CLOSE WINDOW

Ng52.4: de bzhin gshegs pa thams cad kyi gtsug tor rnam par rgyal ba zhes bya ba'i gzungs rtog pa dang bcas pa
Wyliee-texts produced with BDRC’s OCR application

ཙུ། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ནཱ་མ་དྷཱ་ར་ཎི་ཀལྤ་ས་ཧི་ཏ། བོད་སྐད་དུ། དེ། ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་བདེ་བ་ཅན་གྱི་ཆོས་ཡང་དག་པར་སྡུད་པའི་ཁང་བཟང་མཆོག ་ན་ཉེ་བར་བཞུགས་སོ།། དེ་ནས་འཁོར་གྱི་དཀྱིལ་འཁོར་ལ་ཉེ་བར་གཟིགས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ ་སྩལ་པ། ཀྱེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་སྡུག་བསྔལ་བ་ནད་ཀྱིས་ཡོངས་སུ་གཟིར ་བའི་སེམས་ཅན་ཚེ་ཟད་པ་རྣམས་ཡོད་དེ། དེ་རྣམས་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་གཟིགས་པའི་མཚན་གྱིས་དཔལ་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་ཉིད་འཆང་བ་དང་།། ་ཀློག་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་བསྟན་པའི་ཕྱིར། ཡུན་རིང་པོ་གནས་པ་སྒྲུབ་པའི་ཆེད་དུ་བཅོམ་ལྡན་འདས ་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ཏེ། ཀུན་ཏུ་གཟིགས་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་བཀྲ ་སྩལ་པ། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྞ་ཡ། བུདྡྷཱ་ཡ་ཏེ་ན་མཿཏདྱ་ཐཱ། ཨོཾ་བྷཱུ་བྷྲཱུཾ་བྷྱཱཾ། ཤོ་དྷ་ཡ་ཤོ་དྷ་ཡ། ་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ། ཨ་བ་བྷཱ་ས་སྥ་ར་ཎ་གེ་ཏི། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ཨ་བྷྲྀ་ཥིཉྩ་ཏུ་མཱཾ། སརྦ་ཏ་ཐཱ་ག ་ཏཿསུ་ག་ཏ་པ་ར་བ་ཙ་ན། ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻ་ར་མ་ཧཱ་མུ་དྲཱ། མནྟ་པ་དཻཿཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུཿསནྡྷ་ར་ཎི། ཤོ་དྷ་ཡ ་ཤོ་དྷ་ཡ། ཐེ་ཤོ་དྷ་ཡ་བི་ཤོ་དྷཱ་ཡ། ག་ག་ན་སྭ་བྷཱ་བ་བི་ཤུཿ། ཨུཥྞཱི་འདི་རྔས་པའི་ཤྲེཏྟེ། ས་ཧ་སྭ་ར་སྨཻས་ཙྪེད་ཏེ། སརྦ་ཏེ་ཐཱ་ག་ཏ་ཨཱ་བ་ལོ་ཀི་ནི་ཝ་པཱ་ར་སི་ཏྲ་པ ་རི་པཱུ་ར་ཎི།། སརྦ་ཏ་ཐཱ་ག་ཏ་མཱ་དེ། ད་ག་བྷཱུ་མི་པྲ་ཏིཥྛི་ཏི། སརྦ་ཏ་ཐཱ་ག་ཏ་དྷི་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྭེ། མཧཱམཱ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། ས ་ཀརྨ་ཨ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་བརྟ་ཡ། མ་མ་ཨཱ་ཡུར་བི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་དྷིཥཱ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི། མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནཾ། མཧཱ ་བི་མུ་ནི། ས་ཏི་མ་ཏི། མཐམ་ཏི། མ་མ་ཏི། སུམ་ཏི། ཏྲབ་ཏཱི་བྷྲྀ་ཏ་ཀོ་ཊ་པ་ཤུདྡྷེ། བི་སཱུཊ་བུདྡྷེ་གུནྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ས་བི་ཛ་ལ། སྥ་ར་སྥ་ར། སྭར་སྭར ་སྭཱ་ཡ་སྥ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྚི་ཏེ། ཤུནྡྷེ་ཤུནྡྷེ་བྲྀདྡྷེ་བུནྟེ། བཛྲེ་བཛྲ་མ་ཧཱ་བཛྲེ། སུ་བཛྲ་བཛྲ་གརྦྷེ། ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭ་ལཱ་གརྦྷེ། བཛྲོད ་བྷ་ཝེ། བཛྲ་སམ་བྷ་ཝེ། བཛྲེ་བཛྲི་ཎི། བཛྲ་མ་བྷ་བནྡྷ། མ་མ་ཤ་རཱིར། སརྦ་སཏྭཱ་ན་ནྱ་ཀཱ་ཡ་པ་རི་ཤུདྡྷི་བྷ་བནྡྷ། མེ་ས་དཱ་སརྦ་ག་ཏི་པ་རི་ཤུདྡྷི་ཤྱ། སརྦ་ཏ་ཐཱ་ག་ཏཱ་ཤྩ་མཱ~ཾ། སརྦ ་ས་ཏྭཾཥྚ། ས་མཱ་ཤཱ་ས་ཡནྟུ། བུདྡྷ་བུདྷཱ། སིདྷྱ་སི་དྷྱེ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བཻ་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོཿ ་ཡ་བི་ཤོ་དྷ་ཡཾ། ས་མནྟ། མོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨཻ་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨདྷིཥྛ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ། མཧཱ་མུ་དྲཱ་མནྟྲ་པ་དེ་སྭཱཿ། ་ཨོཾ་བྷྲཱུཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་སུར་ད་དེ་སྭཱ་ཧཱ། གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བ་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་ག་ངན ་སོང་ཐམས་ཅད་རྒྱུན་གཅོད་པ་འདི་ཡི་གེར་བྲིས་ཏེ། མཆོད་རྟེན་གྱི་སྲོག་ཤིང་གི་སྟེང་དུ་བཞུགས་ལ་ཟླ་བ་ཉ་བའི་ཚེ་ཁྲུས་བྱས་ཏེ་ལན་སྟོང་རྩ་བརྒྱད་བརྗོད་ན། ཚེ་ཟད་པ ་ལས་ཚེ་ཕྱིར་ནུར་བར་འགྱུར་རོ།། ངན་སོང་ཐམས་ཅད་ལས་མྱུར་དུ་ཐར་ཏེ། སྒྲིབ་པ་རྣམས་དག་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ།། དུད་འགྲོ་རྣམས་ཀྱིས། ་ཐོས་ན་ཡང་དེ་རྣམས་ངན་སོང་གི་ཐ་མ་ཡིན་ཏེ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་མཐོ་རིས་རྒྱལ་པོའི་རིགས་སམ། བྲམ་ཟེའི་རིགས་སམ། ཚོང་དཔོན་གྱི་རིགས་སམ། ་ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུའི་ནང་དུ་སྐྱེ་བར་འགྱུར་རོ།། མཆོད་རྟེན་དེའི་གྲིབ་མས་པོག་གམ། རྡུལ་གྱིས་བཏབ་ཀྱང་རུང་སྟེ་ངན་སོང་དུ་འགྲོ་བར ་མི་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི ་རངས་ཏེ། མངོན་པར་བསྟོད་དོ།། འཕགས་པ་གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་རྟོག་པ་དང་བཅས་པ་རྫོགས་སོ།། ། ཤུདྷཾ། ་