CLOSE WINDOW

Ng52.128:
Wyliee-texts produced with BDRC’s OCR application

#དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། དེ་ནི་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ ་ལྡན་འདས་སོ་དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་ཙ་བ་རྣམས་ཆུད་མི་ཟ་བ། བཟོད་པས ་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱེད་བཟང་པོ་རྣམས་ཀྱིས་སྨྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས ་པ། སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་ཐུར་པ་མེད་པ། དད་བས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས ་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་རྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས ་ཀྱི་ཡང་། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ།། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས ་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད ་བལྟ་བས་ཆོག་མི་ཤེས་པ། སྐྲ་མཚུངས་པ་མེད་པ། འདོད་པ་བདག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ་གཟུགས་མེད ་པ་དག་དང་མ་འདྲེས་པ། སྡུག་བསྔལ་ལས་རྣམ་པར་གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། ་སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲིད་པ་ལས་གྲོལ ་བ་ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས ་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད ་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ།། དམ་པའི་ཆོས་ནི་ཐོག་མར་དགེ་བ། ་བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ།། ཚིག་འབྲུ་བཟང་པོ།། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས ་ཀྱིས་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས ་སོ་སོ་རང་གིས་རིག་པར་བྱ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་སྟོན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། ་མི་མཐུན་པ་མེད་ཅིང་། འདུས་པ་དང་ལྡན་པ། བརྟེན་པ་ཡོད་པ་རྒྱུ་བ་བཅད་པའོ།། ཐེག་པ་ཆེན་པོའི་དགེ་འདུན་ནི། ལེགས་པར་བཞུགས་པ། རིག་པར་བཞུགས་པ། དྲད ་པོར་བཞུགས་པ། མཐུན་པར་བཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་། ཡོན་ཡོངས་སུ་སྦྱོང ་བ་ཆེན་པོ།། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་ནས་སུ་གྱུར་པ་ཆེན་པོའོ།། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། དགེ ་འདུན་ཡོན་ཏན་བསམ་མི་ཁྱབ། བསམ་མི་ཁྱབ་ལ་དང་བྱས་པའོ།། རྣམ་པར་སྨིན་པའང་བསམ་མི་ཁྱད། རྣམ་དག་ཞིང་དུ་སྐྱེ་བར་ཤོག། མངྒ་ལམ། ་