| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། དེ་བཱི་མ་ཧཱ་ཀ་ལི་ཧ་ས་ཨུཥྞཱི་ཥ་ན་མ་དྷ་ར་ཎི། བོད་སྐད་དུ། ལྷ་མོ་ནག་མོ་ཆེན་མོ་རོལ ་བར་བྱེད་པའི་གཙུག་ཏོར་ཞེས་བྱ་བའི་གཟུངས། དཔལ་གཤིན་རྗེ་གཤེད་ནག་པོ་ལ་ཕྱག་འཚལ་ལོ།། གདོན་ཆེན་པོ་འབུམ ་ཕྲག་བསམ་གྱིས་མི་ཁྱབ་པའི་ནང་ནས། གདོན་ཆེན་པོ་རྣམས་ཉུང་ངུ་བསྡུས་ནས་སྨོས་པ། རོ་ལངས་ནག་མོའི་གདོན་དང་། ཤ་ཟ་ནག་མོའི ་གདོན་དང་། སྐེམ་བྱེད་ནག་མེའི་གདོན་དང་། སྒྲིབ་བྱེད་ནག་མེའི་གདོན་དང་། ཕུང་བྱེད་ནག་མེའི་གདོན་དང་། དྲང་སྲོང་ནག་མོའི་གདོན་དང་། སྲིན ་མོ་ནག་མོའི་གདོན་དང་། རླུང་ལྷ་ནག་མེའི་གདོན་དང་། དབང་ལྡན་ནག་མོའི་གདོན་དང་། དཔལ་ལྡན་ནག་མོའི་གདོན་དང་། ནམ་གྲུ་ནག ་མོའི་གདོན་དང་། ཀླུ་མོ་ནག་མོའི་གདོན་དང་། ནམ་གྲུ་ནག་མོ་སྐྱོང་བྱེད་རོ་ལངས་མའི་གདོན་དང་། ནམ་གྲུ་ཆེན་མོ་ཕུང་བྱེད་སེང་གེ ་གདོང་གི་གདོན་དང་། ནམ་གྲུ་ཆེན་མེ་མཁའ་ལ་རྒྱུ་ཁྱུང་གཤོག་མའི་གདོན་དང་། ནམ་གྲུ་ཆེན་མོ་རལ་གཅིག་མ་ཉབ་པའི་གདོན་དང་། ་ནམ་གྲུ་ཆེན་མོ་ས་གཅིག་མའི་གདོན་དང་། བོང་ཞོན་ཆེན་མོ་གུར་གཅིག་མའི་གདོན་དང་། གུར་ཆེན་མོ་གཉིས་ལ་དབང་བའི་གདོན ་དང་། གུར་ཆེན་པོ་གསུམ་ལ་དབང་བའི་གདོན་དང་། གུར་ཆེན་པོ་བཞི་ལ་དབང་བའི་གདོན་དང་། གུར་ཆེན་པོ་ལྔ་ལ་དབང་བའི་གདོན་དང་། གར་ཆེན་པོ་དྲུག་ལ ་དབང་བའི་གདོན་དང་། གུར་ཆེན་པོ་བདུན་ལ་དབང་བའི་གདོན་དང་། ཀུར་ཆེན་པོ་བརྒྱད་ལ་དབང་བའི་གདོན་དང་། གུར་ཆེན་པོ་དགུ་ལ་དབང་བའི་གདོན་དང་། གུ ་ཆེན་པོ་བཅུ་ལ་དབང་བའི་གདོན་དང་། གུར་ཆེན་པོ་བཅུ་གཅིག་ལ་དབང་བའི་གདོན་དང་། གུར་ཆེན་པོ་བཅུ་གཉིས་ལ་དབང་པོའི་གདོན་དང་། གུར་ཆེན་པོ་བཅུ་གསུམ་ལ་དབང ་བའི་གདོན་དང་། རིམས་ནད་ཐམས་ཅད་ལ་དབང་བྱེད་པའི་གདོན་དང་། དེ་དག་ཀུན་གྱི་འཐབ་མོ་དང་། འཁྲུག་པ་ལ་དབང་བྱེད་པའི་གདོན་དང་། བདུད་ཀྱི་དམག་དཔུང ་བྱེད་པ་ཐམས་ཅད་དང་། ནད་དང་རིམས་ལ་དབང་བྱེད་པ་ཆེན་མོ་དང་། ཁ་ནད་དང་། མགུལ་ནད་དང་། རྒྱུ་ནད་དང་། སྙིང་ནད་དང་། ལྐོག་མ་ན་བ་དང་། ལྷ་གོར་ན་བ ་དང་། བརླན་པ་དང་། རྗེ་ངངན་བ་དང་། ཆུ་སོན་པ་དང་། ཤུ་བ་དང་། གཡན་པ་དང་། འབྲུམ་བུ་ཕྲ་མེས་ན་བ་དང་། བར་ན་བ་དང་། མེ་དཔལ་དང་། ལྡོག་པ་དང་། ་སྐེམ་པ་དང་། དབྱིག་དུ་དང་། དུག་སྦྱར་མ་དང་། རྒྱུ་གཟེར་དང་། ཕོ་ལྷང་དང་། གཉེན་པོ་དང་། རྒྱུ་རིམས་ལ་སོགས་པ་ཐམས་ཅད་རིག་སྔགས་ཀྱིས་བཅད་དོ།། ་པུར་བུས་གདབ་པོ།། རིག་སྔགས་ཀྱི་མགོན་པོ་རྣམས་ཀྱིས་དངོས་གྲུབ་སྩལ་དུ་གསོལ། གནོད་སྦྱིན་རོ་ལངས་ལེགས་ལྡན་ནག་པོ་གྲོང་ཁྱེར་གསུམ་བརྩེགས་འཇིགས ་པར་བྱེད་པའི་རིག་སྔགས་ཀྱིས་བཅད་དེ།། ཕུར་བུས་གདབ་པོ། གནོད་སྦྱིན་སྤྲོ་བྱེད་རྗེ་ཞོན་དང་།། གོན་རྒྱུན་ལ་སོགས་གདོན་རྣམས་ནི།། སློ་བྱེད་གདོན་དུ་ཟ་བ་ནི།། ཤུགྶ ་འགྲོ་བྱམས་མའི་རིག་སྔགས་བཅད།། མཁའ་འགྲོ་བྱམས་མའི་ཕུང་བུས་གདག།། སུ~ཾ་བྷི་ནི་ཧཱུ~ཾ་དྷ་བྷྲཱུཾ། དྲྀཥྚྲི་ཀཱི་ལ་ཡེ་བྷྱ་ལ་ཊ། བུད་མེད་ནག་མར་མངོན་པ་དང་།། ་འབྱོར་སྤྱན་རྟུལ་བྱེད་པ་དང་།། སྒྲིབ་བྱེད་ནག་མོའི་གདོན་ཡིན་ཏེ།། ལེགས་ལྡན་དཀའ་ཐུབ་རིག་སྔགས་པ་ནད།། དབང་ཕྱུག་གཙོ་བོས་ཕུར་བུས་གདབ།། དུ་རུ་སེ་ཧཱུ~ཾ་ཛྫ། ་པྲ་མ་ཀཱི་ལ་ཡེ་བྷྱཿཕཊ། སྐྱ་རིམས་ཀླད་པ་ན་བ་དང་།། རྐང་པ་འཁོལ་བའི་ནད་བྱུང་ན།། འབྱུང་པོ་ནག་པོའི་གདོན་ཡིན་པས།། དཔལ་ཆེན་དབང་གི་རིག་སྔགས་བཅད།། ་ཤུགས་འགྲོས་བྱམས་མའི་ཕུར་བུས་གདབ། ཤ་ཤ་དྷ་ར་ཧཱུཾ་ཛྲ། མོ་དྷ་ར་ཀཱི་ལ་ཡ་ཧཱུཾ་བྷྱཿཕཊ། ལྕི་ཞིང་ནད་ནི་འཐིབས་པ་དང་།། གཉིད་ཚེ་སེམས་ལ་མི་དྲན་པ། ་བུད་མེད་ནག་མོའི་གདོན་ཡིན་པས།། རྒྱལ་བར་བྱེད་པའི་རིག་སྔགས་བཅད།། སྦྲང་རྩིར་བྱེད་པའི་ཕུར་བུས་གདབ། མེ་ལ་དྷ་ར་ཧཱུ་ཛཱ། སྲམ་སྲ་མ་སུམ་ཀཱི་ལ ་ཡེ་བྷྱ་ཕཊ། བྱ་དགུ་ཡེ་ནས་མི་གཏུབ་ཅིང་།། ལས་སུ་བསམ་པ་མི་འགྲུབ་ན།། དྲང་སྲོང་གཟའ་ཡི་གདོན་ཡིན་པས།། མི་ཡི་ཐོད་པ་ཅན་གྱི་རིག་སྔགས་བཅད།། ་དགེ་སྦྱོང་གཅེར་བུའི་ཕུར་བུས་གདབ། པ་ཏྲ་པ་ཏ་ཧཱུཾ་དྲྀ། སཽ་མེ་ཀཱི་ལ་ཡ། པ་ཏྲ་རག་བྷྱཿཕཊ། རྣལ་འབྱོར་སྤྱན་རྟུལ་བྱེད་པ་དང་། ་སེམས་ནི་ཡེང་ཡེང་སེང་སེང་པོ།། རོ་སྟོད་མནན་པ་སྙམ་བྱེད་པ།། སྲིན་པོ་ནག་པོའི་གདོན་ཡིན་པས།། ཕྱག་ན་རྡོ་རྗེས་རིག་སྔགས་བཅད།། རྡོ་རྗེ་ཁྲག་འཐུང་ངུར ་བུས་གདབ།། བྷྲྀ་མཱ་དྷ་ར་ཡ་ཧཱུ་དྲུཾ། དྷར་ཤ་ཀ་ཡེ་བྷྱཿཕཊ། ཁྲོ་བ་དང་ནི་འཚིག་པ་དང་།། སྒྲ་འདོད་སྐྱོན་ཐབས་འཐབ་མེ་རྒོད།། རྐང་ལག་བརྐྱང་བསྐུམ་བུ་སྦྲང ་བྱེད།། དབང་ལྡན་ནག་མེའི་གདོན་ཡིན་པས།། དཔལ་ལྡན་གཙོ་བོའི་རིག་སྔགས་བཅད།། མགོན་པོ་ནག་པོའི་ཕུར་བུས་གདབ། ཏེ་རྩེ་ཡེ་ནན་ཧཱུཾ་དྲྀ། ཛ་ལོ་ཀ་ལ ་སེ་བྷྱཿཕཊ། ནམ་ཕྱེད་གུང་ལ་གཉིད་མེད་དང་།། ཆོ་འཕྲུལ་མང་པོ་འབྱུང་བ་དང་།། བོང་བུ་ཕག་པའི་གཟུགས་བསྟོན་ན།། ནམ་གྲུ་ནག་པོའི་གདོན་ཡིན་པས། ་རྟ་མགྲིན་དམར་པོས་རིག་སྔགས་བཅད།། ཁྲོ་བོ་བསྟང་སྟབས་ཕུར་བུས་གདབ།། ཡ་མཱན་ཏ་ཀྲིཏ་ཧཱུཾ་དྲུཾ་ཕཊ། བཛྲ་ཀྲོ་དྷ་ཀི་ལ་ཡ་བྷྱཿཕཊ། རྐང་ལག་རེངས་ཤིང་ན་བ ་དང་།། ཡི་ག་འཆུས་ཤིང་སྐྱུག་བྲོ་བ།། གཤིན་རྗེ་ནག་པོའི་གདོན་ཡིན་པས།། འཇམ་དཔལ་གཤིན་རྗེས་རིག་སྔགས་བཅད།། མི་ཕམ་ཡུམ་གྱིས་ཕུར་བུས་གདག། ་ཡ་མ་ར་ཛ་ཀྲོ་དྷ་ཀི་ལ་ཡ་ཧཱུཾ་དྲུཾ། ས་མ་རཱ་ཛ་ཀྲོ་དྷ་ཀཱི་ལ་ཡེ་བྷྱཿཕཊ། གཞིགས་སྐམས་པ་དང་རེངས་པ་དང་།། ཞྭ་གྲམ་ཤ་ལུས་སྔོལ་འཇམ།། མིག་ནད་ཅན་དང་རྐང་པ ་ན།། མཛེ་དང་ཤུ་བ་གཡན་པ་ནི།། ཀླ་མོ་སྤུས་འགྲོའི་གདོན་ཡིན་པས།། བྱེ་ཁྱུང་ཧེ་ཡིས་རིག་སྔགས་བཅད།། དྲང་སྲོང་རྒན་པོའི་ཕུར་བུས་གདག། ཧོ་ན་ག་ལེ་ཛར ་ཙཧཱུ་དྲྀ། ཧུ་སྭཱ་ཧཱ་ཡཱ་ཀཱི་ལ་ཡ་བྷྱ་ཕཊ། སེམས་ལ་ཡེང་ཡེང་སེང་སེང་བྱེད།། རོ་སྟོད་མནན་པ་སྔམ་བྱེད་ཅིང་། ཁ་སོན་པའི་ནད་རྣམས་ནི།། གནོད་སྦྱིན་ནག་པོའི ་གདོན་ཡིན་པས།། རྣམ་ཐོས་སྲས་ཀྱིས་རིག་སྔགས་བཅད།། བུམ་སྣ་དམར་པོའི་པུར་བུས་གདབ།། ཧེ་ས་བཾ་མ་ཐི་ཁ་ཁ་ར་ག་ཧཱུཾ་དྲྀ། ཁ་རག་ག་ད་ར་ཏ་ཀཾ་ལ་ཡེ་བྷྱ ་ཕཊ། ཤུ་བ་བྲུམ་བུ་ན་བ་དང་།། ཤ་ལུས་ན་འམ་གཡན་པའི་ནད་རྣམས་ནི།། ནམ་གྲུ་སྐྱོང་བྱེད་རོ་ལངས་གདོན་ཡིན་པས།། གཤིན་རྗེ་ཐོགས་མེད་རིག་སྔགས་བཅད། ་མགྲིན་བཟང་དམར་པོའི་ཕུར་བུས་གདག། ངེ་ས་མ་ཏི་ཧཱུཾ་དྲཱ། པྲ་ཏ་ཀཱི་ལ་ཡེ་བྷྱ་ཕཊ། འཇིགས་ཤིང་བྱ་སངས་ཁྱེར་བ་དང་།། ཟོ་རངས་བྱ་བྱོ་བྱེད་པ་ནི།། ནམ་གྲུ་ཧེ་ལི ་གདོན་ཡིན་པས།། ཡ་མ་ཧེ་ཡིས་རིག་སྔགས་བཅད།། འདོད་པ་དམར་པོའི་ཕུར་བུས་གདབ།། ར་དུ་ན་ཧཱ་བཱ་ད་རུ་ན་ཧཱུཾ་དྲྀ། ཀཽ་མ་རེ་ཀཱི་ལ་ཡེ་བྷྱཿཕཊ། ཁྲག་དུ་ན་དང་ལྕི ་བ་དང་།། མིག་ལ་རབ་རིབ་མི་མཐོང་བ།། ནམ་གྲུ་ཁྱུང་གཤོག་གདེན་ཡིན་པས།། ཁྲོ་བོ་ཧཱུ~ཾ་གིས་རིག་སྔགས་བཅད།། འཁོར་ལོ་འབར་བའི་ཕུར་བུས་གདབ།། པྲ་རི་ཏྲ ་དུན་བྷྱཿཕཊ། པྲ་མ་ན་ཎ་ཀཱི་ལ་ཡ་ཧཱུཾ་དྲུཾ། གཡས་པའི་ལག་པ་གཟིར་བ་དང་།། དཔུང་མགོ་གཡས་སུ་གཟེར་བའི་ནད།། ལག་གཅིག་ཉབ་པའི་གདོན་ཡིན་པས།། ཁྲོ་བ ་དབྱིངས་ཀྱིས་རིག་སྔགས་བཅད།། དབང་ཕྱུག་མ་ཡིས་ཕུར་བུས་གདབ།། པྲ་དུན་བྲ་རོ་ཏྲ་ཡ་ཕཊ། པྲ་མ་ཀི་ལ་ཡ་ཧཱུཾ་དྷྭཾ། སྤྲོས་ཤིང་ཁྲག ་ཏུ་བཤལ་བ་དང་།། མིག་སྔར་སྣ་ཚོགས་གཟུགས་འོང་ན།། སོ་ཅིག་མིག་ཅིག་གདོན་ཡིན་པས།། དེ་ནི་ལེགས་ལྡན་ནག་པོའི་གདོན་ཡིན་པས།། ལེགས་ལྡན་ཕྱིར་འོང ་རིག་སྔགས་བཅད།། དཀའ་ཐུབ་གཙོ་བོའི་ཕུར་བུས་གདབ། རཀྵ་སེ་ཧཱུཾ་དྲུཾ། རཀྵ་མཱ་ཀཱི་ལ་ཡེ་བྷྱ་ཕཊ། རཀྲ་ལ་ཀཱི་ལ་ཡ་ཧཱུཾ་ཕཊ། དར་དཀར་གུར་གྱི་ནང་ཤེད་ནས།། བུང ་མེད་མངའ་བདག་ཆོ་འཕྲུལ་ཆེ།། གཟའ་སྐར་མི་བཟད་སྐུ་འབྱུང་བ།། གསེར་དང་གཡུས་བརྒྱན་དབང་མོ་ཆེ།། ཀུན་ཏུ་བཟང་མོའི་ཆོ་འཕྲུལ་ཏེ།། དུས་ངན་ཐ་མ་ཁྲུག་པ ་དང་།། སེར་བ་ཐན་པ་མུ་གེ་བཅའ།། ཆོས་ཀྱི་དབྱིངས་ཀྱི་རིག་སྔགས་བཅད།། ཏིང་ངེ་འཛིན་གྱི་ཕུར་བུས་གདབ།། ད་རྨད་དུ་བྷུ་ཕཊ། ས་མ་ཡཱ་ཀི་ཏི་ཡཱ་ཀཱི་ལ་ཡ་ཧཱུཾ་དྲུཾ། གསུ ་གུར་གཉིས་ལ་དབང་བྱེད་པའི།། མཐིང་ག་ཆེན་མོ་དབང་མོ་ཆེ།། པ་ལང་དྲེའུ་ལ་ཞོན་པ་དང་།། ནམ་ཕྱེད་གུང་ལ་ཆོ་འཕྲུལ་པ།། ནམ་གྲུ་མཐིང་གའི་གདོན་ཡིན་པས།། ་དབང་ཆེན་ཧཱུཾ་གིས་རིག་སྔགས་བཅད།། ཁྱབ་པ་དམར་པོའི་ཕུང་བུས་གདབ།། སརྦ་ཀན་དྷེ་བྷྱཿཕཊ། ད་རུ་ཀི་ལ་ཡ་ཧཱུཾ་དྲུཾ། གུར་ནག་ཁྲུང་རུས་རྒྱན་པ་དང་།། ནུབ་ནས ་ཤར་དུ་གནོད་པ་དང་།། མགུལ་ནད་སྲིང་ནད་གཏོང་བ་ནི།། འོག་གི་ནག་པོའི་ཆོ་འཕྲུལ་ཏེ།། སེང་གདོང་དྲག་པའི་རིག་སྔགས་བཅང་།། དཀའ་ཐུབ་གཅ་བོའི ་བུས་གདབ།། ན་ག་ལེ་རཱ་ཛ་ཧཱུཾ་དྲུཾ་ཕཊ། ཧཱུཾ་ཡཱ་ཧཱུཾ་ཡཱ་ཀཱི་ལ་ཡ་བྷྱ་ཕཊ། གསེར་གུར་ཕྲ་བོའི་གུར་ཕུབ་ནས།། མུ་མེན་གུར་གྱི་ནང་ཤེད་ན།། གཟུགས་མེད ་ཁག་པ་སྟོན་པ་དང་།། གཉིད་ཀྱིས་འཐིབས་པའི་ནད་བྱུང་བ།། ཁ་ནས་ཁྲག་ཏུ་སྐྱུག་པ་དང་།། ལུས་ལ་ཚད་པ་སྐྱེས་པ་དང་།། མིག་སྔར་རླུང་དང་མུན་སྲོས ་དང་།། ལྷ་མོ་ནག་མའི་གདོན་ཡིན་པས།། དྷཱི་ཏི་དཀར་པོའི་རིག་སྔགས་བཅད་།། བྲད་ཏི་དམར་པོའི་ཕུར་བུས་གདག། ས་མཱ་ཡཱ་དེ་མ་དཾ་བྷཱུ་ཕཊ། མ་མས ་མ་ཡཱ་ཙ་ཧི་ཀཱི་ལ་ཡ་ཧཱུཾ་དྲཾ། རེ་ལྡེ་གུར་གྱི་ནང་ཤེད་ན།། བུད་མེད་གནམ་ས་སླེབ་པ་དང་།། ཚུབ་མའི་གཟུགས་སུ་སྟོན་པ་དང་།། ཁ་ནས་བློ་ཁྲག་འོང་བ་དང་། ་ངར་སྣབས་རྣག་ཏུ་འོང་བ་དང་།། གྲི་ཐོགས་ཤན་པའི་ལས་བྱེད་ན།། བདུད་ཀྱི་བཤན་པའི་གདོན་ཡིན་པས།། ཁྱུང་གི་ཁྲག་ཐོགས་རིག་སྔགས ་བཅད།། དུག་ཆེན་ཚང་འདོར་ཕུར་བུས་གདག། ཧ་ཧཱུཾ་རུ་ཏྲི་ཀཱི་ལ་ཡ་ཧཱུཾ་དྲུཾ། གསེར་གྱི་གུར་ལ་དབང་བྱེད་པ།། ལྷག་པ་རྒྱབ་དང་ལྷ་གོར་དང་།། ལྟོ་ནད ་སྐྲངས་འབྲར་ནད་བྱུང་ན།། བྱ་གདོང་གསེར་འདབ་གདོན་གདན་ཡིན་པས།། འཇམ་དཔལ་རོ་ཐུང་རིག་སྔགས་བཅང་།། མི་ཕམ་དབྱིངས་ཀྱིས་ཕུར་བུས་གདབ།། ས་མ ་ཡ་མ་དེ་ཧྲྀ་ད་ར་ཏྣ་གྷ་ཕཊ། དྷ་ར་ཧཱུཾ་དྲཱ། གླང་ཆེན་ཀོ་དྲོན་གུར་ནང་ནས། བོང་བུ་ཞོན་པའི་བུད་མེད་དང་།། གདུང་བའང་རོ་སྒྲོགས་པ་དང་།། ལྷོག་པ་བློ་དང་ཤ་སེར ་དང་།། སྤངས་པ་ལ་སོགས་དལ་གྱི་ནད།། སྲིད་པ་འཇུག་བྱེད་གདོན་ཡིན་པས།། གཤིན་རྗེ་ཧྲིཥྚིའི་རིག་སྔགས་བཅད།། འབར་མ་དཔལ ་གྱི་ཕུར་བུས་གདབ།། མ་མ་ཎན་བྷྱ་ཕཊ། མ་ལ་ཛཱ་ཏུ་ར་ཀཱི་ལ་ཡ་ཧཱུཾ་དྲྀ། གསེར་གུར་ཁྲ་བོའི་ནང་ཤེད་ནས།། སྔ་རིམས་དམག་གི་འབྲང་སྡུད་མ།། ཕྱི་རིཔ་དམ། ་གི་གཡུལ་ཟློག་ཅིང་།། དཀྱུས་པའི་འབྲོག་ལ་ཕུང་བར་བྱེད།། ཕུང་བྱེད་ཁང་པ་གཏིབ་པ་དང་།། སྤོས་དང་གླང་ཐབས་ན་བ་དང་།། སྟོད་གཟེར་སྙིང་བ་ཤའི་ནང་བྱུང ་ན།། སྲིད་པ་སྤྱི་ལུགས་གདོན་ཡིན་པས།། རིག་འཛིན་རྒྱལ་པོའི་རིག་སྔགས་བཅད།། འཁོར་བ་རབ་འཇོམས་ཕུར་བུས་གདབ།། མ་མཱ་ནན་བྷྱ་ཕཊ། པྲ་མ་ནན་ཀཱི ་ལཱ་ཡ་ཧཱུཾ་དྲུཾ། ས་དགུ་གནམ་གྱི་སྟེང་ཤེད་ན།། མཛེ་དང་ཤུ་བ་གཡན་པ་དང་།། དུག་སྦྱོར་བ་དང་འཁྲུག་པ་དང་།། གྲི་རུ་གསོད་པར་བྱེད་པ་ནི།། ཀླུ་བདུད་ཕུང་བྱེད་གདོན ་ཡིན་པས།། རྣམ་ཐོས་སྲས་ཀྱིས་རིག་སྔགས་བཅད།། མགོན་པོ་ནག་པོའི་ཕུར་བྲིས་གདབ།། རཱ་ཛཱ་ད་ར་ཁ་རག་བྷྱ་ཕཊ།། མ་ཧཱུཾ་ཀཱི་ལ་ཡ་ཧཱུཾ་དྲུཾ། བཅུ་པ་གནམ་གྱི་སྟེང ་ཤེད་ནས།། སྒྲ་གཅན་འཛིན་གྱི་སྲིང་མེ་ནི།། ཕྱ་བདུད་ནག་མོའི་བུ་མོ་སྟེ།། ཆར་པ་འོད་དུ་མི་གཏེར་བ།། སེར་བ་ཆེན་པོ་འབྱུང་བ་དང་།། སྲིད་པ་ཀུན་གྱི་ཆོ་འཕྲུལ་པ། ་པ་བདུད་གཟའ་ཡི་གདོན་ཡིན་ཏེ།། དཔལ་ལྡན་དབྱིངས་ཀྱིས་རིག་སྔགས་བཅང་།། མཛེས་མས་འཛིན་ཕུར་བུས་གདབ།། པྲ་མ་ཛཱ་ཏ་ཡེ་བྷྱ་ཕཊ། པྲ་ཧཱ་ཀི་ལ་ཡེ་རྒྱ་རྣརྨ ་བཅུ་གཅིག་གནམ་གྱི་ཡར་སྟེང་ན།། འོད་ཀྱི་གུར་ཕུབ་སྲིད་པ་གསལ།། སྲིད་པ་རི་རབ་སྐུ་མཁར་ལ།། དཔག་བསམ་ཤིང་གི་མཆོག་ཕུར་བཏབ།། བཅུ་གཉིས་བཅུ་བཞི་ཁྱོན་དུ ་རྫོགས།། ལེགས་ཉེས་ཀུན་གྱི་སྟངས་འཛིན་ཅན།། དམ་ཚིག་ཀུན་གྱི་གཙད་གཅོད་མ།། མུ་ཁ་ལེ་ནི་དབྱིངས་མའི་མཆོག། འགྲོ་བ་ཀུན་ལ་སྨན་པའི་ཕྱིར།། བདུད་རྩི ་བཅུད་ཀྱི་ནང་དུ་བཞུགས།། ཞལ་ནས་འབྱུང་བ་ལྔ་འཆར་བ།། འགྲོ་བ་ཀུན་ལ་གསལ་གྱུར་ཅིག། ཞི་བ་ཤཱན་ཏིང་ཀུ་རུ་ཡེ་སྭཱ་ཧཱ།། སེམས་ཅན་གང་ཞིག་སྤོ་འབོག་བྱེད།། སྒོ ་བྱེད་གདོན་དུ་ཟ་བའི་དབང་།། བགྱིས་ནས་བླ་ཅོལ་མང་པོ་སྨྲ་བ་ནི།། ཀི་ཀང་གཟའ་ཡི་གདོན་ཡིན་པས།། ཤུགས་འགྲོས་བྱམས་པའི་རིག་སྔགས་བཅད།། མཁའ་འགྲོ ་བྱམས་མའི་ཕུར་བུས་གདབ།། དེ་བ་ཏད་ཏ་བཛྲ་རཀྵ་ཧཱུཾ་དྲུཾ། འདི་ལན་གསུམ་བཟླས་ན་སྨྲེ་བྱེད་ཀྱི་གདོན་རྣམས་ཞི་བར་འགྱུར་རོ།། སྒྲིབ་བྱེད་ཀྱི་གདོན་དུ་ཟ་དབང་གིས།། ་བུད་མེད་ནག་མོ་བོང་ཞོན་ཞིང་།། རྣལ་འབྱོར་སྤྱན་ནི་རྟུལ་བྱེད་ན།། ལོགས་ལྡན་དཀའ་ཐུབ་རིག་སྔགས་བཅད།། དཀའ་ཐུབ་གཙོ་བོའི་ཕུར་བུས་གདབ།། ལན་གསུམ ་བཟླས་ན་རྣལ་འབྱོར་པ།། སྤྱན་ནི་མཐོང་བ་དག་ཏུ་འགྱུར།། ད་རུ་ཡེ་ཧཱུཾ་དྲུཾ། པྲ་མ་ཡེ་བྷྱཿཕཊ། སྐྱ་རིམས་འདིས་ནི་ཀླད་པ་ན།། རྐང་པ་ཁོལ་བའི་རིམས་རྣམས་ལ།། དཔལ ་ཆེན་དབང་གིས་རིག་སྔགས་བཅད།། ཤུགས་འགྲོ་བྱམས་མའི་ཕུར་བུས་གདབ།། བཏབ་ན་དེ་དག་ཞི་འགྱུར་རོ།། ཤ་ཤྭ་ད་ར་ཧཱུཾ་དྲྀ། མེ་ལ་ད་ར་ཀཱི་ལ་ཡེ་བྷྱ་ཕཊ། བུད་བྱེད ་ནག་མོའི་གདོན་དབང་གིས།། ལྕི་བ་དང་ནི་འཐིབ་པ་དང་།། མི་དྲན་པ་དང་གཉིད་གྲོ་བ།། རྒྱལ་བར་བྱེད་པའི་རིག་སྔགས་གཅད།། སྦྲང་རྩིར ་བྱེད་པའི་ཕུར་བུས་གདབ།། བུད་མེད་གདོན་ནི་ནི་འགྱུར་རོ།། མི་དྷཱ་ར་དྷྭ་ངྒ། སྲ་སྲཾ་བྷཱ་ཀཱི་ལ་ཡེ་བྷྱ་མཊ། མི་ཕྱུགས་གོང་ཀ་ཆེ་བ་དང་།། ཅི་ཡང་བྱ་རུ་མི་འདུད ་པ་ད་རྟག་ཏུ་ལོ་ཕྱུགས་ཉེས་ན་ཡང་།། གཟའ་ངན་པ་ལ་སྐྱེས་པ་ཡིན།། གཟུངས་ཀྱི་སྙིང་པོ་འདི་དག་ནི།། བྱང་བྲེ་སོར་གསུམ་ལ་བྲིས་ཏེ། སྒོ་ཡི་རུ་བཞི་ལ་གཟུགས ་བཙུགས་ན་དེ་དག་ཞི་འགྱུར་རོ།། པྲ་ཏཱ་པྲ་ཏཱ་རཀྵ་བྷྱཿཕཊ་སོ་མེ་ཀཱི་ལ་ཡ་ཧཱུཾ་དྲུཾ། མིའི་ཐོད་པ་ཅན་དང་དགེ་སྦྱོང་གཅེར་བུ་པ་རྣམས་ཀྱིས་སྲུང་དུ་གསོལ།། སྲུང་དུ ་གསོལ་ལོ།། གལ་ཏེ་སྲིན་པོའི་གདོན་དུ་ཟ་བའི་དབང་གིས། མིག་ཏུལ་ཞིང་ཡེང་ཡེང་སེང་སེང་བྱེད་ན། སྙམ་མི་བྱེད་པའི་གདོན་རྣམས་ནི་སྲིན་མོ་ནག་མོ་ཤ་ཟ་བའི ་གདོན་ཡིན་པས།། ཤ་ཤ་དྷ་རེ་བྷྱཿཕཊ། པྲ་མ་ད་ར་ཧཱུཾ་དྲཾ། ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་ཁྲག་འཐུང་ཆེན་པོ་རྣམས་ཀྱིས་སྲུང་དུ་གསོལ། སྲུང་དུ་གསོལ་ལོ།། དབང ་ལྡན་གདོན་དུ་ཟ་བའི་དབང་གིས།། ཁྲོ་བ་དང་ནི་འཚིག་པ་དང་། སྒྲ་འདོད་འཐབ་མོ་རྐོ་བ་དང་།། རྐང་ལག་བརྐྱངས་བསྐུམས་མང་པོ་བྱེད།། དེ་བ་ཙ་ཏེ་ཡེ་ནན་ཧཱུཾ་དྲཾ། ་ཙ་ཡེད་ར་ཀཱི་ལ་ཡེ་བྷ་ཕཊ། དཔལ་ལྡན་གཙོ་བོ་དང་རིག་སྔགས་ཀྱི་མགོན་པོ་རྣམས་ཀྱིས་སྲུང་དུ་གསོལ། སྲུང་དུ་གསོལ་ལོ།། ནམ་གྲུ་གདེན་དུ་ཟ་བའི་དང ་གིས།། ནམ་ཕྱེད་དང་ནི་ཉིན་གུང་ལ།། ཆོ་འཕྲུལ་མང་པོ་འབྱུང་བ་དང་།། བོང་བུ་ཕག་པའི་གཟུགས་སྟོན་ན།། ཡ་མཱན་ཏ་ཀྲྀད་ཀྲོ་དྷ་ཧཱུཾ་དྲཾ། བཛྲ་ཀྲོ་དྷ་ཀཱི་ལ་ཡེ་བྷྱཿ ་ཕཊ། རྟ་མགྲིན་དམར་པོ་དང་། ཁྲོ་བོའི་སྟང་སྟབས་ཀྱིས་སྲུང་དུ་གསོལ། སྲུང་དུ་གསོལ་ལོ།། གཤིན་རྗེ་གདོན་དུ་ཟ་བའི་དབང་གིས།། རྐང་ལག་རེངས་ཤིང་ཡི་ག ་མཆུས།། སྐྱུག་བྲོ་བ་ཡི་ནད་རྣམས་ལ།། ཡ་མ་ར་ཛ་ཧཱུཾ་དྲུཾ། ཡ་མ་ར་ཛ་ཀྲོ་དྷ་ཀཱི་ལ་ཡེ་བྷཿཕཊ། འཇམ་དཔལ་གཤིན་རྗེའི་རིག་སྔགས་དང་།། མི་ཕམ་མ་ཡིས ་ཕུར་བུས་སྲང་དུ་གསོལ། སྲུང་དུ་གསོལ་ལོ། ཀླུ་མོ་སྤུས་འགྲོ་མའི་གདོན་དུ་ཟ་བའི་དབང་གིས།། མིག་ན་བ་དང་རྐང་པ་ན།། མཛེ་དང་ཤུ་བ་གཡན་པ་ལ།། ནཱ་ག ་ལེ་རཱ་ཛ་ཧཱུཾ་དྲུཾ། ཧུ་ཡ་ཧུ་ཡ་ཧཱུཾ་དྲུཾ་ཀི་ལི་ཀཱི་ལ་ཡེ་བྷྱཿཕཊ། བྱ་ཁྱུང་ཧེ་དང་དྲང་སྲོང་རྒན་པོས་སྲུང་དུ་གསོལ། སྲུང་དུ་གསོལ་ལོ།། གནོད་སྦྱིན་གདོན་དུ་ཟ་བའི་དབང་གིས། ་སེམས་ནི་ཡང་ཡེང་སེང་སེང་བྱེད།། རོ་སྟོད་མནན་པ་སྙམ་བྱེད་ཅིང་།། ཁ་སོ་ན་བའི་ནད་རྣམས་ལ།། ཏེ་མ་མཱ་ཧྲི་ཏི་ཀ་ར་ཧཱུཾ་དྭཻ། ཁ་ཏྲ་མ་ཀཱི་ལ་ཡེ་བྷྱཿཕཊ། རྣམ་ཐོས་སྲས ་ཀྱི་རིག་སྔགས་དང་།། བུམ་སྣ་དམར་པོས་སྲུང་དུ་གསོལ།། སྲུང་དུ་གསོལ་ལོ།། ནམ་གྲུ་སྐྱོང་བྱེད་གདོན་དུ་ཟ་བའི་དབང་གིས། ཤུ་བ་འབྲུམ་བུ་ན་བ་དང་།། ཤ་ལུས ་ནའམ་གཡན་པའི་ནད་རྣམས་ལ།། ཧེ་མ་མཱ་ཏི་ཧཱུཾ་ཛཱཾ། པྲ་ཏི་ཀཱི་ལ་ཡ་ཧཱུཾ་བྷྱཿ་ཕཊ། གཤིན་རྗེ་ཐོགས་མེད་རིག་སྔགས་དང་།། མགྲིན་བཟང་དམར་པོས་སྲུང་དུ་གསོལ། ་སྲུང་དུ་གསོལ། ནམ་གྲུ་ཧོ་གདོན་དུ་ཟ་བའི་དབང་གིས།། འཇིགས་ཤིང་ཕྱ་སངས་བྱེད་པ་དང་།། ཐོ་རངས་བཅོ་བྱེད་པའི་གདོན།། རཏུན་ཏྲི་ཥྚྲྀཿ། ་ཀཽ་རོ་མ་ཀི་ལ་ཡེ་བྷྱ་ཕཊ། ཡ་མ་ཧེ་དང་འདོད་པ་དམར་པོས། སྲུང་དུ་གསོལ། སྲུང་དུ་གསོལོ།། ལག་གཅིག་ཉབ་པའི་གདོན་དུ་ཟ་བའི་དབང་གིས།། གཡས་ཀྱི་ཕྱོགས ་སུ་གཟེར་བ་དང་།། གཡོན་གྱི་ཕྱོགས་སུ་འགྲེང་བ་དང་།། དཔུང་མགོ་ལྗང་ལྷུང་བྱེད་པ་ནི།། ར་ཏུ་ན་པྲ་མ་ནིར་སོ་བྷྱ་ཕཊ། པྲ་མ་ནན་ཀི་ལ་ཡ་ཧཱུཾ་དྲུཾ། ཁྲོ་བོ་དབྱིངས་དང ་དབང་ཕྱུག་མས་སྲུང་དུ་གསོལ། སྲུང་དུ་གསོལ་ལོ།། སོ་གཅིག་གདོན་དུ་ཟ་བའི་དབང་གིས།། མྱོས་ཤིང་ཁྲག་ཏུ་བཤལ་བ་དང་།། མིག་སྔར་སྣ་ཚོགས་གཟུགས ་སྟོན་ན།། རཀྵ་ས་ཧཱུཾ་དྲཾ། ཁ་ར་ཀ་མ་ཀཱི་ལ་ཡེ་བྷྱཿཕཊ། ལེགས་ལྡན་ཕྱིར་ཟློག་པ་དང་།། དཀའ་ཐུབ་གཙོ་བོ་རྣམས་ཀྱིས་སྲུང་དུ་གསོལ། སྲུང་དུ་གསོལ་ལོ།། དར ་དཀར་གུར་ཕུབ་ནང་ཤེད་ན།། བུད་མེད་ནག་མོའི་ཚེ་འཕྲུལ་ནི།། དུས་ངན་དང་ནི་ཟན་པ་དང་།། འཁྲུག་པ་དང་ནི་འཐབ་པ་དང་།། བཙའ་དང་སེར་བ་འབྱུང་བ་ནི།། དྷརྨ་དྷཱ་ཏུ། ་བྷྱ་ཕཊ། ས་མ་ཡ་ཀི་ལ་ཡ་ཧཱུཾ་ཧཱུཾ་བྷྱཿཕཊ། ཆོས་ཀྱི་དབྱིངས་ཀྱི་རིག་སྔགས་དང་།། ཏིང་ངེ་འཛིན་གྱི་ཕུར་པས་སྲུང་དུ་གསོལ། སྲུང་དུ་གསོལ་ལོ།། ནམ་གྲཝ་མཐིང་ནག ་གདོན་དུ་ཟ་བའི་དབང་གིས།། བ་ལང་དྲེའུ་ཞོན་པ་ལ།། ནམ་ཕྱེད་ཉིན་གུང་ཆོ་འཕྲུལ་ནི།། དྷ་རུ་ཧཱུཾ་ཏྲཾ། སརྦ་ཀ་ན་ཏེ་ཀི་ལ་ཡེ་བྷྱཿཕཊ། དཔལ་ཆེན་དབང་ཕྱུག་རིག ་སྔགས་དང་།། ཁྱབ་པ་དམར་པོས་སྲུང་དུ་གསོལ་སྲུང་དུ་གསོལ། རག་གི། ག་མོའི་གདོན་དུ་ཟ་བའི་དབང་གིས། མགུལ་ནད་དང་ནི་སྙིང་ནད་ནི།། ཀླུ་བདུད་ནག་པོའི ་གདོན་ཡིན་པས།། ན་ག་ནི་ཧཱུཾ་དྲུཾ་བྷྱཿཕཊ། ཧུ་མ་ཙ་ཏུ་ཡ་ཀཱི་ལ་ཡ་ཧཱུཾ་དྲུཾ། སེང་གདོང་དྲག་པོའི་རིག་སྔགས་དང་།། དཀའ་ཐུབ་གཙོ་བོས་སྲུང་དུ་གསོལ་སྲུང་དུ་གསོལོ།། ་ལྷ་མོ་ནག་མོ་གདོན་དུ་ཟ་བའི་དབང་གིས།། གཟུགས་མེད་ལག་པ་སྟོན་པ་དང་།། གཉིད་ཀྱི་འཐིབས་ཤིང་ནད་བྱུང་བ།། ཁ་ནས་ཁྲག་ཏུ་སྤྲུག་པ་དང་།། ལུས་ལ་ཚད ་པ་སྐྱེས་པ་དང་།། མིག་སྔར་རླུང་དང་མུན་སྲོས་དང་།། ཡ་མ་ཏེ་ཧཱུཾ་བྷཿཕཊ། མ་མཱ་ས་མཱ་ཡཱ་ཙ་ཧེ་ཀི་ལ་ཡ་ཧཱུཾ་དྲུཾ། ཧྲྀ་སྟི་མ་ཏྲི་དཀར་པོ་དང་།། བྱ་ཏྲི་དམར་མོའི་ཚོགས་ཀྱིས ་སྲུང་དུ་གསོལ་སྲུང་དུ་གསོལ་ལོ།། གྲི་ཐོགས་བཤན་པ་གདོན་དུ་ཟ་བའི་དབང་གིས།། གང་ཞིག་རྐྱེན་ཟིན་མིག་སྡེ་རུ།། བུད་མེད་གནམ་ས་སླེབ་པ་དང་།། ཚུབ་མའི་གཟུག ་སུ་སྟེན་པ་དང་།། ཁ་ནས་ཁྲག་ཏུ་སྐྱུགས་པ་དང་།། ངར་སྣབས་རྣག་ཏུ་འོང་བ་ལ།། ཧ་ཧེ་ར་ཧཱུཾ་རུ་ཏྲི་བྷྱཿཕཊ། ར་ཧཱུཾ་རུ་ཏྲི་ཀཱི་ལ་ཡ་ཧཱུཾ་དྲུཾ། ཁྱུང་གི་ཁྭ་ཐོགས་རིག་སྔགས་དང་། ་དུག་ཆེན་ཚར་འདོར་རྣམས་ཀྱིས་སྲུང་དུ་གསོལ། སྲུང་དུ་གསོལ། བྱང་གི་གསེར་ཟང་གདོན་དུ་ཟ་བའི་དབང་གིས།། ལྷོག་པས་རྒྱབ་དང་ལྷོ་ནད་དང་།། ལྷ་གོར་སྐྲངས ་འབུར་ནད་བྱུང་ན།། གནོད་སྦྱིན་གདོན་གྱིས་བརླག་འགྱུར་ན།། ཡ་མན་ཨ་མ་ཏན་དར་ཧཱུཾ་བྷྱཿཕཊ། ད་ར་ད་ར་ཧཱུཾ་དྲཾ། འཇམ་དཔལ་རོ་ཐུན་རིག་སྔགས་དང་།། མི ་མཛེས་པའི་ཕུར་བྲས་སྲུང་དུ་གསོལ། སྲུང་དུ་གསོལ་ལོ།། སྲིད་པ་འཇུག་བྱེད་གདོན་དུ་ཟ་བའི་དབང་གིས། ལྡོག་པ་བློ་དང་ཤ་སེར་དང་། ་སྲིད་པ་ལ་སོགས་དལ་བྱུང་ན།། བ་ལང་དྲེའུ་ཞོན་པ་དང་།། གདུང་བའི་ང་རོ་སྒྲ་སྒྲོག་པ།། མ་མཱ་ནན་བྷྱཿཕཊ། མ་མཱ་ཛ་དུར་ཀཱི་ལ་ཡ་ཧཱུཾ་དྲུཾ། གཤིན་རྗེ་ཧྲིང་གི་རིག་སྔགས ་དང་།། འབར་མ་དཔལ་གྱི་ཕུར་པུས་སྲུང་དུ་གསོལ་སྲུང་དུ་གསོལ་ལོ།། སྲིད་པ་སྤྱི་ལུགས་གདོན་དུ་ཟ་བའི་དབང་གིས།། ཕུང་བྱེད་ཁང་པ་བཏིབ་པ་དང་།། སྦས་ད ་གླང་ཐབས་ན་བ་དང་།། སྟོད་གཟེར་སྙིང་བཅུའི་ནད་བྱུང་ན།། པྲ་ན་མ་ནན་བྷྱཿཕཊ། པྲ་མ་ཎ་ཎ་ཀཱི་ལ་ཡ་དྷེ་དྲུཾ། རིག་འཛིན་རྒྱལ་པོའི་རིག་སྔགས་དང་།། འཁོར་བ་རབ ་འཇོམས་ཕུར་པས་སྲུང་དུ་གསོལ།། སྲུང་དུ་གསོལ་ལོ།། ཀླུ་བདུང་ཕུང་བྱེད་གདོན་དུ་ཟ་བའི་དབང་གིས།། མཛེ་དང་ཤུ་བ་གཡན་པ་དང་།། དུག་སྦྱོར་བ་དང་འཁྲུག་པ ་དང་།། གྲི་རུ་གསོད་པར་བྱེད་པ་ཡིན།། ཀླུ་བདུད་ཕུང་བྱེད་གདོན་ཡིན་པས།། རཱ་ཛཱ་བྱ།། བ་རག་བྷྱ་ཕཊ། མ་མཱ་ཧཱུ~ཾ་ཡ་ཧཱུཾ་དྲུཾ། རྣམ་ཐོས་སྲས་ཀྱི་རིག་སྔགས་དང་།། མགོན ་པོ་ནག་པོའི་ཕུར་བུས་སྲུང་དུ་གསེལ། སྲུང་དུ་གསོལ་ལོ།། ཕྱ་བདུད་གཟའ་ཡི་གདོན་དབང་གིས།། ཆར་ཆུ་དུས་སུ་མི་ཕེབས་ན།། ཟན་པ་བཅཝ་དང་མུ་གེ་དང་།། སེར་བ ་ཆེན་པོ་འབྱུང་བ་ནི།། དྲང་སྲོང་གཟའ་ཡི་གདོན་ཡིན་པས།། པྲ་མཱ་པ་ཏྲ་ཡེ་བྷ་ཕཊ། པ་ཊ་ཀཱི་ལ་ཡ་ཧཱུཾ་དྲཾ། དཔལ་ལྡན་དབྱིངས་ཀྱི་རིག་སྔགས་དང་།། མཛེས་པས ་འཛིན་ཕུར་པུས་སྲུང་དུ་གསོལ།། སྲུང་དུ་གསོལ་ལོ།། དེ་ཀུན་ཡོངས་ཀྱི་གཙོ་མོ་ནི།། མུ་ཁ་ལེ་ནི་དབྱིངས་མའི་མཆོག། སྲིད་པ་ཀུན་གྱི་ཡུམ་གཅིག་མ།། སེམས ་ཅན་ཀུན་ལ་སྨན་པ་མཛད།། སེམས་ཅན་ཀུན་ལ་ཕན་འགྱུར་མཛོད།། ན་མ་སརྦ་ཏ་ཐཱ་ག་ཏ་སྭཱ་ཧཱ། ཐམས་ཅད་དེ་བཞིན་གཤེགས་པར་གྱུར་ཅིག། སྭཱཧཱ། ལྷ་མོ་ནག་མོའི་གཙུག ་ཏོར་འདི་བཀླགས་པ་ཙམ་གྱིས་རིམས་དང་། སྲིའུ་མི་སོས་པ་དང་། གོང་ཀ་བྱུང་བ་དང་། ཡས་ཀྱི་བདུད་བབས་པ་དང་། འཁྲུག་པ་ཆེན་པོ་བྱུང་བ་དང་། ནད་རིམས་ཐོས ་ཅད་དང་། གདོན་རིམས་ཐམས་ཅད་དང་། རྒྱལ་པོའི་ཆད་པ་དང་། བཙན་གྱི་འགྲུ་སྲང་ལ་ཐེབས་པ་དང་། གཉེན་པོའི་རིམས་སུ་བྱུང་བ་དང་། གཙུག་ལག་ཁང་དུ་འདྲེ ་ཆེན་པོ་ཞུགས་པ་དང་། མི་ནག་གི་རྟོག་པ་སྤྲོ་འདྲེས་ཟིན་པ་དང་། མི་བདེ་བ་ཐམས་ཅད་ཞི་བར་གྱུར་ཅིག། དཔལ་གཤིན་རྗེ་གཤེད་ཀྱི་དཔལ་ཟླ་གསང་ནག་པོ་ལས་དཔལ། ་ལྷ་མོ་ནག་མོ་ཆེན་པོ་རོལ་པར་བྱེད་པའི་གཙུག་ཏོར་ཞེས་བྱ་བའི་གཟུངས་རྫོགས་སོ།། ། མངྒ་ལཾ།། ་