CLOSE WINDOW

Ng52.130: zla ba'i mdo
Wyliee-texts produced with BDRC’s OCR application

ཀྱི་གདནས། གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། སའི་སྟེང་དུ་ཉི་མ་དང་ཟླ་བ་ལྟར་གྱུར་ཅིག།། །། རྒྱ་གར ་སྐད་དུ། ཙནྡ་སཱུ་ཏྲ། བོད་སྐད་དུ། ཟླ་བའི་མདོ།། འཕགས་པ་དཀོན་མཆོག་གསུམ་ལ་གུ་པས་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ ་ལྡན་འདས་མཉན་ཡོད་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་དེའི་ཚེ་ལྷའི་བུ་ཟླ་བ། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས ་བཟུང་ནས། དེ་ནས་ལྷའི་བུ་ཟླ་བས་བཅོམ་ལྡན་འདས་རྗེས་སུ་དྲན་པ་ཡིད་ལ་བྱས་ཏེ་དེའི་དུས་སུ་བཅད་པ་འདི་གསོལ་ཏོ།། སངས་རྒྱས་དཔའ་བོ་དེ་ལ་འདུད། ཐམས ་ཅད་མྱུར་དུ་གྲོལ་བར་གྱིས།། བདག་འདིའི་ཁ་རུ་བཅུག་པས་ན།། བདག་ནི་ཁྱེད་ལ་སྐྱབས་སུ་འགྲོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བའི་ཆེད་དུ། ལྷ་མ་ཡིན ་གྱི་དབང་པོ་སྒྲ་གཅན་འཛིན་ལ་ཚིགས་སུ་བཅད་པ་བཀའ་སྩལ་པ། སངས་རྒྱས་འཇིག་རྟེན་ལ་བཙེ་བས།། གྲ་བཅོམ་དེ་བཞིན་གཤེགས་པ་ལ།། ཟླ་བ་སྐྱབསུ་སོང་བས ་ན། སྒྲ་གཅན་འཛིན་གྱིས་ཟླ་བ་ཐོང་།། དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས། ལྷའི་བུ་ཟླ་བ་གྲོལ་བར་བྱས་ནས། སྔར་གྱི་གཟུགས་བཞིན་དུ་གང་སུ་ཞིག། ་གིས་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཀྱི་དྲུང་དུ་སོང་ཞིང་སོང་ནས། སེམས་མི་དགའ་ཞིང་ཡི་མུག་པས་བ་སྤུ་ལངས་པར་གྱུར་པས་ཕྱོགས ་པ་སྨྲས་པ། ཅི་ཕྱིར་ཡིད་ནི་སྐྲག་པར་གྱུར། སྒྲ་གཅན་འཛིན་གྱིས་ཟླ་བཟོངས།། གཟུགས་ཀྱི་རྣམ་འགྱུར་ཀུན་ཏུ་ངན།། ཅི་ཕྱིར་འཇིགས་པས་འདི་རུ་ལྷགས།། སྒྲ ་གཅན་འཛིན་གྱིས་སྨྲས་པ། སངས་རྒྱས་ཚིགས་བཅད་ཐོས་ནས་ནི།། ཟླ་བ་བདག་གིས་མ་བཏང་ན།། གོ་བོ་ཚལ་པ་བདུན་འགས་ཤིང་།། འཚོ་བ་ལ་ནི་བདེ་བ་མེད།། ཟླ ་བའི་མདོ་རྫོགས་སོ།། ། པཎྜི་ཏ་ཆེན་པོ་ཨཱ་ནནྡ་ཤཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། སྐད་གཉིས ་སྨྲ་བ་རྣམས་ཀྱི་གནས། གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གངྒཱ་ལ་ཕབ་པའོ།། ། ་