| Wylie | e-texts produced with BDRC’s OCR application |
སོ།། །། རྒྱ་གར་སྐད་དུ། ཨཱརྱ་བྷ་ར་དྷ་ནི། བོད་སྐད་དུ། འཕགས་པ་རྟ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས། རྟ་མགྲིན་དབང་གི་སྐུ་ལ་ཕྱག ་འཚལ་ལོ།། འདི་ནི་རྟ་ཡི་ལྷ་ཡིན་ནོ།། རྟ་རྣམས་ཀུན་ལ་བསྲུང་བར་བྱེད།། མེ་དཔུང་འབར་བའི་གཞལ་ཡས་སུ།། རྟ་མགྲིན་པདྨ་ཧེ་རུ་ཀཾ། སྐུ་མདོག་དམར་པོ་མི་འོང་འགྲོ།། ་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བསྐྲད།། གཡས་པ་རྡོ་རྗེ་དབྱུག་ཐོ་འཕྱར།། གཡོན་པ་རྡོ་རྗེ་ལྕགས་སྒྲོག་བསྡམས།། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཅིག། ་ཐུགས་རྗེས་ཁྲོ་གཉེར་ཅན་སྤྱན་གསུམ།། གདངས་མིག་ཕྱོགས་བཅུར་འཁྲོ་ཞིང་གཟིགས།། སྤྱི་གཙུག་རྟ་མགོ་ལྗང་ཁུ་ཡི།། རྟ་སྐད་འཚེར་བས་དགྲ་བགེགས་འདུལ།། ་རྟ་ལ་གནོད་པའི་བགེགས་རྣམས་ཀུན།། སྐད་ཅིག་ཙམ་གྱིས་ཐལ་བར་རློག། རྟ་ནད་ཐམས་ཅད་རབ་ཏུ་ཞི།། འདི་ཡིས་བསྲུང་བ་བྱས་ན་ནི།། རྟ་ཡི་ཚེ་སྲོག་རབ་ཏུ་བརྟན། ་གློ་བུར་དགྲ་ཡིས་འཕྲོག་པར་དཀའ།། སྔོ་དང་འབྲས་དང་འཚེར་ལང་སྤ་།། ། ཚྭ་ལོང་གྲང་ལོང་སྲིན་འགགས་དང་།། ལྟེད་དང་ཐང་འགྲམ་ལ་སོགས་པའི།། རྟ་ནང ་ཐམས་ཅད་རབ་ཏུ་ཞི།། འདི་ལས་མ་གཏོགས་ཁམས་གསུམ་ན།། བསྲུང་བའི་རིག་སྔགས་གཞན་མེད་དོ།། གཟུངས་སྔགས་འདི་ལ་འབད་པར་རིགས།། ཨོཾ་ཤྲཱི་པདྨ ་ནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། གནོད་བྱེད་སརྦ་རཀྵ། རྟ་ལ་གནོད་བྱེད་ཀུན་ཏུ་ཡ་སྭཱ་ཧཱ། རྟ་རྣམས་ཀྱི་ཆ་དཀར་པོ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བདུད་ཡེ་ཤིང་ནག་ཐ ་ཤཱཙྱཻ་ཀུ་རུ་ཡེ་སྭཱ་ཧཱ། སའི་ཕྱོགས་བྱེད་ནག་པ་ཤིནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་ཏེ་མགྲིན་དབང་གི་རྒྱལ་པོ་ཡིས།། མི་ཕྱུགས་རྟ་དང་བཅས་པའི་གནོད་པ་སྲུང ་དུ་གསིལ། སེ་རེ་བ་བསྲུང་དུ་གསོལ། ཁྱད་པར་རྐང་བཞིའི་རྟལ་སྲུངས་ཤིག་རཀྵ་རཀྵ། ཅེས་པས་རྟའི་ནད་དང་གནོད་པ་ཐམས་ཅད་ལས་གྲོལ་ལོ།། གཏོར་མ་རྒྱན ་བཅས་ཏེ་གནས་དབེན་པར་གཙུགས་ཏེ། ཆང་ཕུང་གཙང་མ་སྦྲན་ལ། ནུབ་ཕྱོགས་སུ་རྟ་ནད་དབང་ག་དང་གཡུལ་ངོ་རྒྱལ་ལོ།། མི་ཕྱུགས་རྟ་དང་བཅས་པ་ལ་དགྲ ་བགེགས་ཀྱི་གནོད་པས་མི་ཚུགས་སོ།། གཟུངས་སྔགས་འདི་མང་དུ་བཟླས་ཏེ། སྐུད་པ་དམར་པོ་ལ་མདུད་པ་བོར་ཏེ། རྟའི་ངོ་ལ་རྟགས་ན་བསྲུང་བའི་མཆོག་ཏུ ་འགྱུར་རོ།། དཔལ་རྟ་མགྲིན་གྱི་རྟའི་གཟུངས་འདི། སློབ་དཔོན་པདྨ་འབྱུང་གནས་ཀྱིས། ལྷོ་དཔལ་རྟ་མགྲིན་གླིང་ནས་གཏིར་ནས་བཏོན་པའོ།། ་དྷ་ལྷའི་རྒྱལ་པོ་ཨཱརྒྷ་ཆེ་མནྟ་མིམ་ཤར་ཕྱོགས་ཀྱི་མགྲོན་པོ་མི་དཀར་གེ།། དདམརང་པོ་ལ་ཆིབས་པ། ཕྱག་ན་བ་དན་དམར་པོ་བསྡམས་པ། སྐུ་ལ་དུང་རྔུབ ་དཀར་པོ་གསོལ་པ། དབུ་ལ་དུང་གཞུ་གསོལ་བ། ཁྱོད་ཀྱིས་རྟ་འདི་ལ་སྲུངས་ཤིག། སྐྱོབ་ཅིག། ཨཱརྱ་རེ་མནྟ་གྷོ་ར་རཀྵ་རཀྵ་སྭཱ་ཧཱ། ཉི་མ ་བྱང་གི་མགོན་པོ་ནོར་ལྷ་རྟ་བདག་ཀུ་བྷཻ་ར་ཞེས་བྱ་བ། སྐུ་ལ་བསེ་ཁྲ་བ་དང་། དབུ་ལ་གསེར་གྱི་རྨོག་གཞུགསོལ་བ། ཆིབས་སུ་རྟ་སྔོན་པོ་སྐལ ་ནག་ཆིབས་པ། ཕྱག་ན་རལ་གྲི་བསྣམས་པ། འཁོར་དུ་ལྷ་ཆེན་བརྒྱད་དང་བཅས་པ། བ་དན་འཕྱར་བཻ་ཁྱེད་ཀྱིས་རྟ་འདི་རྣམས་ལ་སྲུངས་ཤིག། སྤེལ ་ཅིག། རྒོད་མ་ཆོས་ཅིག། རྟེའུའི་རྫིའུ་ཁྱོད་ཀྱིས་མཛོད་ཅིག། གདོན་བགེགས་དང་སྲིད་ལ་མ་བསྐུར་ཅིག། ཨོཾ་ཀུ་བྷེ་རཱ་ཡ་སྭཱ་ཧཱ། གནོད་སྦྱིན་ཀུ ་བྷེ་ར་ཞེས་བྱ་བའི་གཟུངས་རྫོགས་སོ།། །། ཞུ་དག། མངྒ་ལཾ།། ་