CLOSE WINDOW

Ng52.112:
Wyliee-texts produced with BDRC’s OCR application

དུས་རྟག་ཏུ་སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ ་མཆིའོ།། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐོབ་པ་ལ་ཕྱག ་འཚལ་ལོ།། རྡོ་རྗེ་སྙིང་པོ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ།། རིན་ཆེན་འོད་འཕྲོལ་ཕྱག་འཚལ་ལོ།། ཀླུ་དབང་གི་རྒྱལ་པོ་ལ་ཕྱག ་འཚལ་ལོ།། དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ།། དཔལ་དགེ་ལ་ཕྱག་འཚལ་ལོ།། རིན་ཆེན་མེ་ལ་ཕྱག་འཚལ་ལོ།། རིན་ཆེན་ཟླ་འོད ་ལ་ཕྱག་འཚལ་ལོ།། མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ།། རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ།། དྲི་མ་མེད་པ་ལ་ཕྱག་འཚལ་ལོ།། ་དཔལ་བྱིན་ལ་ཕྱག་འཚལ་ལོ།། ཚངས་པ་ལ་ཕྱག་འཚལ་ལོ།། ཚངས་པས་བྱིན་ལ་ཕྱག་འཚལ་ལོ།། ཆུ་ལྷ་ལ་ཕྱག་འཚལ་ལོ།། ་ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ།། དཔལ་བཟང་ལ་ཕྱག་འཚལ་ལོ།། ཙན་དན་དཔལ་ལ་ཕྱག་འཚལ་ལོ།། གཟི་བརྗིད་མཐའ་ཡས་ལ་ཕྱག ་ནའཚལ་ལོ།། འོད་དཔལ་ལ་ཕྱག་འཚལ་ལོ།། མྱ་མེད་པའི་དཔལ་ལ་ཕྱག་འཚལ་ལོ།། སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ།། མེ ་ཏོག་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ།། ་དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ།། ནོར་དཔལ་ལ་ཕྱག་འཚལ་ལོ།། ་དྲན་པའི་དཔལ་ལ་ཕྱག་འཚལ་ལོ།། མཚན་དཔལ་ཤིན་ཏུ་ཡོངས་གྲགས་ལ་ཕྱག་འཚལ་ལོ།། དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ ་ལ་ཕྱག་འཚལ་ལོ།། ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ།། གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ།། ་རྣམ་པར་གནོན་པ་གཤེགས་པའི་དཔལ་ལ་ཕྱག་འཚལ་ལོ།། ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ།། རིན་ཆེན་པདྨས ་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་པདྨ་ལ ་སྐུ་རབ་ཏུ་བཞུགས་པ་སངས་རྒྱས་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལ།། དེ་དག་ལ་སོགས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཏེ། འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག ་ལ་དགོངས་སུ་གསོལ།། བདག་གི་སྐྱེ་བ་འདི་དང་། སྐྱེ་བ་ཐོག་མ་དང་། ཐ་མ་མཆིས་པའི་འཁོར་བ་ནས་འཁོར་བའི་སྐྱེ་གནས་ཐམས་ཅད་དུ། སྡིག་པ་མི་དགེ་བའི ་ལས་བགྱིས་པ་དང་། བགྱིད་དུ་སྩལ་པ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའམ། མཆོད་རྟེན་གྱི་དཀོར་རམ། དགེ་འདུན་གྱི་དཀོར་རམ། ཕྱོགས་བཅུའི་དགེ་འདུན ་གྱི་དཀོར་ཕྲོགས་པ་དང་། འཕྲོག་ཏུ་སྩལ་བ་དང་། འཕྲོགས་པ་ལ་རྗེས་སུ་ཡི་རང་བ་འམ། མཚས་མ་མཆིས་པ་ལྔའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང ་བགྱིད་པ་ལ་རྗེས་སུ་ཡི་རང་བ་འམ། མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བླང་བཞུགས་པ་དང་། འཇུག་ཏུ་སྩལ་བ་དང་། འཇུག་པ་ལ་རྗེས་སུ་ཡི ་རང་བ་འམ། ལས་ཀྱི་སྒྲིབ་པ་གང་གིས་སྒྲིབས་ནས། དག་པ་མས་ན་དམྱལ་བར་མཆི་བ་འམ། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་འམ། ཡི་དགས་ཀྱི་ཡུལ ་དུ་སྐྱེ་བ་འམ། ཡུལ་མཐའ་འཁོབ་ཏུ་སྐྱེ་བ་འམ། རྨཀྲོང་སྐྱ་བ། མཱ། ལྷ་ཚེ་རིང་པོའི་གནས་སུ་སྐྱེ་བའམ། དབང་པོ་མ་ཚང་བར་འགྱུར་བའམ། ལྟ་བ་ཞོག། ་པ་འཛིན་པར་འགྱུར་བ་འམ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས ་བཅོམ་ལྡན་འདས། ཀྱེ་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དབང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པས་གཟིགས་པ་དེ་དག་གི་སྤྱན་སྔར་འཐོལ་ལོ་བཤགས་སོ།། མི ་འཆབ་པོ།། མི་སྦེད་དོ།། སླན་ཆད་ཀྱང་སྡོམས་པར་བགྱི་ལགས་སོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གི་སྐྱེ་བ་འདི་དང ་སྐྱེ་བ་ཐོག་མ་དང་། ཐ་མ་མ་མཆིས་པའི་འཁོར་བ་ནས་འཁོར་བའི་སྐྱེ་གནས་གཞན་དག་ཏུ། སྦྱིན་པའི་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ། ཟས་ཁམ་གཅིག་ཙམ་སྦྱིན་པའི ་དགེ་བའི་ཙ་བ་གང་ལགས་པ་དང་། བདག་གིས་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་ཙ་བ་གང་ལེགས་པ་དང་། བདག་གིས་ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བའི་ཙ་བ་གང ་ལགས་པ་དང་། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་དགེ ་བའི་རྩ་གང་ལགས་པ་དང་། བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་ཟླུམ་སྟེ་བསྡོམས་ནས་བླ་ནམ ་མཆིས་པ་དང་། གོང་མའི་གོང་མ། ཐ་མའི་བླ་མར་ཡོངས་སུ་བསྔོ་བར་བགྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡོངས་སུ་བསྔོ་བར་བགྱིའོ།། ཇི་ལྟར་འདས ་གོང་ན་མ་མཆིས་པ་དང་། ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། དེ་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་། ་ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡེངས་སུ་བསྔོ་བར་མཛད་པ་བཞིན་དུ། བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱི། སྡིག་པ་ཐམས ་ཅད་ནི་སོ་སོར་བཤགས་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་།། སངས་རྒྱས་ཐམས་ཅད་ལ་བསྐུལ་ཞིང་གསོལ་བ་འདེབས་སོ།། བདག་བླ་ན་མེད་པ་ཡེ་ཤེས་ཀྱི་མཆོག ་དམ་པ་ཐོབ་པར་གྱུར་ཅིག། མི་མཆོག་རྒྱལ་བ་གང་དག་ད་ལྟ་བཞུགས་པ་དང་།། གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན་ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོལ ་དྲ་ཀུན་ལ།། ཐལ་མོ་སྦྱར་བ་བྱས་ཏེ་སྐྱབས་སུ་ཉེ་བར་མཆིའོ།། དགེ་ལེགས་འཕེལ།། དག་བཀྲ་ཤིས། ཤུབྷྲཾ། ་