CLOSE WINDOW

Ng52.152: sme bdun zhes pa skar ma'i mdo
Wyliee-texts produced with BDRC’s OCR application

རྒྱ་ནག་གི་སྐད་དུ། བཱི་དུ་ཆིང་ཟིང་གིང་། ཧོར་གྱི་སྐད་དུ། དོ་ལོ་འན་ཨེ་བུ་གན་ནེར་ཐུ་ཙོ་དོན་ནུ་སུ་དུང་། བོད་སྐད་དུ། ་སྨེ་བདུན་ཞེས་པ་སྐར་མའི་མདོ།། དེ་བཞིན་གཤེགས་པ་བདུན་ལ་ཕྱག་འཚལ་ལོ།། དེ་ནས་ལྷའི་ལྷ་བཅོམ་ལྡན་འདས་ཀྱིས། བྱ་བ ་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། སྨེ་བདུན་ཞེས་པའི་སྐར་མ་ནི། ཐོག་མར་ཏམ་ལང་ཞེས་པའི ་སྐར་མའོ།། དེའི་བསྲུང་བའི་འཁོར་ལོ་འདི་ཡིན་ནོ།། བྱི་བ་ལོ་པའི་མི་དག་སྐར་མ་འདིའི་རིགསུ་སྐྱེས་པའོ།། མཆོད་པའི་ཟས་ནི་གྲུས་མ ་སྦོམ་པའོ།། གདོན་དང་བར་དུ་གཅོད་པ་བྱུང་ན་ཆོས་འདི་མཆོད་ནས་བསྲུང་བ་འདི་གདགས་པར་བྱའོ།། བར་ཆད་ཐམས་ཅད་ཞི་ནས་དག ་བརྒྱ་ཆེན་པོ་འཐོབ་པར་འགྱུར་རོ།། གཉིས་པ་ཀུན་མིན་ཞེས་པའི་སྐར་མའོ།། དེའི་བསྲུང་བའི་ཁོར་ལོ་ནི་འདི་ཡིན་ནོ།། གླང་གི་ལོ་དང་། ་ཕག་གི་ལོ་པའི་མི་དག་སྐར་མ་འདིའི་རིས་སུ་སྐྱེས་པའོ།། དེ་ལ་མཆོད་པའི་ཟས་ནི་གྲུས་མ་ཕྲ་མོའོ།། གདོན་དང་བར་དུ་གཅོད་པ་བྱུང ་ནན་ཆོས་འདི་ལ་མཆོད་ནས་བསྲུང་བ་འདི་ལུས་ལ་གདགས་པར་བྱའོ།། བར་ཆད་ཐམས་ཅད་ཞི་ནས་དགའ་བ་རྒྱ་ཆེན་པོ་ཐོབ་པར ་འགྱུར་རོ།། གསུམ་པ་ལུ་སུན་ཞེས་པའི་སྐར་མའོ།། དེའི་བསྲུང་བའི་འཁོར་ལོ་ནི་འདི་ཡིན་ནོ།། སྟག་གི་ལོ་དང་ཁྱིའི་ལོ་པའི ་མི་དག་སྐར་མ་འདིའི་རིས་སུ་སྐྱེས་པའོ།། མཆོད་པའི་ཟས་ནི་འབྲས་སོ།། གདོན་དང་བར་དུ་གཅོད་པ་བྱུང་ན་ཆོས་འདི་དག ་མཆོད་ནས་བསྲུང་བ་འདི་བདགས་པར་བྱའོ།། བར་ཆད་ཐམས་ཅད་ཞི་ནས་དགའ་བ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ།། བཞི་པ་འུན་ཁུ་ཞེས ་ཞེས་པའི་སྐར་མའོ།། འདིའི་བསྲུང་བའི་འཁོར་ལོ་ནི་འདི་ཡིན་ནོ།། ཡོས་བུ་ལོ་དང་བྱའི་ལོ་པའི་མི་དག་སྐར་མ་འདིའི་རིས་སུ་སྐྱེས་པའོ།། ་མཆོད་པའི་ཟས་ནི་གྲོའོ།། གདོན་དང་བར་དུ་གཅོད་པ་བྱུང་ན་ཆོས་འདི་ལ་མཆོད་ནས་བསྲུང་བ་འདི་གདགས་པར་བྱའོ།། བར་ཆད་ཐམས ་ཅད་ཞི་ནས་དགའ་བ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ།། ལྔ་པ་ལི་མཆི་མ་ཞེས་པའི་སྐར་མའོ།། དེའི་བསྲུང་བའི་འཁོར་ལོ་ནི་འདི་ཡིན་ནོ།། ་འབྲུག་གི་ལོ་པའི་མི་དང་སྤྲེའུ་ལོ་པའི་མི་དག་སྐར་མའི་དིའི་རིས་སུ་སྐྱེས་པའོ།། མཆོད་པའི་ཟས་ནི་གཙོ་མའི་འབྲས་བུའོ།། གདོན་དང་བར་དུ་གཅོད་པ་བྱུང་ན་ཆོས་འདི་ལ། ་མཆོད་ནས་བསྲུང་བ་འདི་གདགས་པར་བྱའོ།། བར་ཆད་ཐམས་ཅད་ཞི་ནས་དགའ་བ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ།། དྲུག་པ་ལྕུ་གུ་ཞེས་པའི་སྐར་མའོ།། དེའི་བསྲུང་བའི་ཁར ་ནི་འདིའོ།། ལུག་གི་ལོ་པ་དང་སྦྲུལ་གྱི་ལོ་པའི་མི་དག་སྐར་མ་འདིའི་རིས་སུ་སྐྱེས་པའོ།། མཆོད་པའི་ཟས་མི་སྲན་མ་ནག་པོའོ།། གདོན་དང་བར་དུ་གཅོད་པ་བྱུང་ན ་ཆོས་འདི་ལ་མཆོད་ནས་བསྲུང་བ་འདི་གདགས་པར་བྱའོ།། བར་ཆད་ཐམས་ཅད་ཞི་ནས་དགའ་བ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ།། བདུན་པ་བུ་གུ་ཞེས་པའི་སྐར་མའོ།། ་དེའི་བསྲུང་བའི་འཁོར་ལོ་ནི་འདི་ཡིན་ནོ།། རྟའི་ལོ་པའི་མི་དག་སྐར་མ་འདིའི་རིས་སུ་སྐྱེས་པའོ།། འདིའི་མཆོད་པའི་ཟས་ནི་སྲན་ཆུང་ངོ་།། གདོན་དང་བར་དུ་གཅོད་པ་བྱུང་ན ་ཚེས་འདི་མཆོད་ནས་བསྲུང་བ་འདི་གདགས་པར་བྱའོ།། གདོན་དང་བར་དུ་གཅོད་པ་ཐམས་ཅད་ཞི་ནས་དགའ་བ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ།། ཕྱག་འཚལ་ད་ནི་བདག་ཅག ་ཏམ་ལང་ཞེས་པའི་སྐར་མ་ཡི།། གོ་འཕང་ལའོ་ཁྱོད་ནི་ཤར་གྱི་ཕྱོགས།། ཀུན་ནས་འཕགས་པའི་འཇིག་རྟེན་དག་ཏུ་རྒྱལ་བ་ནི།། བློ་གྲོས་དབང་གིས་ཡོན་ཏན་རྫོགས་པའི་སྤྲུལ ་པའོ།། དེ་ཡི་གཟུངས་ནི་འདི་ཡིན་ནོ།། ནམ་ས་མནྟ་བུད་དྷཱ་ནཱན། ཨོཾ་ཨ་མི་དྷ་ཡཱ་ཡ་སྭཱ་ཧཱ།། ཕྱག་འཚལ་བདག་ཅག་ཀུ་མིན་ཞེས་པའི་སྐར་མ་ཡི་གོ་འཕང་ལ་འོ་ཁྱོད་ནི་ཤར ་ཕྱོགས་རྨད་བྱུང་བའི།། རིན་པོ་ཆེ་ཡི་འཇིག་རྟེན་དག་ཏུ་རྒྱལ་བ་ནི།། གསལ་བའི་དབྱངས་ཀྱི་དབང་པོ་ཞེས་བྱའི་སྤྲུལ་པའོ།། དེ་ཡི་གཟུངས་ནི་འདི ་ཡིན་ནོ།། ན་མཿས་མནྟ་བུད་དྷ་ནན། ཨོཾ་ཚིནྡྲ་ཧཱུ~ཾ་ནི་སྭཱ་ཧཱ།། བདག་ཅག་ཕྱག་འཚལ་ལུ་སུན་ཞེས་པའི་སྐར་མ་ཡི།། གོ་འཕང་ལའོ་ཁྱོད་ནི་ཤར་ཕྱོགས་འཇིག་རྟེན་གང་།། ཟླ་བ ་འདྲའི་ཞིང་དུ་གསེར་གྱི་ཁ་དོག་ནི།། ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱི་ནི་སྤྲུལ་པའོ།། དེ་ཡི་གཟུངས་ནི་འདི་ཡིན་ནོ།། ན་མཿས་མནྟ་བུད་དྷ་ནན། ཨོཾ་ནི་མི་རི་ནི་ལ་ཀ་ཧ་ན ་པར་མ་རུ་ཏུ་སུ་སྭཱ་ཧཱ། ཕྱག་འཚལ་དག་ནི་ལྷུན་གུ་ཞེས་པའི་སྐར་མ་ཡི།། གོ་འཕང་ལའོ་ཁྱོད་ནི་ཤར་ཕྱོགས་འཇིག་རྟེན་གང་།། འགྱོད་པ་དང་ནི་སྨྲེ་སྔགས་མེད་པར་རྒྱལ་བ ་ནི།། ཀུན་ལས་འཕགས་པའི་བསོད་ནམས་གོ་འཕང་སྤྲུལ་པའོ།། དེ་ཡི་གཟུངས་ནི་འདི་ཡིན་ནོ།། ན་མཿས་མནྟ་བུད་དྷ་ནཱན། ཨོཾ་ཝེ་ཧ་སྭཱ་ཧཱ།། ཕྱག་འཚལ་བདག་ནི་ལིམ ་ཆེན་ཞེས་པའི་སྐར་མ་ཡི།། གོ་འཕང་ལའོ་ཁྱོད་ནི་ཤར་ཕྱོགས་འཇིག་རྟེན་གང་།། གཙང་མར་ལྡན་པའི་ཞིང་དུ་བློ་དང་ཤེས་རབ་ནི།། མཁྱེན་པ་ཐོགས་མེད་རྒྱས་པ་རྒྱལ་བའི་སྦྲུ ་པའོ།། དེ་ཡི་གཟུངས་ནི་འདི་ཡིན་ནོ།། ན་མཿས་མནྟ་བུད་དྷཱ་ནཱན། ཨོཾ་པ་ར་ཏི་ཙར་མ་ར་ཎ་སྭཱ་ཧཱ།། ཕྱག་འཚལ་བདག་ནི་ཧུ་གུ་ཞེས་པའི་སྐར་མ་ཡི།། གོ་འཕང་ལའོ་ཁྱོད་ན ་ཤར་ཕྱོགས་འཇིག་རྟེན་གང་།། ཆོས་ལ་མོས་པར་ཆོས་ཀྱི་རྒྱ་མཚོར་དགྱེས་པ་ཡི།། ཐུབ་པ་དེ་བཞིན་གཤེགས་པའི་སྤྲུལ་པ་ཁྱོད་ཡིན་ནོ།། དེ་ཡི་སྔགས་ནི་འདིའོ།། ནམ ་ས་མནྟ་བུད་དྷ་ནན། ཨོཾ་སརྦ་དྷཱ་ར་ས་མ་ཡེ་སྭཱ་ཧཱ།། ཕྱག་འཚལ་བདག་ནི་ཕོ་གུན་ཞེས་པའི་སྐར་མ་ཡི།། གོ་འཕང་ལའོ་ཁྱོད་ནི་ཤར་ཕྱོགས་འཇིག་རྟེན་གང་། ་རིན་ཆེན་བཻ་ཌཱུ་རཱི་ལས་གྲུབ་པའི་ཞིང་དུ་ནི།། བཻ་ཌཱུརྱ་འོད་སྨན་པའི་རྒྱལ་པོའི་སྤྲུལ་པའོ།། དེ་ཡི་སྔགས་ནི་འདིའོ།། ན་མཿས་མནྟ་བུད་དྷཱ་ནཱན། ཨོཾ་ས་པ་ཏ་པ་ར་མ་ནི ་ཙ་སྭཱ་ཧཱ། གང་སུ་དག་རང་གི་ལོའི་འགྲོས་ལ་བར་ཆད་བྱུང་བར་གྱུར་ན། དེ་ནས་མི་དེ་ཆོས་རིན་པོ་ཆེ་འདི་ལ་ལན་བདུན་དུ་ཕྱག་འཚལ་ལོ།། བར་ཆད་ཐམས་ཅད་ཞི་ཞིང་བདེ ་བར་འགྱུར་རོ།། དེའི་ཚེ་ལྷའི་ལྷ་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། འཇམ་དཔལ་ངས་བཤད་པའི་ཆོས་ཀྱི་མདོ་འདི་ནི། ཆོས ་ཀྱི་མཆོག་དང་ལྡན་པ། འོད་དུ་གྱུར་པ། སྟོབས་དང་ལྡན་པའོ།། སེམས་ཅན་ཐམས་ཅད་ཀྱི་ནོར་བའི་ཉེས་པ་ལས་སྐྱོབ་པའི་རྟེན་པར་གྱུར་པའོ།། སྡིག་པ་དང་སྒྲིབ་པ ་ཐམས་ཅད་དང་། གདོན་གྱི་ལན་ཆགས་ཐམས་ཅད་དེ་ངེས་པར་བྱེད་པ་དང་ཞི་བར་བྱེད་པའོ།། དགེ་སློང་ཕ་འམ། དགེ་སློང་མ་འམ། སྦྱིན་བདག་པོ་མོ་འམ། ཁྱིམ་བདག ་ཕོ་མོ་འམ། མེ་དང་གྲགས་པ་དང་ལྡན་པའི་དམ་པར་གྱུར་པའི་སྐྱེས་པ་འམ། བུད་མེད་དམ། བཀུར་བར་འོས་པ་དང་། བཀུར་བར་འོས་པ་མ་ཡིན་པ་ཆེན་པོ་དང ་ཆུང་ངུ་གང་སུ་དག་སྐར་མ་སྨེ་བདུན་འདིའི་རིས་སུ་སྐྱེས་པའོ།། གང་སུ་དག་ཆོས་འདི་ཐོས་ནས་སློབ་པ་དང་། ཁོང་དུ་ཆུད་ཅིང་རང་གི་ལུས་ཀྱིས་མཆོས་པ་དང་། རིམ ་བར་ཡང་གྲོགས་སམ། གཉེན་འདུན་དག་ལ་བསྐུལ་ནས་འཛིན་དུ་བཅུག་ན། བསོད་ནམས་འདིའི་དྲིན་དང་འབྲས་བུ་ཚེ་འདི་ཉིད་ལ་རྙེད་པར ་འགྱུར་རོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལས། དམྱལ་བར་སྐྱེས་ནས་སྡུག་བསྔལ་སྣ་ཚོགས་རྩུབ་མོ་མྱོང་བར་གྱུར་པ་དག་གི་དོན་དུ་ཆོས་འདི ་ལ་ཡི་རང་བའི་བསམ་པས། བཀུར་སྟི་དང་མཆོད་པ་བྱས་ན། དེ་ནས་དེ་དག་གི་ཤེས་པ་དམྱལ་བའི་སྡུག་བསྔལ་ལས་གྲོལ་ཞིང་སྲང་བར་གྱུར་ནས། བདེ་ཅན ་གྱི་འཇིག་རྟེན་དུ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་སུ་དག་གདོན་དང་། འབྱུང་པོ་དག་གིས ་ཟིལ་གྱིས་ནོན་པ་འམ། བདུད་དྲག་པོས་སྡུག་བསྔལ་བར་བྱས་པ་འམ། རྨི་ལམ་ངན་པ་རྨིས་པ་འམ། ལྟས་ངན་པ་མཐོང་བར་གྱུར་ཏམ། རང་གི་སེམས་དང་ངས་སྐྲག་པར ་གྱུར་ན། ཆོས་འདི་མཉན་ནས་བརླབས་ཤིང་། ཁོང་དུ་ཆུད་པར་བྱས་ཏེ་མཆོད་ན། བར་ཆད་དེ་དག་ལས་གྲོལ་ཞིང་སྲབས་ནས། དེའི་བློ་དང་སེམས་བདེ་བར་འགྱུར། དེའི་སྐྲག ་བ་དང་། དངངས་པ་ཐམས་ཅད་དུ་ཟད་པར་འགྱུར་རོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་སུ་དག་ཇི་ལྟར་རང་གི་རྗེ་དཔོན་དང་ལྷན་ཅིག་ཏུ་འགྲོགས་ནས། མཉེས་ཤིང་གཅེས་པར ་འགྱུར་བར་འདོད་ནས་སྤྱོད་པའི་དུས་སུ་འམ། ཡང་མངག་གཞུག་བྱེད་པར་གྱུར་ན་མི་དེ་ཆོས་འདི་དང་ཕྲད་ནས་རྗེ་སུ་ཡི་རང་བའི་སེམས་ཀྱིས་བཀུར་ཞིང་མཆོད་ན། དེ་ནས་རྗེ་དཔོན ་དེ་ལ་གཉེན་ཞིང་གཅེས་པར་དེའི་མི་དང་། གྲགས་པ་སྤེལ་ཞིང་གྲགས་པར་གྱུར་ནས། དགའ་བ་ཆེན་པོ་འཐོབ་པར་འགྱུར་རོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་སུ་དག་ནང ་དྲག་པོས་ཐེབས་ནས་མནར་ཞིང་། ནད་དེ་ལས་གྲོལ་བར་འདོད་པ་དག་གནས་གཙང་མར་སྤོས་བསྲེགས་ཤིང་ཆོས་འདི་ལ་མཆོད་པ་ཕུལ་ནས་ཀློག་ཏུ་བཅུག་ན། དེ་ལ་ཞེན་པའི་ན ་དེ་དག་ཐམས་ཅད་ལས་ཐར་བར་འགྱུར་རོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་སུ་དག་ལམ་དུ་ཞུགས་ཏེ་རིང་པོར་སོང་ནས་ཉེ་ཚོང་བྱེད་པ་དག་རྙེད་པའི་ནོར་གྱིས་ཚིམ་པར་འདོད ་ནས། དྲིན་དང་འབྲས་བུ་ཕན་ཡོན་ཡངས་ཤིང་རྒྱས་པར་འདོད་ན་ཆོས་འདི་ལ་ཡིད་ཆེས་པའི་བསམ་པས་བཀུར་ཞིང་མཆོད་ན། དེའི་འདོད་དོན་གང་ཡིན་པ་བསམས་པ་བཞིན་དུ ་ཚིམ་པར་འགྱུར་རོ།། ཕྱི་རོལ་དུ་འགྲོ་བ་དང་ནང་དུ་འཇུག་པའི་དུས་སུ་དགའ་བ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་རོ།། ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་སུ་དག་ཞིང་ལ་ལོ ་ཏོག་དང་ཤིང་ཐོག་གི་འབྲས་བུ་མ་རྙེད་པ་དང་། ཕྱུགས་ཀྱི་ནད་བྱུང་བར་གྱུར་ན། དེ་ནས་གནས་གཙང་མར་སྤོས་བསྲེགས་ཏེ། ཆོས་རིན་པོ་ཆེ་འདི་ལ་མཆོད་ན་ལོ་ཏོག་ཐམས ་ཅད་ལེགས་པར་འགྱུར། ཕྱགས་འཕེལ་བར་འགྱུར་རོ།། ཡང་གདོན་དང་བར་ཆོད་འབྱུང་བར་མི་འགྱུར་རོ།། ཡང་རིགས་ཀྱི་བུ་མོ་གང་ཞིག་མངལ་དུ་བུ་ཆགས་ནས་བར་ཆད་དང ་ལྡན་པའི་ཟླ་བ་དང་འཛོམ་ན། ཆོས་འདི་ལ་ཡིས་ཆེས་པའི་སེམས་ཀྱིས་བཀུར་ཞིང་མཆོད་ན། བར་ཆད་དེ་དག་ལས་ནད་མེད་པར་གྲོལ་བར་འགྱུར་རོ།། བཙས་པའི་བུ ་དང་བུ་མོ་དེ་དག་ཀྱང་བསོད་ནམས་དང་བཀྲ་ཤིས་དང་ཚེ་རིང་བ་དང་ལྡན་པར་འགྱུར་རོ།། ཡང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་སྐྱེས་པའི་མི་ཐམས་ཅད ་སྨེ་བདུན་གྱི་སྐར་མས་ཤེས་ཤིང་བདག་གིར་བྱེད་པའོ།། ཇི་སྲིད་མཚོའི་བར་དུ་ཚེ་གཅིག་ལ་ཇི་ཙམ་དུ་བར་ཆད་དང་། དོན་མེད་པའི་རྩོད་པ་དང་། དེ་ལ་སོགས་པ་ལྟས་ངན་པ ་བརྒྱ་ཕྲག་ཐམས་ཅད་སྨེ་བདུན་ཞེས་པའི་སྐར་མ་བདག་པོར་གྱུར་པའོ།། ཞེས་ཤེས་ནས་ཆོས་འདི་བཀུར་ཞིང་ཡིད་ཆེས་པར་བྱས་ནས་མཆོད་ན། གདོན་དང་པར་དུ་གཅོད་པ ་གང་ཡང་གནོད་པ་བྱེད་མི་ནུས་སོ་ཞེས་བཤད་པ་ཡིན་ནོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་འཁོར་བཞི་པོ་དེ་དག་འདུས་ཏེ། ཆོས་ཀྱི་ཀའ་འདི་བཀུར ་ཞིང་བསྟི་སྟང་དུ་བྱས། ཀུན་ཆུབ་པར་བྱས་ནས་ཡན་ལག་ལྔས་ཕྱག་བྱས་ཏེ་སོང་ངོ་།། ན་མོ་རཏྣ་ཙིར་ཛ་དེ་མ་ཧཱ་ཏེ་ཛ་ཙིར་ཨ་བ་པྲ་ཨ་ཀི་སྭཱ་ཧཱ། ལྷའི་ལྷ་སངས་རྒྱས་ཀྱིས ་གསུངས་པའི་སྨྲེ་བདུན་ཞེས་བྱ་བའི་སྐར་མས་ཚེ་རིང་པོར་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་མདོའི་ལེའུའོ།། ། དཔལ་ལྡན་གསེར་གྱི་མི་ནི་གཟུགས་དཀར་པོ།། དཔ ་ལྡན་ཤིང་གི་མི་ནི་གཟུགས་སྔོན་པོ།། དཔལ་ལྡན་ཆུ་ཡི་མི་ནི་གཟུགས་ནག་པོ།། དཔལ་ལྡན་མེ་ཡི་མི་ནི་གཟུགས་དམར་པོ།། དཔལ་ལྡན་ས་ཡི་མི་ནི་གཟུགས་སེར་པོ།། ་སྨེ་བདུན་ཞེས་པའི་སྐར་མ་ལ་གསོལ་བ་འདེབས་པའི་བསྟོད་པ་ནི་འདི་ཡིན་ནོ།། ས་ཡི་སྙིང་པོའི་སྟེང་ལས་དཔག་ཚད་བརྒྱད་ཁྲི་འཕགས་པ་ལྷུན་པོའི་རྩར་གནས་པ།། ་གླིང་བཞི་པ་ཡི་འཇིག་རྟེན་འདིར་ནི་དབང་དང་ལྡན་པ་ཁྱོད་ཉིད་བདག་གི་ལྷ།། སྐྱེ་གནས་བཞི་དང་ལས་ལྔ་དང་ལྡན་སེམས་ཅན་སྐབས་དང་སྐྱོབ་པ་ཁྱོད་ཡིན་ཏེ། ཕྲེང་བ ་བརྒྱུས་ལྟར་ལྷ་ཡི་རྒྱལ་པོ་བརྒྱ་བྱིན་གྱིས་ནི་དབུ་རྒྱན་གྱུར་པ་ཉིད།། ཉི་ཟླ་གཟའ་བདུན་རྒྱུ་སྐར་རྣམས་དང་དུང་ཕྱུར་ཁྲི་ཁྲག་སུམ་ཅུའི་སྐར་མས་མཆོད་།། དག་གི་ལྷ་ཁྱོད་ཆེ ་རབ་འདིར་ནི་འདོད་པའི་དོན་ཀུན་འགྲུབ་པར་བྱེད་པ་སྟེ།། དེས་ནས་གང་འདོད་དོན་ཀུན་བསམས་དང་ཇི་ལྟར་འདོད་བཞིན་བདག་ཡིད་ཚིམ་པར་མཛོད།། གདོན་དང་བར་ཆད་རྒྱ ་ཕྲག་ཞི་ཞིང་མེད་པར་མཛད་པ་ཁྱོད་ཡང་བདག་གི་ལྷ།། ཚེ་རིང་བར་ཡང་མཛད་པ་ཁྱོད་ལགས་བདག་གི་བཟང་པོའི་ཚིག་ཀུན་འགྲུབ་པར་མཛོད།། སྨེ་བདུན་ཞེས་པའི་སྐར ་མ་ལ་མར་མེ་འབུལ་བའི་ཉི་མ་དག་བཤད་པར་བྱའོ།། དཔྱིད་ཟླ་ར་བའི་ཚེས་བདུན་དང་། དཔྱིད་ཟླ་འབྲིང་པོའི་ཚེས་བཞི་དང་། དཔྱིད་ཟླ་ཐ་མའི་ཚེས་གཉིས་དང་། དབྱར ་ཟླ་ར་བའི་ཉི་ཤུ་བདུན་དང་། དབྱར་ཟླ་འབྲིང་པོའི་ཚེས་ལྔ་དང་། དབྱར་ཟླ་ཐ་མིའི་ཉི་ཤུ་གསུམ་དང་། སྟོན་ཟླ་དང་པོའི་ཚེས་ཉི་ཤུ་དང་། སྟོན་ཟླ་འབྲིང་པོའི་ཚེས་བཅུ ་བདུན་དང་། སྟོན་ཟླ་ཐ་མའི་ཚེས་ཉི་ཤུ་དང་། དགུན་ཟླ་ར་བའི་ཚེས་བཅུ་གཅིག་དང་། དགུན་ཟླ་འབྲིང་པོའི་ཚེས་བཅོ་ལྔ་དང་། དགུན་ཐ་མའི་ཚེས་བརྒྱད་རྣམས་ལ ་མར་མེ་འབུལ་བར་བྱའོ།། སྨེ་བདུན་ཞེས་པའི་སྐར་མའི་མདོ་རྫོགས་སོ།། །། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི།། སྨྲེ་བདུན་ཞེས ་བའི་སྐར་མའི་མདོ་སྡེའིའང་།། བསྟན་པའི་སེམས་ཀྱིས་དྲན་ཞིང་གང་མཆོད་པ།། དེ་ལ་ཕན་པ་འབྱུང་ཞེས་རབ་ཤེས་ནས།། ཨུ་རུག་པོ་གའི་མིང་ཅན་ཟ ་གུར་ཆེ།། ཆུང་ངུའི་དུས་ནས་རྟག་པར་ཆོས་འདི་ལ།། ཡིད་ཆེས་ལྡན་པས་རྒྱུན་དུ་ཀློག་ཅིང་མཆོད།། རང་གི་གོ་འཕང་ཚོལ་ཞིང་གསོལ་འདེབས་པས།། མཐུན་པར་སྐྱོབ་པའི ་བདག་པོ་བསོད་ནམས་ཅན།། གྲོལ་མཛད་སྟོན་པ་སངས་རྒྱས་སྤྲུལ་པ་གང་།། ཐེ་མུར་རྒྱལ་བུ་ཡུན་དུ་ཚེ་རིང་ཞིང་།། ཐུག་ཅན་རྒྱལ་བུ་ཆེན་པོར་འགྱུར་བར་འདོད།། བློ་ལྡན ་བྱང་ཆུབ་སེམས་དཔའ་བདག་པོ་དེ།། སླེབ་ནས་སེ་ཆེན་རྒྱལ་པོའི་གདན་སར་བཞུགས།། བདག་གི་ཡིད་ལ་འདོད་པ་ཚེམ་གྱུར་པས།། ཐེ་ཚོམ་མེད་པར་ཆོས་འདིར་ངེས་ཤེས ་སྐྱེས།། ཡུ་གུར་ཡི་གེར་ཆོས་ཀྱི་མདོ་སྡེ་འདི།། སྔོན་ཆད་གཞན་གྱིས་བསྒྱུར་བ་མེད་པས་ན།། མང་པོའི་ཧོར་ནམས་དད་པས་མཆོད་གྱུར་ཅེས།། བདག་གིས་ཧོར་གྱིས་སྐད་དུ་བསྒྱུར། ་བ་ཡིན།། ང་ཡིས་ཇི་ལྟར་བསམ་པ་འགྲུབ་འགྱུར་ན།། སེམས་ཅན་ཁྲི་ཁྲག་སྟོང་ཕྲག་འདོད་པ་ཀུན།། བདག་ཉིད་ཇི་བཞིན་ཚིམ་པར་གྱུར་ག་ཅེས།། སྟོང་ཕྲག་པར་དུ་བཏབ ་ནས་ཀུན་ལ་བཀྱེ།། འདི་ཡི་བསོད་ནམས་དྲིན་གྱི་འབྲས་བུའི་མཐུས།། བདག་པོ་རྒྱལ་པོ་དཔོན་མོ་བརྒྱུད་པར་བཅས།། ཡུན་སྐུ་ཚེ་རིང་ཞིང་བསོ་ནམས་འཕེལ།། མཐ ་ཐུག་སངས་རྒྱས་གོ་འཕང་རྙེད་གྱུར་ཅིག་བརྒྱལ་ཁམས་དགྲ་དང་འཁྲུག་པ་ཞི་བ་དང་།། གདོན་དང་བར་ཆང་རིམས་མེད་པདེ་གྱུར་ཅིག། ཆར་རླུང་དུས་བབས་མུ་གེ་མེད་འགྱུར་ཞིང་།། 28 ་གིས་སྨྲས་དང་བསམ་དོན་འགྲུབ་གྱུར་ཅིག། གདག་དང་ཕམ་བུ་སོགས་གཉེན་རྣམས་དང་།། འཚོ་བའི་སྤུན་དང་སེམས་ཅན་མང་པོར་བཅས།། འཇིག་རྟེན་འདིར ་ཡང་ཆོས་ཀྱིས་འདོད་པ་ཆོམ།། བདེ་བ་ཅན་ཞིང་རྟག་པར་ཕྱིན་གྱུར་ཅིག། ཐིན་ལི་དང་པོའི་ལོ་འབྲུག་གི་ཟླ་བ་བཅུ་པའི་ཚེས་གཅིག་ལ་བར་དུ་བཏབ་པ་ཡིན།། མདོ་འདི ་རྒྱ་གར་གྱི་ཡུལ་ནས་རྒྱ་གར་གྱི་པནཱི་ཏ་གཅིག་དང་།། ཟང་ཟས་ཚང་གིས་ཁྱེར་ཏེ་རྒྱའི་ཡུལ་དུ་བསྒྱུར་རོ།། རྒྱ་ཆེན་པོའི་ཡུལ་དུ་རྒྱས་པར་གྱུར་ཅིང་།། གནས་པ་ལས་རྒྱལ་པོ་ཆེན ་པོའི་བློན་པོ་བྱང་ཆུབ་སེམས་དཔའི་རིགས་སུ་བྱུང་བ་དད་པ་དང་། ཤེས་རབ་དང་། ཏིང་ངེ་འཛིན་དང་ལྡན་པ་གིམ་རྩེ་གོང་ལུ་ཏའི་ཧུའི་གཡུའི་ཤྲི་ཐའི་ཨུ་དུག་པོ་ཡིས་བསྐུལ་ཏེ ་ཡུ་གུརེ་གྱི་བསྟན་པའི་བདག་པོ་པྲཛྙཱ་ཤྲཱིས་ཧོར་གྱི་སྐད་དང་ཡི་གེར་བསྒྱུར་ནས་སྟོང་ཕྲག་གཉིས་པར་དུ་བཏབ། ཨ་ལིན་ཐི་མུར་ཏའི་སེ་དུས་ཡུ་གུར་གྱི་སྐད་དུ་བསྒྱུར་ཏེ། ་སྟོང་ཕྲག་གཅིག་པར་དུ་བཏབ་ནས། ཆོས་ཀྱི་སྦྱིན་པ་བྱས་ཏེ་ཏོར་དང་ཡུ་གུར་ལ་རྒྱས་པར་བྱས་ཤིང་།། ཏའི་ཧུ་ཉིད་ཀྱང་སྔན་ཆང་སོག་པོའི་ཆོས་ལུགས་འཛིན་པ་ལ། ཆོས ་འདིའི་བྱིན་རླབས་ཀྱིས་ཀྱིས་སངས་རྒྱས་ཀྱི་ཆོས་ལ་ཞུགས་ཤིང་རབ་ཏུ་བྱུང་སྟེ་འདིའི་ཡོན་ཏན་རྣམས་ཉིས་སུ་མྱོང་བར་གྱུར་རོ།། སྲད་ཀྱིས་མེ་མོ་གླང་གི་ལོ་ལ། ལོ་ཙཱ་བ ་མཧཱ་པ་ལ་དང་། ཤྲཱི་ཨཱནནྟ་བཛྲས་གུང་ཐང་གི་གཙུག་ལག་ཁང་དུ་འོད་ཀྱི་སྐད་དང་ཡི་གེར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ཞུས་དག་སཐ་མངྒ་ལ། ཤྲ་དྷཾ། ་