| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་གྷ་ཛྷ་པྲ་ཏང་བྷན་དྷ་གྷཱ་ཏཱ་ཀང་ཀང་བྲི་ཏ་ཙ་ཁ་དྷ་ཡཱ། བོད་སྐད་དུ། འཕགས་བཟངས ་ཀྱི་མཆུ་དམར་པོས་གདུག་པའི་ཕྱོགས་ཐམས་ཅད་གནོན་པར་བྱེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐས ་ཅད་ལ་ཕྱག་འཚལ་ལོ།། འཕགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག ་འཚལ་ལོ།། བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་།། ཉན་ཐོས་སྡེ་དང་དཔུང་དུ་བཅས་པ་རྣམས་ལ་ཕྱག་འཚལ་ལོ།། བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།། བདེ་བར་གཤེགས ་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པར་གྱུར་པ། སངས་རྒྱས་སྟོང་གི ་ངོ་བོ་ཅན་ལ་ཕྱག་འཚལ་ལོ།། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས ་འདམ་བུའི་ཚལ། པད་མ་མཛེས་བྱེད་ས་ཁེབས་པའི་གནས། ཆུ་བོ་ཡན་ལག་བརྒྱད་དང་ལྡན་པའི་འགྲམ་ན་བཞུགས་སོ།། ་འཁོར་དཔག་ཏུ་མེད་པ་དང་ཐབས་གཅིག་གོ།། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་འཕགས་པ་ཟངས ་མཆུ་དམར་པོའི་དངོས་གྲུབ་དྲག་པོའི་ལས་ལ་དབང་མཛད་པ།། མཛེ་ནད་ཐམས་ཅད་ལས་གསོལ་པ། ཐོག་པ། ཀློག་པ། འཁྱེབ། ་ཁྲག་འཇིབ་པ། དྲོད་ཡུལ་བ། གཉེན་སྡེ་བརྒྱད་ལ་གནད་ཁྲོ་བ་མེ་འཚེད་པ། རྔ་ཁོལ་བ། ཁྲོ་ཆུ་ཁོལ་མ་འབབ་དུ་འཇུག་པ། ལྕགས ་ཀྱི་གཟེར་འདེབས་པ། ཡན་ལག་བསྐུམས་པས་མཐའ་བཞི་སྡུད་པ། དུར་ཁྲོད་དུ་རྒྱུག་པ། ཀླུ་ཆེན་པོ་བརྒྱད་ལ་ནད་གཏོང་ག་ན་མཁའ ་ལ་ཐིག་འདེབས་པ། ས་ལ་སྲུབ་བཞི་རུ་དགས་པ། ཟངས་ཀྱི་ལུས་ལ་བྱ་ཁྱུང་གི་མགོ་བོ་ཡོད་པ། ཀླད་པ་ལ་ཟ་བ། ཟངས་ཀྱི་མཆུ་འདས ་དགུ་བརྒྱ་དགུ་བཅུ་ཡོད་པ། ཟས་སུ་ཀླུ་རིགས་བཞི་ཟ་བ། སྐོམ་དུ་ཆུ་སེར་དང་ཁྲག་གསོལ་པ། སྤྱན་རྩ་དམར་ལ་སྡང་མིག་ཏུ་བགྲད་པ། ་ལྷ་བ་མུར་བ། རྐང་ལ་ལྡག་པ། རོ་མྱགས་ཀྱི་ནང་ལྐོག་བུར་དུ་གཏོང་བ། ཁམས་གསུམ་ཞེ་ལ་གནོན་པ། རླན་སྨྲས་འཇིགས་པའི་དུག་འཐུལ་བ། མར་ལ་དམྱལ་བའི་གང། ་ལ་འཁྲུག་པ། ཡང་ལ་སྲིད་པའི་སྟེང་དུ་ཕུགས་པ། གཞན་རིགས་དྲུག་སྟོང་གཤོག་པ་ལ་འཕྱང་བ། ཀླུ་རིགས་སྟོང་ཕྲག་ཁོང་ན་ཉལ་བ། དེ་ལྟ་བུའི་འཇིགས་པའི་རྩ ་ལུགས་ཅན་དང་ཡང་ཐབས་གཅིག་གོ།། དེ་ནས་བཅོམ་ལྡན་འདས་དཀའ་ཐུབ་མཛད་པ་ལ། དཔལ་ཕྱག་ན་རྡོ་རྗེས་གསོལ་པ། བདེ་བར་གཤེགས་པ་འགྲོ་བ་དྲུག་ལ། ་ཐུགས་རྗེས་བཟུང་དུ་གསོལ། ཉོན་མོངས་པའི་ནད་ལས་ཐར་པར་མཛད་དུ་གསོལ། འདོད་ཆགས་ཀྱི་ནད་ལས་ཐར་བར་མཛད་དུ་གསོལ།། ཞེ་སྡང་གི་མེ་བསད་དུ ་གསོལ། ང་རྒྱལ་གྱི་བྲག་རྙིལ་དུ་གསོལ།། གཏི་མུག་གི་མུན་པ་བསལ་དུ་གསོལ།། གདུག་པའི་ནད་ལས་བསྒྲལ་དུ་གསོལ།། གདོན་སྟོང་ཕྲག་བརྒྱད་བཅུ་རྩ་བཞི། ་ལས་བསྒྲལ་དུ་གསོལ།། ཞེས་ཞུས་པས་ཐུགས་རྗེས་གཟིགས་ནས་གནང་བར་མཛད་དོ།། དཔལ་ཕྱག་ན་རྡོ་རྗེ་ཉོན་མོངས་པ་ཅན་དང་། ནད་གདོལ་པ་ཅན་གྱིས་མན ་བ། ལུས་ཉམས་པ་ཐམས་ཅད་དང་། དམ་ལས་འདས་པ། དམ་ཚིག་ཉམས་པ། ནད་ཀྱིས་གདུངས་པ། སྲེད་པས་སྲད་བུས་བཅིངས་པ། ཐམས་ཅད་ངལ་ཉོན ་ཅིག། ངའི་གན་དུ་མྱུར་བར་ཤོག་ཅིག། ངས་བཤད་དོ།། གདམས་པ་པོ་ཞེས་བཀའ་སྩལ་ཏོ།། དེ་ནས་ཕྱག་ན་རྡོ་རྗེས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གམ་དུ་ཕྱིན་ཏེ།། རྒྱལ་བའི ་བཀའ་ལ་ཉོན་རྒྱལ་བའི་སྐུ་ལ་ལྟོས། མྱུར་བ་མྱུར་བར་འདེངས་ཞེས་བྱས་པས། ཀླུ་བ་སུ་ཏ་བྲམ་ཟེའི་རིགས་ལ། ཕྱག་ན་རྡོ་རྗེས་ང་སུ་ཡིན ་མེད་དམ་བྱས་པས། ང་ལ་ཆ་མེད་དོ།། ཁྱོད་ལ་ང་མི་ཉན་ཏོ།། མི་ལྟོས་སོ།། ང་ནི་སྟོབས་ཅན་ཡིན་ནོ།། ཁྱད་པར་ཅན་ཡིན་ནོ།། ཤུགས་ཅན་ཡིན་ནོ།། ངའི་འཁོར་རྣམས ་ཀྱང་སྟོབས་དང་ལྡན་པ་ཡོད་དོ།། ཞེས་ཟེར་རོ།། ཕྱག་ན་རྡོ་རྗེས་ཁྱོད་ལ་ནུས་པ་ཅི་ཡོད་བྱས་པས། ངས་ཁྱོད་ལ་ཁ་རླངས་ཤིག་བཏང་གིས་སྡོད་ཅིག་ཟེར་ཏེ། ཕྱག་ན ་རྡོ་རྗེ་རང་ཐང་དུ་འདུག་པས། ཀླུ་བ་སུ་ཏ་ས་ཁ་རླངས་བུན་པ་ཞིག་བཏང་བས། ཕྱག་ན་རྡོ་རྗེ་ལ་ཤུ་བ་ཐུག་ཐུག་ཏུ་བྱུང་ངོ་།། དེ་ནས་ཕྱག་ན་རྡོ་རྗེ་ཐུགས་རྟོག་སྐྱེས་ཏེ། ཁྱོད ་སྟོབས་ཅན་ཅིག་འདུག་པ་ཇི་སྐད་བྱ་བ་ཡིན་བྱས་པས།། ང་ནི་ཀླུའི་རྒྱལ་པོ་བྲམ་ཟེ་རིན་པོ་ཆེ་བ་སུ་ཏ་ཞེས་བྱ་བ་ཡིན་ནོ།། ང་ལ་དུག་རྣམ་པ་ལྔ་ཡང་ཡོད་དོ།། གདོན་སྟོང ་ཕྲག་བརྒྱད་བཅུ་རྩ་བཞི་ཡང་ངའི་འཁོར་ཡིན་ནོ།། ཞེས་ཟེར་རོ།། དེ་ནས་དཔལ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཞུས་སོ།། རྒྱལ་བའི་བཀའ་ལ་ཉོན། ་དམ་ལས་མ་འདའ། དངོས་གྲུབ་བྱིན་པས། ལྷ་སྲིན་སྡེ་བརྒྱད་འདིར་འདུས་བྱས་པས། བདག་ལ་མཉན་ཅིང་ལུས་ལ་རྨ་མང་པོ་བྱུང་།། ཁ་རླངས་ཀྱང་དུག་དུ་ཡོངས ་བའི་སེམས་ཅན་ཅིག་གདའ། ལུས་པོ་མེ་འདྲ་བ། མིག་ཤེལ་འདྲ་བ། སྐྲ་སྦྲུལ་དུ་འདུག་པ། སོ་ཆུ་སྲིན་དུ་འདུག་པ། ལྟེ་བ་ནས་ཉི་ཟླའི་འོད་འཕྲོ་བ། རྐང་ལགས ་གྱི་བེ་ཅོན་དུ་སྣང་བ། སྦྲུལ་སེར་ཁྭས་ཞགས་པ་བྱས་པ། ནག་ཁྲས་སྟེད་དཀྲིས་པ། སྡེ་ཁྲས་སྐ་ནན་ལྷས་པ། དཀར་ཁྲས་ཚིགས་བཞི་དཀྲིས་པ། སྨུག་ཁྲས་གདན་དུ ་བྱས་པ། ས་བདག་ནག་པོས་གདན་དུ་བྱས་པ། ས་བདག་དཀར་པོས་ཞབས་ནས་འདེགས་པ། གཉན་སྡེ་བརྒྱད་ཇག་ལ་འཁོལ་བ། རྒྱ་མཚོ་ཁོལ་མ་ལ་ཉལ་བ། ་ལུས་པོ་དཔག་ཚད་ཕྱེད་དང་ལྔ་ཡོད་པ། མགོ་ལུས་ཐམས་ཅད་མིག་ཏུ་ཡོད་པ། འདི་ན་གནས་ཀྱི་ཡུལ་མེད་པ། བཟའ་བའི་ཟས་མེད་པ། འགྲན་པའི་ཟླ་མེད་པ། ་སྟེང་གི་ལྷ་ལ་གནོད་པ། འོག་གི་ཀླུ་ལ་འཕྲ་བ། བར་གྱི་བཙན་ལ་འོ་དོད་གཏོང་བ། དེ་འདྲ་བ་ཅིག་ཏུ་བྱས་ཏེ་འདུག་པ་ལས། ཕྱག་ན་རྡོ་རྗེས་ལོ་དུས་ན་ལྟ་རུ་ཡོངས་པ་ལས། ་སླར་ཡང་ལོག་སྟེ་དཔལ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། ཁྱོད་སོང་ལ་དེ་སུ་ཡིན་དྲིས་ལ་ཤེག་ཅིག ་གསུང་ངོ་།། དེ་ནས་དཔལ་ཕྱག་ན་རྡོ་རྗེས་ཁོའི་གན་དུ་ཕྱིན་ནས་ཁྱོད་གང་ན་ཡོད་པ་ཁྱོད་ཇི་སྐད་བྱ་བ་ཡིན་དྲིས་པས། ཁེའི་ངག་ནས་ང་བ་སུ་ཏ་ནག་པོ་བྱ་བ་ནད་ཀྱི་བདག ་པོ་ཡིན། རིམས་དལ་དང་། མཆིན་ནད་དང་། གློ་ནད་དང་། ཁྲག་ནད་ཐམས་ཅད་ངལ་ཡོད། བྲམ་ཟེའི་རིགས་ཐམས་ཅད་ཀྱི་བདག་པོ་ཡིན་ནོ་ཞེས་ཟེར་རོ།། བོ་ན་ཁྱོད ་རྒྱལ་བའི་བཀའ་ལ་མི་ཉན་ནམ་བྱས་པས། ང་རང་བས་ལྷག་པ་མེད་པས་མི་ཉན་ནོ།། ཁྱོད་རང་མྱུར་བར་སོང་ནད་འདོད་དམ་ཅི་འདོད་ཟེར་བས། ཕྱག་ན་རྡོ་རྗེ་ལུས་འད ་ཤུམ་བྱེད་དེ། དེ་ལས་ཕྱིར་བསྐྱེད་དོ།། དེར་ཀླན་རེ། དཔལ་ཕྱག་ན་རྡོ་རྗེ་ལ། ཁྱོད་སུ་ཡིན་ཟེར་རོ།། ཕྱག་ན་རྡོ་རྗེས་གསངས་ཏེ་ང་རང་ཟད་ཅིག་ཡིན་ནོ།། ་ང་ལ་སྟོབས་ཀྱང་མེད་དོ།། ཤུགས་ཀྱང་མེད། འཁོར་ཀྱང་མེད། ཅི་ཡང་མེད་དོ་བྱས་པས། འོ་ན་ང་ལ་ཉོན་ཟེར་ཞིང་། ཁྱོད་ཅི་འཆང་བྱས་པས། ང་ནི་འདུག་པའི་གནས ་མེད་པར་བྱེད་པ། ཐམས་ཅད་དབང་དུ་སྡུད་པ། དྲག་པོའི་རིག་སྔགས་མེ་རི་དམར་པོ་ཞེས་བྱ་བ་འཆད་དོ་ཞེས་ཟེར་རོ།། ཁྱོད་ཀྱིས་སུ་ལ་བསླབས། དབང་སུ་ལ་ནོས། ་ཐེག་པ་ལ་ཞུགས་སམ། བཀའ་ལས་ཉན་ནམ། ལུང་ལས་དྲངས་སམ་བྱས་པས། ངའི་སྟོན་པ་ནི་ང་རང་ཡིན། ང་ནི་ངའི་བཀའ་ལ་ང་རང་ཉན་ནོ།། འོ་ན་ཁྱོད་སུ་ལ ་གནོད། སུ་ལ་ཕན་བྱས་པས། འདྲེ་མི་ལ་གནོད་དེ་ནད་དུ་རོ་མྱགས་གཏོང་། སྐུར་ཕྱུགས་ལ་གནོད་དེ་སླ་བཞི་འགེབས། སྲོག་ཆགས་ལ་ལྟས་ངན་པ་བརྒྱད ་གཏོང་ངོ་།། ཕན་པ་ནི་ཀླུ་ཆེན་པོ་བརྒྱད་ལ་ཕན་ནོ།། དེ་ནས་དཔལ་ཕྱག་ན་རྡོ་རྗེས་སྡང་མིག་ཏུ་བགྲད་དེ་བལྟས་པས། བ་སུ་ཏ་དེས་ཁ་རླངས་ཤིག་ཕྱག་ན་རྡོ་རྗེ་ལ། བཏང ་བས་ཤུ་བ་ཐོར་ཐོར་བྱུང་བས་ཟེད་དོ།། ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་འདྲ་བ་ཅི་གང་ལགས་ན། འདི་དབང་དུ་འདུས་ན་མཐུ་དཔག་ཏུ་མེད་པ་འབྱུང་བར་ངེས་སོ།། ་དབང་དུ་མ་འདུས་ན་འཇིག་རྟེན་འདི་ཕུང་བར་གདའ་ན། ཐུགས་རྗེ་ཅི་མངའ་ཞུས་པས། བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ནི་ཀླུའི་རྒྱལ་པོ་བ་སུ་ཏ་མེ་མ་མུར་ནག ་བོའི་ཁ་རླངས་ཅན་བྱ་བ་ཡིན་ཏེ། ནད་དགུ་བརྒྱ་དགུ་བཅུ་ལ་དབང་བྱེད་པ་ཡིན་པས་འཇིག་རྟེན་འདི་ཕུང་བར་འགྱུར་བས། འདི་ལ་གནད་པའི་སྔགས་དང་། བསྙེན་པ་དང་། ་བསྒྲུབ་པ་དང་། འཇིག་རྟེན་ལ་ཕན་པའི་ཆོས་ངས་བཤད་དོ།། འཁོར་འདུས་པ་ཐམས་ཅད་ཉོན་ཅིག། ཆོངས་ཤིག། ལྷོགས་ཤིག། སྒོམས་ཤིག། ཅེས་གསུངས་སོ།། ་དེ་ནས་འཁོར་འདུས་པ་ཐམས་ཅད་དགའ་སྟེ། ཐལ་མོ་སྦྱར་ནས་ཞུས་པས། འཕགས་པ་ཟངས་ཀྱི་མཆུ་དམར་པོ་ཞེས་བྱ་བའི་གཟུངས་དྲག་པོ་ཐོབ་འབབ་པ་མི ་ཟད་པའི་འོད་འཕྲོ་བ། བདུད་རྩིའི་ཆར་འབབས་པ།། ལྷ་འདྲེའི་ཁ་འཆིང་བ། ཆེ་དང་སྲོག་ལ་བྱིན་ཆེ་བ། ཁམས་གསུམ་གྱི་སྨན་པ། ཉོན་མོངས་པའི་བསིལ ་ཡག་ཚ་གྲང་རྣམ་པ་བརྒྱད་ཀྱི་འཁྱག་ཞུན་ལ་འཐེན་པ། ནད་སྣ་དགུ་ལ་མི་འདྲེ་བའི་སྨན་དུ་ཆེ་བ། གདོན་མ་རུངས་པ་བཟློག་པ། ཐེག་པའི་ཆོས་དག་དང་། དབེན ་གནས་རྣམས་ལ་སྟོངས་གྲོགས་མཛད་པ། དམ་ཚིག་ཅན་ལ་ཁྱད་པར་དུ་འཆེས་པ། ཀླུ་ཐམས་ཅད་ཀྱི་གཉེན་པོ།། ས་བདག་ཀུན་གྱི་སྙིང་དུམ་བུ་སྟོང་དུ་ཐུག ་པ། གཉེན་ཀུན་གྱི་ཁ་བསྐལ་ནས་སྟོངས་པ། མཛེ་ནད་ཀུན་ལ་སྤྱིས་འབྱིན་པ། སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་གཟུངས་ཐག་མི་འཆད་པའི ་གཏེར་ཆེན་པོ།། འཕགས་པ་ཟངས་མཆུ་དམར་པོ་ཞེས་བྱ་བའི་གཟུངས། བདེན་པར་ངེས་པ་ཆོས་ཀྱི་ཕུང་པོ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང ་ལྡན་པ་བཤད་དོ།། ཆོས་འདི་སྤྱོད་པར་འདོད་པ་འམ། གཟུངས་འདོན་པར་འདོད་པའམ། མཐུ་བསླབ་པར་འདོད་པས། འདི་ལྟར་སྒྲུབ ་པར་བྱ་སྟེ། དང་པོ་བདག་ཉིད་ལྷའི་རྣལ་འབྱོར་དུ་བྱའོ།། དེའི་རྗེས་ལ་དག་པ་རྣམ་པ་གསུམ་གྱིས་སྦྱང་ངོ་།། སྔགས་དང་བཟླས་བརྗེད་པར་མི་གཅོད་དོ།། བསྒྲུབ་པའི་ལ ་ལ་དཀྱིལ་འཁོར་མདའ་གང་གྲུ་བཞི་ལ་པདྨ་འདབ་མ་བཅུ་དྲུག་པ་བྱའོ།། འདབ་མ་རེ་ལ་ལྷ་རེའོ།། དེའི་ཕྱི་མ་ལ་བ་སུ་ཏ་བཅུ་དྲུག། དེའི་ཕྱི་རིམ་ལ་ཡི་གེ་ཛ་བཅུ་དྲུག ་སྒོ་ཤར་དུ་རྒྱལ་རིགས། ལྷོ་སྒོར་རྗེ་རིགས། ནུབ་སྒོར་བྲམ་ཟེའི་རིགས། བྱང་སྒོར་གདོལ་པ་ཅན། ཟུར་བཞི་ལ་རྨ་བྱ་རེ། ལོགས་བཞི་ལ་ཆུ་སྲིན་རེ། ཕོ་བྲང་ལ་རིགས ་ལྔ། རྡོ་རྗེ་སེམས་དཔའི་དབུ་རྒྱན་དུ། རྒྱལ་རིགས་དང་། ས་བདག་ཁྲ་བོ།། དོན་ཡོད་གྲུབ་པའི་དབུ་རྒྱན་དུ་དམངས་རིགས་དང་། གཉེན་གདོང་གཉིས་བཅིངས་སོ།། ། ་དེ་ལྟར་ན་བསྙེན་བསྒྲུབ་ཚད་དུ་ཕྱིན་པར་བྱའོ།། དེ་ནས་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེས་གསོལ་པ།། ཀླུ་རྣམས་ལ་སྔགས་ཀྱི་དངོས་གྲུབ་ཀྱིས་གནད་ལ་དབབ་དུ ་གསོལ་ཞེས་ཞུས་པས། གནང་ངོ་།། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། ཐམས་ཅད་མཁྱེན་པའི་མངའ་བདག་ཉིད།། རྫུ་འཕྲུལ་ལྡན་པས་འགྲོ་བ་དྲུག་ལ་གཟིགས།། ་ཐུན་མོངས་མ་ཡིན་སྐུ་མཆོག་བསྟན་དུ་གསོལ།། ཐུགས་རྗེས་གདུལ་དཀའ་མཐའ་དག་འདུལ་མཛད་པ།། བདུད་རྩིས་ཚིམས་མཛད་འགྲོ་བ་གསོ་མཛད་ཅིང་།། སྲན ་པའི་མཆོག་ལ་བདག་ནི་ཕྱག་འཚལ་ལོ།། བདུད་རྩི་ལྟ་བུའི་གསོ་མཛད་དགའ་བ་ཆེ།། ཀུན་ལ་བྱམས་ལྡན་ཐུགས་མངའ་སྟོབས་དང་ལྡན།། ཤཱཀྱའི་སྐུ་ཡིས་བདེན་པའི་དོན་ལ ་ལ་དགོངས།། ཕན་པ་མང་པོས་སྡུག་བསྔལ་མཐའ་དག་འཇོམས།། གདུག་པ་དབང་སྡུད་དཔག་བསམ་ཤིང་ལྟ་བུ།། ཉོན་མོངས་སེལ་མཛད་སྐུ་ལ་ཕྱག་འཚལ་ལོ།། ཞེས ་བསྟོད་ནས་ཞུས་པས་གནང་ངོ་།། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ང་ལ་ཉོན་ཅིག་གསུངས་ནས། དཔག་བསམ་ཤིང་གི་རྩེ་མོར་གཤེགས་ཏེ། འཕགས་བཟངས ་མཆུ་དམར་པོ་ཞེས་བགྱི་བའི་གཟུངས་ཀྱི་ཆོས་བཤད་དོ།། དེ་ན་ཉན་པ་པོ་མང་པོ་ཡོད་ནའང་། བ་སུ་ཏ་བྲམ་ཟེ་མ་འོངས་ཏེ། དཔལ་ཕྱག་ན་རྡོ་རྗེས་གང་ནས་གང་དུ་བཙལ་བ ་ལས། རྒྱ་མཚོའི་གཏིང་ཤིང་ཡོངས་འདུས་བརྟོལ་གྱི་འགྲམ་ན་འདུག་པ་མཐོང་སྟེ། རྒྱལ་བའི་བཀའ་བྱུང་ན་ཁྱོད་ཉན་ནམ་བྱས་པས། རྒྱལ་བ་སུ་ཡིན་ཇི་སྐད་བྱ་བ་ཡིན ་ཟེར་རོ།། དེར་དཔལ་ཕྱག་ན་རྡོ་རྗེས་རྒྱལ་བ་ཤཱཀྱ་ཐུབ་པ་ཡིན། བརྫུན་མ་ཟེར་མི་རུང་ངོ་མགོ་བོ་འགས་པ་ཡིན། མིག་འཕྲུལ་པ་ཡིན། སྙིང་འབྱིན་པ་ཡིན། ཉམས་པར ་འགྱུར་རོ་བྱས་པས། འོ་ན་ངས་མ་མཐོང་ངོ་།། ང་རང་བས་ལྷག་པ་མེད་དོ།། ཕྱག་ན་རྡོ་རྗེས་གསུངས་པ། བཀའ་ཡི་ཆད་པ་ཡོད་དོ།། ངེས་པར་ཡོངས་ངོ་གསུངས་པས། ་བྲམ་ཟེའི་རིགས་ན་རེ། ངས་ཁྱོད་ཀྱི་རྒྱལ་བ་ལ་འརླངས་ཤིག་བཏང་གིས་དེས་མཉན་ནང་སླེབ་ཡོང་གིས་ཟེར་རོ།། དེར་སོང་ངོ་།། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་མ ་བཅོམ་ལྡན་འདས་འདི་ནི་མཚམས་བརྡོལ་པར་གདའ་བས་དགོངས་པ་མ་གཡེལ་བར་མཛོད་ཅིག། ཅེས་ཞུས་པས། སླར་ལོག་སྟེ་བལྟས་པས་པ ་སུ་ཏ་དེ་མགོ་ལུས་ཐམས་ཅད་མིག་གིས་བཀང་། སྦྲུལ་སྔོན་པོ་སྟོང་གིས་སྐྲ་བྱས། ནག་པོ་ཁྲིས་སེར་རལ་ཁ་བརྒྱན་ཏེ། ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་ཞིང་བྱུང་སྟེ། ་ང་རོས་འཇིག་རྟེན་གུལ་གུལ་ཡོ་མ་ཡོམ་པོར་བཏང་ངོ་།། དེ་ནས་ཁ་རླངས་བུང་ཆེར་བཏང་བས་ཐམས་ཅད་ཆེམ་ཆེམ་ནས་འཁོད་དོ།། དེ་ནས་ཤཱཀྱ་ཐུབ་པས་གཏམ་དྲིས་སོ།། ་ཁྱོད་སུ་ཡིན་གང་ནས་ཡོངས་དྲིས་པས། སྐད་མ་སྟེར་ཏེ། དགོངས་པ་མཛད་ནས་ང་ལ་གཏམ་མི་སྟེར་བ་འདི་དབང་དུ་བསྡུའོ་སྙམ་དུ་དགོངས་ནས། ཁུ་ཡིས་བཏབ་ཅིང ་དགོངས་སོ།། བལྟས་པ་ལས་བ་སུ་ཏ་འགྱེལ་ནས་བསྐྲད་དེ་འདུག་པ་མཐོང་ངོ་།། དེ་ནས་བ་སུ་ཏ་དེ་ལངས་ནས། ད་བས་ཀྱང་ཁྱོད་མཐུ་ཆེའོ།། ད་ནི་བྲེད་དོ།། སྔངས་སོ།། ་འདར་རོ།། འཇིགས་སོ།། ཁྱོད་ལ་ཕྱག་འཚལ་ལོ་ཞེས་ཟེར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ངས་ཁྱོད་ལ་ཆོས་བཤད་ཀྱིས་ཉོན་ཅིག་གསུངས་པས། འོ་ན་ངས་ཞག ་གསུམ་བྲོ་བཞིན། ལྷ་སྲིན་སྡེ་བརྒྱད་སྦྲན་ལ་མྱུར་བར་ཡོངས་གིས་སྦེད་ཅིག་ཟེར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཕྱག་ན་རྡོ་རྗེ་ལ་གསུངས་པ། འདི་ལ་མིན ་རྒོལ་ཅིག། དམའ་ཐོད་ཅིག། འདི་དམ་ལམ་ཐོགས་ན་འཇིག་རྟེན་མེས་སྟོངས་སོ།། ཞེས་གསུངས་སོ།། དེ་ནས་བ་སུ་ཏ་འཁོར་དང་བཅས་པ་ཡོངས་སོ།། ཕྱག་ན་རྡོ་རྗེས ་བ་སུའི་མིག་ལ་ཕྱག་རེག་བྱས་པས་ཕྱག་སྐོངས་གིས་སོང་ངོ་།། འཇིགས་པ་སྐྱེས་ཏེ། ཤཱཀྱ་ཐུབ་པ་ལ་ཞུས་པས། ངས་སྔལ་ཡོ་ག་ལ་ཟངས་ཀྱི་མཆུ་བཤད་ཀྱིས་ཉོན ་ཅིག་གསུངས་པས། བྲམ་ཟེ་བ་སུ་ཏ་ན་རེ་བདག་འགས་པར་འགྱུར་བས་མི་བྱའོ་ཞེས་ཟེར་རོ།། དེ་ཅི་ཉེས་བྱས་པས་འདི་ནི་གཉེན་སྡེ་བརྒྱད་ཀྱི་སྙིང་འདོན་པ་མགོ་བོ་འགས ་པར་འགྱུར་བ་ཡིན་ཏེང་མི་དགའ་འོ་ཞེས་ཟེར་རོ།། རྒྱ་མཚོའི་གཏིང་དུ་སོང་ངོ་།། དེ་ནས་དཔལ་ཕྱག་ན་རྡོ་རྗེས་མངགས་པ་གཅིག་སྤྲད་དེ་འགུགས་སུ་བཏང་། བ་སུ ་འགུགས་སུ་བཏང་བྱས་པས། ཤཱཀྱ་ཐུབ་པའི་ཞལ་ནས་ཕྱག་ན་རྡོ་རྗེ་སླར་ལོག་ལ་སོང་ཞིག་ལྕགས་ཀྱི་སྡིག་པ་མགོ་དགུ་པ་གཅིག་ལ་མངགས་ཏེ། གདན་འདུག་པར ་དཀྲུགས་ལ་ཤོག་ཅེས་གསུངས་པས། དེས་འགྲོ་མ་ནུས་ཏེ། ཡང་ཤཱཀྱ་ཐུབ་པས་བྱ་ཁྱུང་རབ་བརྟན་བྱ་བ་ཟས་སུ་ཀླུ་རིགས་ཟ་བ། སྐོམ་དུ་ཆུ་སེར་དང་ཁྲག་འཇིབ་པ ་འདི་སྟོབས་དང་ལྡན་པས་འདི་བཏང་ངོ་ཞེས་གསུངས་པས་བྱ་ཁྱུང་རབ་བརྟན་ཞེས་བྱ་བ་དེ་དགའ་ནས། སེ་གོལ་གཅིག་གཏོགས་པ་ཙམ་ལ་དམྱལ་བ་བདར་ལ ་ལྷན་གྱིས་ཕྱིན་ཏེ། བལྟས་པ་ལས་བ་སུ་ཏའི་རྒྱལ་པོ་དེ་མིག་སྒྱུ་ནས་འཐོན་པ་ཙམ་དུ་སྔངས་ཏེ། སུ་ཡིན་འདྲི་བ་ཡང་མ་ནུས་པ་ལས། བྱ་ཁྱུང་རབ་རྟན་དེས་པ ་སུ་ཏའི་སྤྱི་བོ་ནས་བཟུང་ནས་བཏེག་པས་མ་ཐེག་སྟེ། བ་སུ་ཏ་ན་རེ་ཁྱོད་སྡོངད་དང་སུ་ཡིས་བཏང་སུ་ཡི་ཆོ་འཕྲུལ་ཡིན་ཟེར་རོ།། དེར་བྱ་ཁྱུང་ན་རེ། ང་ཤཱཀྱ་ཐུབ་པ། ་བཏང་བ་ཡིན། ང་ནི་ཀླུ་རིགས་རྣམས་ཟ་བ་ཡིན། ངལ་ཟས་སུ་ཀླུ་ལས་མེད། ངའི་མིང་ནི་བྱ་བྱུང་གཱ་རུ་ར་བྱ་བ་ཡིན་ཞེས་བྱས་པས། འོ་ན་ངས ་ཁྱོད་ལ་མགྲོན་ཅིག་བྱ་ཡིས་སྡོད་ཅིག་ཟེར་རོ།། བྱཱ་ཁྱུང་དེས་བསྡད་ཙམ་ན། ཁོ་ཡིས་ཆུ་སྲིན་གྱི་རོ་ཆེན་པོ་ཞིག་བྱིན་པས་ཆུ་སྲིན་མྱོང་བ་དྲུག་ཡང་མི་བྱེད་པར་འདུག་པས། ་བ་སུ་ཏ་བྲེད་དེ་བྱ་ཁྱུང་གིས་ཆུ་སྲིན་ཆེན་པོ་དེའི་ཁོག་པ་རངས་པོ་དེ་མིད་ནས་སོང་ངོ་།། དེར་བྱ་ཁྱུང་གིས་ད་འདོད་རྒྱལ་བའི་བཀའ་ལ་ཉོན་བྱས་པས། མི་འགྲོ་ཟེར་རོ།། ་དེར་བྱ་ཁྱུང་གིས་འོ་ན་ང་ནི་ཁྱོད་ཟའོ།། འཆའ་བོ།། མུར་རོ།། འཐོག་གོ།། འཁྱེར་རོ།། འགྲུང་དེ་བྱས་པས། ཁོ་རེ། སྙིང་རྗེ་ཅིག་ཀྱང་མེད་དམ་ཟེར་རོ།། འོ་ན་མི་བསང ་མི་བཟའ་ཡིས་སྡོད་ལ་ཞུགས་བྱས་པས། དེར་བྲམ་ཟེའི་རིགས་ཐམས་ཅད་འདུས་སོ།། བྱ་ཁྱུང་ན་རེ་ཁྱོད་མགྱོགས་པར་མི་འགྲོ་ནང་འགྲོ་ཟེར་ཏེ་ལངས་ནས་མཆུ ་བརྡར་གཤོག་པ་དཀྲུགས་སྡེར་མོ་བགྲད་པས། གཉེན་སྡེ་བརྒྱད་དང་བཅས་པ་འགྲོགས་ཏེ་སུ་ཞིག་ཞེས་ཟེར་ཅིང་བལྟས་པས། བྱ་ཁྱུང་མཐོང་བ་ཙམ་གྱིས་བརྒྱལ་ལོ ་ཞེས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་གནང་ངོ་།། རྒྱལ་བས་བཤད་དུ་གསོལ།། བསྟན་དུ་གསོལ་ཞེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ངས ་ཟངས་མཆུ་དམར་པོའི་ཆོས་བཤད་ཀྱི། དམ་ལས་འདའ་ཞིག། བཀའ་ལས་མ་རྐུ་ཞིག་ཅེས་གསུངས་པས། བ་སུ་ཏའི་རྒྱལ་པོ་ངེས། བཅོམ་ལྡན་འདས་ལ་གསོལ། ་པ་བདག་ནི་རང་གི་སྙིང་པོ་ཡང་འབུལ་ལོ།། གང་དགོངས་པ་མཛད་དུ་གསོལ། ཞེས་ཟེར་རོ།། དེ་ནས་འཁོར་ཐམས་ཅད་འདུས་ཏེ་གདོད་མཉན་ནོ།། བཅོམ་ལྡན ་བདས་ཤཱཀྱ་ཐུབ་པས་ཟངས་མཆུ་དམར་པོའི་གཟུངས་ཀྱི་ཆོས་བཤད་དོ།། རིག་སྔགས་འདི་ལ་སུ་མཉན་པའི་མགོ་བོ་འགས་སོ།། མིག་འཕྲུལ་ལོ།། ལུས་རོ་མྱགས ་སུ་འགྲོའོ།། འདི་ཉན་ཅིང་དད་པ་ཀུན་ཚེ་རིང་བ་དང་ནད་མེད་པ་དང་། བསམ་པ་ཐམས་ཅད་འགྲུབ་པ་དག་གོ། དངོས་གྲུབ་ཀུན་ཀྱང་སྟེར་བར་འགྱུར་རོ།། ཅེས་བཀྲ ་སྩལ་པ། ཨོཾ་ཧཱུཾ་ཏཱཾ་ཧྲཱིཿཿཏ་ཐཱ་ག་ཏཱ། ནཱ་ག་ཧྲྀ་ད་ཡ། ཏ་ཐཱ་ག་ཏ་ན་མཿདྷ་མ་ཡཱ། ཏ་ཐཱ་ག་ཏེ་རཱ་ཛ་སྲི་ལྷནན། བུད་ཡ་བུད་ཡཱ། ར་ཛའི་ཤ་ལ་པི་ར་པ་རི་ལི་རཾ། ནཱ་ག་ཧུ ་ཡ་རྦད་པོ་བི་དྷ་སྭཱ་ཧཱ། གྷུ་ཡ་རཱ་ཛ་ལ་སྭཱ་ཧཱ་ཧྲྀ་ཧྲྀ། ཀ་རོ་ཀ་ཡ་ལ་ཧྲིཾ་ཧྲི། ཧཱུཾ་བུམ་ཧཱུཾ་འུམ། པྲ་ཙ་ལ་པྲ་ཙ་ལ། ག་ལ་ག་ལ་ཡ་ཡཱ། ཙ་ཏུ་མ་དྷ། ཀོ་ལ་ཀ་རོ། ཁཱ་ག་ན་ཁ། བ་སུ་ཏ ་རེང་རེང་། པར་ལ་པོ་བ་མ། ཤེ་ཡང་ཤེ་ཡང་སྭཱ་ཧཱ། དེ་ནས་དཔལ་ཕྱག་ན་རྡོ་རྗེས་འོ་དོད་ལན་གསུམ་བཏང་ངོ་།། ཕོ་ཉ་ལན་གསུམ་བཀྱེའོ།། ལྷ་སྲིན་སྡེ་བརྒྱད་ང་ཅན ་ཤོག་ཅིག་ཅེས་གསུངས་པས། ཐམས་ཅད་ཡོངས་ཏེ་གསོལ་པ། ཉན་པ་ལགས་སོ།། ཇི་ལྟར་བསྒོ་བ་ལས་སུ་བགྱིད་དོ།། ཞེས་བྱས་པས། ལྷ་སྲིན་སྡེ་བརྒྱད ་རྣམས་འཚོགས་ནས་བསྟན་པ་གཉེན་པོ་བསྲུང་དགོས་པས། ངལ་ཁྱེད་རང་རང་གི་སྙིང་པོ་རྣམས་ག་རེ་ཞེས་གསུངས་པས། དཔལ་ཕྱག་ན་རྡོ་རྗེ་ལ་ལྷ་སྲིན ་སྡེ་བརྒྱད་ཀྱི་སྲོག་སྙིང་ཕུལ་ལོ།། བཅོམ་ལྡན་འདས་བདག་ནི་ལྷའི་དབང་པོ་བརྒྱ་བྱིན་ལགས་བསྟན་པ་བསྲུང་ངོ་།། ནད་སེལ་ཏོ།། ཧ་ལ ་བ་ཤ་གྷུ་ར་ཏ་ལིང་སོད། ལྷ་རྣམས་བྲན་དུ་མཆིའོ།། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེའི་བཀའ་ཉན་ནོ།། ནཱ་ག་ཙ་ཏ་པ་ལ་བ་ཤ་ཧཱུཾ་ཧཱུཾ་ཕཊ། ཀླུ་རྣམས་བྲན་དུ ་འཁོལ་ལོ།། གཉེན་གྱི་རྒྱལ་པོ་རུ་རིངས་བྲང་དཀར་གྱིས་ཆོས་འཁོར་བསྲུང་ངོ་།། མ་ལ་ཀོ་བ་ཙ་ཙན་དྷ་ཧཱུཾ་ཧཱུཾ་ཕཊ། གཉེན་རྣམས་བྲན་དུ་འཁོལ་ལོ།། སྟེང ་རྣམས་ཀྱི་ཡང་གསུངས་ལ་ཉན་ནོ།། དྷུ་མཱ་ཀཱ་ལ་མང་དུ་རི་ལཾ། གནོད་སྦྱིན་རྣམས་བྲན་དུ་འཁོལ་ལོ།། རུ་དྷེ་རུ་རེ་སཱ་ལ་བ་མ་བ་མ་ཧྲིལ། སྲིན་པོ་རྣམས་དྲན ་དུ་འཁོལ་ལོ།། རང་ག་ཛ་ལ་ཁ་ནན་སྙིང་ལ་མ་དུ་ཀ་རེ་སྭཱ་ཧཱ། དྲི་ཟའི་ཚོགས་ཀྱིས་བཀའ་དང་ཐུགས་ལ་རྗེས་སུ་འབྲང་ངོ་།། ཅ་ཐང་ཙ་འུག་མུ་ལ་རཾ་ཐུམ་ཐུམ ་ཕཊ། བདུད་པོ་བདུད་མོ་རྣམས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཞབས་ཏོག་བགྱིས་སོ།། སྙིང་པོ་ཕུལ་ལོ།། དུ་དྷ་མ་དྷ་མ་ཀ་ལ་སྲིད་ལ་མ་ར་ཡ་ཁྲམ་ཁྲམ་ཡ་སྭཱ་ཧཱ། རྒྱལ་པོ ་དང་། སྐྱ་རེངས་འཆར་ཀ་དང་། སྲོག་བདག་ལ་སོགས་པས་སྲོག་སྙིང་ཕུལ་ལོ།། གིང་ཏ་གིང་ཏ་བ་ལ་ཤ་ཏྲཾ་ཏྲཾ་བྲུཾ་བྲུཾ་ཕཊ་སྭཱ་ཧཱ། གཟའ་རྣམས་ཀྱིས་སྲོག་གི་སྙིང་པོ། ་ཕུལ་ལོ།། བི་ད་དྷ་ཙཀྲ་ཨེ་རེ་ཤ་དྷ་ཀ་ལ་དུར་ལ་པ་མཁས་སྭཱ་ཧཱ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་སྲོག་སྙིང་ཕུལ་ལོ།། ཉཏ་པེ་ལ་པཱ་ལཱ་པ་ཏོཏ་ཡ་མུར་ཡ་མུར་ཡཱ་སཱ་ཧཱ ་ཞེས་ཕུལ་ལོ།། དེ་ནས་བཅོམ་ལྡན་འདས་ལ་དཔལ་ཕྱག་ན་རྡོ་རྗེ་ཐུགས་གདུང་བ་སྐྱེས་ནས། ནམ་མཁའ་ལ་སྐྱིལ་མོ་ཀླུངས་ཀྱིས་གཤེགས་ཏེ། ཡོ་མངའ་རུ་བསྡུས་ནས། དད་པས ་མདངས་ཕྱུང་། རི་རབ་རིའི་རྩེ་མོར་མཉམ་པའི་དང་ལ་བཞུགས་སོ།། ཡང་དམ་ལས་འདས་པའི་གདོན་རྣམས་དབང་དུ་མ་འདུས་ཀྱིས་དོགས་ནས། འཕགས་པ་ཟངས་མཆུ ་དམར་པོ་འབར་བའི་འོད་ཅན། གདུག་པ་ཅན་ཐམས་ཅད་མནར་པའི་གསང་སྔགས། ཉི་མའི་གཟི་མདངས་ཟིལ་གྱིས་གནོན་པ་འདི་དག་གསུངས་སོ།། ཨོཾ་ན་ག་ཀང་ཀ་ར་ར་ཛ ་ལ་རྨུགས་རྦད། ཐུམ་རྦད། སད་ཤ་སད་ཤ། ཨོཾ་དྷ་ར་དྷཱ་ར། ཛཱ་ཡཱ་མ་ཡཱ། དུ་དུ་ཕཊ་ཕཊ། ཨོཾ་བཛྲ་རཱ་ཛཱ་ཧ་ལ་ཧཱ་བ་ཏ་ཧཱ་བ་ཏཱ། སཱུ་ཊ་སྥུ་ཊ། ཨོཾ་ནཱ་ག་རཱ་ཛ་ལ་ལོང་ལོང་། ནཱ་ག ་ན་མ་ན་སིད་དྷ་སིད་དྷ། ཨོཾ་ཁརྠ་ཥ་དྷ་ཥཱ། ཧ་ན་ཧ་ན། ཀ་ལེ་པ་པཾ་ཀ་ལ་པ་པ~ཾ། ཧྲཱིཾ་ཏྲཱ~ཾ། སཱ་ཏ་སྭ་ཏ། བྷ་ལ་དྷ་ལ། བཛྲ་རཱ་ཛཱ་སྲྀ་ཙ། ཨོཾ་ཧུ་ར་ཡ་ཧུད་ཡཱ། ཕཊ་ཕཊ། ཧཱུའུ་ཧཱུལླ། ཀ ་ཐང་པད་ཏ་ཀ་མ་ལ་དུ་སྭཱ་ཧཱ། ཞེས་དཔལ་ཕྱག་ན་རྡོ་རྗེས་ཐམས་ཅད་ལ་གནད་བོར་རོ།། ལྷ་སྲིན་སྡེ་བརྒྱད་གཡོག་དང་འཁོར་དུ་བཅས་པའི་རྩེ་མོ་ལ་མངོན་པར་གཤེགས་ཏེ། ་ཐུགས་རྗེའི་བསམ་པ་ཐམས་ཅད་བསྒྲུབས་ལགས་སོ།། ཉོན་མོངས་པའི་བདུད་ཐམས་ཅད་བསྐྲད་དོ།། ཞེ་སྡང་གི་མེ་བསད་དོ།། འདོད་ཆགས་ཀྱི་ཆུ་སྐམས་སོ།། ང་རྒྱལ་རྣ ་པར་སྤངས་སོ།། བདུད་བཞི་བཅོམ་མོ།། འཁོར་བ་ལས་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ།། ངན་སོང་བརྒྱད་ལས་ཐར་བར་འགྱུར་རོ།། བདུད་རྩི་མཆུ་ལས་གསོལ་བར་འགྱུར། ་རོ།། གདུག་པ་ལ་གསང་མཛད་དོ།། ཁྲུས་རྣམ་པ་ལྔ་ལ་ཁྲུས་བྱེད་པར་འགྱུར་རོ།། དེ་ནས་ལྷ་སྲིན་ཀུན་དང་། བ་སུ་ཏའི་རིགས་དྲུག་གིས། དཔལ་ཕྱག། ་ན་རྡོ་རྗེ་ལ་ཞུས་པ། འཇིག་རྟེན་ལ་དུས་ངན་པ་འབྱུང་སྟེ་འོངས་པས། བསྟན་པ་བསྲུང་བའི་མན་ངག་ཅིག་བསྟན་དུ་གསོལ། དེ་སྐད་ཅེས་ཞུས་པས། ཕྱག་ན་རྡོ་རྗེས་དམོད ་པའི་ལས་རྣམ་པ་ལྔ་བཀའ་སྩལ་པ། རྣམ་པ་ལྔ་ལ། རྫས་ཀྱི་དམོད་པ་དང་གཅིག། བཅིང་བའི་དམོད་པ་དང་གཉིས། བསྡུ་བའི་དམོད་པ་དང་གསུམ། དགག་པའི ་དམོད་པ་དང་བཞི། གདབ་པའི་དམོད་པ་དང་ལྔའོ།། དེ་ལ་དང་པོ་རྫས་ཀྱི་དམོད་པ་ནི། གང་པའི་རྒྱུ་བསྟན་ཏེ། གང་ལ་གང་དགོས་པ་རྒྱུད་ཀྱི་མན་ངག་ལྟར་སྦྱར་རོ།། ་གང་ཡང་རུང་བ་ལ་ཤའི་ཁུ་བས་བསིངས་པ་ལ། བུས་པའི་ཤ་ལ་རི་བོང་གི་གཅིན་གྱིས་བསིངས་པ་ལུས་ལ་སོང་ན། མིག་ལོང་བར་འགྱུར་རོ།། ཕྱིལ་པའི་ཤ་ལ ་སུག་པའི་ཁུ་བས་བསིངས་པ་ལུས་ལ་སོང་ན། ས་ངན་སྐམས་པའི་ནང་དུ་འགྱུར་རོ།། རྨ་བྱའི་ཤ་ལ་བྱ་སྐོང་གི་སྙིང་པོས་བསིངས་ལ་ལུས་ལ་སོང་ན། ཁ་ཏོང་། ་ཀ་ཛ་ལ་རྦད་རྦད་ཡང་ཛ་ཛ་ཧཱུཾ། ཅེས་པ་བརྒྱ་འམ་སྟོང་ཚད་དུ་བྱའོ།། མནན་པ་ནི་རུས་སྦལ་གྱི་ཁོག་པ་ལ་ཁྲག་གི་ཡི་གེ་བྲིས་ལ་མནན་ནོ།། གཟིར་བ་ནི་ཚེར་མ ་ཅན་གྱི་མེ་ལ་གཟིར་རོ།། དེ་ནི་ལས་འཐུ་བོའོ།། ཡང་དཔལ་ཕྱག་ན་རྡོ་རྗེས། མཛེ་དང་། ཤུ་བ་དང་། དཔལ་དང་། གཡན་པ་དང་། སྐྱ་ལྔལ་དང་། ཆུ་ནང་མིག་ལ ་སྤུ་ནད་སྨིན་མ་ལའོ།། རུས་མེ་ལའོ།། སྦུགས་ནང་སྔ་ལའོ།། ཆུ་བའི་ནད་སེན་མོ་ལའོ།། ནད་སྣ་བཅུ་ལ་ཐུགས་དགོངས་མཛད་དོ།། ན་ག་ཁས་རྦད་ལོང་། ཉུག་ལོང་། ཐིམ་ལོང་། ་མེ་ལཱ་ཛ་\ུ྅ད། ཉད་དྷ་ར་དྷ་ར། ཚུ་ལ་ལིག་ཕུང་ད་དཱ་དྷ་ག། བྱ་གྲི་ཚེ་འདའ་ཨ་གྷ་ཤ་ར་རུམ་རུམ། སྲོ་ཏ་ཀཱ་ཏཱ་ཡཱ། ན་སུ་ཡཱ། འབྲུད་དྷ་འདྲིང་། ཨ་དྷ་ཁ་མ་ལ་ཡཱ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ་བཛྲ་རཀྵ་ཨཾ་གུ་ཤ་ཛཿཛཿཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་སྐད་ཅེས་བཀའ་སྩལ་པས་འཁོར་ཐམས་ཅད་རྗེས་སུ་ཡི་རང་ངོ་།། ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པ་ལྷ་སྲི ་སྡེ་བརྒྱད་ཐམས་ཅད་དགའ་ཞིང་ཡི་རངས་ཏེ་ཕྱག་འཚལ་ལོ།། ནད་སེལ་བར་གྱུར་ཅིག། ནད་མེད་པར་གྱུར་ཅིག། ཐར་བར་གྱུར་ཅིག་དཔལ་ཕྱག་ན་རྡོ་རྗེའི་ཞལ་མཐོང་། ་བར་གྱུར་ཅིག། འཇིགས་པའི་བསྐལ་པ་གསུམ་ལས་ཐར་པར་གྱུར་ཅིག། འཕགས་པ་ཟངས་མཆུ་དམར་པོ་རྣོ་བའི་དཔལ་དང་ཆས་པ། བ་སུ་ཏ་རིགས་དྲུག་དབང ་དུ་སྡུད་པའོ།། དེ་ནས་ཀྱང་བྲམ་ཟེའི་རིགས་རྡུལ་དུ་རློག་པར་བྱེད་པའོ།། ཟངས་མཆུ་དམར་པོའི་གཟུངས་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ཛྙཱ་ན་དེ་བ་དང་། བོད་ཀྱི་བན་དེ་ཆོས་གྲུབ་དང་། ལོཙྪ་བ་ཀ་བ་བྷ་བོས་བྱ་ཚལ་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་