| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱཿ་ཨ་པ་རི་མི་ཏ་ཨཱ་ཡུར་ཛཱ་ན་སརྦ་ཧྲིད་ཡ། བོད་སྐད་དུ། འཕགས་པ་ཆེ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྙིང་པོའོ།། བདེ་གཤེག ་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ།། ཚེ་དང་བསོད་ནམས་འཕེལ་འགྱུར་ཞིང་།། རྫོགས་པའི་སངས་རྒྱས་མྱུར་ཐོབ་པའི།། བདེ་གཤེགས་ཀུན་གྱི་སྙིང་པོ་གསུངས། ཐུན ་ཀླ་ག། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫུ་ན་སུ་བི་ནི་ཙི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀ་སམྦ་དྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ། མ་ཧཱ ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ། ཨ་ཡུ་པུ་ཎྱེ། མ་ཧཱ་པུཎྱེ། ཨ་ཡུར་ཛཱ་ན་སེརྦ་རུ་པ་སི་དྷི། ཨཱ་ཡུད་ཛཱ་ན་ཥེ་ཆེ་བྲུ་ཨོཾ་བྲུཾ་ཨ་བྲུཾ་སཱ་བྲུཾ་ཧྭ་པྲུ་ཚི་བྲུཾ། ཨོཾ་སརྦ་སཾ་སྐ་རི་པ་རི་ཤུདྡྷ ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱི།། སྟོང་གསུམ་འཇིག་རྟེན་འདི་དག་ཀུན།། གསེར་དངུལ་ཟངས་ལྕགས་རིན་ཆེན་དང་། ནོར་བུ་རིན ་ཆེན་ལ་བྱས་པའི།། བདེ་གཤེགས་སྐུ་གཟུགས་བྱས་པ་བས།། སྔགས་འདི་ཚར་གཅིག་བཟླས་པ་མཆོག། བསོད་ནམས་བརྒྱ་ཡི་ཆར་མི་ཕོད།། བསྐལ་པ་སྟོང་དུ ་བདེ་གཤེགས་ཀྱི།། རིར་བསྲེལ་སྐུ་གཟུགས་བྱས་པ་བས།། སྔགས་འདི་ཚར་གཅིག་བཟླས་པ་མཆོག། བདེ་གཤེགས་ཞལ་ནས་གསུངས་པ་ཡི།། སྡེ་སྣོད་ཆོས ་རྣམས་བཀླག་པ་བས།། སྔགས་འདི་ཚར་གཅིག་བཟླས་པ་མཆོག། མི་རྟོག་ཡེ་ཤེས་སྒོམ་པ་ཡི།། ཡོན་ཏན་རྒྱ་མཚོ་མ་གཏོགས་པ།། འདུས་བྱས་དགེ་སྦྱོང་མཐའ ་དག་ཀུན།། རྣལ་འབྱོར་གཅིག་གིས་བྱས་པ་བས།། སྔགས་འདི་ཚར་གཅིག་བཟླས་པ་མཆོག། སྔགས་འདི་བཟླས་པའི་རྣལ་འབྱོར་ལ།། འཆི་བ་རྣམ ་བ་བརྒྱད་མི་འབྱུང་།། སྡུག་བསྔལ་གསུམ་གྱི་སེམས་མི་གཡེང་།། ལྟས་ངན་མཚན་མ་ངན་པ་ཟློག། ངན་སྔགས་མཐུ་དང་གནོད་པ་མཐའ་དག་ཟློག། འཆི་བ་རྣམ་པ་བརྒྱད ་པོ་བསླུ་བའི་མཆོག། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི།། སྐུ་ཐོབ་གཟི་བརྗིད་བྱིན་གྱིས་རློབས།། བཅུ་མི་ཐུབ་པས་བརྒྱ་ཐུབ་འགྱུར།། གཟུངས་འདི་སྒྲོགས ་པའི་བྱིན་རླབས་ཀྱིས།། ཡུལ་དང་ས་ཕྱོགས་ཐམས་ཅད་དུ།། བགེགས་མེད་ནད་མེད་བཀྲ་ཤིས་འབྱུང་།། གཟུངས་འདིའི་ཡོན་ཏན་བསམ་མི་ཁྱབ།། སངས་རྒྱས་སྲས ་དང་བཅས་པས་ཀྱང་།། འདི་ཡི་ཡོན་ཏན་བརྗོད་མི་ནུས།། འདི་ནི་ཆོས་ཉིད་རང་སྒྲ་ཡིན།། ཞེས་གསུངས་སོ།། འཕགས་པ་ཚེ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྙིང་པོ ་རྫོགས་སོ།། །། ། མཾ་ག་ལཾ།། ་