CLOSE WINDOW

Ng52.148: gza'i nad thams cad rab tu zhi bar byed pa'i gzung+s
Wyliee-texts produced with BDRC’s OCR application

#།། རྒྱ་གར་སྐད་དུ། བཛྲ་ཧྲི་པ་ཤ་ཤ་གུ་ཡ། བོད་སྐད་དུ། གཟའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུང་། ་རྡོ་རྗེ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དཔལ་ཕྱག་ན་རྡོ་རྗེ་བསིལ་བའི་ཚལ་དུ་བཞུགྶ ་སོ་དེའི་ཚེ་གཟའ་དང་རྒྱུ་སྐར་དབང་དུ་སྡུད་པའི་གཟུངས་འདི་གསུངསོ།། ཏདྱ་ཐཱ། ཨོཾ་བཛྲ་པཱ་ཎི་ཧཱུཾ། ཧ་ས་ཧ་ས། དྷ་ར་དྷ་ར་སྭཱ་ཧཱ། དེ་སྐད ་ཅེས་གསུངས་པ་དང་། ཡབ་སྲིན་པོ་དང་། ཡུམ་ཀླུ་མོ་དང་། དྲང་སྲོང་ཆེན་པོ་རཱ་ཧུ་ལ་དང་། སྲིན་མོ་གདོང་མོ་བཞི་དང་། འགྱུ་བའི་གཟའ ་བདུན་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། དགེག་དང་། སྡེ་བརྒྱད་ལ་སོགས་པ་རྣམས། ཕྱག་ན་རྡོ་རྗེའི་འཁོར་དུ་འདུས་ཏེ། གུས་པར ་བྱས་ཏེ། རང་རང་གིས་གཟའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས་འདི་གསུངས་སོ།། དེ་ནི་འདི་ལྟ་སྟེ། ཨོཾ་བཛྲ་ཡཀྵ ་གྷན་དྷེ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཡབ་ཡག་ཤ་ནག་པོ་ཐོད་པའི་འཕྲེང་བ་ཅན་གྱི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་སྭཱ་ཧཱ། ་བཛྲ་ནཱ་ག་ར་ཧུ་ལ་མུ་ལུ་མུ་ལུ་སྭཧྨ། ཡུམ་ཧཾ་ཤཾ་སྦལ་མགོ་ཁྲག་མིག་མའི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་སྭཱ་ཧཱ།། ཨོཾ་བཛྲ་པ་ཤ ་མི་ཀི་རི་ཙུ་ལུ་ཙུ་ལུ་སྭཱ་ཧཱ།། དྲང་སྲོང་གཟའི་རྒྱལ་པོར་ཧུ་ལའི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་སྭཱ་ཧཱ། ཨོཾ་བཛྲ་རག་མོ་མ་མ་སྭཱ་ཧཱ།། སྲིན་མོ་ཤར་གྱི་སྟག་སྲིན ་ཟོར་བའི་གདོང་ཅན་གྱི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་སྭཱ་ཧཱ། ཨོཾ་བཛྲ་རག་མི་མུ་མུ་སཱ་ཧཱ།། སྲིན་མོ་ལྷོའི་དམ་སྲིན་དྲེད་མོའི་གདོང་གི་ནད་ཐམས་ཅད་རབ་ཏུ ་ཞི་བར་གྱུར་ཅིག་སྭཱ་ཧཱ། ཨོཾ་བཛྲ་རག་མོ་མེ་མེ་སྭཱ་ཧཱ། སྲིན་མོ་ནུབ་ཀྱི་རྐོང་སྲིན་པ་གླང་གདོང་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་སྭཱ་ཧཱ། ཨོཾ་བཛྲ་རག་མོ་མ་མོ ་སཱཧཱ། སྲིན་མོ་བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་ཅན་གྱི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་སྭཱ་ཧཱ།། ནད་པ་འདི་ལ་སྲུང་དུ་གསོལ་སྲུང་དུ་གསོལ། དྲང་སྲོང་ཆེན་པོ ་ར་ཧུ་ལའི་སྤྲུལ་པ་འགྱུ་བའི་གཟའ་བདུན་གྱི་སྙིང་པོ་འདི་ལྟ་སྟེ། ཨོཾ་བཛྲ་ཤ་ཤ་ར་དྷ་ར་དྷ་ར་སྭཱ་ཧཱ།། གཟབ་ཉི་མའི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་སྭཿ། ་ཨོཾ་བཛྲ་རྨཱརྨ་བ~ཾ་དྷི་རི་དྷི་རི་སཱཧཱ། གཟའ་ཟླ་བའི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་སྭཱ་ཧཱ། ཨོཾ་བཛྲ་མེ་མེ་རཾ་དྷུ་རུ་དྷུ་རུ་སྭཱ་ཧཱ།། གཟའ་མིག་དམར་གྱི་ནད་ཐམས ་ཅད་རབ་ཏུ་ན་རིག་སྭཱ་ཧཱ། ཨོཾ་བཛྲ་མུ་པུ་བ~ཾ་དྷ་ར་དྷ་ར་སྭཱ་ཧཱ། གཟའ་ལྷག་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཙོག་སྭཱ་ཧཱ། ཨོཾ་ཤཾ་ཤཾ་ཤིང་དྷ་རོ་དྷ་རོ་སཱཧཱ། ་གཟབ་པུར་བུའི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་སྭཱ་ཧཱ། ཨོཾ་ལཾ་ལཾ་ཁངྒ་ཁ་དྷ་སཱཧཱ། གཟའ་བ་ཝ་སངས་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་སཱཧཱ། ་ཨོཾ་སཾ་སཾ་དྷ་སདྡྷ་ས་སྭཱ་ཧཱ། གཟའ་སྤེན་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་སྭཱ་ཧཱ། ནད་པ་འདི་ལ་སྲུང་དུ་གསོལ་སྲུང་དུ་གསོལ་ལོ།། ཉི་ཟླ་གཟའི་ཕོ་ཉ་རྒྱུ་སྐར ་ཉི་ཤུ་རྩ་བརྒྱད་ཀྱི་གཟུངས་ནི་འདི་ལྟ་སྟེ། ཨོཾ་བཛྲ་དུ་ཤན་ཏིན་མ་གྷན་མ་ཀར་ལྗང་ལྒང་ཅེར་ཅོར་བ་གཏི་བ་ནཱ་སྭཱཧཱ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར ་གྱུར་ཅིག་སཱ་ཧཱ། དྲང་སྲོང་ཆེན་པོ་རཱ་ཧུ་ལའི་སྤྲུལ་པ་འགྱུ་བའི་གཟའ་བདུན་གྱི་གཟུངས་ནི་འདི་ལྟ་སྟེ། ཨོཾ་སྲིན་སྲིན་མུ་ཤ་མ་ཉིན་ཤེ་མ་ཤུ་ཀ་ཧ་རི་ཀུ་རི་མུ་རི་སུ་རི་ཕུ་རི ་དྷ་མུ་སྭཱ་ཧཱ། ཀོང་བཙུན་མོ་དང་། དགྲ་ལྷ་མོ་དང་། མ་མོ་ལ་སོགས་ཏེ་སྡེ་བརྒྱད་ཀྱི་ནད་ཐམས་ཅད་ཞི་བར་གྱུར་ཅིག་སྭཱ་ཧཱ།། ནད་པ་འདི་ལ་སྲུང་དུ་གསོལ་སྲུང་དུ་གསོ། ་ལོ།། དྲང་སྲོང་གཟའ་བྲན་དང་གཡོག་ཏུ་གྱུར་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གཟུངས་ནི་འདི་ལྟ་སྟེ། ཨོཾ་བཛྲ་ཤཾ་ཧཾ་ཏི་སུཾ་རུ་ཏྲ་མ་ཁ་ཏྲ་ཡེ་སྭཱ་ཧཱ། བགེགས་རིགས་སྟོང ་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག་སྭཱ་ཧཱ། ནད་པ་འདི་ལ་སྲུང་དུ་གསོལ་ལོ།། གཟཟིའི་གདོན་ཐམས་ཅད་མི་གཙང་བ་ལས་གྱུར་པས། ཁྲུས་ཀྱི་གཟུངས ་འདི་ལྟ་སྟེ། ཨོཾ་ཙཎྜ་མཧཱ་ཡཀྵ་བཛྲ་ཙཎྜ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷན་དྷ་བྷན་དྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱ་ཕཊ། མི་གཙང་བ་ཐམས་ཅད་དག་པར་གྱུར་ཅིག། མི་གཅ ་ང་ཐམས་ཅད་ཞི་བར་གྱུར་ཅིག། གཟའ་དང་རྒྱུ་སྐར་གྱི་ནད་དང་། བྱད་སྟེམས་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་སྭཱ་ཧཱ།། ནད་པ་འདི་ལ་སྲུང་དུ་གསོལ ་ལོ།། སྲུང་བར་མཛད་དུ་གསོལ་ལོ།། གཟའ་མི་འགྱུ་བར་གྱུར་ཅིག། གཟའ་མི་ལྡོག་པར་གྱུར་ཅིག། གཟའ་མི་འབབ་པར་གྱུར་ཅིག། སྡེ་བརྒྱད་ཀྱི་ཆད་པ་ལས ་ཐར་བར་གྱུར་ཅིག། གཟའ་གནས་སུ་བཞུགས་པར་གྱུར་ཅིག། གཟའི་ནངད་ཐམས་ཅད་ལས་གྲོལ་བར་གྱུར་ཅིག། གཟུངས་སྔགས་འདིའི་མཐུས། འགྲོ་བ་མིའི་ལུས ་ལ་དྲང་སྲོང་གཟའི་བྱད་ཀ་གྲོལ་བར་གྱུར་ཅིག། དེ་སྐད་ཅེས་བཀའ་སྩལ་པ་དང་། ཡབ་ཡུམ་སྲིང་དང་། འགྱུ་བའི་གཟའ་བདུན་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། བགེགས ་དང་། སྡེ་བརྒྱད་ལ་སོགས་པས་རང་རང་གི་སྙིང་པོ་ཕུལ་བས། དཔལ་ཕྱག་ན་རྡོ་རྗེ་ཐུགས་དགྱེས་ཏེ། དམ་ལ་བཏགས་ནས། རང་རང་གི་གནས་སུ་བདེ་བ་ལ་བཀོད ་དོ། མངོན་པར་བསྟོད་དོ།། གཟའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས་ཀྱི་མདོ་དྲང་སྲོང་ཡབ་ཀྱི་གཟུངས་རྫོགས་སོ།། ་ཤུ་བྷ་མསྟུ་སརྦ་ཛཱ་ག་ཏཾ།། འ ་