| Wylie | e-texts produced with BDRC’s OCR application |
འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་གཤེགས་ཤིང་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདས་པ ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་རྣམས་ལ ་ཕྱག་འཚལ་ལོ།། ཡང་དག་པར་སོང་བ་རྣམས་དང་། ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ།། ་གནས་བརྟན་བློ་གྲོས་ཆེན་པོ་ཤཱ་ར་དྭ་ཏིའི་བུ་ལ་ཕྱག་འཚལ་ལོ།། འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག ་འཚལ་ལོ།། དེ་རྣམས་ལ་ཕྱག་འཚལ་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། དེ་བཞིན་གཤེགས་པའི་སྤྱན ་སྔར་འཁོར་མང་པོའི་དབུས་སུ་སྨྲས་པ། དོན་ཡོད་ཞགས་པའི་སྙིང་པོ་དེ་དག་གིས་བརྗོད་པར་བགྱིའོ།། བདག་གི་སྔགས་ཚིག ་དང་། དགོས་པ་ཐམས་ཅད་འགྲུབ་པར་གྱུར་ཅིག། ཏདྱཿ། ཨི་ཙི་ར་ཙར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མཧཱ་ཀཱ་རུ་ཎི་ཀ། སར ་ས་ར། སི་རི་སི་རི། སུ་རུ་སུ་རུ། ཙི་རི་ཙི་རི། བི་རི་བི་རི། མ་ཧཱ་པདྨ་ཧསྟ། ཀ་ལུ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མཧཱ ་ཤུདྡྷ་སྭཱ་ཧཱ། ཨེ་ཧྱ་ཧི། བུདྷ་བུདྡྷ། དྷ་བདྷ་བ། བོ་དྷ་ཡ་བོ་དྷ་ཡ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུཎྜ་ཀུཎྜ། མ་ཧཱ་ཤུཿསྭཱ་ཧཱ། ་ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱ་ཧསྟ་མ་པྲ་བྷཱུ་ཏེ། ཙ་ལ་ཙ་ལ། སན་ཙ་ལ་སན་ཙ་ལ། པི་ཙ་ལ་པི་ཙ་ལ། པྲ་ཙ་ལ་པྲ་ཙ་ལ། ཨེ་ཊ་ཊ་ཨེ་རྦཊ། ་བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཨེ་ཧ་ཧི། མ་ཧཱ་ཀ་རུ་ཎི་ཀ། མ་ཧཱ་པ་ཤུ་པ་ཏི་བི་ཤ་དྷ་ར། དྷ་ར་དྷ་ར། སི་རི་སི་རི། རུ་སུ་སུ་རུ་སུ་རུ། ཙ་ར་ཙ་ར། བྷ་ར་བྷ་ར། ་བྷཱ་ར་བྷ་ར། ཧ་ར་ཧ་ར། ཧ་ཧ་ཧེ་ཧ་ཧུ་ཧུ། ཨོཾ་ཀ་ར་ཀ་ར། མཧཱ་པྲ་ཝ་ཤ། དྷར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་ར་ས་ར། ཙ་ར་ཙ་ར། བ་ར་བ་ར། \ུ0f7f ་ཤི་གྷ། ར་ཤཱི་ཤི་ཧ་ས་ཧས?། པྲ་ཏི་མུན་ཏི་ཏ། ཤ་རི་ཤ་རཾ། ཛྭ་ལ་ཛ་ལ། ཏ་པ་ཏ་པ། བྷ་ག་བ་ནི། སེ་མ་ཨ་དིརྱ། ཡ་མ་བ་རུ་ན་ཀྱེ་བ་ར། བྷྲ་མེ་ན་དྲ་དྷ་ནད། དེ ་རི་ཤི་ག་ན་ཨ་བྷེ་ཙི་ཏ་ཙ་ར་ན། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། ཙུ་རུ་ཙུ་རུ། ཏུ་རུ་ཏུ་རུ། མུ་རུ་མུ་རུ། ས་ནད་ཀུ་མུ་རུ། རུརྡྷེནྣ་བ་ས་བ་ས། བིཥྚ་དྷ་ན་དཿ། ་རི་ཥི་ན་ཡ་ཀ། བ་བུ་ཧུ། བི་བི་དྷ་བི་ཤ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཐ་ར་ཐ་ར། གྷ་ར་གྷ་ར། ཡ་ར་ཡ་ར། ལ་ར་ལ་ར། ཧ་ར་ཧ་ར། ས་ར་ས་ར། ་མ་ར་མ་ར། བ་ར་བ་ར། དྷ་ཡ་ཀཱ། ན་ཡ་ཀ། བི་ན་ཡ་ཀ། ས་མན་ཏེ། ཨ་བ་ལོ་ཀི་ཏེ། བི་ལོ་ཀི་ཏེ། ལོ་ཀེ་ཤྭ་ར། མུ་ཧྲ་མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ ་ཡ་མུན་ཛ་མུན་ཛ། ཤྲིགྷ་ཤྲི་གྷ། བདག་འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་ཐམས་ཅད་དང་། འཁྲུག་པ་དང་། དུག་ཐམས་ཅད་ལས་རྦ ་ཤིག། དེ་བཞིན་དུ་བསད་པ་དང་། བཅིང་བ་དང་། བརྡེག་པ་དང་། སྤྱོ་བ་དང་། རྒྱལ་པོ་དང་། རྐུན་པོ་དང་། མེ་དང་། ཆུ་དང་། ་དུག་དང་། མཚོན་ལས་ཡོངས་སུ་ཐར་པར་གྱུར་ཅིག། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎ་ཀུ་ཎུ། ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཨིན་དྲི་ཡ་བ་ལ་བོདྱ་ཀ། ་ཙ་ཏུར་ཨརྱཱ་སད་ཏྱ། སཾ་པྲ་ཤ་ཀ། ཏ་མ་ཏ་མ། ད་མ་ད་མ། ས་མ་སམ། ས་མ་ས་ཡ། མ་ཧཱ་ཏ་མ་ཨན་ཏ་ཀ་ར། བྷི་ད་མ་ནི་ཀ་ར། ཥ་ཊ་པ་ར་མི་ཏ། ཙུ་ར ་ཀ་པ་ར། ཀི་ལི་ཀི་ལི། ཊ་ཊ་ཊ་ཊ། ཊི་ཊི་ཊི་ཊི། ནུ་ནུ་ཊུ་ནར། ཛཿཋཿ། ཋི་ཎི་ཋི་ཏི། ཏུ་ཥུ་བྷུཿ། ཨ་ཙརྨ་ཀྲི་ཏ་པ་རི་ཀ་ར། ཨེ་དྱ་ཧི། མ་ཧཱ་ཀ་རུ་ཎི་ཀ། ཨི་ཀ་ར་མ་ཧེ། ་ཤ་ར་བུད་དྷ། ག་ན་བྷན་ཛ་ཀ་ར་ཀུ་རུ་ཀུ་རུ། བ་ར་བ་ར། པ་ར་པ་ར། ས་ར་ས་ར། ཀ་ར་ཀ་ར། ཙུ་རུ་ཙུ་རུ། ཀ་ཏ་ཀ་ཏ། ཀི་ཊི་ཀི་ཊི། ཀུ་ཊུ་ཀུ་ཊུ། པ་ཊ་པ་ཊ། མ་ཊ་མཊ། ་མ་ཧཱ་བྲི་ཤུདྡྷ། བི་ཥ་ཡ་བ་སི་ན། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཤ་བེ་ཏ་ཡ་ཛྙོ་བེ་ཏཱ་ཡ། རཏྣ་མུ་ཀུ་ཊ། མུ་ལ་བྷ་ར། སརྦ་ཛྙཱ་ཤ་རི། སྲྀ་ཀྲྀ་ཏེ། ཛ་ཏ་མུ་ཀ་ཏྲ། མ་ཙ་བྷད ་དྷ་ག་མ་ལ། ཨ་ལདྻ་ཏ་ཀ་ར་ཨ་བྷ་བ་སཱ་བྷ་བ་ས་མཱ་དྷི་བི་མོཀྵ། ཨ་པྲ་ཀམྦྷ། བ་ཧུ་སཏྭ། སན་ཏ་ཏི། བ་རི་མོ་ཙཀྲ། མ་ཧཱ་ཀཱ་རུ་ཎི་ཀ། སརྦྦ་ཀརྨྨ་ཨ་བ་ར་ཎ་བི ་ཤོ་དྷ་ཀ། སརྦ་སཏྭ་ས་མ་ཤ་ས་ར། ན་མ་སྟུ་རེ་སཱཧཱ། ཀ་ལ་མྲྀད་པྲ་ཤ་མ་ཎཱ་ཡ་སྭཱ་ཧཱ། ཨ་མོ་གྷ་ཡ་སྭཱ་ཧཱ། ཨོཾ་ཨ་མོ་གྷ་པ་ཤཱ་ཡ་སྭཱ་ཧཱ། ཨ་ཛི་ཏཱ་ཡ་སྭཱ་ཧཱ། ་ཨ་པ་ར་ཛི་ཏཱ་ཡ་སྭཱཧཱ། མར་སྱཱ་ནེ་པ་མརྡ་ནཱ་ཡ་སྭཱ་ཧཱ། བར་དྲཱ་ཡ་སྭཱ་ཧཱ། ཨི་དན་ཙ་མེ་ཀརྨ་ཀུ་རུ་སྭཱ་ཧཱ། ཨོཾ་ཛཱ་ཡ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཏྲི་ཏྲཻ་ལོ་ཀྱ་བི་ཛ་ཡ ་ཨ་མོ་གྷ་པཱ་ཤ་ཡ་སྭཱ་ཧཱ། ཨ་པྲ་ཏི་ཧ་ཏ་ཧྲི་ཧ་ཧཱུ~ཾ་ཕཊ་སྭཱ་ཧཱ། གཟུངས་སྔགས་འདིའི་ཆོ་ག་ནི་ཡ་མོ་གྷ་པ་ཤའི་གཟུངས་བུམ་པ་ལ་བཟླས་པས། ་བགེགས་ཀྱིས་བརླབས་པ་འམ། འདྲེ་གདོན་གྱིས་ཟིན་པ་འམ། བྱད་དུ་ཆུད་པ་འམ། བུད་མེད་བྱུར་ཆེ་ཞིང་བུ་མི་འབྱུང་བ་འམ། བུ་མི་གསོས་པ ་རྣམས་ལ་ཕན་པར་བྱ་བའི་ཕྱིར། འབབ་ཆུའི་འགྲམ་མམ། ཤིང་གཅིག་པའི་དྲུང་ངམ། ལམ་གྱི་བཞི་མདོ་དང་། ཁང་སྟོང་ལ་སོགས་པའི ་གནས་སུ་དཀྱིལ་འཁོར་གྲུ་བཞི་པ་སྒོ་བཞི་པ་ཅིག་ཚོན་རྩི་དཀར་པོས་བྲིས་ཏེ། དབུས་སུ་ཡང་པདྨ་དཀར་པོ་འདབ་མ་བརྒྱད་པ་བྲིས་ལ། གསེར་དངུལ་ལམ། ་ཟངས་ཀྱི་བུམ་པ་འམ། ཁམ་པའི་བུམ་པ་སོ་བཟང་པོ་བཏང་བ་ནག་པོ་དང་། རབ་རིབ་མེད་པ། གས་ཆག་མེད་པའི་ནང་དུ་ཆུ་གཙང་མས་གསུམ་གཉིས་བཀ ་སྟེ། རིན་པོ་ཆེ་ལྔ། སྨན་སྣ་ལྔ། དྲི་ལྔ། འབྲུ་སྣ་ལྔ་རྣམས་བླུགས་ལ། མགུལ་ཆིངས་དཀར་པོ་རས་གསར་པ་ཁ་ཚར་ཅན་དང་། ཁ་རྒྱན་ཤུག་པ་འམ། ་ཐང་ཤིང་གི་ལོ་མ་འམ། ཀུ་ཤ་མེ་ཏོག་དང་འབྲས་བུ་དང་བཅས་པ་ཅིག་པདྨའི་སྟེང་དུ་བཞག་ལ། རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུར་བསྒོན ་སྟེ། བུམ་པ་དེ་རིན་པོ་ཆེའི་རྫིང་བུ་བདུད་རྩིའི་ཆུས་གང་བར་བསམ་ལ། ཆུ་དེའི་ནང་ནས་པད་མ་དཀར་པོ་ཅིག་བྱུང་བར་བསམ་ཞིང་། ་པདྨའི་ལྟེ་བར་ཧྲི་ཡི་གེ་དཀར་པོ་ཡོངས་སུ་གྱུར་པ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་གྱུར་པར་བསྐྱེད་ལ། མཆོད་པ་དང་། བསྟོད་པ་བྱས་ཏེ་གང་འདོད་པ་དེ་འཕྲུ ་པར་གྱུར་ཅིག་ཅེས་གསོལ་བ་བཏབ་ལ། ཨ་མོ་གྷ་པ་ཤའི་གཟུངས་བུམ་ཆུ་དེ་ལ་ལན་བདུན་གསུམ་དུ་ཚིག་གཞན་མ་འདྲེས་པར་བཟླས་ཏེ། བུམ་ཆུ་དེ་མི་དེའི་སྤྱི་བོ་ནས་བྱུག་ནས ་བཀྲུས་ན། བགེགས་དང་གདོན་ཐམས་ཅད་ལས་ཐར་པར་འགྱུརརོ།། ལུས་ཀྱི་ཕྱི་ནང་གཉིས་དག་པར་བཀྲུས་ཏེ། གོས་དཀར་པོ་དྲི་མ་མེད་པ་གྱོན་ལ། སྤོས་དང་མེ་ཏོག་ལ་སོགས་པས ་བརྒྱན་ལ་གཟུངས་དེ་ཉིད་བཀླག་ཤིང་གདོན་པར་བྱའོ།། བཀྲ་ཤིས་ཀྱང་བྱའོ།། དཀྱིལ་འཁོར་དེའི་ཁོ་ར་ཁོར་ཡུག་ཏུ་འཇིག་རྟེན་སྐྱོང་བ་བརྒྱད་ཀྱང་སོ་སོའི་མིང་ནས་སྨོས་ཏེ། ་སྤྱན་དྲངས་ལ་མཆོད་ནས་གང་འདོད་པ་དེ་འགྲུབ་པར་གྱུར་ཅིག་ཅེས་གསོལ་བ་བཏབ་ལ། འབྱུང་པོ་རྣམས་ལ་ཡང་མཆོད་པ་དང་གཏོར་མ་རྒྱ་ཆེར་སྦྱིན་ནོ།། ་བདག་བསྲུང་བ་དང་། མཚམས་བཅད་པ་ཡང་བྱས་ཏེ། ཚེས་བརྒྱད་ལ་བྱ་བར་རིགས་སོ།། དེ་ལྟར་བྱས་ན་བགེགས་དང་བྱད་དང་། ནད་འགོ་བ་ཐམས ་ཅད་ཀྱིས་མི་ཚུག་སོ།། འཕགས་པ་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། དག།། མད་ལཾ་སྟུ། ་