CLOSE WINDOW

Ng52.141: 'phags pa de bzhin gshegs pa'i gtsug tor nas byung ba'i gdugs nag mo can zhes bya ba'i gzungs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་ཀྲིཥྞ་ཨུཥྞཱི་ཥ་ནཱ་པ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི ་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་ལྷའི་གནས། དམ་པ ་ཆོས་ཀྱི་ཕོ་བྲང་ན། དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་འདོད་ཁམས་ཀྱི་ལྷ་རྣམས་དང་། ཚངས་པ་ལ་སོགས་པ་གཟུགས་ཁམས་ཀྱི་ལྷ་རྣམས་དང ་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་གཞན་གྱིས་མི་ཚུགས་པའི་རིག་སྔགས་ཆེན་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ ་བོས་ཕྱག་འཚལ་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། ལོགས་ཤིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་འདོད་ཁམས་ཀྱི་ལྷ་རྣམས་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན ་དང་། དགེ་བསྙེན་མ་དང་། དེ་རྣམས་ལ་བསྲུང་བ་དང་། བསྐྱབ་པའི་སླད་དུ་ཆོས་ཀྱི་རྣམ་གྲངས་གསུངས་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ ་ཀུན་དགའ་བོ་ལ་འདི་སནྡེས་བཀའ་སྩལ་ཏོ།། ཀུན་དགའ་བོ་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས ་པཾ། མ་བྱོན་པའི་སངས་རྒྱས་རྣམས་ཀྱང་གསུང་བར་འགྱུར། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱང་གསུང་ངོ་།། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་རྣས། ་ལ་ཕྱག་འཚལ་ལོ།། ཕྱིར་མི་ལྡོག་པ་རྣམས་ལ་ཕྱག་འཚལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོག་པར་དད་སེལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པའི་སངས་རྒྱས་འོད་སྲུངས་ལ་ཕྱག་འཚལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཕྱག་འཚལ་ལོ།། དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན་ལ་ཕྱག་འཚལ་ལོ།། གཞན ་གྱི་རིག་སྔགས་གཅོད་པ་རྣམས་ལ་ཕྱག་འཚལ་ལོ།། འཁོར་ལོས་སྒྱུར་བ་རྣམས་ལ་ཕྱག་འཚལ་ལོ།། གཞན་གྱི་རིག་སྔགས་ཀྱི་འཇིགས་པ་དང་། འཇིགས་པ ་བརྒྱད་དང་། གཞན་གྱི་དམོད་པས་འཇིགས་པ་དང་། མི་ཡིས་འཇིགས་པ་དང་། མི་མ་ཡིན་པའི་འཇིགས་པ་དང་། གདོན་གྱིས་འཇིགས་པ་དང་། དགྲའི་འཇིགས ་པ་དང་། ནད་ཆེན་པོ་བརྒྱད་ཀྱི་འཇིགས་པ་དང་། མཁའ་འགྲོ་མའི་འཇིགས་པ་དང་། ནད་དང་འཇིགས་པ་དང་། མ་རུངས་པ་ཐམས་ཅད་ལས་ཐར་པར་མཛད་དུ ་གསོལ།། རྡོ་རྗེ་གཏུམ་མི་སྟོབས་ཆེན་མོ།། རིག་སྔགས་ཆེན་མོ་གཟི་བརྗིད་ཅན།། དྲག་ཤུལ་ཆེན་མོ་འབར་བ་མ།། རྡོ་རྗེ་མཁའ་འགྲོ་དྲག་མོ་ཆེ།། འབར་བ་ཅན ་དང་གཟི་བརྗིད་ཅན།། མཱ་མ་ཀཱི་དང་འོད་ཟེར་ཅན།། མཆེ་བ་གཙིགས་དང་རྡོ་རྗེ་འཛིན།། རིག་སྔགས་འཛིན་དང་དྲག་མོ་ཆེ།། རིག་པའི་ལྷ་མོ་སྟོབས་མོ་ཆེ།། ལྷ་མོ ་ཆེན་མོ་ནག་མོ་དང་།། རལ་གཅིག་མ་དང་སྒྲོལ་མ་དང་།། རིག་སྔགས་འཛིན་པ་ཐམས་ཅད་དང་།། རིག་པའི་ལྷ་མོ་ཐམས་ཅད་དང་།། གཞན་གྱི་རིག་སྔགས་ཀྱི་གནོད ་པ་དང་། རིམས་ནད་ཐམས་ཅད་དང་། མ་རུངས་པ་ཐམས་ཅད་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་། མཛེ་དང་པོ་ལ ་མིག་དང་། དུག་དང་དྲང་སྲོང་གི་གནོད་པ་དང་། གཟའ་དང་རྒྱུ་སྐར་རྣམས་ཀྱི་འཇིགས་པ་ཐམས་ཅད་ལས་བདག་དང་རྒྱུ་སྦྱོར་བ་ལ་སྲུང་དུ་གསོལ།། ཨོཾ་ཀྲྀཥྞ ་ཨུཥྞཱི་ཥ་ཨ་ན་ཨ་བ་ལོ་ཀི་ཏེ། སརྦ་བྷ་དྷ་ཡ། ཚིནྟ་ཚིནྟ། སརྦ་ཛྭ་ར་མ་ན་ཡ། ནཱ་ས་ཡ་ནཱ་ས་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཨ་ཀ་ལ་མི་ར་ཏུ་ནི། བྷཻ་ར་ཎི་ཧཱུཾ་ཕཊ། ཨོཾ་སརྦ ་བུདྡྷ་ནི་ཨུཥྞཱི་ཥ་ཧཱུཾ་ཕཊ། ཨོཾ་སརྦ་ཧ་ཏི་ཨུཥྞཱི་ཥ་བ་ར་ཎི་ཧཱུཾ་ཕཊ། ཨོཾ་སརྦ་གྲ་ཧ་ཎི་ཧཱུཾ་ཕཊ། ཨོཾ་སརྦ་ནཀྵེ་ཎི་བ་ར་ཎི་ཧཱུཾ་ཕཊ། ཨོཾ་སརྦ་ཀུ་སོ་པ་ཎི་ཧཱུཾ་ཕཊ། བཅོམ་ལྡན ་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན། དམ་པ་ཆོས་ཀྱི་ཕོ་བྲང་ལ་མངའ་མཛད་མ། སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་ཐམས་ཅད་དབང་དུ་སྡུད་མ། ཞལ་བཅུ་གཅིག་མ། ཕྱག་བརྒྱ་རྩ་བརྒྱད་མངའ་མ། ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན་མ། དྲག་ཤུལ་ཆེན ་མོ་ཅན། གཞན་གྱི་རིག་སྔགས་ཐམས་ཅད་ཟློག་པར་མཛད་མ་ཁྱོད་ལ་ཕྱག་འཚལོ།། ཏདྱ་ཐཱ། ཨོཾ་ཨ་པ་ར་ཙི་ཏ། ས་ཧ་རས་སཻ་རེ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ་ས་ཧ་ར་སརྦ་ཛེ་མ་ཧཱ་ཙཀྲ། ཏྲ་ས་ཡ་ཏྲཱ་ས་ཡ། ཀམ་པ་ཡ། ཀམ་པ་ས། པ་ར་བིད་དྷཱ་ཡ། ཚིནྡྷ་ཚིནྟ། བིནྡྷ་བིནྡྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྲཧཱ། དེ་བཞིན་གཤེགས ་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན་ལ་ཕྱག་འཚལོ།། ལྷ་མ་ཡིན་གྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ།། ཕུར་བུས ་གདབ་བོ།། དྲག་ཤུལ་ཅན་གྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ།། ཕུར་བུས་གདབ་པོ།། བདུད་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི ་རལ་གྲིས་བཅད་དོ།། ཕུར་བུས་གདབ་པོ།། མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ།། ཕུར་བུས་གདབ་པོ།། ཚངས ་པ་དང་།། ཁྱབ་འཇུག་དང་། མཧཱ་དེ་བས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ།། ཕུར་བུས་གདབ་པོ།། དབང་ཕྱུག་ཆེན་པོ་དང་། ཚོགས་ཀྱི་བདག ་པོ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ།། ཕུར་བུས་གདབ་པོ།། ཀླུའི་རྒྱལ་པོ་དང་ཀླུ་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེ ་རལ་གྲིས་བཅད་དོ།། ཕུར་བུས་གདབ་པོ།། སྲིན་པོ་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ།། ཕུར་བུས་གདབ་པོ།། གནོད་སྦྱིན་ཐམས ་ཅད་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ།། ཕུར་བུས་གདབ་པོ།། འབྱུང་པོ་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ།། ་ཕུར་བུས་གདབ་པོ།། ཡི་དགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ།། ཕུར་བུས་གདབ་པོ།། རིག་སྔགས་ཐམས་ཅད་ཀྱིས་བྱས་པའི ་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ།། ཕུར་བུས་གདབ་བོ།། ལྷ་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲིས་བཅད་དོ།། ་ཕུར་བུས་གདབ་བོ།། དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་བྱས་པའི་རིག་སྔགས་རྡོ་རྗེའི་རལ་གྲས་བཙད་དོ།། ཕུར་བུས་གདབ་པོ།། ཨོཾ་ཨུཥྞཱི་ཥ ་སརྦ་ཏ་ཐཱ་ག་ཏ་ཨ་དྷྱེཥྛཱ་ན་ཨ་དྷིཥྚི་ཧེ་ཧཱུ~ཾ་ཕཊ། ཨོཾ་ས་མན་ཏྲ་པྲ་བྷཱན་ཛ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཙཀྲ་ག་ན་ས་ནི་ཧཱུཾ་ཕཊ། ཨོཾ་སརྦ་སྥ་ར་སེ་ནི་པྲ་བྷན་ཛ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཤ ་ཏཱཾ་བྷ་ཨུཥྞཱི་ཥ་བ་ར་ཎི་ཧཱུཾ་ཕཊ། ཨོཾ་སརྦ་ཏི་ཧ་ར་ཎི་ཧཱུཾ་ཕཊ། ཨོཾ་སརྦ་སང་ཧ་རེ་ཀྵེ་ཎི་ཧཱུཾ་ཕཊ། ཨོཾ་བ་ལ་བ་ཏེ་ཧཱུཾ་ཕཊ། ཨོཾ་ཏེ་ཛེ་པ་ཏི་ཧཱུཾ་ཕཊ། ཨོཾ་ཛ་ཏི་སང་ཁ་རེ་ཧཱུཾ་ཕཊ། ་ཨོཾ་མ་ཧཱ་དྷ་ར་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ཛ་ལི་ཏེ་ཛ་ས་ན་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཛ་ཡེ་བི་ཛ་ཡེ་མ་ཧཱ་ཙཀྲ་ཐ་རེ་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་ཨུཥྞཱི་ཥ་ཨ་པ་ར་ཙི་ཏ་ཧཱུཾ་ཕཊ། ཛ་ལི་ཏི་པྲི ་ཁ་རེ་ཧཱུཾ་ཕཊ། ཛྭ་ལ་ཛྭ་ལ། ཁནྡ་ཁནྡ། སཽ་མེ་སཽ་མེ། ཛནྟི་ཛནྟེ། པ་ར་བི་དྷ་ཡ། ན་ས་ནཱི་ན་ས་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་སུ་བྷ་ཡ། བིརྱ་ཨུཥྞཱི་ཥ་པ་ར་ཎི་ཧཱུཾ་ཕཊ། ་ཨོཾ་སརྦ་མ་ཧེ་ས་ར་བི་ནཱ་ཡ་ག་ཀུ་མ་ར་ཡ། བ་ཧ་ར་ཎི་ཧཱུཾ་ཕཊ། དྷརྨ་རུ་ཏཱ་དྷ་ར་ཡ་བ་ར་ཎི་ཧཱུཾ་ཕཊ། ཨོཾ་སརྦ་ཌཱ་ཀི་བི་ཀྲོ་དྷ་ནི་ཧཱུཾ་ཕཊ། ཨོཾ་སརྦ་རཀྵ་སརྦ་བྷ་ཡ་ཨུཥྞཱི ་ཥ་བ་ར་ཎི་ཧཱུཾ་ཕཊ། ཨོཾ་བྷེ་ད་ས་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཡཀྵ་སརྦ་ཡ། ཨུཥྞཱི་ཥ་བ་ར་ཎི་ཧཱུཾ་ཕཊ། ཨོཾ་སརྦ་བི་ཏ་ས་ནི་ཧཱུཾ་ཕཊ། ཨོཾ་སརྦ་བུདྡྷ་ཏྲ་ས་ནི་ཧཱུཾ་ཕཊ། ཨོཾ་སརྦ་བྷ་ག ་ཏྲ་ཧ་ཧ་ར་ས་ནི་ཧཱུཾ་ཕཊ། ཨོཾ་སརྦ་ག་ནི་དྷེ་བ་བྷ་ཡ་ཧཱུཾ་ཕཊ། པྲ་བྷན་ཛ་ནི་ཧཱུཾ་ཕཊ། ཨོཾ་སརྦ་བིདྡྷ་མ་ཧཱ་ཀྲོ་དྷ་ནི་ཧཱུཾ་ཕཊ། ཨོཾ་སརྦ་མ་ཐི་ག་ནི་བི་དྷཱན་ས་ནི་ཧཱུཾ་ཕཊ། ཨོཾ་སརྦ ་ཏྲཻ་ལོ་ཀྱ་ཕྲ་མ་ཐ་ནི་ཧཱུཾ་ཕཊ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན་དམ་པ་ཆོས་ཀྱི་ཕོ་བྲང་ལ་མངའ་མཛད ་མ་གཞན་གྱི་རིག་སྔགས་ཀྱིས་གནོད་པས་ན་བ་དང་། རིམས་ཀྱིས་ན་བ་དང་། མགོ་བོ་ན་བ་དང་། ཡན་ལག་ན་བ་དང་། ཉིང་ལག་ན་བ་དང་། ལྷོག་པས་ན ་བ་དང་། མཛེས་ན་བ་དང་། རྒྱུ་ནད་ཀྱིས་ན་བ་དང་། ལྟོན་པ་དང་། རྐེད་པ་ན་བ་དང་། ཆུ་སོ་ན་པ་དང་། བརླན་པ་དང་། རྗེ་ངར་ན་བ་དང་། མིག་ནད་ཀྱིས་ན་བ་དང་། ་མི་མ་ཡིན་པའི་ནད་ཀྱིས་ན་བ་དང་། གདོན་གྱིས་ན་བ་དང་། མཁའ་འགྲོ་མའི་ནད་དང་། འབྱུང་པོའི་ནད་ཐམས་ཅད་ལས་བདག་ལ་སྲུང་དུ་གསོལ།། ཏདྱ་ཐཱ། ཨོཾ ་ཨུ་པི་ཤ་ཨ་པ་ར་ཙི་ཏ། མཧཱ་ཀྲོ་དྷ་མུར་ཏེ། ཨ་ཙ་ལེ་ཨ་ཙེ་ལེ། ཁ་ས་མེ་ཁ་ས་མེ། བཻ་ར་བཻ་ར། བཛྲ་དྷཱ་ར་ཎི་ཧཱུཾ་ཕཊ། པ་ར་བི་དྱཱ་མ་ཎི་ཙ་ར་ཎཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ་གསང་སྔགས་ཆེན་མོ་འདི་ནི་གྲོ་ག་འམ་རས་སམ། ཤིང་ཤུན་ལ་བྲིས་ཏེ་ལུས་སམ་མགུལ་དུ་བཏགས་ན། ཇི་སྲིད་འཚོའི་བར་དུ་དེ་ལ་རྒྱལ་པོའི ་འཇིགས་པས་མི་ཚུགས། དགྲབ་འཇིགས་པས་མི་ཚུགས། མེའི་འཇིགས་པས་མི་ཚུགས། ཆུབ་འཇིགས་པས་མི་ཚུགས། ནད་ཆེན་པོ་བརྒྱད་ཀྱི་འཇིག ་པས་མི་ཚུགས། གཞན་གྱི་རིག་སྔགས་ཀྱི་དམོད་པས་མི་ཚུགས། བཙན་གྱི་འཇིགས་པས་མི་ཚུགས། གཅན་གཟན་གྱི་འཇིགས ་བས་མི་ཚུགས། དུག་གི་འཇིགས་པས་མི་ཚུགས། སྦྲུལ་གྱི་འཇིགས་པས་མི་ཚུགས། འབྱུང་པོའི་འཇིགས་པས་མི་ཚུགས། གདོན་ཐམས་ཅད་ཀྱི ་འཇིགས་པས་པི་ཚུགས། གཞན་གྱི་རིག་སྔགས་ཐམས་ཅད་དང་། གནོད་བྱེད་ཐམས་ཅད་ཀྱིས་མི་ཚུགས་ཤིང་གནོད་པར་མི་འགྱུར་རོ།། ཏདྱ་ཐཱ། ཨོཾ་ཨུཥྨ ་བི་ལོ་གི་ཏེ་མོའུ་ཏེ། བི་མ་ལེ་ཨུཥྞཱི་ཥ་པ་རི་ཤུདྡྷེ། བཛྲ་བཛྲ་བྷ་ཛ་ལ་ག་ར་ལེ། མ་ཧཱ་བེ་ར་དུ་དྷ་ར་ཎི། ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་ཨུཥྞཱི་ཥ་བི་མ་ལེ་སརྦ་ཡ་ན་པ་རི། ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་སུ་རུ་སུ་རུ། མུ་རུ་མུ་རུ། ཨུཥྞཱི་ཥ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན་གཟུང་བ ་འམ། ཀློག་པ་འམ། ཡོངས་སུ་འཛིན་པ་འམ། གཞན་ལ་རྒྱ་ཆེར་སྟོན་པའམ། དེ་དག་ཐམས་ཅད་ལ་གཞན་གྱི་རིག་སྔགས་ཐམས་ཅད་ཀྱིས་མི་ཚུགས་སོ།། ་འབྱུང་པོའི་གདོན་ཐམས་ཅད་ཀྱིས་མི་ཚུགས། དུས་མ་ཡིན་པར་འཆི་བའི་འཇིགས་པས་མི་ཚུགས། གདོན་ཐམས་ཅད་དང་བགེགས་དང་འཇིགས་པ་ཐམས་ཅད ་ཀྱིས་མི་ཚུགས། ལྷ་ཐམས་ཅད་དང་། གདོན་བགེགས་དང་། ལོག་འདྲེན་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་དགའ་བར་འགྱུརརོ།། རྡོ་རྗེའི་རིགས་འབུམ་ཕྲག་བརྒྱད ་ཅུ་རྩ་བཞིས་ཀྱང་དེ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པར་འགྱུར་རོ།། དེ་ནས་ཀུན་དགའ་བོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས ་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་ལོགས་ཤིག་ཏུ་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་དགེ་སློང་ངམ། དགེ་སློང་མ་འམ། ་དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་སླད་དུ་གཟུངས་ཆེན་མོ་འདི་གསུངས་པ་ལེགས་སོ་ལེགས་སོ།། རྗེས་སུ་ཡི་རང ་ངོ་།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། བཅོམ་ལྡན་འདས ་ཀྱིས་གཟུངས་ཆེན་པོ་འདི་བཀའ་སྩལ་པ་དང་། ལྷ་ཐམས་ཅད་དང་། དགེ་སློང་ཐམས་ཅད་དང་། ལྷ་དང་། ཀླུ་དང་ལྷ་མ་ཡིན་དང་། མི་དང་། གནོད་སྦྱིན་ཐམས་ཅད ་དང་། ནམ་མཁའ་ལྡིང་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དེ་བཞིན་གཤེགས་པའི ་གཙུག་ཏོར་ནས་བྱུང་བའི་གདུགས་ནག་མོ་ཅན་ཞེས་བྱ་བའི་གཟུངས་རྫོགས་སོ།། ཞུས་དག།། ཤུ་བྷ་བསྱཱ་སརྦ་ཛག་ཏཾ།། ་