CLOSE WINDOW

Ng52.161:
Wyliee-texts produced with BDRC’s OCR application

དམ་པ་ཏོག་དཀར་དགའ་ལྡན་པོ་བྲང་དམ་པ་རུ། མི་ཕམ་མགོན་ལ་རྒྱལ་ཚབ་དམ་པར་དབང་བསྐུར་ཞིང་། ་འཛམ་གླིང་ཉིད་དུ་གླང་ཆེན་ཐལ་ཀར་ལྟར་གཤེགས་གང་། ་བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དམ་པར་ཟས་གཙང་སྲས། ་བུད་མེད་སྦྱིན་བྲལ་གཡོ་སྒྱུ་སྤངས་པ་ལྔ་མཛེས་ཡུམ། ལྷུམས་སུ་ཟླ་བཅུར་བློ་གྲོས་ལྡན་པ་ཤཱཀྱའི་རིགས། ་བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེག་ཤོག། ་ལུམ་པའི་ཚལ་ནི་དབེན་ཞིང་ཉམས་དགའ་པ་ལ་ཤའི། ཡལ་གནས་བཟུང་བལྟམས་གྱུར་ཚངས་དང་བརྒྱ་བྱིན་འདུད། ་མཁའ་ལ་གཤེགས་ཏེ་ཕྱོགས་བཅུར་པད་མ་བྱུང་འགྱུར་གང་། ་བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ་གཞལ་མེད་ཁང་མཛེས་དྲང་སྲོང་དམ་པའི ་མདུན་བཞག་ནས།། མཚར་ལྟས་ཤིས་པ་བརྗོད་དེ་སྟོན་པ་འབྱུང་གྱུར་པ།། ཤཱཀ་རིགས་བུད་མེད་འཁོར་ལྡན་ཀུན་འདུས་བརྒྱན་བཏགས ་གང་།། བཀྲ་ཤིས་དམ་པ་དེས་ཀྱང་དང་འདིར་བདེ་ལེགས་ཤོག། གཞོན་ནུའི་སྟོབས་ནི་སྒྱུ་རྩལ་ཡིག་རྩིས་འཕོངས་ལས་ནི།། ཀུན་ལས་མཐར་བྱུང ་ལྷ་མི་ལ་སོགས་ཀུན་པས་མཆོག། ཤཱཀྱའི་རིགས་ཁྲུངས་ལོག་ཅོག་བསལ་ཕྱིར་བཙུན་མོའི་འཁོར།། བཀྲ་ཤིས་དམ་པ་ངེས་ཀྱང་དེང་འདིར་བདེ་ལེགས ་ཤོག། ཕོ་ཟང་ནས་བྱུང་རྒ་ནད་འཆི་བ་ལས་བྱུང་གཟིགས།། མི་རྣམས་རྨོངས་མཛད་ལྷ་ཡི་མདུན་བདར་མཁའ་ལ་ནི།། སྲིད་གསུམ་དག་ལས་བརྒལ ་ཕྱིར་མཐོན་མཐིང་དབུ་སྐྲ་བྲེགས།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ལྷ་རྣམས་རྫུ་འཕྲུལ་གྱིས་ལྕགས་ངུར་སྨྲིག་གོས་རྣམས་ཕུལ།། ་ནར་འཛ་རའི་ཆུ་བོར་དཀའ་ཐུབ་མ་ལུས་རྫོགས།། ཐུབ་པ་བསམ་གཏན་ནས་བཞེང་ས་བཀྲ་ཤིས་འོ་ཐུག་གསོལ།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར ་བདེ་ལེགས་ཤོག། པད་མོ་ལས་བྱུང་ཁྱུ་མཆོག་བྱང་ཆུབ་ཤིང་དྲུང་དུ།། དཀྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གིས་བདུད་བཏུལ་ནས།། ཐོ་རངས་བདུད་རྩི ་མི་འགྱུར་ཕུན་ཚེགས་སངས་རྒྱས་པ།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། བ་ར་ཎཱ་སེར་ཆོས་ཀྱི་འཁོར་ལོ་མགོན་པོས་བསྐོར།། ་ཀུན་ཤེས་ལ་སོགས་བདེན་བཞི་ལྔ་སྡེ་བཟང་ལ་བསྟན།། ལྦ་ཀླུ་ལྷ་མིན་ལ་སོགས་མི་མིན་བདུན་གྱུར་གང་།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ ་ལེགས་ཤོག། ང་རྒྱལ་བསྡམས་པར་ལྡན་པའི་སྟོན་པ་དྲུག་བཏུལ་ཞིང་།། གླང་ཆེན་རབ་མྱོས་མི་བཟང་ལྷས་བྱིན་གྱིས་ཟད་བརྟུལ།། དྲང་སྲོང་མཆོག་ལ ་སྡེའུ་རྒྱལ་ཅང་ཤེས་སྦྲང་རྩིས་མཆོད།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། པདྨོ་གཞོན་ནུ་ལྟ་ལྷའི་མཚན་ལྡན་ཤཱཀྱའི་རིགས། ་ཟས་གཙང་སྲས་སུ་རྒྱལ་རིགས་འཁོར་ལོས་སྒྱུར་རྒྱལ་བལྟམས།། བལྟམས་པ་ནས་གཟུངསཱ་ལའི་ཚལ་དུ་མ་ལུས་རྫོགས།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར ་བདེ་ལེགས་ཤོག། བྱམས་པའི་སྟོབས་ཀྱིས་འགྲོ་བ་མ་ལུས་སྒྲོལ་མཛད་ཅིང་།། སེམས་ཅན་མཐའ་ཡས་ཞི་བ་དེའི་ལམ་ལ་རབ་བཀོད་ནས།། གྲོང་ཁྱེར་རྩ་མཆོག ་དམ་པར་དགོངས་པ་ཡོངས་རྫོགས་གང་།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། བཅོམ་ལྡན་རྣམ་པར་གཟིགས་ནི་རྒྱལ་རིགས་གཟིད་བརྗིད ་