| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་ལ་ལི་ཀ་པ་རི་པྲེཙྪ་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བགྲེས ་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་བྲི་ཛི་ན་ཡུལ་རྒྱ་བ་རྒྱུ་ཞིང་། དགེ་སློང་ཉིས་བརྒྱ ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་ཆེན་པོ་ར་ཏུ་མང་པོ་དང་ཐབས་ཅིག་ཏུ་གྲོང ་ཁྱེར་ཆེན་པོ་ཡངས་པ་ཅན་ག་ལ་དེར་གཤེགས་པ་དང་། དེའི་ཚེ་གྲོང་གི་བུད་མེད་རྒན་མོ་གཏུམ་པ་འཁོགས་པ་ན་ཚེད་ལས ་འདས་པར་གྱུར་པ། སྐྱེས་ནས་ལོ་རྒྱ་ཉི་ཤུ་ལོན་པ་ཞིག་དགོན་པ་ན་རྩཝ་སྡུད་ཅིང་འདུག་སྟེ། བུད་མེད་དེས་བཅོམ་ལྡན་འདས ་མཛེས་པ་དང་བར་བྱེད་པ། དབང་པོ་དུལ་བ། ཐུགས་དུལ་བ། དྲིལ་བ་དང་ཞི་གནས་མཆོག་མཉེས་པ། སྦས་པ་སྐྱོན ་མེད་པ། མཚོ་ལྟར་དངས་ཞིང་གསལ་ལ་རྙོག་པ་མེད་པ་གསེར་གྱི་མཆོད་སྡོང་ལྟར་མངོན་པར་འཕགས ་པ། དཔལ་གྱི་ལྷམ་མེ། ལྡན་ནེ། ལྷང་ངེ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། ཟག ་རིང་པོ་ནས་བྱོན་པ་མཐོང་ངོ་།། མཐོང་ནས་ཀྱང་སེམས་དད་པར་གྱུར་ནས། ངང་པའི་སེམས་ཀྱིས་བཅོམ་ལྡན་འདས་ག་ལ་བ ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར ་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། བུད་མེད་དེས་བཅོམ་ལྡན་འདས་ག་ལ་དེར་ལོས་སུ་ཐལ་མོ་སྦར་བ་བཏུད་ནས་བཙེམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྐྱེ་བ་གང་ནས་མཆིས། རྒ་བ་གང་ནས་མཆི་གང་དུ་མཆི།། ་བཅོམ་ལྡན་འདས་ན་བ་གང་ནས་མཆིས། འཆི་བ་གང་ནས་མཆིས་གང་དུ་མཆི། བཅོམ་ལྡན་འདས་གཟུགས་གང་ནས་མཆིས། ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གང་ནས་མཆིས་གང་དུ་མཆིས། བཅོམ་ལྡན་འདས་སའི་ཁམས་གང་ནས་མཆིས། ཆུའི་ཁམ ་དང་མེའི་ཁམས་དང་རླུང་གི་ཁམས་དང་ནས་ཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་གང་ནས་མཆིས་གང་དུ་མཆི། བཅོམ་ལྡན་འདས་མིག་གང་ནས ་ཆིས། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་། ཡིད་གང་ནས་མཆི་གང་དུ་མཆི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སྲིང་མོ་སྐྱེ་བ་གང་ནས་ཀྱང་མི་འོང་། ་རྒ་བ་གང་ནས་ཀྱང་མི་འོངས་གང་དུའང་མི་འགྲོའོ།། སྲིང་མོ་ན་པ་གང་ནས་ཀྱང་མི་འོང་། འཆི་བ་གང་ནས་ཀྱང་མི་འོང་གང་དུའང་མི་འགྲོའོ།། སྲིང་མོ་གཟུག ་གང་ནས་ཀྱང་མི་འོང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོའོ།། སྲི་མོའི་ཁམས་གང ་ནས་ཀྱང་མི་འོང་ཆུའི་ཁམས་དང་མེའི་ཁམས་དང་། རླུང་གི་ཁམས་དང་ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་གང་ནས་ཀྱང་མི་འོང་གང་དུ་ཡང་མི ་འགྲོའོ།། སྲིང་མོ་མིག་གང་ནས་ཀྱང་མི་འོང་། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་། ཡིད་གང་ནས་ཀྱང་མི་འོངས་གང་དུ་ཡང་མི་འགྲོའོ།། སྲིང་མོ་འདི་ལྟ། ་སྟེ་དཔེར་ན། གཙུབ་ཤིང་དང་གཙུབ་སྟན་ལ་ཡང་བརྟེན། དེ་སྐེད་པ་མིའི་རྩོལ་བ་ལ་ཡང་བརྟེན་ན་མེ་བྱུང་སྟེ། མེ་ཡང་རྩཝ་དང་ཤིང་དེ་བསྲེགས་ན་རྒྱུ ་མེད་པ་དང་ཤི་བར་འགྱུར་ཏོ།། སྲིང་མོ་འདི་ཇི་སྙམ་དུ་སེམས། མེ་དེ་གང་ནས་འོངས་དུ་སོང། གསོལ་པ།། བཅོམ་ལྡན་འདས་ཞུག ་དེ་ནི་ཚོགས་པའི་དབང་གིས་བྱུང་། ཚོགས་པ་དང་བྲལ་བས་འགགས་ཏེ་གྲམ་མོ།། བཀའ་སྩལ་པ། སྲིང་མོ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཚོགས ་པའི་དབང་གིས་འབྱུང་ཚོགས་པ་དང་བྲལ་བས་འགགས་ཏེ། འདི་ལ་ཆོས་གང་ཡང་གང་ནས་ཀྱང་འོང་བ་འམ་གང་དུ་ཡང་འགྲོ་བ་མེད་དོ།། སྲིང་མོ་འདི ་ལྟ་སྟེ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ཡང་། མིག་གི་རྣམ་པར་ཤེས་པ་དེ་ལ་སྐྱེད་པར་བྱེད་པ་ཡང་མེད། འགག་པར་བྱེད་པ་ཡང ་མེད། གང་ཡང་སོགས་པ་མེད། ཕུང་པོ་གང་ལས་ཀྱང་འོང་བ་འམ་འགྲོ་བ་ཡང་མེད། མིག་གི་རྣམ་པར་ཤེས་པའི་རྐྱེན་གྱིས་ལས་མངོན་པར་འདུས་བྱས་ནས་ཁམས ་གསུམ་དུ་འབྲས་བུ་གསུམ་གྱིས་འབྲས་བུ་ཉེ་བར་སྟོན་ཏེ། འབྲས་བུ་དེ་ཡང་སྟོང་པ་དང་། འོང་བ་མེད་པ། འགྲོ་བ་མེད་པ། སུས་ཀྱང་མ་སྐྱེད་པ། སུས་ཀྱང་མ ་བཀག་པ་སྟེ། སྲིང་མེ་ཚེ་ས་ཐམས་ཅད་ནི་རང་བཞིན་གྱིས་འགགས་པའོ།། དེ་བཞིན་དུ་རྣ་བ་དང་། སྒྲ་དང་སྣ་དང་དྲི་དང་ལྕེ་དང་རོ་དང་ལུས་དང་རེག་བྱ་དང་།། ་ཡིད་དང་ཆོས་རྣམས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་ཡང་། ཡིད་ཀྱི་རྣམ་པར་ཤེས་པ་དེ་བསྐྱེད་པར་བྱེད་པ་ཡང་མེད། འགག་པར་བྱེད་པ་ཡང་མེད།། ་གང་ཡང་སོགས་པ་མེད། ཕུང་པོ་གང་ལས་ཀྱང་འོང་བ་འམ་འགྲོ་བ་ཡང་མེད་ལ། ཡིད་ཀྱི་རྣམ་པར་ཤེས་པའི་རྐྱེན་གྱི་ས་ལས་མངོན་པར་འདུས་བྱས་ནས་ཁམ ་གསུམ་དུ་འབྲས་བུ་རྣམ་པ་གསུམ་གྱིས་འབྲས་བུ་ཉེ་བར་སྟོན་ཏེ། འབྲས་བུ་དེ་ཡང་སྟོང་པ། འོང་བ་མེད་པ། འགྲོ་བ་མེད་པ། སུས་ཀྱང་མ་སྐྱེད་པ། སུས ་ཀྱང་མ་བཀག་པ་སྟེ། སྲིང་མོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འགགས་པའོ།། སྲིང་མོ་འདི་ལྟ་སྟེ་དཔེར་ན། ཤིང་དང་ལྤགས་པ་དང་དབྱུག་གྲོལ་ཡང་བརྟན ་དེ་སྐྱེད་པ་མིའི་རྩོལ་བ་ལ་བརྟེན་ནས་རྔའི་སྒྲ་འབྱུང་སྟེ། རྔའི་སྒྲ་དེ་འདས་པ་ཡང་སྟོང་། མ་འོངས་པ་ཡང་སྟོང་། ད་ལྟར་བྱུང་བ་ཡང་སྟོང་སྟེ། སྒྲ་ནི་ཤིང་ལ ་ཡང་མི་གནས། ལྤགས་པ་ལ་ཡང་མི་གནས། དབྱུག་གུ་ལ་ཡང་མི་གནས། མིའི་ལག་པ་ལ་ཡང་མི་གནས་མོད་ཀྱི། འོན་ཀྱང་དེའི་རྐྱེན་གྱིས་སྒྲ་འདོགས་ཏེ། ་གང་སྒྲ་དེ་འདོགས་པ་ཡང་སྟོང་པ། འོད་བ་མེད་པ། འགྲོ་བ་མེད་པ། སུས་ཀྱང་མ་སྐྱེད་པ། སུས་ཀྱང་མ་བཀག་པ་སྟེ། སྲིང་མེ་ཆོས་ཐམས་ཅད་ནི་རང་བཞིན ་གྱིས་འགགས་པའོ།། སྲིང་མོ་དེ་བཞིན་དུ་ཆོས་ཐམས་ཅད་ནི་རྐྱེན་གྱི་ཁ་ན་ལས་པ་སྟེ། འདི་ལྟར་མ་རིག་པ་དང་། སྲིད་པ་དང་ལས་དང་རྣམ་པར་ཤེས་པའོ།། ་ཆོས་དེ་དག་ཡོད་ན་འཆི་འཕོ་དང་སྐྱེ་བ་འདོགས་ཏེ། གང་འཆི་འཕོ་དང་སྐྱེ་བ་འདོགས་པ་དེ་ཡང་སྟོང་པ། འོང་བ་མེད་པ་འགྲོ་བ་མེད་པ། སུས་ཀྱང་མ་སྐྱེད་པ། ་སུས་ཀྱང་མ་བཀག་པ་སྟེ། སྲིང་མེ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འགགས་པའོ།། སྲིང་མོ་དེ་ལྟར་སུས་རྔ་སྒྲའི་ཚུལ་གཏུ་ཤེས་པ་དེས ་སྟོང་པ་ཉིད་རབ་ཏུ་ཤེས་སོ།། སུས་སྟོང་པ་ཉིད་རབ་ཏུ་ཤེས་པ་དེས་མྱ་ངན་ལས་འདས་པ་རབ་ཏུ་ཤེས་སོ།། སྲས་མྱ་ངན་ལས་འདས་པ་རབ་ཏུ་ཤེས་པ་དེ ་ཐ་ཉིད་རྣམ་པ་སྣ་ཚོགས་ཀྱིས་ཐ་ཉིད་འདོགས་ཀྱང་དངོས་པོ་གང་ལ་ཡང་མངོན་པར་ཞེན་པ་མེད་དོ། བདག་གི་འདི་དང་དེ་ནི་བདག་གོ་ཞེའམ། སེམས་ཅན་ཞེ་འམ། ་སྲོག་གོ་ཞེ་འམ། གསོ་བའོ་ཞེ་འམ་སྐྱེས་བུའོ་ཞེ་འམ། གང་ཟག་གོ་ཞེའམ། ཤེད་ལས་སྐྱེས་སོ་ཞེའམ། ཤེད་བུའོ་ཞེ་འམ། བྱེད་པ་པོ་ཞེའམ། བྱེད་དུ་འཇུག་པ་པོ་ནི ་འམ། ལེན་པ་པོ་ཞེའམ། འདོར་བ་པོ་ཞེས་དེ་མངོན་པར་ཞེན་པ་མེད་པར་ཆོས་སྟོན། ཆོས་རབ་ཏུ་སྟོན། ཡང་དག་པའི་མཐའ་སྟོན། ཡང་དག་པའི་མཐའ་རབ ་ཏུ་སྟོན་ཏོད། སྲིང་མོ་འདི་ལྟ་སྟེ་དཔེར་ན། རི་མོ་མཁན་ནམ་རི་མོ་ཁན་གྱི་སློབ་མ་ཞིག་གིས་རས་བཅོམ་ཤིན་ཏུ་བྱི་དོར་བྱས་པ་འམ། ཤིང་ལེབ་བམ་རྩིག་ངོས་ཤིན ་ཏུ་བྱི་ངོར་བྱས་པ་ཞིག་ལ། ཚོན་སྣ་ཚོགས་འགྱེད་ཅིང་། གཟུགས་ཀྱི་རྣམ་པ་གང་དང་གང་འདོད་པ་འདི་ལྟ་སྟེ། སྐྱེས་པའི་གཟུགས་ཀྱི་རྣམ་པ་འམ། བུད་མེད་ཀྱི ་གཟུགས་ཀྱི་རྣམ་པ་འམ། གླང་པོ་ཆེའི་གཟུགས་ཀྱི་རྣམ་པ་འམ། རྟའི་གཟུགས་ཀྱི་རྣམ་པའམ། བོང་བུའི་གཟུགས་ཀྱི་རྣམ་པ་དེ་དང་དེ་དག་ཡན་ལག་དང་། ཉིང་ལག་དང་། ་དབང་པོ་ཐམས་ཅད་མཚངས་པ་མེད་པར་ཚོགས་ཆུང་ངུས་མངོན་པར་སྒྲུབ་ཅིང་འདྲི་སྟེ། མངོན་པར་གྲུབ་པར་བྱེད་ཀྱང་། དེ་ལ་ཆོས་གང་ཡང་རི་མོ་མཁན་གྱི་ལག་པ ་འམ། སེམས་ལས་གཟུགས་སུ་འཕོས་པ་མེད་མོད་ཀྱི། འོན་ཀྱང་དེའི་རྐྱེན་གྱིས་གཟུགས་འདོགས་ཏེ། གང་གཟུགས་དེ་འདོགས་པ་དེ་ཡང་སྟོང་པ། འོང་བ་མེད ་པ། འགྲོ་བ་མེད་པ། སུས་ཀྱང་མ་སྐྱེད་པ། སུས་ཀྱང་མ་བཀག་པ་སྟེ། སྲེང་མོ་ཆོས་ཐམས་ཅནི་རང་བཞིན་གྱིས་འགགས་པའོ།། སྲིང་མོ་དེ་བཞིན་དུ་བསོད་ནས་ཉེ་བ ་འགྲོ་བའི་མངོན་པར་འདུ་བྱེད་པ་རྣམས་ཡོད་ན། འདི་ལྟ་སྟེ། ལྷ་འམ་མིའི་ནང་དུ་བསོད་ནམས་སུ་ཉེ་བར་འགྲོ་བའི་ལུས་མངོན་པར་གྲུབ་ཀྱང་། དེ་ལ་གང་འཇིག་རྟེན་འདི ་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའི་འཕོ་བ་ནི་རྡུལ་ཙམ་ཡང་མེད་མོད་ཀྱི། འོན་ཀྱང་མངོན་པར་འདུ་བྱེད་པའི་རྐྱེན་གྱིས་སྐྱེ་བ་སྣ་ཚོགས་ཡོད་དེ། སྐྱེ་མཆེད་ཡོད་པས་ལུསུ ་རྣམ་པར་རིག་གོ། དེ་བཞིན་དུ་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ཡོད་ན། འདི་ལྟ་སྟེ་སེམས་ཅན་དམྱལ་བ་འམ། དུད་འགྲོའི་སྐེ་གནས་སམ། ་གཤིན་རྗེའི་འཇིག་རྟེན་ནམ། ལྷ་མ་ཡིན་རྣམས་སུ་བསོད་ནམས་མ་ཡིན་པའི་ལུས་མངོན་པར་གྲུབ་ཀྱང་། དེ་ལ་གང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའི ་འཕོ་བ་ནི་རྡུལ་ཙམ་ཡང་མེད་མོད་ཀྱི། འོད་ཀྱང་མངོན་པར་འདུ་བྱེད་པའི་རྐྱེན་གྱིས་སྐྱེ་བ་སྣ་ཚོགས་ཡོད་དེ། སྐྱེ་མཆེད་ཡོད་པས་ལུས་སུ་རྣམ་པར་རིག་གོ། སྲིང་མོ ་།། འདི་ལྟ་སྟེ། དཔེར་ན། ཀླུ་རྣམས་ཀྱི་ཀླུའི་མཐུས་སྤྲིན་གྱི་ཚོགས་རྒྱ་ཆེན་པོ་འབྱུང་སྟེ། སྤྲིན་གྱིང་དྲ་བ་དེ་དག་གིས་ཁེབས་པར་བྱས་ནས། 6 ་པོ་རྒྱ་ཆེར་འབེབས་ཏེ། ཆར་ཆེན་པོ་རྒྱ་ཆེར་བབ་ནས་ཀྱང་སྒང་དང་གཤོང་ངོམས་པར་བྱེད་དེ། སྒང་དང་གཤོང་ངོམས་པར་བྱས་ནས་སླར་འགྲོ་ཡང་། དེ་དག ་ཀླུའི་ལུས་སམ་སེམས་ལས་བྱུང་བ་ཡང་མེད་མོད་ཀྱི། ཀླུ་རྣམས་ཀྱི་ཀླུའི་མཐུ་ཉིད་ཀྱིས་སྤྲིན་གྱི་ཚོགས་རྒྱ་ཆེན་པོ་འབྱུང་ངོ་། སྲིང་མོ་དེ་བཞིན་དུ་བསོད་ནམ ་སུ་ཉེ་བར་འགྲོ་བའི་མངོན་པར་འདུ་བྱེད་པ་ཡོད་ན། འདི་ལྟ་སྟེ་ལྷ་འམ་མིའི་ནང་དུ་བསོད་ནས་སུ་ཉེ་བར་འགྲོ་བའི་ལུས་རྣམས་མངོན་པར་འགྲུབ་པོ།། དེ་བཞིན ་དུ་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་མངོན་པར་འདུ་བྱེད་པ་རྣམས་ཡོད་ན། འདི་ལྟ་སྟེ་སེམས་ཅན་དམྱལ་བ་འམ། དུད་འགྲོའི་སྐེ་གནས་སམ། གཤིན་ཇེའི ་འཛིན་རྟེན་ནས། ལྷ་མ་ཡིན་རྣམས་སུ་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་ལུས་མངོན་པར་འགྲུབ་ཀྱང་། དེ་ལ་མངོན་པོར་འདུ་བྱ་བ་ཡང་སྟོང་པ། ་མངོན་པར་འདུ་བྱེད་པ་པོ་ཡང་སྟོང་པ། མངོན་པར་འདུ་བྱེད་པའི་འབྲས་བུ་ཡང་སྟོང་པའོ།། སྲིང་མོ་མི་གཡོ་བར་ཉེ་བར་འགྲོ་བའི་མངོན་པར་འདུ་བྱེད་པ་ཡོད་ན། གཟུགས ་མེད་པ་རྣམས་སུ་རྣམ་པར་ཤེས་པ་མཚམས་སྦྱོར་ཏེ། གང་གིས་རྣམ་པར་ཤེས་པ་དེ་གཟུགས་མེད་པ་རྣམས་སུ་མཚམས་སྦྱོར་བ་དེ་ཡང་སྟོང་པ། གང་རྣམ་པར་ཤེས ་པ་དེ་གཟུགས་མེད་པ་རྣམས་སུ་མཚམས་སྦྱར་བ་དེ་ཡང་སྟོང་པའོ།། དེ་ཅིའི་ཕྱིར་ཞེ་ན། སྲིང་མོ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། འོན་ཀྱང་ཆོས ་རྣམས་འདོགས་སོ།། མཁས་པ་རྣམས་ནི་དེ་ལ་མངོན་པར་མི་ཞེན་ཏེ། མངོན་པར་ཞེན་པ་མེད་པས་མི་རྩོད་དོ།། རྩོད་པ་མེད་པ་ནི་དགེ་སྦྱོང་གི་ཆོས་ཀྱི་མཆོག་གོ།། ་གསོལ་པ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཟབ་མོ་བཀའ་སྩལ་པས། བཅོམ་ལྡན་འདས་ཡང་བདག་ཆོས་འདི་དག་ལ་ཤེས་རབ་ཀྱི་མིག་འཇུག་སྟེ། སླར ་ཞིང་ཡིད་གཉིས་མ་མཆིས་ཐེ་ཚོམ་མཆིས་སོ།། བཅོམ་ལྡན་འདས་བདག་སྔོན་ནི་ཆོས་འདི་དག་མ་ཐོས་པས་ཐེ་ཚོམ་མཆིས་སོ།། ད་ནི་བདག་རྒས་བདག་འཁོགས། ་བདག་སྡུག་བསྔལ། དག་དབུལ། བདག་མགོན་མ་མཆིས་ཏེ། བདག་མི་འཚེ་ཞིང་འགུམ་མི་མདོའོ།། བཅོམ་ལྡན་འདས་དག་གིས་ཆོས་འདི་ཐོས་པས་འདི་ན་རྒས་པ་འམ ་དབུལ་བ་འམ། བདེ་བ་འམ་ནད་མ་མཆིས་པའི་ན་བ་འམ། ཕྱུག་པ་འམ་དབུལ་བ་གང་ཡང་མཆིས་སོ་ཞེས་བདག་ཏུ་འདུ་ཤེས་པ་དང་བྲལ་བར་གྱུར་ཏོ།། དེ་ནས་བཅོམ ་ལྡན་འདས་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གི་སླད་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་ཟབ་མོ་འདི་ལྟ་བུ ་ཀའ་སྩལ་ལ། དེ་ཀྱང་འདི་རབ་ཏུ་བཙལ་བས་བུས་མེད་འདི་ནི་བསོད་ནམས་དང་ལྡན་པ། མཁས་པ་ཤེས་རབ་ཀྱི་རང་བཞིན་ཅན་ལགས་པ་སྙམ་བདག་བགྱིད་དོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ནོ།། ཀུན་དགའ་བོ་ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ། བུད་མེད་འདི་ནི་བསོད་ནམས ་དང་ལྡན་པ་མཁས་པ་ཤེས་རབ་ཀྱི་རང་བཞིན་ཅན་ནོ།། ཀུན་དགའ་བོ་བུད་མེད་འདི་ཚེ་རབས་ལྔ་བརྒྱའི་བར་དུ་ངའི་མར་གྱུར་ཏེ། ཀུན་དགའ་བོ་ངས་ཚེ་རབས་དེ་དང་དེ་དག་ཏུ་ཡང ་བུད་མེད་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ཆུབ་ཏུ་དགེ་བའི་རྩ་བ་བསྐྱེད་དོ།། ཀུན་དགའ་བོང་བུད་མེད་འདི་ལ་ཤིན་ཏུ་ཕངས་པར་བྱ་བ་དང་། ངང་པ་དང་གུས་པར ་གྱུར་ཏོ།། འདི་ཡང་བདག་གི་བུ་སྤྱོད་པ་གང་ལ་སྤྱོད་པའི་སྤྱད་པ་དེ་ལ་བདག་གིས་ཀྱང་སྤྱད་དེ། ཐེག་པ་དེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར ་འཚང་རྒྱ་བར་བྱའོ་སྙམ་མོ།། གསོལ་པ། བཅོམ་ལྡན་འདས་འདི་ཅིའི་སླད་དུ་འདི་ལྟར་དབུལ་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ ་བྱང་ཆུབ་སེམས་དཔའི་སྤྱང་སྤྱོད་པ་ན། གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་བསྟན ་པ་ལ་རབ་ཏུ་བྱུང་བར་གྱུར་པ་དེའི་ཚེ། ཀུན་དགའ་བོ་བུད་མེད་འདི་ངའི་མར་གྱུར་ཏེ། དེས་མ་བཏང་ནས་དེའི་ཕྱིར་ང་ཟག་ཅིག་ཟན་བཅད་པ་དང་། དེའི་འོག་ཏུ་འདིས ་འདོད་པས་ང་བཏང་བར་གྱུར་ཏེ། ཀུན་དགའ་བོ་འདི་ལས་དེའི་རྣམ་པར་སྨིན་པས་འདི་ལྟར་དབུལ་བར་གྱུར་ཏོ།། ཀུན་དགའ་བོ་འདི་ནི་འདིའི་དབུལ་བའི་ཐ་མ་ཡིན་ཏེ།། ་ཀུན་དགའ་བོ་བུད་མེད་འདི་ཤེ་འཕོས་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་ཁམས་བདེ་བ ་ཅན་དུ་བུད་མེད་ཀྱི་དབང་པོ་ལ་འདོད་ཆགས་དང་བྲལ་ནས། སྐྱེས་པའི་དབང་པོ་ཐོབ་པར་གྱུར་ཏེ། དེར་སྐྱེས་ནས་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་ཅིང་བསྡམ ་གྱིས་མི་ཁྱབ་པ་ལ་མཆོད་པ་བྱེད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་བྱ་དག་བྱང་ཆུབ་ལ་འཛུད་པར་འགྱུར། སེམས་ཅན་གྲངས ་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱེད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་ཁྱབ་པ་དག ་བྱང་ཆུབ་ལ་འགོད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་བཀོད་ནས། ད་སྟེ་སྐལ་པ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ ་བརྒྱད་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ ་ཀྱི་ཡན་ལག་གི་མེ་ཏོག་བྱེད་ཅེས་བྱ་བས་གྱུར་ཏེ། ཀུན་དགའ་བོ་སུམ་ཅུ་ཅི་གསུམ་པའི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཇི་ལྟ་བ་བཞིན་དུ་སངས ་རྒྱས་ཀྱི་ཞིང་དེའི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་། ཀུན་སྤྱོད་དེ་ཡང་དེ་འདྲ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེག ་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།། ང་ཡི་མདུན་ནཐལ་སྦྱར་གང་འདུག་པ།། རྒན་མོ་འདི་ལ་ཀུན ་དགའ་ཁྱོད་ལྟོས་ཤིག། འདི་ནི་མི་ཡི་དམ་པ་སངས་རྒྱས་འགྱུར།། བྱང་ཆུབ་ཡན་ལག་མེ་ཏོག་བྱེད་ཅེས་བྱ།། འདིས་ནི་བུད་མེད་དངོས་པོ་འདི་སྤངས་ནས། ་བདེ་བ་ཅན་གྱི་འཇིག་རྟེན་ཁམས་སུ་འགྲོ། རྒྱལ་བ་ཚེ་དཔག་མེད་དེ་བསྙེན་བཀུར་ནས།། ཁམས་གསུམ་རྒྱལ་བ་མཚུངས་མེད་སངས་རྒྱས་འགྱུར།། འཇིག་རྟེན ་ཁམས་གཞན་དག་ན་གང་བཞུགས་པ།། དྲང་སྲོང་ཆེན་པོ་འཇིག་རྟེན་དོན་མཛད་པ། རྣམ་འདྲེན་དེ་དག་ལ་ཡང་བསྙེན་བཀུར་ནས།། འདི་ནི་མཚུངས་མེད་མི་མཆོག ་སངས་རྒྱས་འགྱུར།། དེ་དག་ཀུན་ལས་ཆོས་ཀྱང་ཐོས་གྱུར་ནས།། བསམ་པ་དག་པས་དེ་བཞིན་སྒྲུབ་པར་འགྱུར།། བྱང་ཆུབ་སེམས་མཆོག་མི་བསྐྱེད་གནས་ནས་ནི།། ་སེམས་ཅན་དཔག་མེད་ཆོས་ལ་སྦྱོར་བར་བྱེད།། དེ་ཡི་ཚེ་ན་གང་དག་དམན་པ་དང་།། སྣ་ཚོགས་ལུས་དང་ཁ་དོག་ངན་པ་དང་། རྨོངས་དང་འཐེང་པོ་དེ་བཞིན་ཞར་བ་དང་། ་ལག་རྡུམ་མཛེ་ཅན་དེ་དག་འབྱུང་མི་འགྱུར།། ཉི་ཟླ་མེ་དང་གློག་དང་ནོར་བུ་རྣམས།། དེ་དག་འོད་ནི་དེ་ཚེ་འབྱུང་མི་འབྱུང་།། རྣམ་འདྲེན་བྱང་ཆུབ་ཡན་ལག་མེ་ཏོག་གི། ་ཐུབ་པའི་འོད་ཀྱིས་ཀུན་ཏུ་གསལ་བར་ཁྱབ།། སུམ་ཅུ་རྩ་སུམ་ལྷ་མཆོག་རྣམས་ཀྱི་ནི།། ཆུ་ཞེང་རྟགས་དང་ཁ་དོག་ཅི་འདྲ་བ།། དེ་འདྲའི་རང་བཞིན་ཅན་གྱི་སྐྱེ་བོ་ཡིས། ་དེ་ཚེ་མ་སྨད་ཞིང་ནི་གང་བར་འགྱུར།། དེ་ན་བདུད་ཀྱི་རིས་ཀྱང་མེད།། བདུད་ཀྱི་བུད་མེད་བདུད་ཀྱི་ཕྱག་བརྙན་མེད།། བདེ་བར་གཤེགས་པ་དེ་ནི་ཆོས་སྟོན་ཚེ།། དེ་ན་མུ་སྟེག ་ཅན་གྱི་མིང་མི་གྲག། བདེ་བར་གཤེགས་པ་དེ་ནི་ཆོས་སྟོན་ཚེ།། དེ་དུས་ཡི་དགས་དུད་འགྲོའི་སྐྱེ་གནས་དང་།། སེམས་དམྱལ་ངན་སོང་རྣམས་ཀྱེ་མིང་མི་གྲག། དེ་ན་བུད ་ད་མེད་མིང་ཡང་གྲག་མི་འགྱུར།། འདི་ནི་ཉན་ཐོས་རྐྱེན་གྱིས་ཐེག་པ་ལྟར།། དེ་ཚེ་ཐེག་པ་རྣམ་པར་བཞག་པ་མེད།། ཀུན་ཀྱང་རྫོགས་པའི་བྱང་ཆུབ་སེམས་དང་ལྡན། ་དེ་དག་བྱམས་ལ་གནས་ཤིང་སྙིང་རྗེ་ཅན།། ཞིང་དེར་མི་རྣམས་ཐམས་ཅད་རྟག་པར་ཡང་།། རྫུ་ཞིང་སྐྱེ་སྟེ་མངལ་ནས་རྣམ་པར་ཐར།། སྐྱེ་ངན་བློ་མཆོག་ལྡན་ཞིང་མཁས་པ་སྟེ། ་ལེགས་པར་གསུངས་པ་ཐོས་ནས་ཐོས་པ་འཛིན།། ཞིང་གི་བཀོད་ཚུལ་ཅི་འདྲ་འབྱུང་འགྱུར་བ།། ཡོན་ཏན་བསྐལ་པར་འདིར་ནི་བརྗོད་བྱས་ཀྱང་།། རྒྱ་མཚོ་ལས་ནི་ཆུ་ཐིགས་གཅིག ་ལྟ་བུ།། དཔེ་ཙམ་དུ་ཡང་བརྗོད་པར་མི་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། རྒན་མེ་དེ་དང་། བྱང་ཆུབ་སེམས་དཔལ ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས ་པ་འགྲེས་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཛིན་མི་ཏྲ་དང་།། དན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བརྗེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕག་པ།། མངྒ་ལ། ་