| Wylie | e-texts produced with BDRC’s OCR application |
གཙུག་ཏེར་དཀར་མོའི་ཟློག་སྦུར་འདི་ལ་གཏོར་ཆེན་གཅིག་བཤམས་ལ། དེ་ལ་ཇོ་མོ་སྐུ་མདོག་དཀར་མོ་ཁྲོ ་གཉེར་ཅན། ཕྱག་ན་མཚོན་ཆ་དང་གདུགས་དཀར་ཐོགས་པ་བཙུགས་ཏེ། ལྷ་མོ་དངོས་སུ་བསམས་ལ། རང་ཡང་སྒྲོལ་མར་སྒོམ། ་གཏོར་ཆུང་གཅིག་གམ་ཉེར་གཅིག་བཤམས་ལ། དེ་ལ་ཨོཾ་ཨཱཿཧཱུཾ་དང་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ། དེ་ནས ་འདི་སྐད་དུ། ཧཱུཾ་བྷོ་ཆོས་དབྱིངས་རྣམ་པར་དག་པའི་དཀྱིལ་འཁོར་ནས།། བཅོམ་ལྡན་ཤཀ་ཐུབ་སྐུ་ཡི་སྲས།། དགྲ་བགེགས་ཟློག ་པའི་མཐུ་མོ་ཆེ།། གདུགས་དཀར་ལྷ་ཚོགས་གཤེགས་སུ་གསོལ།། དེ་བཞིན་རིགས་ཀྱི་གདུགས་དཀར་མོ།། ལྷ་གདོན་བཟློག་ཕྱིར ་གཤེགས་སུ་གསོལ།། རྡོ་རྗེ་རིགས་ཀྱི་གདུགས་དཀར་མོ།། ཀླུ་གདོན་ཟློག་ཕྱིར་གཤེགས་སུ་གསོལ།། རིན་ཆེན་རིགས་ཀྱི་གདུགས ་དཀར་མོ།། དབང་གདོན་ཟློག་ཕྱིར་གཤེགས་སུ་གསོལ།། པདྨ་རིགས་ཀྱི་གདུགས་དཀར་མོ།། རྒྱལ་གདོན་བཟློག་ཕྱིར་གཤེགས་སུ ་གསོལ།། ལས་ཀྱི་རིགས་ཀྱི་གདུགས་དཀར་མོ།། རྦོད་སྟོང་ཟློག་ཕྱིར་གཤེགས་སུ་གསོལ།། ཨེ་ཨེ་ཧྱེ་ཧི། ཨུཥྞཱི་ཥ་ཏ་པ་སི། ་མ་ཧཱ་ཀ་རུ་ཎི། ས་མ་ཡ་ཛཿཛཿ། ཇོ་མོ་གདུགས་དཀར་ལྷ་ཚོགས་ལ།། མེ་ཏོག་དམ་པ་ཡིད་འོང་དམ་པ་དང་།། བདུག་སྤོས་དམ་པ་ན་བུན་བཞིན་དུ་འཐུལ། ་སྣང་གསལ་དམ་པ་འོད་འབར་ལྷབ་སེ་ལྷབས།། དྲི་ཆབ་དམ་པ་ཡི་རང་སངས་སེ་སངས།། ཞལ་ཟས་དམ་པ་རོ་བརྒྱ་དམ་པ་དང་།། རོལ་མོ་སིལ་སྙེན་རྒྱུན་དུ་མི་འ ་ག།། འགྲོ་བའི་དོན་ཕྱིར་ཐུགས་རྗེས་བཞེས་སུ་གསལ།། བཛྲ་པྲམྦ་དྷཱུ་བེ། ཨ་ལོ་ཀཾ། ཀཎྜ། ནཻ་བི་ཏེ། ཤངྐ་པྲཱ་ཛ་སེགས་མུད་ཏཱ་སྐར་ཎས་མ་ཡེ་ཧཱུ~ཾ། ཨོཾ་སེ ་བཅོམ་ལྡན་དྲེགས་རྩལ་ཐོགས་པ་མེད།། བདུད་འདུལ་ལྷ་ཚོགས་ཀུན་གྱི་གཙོ།། འཇིགས་མཛད་མ་མོ་བཞད་པའི་ཞལ།། དགྲ་དཔུང་ཟློག་པའི་མཐུ་མོ་ཆེ།། ་གཞན་གྱིས་མི་ཐུབ་ལ་སོགས་པའི།། ལྷ་མོ་ཉེར་གཅིག་གཤེགས་སུ་གསོལ།། དགྲ་བགེགས་ཟློག་ཕྱིར་གཤེགས་སུ་གསོལ།། ཇོ་མོ་གདུགས་དཀར་ལྷ་ཚོགས་ལ། ་མཛེས་པའི་བ་ལིང་རྒྱན་གྱིས་བརྒྱན།། བ་ལིང་མཆོད་པ་འདི་བཞེས་ལ།། བདག་ཅག་འཁོར་དང་བཅས་པ་ལ།། བྱིན་གྱིས་རློབ་ལ་བར་ཆད་སེལ།། རྔོམ ་གཙུག་ཏོར་གདུགས་དཀར་ཅན།། མཚན་དང་དཔེ་བྱད་རྒྱན་གྱིས་བརྒྱན།། སྐུ་མདོག་དཀར་ལ་འོད་ཟེར་འཕྲོ།། སྐུ་ཆེན་རྫོགས་པས་ས་གསུམ་ནོན།། ཇོ་མོ་ཁྱོད་ལ ་ཕྱག་འཚལ་བསྟོད།། བློ་གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ།། ལྷ་ཡི་གདོན་ཚོགས་ཟློག་ཏུ་གསོལ།། གཏུམ་པ་ཆེན་པོ་སྟོབས་ཆེན་མོ།། ཀླུའི་གདོན་ཚོགས་ཟློག་ཏུ ་གསོལ།། འབར་བ་ཆེན་མོ་སྟབས་ཆེན་མོ།། ལྷ་མིན་གདོན་ཚེགས་ཟློག་ཏུ་གསོལ།། དཀར་མོ་ཆེན་མོ་སྟོབས་ཆེན་མོ།། རླུང་ལྕིའི་གདོན་ཚོགས་ཟློག་ཏུ་གསོལ། ་བབང་བའི་ཕྲེང་བ་གོས་དཀར་མོ།། མཁའ་ལྡིང་གདོན་ཚོགས་ཟློག་ཏུ་གསོལ།། འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན།། དྲི་ཟའི་གདོན་ཚོགས་ཟློག་ཏུ་གསོལ།། ་རྒྱལ་བའི་རྡོ་རྗེ་ཕྲེང་ཞེས་གྲགས།། མི་འམ་གདོན་ཆོག་ཟློག་ཏུ་གསོལ།། པདྨའི་མངོན་མཚན་རྡོ་རྗེའི་མཚན།། ལྟོ་འཕྱེའི་གདོན་ཚོགས་ཟློག་ཏུ་གསོལ། ་གཞན་གྱིས་མི་ཐུབ་ཕྲེང་བ་ཅན།། གནོད་སྦྱིན་གདོན་ཚོགས་ཟློག་ཏུ་གསོལ།། རྡོ་རྗེ་མཁར་བསྣམས་འཇོམས་པ་མོ།། སྲིན་པོའི་གདོན་ཚོགས་ཟློག་ཏུ་གསོལ། ་ཞི་བའི་ལྷ་རྣམས་ཀྱིས་མཆོད་མ།། ཡི་དགས་གདོན་ཚོགས་ཟློག་ཏུ་གསོལ།། གཟུགས་ཞི་གཟི་བརྗིད་ཆེན་མོ་ཅན།། ཤ་ཟའི་གདོན་ཚོགས་ཟློག་ཏུ་གསོལ། ་འཕགས་མ་སྒྲོལ་མ་སྟོབས་ཆེན་མོ།། འབྱུང་པོའི་གདོན་ཚོགས་ཟློག་ཏུ་གསོལ།། རྡོ་རྗེ་ལུ་གུ་རྒྱུད་གཞན་དང་།། གྲུལ་བུམ་གདོན་ཚོགས་ཟློག་ཏུ་གསོལ།། རྡོ་རྗེ ་གཞོན་ནུ་རིག་འཛིན་མ།། སྲུལ་པོའི་གདོན་ཚོགས་པ་ཐོག་ཏུ་གསོལ།། ལག་ན་རྡོ་རྗེ་རིགས་གསེར་ཕྲེང་།། ལུས་སྲུལ་གདོན་ཚོགས་ཟློག་ཏུ་གསོལ།། ཁེབ ་རྒན་རྩི་དང་རིན་ཆེན་མ།། སྐེམ་བྱེད་གདོན་ཚོགས་ཟློག་ཏུ་གསོལ།། སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས།། བརྗེད་བྱེད་གདོན་ཚོགས ་ཟློག་ཏུ་གསོལ།། རྣམ་པར་འགྱིངས་མ་རྡོ་རྗེ་དང་།། སྤྲོ་བྱེད་གདོན་ཚོགས་ཟློག་ཏུ་གསོལ།། གསེར་འོད་ལྟ་བུའི་སྤྱན་མངའ་མ།། གྲིབ་གནོན་གདོན་ཚོགས་ཟློག་ཏུ། ་གསོལ།། རྡོ་རྗེ་འགྲོས་དང་དཀར་མོ་དང་།། གནོན་པོའི་གདོན་ཚོགས་ཟློག་ཏུ་གསོལ།། པདྨའི་སྤྱན་དང་ཐ་འོད་དང་།། ནམ་གྲུའི་གདོན་ཚོགས་ཟློག་ཏུ་གསོལ། ་ཏདྱ་ཐཱ། ཨོཾ་ཨ་ན་ལེ། ཨ་ན་ལེ། བི་ཤུད་དྷེ་བི་ཤུད་དྷེ། བྷཻ་རེ་བྷཻ་རེ། སཽ་མེ་སཽ་མེ། བཛྲ་དྷ་ར་ཎི། བན་དྷ་བན་དྷ། བཛྲ་པཱ་ནི་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་དྲུཾ་བནྡྷ་ཕཊ། ་མ་མ་རཀྵ་རཀྵ་སྭཱ་ཧཱ། ནད་རིགས་བཞི་བརྒྱ་རྩ་བཞི་བཟློག། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག། ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཀློག། གློ་བུར་བརྒྱད་བཅུ་རྩ་གཅིག ་བཟློག། དུས་མིན་འཆི་བ་རྣམ་བརྒྱད་ཟློག། རྦད་འདྲེ་རྒོད་གཏོང་ཕུར་ཁ་ཟློག། རྨི་ལམ་མཚན་མ་ངན་པ་ཟློག། ཟ་ཁ་སྲིད་ཁར་ཞུགས་པ་ཟློག། ཟ་འདྲེ་ཕུང་འདྲེ ་ལངས་པ་ཟློག། མི་མཐུན་མི་ཤིས་པ་ཐམས་ཅད་ཟློག། ཧཱུཾ་བྷྱོ། ཟས་སུ་མངལ་ཟ་ཁྲག་མཐུང་བ།། ཟ་སུ་ཤ་ཚིལ་ཟ་ལ་སོགས།། རང་རང་བ་ལིང་འདི ་བཞེས་ལ།། བཟུངས་བཟོང་ལ་བཅིངས་པ་ཁྲོལ།། ཕྱིན་ཚད་འཁོར་འདིར་གནོད་མ་བྱེད།། ཧཱུཾ་བྷྱོ། སྲིད་པའི་ལྷ་འདྲེ་གཉེན་པོ་ཀུན།། གླུང་དང་གཏོར ་མ་འདི་ལོང་ལ།། བཞུད་ཅིག་བཞུད་ཅིག་ད་བཞུད་ཅིག། གཤེགས་ཤིག་གཤེགས་ཤིག་ད་གཤེགས་ཤིག། སོང་ཤིག་སོང་ཞིག་ད་སོང་ཞིག། མི་དང་གདོན་གཉིས ་བྱེལ་སོང་།། གལ་ཏེ་མི་འགྲོ་མི་ཉན་ན།། གདུགས་དཀར་ལྷ་ཚོགས་ཐུགས་ཁྲོས་ནས།། མགོ་བོ་ཚལ་པ་བརྒྱ་རུ་འགས།། ལུས་ནི་དུམ་བུ་སྟོང་དུ་འགྲོ།། དེ་བས་རང ་རང་གནས་སུ་དེངས།། འདི་ཡི་བཀའ་ལས་མ་འདའ་ཤིག། གལ་ཏེ་བཀའ་ལས་འདས་པ་ན།། མ་མོ་ཡོངས་ཀྱིས་ཁྲག་ཟོར་རྒྱོབ།། ཆོས་སྐྱོང་མགོན་པོས་མདའ ་བོར་རྒྱོག། དཔལ་ལྡན་ལྷ་མོས་སྐོང་ཟོར་རྒྱོབ།། ཕྱོགས་སྐྱོད་བཅུ་ཡིས་ཧོམ་ཟོར་རྒྱོབ།། རྒྱལ་ཆེན་བཞི་ཡིས་རྡོ་ཟོར་རྒྱོབ།། ལྷས་ངན་བརྒྱད་ཅུ་རྩ་གཅིག་ཟློག ་ལས་ཀྱི་བདུད་དུ་གཡོས་པ་ཟློག། མས་ཀྱི་སྲི་ནི་ལངས་པ་ཟློག། རྦད་འདྲེ་རྒོད་བཏོང་ཐམས་ཅད་ཟློག། པ་མེས་བྱུར་འདྲེ་ལངས་བཟློག། ཡུལ་ན་ཡུལ ་ཆགས་ཆེ་བ་ཟློག། གྲོང་ན་གྲོང་ཆགས་ཆེ་བ་ཟློག། སྐོན་སྒོ་ཆགས་ཆེ་བ་ཟློག། ཁྱིམ་ན་ཁྱིམ་ཆགས་ཆེ་བཟློག། རྨི་ལམ་མཚན་མ་ངན་པ་ཟློག། མོ་ངན་ལྟས ་ངན་ཐམས་ཅད་ཟློག། སྲིན་པ་ཕྱུང་ཕྱུང་ཟེར་བ་ཟློག། འུག་པ་ཧ་ཟེར་བ་ཟློག། དུར་སར་ཝ་མོ་བརྒྱལ་བ་ཟློག། དུར་ཁྲོད་སྦྱང་ཁུ་ངུ་བཟློག། པུ་རུ་ཤ་པོའི་རུ་འཛིངས ་ཟློག་གམདའ་ཡི་ཉ་མོ་གཤོག་འཛིངས་ཟློག། བར་གྱི་ཕོ་རོག་སྡེར་འཛིངས་ཟློག། གྲོང་གི་ནག་མོ་བྱ་འཛིངས་ཟློག། སྲོད་ལ་བྱ་བོ་འཚེར་བཟློག། ནམ་ཕྱེད་རྟ་པོ་འཆེམ ་པ་ཟློག། པོ་རངས་སོ་ཁྱེང་བ་ཟློག། ལོ་སྐག་ཟླ་སྐྲག་ཐམས་ཅད་ཐོག། པོ་བརྒྱ་མངའ་ཝར་གསོར་བ་ཟློག། མོ་བརྒྱ་ལ་ལྷར་གསེ ་བཟློག། ཧཱུ~ཾ་བྷྱོ། ཟ་བྱེད་ཉི་ཤུ་རྩ་གཅིག་ཟློག། ལྷ་ཡི་གདོན་ལ་སོགས་པ་ཡི།། གདོན་རིགས་ཉི་ཤུ་རྩ་གཅིག་ཟློག། གནོད་བྱེད་གདོན་ཆེན་བཅོ་ལྔ་ཟློག། གདོན ་ཆེ་དངལ་པ་བཅུ་བའི་ཐེག་གི་གནོང་བྱེད་ལྔ་སྲིན་སྡེ་བརྒྱད་ཟློག། བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་ཟློག་བདག་ལ་གནོད་བྱེད་ཐམས་ཅད་རྟོག། བྱམས་པ ་གཉེན་གྱིས་བགྱིས་པ་ཟློག། རྒྱལ་ཁམས་མི་ཡིས་གླེང་བཟློག། མི་ཁ་བྲམ་མཆུ་བ་བ་ཟློག། སྡང་དགྲ་གནོད་བྱེད་ཐམས་ཅད་ཟློག། བསམ་ངན་སྦྱོར་ཆུབ་ཐམས་ཅད ་ལེགས་ན་མི་དགའ་ཉེས་ན་དགའ་བ་ཐམས་ཅད་ཟློག། རིག་སྔགས་ཀྱིས་བཅང་ངོ་།། ཕུང་བུས་གདབ་ག།། ཅེས་གོང་བཞིན་བརྗོད།། རྗེས་ལ་བཀྲ་ཤིས་བརྗོད། ་སྔོ་བ་སྨོན་ལམ་བྱ། འདི་ལ་གང་དགོས་གཞུང་བཞིན་ཤེས་ཏེ། རླུང་རྟ་རྒུད་པ་དང་། ནད་རིབས་འབར་བ་དང་། ཁ་སྦས་ཐུག་པ་དང་། གློང་བའི་བྱོལ་པོ་དང་། ་དྲི་ལྡང་བ་དང་། དེ་ལ་སོགས་པ་གང་དགོས་པར་བྱས་ལ། ཉམས་སུ་བླང་བར་བྱའོ།། ཚིག་དོན་ཡིད་ལ་བསམས་ཤིང་སྙིང་ནས་བརྗོད་དོ།། ་གཙུག་ཏོར་དཀར་མོའི་ཟློག་སྦྱར་རྫོགས་སོ།། ཞུས་དག། མངྒ་ལཾ། ་