ་རྙེད་པ་མྱེད་པས་ཀྱང་མ་ཡིན། བསྟན་པས་ཀྱང་མ་ཡིན། མྱི་སྙན་པས་ཀྱང་མ་ཡིན། སྨད་པས་ཀྱང་མ་ཡིན། སྟོང་པས་ཀྱང་མ་ཡིན། སྡུག་བསྔལ་བས་ཀྱང་མ་ཡིན། བདེ་བས་ཀྱང་མྱི་འཕྲོགས་སོ།། དེ་འཇིག་རྟེན་ནི། ་ཆོས་ཐམས་ཅད་ལས་རྣམ་པར་འདས་ཏེ། གཉིས་སུ་དམྱིགས་པའི་སེམས་དང་བྲལ་ཞིང་། གཉིས་སུ་མྱེད་པའི་ཆོས་རྟོགས་པའི་ཕྱིར། ཁེངས་པར་ཡང་མྱི་བྱེད། འདུད་པར་ཡང་མྱི་བྱེད། སྡུག་པར་ཡང་མྱི་བྱེད། ཁོང ་བར་ཡང་མྱི་བྱེད། གནོད་པར་ཡང་མྱི་བྱེད། ཀུན་ནས་གནོད་པར་ཡང་མྱི་བྱེད། རློམ་སེམས་སུ་ཡང་མྱི་བྱེད། བག་མྱེད་པར་ཡང་མྱི་བྱེད། ཀུན་ནས་བག་མྱེད་པར་ཡང་མྱི་བྱེད་དོ།། སེམས་ཅན་ཐམས་ཅད་ཡོངས་སུ ་སྦྱིན་པར་བྱ་བའི་ཕྱིར།། ལྟ་བ་གཉིས་སུ་ལྟུང་བའི་སེམས་ཅན་གི་དོན་དུ། སྙིང་རྗེ་ཆེན་པོ་བསྐྱེད་ནས།། ཆེད་དུ་བསམས་ན་སྲིད་པ་ཉེ་བར་ལེན་ཏེ། ཚངས་པ་གང་འདི་བདག་མྱེད་པའི་བཟོད་པ་རབ་ཏུ་ཐོབ་པས། སེམས་ཅན ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ།། སྐྱེ་བོ་ཡོངས་སུ་འཛིནད་པ་འདི་ནི་བརྩོན་འགྲུས་བརྩོམ་པའི་མཆོག་ཡིན་ནོ།། བརྩོན་འགྲུས་བརྩམས་པ་བསྟན་པ་འདི་བཤད་པའི་ཚེ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བརྒྱ་གྱི་སྐྱེ ་བའི་ཆོས་ལ་བཟོད་པ་སྐྱེས་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་མྱིང་གཅིག་ཏུ་དེ་བཞིན་གཤེགས་པ་བརྩོན་འགྲུས་བརྟན་པ་ཞེས་བྱ་བར་སངས་རྒྱས་ཀྱི་ཞིང་ཐ་དད་པ་དེར་བྱང་ཆུབ་མངོན་པར་རྫོགས ་པར་འཚང་རྒྱ་བར་འགྱུར་ལོ།། ཞེས་ལུང་བསྟན་ཏོ།། དེ་ནས་འ་འཁོར་དེར་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འདུག་པར་གྱུར་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་འདི་སྟེ་དཔེར་ན། ཀང་ཀླུ་ཆེན་པོ་དེ་དག་ནི་ཆར་འབེབས་ན་རྒྱ་མཚོ་ཆེན་པོར་འབེབས་ཏེ།། ས་ཕྱོགས་གཞན་དུ་མ་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་སྐྱེས་བུ་དམ་པ།། ཀླུ་ཆེན་པོ་དང ་མཚུངས་པ་འདི་དག་ཀྱང་ཆོས་ཀྱི་ཆར་འདི་འདྲ་བ་འདི་སྐྱེས་བུ་དམ་པ། མཚོ་ཆེན་པོ་བརྒྱ་མཚོ་ལྟ་བུ་འདི་དག་གི་རྒྱུད་ལ་འབེབས་ཏེ། སེམས་ཅན་གཞན་དག་ལ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་འོད་སྲུང་ཇི་སྐད་ཟེར་བ་དེ་བཞིན་ཡིན་མོད་ཀྱི། ཀླུའི་རྒྱལ་པོ་ཆེན་པོ་དེ་དག་ལ་ནི་གང་གི་ཕྱིར། འཛམ་བུའི་གླིང་འདིར་ན་བ་མྱི་འབེབས་པར་གྱུར་ད་པའི་སེར་སྣ་མྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། འཛམ་བུའི་གླིང་གིས་ཕྱོགས ་ཀྱིས་ཆར་པའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་དེ་དག་མྱི་བཟོད་དོ།། འོད་སྲུང་གལ་ཏེ་ཀླུ་ཆེན་པོ་དེ་དག་གིས་འཛམ་བུའི་གླིང་འདིར་ཆར་ཕབ་པར་གྱུར་ན། དེས་འཛམ་བུའི་གླིང་འདིའི་གྲོང་དང་། གྲོང་ཁྱེར་དང་བཅས། རི་དང ་བྲག་དང་རི་བོར་བཅས།། ཁོར་ཡུག་དང་། འོབས་སུ་བཅས་པ་འདི་ལྟ་སྟེ། སྔ་མའི་ཆུས་རྒྱ་ཤུག་གི་ལོ་མ་བཏེག་ནས་ཁྱེར་བར་འགྱུར་ཏེ།། དེ་བས་ན་ཀླུ་ཆེན་པོ་དེ་དག་འཛམ་བུའི་གླིང་འདིར་ཆར་མྱི་འབེབས་སོ།། ་འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་འདི་དག་ལ་ནི་གང་གི་ཕྱིར་སེམས་ཅན་དེ་དག་གཞན་ལ་ཆོས་ཀྱི་ཆར་ཆེན་པོ་མྱ་འབེབས་པར་འགྱུར་བའི་ཆོས་ཀྱི་སེར་སྣ་མྱེད་མོད་ཀྱི།། འོད་ཀྱང་དེ་དག་ཆོས་འདི་ལྟ།། ་བུ་དག་གི་སྣོད་དུ་མ་གྱུར་ཏོ།། དེ་ལྟ་བས་ན་སྐྱེས་བུ་དམ་པ་དེ་དག་རྒྱ་མཚོ་ལྟ་བུར་ཀློ་མཆོག་དང་ལྡན་པ།། དེ་དག་ལ་ཆོས་ཀྱི་ཆར་པ་ཆེན་པོ་འབེབས་སོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན། ཆར་པའི་རྒྱུན་ཤིང་རྟའི་སྲོག་ཤིང ་ཙམ་ཕབ་པ་དེ་དག་གིས་ཀྱང་། རྒྱ་མཚོ་ཆེན་པོ་བྲི་ལ་ཡཱ་བྱེད་གང་བ་ལྔ་བྱེད་དོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་བསྐལ་པ་རྒྱ་མཚོས་ཉན་ཏམ། འཆད་ཀྱང་ཆོས་གང་ཡང་བྲི་བ་འམ་གང་བར་མྱི་འགྱུར་རོ།། འདི་ལྟ་སྟེ། ་དཔེར་ན། རྒྱ་མཚོ་ཆེན་པོ་དེ་དེར་གླིང་ཆེན་པོ་བཞིའི་ཀླུང་སྣ་ཚོགས་ནས། ཀང་ཆུ་འབབ་པ་དེ་དག་ཐམས་ཅད་འདི་ལྟ་སྟེ། ལན་ཙའི་རོར་རོ་གཅིག་པར་འགྱུར་རོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ ་ངག་རྣམ་གྲངས་སྣ་ཚོགས་སུ་ཆོས་བསྟན་པ་བཤད་པ་དག་ཐོས་མ། ཐག་དུ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རོར་རོ་གཅིག་ཏུ་མོས་པར་འགྱུ། ར་རོ།། འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་དག་པ་གཙང་བ། ་དྲི་མ་མྱེད་པ། གསལ་བ།། རྙོག་པ་མྱེད་པ་ཡིན་ཏེ། ཆུ་རྙོག་པ་ཅན་མྱི་འཛིནད་ཏོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་། དག་པ་གཙང་བ། དྲི་མ་མྱེད་པ་གསལ་བ་སྟེ། གནོད་སེམས་དང་། ་ཞེ་སྡང་དང་། ཁྲོ་བ་དང་། ཁོན་དུ་འཛིནད་པའི་ཟ་བ་ཐམས་ཅད་མྱི་འཛིནད་ཏོ།། འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ནི་ཟབ་ཅིང་གཏིང་དཔག་དཀའོ།། དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་། ཆོས་ཀྱི་ཚུལ་ཟབ་མོ་ལ ་རབ་ཏུ་ཞུགས་ཤིང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་གཏིང་དཔག་དཀའོ།། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ནི། ཆུ་ཚད་མྱེད་ཅིང་རིན་པོ་ཆེའི་ཚོགས་དཔག་ཏུ་མྱེད་དོ།། འོད་སྲུང་དེ་བཞིན་དུ་སྐྱེ་བུ་དམ། ་པ་དེ་དག་ཀྱང་ཤེས་རབ་ཆད་མྱེད་ཅིང་། ཆོས་རིན་པོ་ཆེའི་ཚོགས་དཔག་ཏུ་མྱེད་དོ།། འོད་སྲུང་འདི་ལྟ་སྟེ། དཔེར་ན། རྒྱ་མཚོའ་ཆེན་པོ་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་དབྱིངས་སོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱ ་མངོན་པར་བསྒྲུབས་པ་སྣ་ཚོགས་ཀྱིས་ཆོས་རིན་པོ་ཆེ་ཚད་མྱེད་པའི་དབྱིངས་སོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན།། རྒྱ་མཚོ་ཆེན་པོའི་ནང་ནས་རིན་པོ་ཆེ་ཁ་གཅིག་རི་ན་ཏང་ཡོད་པ་དང་། ཁ་གཅིག་ནི་རིན་ཏང་མྱེད་པ་དང་། ཁ་ཅིག། ་འཆིང་བུ་ལྟ་བུ་དང་། རྣམ་པ་གསུམ་འབྱུང་སྟེ། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་སེམས་ཅན་གྱི་དབང་པོ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་ན་ཡང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ་གང་འོག་མ་ཐེག་པ་ཆེན་པོ་ལ་སེམས་ཀྱི་རྒྱུད་རྣམ་པར་གྲོལ་ལོ།། འོད་སྲུང་འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ནི་སེམས་ཅན་གཅིག་གི་དོན་དུ་མྱི་གནས་སོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དག་ཀྱང་། ་སེམས་ཅན་གཅིག་གི་དོན་དུ་བྱང་ཆུབ་ཏུ་སེམས་མྱི་བསྐྱེད་དོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན།། རྒྱ་མཚོ་ཆེན་པོ་ནི་ཐབས་ཀྱིས་གཞོལ། མཐར་ཀྱིས་བབ་པོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ ་དག་ཀྱང་། ཐམས་ཅད་མཁྱེནད་པ་ཉིད་དུ་གཞོལ།། ཐམས་ཅད།། མཁྱེནད་པ་ཉིད་དུ་བབ། ཐམས་ཅད་མཁྱེནད་པ་ཉིད་དུ་བབ་པའོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་ཤི་བའི་རོ་དང ་ལྷན་གཅིག་ཏུ་མྱི་གནས་སོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་དང་ལྷན་གཅིག་མྱི་གནས་སོ།། སེར་སྣ་དང་ངང་ཚུལ་ངན་པའི་སེམས ་དང་། གནོད་སེམས་དང་། ལེ་ལོའི་སེམས་དང་། བརྗོད་ངས་པ་དང་། འཆལ་པའི་ཤེས་རབ་ཀྱི་སེམས་དང་། ལྷག་གཅིག་མྱི་གནས་སོ།། བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་དང་། སྐྱེས ་བུར་ལྟ་བ་དང་། ལྷན་གཅིག་མྱི་གནས་སོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན། བསྐལ་པས་སྲེག་པར་གྱུར་ད་པའི་ཚེ། ཀླུང་དང་། ཆུ་བྲན་དང་། ཆུ་མྱིག་དང་། འཚེའུ་དང་། རྫིང་བུ་དང་། མཚོ་ཐམས་ཅད ་སྔར་སྐམས་པར་གྱུར་ད་ཏེ། ཕྱིས་རྒྱ་མཚོ་ཆེན་པོ་ཟད་ཅིང་སྐམས་པར་འགྱུར་རོ།། འོད་སྲུང་དེ་བཞིན་དུ་དམ་པའི་ཆོས་ནུབ་པར་འགྱུར་བའི་ཚེ། ཉེ་ཚེ་བར་སྤྱོད་པ་ཞུགས་པའི་སེམས་ཅན་ཐམས་ཅད་ཀྱི་དམ་པའི ་ཆོས་སྔར་ནུབ་པར་འགྱུར་ཏེ། ཕྱིས་སྐྱེས་བུ་དམ་པ་བློ་གྲོས་རྒྱ་མཚོ་ལྟ་བུ། སངས་རྒྱས་ཀྱི་ཐེག་པ་ཡང་དག་པར་འཛིན་པ་དེ་དག་གི་ལག་ནས་དམ་པའི་ཆོས་ནུབ་པར་གྱུར་ཏེ། ཡང་འོད་སྲུང་སྐྱེས་བུ་དམ་པརེ ་དག་ནི་སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད་ཀྱི།། དམ་པའི་ཆོས་ཡོངས་སུ་གཏོང་བར་མྱི་བྱེད་ན། འོད་སྲུང་སྐྱེས་བུ་དམ་པ་དེ་ལྟ་བུ་དེ་དག་གི་ལག་ནས། དམ་པའི་ཆོས་ནུབ་པར་འགྱུར་བ་ཡོད་དམ། དེ་དག་གི་དམ་པའི ་ཆོས་ནུབ་པར་ཁྱོད་ཀྱིས་ནུབ་པར་ཁྱོད་ཀྱིས་མྱི་བལྟའོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་འ་ཆེན་པོ་ནི་ནོར་བུ་རིན་པོ་ཆེ་རིན་པོ་ཆེ་ཐམས་ཅད་འདུས་པ་ཞེས་བྱ་བ་རྡོ་རྗེ་ཚོགས་ཀྱི་ནོར་བུ་ཆེན་པོ་ཞིག་ཡོད་དོ།། དེ་ཉི་མ་བདུན་ཤར་ནས ་ཚངས་པའི་འཇིག་རྟེནོ་གེ་བར་དུ་འོད་ཟེར་བྱུང་ཡང་། རིན་པོ་ཆེ་དེ་ཚིག་དཔར་མྱི་འགྱུར་རོ།། གང་འཇིག་རྟེན་གི་ཁམས་ཀྱི་བར་གི་སངས་རྒྱས་ཀྱི་ཞིང་གཞན་དག་ན། རྒྱ་མཚོ་ཆེན་པོ་ཡོད་པ་དེར། ནོར་བུ་རིན་པོ་ཆེ ་དེ་དེར་འཕོས་པར་འགྱུར་ཏེ། འོད་སྲུང་གང་ནོར་བུ་རིན་པོ་ཆེ་དེ་རྒྱ་མཚོ། ཆེན་པོ་གཞན་དུ་མ་འཕོས་པར་འཇིག་རྟེན་གི་ཁམས་འདིར་ཚིག་པ།། ར་འགྱུར་བ་དེ་ནི་གནས་མ་ཡིན་ཞིང་། གོ་སྐབས་མྱེད། དེ་ནི་གནས ་མྱེད་དོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་། དམ་པོའི་ཆོས་ཡོངས་སུ་ཟད་པར་གྱུར་ད་ཏོ།། འཇིག་རྟེན་གནས་པར་དམ་པ་མ་ཡིན་པའི་ཆོས་བདུན་བྱུང་བའི་ཚེ། སངས་རྒྱས་ཀྱི་ཞིང་གཞན་དུ ་འཕོའ་བར་འགྱུར་རོ།། བདུན་གོང་ཞེ་ན། འདི་ལྟ་སྟེ། མུ་སྟེགས་ཅན་གི་གནས་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དང་། ལོག་པའི་སྦྱོར་བ་དང་། གཅིག་ལ་གཅིག་འཚེ་བའི་སྦྱོར་བ་དང་། ལྟ་བར་གྱུར་ད་པའི ་ཐིབས་པོ་དང་། དགེ་བའི་རྩ་བ་འཇོམས་པར་བྱེད་པ་དང་། མ་ཐོབ་ཅིང་མངོན་པར་མ་རྟོགས་པ་སྟེ། དམ་པའ་མ་ཡིན་པའི་ཆོས་བདུན་པོ་དེ་དག་འཇིག་རྟེན་གནས་པར་འབྱུང་བ་དེ་ན། སེམས་ཅན་རྣམས་སྣོད་མ་ཡིན་པར ་ཤེས་ནས།། སྐྱེས་བུ་དམ་པ་དེ་དག་སངས་རྒྱས་ཀྱི་ཞིང་གཞན་དུ་འཕོ་བར་འགྱུར་ཏེ། སངས་རྒྱས་མཐོང་བ་དང་། དམ་པའི་ཆོས་མཉན་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དང་། དགེ་བའི་རྩ་བ་ཡོངས་སུ་བབ་པ ་དེང་ཡང་ཀྱི་བྲལ་བར་འགྱུར་རོ།། འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ལ་རྟེན་ཅིང་སེམས་ཅན་ཆད་མྱེད་པ་གནས་སོ།། འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཉེན་ཅིང་། སེམས་ཅན་ཆད་མྱེད་པ་དག་ཕུན ་གསུམ་ཚོགས་པ་གསུམ་ལ་གནས་སོ།། གསུམ་གང་ཞེན། ལྷའི་ཕུན་གསུམ་ཚོགས་པ་དང་། མྱིའི་ཕུན་སུམ་ཚོགས་པ་དང་། མྱ་ངན་ལས་འདས་པའི་ཕུན་གསུམ་ཚོགས་པའོ།། འོད་སྲུང་འདི་ལྟ་སྟེ། དཔེར་ན ་རྒྱ་མཚོ་ཆེན་པོ་ནི་སེམས་ཅན་གཞན་དག་གིས་བཏུང་བར་མྱི་ནུས་སོ།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་གི་གང་ཆོས་བསྟན་པ་དེ་དག་ཀྱང་། ཕ་རོལ་དུ་གི་རྒོལ་བ་རྣམས་ཀྱིས་བཏུང་བར་མྱི་ནུས་སོ།། འོད་སྲུ ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོའི་ནང་ན་སེམས་ཅན་གནས་པ་དེ་དག་མི། ཚུལ་བཞིན་གྱི་ཚོལ་ཆོས་ཀྱི་དེ་ཉིད་ལ་འཐུང་ངོ་།། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་། གཞན་གི་ངོ་བོར ་ལྟ་བས། ཆོས་ཀྱི་རོ་མྱ་འཐུང་གི་རང་འབྱུང་གི་ཡེ་ཤེས་ཀྱི་ཆོས་ཀྱི་རོ་འཐུང་ངོ་།། དེ་ནས་གནས་བརྟན་འོད་སྲུང་ཆེན་པོས། བཅོམ། ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཀྱི་རྒྱ་མཚོའི་ཆེན་པོའི་གཏིང་ངམ་ཚད་གཟུང་བར་ནུས་ཀྱི། ཉན་ཐོས་དང་། རང་སངས་རྒྱ་ས་དང་། ལྷ་དང་བཅས་པའི་འཇིག་རྟེན་གི་སྐྱེས་བུ་དམ་པ་དེ་དག་ཀྱི ་གཏིང་ངམ། ཚད་གཟུང་བར་མྱི་ནུས། དེ་བས་ན་སྐྱེས་བུ་དམ་པ་དེ་དག་སེམས་ཅན་ནམ་མཁའ་དང་མཚུངས་ཤེས་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་སྟོང་གསུམ་ཆེན་པོའི་འཇིག་རྟེན་གྱི ་ཁམས་གང་འགའི་ཀླུང་གི་བྱེ་མ་སྙེད་ཀྱི། རྒྱ་མཚོ་ཆེན་པོའི་རྣམས་ཀྱི་གཏིང་ངམ། ཚད་ནི་གཟུང་བར་ནུས་ཀྱི། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། ལྷ་དང་བཅས་པོའི་འཇིག་རྟེན་གིས། སྐྱེས་བུ་དམ་པ ་གློ་མཆོག་ལྟ་བུ་དང་། ལྡན་པ་དེ་དག་གི་གཏིང་ངམ།། ཚད་གཟུང་བར་མྱི་ནུས་སོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། ། ཇི་ལྟར་ཆོས་མྱི་ཤེས་པར་ཆུ་ཆེན་གཏེར། ་འབབ་ཆུ་ཐམས་ཅད་ཀུན་གྱི་ཆུ་ཚོལ་བ།། དེ་བཞིན་འདི་རྣམས་འདི་ལ་ཆོས་ཚོལ་ཀྱང་།། རྟག་པར་ཆོས་ཀྱིས་ཆོག་པར་འགྱུར་བ་མྱེད།། ཇི་ལྟར་ཇི་སྙེད་ཆུ་མང་རབ་བསྡུས་ཀྱང་།། འདི་ལ་རྒྱ་མཚོ ་འགྲིབས་ཤིང་གང་འགྱུར་མྱེད།། དམ་པའི་ཆོས་ཐོས་ནས་ཀྱང་ཆོས་ཀྱི་དབྱིངས།། ཤིན་ཏུ་འཕེལ་ཞིང་འགྲིབ་པར་མཐོང་བ་མྱེད།། ཇི་ལྟར་དྲི་མྱེད་རྒྱ་མཚོ་ཆུ་སྡུད་ཀྱང་།། རྙོག་པ་ཅན་གི་འབབ་ཆུ་དེར་མྱི་འབབ།། དེ ་བཞིན་ཐུབ་མཁས་སྤྱད་པ་སྤྱོད་པ་ཡང་།། དེ་དག་རྣམ་དག་ཉོན་མོངས་མྱི་སྡུད་དོ།། ཇི་ལྟར་རྒྱ་མཚོ་ཆེན་པོ་ལུས་ཆུང་བས།། ཟབ་ཅིང་གཏིང་ཡངས་པས་ན་མྱི་སྤོབས་པ།། དེ་བཞིན་ཡོན་ཏན་རྒྱ་མཚོ་ཡེ་ཤེས་ཀྱང་།། ་ཕ་རོལ་རྒོལ་བ་རྣམས་ཀྱིས་དཔག་མྱི་ནུས།། ཇི་ལྟར་རྒྱ་མཚོར་འབབ་པའི་འབྲབ་ཆུ་རྣམས།། རྣམ་པ་སྣ་ཚོགས་དག་ཀྱང་རོ་ག་དག་འགྱུར།། དེ་བཞིན་རྣམ་པ་སྣ་ཚོགས་ཆོས་ཐོས་ནས།། ་དེ་དག་རྣམ་པར་གྲོལ་བཱ་རོ་གཅིག་འགྱུར།། ཇི་ལྟར་ཆུ་འཛིན་རྒྱ། མཚོ་ཆེན་པོ་ནི།། སྐྱེ་བོ་གཅིག་གི་དོན་ཕྱིར་མྱི་གནས་ཏེ།། དེ། བཞིན་བྱང་ཆུབ་ཏུ་ཡང་ཞུགས་པ་དག། དེ་དག་འགྲོ་བ་ཀུན་ས ་ཕྱིར་ཞུགས།། ཇི་ལྟར་རྒྱ་མཚོ་རིན་ཆེན་དབྱིབས་ཡིན་ཞིང་།། དེ་ལ་གནས་ནས་ནོར་བུ་རིན་ཆེན་འབྱུང་།། དེ་བཞིན་རིན་ཆེན་འབྱུང་གནས་སེམས་ཅན་མཆོག། དེ་དག་ལས་ནི་རིན་ཅེན་གསུམ་འདིར་འབྱུང་།། ་ཇི་ལྟར་རྣམ་པར་མྱི་རྟོག་རྒྱ་མཚོ་ན།། རྟག་པར་རིན་ཆེན་རྣམ་པ་གསུམ་འབྱུང་སྟེ།། དེ་བཞིན་དེ་དག་ཆོས་རྣམས་བསྟོན་པ་དག། ཐེག་པ་གསུམ་གྱིས་སེམས་ཅན་དག་པར་འགྱུར།། ཇི་ལྟར་འབབ་པ་དང་ནི་འགྲམ ་ཉིད་ནས།། རྒྱ་མཚོ་ཆེན་པོ་མཐར་གྱིས་གཞོལ་བ་ལྟར།། དེ་བཞིན་སེམས་ཅན་མཆོག་རྣམས་ཀུན་མཁྱེན་གཞོལ།། སེམས་ཅན་རབ་ཏུ་དགྲོལ་ཕྱིར་རྟག་ཏུ་བརྩོན།། ཇི་ལྟར་རྒྱ་མཚོ་རོ་དང་མྱི་གནས་ཏེ།། ་དེ་དག་གི་ནི་མ་འདྲེས་ཆོས་འདི་ཡིན།། དེ་བཞིན་བྱང་ཆུབ་མཆོག་ལ་ཞུགས་པ་ཡང་།། དམན་པའི་ཐེག་པ་དང་ནི་གནས་མྱི་བྱེད།། ཇི་ལྟར་རྒྱ་མཚོ་ལས་བྱུང་རིན་ཅེ་ན་ནི།། རིན་ཆེན་སྡུད་ཅེ་བྱ་བ་སྲ་བསྔགས་པ།། ་བསྲེགས་པའི་བསྐལ་པ་བྱུང་ཡང་མྱི་ཚིག་སྟེ།། དེ་ཡང་འཇིག་རྟེན་འཇིག་འཚེ་གཞན་དུ་འགྲོ།། དེ་བཞིན་དྲི་མ་མྱེད་པའི་ཆོས་འཇིག་ཚེ།། བརྩོན་འགྲུས་མཆོག་ལྡན་དེ་དག་འབབ་ཅིང་འཛིན།། སྡོད་མྱིན་འཇིག་རྟེན ་ཆོས་མྱིན་འདོད་རིག་ནས།། མཁས་པ་རྒྱལ་བ་གཞན་གི་དྲུང་དུ་འགྲོ།། ནམ་ཞིག་བསྲེགས་པའི་སྐལ་བ་འབྱུང་འགྱུར་ཏེ།། ཆུ་བྱིག་མཚོ་དང་ལྟེང་ཀ་སྐམས་པར་འགྱུར།། རྒྱ་མཚོ་འདིར་ནི་ཕྱི་ནས་སྐམ་པར་འགྱུར ་སྟོང་གསུམ་ཆེན་པོ་འདི་ཡང་རབ་ཏུ་འཇིག། ཉེ་ཚེའི་སྤྱོད་པ་ཉེ་བར་གནས་པའོ།། འདི་ལ་མཆོག་ཏུ་བྱ་བའི་ཆོས་ནུས་པ།། དེ་ཚེ་འདིར་ནི་སེམས་ཅན་མཆོག་ཆོས་འདི།། ལུས་དང་སྲོག་ཀྱང་བོར་ནས་སྲུང་བར་བྱེད།། ་བདེ་གཤེགས་འདས་ནང་རྟག་པར་བག་མྱེད་པས།། དེ་དག་རྣམ་ས་ལ་ཆོས་འདི་མྱི་འཇིག་གོ།། དེ་ལྟར་དེ་རྣམས་བསམ་པ་རྣམ་པར་དག། ཆོས་ལ་གནས་ཤིང་སྤྱོད་པ་རྟག་པར་སྤྱོད། ཇི་ལྟར་རྒྱ་མཚོ ་སེམས་ཅན་ཚད་མྱེད་གནས།། སེམས་ཅན་གཅིག་གི་དོན་དུ་འམྱི། འདུག་པ།། དེ་བཞིན་འཇིག་རྟེན་ཐམས་ཅད་རྣམ་གྲོལ་ཞིང་།། གྲགས་པ་ཆེན་པོ་འདི་དག་ཏུ་འཇུག་པ།། འཇིག་རྟེན་ཁམས ་འདི་རྒྱ་མཚོ་ཇི་སྙེད་པ།། མ་ལུས་པར་ནི་ཚད་རྣམས་ཤེས་རུང་ཡང་རྒྱལ་བ་དེ་དག་ཀུན་གྱི་སྤྱོད་པ་ནི།། དགྲ་བཅོམ་རང་རྒྱལ་དག་ཀྱིས་ཤེས་མྱི་ནུས།། མ་ལུས་ཕྱོགས་ཀྱི་ནམ་མཁའི་དབྱིངས་རྣཾས་ཀྱང ་མཆོག་རྣམས་ཀྱིས་ཚད་གཟུང་ནུས།། སྲིད་ཀྱི་ནམ་མཁའ་བས་ཀྱང་ལྷག་པར་དེ་དག་གི།། ཡེ་ཤེས་ཚད་ནི་ནམས་ཀྱང་བཟུང་མྱི་ནུས།། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྟུལ་བརྟན་ཞིང་།། གང་དག་འཇིག ་རྟེན་མ་ལུས་གྲོལ་བའི་ཕྱིར།། རྒྱ་ཆེ་ཡངས་པའི་སེམས་རབ་གཞོལ་བྱས་པ།། འོད་སྲུང་དེ་དང་མཚུངས་མྱེད་ག་ལ་ལྷག། དེ་དག་རིན་ཅེན་འབྱུང་གནས་རྒྱ་མཚོ་འདྲ།། དེ་དག་བསོད་ནམས་ཡིད་ལ་བསོད ་ཤིང་།། དེ་དག་སྤྱོད་པའི་རྒྱལ་པོ་སྨན་པའི་མཆོག། སེམས་ཅན་ཡུན་རིང་ན་བ་ཐར་བར་བྱེད།། དེ་དག་གནས་ཡིན་སྐྱབས་དང་དཔུང་གཉེན་ཏེ།། སྐྱོབ་པ་སྨོན་པ་དེ་བཞིན་འོད་བྱེད་པ།། སྐྱེ་བོ་མདོངས་པ ་རྣམས་ཀྱི་མྱིག་བསྐྱེད་པ།། དེ་ཐོབ་པས་ནི་དེ་དག་བདུད་རྩི་ཐོབ་པར་འགྱུར།། དེ་དང་དེ་དག་ཆོས་ཀྱི་རྒྱལ་མཆོག་འབར།། དེ་རྣམས་བརྒྱ་བྱིན་དོན་མང་སེམས་པ་སྟེ།། ཚངས་པ་བསམ་གཏན་བཞི་ལ ་གནས་པ་ཡིན།། དེ་དག་ཚངས་པ་ཆོས་ཀྱི་འཁོར་ལོ་བསྐོར།། དེ་དག་དེད་དཔོན་མཁས་པ་འདྲེན་པ་སྟེ། ལོག་པའི་ལམ་དུ་གནས་ལ་ལམ་སྟོནད་པ།། དེ་དང་དེ་དག་བདུད་འཇོམས་དཔའ་བོ་སྟེ།། སེམས ་ཅན་དམ་པ་བྱང་ཆུབ་སྙིང་པོར་གནས།། དེ་དག་ཆོས་དཀར་ཚད་མྱེད་ཟླ་བ་བཞིན།། དེ་དག་འོད་ཟེར་མངོན་འཕགས་ཉི་མ་འདྲ།། སྤྲིན་ལྟ་བུར་ཡང་ཚད་མྱེད་བློ་གྲོས་ཞིང་།། འཇིག་རྟེན་གསུམ་ན་བདུད་རྩིའི་ཆར་པ ་འབེབས།། དེ་དག་སེང་གེའི་ལྟ་བུར་འཇིགས་སྐྱོན་མྱེད།། གླང་པོ་ཆེ་ལྟར་ཤིན་ཏུ་དུལ་བའི་སེམས།། དེ་དག་རི་རབ་རི་བོ་འདྲ་མཚུང་ངས་ཏེ།། དེ་དག་ཕ་རོལ་རྒོལ་བས་མྱི་ཐུབ་པོ།། དེ་དག་རྣམ་པར ་དང་བ་ཆུ་བཞིན་ཏེ།། རྟག་ཏུ་རྙེད་པར་དཀའ་བ་མྱེ་དང་འདྲ།། དེ་དག་རླུང་ལྟར་རྟག་ཏུ་ཆགས་མྱེད་ཅིང་།། ས་དང་འདྲ་བར་ཐ་བ་ར།། བ་ཏུ་སྤངས།། གནོད་སེམས་ང་རྒྱལ་ཐ་བ་ཕྲ་དོག་བྲལ་། ་དེ་ལྟར་རྩིའི་ཤིང་ལྟར་རྟོག་པ་མྱེད།། འཇིག་རྟེན་ཆོས་རྣམས་བརྒྱད་པོས་མགོསོ་ཤིང་།། དེ་དག་ཚུལ་ཁྲིམས་རྣམ་དག་པད་མ་བཞིན།། དེ་དག་ཨུ་དུམ་འབར་རའི་མེ་ཏོག་ལྟར།། དགེ་ཞིང་སྐལ་པ་བྱེ་བར ་སྒྲ་ཐོས་དཀའ།། དེ་དག་རྐང་གཉིས་གཙོ་ལ་བྱས་པ་གཟོ།། དེ་དག་སངས་རྒྱས་རིགས་ལ་གནས་པར་བརྩོན།། དེ་དག་སྙིང་རྗེ་ཆེ་ཞིང་རྟུལ་ཞུགས་བརྟན།། བྱམས་ལ་གནས་དང་དགའ་ཡ་མངོན་པར་འཕགས།། ་འདོད་པའི་ཡོན་ཏན་ལྔ་ལ་བཏང་སྙོམས་ཤིང་།། རྟག་ཏུ་རྒྱལ་བ་དག་གི་ནོར་རྣམས་ཚོལ།། དེ་དང་དེ་དག་སྦྱིན་པས་ཁྱད་པར་སོང་།། ཡེ་ཤེས་ཚུལ་ཁྲིམས་ལ་ཡང་རབ་ཏུ་གནས།། དེ་དག་བཟོད་པའི་སྟོབས་ཀྱིས ་གཅིག་ཏུ་དཔལ།། བརྩོན་འགྲུས་འཕགས་ཤིང་མཐུ་དང་ལྡན།། དེ་དག་བསམ་གཏན་མངོན་པར་ཤེས་ལ་མཁས།། དེ་དག་ཚད་མྱེད་ཞིང་དུ་འཕྲུལ་གིས་འགྲོ།། ཐུབ་པ་དམ་མཆོག་ལ་ཡང་ཆོས་ཉན་ཅིང་།། ་ཇི་ལྟར་ཐོས་པ་དག་ཀྱང་སྟོནད་པར་བྱེད།། ཇི་ལྟར་འདི་མོས་རྣམ་པར་གྲོལ་བ་ཡང་།། སྐྱེ་བོ་དག་གི་སྤྱོད་པ་དེ་དག་ཤེས།། ཇི་ལྟར་མོས་པ་མཁས་ཤིང་རྟོགས་པ་སྟེ།། ནན་ཏན་སྙིང་པོར་བྱེད་ཅིང་པུ་སྟེགས ་ཐོབ།། འདི་རྣམས་ཚོགས་པ་ལས་ནི་འོད་སྐྱེ་ཞེས།། དེ་དང་དེ་དག་ཆོས་ཀུན་རབ་ཏུ་ཤེས།། དེ་དག་རྐྱེན་ལ་མཁས་ཤིང་རྟོགས་པ་སྟེ།། མཐའ་གཉིས་ལྟ་བ་སྤངས་ཤིང་མཉམ་ལ་དགའ།། ཆོས་འདི་གང་ནས ་འོངས་ཤིང་གར་འགྲོ་ཞེས།། དེ་དག་ཆོས་ལ་ཚུལ་བཞིན་རྣམ་པར་ལྟ།། ཆོས་ཀུན་འོངས་པ་མ་ཡིན་བྱུང་བ་མྱིན།། གནས་པ་ཆོས་ཉིད་མཚུངས་པར་རབ་ཏུ་ཤེས།། ཇི་ལྟ་ཇི་ལྟར་འདུས་བྱས་རྫུན་དུ་མཐོང་།། དེ་ལྟ་དེ ་ལྟར་སྙིང་རྗེ་ཅན་དུ་འགྱུར།། མྱི་བདེན་ཉོན་མོངས་སྐྱེ་བོ་སྡུག་བསྔལ་ཏེ།། དེ་དག་ཐ་རད་པར་བྱ་ཕྱིར་སྤྱད་པ་སྤྱོད།། ང་དང་ངའི་ཞེས་ན་རྣམ་བརྟགས་ནས།། བྱིས་པ་མྱི་མཉམ་པ་ལ་བརྩོན་པས་སྤྱོད།། ་ཆོས་དེ་ཡང་དག་མ་ཡིན་ཤེས་ནས་ནི།། ལྟ་བ་སྤང་བའི་ཕྱིར་ནི་ཚེ། ས་ལ་སྤྱོད།། བདག་མྱེད་བདག་ཏུ་མྱི་སྡུག་སྡུག་པ་སྟེ།། སྡུག་བསྔལ་བདེ་བར་མྱི་རྟག་རྟག་པར་ཡང་། སེམས་ལོག་སོ་སོའི ་སྐྱེ་བོ་རྣམས་ལ་ནི།། འཁོར་བའི་སྔོན་གི་མཐའ་ཡང་ཡོད་མ་ཡྀ་ན།། དེ་དག་ལོག་པའི་སྦྱོར་བ་དེ་ཤེས་ནས།། འདི་ལ་སེམས་ཅན་མྱིང་དང་གང་ཟག་མྱེད།། གང་ལ་བདག་སྡུག་རྟག་བདེ་མྱེད་པའི ་ཡང་དག་སྦྱོར་ལ་ཡང་དག་རྣམ་པར་སྒོམ།། འོད་སྲུང་དེའི་ཡོན་ཏན་དེ་བརྗོད་པ།། སའི་རྡུལ་ཕྲན་དེ་བཞིན་ཕྱོགས་ཙམ་སྟེ། བྱང་ཆུབ་སེམས་དཔའ་ཡོངས་དག་སྤྱོད་ཡུལ་གང་།། དེ་དག་ཡེ་ཤེས་བསྔགས་པ་མཐའ ་ཡས་སོ།། སྟོང་གསུམ་འཇིག་རྟེནད་མཆོད་པ་ཅི་ཡོད་པ།། ཀུན་ཀྱིས་བྱང་ཆུབ་སེམས་དཔའ་དེ་ལ་མཆོད།། དེ་ལས་ལྷག་པར་ཡང་ནི་མཆོད་འོས་ཏེ།། རྒྱལ་བའི་ཐུགས་སྲས་དག་ནི་ཕྱིར་མྱི་ལྡོག།། གང་རྣམས ་སངས་རྒྱས་འགྱུར་བ་བརྩོན་ལྡན་པ།། དེ་དག་ཀྱིས་ནི་ང་དང་མ་བྱོན་དང་།། གང་ཡང་མྱ་ངན་པའི་རྒྱལ་བ་དང་། མ་ལུས་ཕྱོགས་བཞུགས་རིམ་འགྲོ་བྱས་པར་འགྱུར།། དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས་འཇམ་དཔལ ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཅི་ནས་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཕྱི་མའི་དུས་ཕྱི་མའི་ཚེ།། ལྔ་བརྒྱ་ཐ་མ་ལ་རབ་ཏུ་སྤྱོད་པ། ་དང་།། རྒྱས་པར་འགྱུར་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གསོལ་བ་ཐོབ་ཅིག། དེ་སྐད་ཅེས་སྨྲས་པ་དང་།། འཇམ་དཔལ་གཞོན་ནུར་གྱུར་པས།། ཚངས་པ་ཁྱད ་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ།། ཚངས་པ་འདི་སྙམ་དུ་སེམས།། ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་གང་དེ་བཞིན་གཤེགས་པས་བྱིན་གྱིས་རླབ་པར་བྱ་བའི་ཆོས་གང་ཡང་དེ་བཞིན་གཤེགས་པས་ཡོངས་སུ་བསྟན ་ཏམ།། སྨྲས་པ་འཇམ་དཔལ་དེ་ནི་མ་ཡིན་ནོ།། འཇམ་དཔལ་གྱིས་སྨྲས་པ།། ཚངས་པ་དེ་ལྟ་བས་ན། འདི་ལ་བརྗོད་པ་མྱེད་པས་ན་ཆོས་ཐམས་ཅད་བྱིན་གྱིས་མ་བརླབས་པ་སྟེ། དེ་ནི་ནུབ་པར་མྱི་འགྱུར ་ཞིང་སྲུང་བར་བྱ་བ་མ་ཡིན་ནོ།། ཚངས་པ་གང་ཆོས་ལ་ཡང་བྱ།། ན་གྱིས་རླབས་པར་འདོད་པ་དེ་ནི།། ནམ་མཁའ་བྱིན་གྱིས་བརླབ།། ས་པར་འདོད་དོ།། ཚངས་པ་བྱང་ཆུབ་སེམས་དཔའ་གང་ཆོས ་གང་ཡང་ཁས་ལེན་ན་དེ་ནི་ཆོས་སྨྲ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྨྲ་བ་ཐམས་ཅད་ལས་ཕྱིར་ལྡོག་པ་ནི་བརྩོན་པ་མྱེད་པ་ལྟུང་བར་མྱི་བྱེད་པ་ཡིན་ནོ།། སྨྲས་པ་བྱང་ཆུབ ་སེམས་དཔའ་གང་དག་འདི་སྙམ་དུ་འཁོར་འདིར་ཆོས་འདི་བསྟནང་ངོ་ཏོ།། སྙམ་དུ་སེམས་ན་དེ་དག་ལ་ཆོས་ལ་ཐོས་པ་མྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཐོས་པ་མྱེད་པ་ནི་ཆོས་ཐོས་པའོ།། སྨྲས་པ་འཇམ་དཔལ ་ཐོས་པ་མྱེད་པ་ནི་ཆོས་ཟློ་བའོ་ཞེས་བྱ་བ་ཇི་ལ་བསམས་ཏེ་དེ་སྐད་ཟེར།། སྨྲས་པ།། ཚངས་པ་མྱིག་དང་། རྣ་བ་དང་། སྔ་དང་། ལྕེ་དང་། ལུས་དང་། ཡིད་ཀྱིས་ཐོས་པ་མྱེད་པ་ནི། ཆོས་ཐོས་པའོ།། གང་སྐྱེ་མཆེད་དེ་དག་ནས ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་མྱ་འཛིནད་པ་དེ་དག་ནི་ཆོས་ཐོས་པའོ།། དེ་ནས་འཁོར་དེ་ནས་ལྷའི་བུ་སྟོང་ཕྲག་སུམ་བཅུ་རྩ་གཉིས་དང་། དགེ་སློང་ཕྲག་ལྔ་དང་། དགེ་སློང་མ་གསུམ་བརྒྱ་དང་། ་དགེ་བསྙེན་བརྒྱད་བརྒྱ་དང་། དགེ་བསྙེན་མ་བརྒྱད་བརྒྱ་དེ་དག་ཐམས་ཅད་ཀྱིས་འཇམ་དཔལ་གི་བསྟན་པ་འདི་ཐོས་ནས།། མྱི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་སྟེ།། ཚིག་ཀྱང་འདི་སྐད་དུ་འཇམ་དཔལ་དེ་དེ་བཞིན་ནོ།། ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཟོས་པ་མྱེད་པ་ནི་ཆོས་ཐོས་པའོ་ཞེས་འཛེ་རད་ཏོ།། དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས་བཟོད་པ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཀྱིས ་ཆོས་ཀྱི་རྣམ་གྲངས་འདི་ཐོས་སམ། སྨྲས་པ། ཚངས་པ་ཐོས་པ་མྱེད་པའི་ཚུལ་གྱིས་ཐོས་སོ།། སྨྲས་པ་ཁྱེད་ཀྱིས་ཆོས་ཀྱི་ནི་གྲངས་འདི་ཇི་ལྟ་བུར་ཤེས།། སྨྲས་པ་ཇི་ལྟར་ཤེས་པ་མྱེད་པ་དང་། རྣམ་པར་ཤེས་པ་མྱེད ་པ་དེ་ལྟར་རོ།། སྨྲས་པ་ཁྱེད་ཀྱིས་ཆོས་གང་རབ་ཏུ་ཐོབ་པར་བཟོ་དད་པ་རབ་ཏུ་ཐོབ་པར་གྱུར་ད།། སྨྲས་པ་ཆོས་ཐམས་ཅད་རབ་ཏུ་ཐོ། རབ་པའི་ཕྱིར་རོ།། སྨྲས་པ་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་རྟོགས ་པར་བྱ།། སྨྲས་པ་རྟོགས་པར་བྱ་བ་མྱེད་པའི་ཚུལ་གྱིས་སོ།། ། སྨྲས་པ་ཆོས་བསྟན་པ་འདི་ཁྱེད་ཀྱིས་མངོན་གསུམ་ཡིན་ནམ། སྨྲས་པ་ཆོས་ཐམས་ཅད་བདག་དང་གཞན་པའི་ཕྱིར་མངོན་གསུམ ་ཡིན་ནོ།། དེ་ནས་འཁོར་དེ་ཉིད་དུ་ལྷའི་བུ་དྲི་མ་མྱེད་པའི་རྟོག་ཅེས་བྱ་བ་འདུས་པར་གྱུར་པ་དེས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སོ།། ཚངས་པ་གང་ཆོས་ཀྱི་རྣམ་གྲངས་འདི་ལས་ཆུང་ངུ་ན ་ཉན་པར་གྱུར་ད་པ་དེ་དག། གལ་ཏེ་དེ་བཞིན་གཤེགས་པས་ལུང་མ་བསྟན་ཀྱང་ཁོ་བོས་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟནད་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་ཆོས་ཀྱི་རྣམ་གྲངས ་འདི་ནི་འབྲས་བུ་དང་ས་བོན་ཆུད་མྱི་གཟོན་པའོ།། འཕགས་པ་ཡང་དག་པར་ཞུགས་པ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བའོ།། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྐྱེད་པའོ།། བདུད་དང་ཕྱིར་རྒོལ ་བ་ཚར་གཅོད་པའོ།། བར་དུ་གཅོད་པ་ཐམས་ཅད་དང་བྲལ་བའོ།། དང་བ་བསྐྱེད་པར་བྱེད་པའོ།། དད་པ་དང་ལྡན་པ་རྣམས་དགའ་ཞིང་མགུ་བར་བྱེད་པའོ།། སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ཡོངས་སུ ་གཟུང་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ལྷ་དང་བཅས་པོའི་འཇིག་རྟེན་གི་ལེགས་པར་བསྲུངས་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་གཅིག་དུ་ངེས་པ་སྟེ།། ཕྱིར་མྱི་ལྡོག་པའོ།། ཆོས་ཀྱི་རྣམ་གྲངས ་འདིའི་བྱང་ཆུབ་ཀྱི་སྙིང་པོ་ལ་མྱི་སླུ་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བདེ་བའི་འབྱུང་གནས་སོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའོ།། ཆོས་ཀྱི་རྣམ་གྲངས་འདི ་ནི་འགྱོད་པ་རྣམས་ས་ལད་པར་བྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་འཕགས་པའི་ལམ་རྣམ་པར་སྦྱོང་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཐ་རད་པར་འདོད་པ་རྣམས་ཀྱི་ལེགས་པར་ཐོས་པའོ།། ཆོས་ཀྱི་རྣམ་གྲངས ་འདི་ནི་གཟུངས་འདོད་པ་རྣམས་ཀྱིས་ལེགས་པར་གཟུང་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་བསོད་ནམས་འདོད་པ་རྣམས་ཀྱིས་ལེགས་པར་ཏུ་བསྟནད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཆོས་འདོད་པ་རྣམས ་ཀྱིས་ལེགས་པར་བསྲུངས་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་མྱ།། ངན་ལས་འདས་པར་འགྲོ་བའི་ཕྱིར་གྲངས་མྱེད་པའོ།། ཆོས་ཀྱི་རྔ།། མ་གྲངས་འདི་ནི་ཕ་རོལ་དུ་རྒོལ་བ་དམྱིགས་པ་ཅན་གྱིས་མྱི་འཕྲོགས ་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་སྦྱིན་པར་འོས་པ་རྣམས་དང་འ་ཐུན་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་མཁས་པ་རྣམས་དགའ་བར་བྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ལྟ་བ་ངན་པ་དང་བྲལ ་བས་ཤེས་རབ་བསྐྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་གཏི་མུག་འཇོམས་པར་བྱེད་པས་ཡེ་ཤེས་བསྐྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཡི་གེའི་ཚིག་ངེས་པས་ཤི་ནད་ཏུ་ངེས་པའི་ཚིག་གོ།། ཆོས་ཀྱི་རྣམ་གྲངས ་འདི་ནི་འབྲུ་འབྲེལ་པས་ལེགས་པར་བསྟནད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་དོན་དམ་པར་ཡང་དག་པར་སྟོནད་པས་དོན་ཡང་དག་པར་བསྐྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་བརྗོད་པ་རྣམས་ཀྱིས་ཡོངས་སུ་མ ་བཏང་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཤེས་པ་དང་ལྡན་པ་རྣམས་ཀྱིས་མ་བོར་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ནོར་འདོད་པ་རྣམས་ཀྱི་གཏེར་རོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཀུན་ཏུ་གདུངས་པ་རྣམས་ཡོངསུ ་གདུང་བ་མྱེད་པར་བྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་བྱམས་པ་ལ་གནས་པ་རྣམས་ཀྱི་མཉམ་པ་ཉིད་སྐྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ལེ་ལོ་ཅན་རྣམས་ཀྱི་བརྩོན་འགྲུས་བསྐྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི། ་ནི་བརྗེད་ངས་པ་རྣམས་ཀྱི་བསམ་གཏན་བསྐྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཤེས་རབ་འཆལ་པ་རྣམས་ལ་སྣང་བར་བྱེད་པའོ།། ཚངས་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་ནི།། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤིན་ཏུ ་ལེགས་པར་གནས་སོ།། དེ་ནས་ལྷའི་བུ་དེས་ཆོས་ཀྱི་རྣམ་གྲངས་འདིའི་བསྔགས་པ་བསྟན་པ་མ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདི་རྣམ་པ་དྲུག་དུ་གཡོས་སོ།། བཅོམ་ལྡན་འདས་ཀྱིས་ཀྱང ་ལྷའི་བུ་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་། བཅོམ་ལྡན་འདས་ལྷའི་བུ་འདིས། སྔོན་གི་ཡང་དག་པར་རྫོགས ་པའི་སངས་རྒྱས་དག་ལས།། སྔོན་ཆོས་ཀྱི་རྣམ་གྲངས་འདི་ཐོས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཚངས་པ་ལྷན། བུ་འདིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་བཅུ་རྩ་བཞི་ལས ་ཆོས་ཀྱི་རྣམ་གྲངས་འདི་ཐོས་ཏེ། ཚངས་པ་ལྷའི་བུ་དྲི་མ་མྱེད་པའི་ཏོག་འདི་བསྐལ་པ་བརྒྱ་སྟོང་ཕྲག་བཞི་བཅུ་རྩ་གཉིས་ན། འཇིག་རྟེན་གི་ཁམས་རིན་ཅོན་ལྡན་དུ།། དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པ་ཞེས་བྱ་བར་འཛག ་རྟེན་དུ་འབྱུང་བར་འགྱུར་རོ།། གང་ཡང་དེའི་བར་དུ་སངས་རྒྱས་འབྱུང་བ་དེ་དག་ཐམས་ཅད་ལ་ཡང་མཉེས་པ་བྱེད་པར་འགྱུར།། བཀུར་བསྟི་བྱེད་པར་འགྱུར་ཏེ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཀྱི་རྣམ ་གྲངས་འདི་ཡང་ཟོས་པར་འགྱུར་རོ།། ཚངས་པ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་བཟོད་པ་རབ་ཏུ ་ཐོབ་པ་དེ་དག་ཐམས་ཅད། དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གི་ཁམས་རིད་ཅེན་ལྡན་དུ་སྐྱེ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལྷའི་བུ་དྲི་མ་མྱེད་པའི་ཏོག་གིས་འདི་སྐད ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་བདག་ནི་བྱང་ཆུབ་མྱི་འཚལ་ཏོ།། མྱི་སྨོན་མངོན་པར་མྱི་དགའ་མངོན་པར་མ་ཆགས། མྱི་དམྱིགས་མྱི་སེམས་མྱི་རྟོག་རྣམ་པར་མྱི་རྟོག་ན ་ཅིའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་ལུང་བསྟན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་འདི་ལྟར་སྐྱེས་བུ་ལ་ལ་ཞིག་གིས། བརྩ་དང་ཤིང་དང་། ཡལ་ག་དང་། ལོ་མ་དང་། འདབ་མ་དག་མྱེ་བཅུག ་ནས། འདི་སྐད་དུ་བརྫ་དང་། ཤིང་དང་། ཡལ་ག་དང་། ལོ་མ་དང་། འདབ་མ་དག་མ་ཚིག་ཤིག་ཅེས་སྨྲས་ན།། དེའི་དེའི་དབང་གིས་མྱི་ཚིག་པ་མ་ཡིན་ནོ།། ལྷའི་བུ་དེ་བཞིན་དུ་འདི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ ་སེམས་དཔའ་མྱི་དགའ། མངོན་པར་མ་ཆགས། མྱི་དམྱིགས་མྱི་འདོད། མྱི་སྨོན་མྱི་སེམས། རྣམ་པར་མྱི་རྟོག་ཀྱང་སངས་རྒྱས་ཐམས་ཅདྲ་ལུང་སྟོན་ཏེ། ལྷའི་བུ་འོན་ཀྱང་བྱང་ཆུབ་སེམས་དཔའ་གང་བྱང ་ཆུབ་ལ་མངོན་པར་མྱི་དགའ། མངོན་པར་མ་ཆགས། མྱི་དམྱི།། གས། མྱི་འདོད། མྱི་སྨོན། མྱི་སེམས། རྣམ་པར་མྱི་རྟོག། པ་དེ་ལ་དེ་བཞིན་གཤེགས་པ་རྣམས་ལུང་སྟོན་ཏོ།། དེ་ནས ་འཁོར་དེར་ལྷའི་བུ་ལྔ་བརྒྱ་ཙམ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་བྱང་ཆུབ་ལ་མངོན་པར་མྱི་དགའ།། མངོན་པར་མ་ཆགས། མྱི་དམྱིགས ་མྱི་འཚལ།། མྱི་སྨོན། མྱི་རྟོག་རྣམ་པར་མྱི་རྟོག་མ། ཅིའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ཅག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མྱི་བསྟནད།། དེ་ནས་སངས་རྒྱས་ཀྱི་མཐུས་སྟེང་གི་ཕྱོགས ་ན་སྟེང་གྲི་བར་སྣང་ལས་སངས་རྒྱས་སྟོང་ཕྲག་བརྒྱ་བཅུ་རྩ་བཞི་མཐོང་ཏེ། དེ་བཞིན་གཤེགས་པ་དེ་དག་གིས་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོནང་ཏེ།། དེ་ནས་བཅོམ་ལྡན་འདས ་ལ་ལྷའི་བུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་འདི་སྐད་དུ། བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ལ་མངོན་པར་མྱི་དགའ། མངོན་པར་མ་ཆགས།། མྱི་དམྱིགས ་གྱི་འདོད། མྱི་སྤོ་ནང་། མྱི་སེམས། མྱི་རྟོག་རྣམ་པར་མྱི་རྟོག་པ་དེ་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ།། ཞེས་ལེགས་པར་གསུངས་པ་དེ་ནི་ངོ་མཚར་ཏེ། བཅོམ་ལྡན་འདས་བདག་ཅག་གིས་སྟེང་གི་ཕྱོགས་ན།། སངས ་རྒྱས་སྟོང་ཕྲག་བརྒྱ་བཅུ་རྩ་བཞི་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་བདག་ཅག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟནང་ཏོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་འཛམ་བུའི་གླིང་འདིར་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པ་དང་། ཡུན་རིང་དུ་གནས་པར་འགྱུར་བ་དང་།། རིགས་ཀྱི་བུ་དང་། རིགས ་ཀྱི་བུ་མོ་གང་དག་གོ་ཆ་ཆེན་པོ་བགོས་པ་དག་གི་རྣ་ལམ་དུ་གདའ་བར་འགྱུར་པ་དང་།། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་རྣམས་ཀྱི་དབང་དུ་མཆི་བ་དང་། དེ་དག་བདུད་དམ། བདུད་ཀྱི ་རིས་ཀྱི་ལྷ་དག་གིས། ཆགས་རྙེད་པར་མྱི་འགྱུར་བ་དང་།། ཆོས་ཀྱི། རྣམ་གྲངས་འདིས་ཡོངས་སུ་བཟུང་ཞིང་།། གོ་ཆ་ཆེན་པོ་བགོས་ཏེ།། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་མྱི་ཉམས ་པར་བྱེད་ཀྱིས་རྦབ་པར་གསོལ།། ། བཅོམ་ལྡན་འདས་ཀྱིས་བཀའ་ས་ལ་ག།། འཇམ་དཔལ་དེ་བས་མཆོས་ཀྱི་རྔམ་གྲངས་འདི་བྱིན་གྱིས་རྦབ་པ་དང་། ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། ལྷ་དང་། ཀླུ་དང་། ་གནོད་སྦྱིད་དང་། དྲི་ཟ་དང་། ལྷ་མ་ཡིན་དང་དེ་ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་འབེབས་པ་ཞེས་བྱ་བའི་རིག་པ་དང་བསྔགས་ཀྱི་ཚིག་འདི་བཤད་ཀྱིས་ཉོན་ཅིག། རིག་པ་དང་བསྔགས་ཀྱི ་ཚིག་དེ་བཅས་པས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཆོས་སྨྲ་བ་དེ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཙཾ་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་རྣམས་ཀྱིས ་ཡོངས་སུ་བསྲུང་བ་རབ་ཏུ་འཐོབ་སྟེ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ལམ་འམ། ལམ་ལོག་པར་སོང་དམ། གཙུག་ལག་ཁང་དུ་སོང་ངམ། གནས་ཁང་དུ་སོང་ངམ། འཆག་པ་ལ་ཞུགས་སམ། འཁོར་གི ་རང་དུ་སོང་ཡང་རུང་སྟེ། སྲུང་བར་བྱེད་དོ།། སྤོབས་པ་སྐྱེད་པར་བྱེད་དོ།། དྲང་པ་དང་། བློ་གྲོས་དང་། རྟགས་པའི་སྤོབས་པ་བསྐྱེད་པར་ཉེ་བར་སྦྱོར་ཏེ། དེ་ལ་ཕ་རོལ་གི་རྒོལ་བ་འམ། ཕས་ཀྱི་དགྲ་གླགས་ཚོལ ་བ་དག་གིས་གླགས་རྙེད་པར་མྱི་འགྱུར་རོ།། དེ་དྲན་ཞིང་ཤེས་བཞིན་དུ་ལྡན་པར་འགྱུར། འཆག་པར་འགྱུར། འདུག་པར་འགྱུར། ཉལ་བར་འགྱུར་རོ།། འཇམ་དཔལ་དེ་ལ་རིག་པ་དང་སྔགས་ཀྱི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། ་ཨུད་དུ་རེ། དྷུ་དྷུ་རེ། མཊ་ཊེ། ཙད་ཎེ། མ་གོ་རཱ་ཙེ། ཤིལ་ལི།། ཧི་ལྀ་མ་ལི་ཐི་ལི། ཧུ་ལུ་ཧུ་ལུ་ཧུ་ལུ།། ཨེ་བད་ཊེ། བ་ཏེ་ཊ། ཁ་ཁ་རཱི། ཐེ་རེ། ཁ་ར་ཀེ། ཨ་སན་འཛ་ག་ཏི་མ་ཧི་ལི།། མཱ་ན་ཤ་ཏ། ནེ་མཱ་ན་སེ། བ་ར་ཀཱན་དྷེ། ་སརྦ་དཱ་རཱི། ར་བཱ་བ་ཀ་ཏེ། སིན་ཧཱུ་ལེ། ན་མོ་བུད་དེ་བྷུ། ཙ་རིད་དྭེ་ན་མོ་དྷར་མ་ཡ། ནིརྒ་ཏ་ནི། ན་མ་སང་གཱ་ཡ་། བ་ཧེ་ཏ། པཱ་པཱ་བྷྱ་བ་ཤཱན་ཏྲ་ཏི། སརྦ་པཱ་པཱ་ནི། མེའི་ཏྣེ་མཱཾ། སརྦ་བུད་དྷེ་བྷ། སད་ཏྱ་ནི་རྡེ་ཤོ་བྲམ ་རཱ་པཱ་ཐེ། མ་ཧ་རི་ཤི་བྷི། པྲཤྭ་སྟ། ཏད་ཏྲ་ཏཥྛ་ན་ཏེ། སརྦ་བྷུད་དྷ་གྲ་ཧེ། ན། མ་སརྦ་བུདྷེ་བྷྱ། སིད་ཧྱན། ཏུ་མེ་མན་ཏྲ་པ་ད་ས་ཧཱ།། ། འཇམ་དཔལ་རིག་པ་དང་སྔགས་ཀྱི་ཚིག་འདི།། བྱང་ཆུབ་སེམས་དཔའ ་གང་ཆོས་ཀྱི་རྣམ་གྲངས་འདི་ལ་བརྩོན་པ། རྟག་ཏུ་ཤེས་བཞིན་དང་ལྡན་པ། མྱི་རྒོད་པ་ཁེངས་པ་མྱེད། སེམས་མ་གཡེངས་པ་ཀུན་ཏུ་སྤྱོད་པ་གཙང་བ།། སྩོགས་པ་དང་བྲལ་བ། ཆོག་ཤེས་པ་བས ་མཐའི་གནས་ལམ་ལ་མངོན་པར་དགའ་བ། འདུ་འཛི་ཉུང་བ་ལུས་དང་སེམས་དབེན་པ། བྱམས་པ་དང་སྙིང་རྗེ་ལ་མངོན་པར་དགའ་བ་དང་། ཆོས་ལ་དགའ་ཞིང་མོས་པ་བདེན་པའི་ཚིག་ལ་རབ་ཏུ་གནས།། མྱི་སླུ་བ་ནང་དུ་ཡང ་དག་པར་འཇོག་ལ།། མངོན་པར་དགའ་བ།། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྩོན་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བྲལ་བ།། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ལ་མངོན་པར་དགའ་བ། རྙེད ་པ་དང་མ་རྙེད་པ་ལ་སེམས་མཉམ་པ། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ། འཁོར་བས་འཇིགས་ཤིང་སྨག་པ། སྡུག་པ་དང་མྱི་སྡུག་པ་ལ་སེམས་མཉམ་པ། འདུ་ཤེས་སྣ་ཚོགས་དང་བྲལ་བ། ལུས ་དང་སྲོག་འདོར་བ། དངོས་པོ་ཐམས་ཅད་ལ་མྱི་ལྟ་བ། སྤྱོད་པ་དང་ཆོ་ག་ཕུན་གསུམ་ཚོགས་པ།། ཚུལ་ཁྲིམས་དང་སྡོམ་པ་ལ་མངོན་པར་དགའ་བ།། བཟོད་པ་དང་ངེས་པ་མང་བ། ངན་དུ་ཟེར་བའི་བཟོད་པའི་རང་བཞིན་ཅན།། ་བརྩོན་འགྲུས་བརྩམས་པ།། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་ཅེས་བྱ་བ་ལ་བརྩོན་པ།། བཞིན་མཛུམ་པ་ཁྲོ་གཉེར་དང་བྲལ་བ། སོང་པོར་སྨྲ་བ་ང་རྒྱལ་བཅོམ་པ། ངེས་པ་འགྲོགས་ན་བདེ་བ། དེ་ལྟ་བུའི་སྤྱོད་པ ་ཁ་རབ་ཏུ་གནས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་འཇམ་དཔལ་སྔགས་ཀྱི་ཚིགསའདི་རབ་ཏུ་གདོན་པར་བྱའོ།། འཇམ་དཔལ་དེ་ལྟར་ན། ཆོས་སྨྲ་བ་དེའི་ཚེ་འདི་ཉིད་ལ་སྟོབས་བསྐྱེད་པ་བཅུ་རབ་ཏུ་འཐོབ་པོ།། ་བཅུ་གང་ཞེ་ན། མྱི་མཇེད་པའི་ཆོས་ཉིད་པས་དྲན་པའི་སྟོབས་བསྐྱེད་པ་དང་། ཆོས་རབ་ཏུ་འབྱེད་པ་ལ་མཁས་པས་བློ་གྲོས་ཀྱི་སྟོབས་བསྐྱེད་པ་དང་། མདོ་སྡེའི་ཚུལ་ཁོང་དུ་ཆུད་པས། རྟོགས་པའི་སྟོབས་བསྐྱེད་པ ་དང་། སྡོམ་དང་སྤྱོད་པ་མྱི་གཏོང་བས། དང་པའི་སྟོབས་བསྐྱེད་པ་དང་། བདག་དང་གཞན་སྲུང་བ་པོ་ཆ་ཤེས་ཤིང་ཁྲེལ་ཡོད་པའི་སྟོན། ས་བསྐྱེད་པ་དང་། ཤེས་རབ་ཡོངས་སུ་རྫོགས་པས་ཐོབ་པའི ་སྟོབས་བསྐྱེད་པ་དང་། ཐོས་པ་ཐམས་ཅད་ཡོངས་སུ་འཛིན་པས། གཟུངས་ཀྱི་སྟོབས་བསྐྱེད་པ་དང་། སངས་རྒྱས་ཀྱི་བྱིན་གྱིས་ཡོད་ས་སུ་བཟུང་བས།། སྤོབས་པའི་སྟོབས་བསྐྱེད་པ་དང་། མངོན ་པར་ཤེས་པ་ལྔ་རབ་ཏུ་ཐོབ་པས། ཟབ་མོའི་སྟོབས་བསྐྱེད་པ་དང་། མྱུར་དུ་ཐམས་ཅད་མཁྱེནང་པོའི་ཡེ་ཤེས་ཡོངས་སུ་རྫོགས་པས། མྱི་སྐྱེ་བའི་ཆོས་ལ་བཟོད་པ་བསྐྱེད་པ་སྟེ། འཇམ་དཔལ་སྤྱོད་པ་ཞུགས་པའི་ཆོས ་སྨྲ་བ་གང་། རིག་པ་དང་བསྔགས་ཀྱི་ཚིག་རབ་ཏུ་འདོནང་པོ་འདི་ནི་སྟོབས་བསྐྱེད་པ་དེ་བཅུ་རབ་ཏུ་འཐོབ་པར་འགྱུར་རོ།། རིག་པ་དང་། སྔགས་ཀྱི་ཚིག་བསྟན་པ་འདི། བཅོམ་ལྡན་འདས་ཀྱིས་བཤད་པའི་ཚེ། རྒྱལ་པོ་ཆེན་པོ། ་བཞི་སྐྲག་ཅིང་བ་སྤུ་ལངས་པར་གྱུར་ཏེ། གཡོག་བརྒྱ་སྟོང་ཕྲག་དུ་མ་དང་། བཅོམ་ལྡན་འདས་ཀ་ལ་བ་དེར་དོང་སྟེ་ཕྱིནད་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས ་བཅོམ་ལྡན་འདས་ལ་འདི་སྐད་རྨེགསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་པོ་འདི་དག་ནི། རྒྱུན་ཏུ་ཞུགས་པ་དེ་བཞིན་གཤེགས་པའི་བཀའ་བསྒྲུབ་པར་བགྱིད་པ་སྟེ། ་གཉེན་བཤེས་དང་བཅས། འཁོར་དང་བཅས། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཆོས་སྨྲ་བ་དང་། ཆོས་སྟོནད་པ་གང་མདོ་སྡེ་འདི་ལྟ་བུ་འདི་འཆང་བ་དང་། ཀློག་པ་དེ་དག་ལ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ ་ཆེན་པོ་བཞིས་བསྲུང་བ་དང་། བསྐྱབ་པ་དང་། སྤ་བར་བགྱིའོ།། དེ་དག་གྲོང་ངམ། གྲོང་ཁྱེར་རམ། ལྗོངས་སམ་ལྗོངས་ཀྱི་ཕྱོགས་གང་ན་གནས་ཀྱང་རུང་སྟེ། ཁྱིམ་པ་འམ།། རབ་ཏུ་བྱུང་བ་ཡང་རུང་།། བཅོམ ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་སྟོབས་དང་བཅས།། འཁོར་དང་བཅས་པས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གི་རིམ་འགྲོ་བགྱི་བ་བདག་ཅག་སྤྲོའོ།། བསྲུང་བ་དང་། བསྐྱབ་པ་དང ་སྦ་བ་དང་། སྤོབས་པ་གཞན་གྱིས་གནོད་པར་མྱི་བགྱི་ཞིང་། མྱི་ག། ཙེ་བར་བགྱི་བའི་སླད་དུ་བདག་ཅག་སྤྲོའོ།། བཅོམ་ལྡན་འདས་ས་ཕྱོགས་གང་ན། ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པར ་འགྱུར་བའི་ས་ཕྱོགས་དེར། དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་དུ་ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། གྲུལ་བུམ་གྱིས་གླགས་མྱེ་རྙེད་དོ།། དེ་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་ཚིགས ་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།། བདག་ལ་བུ་དང་གཉེན་བཤེས་དང་། བྲན་དང་འཁོར་རྣམས་ཅི་མཆིས་པ། དེ་དག་བདག་ཅག་གྲོགས་བཅས་པས།། བདག་པོ་དེ་དག་རིམ་འགྲོ་བགྱིསོ།། དེ་ནས་རྒྱལ་པོ། ་ཆེན་པོ་མྱུག་མྱི་བཟང་གྱིས། ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།། བདག་ནི་ཆོས་ཀྱི་རྒྱལ་པོའི་སྲས།། ཆོས་ལས་སྐྱེས་པ་ཆོས་ཀྱི་སྤྲུལ་ད།། ཁྱོད་ཀྱིས་སྲས་གང་བྱང་ཆུབ་ཏུ་ཞུགས་པ་དེ་དག་རིམ ་འགྲོ་བགྱི།། དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གིས། ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་གསུངས་པའི་མདོ་སྡེ་འདི་གང་དག་འཛིནད་པར་འགྱུར་བ་རྣམས།། དེ་དག་ཕྱོགས་བརྒྱ ་རྣམས་སུ་ཡང་བདག་གིས་ཀུན་ཏུ་བསྲུང་བར་བགྱི།། དེ་ནས་རྒྱལ་པོ་རྣམ་ཐོས་ཀྱི་བུས།། ཚིགས་སུ་བཅད་པ་འདི་སྐད་གསོལ་ཏོ།། གང་དག་བྱང་ཆུབ་ཕྱིར་བརྩོན་པ།། དེ་ལ་ཅི་འདྲ་འོས་པའི།། དེ་འདྲའི་མཆོད། ་པ་བགྱི་བར་ནི།། སེམས་ཅན་ཀུན་གྱིས་མྱི་ནུས་སོ།། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་བདེན་པའི་ཟླ་བ་ཞེས་བྱ་བ་དེས། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གདུགས་གསོལ་ནས། ་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་ལས་བདག་ཉིད་ཀྱིས།། ཆོས་ཀྱི་རྣམ་གྲངས་བཟུང་བར་བགྱི།། ཕ་རོལ་ལ་ཡང་བསྟན་པར་བགྱི།། བདག་གི་བསམ་པ་དེ་འདྲའོ།། ་བཅོམ་ལྡན་འདས་ཀྱིས་བདག་སེམས་དང་།། སྔོན་གི་སྤྱོད་པ་ཅི་འདྲ་མཁྱེན།། ཇི་ལྟར་བདག་གི་སེམས་དུད་པ།། བདག་ནི་འཇིག་རྟེན་རྣམ་འདྲེན་འགྱུར།། སངས་རྒྱས་དཔག་མྱེད་བསྐྱོབ ་པ་ལ།། བདག་གིས་གདུགས་འདི་ཕུལ་བ་ཡིས།། བདག། ནི་ཐུབ་པ་ཁྱོད་འདྲ་བར།། སྤྲི་གཙུགས་ལྟར་ཡང་མྱི་ཀ་དང། འགྱུར།། སངས་རྒྱས་སྐྱེས་བུ་དམ་པ་ཡང་།། བདག་གིས ་བྱམས་པས་བལྟས་པ་ཡིས།། ཡོངས་སུ་དག་པའི་མྱིག་ཐོབ་སྟེ།། རྒྱལ་བ་མ་ཕམ་ལྟ་བར་བགྱི།། ཡེ་ཤེས་ཕ་རོལ་ཕྱི་ནང་པའོ།། སྟོན་པས་དེ་ནས་ལུང་བསྟནད་ཏེ།། ཁྱེད་ནི་དེ་ནས་ཕྱི་དུས ་ན།། དགའ་ལྡན་དུ་ཡང་སྐྱེ་བར་འགྱུར།། དགའ་ལྡན་ནས་ནི་འཆི་འཕོས་ནས།། རྒྱལ་བ་བྱམས་པ་མཐོང་བར་འགྱུར།། བསྐལ་པ་སྟོང་ཕྲག་ཉི་ཤུར་ནི།། མཆོད་པར་བྱས་ནས་འབྱུང་བར་འགྱུར ་ཁྱོད་ནི་རབ་ཏུ་བྱུང་ནས་ཀྱང་།། ཚངས་པར་སྤྱད་པ་རབ་སྤྱོད་དེ།། བསྐལ་པ་བཟང་འདིར་གང་འབྱུང་བ།། བདག་པོ་དེ་དག་མཐོང་བར་འགྱུར།། ཐམས་ཅད་ལ་ཡང་མཆོད་བྱས་ཏེ།། ཚངས ་པ་སྤྱད་པ་སྤྱད་ནས་ནི།། བསྐལ་པ་བྱེ་བ་དྲུག་བརྩོན།། དེ་ནིས་ཁྱོད་ནི་སངས་རྒྱས་འགྱུར།། སངས་རྒྱས་ཞིང་ནི་ལེགས་བརྒྱན་པ།། རིན་ཅེན་གདུགས་ཤེས་བྱ་བར་ནི།། བྱང་ཆུབ་སེམས་དཔའ་ཤ་དག་ལ ་ཁྱོད་ནི་ཆོས་རྣམས་སྟོནད་པར་འགྱུར།། ཚེའི་ཚད་ནི་བསྐལ་པར་འགྱུར།། སེམས་ཅན་རྣམས་ལ་ཕན་པའི་ཕྱིར།། མྱ་ངན་ལས་འདས་པའི་དམ་པའི་ཆོས་ཀྱང་།། མ་འདྲེས་སྐལ་བ་ཕྱེད་དུ་ཀམ ་དེ་ནས་བཅོམ་ལྡན་འདས་ལ་ལྷོའི་དབང་པོ་བརྒྱ་བྱིན་གཡོག་བརྒྱ་སྟོང་ཕྲག་དུ་མ་དང་བཅས་པས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་སྨྲ་བ་མདོ་སྡེ་འདི།། ཚངས་པ་དེ་དག་བསྲུང་བ་དང་། ་ཡོངས་སུ་བཟུང་བར་བགྱིའོ།། བསྙེན་བཀུར་དང་རིམ་འགྲོ་ཡང་བགྱིའོ།། གང་ན་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་འམ།། ཀློག་པ་དེ་དང་ཅི་ནས་ཀྱང་ཆོས་སྨྲ་བ་དེའི་སྟོབས་དང་།། མཐུ་དང་ཆོས་ཀྱི་མཚམས ་སྦྱོར་བ་སྤོབས་པར་འགྱུར་བར་བདག་འཁོར་དང་བཅས་ཏེ་ཆོས་ཉནད་དུ་མཆིའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་བུ་སྦེད་བྱེད་ཅེས་བྱ་བདེས།། དོ་ཤལ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ།། དེ་བཞིན ་གཤེགས་པ་ལ་ཕུལ་ནས།། ཚིགས་སུ་བཅད་པ་འདི་དག་གསོ།། ལད་ཏོ།། ཐུབ་པ་བདག་འདིར་མངོན་གསུམ་སྟེ།། ཇི་ལྟར་ཁྱོ། ད་ཀྱིས་སྔོན་སྤྱད་པ།། དེ་བཞིན་བདག་ཀྱང་སངས་རྒྱས། ཡེ་ཤེ ་ཚོལ་བས་བསྒྲུབ་པར་བགྱི།། ཁྱོད་ཀྱིས་སྔན་ཅད་མ་གསལ་ཅིང་།། ཡོངས་སུ་མ་བཏང་ཅི་མ་མཆིས།། བདོག་པ་ཐམས་ཅད་གཏོང་བའི།། བདག་ཀྱང་རྗེས་སུ་བསླབ་པར་བགྱི།། ཁྱོད་ཀྱི་མདོ་སྡེ་འདི་ཡང་ནི།། ་འཇིག་རྟེན་མགོན་ལས་མངོན་དུ་བླངས།། ཡང་དང་ཡང་ནི་བཤད་པར་བགྱི།། བདག་པོ་ཁྱོད་ལ་བགྱིས་པ་བཟོ།། མདོ་སྡེ་འདི་ལ་སུ་དགའ་བ།། དེ་དག་བདག་གི་སྟོན་པ་འདྲ།། བདག་ནི་སངས་རྒྱས་ཆོས་ཚོལ ་བས།། དེ་ལ་རྟག་ཏུ་རིམ་འགྲོ་བགྱིད།། དམ་པའི་ཆོས་རྣམས་ཡོངས་སུ་བསྲུང་བ།། མགོན་པོ་ཉན་ཐོས་མྱི་ནུས་ཏེ།། ཕྱི་དུས་འཇིགས་པ་ཆེན་པོའི་ཚེ།། བདག་གིས་ཡོངས་སུ་བསྲུང་བར་བགྱི།། མགོན ་པོ་བདག་ཀྱང་དབུགས་དབྱུང་གསོལ།། ལྷ་རྣམས་ཐེ་ཙོམ་གཅོད་དུ་གསོལ།། ཐུབ་པ་ཁྱུད་མཆོག་ཁྱོད་འདྲ་བར།། ཇི་སྲིད་ཡུན་གྱིས་གྲུབ་པར་འགྱུར།། ཀུན་མཁྱེན་ད་ཡེ་ཤེས་མཁས་པའི།། བདེ་བར་གཤེགས ་པས་དེ་ལུང་བསྟན།། ང་ནི་ཅི་འདྲ་དེ་འདྲ་བར།། ཁྱོད་ཀྱང་རྫོགས་པའི་སངས་རྒྱས་འགྱུར།། བསྐལ་བ་བྱེ་བ་སྟོང་ཕྲག་དང་། བསྐལ་ད་བ་བྱེ་བའི་བརྒྱའི་ཚེ།། འཇིག་རྟེན་དུ་ནི་སངས་རྒྱས་འགྱུར།། མྱིང་ནི་ཡེ་ཤེས་འབྱུང ་ཞེས་བྱ།། བྱང་ཆུབ་ཞི་བ་ཐོབ་ནས་ཀྱང་།། བདུད་རྣམས་རབ་ཏུ་བཏུལ་ནས་ནི།། སེམས་ཅན་བྱེ་བ་ཕྲག་སྟོང་དང་།། བྱང་ཆུབ་ལ་ཡང་འཀོད་པར་འགྱུར།། དེ་ནས་མྱེ་མཇེད་ཀྱི་བདག་པོ་ཚངས་པས།། བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་བདག་བསམ་གཏན་ལ་གནས་པ་ཡང་བཏང་སྟེ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་རྣམ་གྲངས་འདི་ཡང་དག་པར་སྟོནད་པ ་དེ་ལ་ཆོས་ཉན་དུ་མཆིའོ།། དེ་ཅིའི་སླད་དུ་ཞེ་ན། བརྒྱ་བྱིན་དང་། ཚུངས་པ་ནི་འདི་ལས་སྐྱེས་ཏེ།། བཅོམ་ལྡན་འདས་བདག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ལ་བསྙེན་བཀུར་ད།། རིམ་འགྲོ་བཀྱེ་བར ་སྤྲོའོ།། དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་རིམ་འགྲོ།། བགྱི་བ་དང་།། མཆོད་པར་འོས་པ་ལགས་སོ།། དེ་ནས་ཚང། ས་པ་མྱི་མཇེད་གི་བདག་པོས། བཅོམ་ལྡན་འདས་ལ་ཚིགས་སུ ་བཅད་པ་འདི་སྐད་ཅེས་གསོལ་ཏོ།། དགེ་སློང་དང་ནི་དགེ་སློང་མ་དགེ་བསྙེན་དང་ནི་དགེ་བསྙེན་མ།། གང་རྣམས་མདོ་སྡེ་འདི་འཛིནད་པ།། སྐྱེ་བོ་ཀུན་གྱི་མཆོད་རྟེན་ཏེ།། གལ་ཏེ་མདོ་སྡེ་འདི་ལ་ནི།། ་སེམས་ཅན་གཅིག་འགའ་བཙུད་ན་ཡང་།། འགྲོ་བའི་འགོན་པོ་བདག་སྤྲོ་བ།། ཆོས་སྨྲ་བ་ནི་དེ་དག་ལ།། ཁྲི་བསྟན་གང་ལ་མ་མཆིས་ཏེ།། མདོ་སྡེ་འདི་ནི་རབ་སྟོན་པར།། ཚངས་པ་འཇིག་རྟེན་མན་ཆད་དུ། ་མེ་ཏོག་བཀྲམ་པ་བདག་སྤྲོའོ།། གང་གི་ལག་ནས་མདོ་སྡེ་འདི།། ཕྱི་མའི་དུས་ན་ཐོས་པར་འགྱུར་བ།། དེ་ལ་ཨ་ལ་ལ་ཞེས་ནི།། ལེགས་སྨྲས་ལེགས་ཞེས་བརྗོད་པར་བགྱི།། གང་ནི་མདོ་སྡེ་འདི་མཆིས། ་པར།། མྱེའི་ཕུང་པོས་གང་བའི།། བྱེ་མ་སྙེད་ཀྱི་ཞིང་རྒལ་ནས།། སྐྱོ་མྱ་འཚལ་བར་མཆིས་པར་བགྱི།། རིན་ཅེན་ཕུང་པོ་རི་རིབ་ཙམ།། དགའ་བཞིན་དུ་ནི་ཕུལ་ནས་ཀྱང་།། སངས་རྒྱས་ཀྱི་ཡང་ལམ་སྦྱོང་བ ་མདོ་སྡེ་འདི་ནི་མཉན་པར་བགྱི།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ།། རྫུ་འཕྲུལ་མངོན་པར་འདུ་བྱ་བ་འདི་ལྟ་བུ་མཛད་དེ།། རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཇི་ལྟ་བུས་མངོན་པར་འདུ་བྱ ་བས།། བདུད་སྡིག་ཅན་དཔུང་གི་ཚོགས་བཞི་དང་།། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ།། ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས།། འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་བདག་ཅག་དཔུང་དང་བཅས།། གཡོག་དང་བཅས་པ། འདི་དག་དེ་བཞིན་གཤེགས་པའི་སྤྱ་དར་དམ་བཅས་སྟེ།། གང་ན་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པར་འགྱུར་བའི་ལྗོངས་ཀྱི་ཕྱོགས་དེར་ཆོས་ཉམ ་བ་དང་། ཆོས་སྨྲ་བ་དག་ལ་བདུད་ཀྱི་ལས་མྱི་བགྱིད་པའི་སྟེང་དུ་བ་སྲུང་བ་དང་། བསྐྱབ་པ་དང་། སྦ་བར་ཡང་བབྱེའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་གསེར་གི་ཁ་དོག་ལྟ་བུས།། སངས་རྒྱས ་ཞིང་འདི་ཁྱབ་པར་མཛད་དེ།། འཇམ་དཔལ་གཞོན་ནུར་གྱུ། རང་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་འདི། ལྟ་སྟེ།། སྐྱེས་བུ་དམ་པའི་ཆོས་ཡོངས་སུ་འཛིན་པ་དེ་དག་གི་དམ ་པའི་ཆོས་ཡོངས་སུ་གཟུང་བར་བྱ་བའི་ཕྱིར།། ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་སོ།། འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ཡུན་ཇི་སྲིད་དུ་འཛམ་བུའི་གླིང་འདིར་སྤྱོད་པར ་འགྱུར་བ་ཡུན་རིང་དུ་དམ་པོའི་ཆོས་ནུབ་པར་མྱི་འགྱུར་རོ།། དེ་ནས་འཁོར་དེ་དག་ཐམས་ཅད་དགའ་མགུ་ཡིད་རངས་རབ་ཏུ་དགའ་རངས་ཡིད་བདེ་བར་གྱུར་དེ་ནས། སྤོས་ཐམས་ཅད་དང་། འཕྲེང་བ་ཐམས་ཅད་དང་། ་བྱུག་པ་ཐམས་ཅད་དང་། མེ་ཏོག་ཐམས་ཅད་དང་། ཕྱེ་མ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ནས།། ཚིག་ཀྱང་འདི་སྐད་དུ། ཨེ་མའོ།། ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་ན་ཡུན ་རིང་དུ་གནས་པ་དང་།། རྒྱས་པར་གྱུར་ཅིག་ཅེས་མཛེར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་ངམ། ་གསོལ་པ་བཅོམ་ལྡན་འདས་བདག་གིས་གཟུང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀུན་དཀའ་བོ་དེ་ལྟ་བས་ན། ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། བཅང་བ་དང་། ཀླག་པ་དང་། ཡང་དག་པར་ར་། ་ཏུ་བསྟནང་པའི་ཕྱིར།། ཁྱོད་ལ་ཡོངས་སུ་གཏད་དོ།། གསོལ་པ། བཅོམ་ལྡན་འདས་གང་ཆོས་ཀྱི་རྣམ་གྲངས་འཛིནད་ཏམ། འཆང་ངམ། ཀློག་གམ། གཞན་དག་ལ་སྟོན་ཏམ། ཡི་གེར་བྲིས་པ་ལ་མཆོད་པ ་བགྱིད་ན། དེས་བསོད་ནམས་ཇི་ཙམ་ཞིག་བསྐྱེད་པར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ། ཡི་གེ་དང་ངེས་པའི་ཚིག་ཇི་སྙེད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་དེ་སྙེད་ཀྱི། དེ་བཞིན་གཤེགས་པ་དགེ ་སྲོང་གི་དགེ་འདུན་དང་བཅས་པ་ལ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས།། བསྙེན་བཀུར་བྱས་པ་བས།། གང་ཆོས་ཀྱི་རྣམ་གྲངས་འདི་འཛི་ནད་པ་དང་། བཟུང་ནས་ཀྱང་གཞན་ལ་སྟོནད་པ་དང་། ཀློག་པ་དེ་ནི ་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དོ།། ཀུན་དགའ་བོ།། གང་གིས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་དུ་བྲིས་ཏེ། མཆོད་ན་དེ་ཚེ་འདི ་ཉིད་ལ་གཏེར་ཐོབ་པ་བཅུ་འཐོབ་པོ།། བཅུ་གང་ཞེ་ན། སངས་རྒྱས་ཀྱི་སྤྱན་རབ་ཏུ་ཐོབ་པས། སངས་རྒྱས་མཐོང་བའི་གཏེར་དང་ལྷའི་རྣ་བ་རབ་ཏུ་ཐོབ་པས། ཆོས་ཉན་པའི་གཏེར་དང་། ཕྱིར ་མྱི་ལྡོག་པའི་དགེ་འདུན་རབ་ཏུ་ཐོབ་པས་དགེ་འདུན་མཐོང་བའི་གཏེར་དང་། རིན་པོ་ཆེའི་ལག་པ་རབ་ཏུ་ཐོབ་པས། ཟླ་མྱི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དང་།། མཚན་དང་དཔེའ་བྱད་བཟང་པོ་ཡོངས་སུ་རྫོགས ་པས་གཟུགས་ཀྱི་གཏེར་དང་།། གཡོག་མྱི་ཕྱེད་པས། གཡོག་གི་གཏེར་དང་། གཟུངས་རབ་ཏུ་ཐོབ་པས་ཐོས་པའི་གཏེར་དང་། སྤོབས་པ་རབ་ཏུ་ཐོབ་པས། དྲན་པའི་གཏེར་དང་། ཕ་རོལ་གི་རྒོལ་བ་ཚར ་གཅོད་པས། མྱི་འཇིགས་པའི་གཏེར་དང་། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བས། བསོད་ནམས་ཀྱི་གཏེར་རོ།། ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། བྱང་ཆུབ་སེམས ་དཔའ་ས་ཡ་ཁྲག་ཁྲིག་ཕྲག་བདུན་བཅུ་རྩ་གཉིས་མྱི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་པ་ཏོ།། སེམས་ཅན་དཔག་ཏུ་མྱེད་པ་བྱང་ཆུབ་ལ་རབ་ཏུ་ཞུགས་སོ།། སེམས་ཅན་ཚད་མྱེད་པ་ཡང ་ལེན་པ་མྱེད་པར་རྣམ་པར་གྲོལ་ལོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་མྱང་ཅི། འདི་ཇི་ལྟར་གཟུང་བར་བགྱི ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདིའི་མྱིང་།། ཆོས་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བར་ཟུང་ཤིག། སངས་རྒྱས་ཀྱི་རྒྱན་བཀོད་པ་ཞེས་བྱ ་བར་ཟུང་ཤིག། ཚངས་པ་ཁྱད་པར་སེམས་ཀྱིས་ཀུན་དྲིས་པ་ཞེས་བྱ་བར་ཟུང་ཤིག། འཇམ་དཔལ་གྱི་བསྟནད་པ་ཞེས་བྱ་བ.རཟུང་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་དུ ་ནས།། འཇམ་དཔལ་གཞོ་ནུར་གྱུར་པ་དང་། ཚད་པ་ཁྱ། ད་པར་སེམས་དང་། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་མཉམ་པ་ཉིད་ལ་གནས་པ་དང་། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གི་འོད ་གནས་བརྟན་འོད་བསྲུང་ཆེན་པོ་དང་།། ཚེ་དང་ལྡན་པ་ཀུན་དག་འབོ་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་ངག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལཱུ་དང་། མྱི་དང་། ལྷ་མ ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་བཤད་པ་ལ་ཡིད་རངས་སྟེ། མངོན་པར་སྟོང་ངོ་།། །། འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ ་ཐེག་པ་ཆེན་པོའི་མདོལ་རྫོགས་སྷོ།། རྒྱ་གར་སྐད་དུ། ཨ་རྱ་སརྦ་པུན་ན་ས་མུན་ཙ་ཡ་ས་མཱི་དཱི་ན་མ་མ་ཧ་ཡ་ན་སུ་ཏཱ། ་